rKTs


J918a

(e-text produced by ADARSHA)

see text in transliteration
107.145b
༄#། ་།རྒྱ་གར་སྐད་དུ། ་ཨཱརྱ་ཛ་ཡ་བ་ཏི་ནཱ་མ་མ་ཧཱ་བིདྱཱ་རཱ་ཛཱ། བོད་སྐད་དུ། ་འཕགས་མ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་ཞེས་བྱ་བ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ལུས་འཕགས་རི་ལ་བཞུགས་ཏེ། དེའི་ཚེ་འབྱུང་པོ་རྣམས་འཁྲུགས་པར་གྱུར་ནས། མ་དད་པའི་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། སྲིན་པོ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། སྲུལ་པོ་དང ། ལུས་སྲུལ་པོ་དང ། གྲུལ་བུམ་རྣམས་འཁྲུགས་ཤིང་ཁྲོས་ཏེ། དགེ་སློང་རྣམས་དང ། དགེ་སློང་མ་རྣམས་དང ། དགེ་བསྙེན་རྣམས་དང ། དགེ་བསྙེན་མ་རྣམས་གང་དག་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་མངོན་པར་དད་པ་དེ་དག་ལ་གནོད་པར་བྱེད་དེ་དེའི་ཚེ་ཀུ་ཆོའི་སྒྲ་ཆེན་པོ་བྱུང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོའི་ཤུགས་ཀྱིས་ཡང་དག་པར་ཟིན་ནས་ཕྱོགས་བཞིར་རྣམ་པར་གཟིགས་ཏེ། ཕྱོགས་བཞི་ལས་གློག་ལས་སེར་བ་དང ། ཆར་ཆེན་འབབ་པ་དང ། སྐར་མདའ་ལྟུང་བ་འོང་བ་གཟིགས་སོ། །གཟིགས་ནས་ཀྱང་རྡོ་རྗེ་འཆང་ལ་བརྡ་མཛད་དོ། །དེ་ནས་རྡོ་རྗེ་འཆང་གཏུམ་པོ་ཁྲོས་ཏེ། སྟན་ལས་ལངས་ནས་ཤར་ཕྱོགས་སུ་རྡོ་རྗེ་འབར་བ་སྟོང་མངོན་པར་སྤྲུལ་ཏེ་འདི་སྐད་ཅེས་གསོལ་ཏོ། །འབྱུང་པོའི་ཚོགས་རྣམས་ང་ལ་ཉོན་ཅིག་།སངས་རྒྱས་བཅོམ་ལྡན་འདས་ཐམས་ཅད་ཀྱི་སྤྱན་སྔར་བདེན་པའི་བྱིན་གྱི་བརླབས་འདི་བྱའོ། །ད་ལྟར་དང་མ་འོངས
107.146a
པའི་དུས་ན་འབྱུང་པོ་གཏུམ་པོ་མི་རྣམས་ལ་རྣམ་པར་འཚེ་བ་དང ། ལོ་ཏོག་དག་ཀྱང་མ་རུངས་པར་བྱེད་པ་གང་དག་འབྱུང་བ་དེ་དག་གི་དོན་གྱི་ཕྱིར་ངས་རིག་པའི་གསང་སྔགས་ཀྱི་གཞི་རྣམས་བརྗོད་པར་བྱའོ། །ཏདྱ་ཐཱ། གི་རི་གི་རི། བཛྲ། ཧ་ལ་ཧ་ལ་བཛྲ། ཛྭ་ལ་ཛྭ་ལ་བཛྲ། ཧ་ན་ཧ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། སརྦ་བྷཱུ་ཏཱ་ནཱཾ། བྷྲཱ་མ་ཡ་བྷྲཱ་མ་ཡ། བྷོ་བྷོ་བཛྲ་དྷ་ར་བཛྲེ་ཎ། པཱ་ཋཱ་ཡ། པཱ་ཏ་ཡ། ཤཱིགྷན་ཤི་གྷན། མ་ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། ཛྭ་ལཱ་ཡ། ན་ག་བྷ་བ་ནན། བན་དྷ་བན་དྷ། ཏིཥྛ་ཏིཥྛ། ཤར་ཕྱོགས་བཅིང་བར་བྱའོ། །རྡོ་རྗེ་སྙིང་པོ་འདི་བྱིན་གྱིས་བརླབ་པར་བྱའོ། །སུ་ཞིག་གསང་སྔགས་ཀྱི་གཞི་འདི་དག་ལས་འགལ་བར་བྱེད་པའི་མགོ་བོ་འགས་པར་འགྱུར་རོ། །སྙིང་འགས་པར་འགྱུར་རོ། །སྙིང་འགྲུམ་པར་འགྱུར་རོ། །བཛྲ་ཡ་སཝཱ་ཧཱ། མ་ཧཱ་བཛྲ་ཡ་སཝཱ་ཧཱ། བཛྲཱ་བྷཻ་ར་བཱ་ཡ་སཝཱ་ཧཱ། ཨ་པྲ་ཏི་ཧ་ཏ་བ་ལ་པཱ་རཱ་ཀྲ་མོ་བཛྲ་དྷ་ར་ཨཱ་ཛྙཱ་པ་ཡ་ཏི་སཝཱ་ཧཱ། དེ་ནས་རྡོ་རྗེ་ཁྲོ་བོ་སྟན་ལས་ལངས་ཏེ་ལྷོ་ཕྱོགས་སུ་རྣམ་པར་བལྟས་ནས་ཁྲོས་ཏེ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །གསང་བ་པའི་བདག་པོ་ངེད་ཉིད་ལྷོ་ཕྱོགས་ཀྱི་ཀླུ་ཐམས་ཅད་ཐལ་བར་རླག་གོ་།ལུས་སྲུལ་པོ་ཐམས་ཅད་ཀྱི་བར་གྱི་གནས་རྣམས་འབར་བར་བྱའོ། །ཀླུ་ཐམས་ཅད་ཀྱི་གནས་རྣམས་དཀྲུག་པར་བྱའོ། །ཡང་སྨྲས་པ། གསང་བ་པའི་བདག་པོ་བདག་གི་རྡོ་རྗེ་ལྷ་མ་ཡིན་དང ། ཀླུ་ཐམས་ཅད་ནས་ལུས་སྲུལ་པོའི་བར་ཐམས་ཅད་དང ། མི་དང་མི་མ་ཡིན་པའི་བར་ཐམས་ཅད་རྨུགས་པར་བྱེད་པའི་རྡོ་རྗེ། རེངས་པར་བྱེད་པའི་རྡོ་རྗེ། རྨོངས་པར་བྱེད་པའི་རྡོ་རྗེ། ལྕེ་འབབ་པར་བྱེད་པའི་རྡོ་རྗེ། མགོ་འགེམས་པར་བྱེད་པའི་རྡོ་རྗེ། སྙིང་འགས་པར་བྱེད་པའི་རྡོ་རྗེ་འདི་ལྷོ་ཕྱོགས་སུ་གཞག་པར་བྱ་སྟེ། ད་ལྟར་བྱུང་བ་དང ། མ་འོངས་པའི་དུས་ན་ཀླུ་གནོད་པར་སེམས་པ་རྣམས་འདུལ་བར་འགྱུར་རོ། །ཏདྱ་ཐཱ། ས་ར་ས་ར། བི་ས་ར་བི་ས་ར། ཨཱ་བརྟཱ་ཡ། སཾ་གོ་ཙ་ལ། ཧཱུཾ་ཧཱུཾ་ཧཱུཾ། དྷོ་ན་དྷོ་ན་དྷོ་ན། དྷུ་ན་དྷུ་ན་དྷུ་ན། བན་དྷ་བན་དྷ་བན་དྷ། སརྦ་པ་ཤེ། མོ་ཧ་ཡ། ཛམ་བྷ་ཡ། སྟམ་བྷ་ཡ། ཧ་ས་ཧ་ས་ཧ་ས།
107.146b
སན་ཏྲཱ་ས་ཡ། སརྦ་དུཥྚ་ནན་བཛྲ་དྷ་ར་ཨཛྙཱ་པ་ཡ་ཏི་སཝཱ་ཧཱ། དེ་ནས་རྡོ་རྗེ་ཕོ་ཉ་མོས་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །གསང་བ་པའི་བདག་པོ་ད་ལྟར་དང ། མ་འོངས་པའི་དུས་ན་གང་དག་གསང་སྔགས་གཞི་འདི་དག་ལས་འགལ་བར་བགྱིད་ན་བདག་གིས་ཀྱང་ནུབ་ཕྱོགས་ཀྱི་ཀླུ་ཐམས་ཅད་ནས་ལུས་སྲུལ་པོའི་བར་ཐམས་ཅད་ཀྱི་གནས་རྣམས་རྣམ་པར་གཏོར་རོ། །སྙིང་རྣམས་དགྲུམ་མོ། །ཏདྱ་ཐཱ། ཀི་ལི་ཀི་ལི། མི་ལི་མི་ལི། ཏྲ་ཏ་ཏྲ་ཏ། བྷ་ཊ་བྷ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། ཛྭཱ་ལ་ཡ་ཛྭཱ་ལ་ཡ། དཱུ་ཏི་ད་ཡན་ཤོ་ཥ་ཡ། གང་ཞིག་གསང་སྔགས་ཀྱི་གཞི་འདི་དག་ལས་འགལ་བར་བྱེད་ན། ཀྱེ་མདུང་རྩེ་གསུམ་པ་འབར་བ་འདིས་དེའི་སྙིང་ལ་མེ་ལྕེ་འབར་བར་བྱེད་དོ། །ཧཱུཾ་ཧཱུཾ་ཧཱུཾ། བཛྲ་དྷ་རི་བཛྲེ་ཎ། བྷན་ཛ་བྷན་ཛ། བན་དྷ་བན་དྷ། ཏིཥྛ་ཏིཥྛ། བཛྲ་དུ་ཏི། རཱད་ཉཱ་པ་ཡ་ཏི་སཝཱ་ཧཱ། དེ་ནས་ལྷ་མོ་ཆེན་མོ་རྡོ་རྗེ་ལུ་གུ་རྒྱུད་གཡོག་ཉི་ཁྲི་དང་བཅས་པ་སྟན་ལས་ལངས་ནས་བྱང་ཕྱོགས་སུ་རྣམ་པར་བལྟས་ཏེ། གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་འདི་སྐད་ཅེས་སྨྲས་སོ། །གསང་བ་པའི་བདག་པོ་གཡོག་ཉི་ཁྲི་དང་ལྡན་པ་བདག་གིས་ཀྱང་བྱང་ཕྱོགས་ཀྱི་ཀླུ་གནོད་པར་སེམས་པ་ནས་ལུས་སྲུལ་པོ་གནོད་པར་སེམས་པའི་བར་དག་ལ་བཟློག་པར་བགྱིད་དོ། །ད་ལྟར་དང ། མ་འོངས་པའི་དུས་ན་གང་དག་སེམས་ཅན་རྣམས་ལ་རྣམ་པར་འཚེ་བ་དང ། ལོ་ཏོག་ཀྱང་མ་རུངས་པར་བགྱིད་པ་དེ་དག་གི་དོན་གྱི་སླད་དུ་གསང་སྔགས་གཞི་མི་བཟད་པ་དག་ཀྱང་བརྗོད་པར་བགྱིའོ། །ཏདྱ་ཐཱ། ཧི་ལི་ཧི་ལི། མི་ལི་མི་ལི། ཙི་ལི་ཙི་ལི། དྷ་ག་དྷ་ག་།དྷཱུ་མ་དྷཱུ་མ། དྷུ་ན་དྷུ་ན། མ་ཐ་མ་ཐ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ནཱ་ཤ་ཡ་ནཱ་ཤ་ཡ། ཧ་ཧ་ཧ་ཧ་ཧ། བཛྲ་དྷུ་ཏི་མོ་ཧཱ་ཡ། ཛམ་བྷཱ་ཡ། སྟམ་བྷཱ་ཡ། སརྦ་ནཱ་གཱ་ན། སརྦ་ཨ་ཧི་ཏེ་ཥ་ཎོ། བཛྲ་ཎི་བུད་དྷ་མཻ་ཏྲི། དྷརྨ་སཏྱེ་ན། ཨིན་དྲ་སཏྱེ་ན། ཨིན་དྲ་བ་ལེ་ན། ལོ་ཀ་པཱ་ལ་པྲ་བྷཱ་བེ་ན། ཛམ་བྷ་ཡཱ་མི། སརྦ་ནཱ་གཱ་ན་སྟམ་བྷ་ཡ་མི། སརྦ་ཨ་ཧི་ཏེ་ཥི་ཎོ། བ་རུ་ན་པཱ་པ་ཤེ་ན། བན་དྷ་ཡཱ་མི། སརྦ་ནཱ་གཱ་ན་ཨིན་དྲ་ཙི་ལེན། སརྦ་ཨ་ཧི་ཏེ་ཥི་ཎ་ཚ་ག་ལི་ཀ་རོ་མི། ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ།
107.147a
