|
107.163a
བཅོམ་ལྡན་འདས་ངན་སོང་ཐམས་ཅད་ཡོངས་སུ་སེལ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ`་ཤོ་དྷ་ནེ། བི་ཤོ་དྷ་ནེ་མ་མ་སརྦ་པཱ་པ་བི་ཤོ་དྷ་ནེ། ཤུད་དྷེ་བི་ཤུད་དྷེ། སརྦ་ཀརྨ་ཨཱ་པ་ར་ཎ་བི་ཤུད་དྷེ་སཝཱ་ཧཱ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་གཟུངས་འདིའི་ཡི་གེ་འམ། ཚིག་གམ། མིང་ངམ། ཐམས་ཅད་བྱང་ཆུབ་པར་འཛིན་ན་མི་དེ་བསྐལ་པ་འབུམ་ཕྲག་བཅུ་བཞིར་ཚེ་རབས་དྲན་པར་འགྱུར་རོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་ཀྱང་འབྱང་ལ་མྱུར་དུ་ཕྱིར་མི་ལྡོག་པ་ཉིད་ཀྱང་ཐོབ་པར་འགྱུར། བྱང་ཆུབ་ཀྱི་སྙིང་པོའི་བར་དུ་བསོད་ནམས་ཟད་པར་མི་འགྱུར་རོ། །ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བ་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །།
|