rKTs


J917

(e-text produced by ADARSHA)

see text in transliteration
107.145a
༄#། ་།རྒྱ་གར་སྐད་དུ། ་ཨཱརྱ་ཏཱ་རཱ་སཝ་པྲ་ཏི་ཛྙཱ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། ་འཕགས་མ་སྒྲོལ་མ་རང་གིས་དམ་བཅས་པ་ཞེས་བྱ་བའི་གཟུངས། འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དེ་ནས་སྒྲོལ་མ་རང་གིས་དམ་བཅས་པའི་གཟུངས་སྨྲས་པ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏ་ར་ཡེ། ཧཱུཾ་ཧཱུཾ་ཧཱུཾ། ས་མ་ཡ་སྠི་ཏེ། བྷ་ར་བྷ་ར། སརྦ་བྷ་ར་ཎ། བི་བྷུ་ཤི་ཏེ། པད་མ་ནི། པད་མ། མ་ཧཱ་པད་མ། ཨ་ས་ན་སྠི་ཏེ། ཧ་ས་ཧ་ས། ཏྲཱཻ་ལོ་ཀྱ་བ་ར་དེ། སརྦ་དེ་བ་ད་ན་པ། པུ་ཛི་ཏེ་སྨ་དྷ་ཧི། བྷ་ག་བ་ཏི་ཏཱ་རེ། སྨ་རཱ་ཧཱི། བྷ་ག་བཱན་ཏ། ཏ་ཐཱ་ག་ཏ་སྱ། པུ་ར་ཏཿ ་ས་མ་ཡཾ། དྷ་ར་དྷ་ར། མ་ཧཱ་ས་ཏྭ་ཨ་བ་ལོ་ཀི་ཏེ། མ་ཎི་ཀ་ནི་ཀ་།བི་ཙི་ཏྲ་བྷ་ར་ཎེ། ཨོཾ`་བི་ལོ་ཀ་ཡ། ཆེ་གེ་མོ། བྷ་ག་བན་ཏེ། ཏཱ་རེ། ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཕཊ་སཝཱ་ཧཱ། གཟུངས་སྔགས་འདི་ཡིད་ཀྱིས་དྲན་པ་ཙམ་གྱིས་འཇིགས་པ་ཐམས་ཅད་སེལ་བར
107.145b
འགྱུར་རོ། །དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ། །སེམས་ཅན་ཐམས་ཅད་དབང་དུ་འགྱུར་རོ། །དཀར་པོའི་ཚེས་བརྒྱད་དམ་བཅཝ་ལྔ་ལ་འཕགས་མ་སྒྲོལ་མ་ལ་མཆོད་པ་ཆེན་པོ་བྱས་ཏེ། སྒྲོལ་མ་མངོན་སུམ་དུ་མཐོང་གི་བར་དེ་ཙམ་དུ་བཟླས་པར་བྱའོ། །གང་འདོད་པ་དེ་སྦྱིན་ནོ། །མཆོག་ཐམས་ཅད་སྟེར་རོ། །མ་བྱིན་ན་བདག་གིས་མཚམས་མེད་པ་ལྔ་བྱས་སོ། །གཞན་ཡང་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བར་འགྱུར་རོ། །རྡོ་རྗེ་མཆོག་གི་རྒྱུད་ལས་བཏུས། འཕགས་མ་སྒྲོལ་མ་རང་གིས་དམ་བཅས་པའི་གཟུངས་རྫོགས་སོ།། །།