བཛྲ་ཤཾ་ཀ་ལེ་སཝཱ་ཧཱ། བའི་ལྕི་བས་དཀྱིལ་འཁོར་བསྐུས་ཏེ། མེ་ཏོག་བཀྲམ་ལ། ཨ་ཀ་རུ་དང ། ཙན་དན་གྱི་བདུག་པས་བདུགས་ཏེ། ཁ་ཤར་ཕྱོགས་སུ་བལྟས་ལ་བཟླས་བརྗོད་བརྒྱད་སྟོང་བྱའོ། །དེ་ལྟར་འགྲུབ་པར་འགྱུར་ཏེ། དེའི་འོག་ཏུ་ལས་གང་འདོད་པ་དེ་བྱའོ། །སྐུད་པ་ནག་པོས་ནི་རིམས་ནད་སེལ་ཏོ། །ཤིང་ཀ་ར་བི་རའི་ལྕུག་མས་ནི་སྤྲིན་ཟློག་གོ་།ཆུའི་ནང་དུ་འདུག་ན་ནི་དྲན་པར་བྱའོ། །གཅན་ཟན་ཁྲོ་བོའི་ནང་ན་འདུག་ན་ནི་གོས་ཀྱི་མཐའ་མར་མདུད་པ་བོར་རོ། །ལྟོ་སྦོས་ན་ནི་ཚཝ་ཆུས་ཞི་བར་བྱེད་དོ། །སོ་ན་བ་ལ་སྐུད་པས་ཞི་བར་བྱེད་དོ། །གནའ་མའི་མེ་ཏོག་བརྒྱད་བརྒྱ་མེ་ཏོག་རེ་རེ་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་གཏོར་རོ། །ཉི་མ་བདུན་ན་དེ་བཞིན་གཤེགས་པ་མཐོང་བར་འགྱུར་རོ། །ན་མོ་རད་ན་ཏྲ་ཡཱ་ཡ། ན་མཤྩཎ་ཌ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པ་ཏ་ཡེ། ཨ་པྲ་ཏི་ཧ་ཏ་པ་ལ་པཱ་རཱ་ཀྲཱ་མ་ཡེ། ན་མཿ སརྦ་བཛྲ་ཀུ་ལ་བིདྱཱ། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་རྡོ་རྗེའི་རིགས་ལྔ་བརྒྱས་ཡོངས་སུ་བསྐོར་ཞིང་མདུན་དུ་བདར་ནས། བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སེམས་ཅན་ཐམས་ཅད་ལ་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། སེམས་ཅན་ཐམས་ཅད་ལ་སྨན་པའི་དོན་དང ། མིའི་རྒྱལ་པོ་རྣམས་ལ་སྨན་པ་དང ། བདེ་བར་བགྱི་བའི་སླད་དུ་དེ་བཞིན་གཤེགས་པས་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་ཞེས་བགྱི་བ་འདི་བཀའ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་ལ་ཐུགས་བརྩེ་བ་ཉེ་བར་བཟུང་སྟེ། རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་བཀའ་སྩལ་ཏོ། །ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་གསུངས་ཤིང་བྱིན་གྱིས་བརླབས་པ་སྟེ། ངས་ཀྱང་ད་ཐུགས་བརྩེ་བ་ཉེ་བར་བཟུང་ནས། སེམས་ཅན་ཐམས་ཅད་ཀྱི་དོན་དང་ཕན་པ་དང་བདེ་བར་བྱ་བའི་ཕྱིར་བཤད་ཀྱིས་ཁྱོད་ཀྱིས་ཟུང་ཤིག་།
107.147b
ཏདྱ་ཐཱ། ཛ་ཡེ་ཛ་ཡེ། མ་ཧཱ་ཛ་ཡེ། ཛ་ཡ་བཱ་ཧ་ནི་ཡེ་བུད་དྷ་ཨ་དྷིཥྛི་ཏེ། དྷརྨ་ཨ་བ་བྷཱ་ས་ནི། བུད་དྷ་ཨ་དྷི་ག་མེ་ཛྙཱ་ན་ཨ་བ་བྷ་སེ་སཝཱ་ཧཱ། ལག་ན་རྡོ་རྗེ་འདི་དག་ནི་དེ་བཞིན་གཤེགས་པའི་སྤྱི་བོ་ནས་དབང་བསྐུར་བའི་གསང་སྔགས་ཀྱི་གཞི་རྣམས་ཏེ། ལག་ན་རྡོ་རྗེ་དེ་བཞིན་གཤེགས་པས་སྤྱི་བོ་ནས་དབང་བསྐུར་བའི་གསང་སྔགས་གཞི་འདི་དག་གང་གི་ལུས་ལ་ཡོད་པ་དང ། གླེགས་བམ་ལ་ཡོད་པར་གྱུར་པ་དེའི་ལུས་ལ་ཕྱིར་རྒོལ་བ་རྣམས་ཀྱིས་དཔག་ཚད་བརྒྱ་ཚུན་ཆད་གནོད་པར་བྱར་མི་ཆུད་དོ། །མཚོན་དང ། དུག་དང ། དབྱིག་དུག་དང ། བྱད་ཀྱིས་མི་ཚུགས་སོ། །མིའི་བདག་པོ་དབང་པོ་དེའི་ཡུལ་དེར་ཕ་རོལ་གྱི་དམག་ཚོགས་མི་འོང་ངོ ། །ཡུལ་འཁོར་དེར་ཕྱིར་རྒོལ་བའི་དཔུང་གིས་མི་ཆུད་པར་འགྱུར་རོ། །ལག་ན་རྡོ་རྗེ་རིགས་ཀྱི་བུ་གང་ལ་ལ་ཞིག་གིས་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ཡི་གེར་བྲིས་ཏེ། འཆང་བ་དེ་ཇི་སྲིད་འཚོ་བའི་བར་དུ་དེའི་ལུས་ལ་དུག་དང ། མཚོན་དང ། ཆུ་དང ། དབྱིག་དུག་དང ། སྦྱར་བ་ལས་བྱུང་བའི་དུག་གཞན་གྱིས་ཀྱང་མི་ཚུགས་སོ། །དགྲའི་འཇིགས་པ་མི་འབྱུང་ངོ ། །དེ་ལ་རྣམ་པར་འཚེ་བ་དང ། མཐོ་འཚམ་པ་མི་འབྱུང་ངོ ། །རྒྱལ་པོའི་འཇིགས་པ་དང ། ཆོམ་རྐུན་གྱི་འཇིགས་པ་མི་འབྱུང་ངོ ། །གཡུལ་ངོར་ཞུགས་ན་ཡང་ལུས་ལ་མཚོན་གྱིས་མི་ཕོག་གོ་།ཐམས་ཅད་དུ་རྒྱལ་བ་སྨྲ་བར་འགྱུར་རོ། །རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདིའི་གཟི་བརྗིད་དང ། མཐུ་དང ། བྱིན་གྱི་བརླབས་ཀྱིས་ཐོགས་པ་མེད་ཅིང་མ་སྣད་མ་རྨས་པར་རྒྱལ་བར་འགྱུར་རོ། །ཏདྱ་ཐཱ། ཛ་ཡེ་ཛ་ཡེ་ཛ་ཡེ། མ་ཧཱ་ཛ་ཡེ། ཛ་ཡོད་ཏ་མེ། དྷརྨ་ཨ་བ་བྷ་ས་ནི། བུད་དྷ་བུད་དྷ། དྷ་ར་དྷ་ར། བོ་དྷ་ནི་བོ་དྷ་ནི། ཏ་ཐཱ་གརྟ་ཨ་དྷིཥྛི་ཏེ། ཨ་བ་རོ་ཧ་ཎི། ཨ་བ་རོ་ཧ་ཎི། ཨ་བ་རོ་བྱ་ནི་ཛ་ཡ་ཀུ་སུ་མེ། སཱ་རེ་སཝ་ར་བ་ཏི། དྲི་དྷེ་དྲི་དྷེ་དྲི་དྷེ་དྲི་ཌྷ་པ་ཤ་ནི་དད་དྷེ། ཨོ་ཧ་ནི། མོ་ཧ་ནི། ཛམ་བྷ་ནི། སྟམ་བྷ་ཏི། མོ་ཧི་ནི། སརྦ་ཧེ་ཏཻ་ཤི་ནན། ན་མོ་བྷ་ག་བ་ཏོ། བུད་དྷ་སྱ་མ་ཧཱ་ཀ་རུ་ཎ། བི་ཧཱ་རི་ནི། སིད་དྷྱན་དུ་མེ་མན་ཏྲ་པཱ་ད་ནི་སཝཱ་ཧཱ།
107.148a
དེ་ནས་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་སངས་རྒྱས་ཀྱི་མཐུ་དང ། སངས་རྒྱས་ཀྱི་བྱིན་གྱི་བརླབས་དང ། བདག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་གྱི་གཟུངས་ཀྱི་གསང་སྔགས་ཀྱི་གཞི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། ཛ་ཡ་ཛ་ཡ་ཛ་ཡ། པ་ཊ་པ་ཊ་པ་ཊ། ཛྭ་ལ་ཛྭ་ལ་ཛྭ་ལ། བཛྲི་ཎི། པྲ་ཧ་ར་པྲ་ཧ་ར། དྷ་ར་དྷ་ར་དྷ་ར། ཧ་ར་ཧ་ར་ཧ་ར། བྷ་ར། བྷ་ར། བྷ་ར་བྷ་ར། ཏ་ར་ཏ་ར། ཛ་ཡ་ཀུ་སུ་མེ། བ་ལ་བ་ལ། ཙཀྲ་ཙཀྲ། པཱི་ཌ་ཡ་པཱི་ཌ་ཡ། ཨ་ཀྲ་མ་ཨ་ཀྲ་མ། བི་ཀྲ་མེ། ཨ་ཙ་ལེ། མ་ཙ་ལེ། ཁ་ག་ཙཱ་རི་ནི། ནི་ལ་བ་ས་ནི། བཛྲ་པྲ་ཧ་ར་ནི། བཛྲ་སམ་བྷ་བེ། བཛྲ་ཀ་ལི། བུད་དྷ་ཨ་དྷིཥྛི་ཏེ། བུད་དྷ་ར། མ་ཧཱ་པྲ་བྷ་བེ། ཨུད་ཙ་སྐན་དྷེ། མ་ཧཱ་ཏེ་ཙ་བ་ཏི། ཨ་ལེ་པ་ཙ་ལེ། དྷུ་ན་དྷུ་ན་དྷུ་ན། ཀང་ཀ་ཀང་ཀ་རེ། ཀ་སི་ནི་ས་མ་ཧེ་ཏེ་དྷརྨ་ཨ་བ་བྷཱ་ས་ནི། ཙ་ར་ཙ་ར་ཙ་ར། གྷུ་གྷུ་ཏེ། བཛྲ་མཱ་ལཱ་དྷ་རི། ས་ར་ས་ར་ས་ར། ཀཱ་ལཱ་ཙཱ་རི་ཎི་སཝཱ་ཧཱ། བཅོམ་ལྡན་འདས་གཟུངས་ཀྱི་གསང་སྔགས་ཀྱི་གཞི་དག་ནི་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་གསུངས་པ་ལགས་ཏེ། གང་དག་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ལས་འགལ་བར་བགྱིད་པ་དེ་དག་ཐམས་ཅད་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་འཁུ་བ་ལགས་སོ། །འདི་ལྟ་སྟེ། ལྷ་འམ། ཀླུ་འམ། གནོད་སྦྱིན་ནམ། སྲིན་པོ་འམ། ཡི་དགས་སམ། ཤ་ཟ་འམ། གྲུལ་བུམ་འམ། གྲིབ་གནོན་ནམ། རྗེད་བྱེད་དམ། གཤེད་བྱེད་དམ། བྱད་དམ། རོ་ལངས་སམ། བཀྲ་མི་ཤིས་པ་འམ། མ་མོའི་གདོན་ནམ། གོང་དུ་ཡང་གདོན་གཞན་ནམ། སྐེམ་བྱེད་ཀྱི་གདོན་ནམ། གཤིན་རྗེའི་གདོན་ཡང་རུང་སྟེ། དེ་དག་ཐམས་ཅད་རྨུགས་པ་དང ། རེངས་པ་དང ། རྨོངས་པར་གྱུར་ཅིག་།ཏདྱ་ཐཱ། བཛྲེ་བཛྲེ་བཛྲེ། ཧ་ན་བཛྲེ། ནི་ཧ་ན་བཛྲེ། ཁཱ་ད་ཁཱ་ད། བཛྲེ་ཎི། སྥཱ་ཊ་ཡ་སྥཱ་ཊ་ཡ། བཛྲེ་ཎ། ཨིད་གྲ་ཧ་ན། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། གྲ་ས་གྲ་ས་གྲ་ས། པཱ་ཏ་ཡ་པཱ་ཏ་ཡ་པཱ་ཏ་ཡ། དྷ་མེ། དྷ་དྷ་མེ། དྷུ་དྷུ་མེ། འཇིགས་པ་དང ། གནོད་པ་ཐམས་ཅད་དང ། གཡུལ
107.148b
འགྱེད་པ་དང ། ཁྲག་ཁྲུག་དང ། འཐབ་པ་དང ། འཐབ་མོ་དང ། རྩོད་པ་དང ། འགྱེད་པ་ཐམས་ཅད་ལས་བདག་ལ་སྲུངས་ཤིག་སྲུངས་ཤིག་།རྒྱལ་བར་མཛད་མ་རྒྱལ་བར་མཛོད་ཅིག་།ཏ་ར་ཏ་ར་ཏ་ར། མ་ཧཱ་བ་ཏ་ར་ཎེ། ཀུ་ཏེ་ཀུ་ཏེ། མུ་ཀུ་ཏེ་བཛྲ་ཀུ་ཏེ་སཝཱ་ཧཱ། དེ་ནས་བཅོམ་ལྡན་འདས་ཀྱིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་ལག་ན་རྡོ་རྗེ་ལེགས་སོ་ལེགས་སོ། །སེམས་ཅན་ཐམས་ཅད་ཀྱི་དོན་དང ། ཕན་པ་དང ། བདེ་བར་བྱ་བ་དང ། སྙིང་བརྩེ་བའི་ཕྱིར་ཞུགས་ཏེ། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་སྨྲས་པ་ནི་སེམས་ཅན་ཆེན་པོ་ལག་ན་རྡོ་རྗེ་ཁྱོད་ཡང་ལེགས་སོ། །ལག་ན་རྡོ་རྗེ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་སུའི་ལག་ན་ཡོད་པ་དང ། ལུས་ལ་ཡོད་པ་དང ། གླེགས་བམ་ལ་ཡོད་པ་དང ། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། རྒྱལ་པོའི་ཕོ་བྲང་ངམ། གཙུག་ལག་ཁང་ངམ། གནས་ཁང་ངམ། འཆག་ས་འམ། དགོན་པའི་གནས་ན་ཡོད་པ་དེར་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཚོགས་ཀྱི་གཡོག་འཁོར་དང་བཅས་ཏེ། གྲོང་དང ། གྲོང་ཁྱེར་དང ། ཡུལ་དེ་ལ་སྲུང་བ་བྱེད་པར་འགྱུར་རོ། །ཡུལ་དེར་ཕ་རོལ་གྱི་དམག་ཚོགས་མི་འོང་ངོ ། །མི་ངས་མི་འོང་ངོ ། །དགྲ་མི་འབྱུང་ངོ ། །ས་ཕྱོགས་དེར་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཚོགས་ཀྱི་གཡོག་དང་བཅས་ཏེ། གྲོང་དང ། གྲོང་ཁྱེར་དང ། ཡུལ་དེ་ལ་སྲུང་བ་བྱེད་པར་འགྱུར་རོ། །ཡུལ་དེར་ཕ་རོལ་གྱི་དམག་ཚོགས་མི་འོང་ངོ ། །དགྲ་མི་འབྱུང་ངོ ། །ས་ཕྱོགས་དེར་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་རྒྱུ་ཞིང་དེར་སྲུང་བ་དང ། ཡོངས་སུ་སྐྱོབ་པ་དང ། ཡོངས་སུ་འཛིན་པ་དང ། ཡོངས་སུ་སྐྱོང་བ་དང ། ཞི་བ་དང ། བདེ་ལེགས་སུ་འགྱུར་བ་དང ། ཆད་པ་སྤོང་བ་དང ། མཚོན་ཆ་སྤོང་བ་དང ། དུག་གཞིལ་བ་དང ། དུག་གསད་པ་དང ། དུག་གཞིག་པ་དང ། མི་མཛའ་བ་བཟློག་པ་དང ། མཚམས་གཅད་པ་དང ། ས་བཅིང་བ་བྱེད་པར་འགྱུར་རོ། །ཏདྱ་ཐཱ། ཏ་པ་ནེ། ཏ་པ་ནེ། ཏ་པ་ནེ། པྲ་ཏ་པ་ནེ། པྲ་ཏ་པ་ནེ། པྲ་ཏ་པ་ནེ། དྷུ་རུ་མེ།
107.149a
དྷུ་རུ་མེ། དྷུ་རུ་མེ། མ་ཧཱ་དྷུ་རུ་མེ། བུད་དྷ་ཨ་དྷིཥྛི་ཏེ། མུ་ཁེ་མུ་ཁེ་སུ་མུ་ཁེ། སཝ་ལ་པྲ་ཏི་ས་མཱ་དྷི་ས་མཱ་དྷི་ག་།མཱ་ན་སི། ཕུ་རུ་ཕུ་རུ། དྷུ་རུ་དྷུ་རུ། བུད་དྷ་མཱ་ན་སི་ཀེ་སཝཱ་ཧཱ། ལག་ན་རྡོ་རྗེ་འདི་དག་ནི་དེ་བཞིན་གཤེགས་པས་སྤྱི་བོ་ནས་དབང་བསྐུར་བའོ། །གསང་བའི་གནས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་ཆེན་ནོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའོ། །ལག་ན་རྡོ་རྗེ་མིའི་རྒྱལ་པོ་གང་ལ་ལ་ཞིག་གིས་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་ཞེས་བྱ་བ་འདི་གླེགས་བམ་ལ་ལེགས་པར་བྲིས་ཏེ་འཆང་ངམ། ལུས་ལ་ཡོད་པར་བྱས་ཏེ་འཆང་ངམ། སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། མེ་ཏོག་སྣ་ཚོགས་ཀྱི་རྒྱན་རྣམས་ཀྱིས་དེ་ལ་སྟི་སྟང་དུ་བྱེད། བླ་མར་བྱེད། རི་མོར་བྱེད་ཅིང་མཆོད་ན། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་མིའི་རྒྱལ་པོ་དེའི་ཕྱི་བཞིན་དུ་འབྲང་ཞིང ། ཕྱིར་རྒོལ་བ་ཐམས་ཅད་ལས་སྲུང་བ་བྱེད་པར་འགྱུར་རོ། །མིའི་བདག་པོ་དབང་པོ་དེ་ལ་དགྲ་དང ། ཕ་རོལ་གྱི་དམག་ཚོགས་ཀྱིས་གླགས་མི་རྙེད་དོ། །ཡུལ་དེར་ཕ་རོལ་གྱི་དཔུང་མི་འཇུག་གོ་།འཇུག་ན་ཡང་དེ་དག་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་བགེགས་བྱེད་པར་འགྱུར་ཏེ། བགེགས་སྣ་ཚོགས་བརྒྱ་དག་དང ། བགེགས་སྣ་ཚོགས་སྟོང་དག་བྱེད་པར་འགྱུར་རོ། །མིའི་རྒྱལ་པོ་དེ་དག་གང་དང་གང་དུ་འགྲོ་བ་དེ་དང་དེར་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་ཞེས་བྱ་བ་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་མདུན་དུ་བཞག་པར་བྱའོ། །གང་དུ་གཡུལ་འགྱེད་དམ། དགྲ་ཆེན་པོ་དང་འཐབ་པ་དེར་ཡང་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་ཞེས་བྱ་བ་འདི་མགུལ་དུ་བཏགས་ཏེ་གཡུལ་ངོར་ཞུགས་ན། དེར་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་ཕ་རོལ་གྱི་དམག་ཚོགས་དེ་ལ་གནོད་པ་འདིས་གནོད་པར་བྱེད་དེ། དེ་ཕམ་པར་འགྱུར་རོ། །རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་ཞེས་བྱ་བ་འདི་སུའི་མགུལ་དུ་ཐོགས་པ་དེ་ནི་རྒྱལ་བར་འགྱུར་རོ། །ལག་ན་རྡོ་རྗེ་གྲོང་ངམ། གྲོང་ཁྱེར་རམ།
107.149b
གྲོང་རྡལ་ལམ། ལྗོངས་སམ། རྒྱལ་པོའི་ཕོ་བྲང་ངམ། གཙུག་ལག་ཁང་གང་དུ་ནད་འགོ་བ་སྣ་ཚོགས་དང ། མི་ངས་མི་བཟད་པ་ཆེན་པོ་བྱུང་བ་དེར་རིག་སྔགས་ཀྱི་རྒྱལ་མོ་རྒྱལ་བ་ཅན་འདི་ལ་མེ་ཏོག་སྣ་ཚོགས་ཀྱི་བླ་རེ་བྲེས་ལ་གཏོར་མའི་ཆོ་ག་གཞུང་ཁུང་བཞི་རོ་བྲོ་བ་སྣ་ཚོགས་ཀྱིས་བཀང་སྟེ་ཕྱོགས་བཞིར་བཞག་ལ། དེ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་བཀླགས་ན་དེར་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཚོགས་ཀྱི་གཡོག་འཁོར་དང་བཅས་ཏེ་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་ནད་འགོ་བ་དང ། མི་ངས་དེ་རབ་ཏུ་ཞི་བར་བྱེད་དོ། །དེ་ནས་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདིའི་གོང་ན་རིག་སྔགས་ཆེས་སྟོབས་དང་ལྡན་པ་འམ། གཟི་བརྗིད་ཆེ་བ་འམ། རྫུ་འཕྲུལ་ཆེ་བ་འམ། མཐུ་ཆེ་བ་ནི་གང་ཡང་མ་མཆིས་ཏེ། རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ནི་རིག་སྔགས་ཐམས་ཅད་ཀྱི་མཆོག་ལགས་སོ། །ཡུལ་གང་དག་ཏུ་སྤྱོད་པར་འགྱུར་བའི་གནས་དེ་དག་ཏུ་སངས་རྒྱས་མཛད་པ་བགྱིད་པར་འགྱུར་རོ། །ཏདྱ་ཐཱ། བཛྲེ་བཛྲེ། ཨ་མི་ཏ་བཛྲེ། ཛྭ་ལི་ཏ་བཛྲ། ཧུ་ཏ་ཤ་ནི། བྷན་ཛ་བྷན་ཛ། བྷན་ཛ་བྷན་ཛ། ཛམ་བྷ་ཛམ་བྷ། སྟམ་བྷ་ཡ་སྟམ་བྷ་ཡ། སརྦ་དུཥྚ་གྲ་ཧཱ་ཎཱཾ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། གྲ་ས་གྲ་ས་གྲ་ས། པ་ཊ་པ་ཊ་པ་ཊ། ཏ་ཊ་ཏ་ཊ་ཏ་ཊ། མུ་རུ་མུ་རུ་མུ་རུ། དྷ་མ་དྷ་མ་དྷ་མ། ཛྭ་ལ་ཛྭ་ལ་ཛྭ་ལ། ཁུ་ཁུ་རེ། ཁུ་ཁུ་རེ། ཁུ་ཁུ་རེ། ཁུ་ཁུ་མེ། ཁུ་ཁུ་མེ། ཁུ་ཁུ་མེ། གྷོ་རི་གྷོ་རི་གྷོ་རི། བཛྲ་མཱན་སི། བཛྲ་ཧུ་ཏི། ཕུ་རུ་ཕུ་རུ་ཕུ་རུ། གྲ་ས་གྲ་ས་གྲ་ས། སརྦ་ཨ་ཧི་ཏེ་ཤི་ནན། སུ་རུ་མེ་མུཾ་མུ་ལེ། བཛྲ་པྲ་ཏི་པ་ཏི། སརྦ་བ་ལེ་ཕུ་སཝཱ་ཧཱ། ཨ་ལུ་པ་ལ་ནི་ཙུ་ཙུ་རེ་སཝཱ་ཧཱ། ཛ་ཡེ་ཛ་ཡེ། ཛ་ཡ་སམ་བྷ་བེ་སཝཱ་ཧཱ། ཛ་ཡོད་ཏ་མེ་སཝཱ་ཧཱ། ཛ་ཡ་བ་རེ་ཏེ་སཝཱ་ཧཱ། ཛ་ཡན་དྷ་རེ་སཝཱ་ཧཱ། ཛ་ཡ་མ་ནི་སཝཱ་ཧཱ། ཛ་ཡ་བཛྲ་ཡ་སཝཱ་ཧཱ། ཨ་ཛི་ཏ་བཛྲ་ཡ་སཝཱ་ཧཱ། མ་ཧཱ་བཛྲ་ཧུ་ཏ་ཤ་ན་ཡ་སཝཱ་ཧཱ། ཨ་མོ་གྷ་བཛྲ་ཧསྟ་ཡ་སཝཱ་ཧཱ། དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ
107.150a
བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་བསྲུང་བ་སྩལ་བར་བགྱི་སྟེ། ཡོངས་སུ་བསྐྱབ་པ་དང་ཡོངས་སུ་གཟུང་བ་དང་ཡོངས་སུ་བསྐྱང་བ་དང་ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང ། ཆད་པ་སྤང་བ་དང ། མཚོན་ཆ་སྤང་བ་དང ། དུག་གཞིལ་བ་དང ། མི་མཛའ་བོ་བཟློག་པ་དང ། དུས་མ་ལགས་པར་འགུམ་པ་ཐམས་ཅད་དགག་པ་དང ། འཐབ་པ་དང ། འཐབ་མོ་དང ། རྩོད་པ་དང ། འགྱེད་པ་དང ། གཡུལ་འགྱེད་པ་དང ། ཁྲག་ཁྲུག་ཐམས་ཅད་དང ། འཇིགས་པ་ཐམས་ཅད་དགག་པར་བགྱིའོ། །མཚམས་གཅད་པར་བགྱིའོ། །ཏདྱ་ཐཱ། ཛ་ཡེ་ཛ་ཡེ་ཛ་ཡེ། མ་ཧཱ་ཛ་ཡེ། མི་ལི་མི་ལི། མཱན་སི་ཛྷུ་ཛྷུ་ཛྷུ། ཛྷུ་རུ་མེ། མུ་རུ་མུ་རུ། ཏུ་ཊུ་ཏུ་ཊུ་ཏུ་ཊུ། མུ་ལུ་ལེ་སཝཱ་ཧཱ། མཱརྒ་བ་ཏཱི་དྷུ་དྷུ་མེ་བེ་གེ། བེ་ག་དྷ་རི་ནི། ཏེ་ཛ་བཱ་ཏི། འཇིགས་པ་དང ། གནོད་པ་ཐམས་ཅད་དང་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་ལས་བདག་ལ་སྲུངས་ཤིག་སྲུངས་ཤིག་སཝཱ་ཧཱ། བཅོམ་ལྡན་འདས་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་ནི་སངས་རྒྱས་བྱེ་བ་ཕྲག་དགུ་བཅུ་རྩ་དགུས་གསུངས་ཤིང ། བྱིན་གྱིས་བརླབས་པ་ལགས་སོ། །ཏདྱ་ཐཱ། བུད་དྷེ་བུད་དྷེ། བུད་དྷེ་བུད་དྷ་བ་ཏི། བུད་དྷ་ཨ་བ་བྷ་ས་ནི། དྷརྨ་བ་ཏི། ས་མ་ཧི་ཏེ། ས་མཱ་དྷི་ག་།བུད་དྷ་ཨ་ཏི་ག་མེ། བུད་དྷ་བི་ཧཱ་རེ། དྷརྨ་ཨ་བ་བྷ་ས་ནེ་སཝཱ་ཧཱ། གང་ལ་ལ་ཞིག་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ལས་འགལ་བར་བགྱིད་ན། དེའི་མགོ་སིད་དྷ་ཀ་བཞིན་དུ་ཚལ་པ་བདུན་དུ་འགས་པར་འགྱུར་རོ། །སུ་ཞིག་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་ཞེས་བགྱི་བ་འདི་འཆང་བ་དང ། ཀློག་པ་དང ། ཀུན་ཆུབ་པར་བགྱིད་པ་དང ། མཆོད་པ་དང ། ཡི་གེར་འབྲི་བ་དང ། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། རྒྱལ་པོའི་ཕོ་བྲང་ངམ། གཙུག་ལག་ཁང་དུ་གླེགས་བམ་གནས་པར་བགྱིད་ན། དེར་ཚོགས་ཀྱི་གཡོག་འཁོར
107.150b
དང་བཅས་པ་དང ། གནོད་སྦྱིན་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མ་དང་ལྷན་ཅིག་ཏུ་རིག་སྔགས་འཆང་དེའི་སླད་བཞིན་འབྲང་ཞིང་དཔག་ཚད་བརྒྱད་སྟོང་ཚུན་ཆད་དུ་སླར་རྒོལ་བ་དང ། དགྲ་རྣམས་ལས་ཐམས་ཅད་དུ་བསྲུང་བ་དང ། མཚམས་གཅད་པར་བགྱིའོ། །གཡུལ་འགྱེད་པ་དང ། ཁྲག་ཁྲུག་དང ། འཐབ་པ་དང ། འཐབ་མོ་དང ། རྩོད་པ་དང ། འགྱེད་པ་ཐམས་ཅད་དང ། གནོད་པ་ཐམས་ཅད་བསལ་བར་བགྱིའོ། །སླར་བཟློག་པར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ་རྒྱལ་པོ་ཆེན་པོ་ལེགས་སོ་ལེགས་སོ། །སེམས་ཅན་ཐམས་ཅད་ལ་ཕན་པ་དང ། བདེ་བ་དང ། སྙིང་བརྩེ་བ་དང ། བསྟན་པ་བསྲུང་བའི་ཕྱིར་ཞུགས་པ་ནི་སེམས་ཅན་ཆེན་པོ་སེམས་ཅན་ཐམས་ཅད་ལ་ཕན་པ་བྱེད་པ་ཁྱོད་ཡང་ལེགས་སོ། །རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདིས་སུ་ལ་བསྲུང་བ་བྱས་པ་དང ། ཡོངས་སུ་བསྐྱབ་པ་དང་ཡོངས་སུ་བསྐྱང་བ་དང ། ཞི་བ་དང ། བདེ་ལེགས་སུ་འགྱུར་བ་བྱས་པ་དེའི་ལུས་ལ་མཚོན་གྱིས་མི་ཚུགས་སོ། །དུག་དང ། དབྱིག་དུག་དང ། བྱད་དང ། གཤེད་བྱེད་དང ། རིམས་ནད་ནས་གདོན་ཐམས་ཅད་ཀྱི་བར་གྱིས་དེ་ལ་མི་ཚུགས་སོ། །ཕ་རོལ་གྱི་གནོད་པས་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ནི་དེ་བཞིན་གཤེགས་པས་ཕྱག་རྒྱས་བཏབ་པ་ཡིན་ནོ། །ལག་ན་རྡོ་རྗེ་ཁྱོད་ཀྱིས་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་ཞེས་བྱ་བ་འདི་ཟུང་ཤིག་།ཆོངས་ཤིག་།ལྷོགས་ཤིག་།ཀུན་ཆུབ་པར་གྱིས་ཤིག་།ལག་ན་རྡོ་རྗེ་ཕྱི་མའི་ཚེ་ཕྱི་མའི་དུས་ལྔ་བརྒྱ་པ་ཐ་མ་དམ་པའི་ཆོས་རྣམ་པར་འཇིག་པའི་དུས་ཀྱི་ཚེ་གནོད་སྦྱིན་དང ། སྲིན་པོ་མདངས་འཕྲོག་པ་དྲག་ཤུལ་གྱི་སེམས་དང་ལྡན་པ། ཤིན་ཏུ་མི་བཟད་པ་དག་དང ། ཆོས་མ་ཡིན་པ་སྤྱོད་པའི་རྒྱལ་པོ་ཚེ་ཐུང་བ་ཆོས་མ་ཡིན་པས་རྒྱལ་སྲིད་བྱེད་པ་དག་འབྱུང་བར་འགྱུར་ཏེ། དེའི་ཚེ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་སེམས་ཀྱི་རྒྱུད་མི་མཉམ་པ། མི་བཟད་པའི་སེམས་དང་ལྡན་པ་དེ་དག་དང
107.151a
སེམས་ཅན་སྡང་བ་ཐམས་ཅད་ཀྱི་དོན་དང ། ཚར་གཅོད་པར་འགྱུར་རོ། །རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་འདི་ནི་སངས་རྒྱས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་གསུངས་ཤིང་བྱིན་གྱིས་བརླབས་ཏེ་ཕྱག་རྒྱས་བཏབ་པ་ཡིན་ནོ། །རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་འདི་ནི་ལྷ་ཐམས་ཅད་ཀྱིས་ཕྱག་བྱས་པ་ཡིན་ནོ། །དེ་ནས་བཅོམ་ལྡན་འདས་ལ་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མིང་ཅི་ལགས། འདི་ཇི་ལྟར་གཟུང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་ན་རྡོ་རྗེ་དེའི་ཕྱིར་ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་དེ་བཞིན་གཤེགས་པའི་སྙིང་པོ་དང་ཕྱག་རྒྱ་ཞེས་བྱ་བར་ཟུང་ཤིག་།རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་བདུད་ཀྱི་དཀྱིལ་འཁོར་ཐམས་ཅད་རྣམ་པར་འཇོམས་པར་བྱེད་པ་ཞེས་བྱ་བར་ཡང་ཟུང་ཤིག་།བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེ་དང ། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང ། ལྷ་དང་མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རིག་སྔགས་ཀྱི་རྒྱལ་མོ་ཆེན་མོ་རྒྱལ་བ་ཅན་ཞེས་བྱ་བ། རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་འཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།།