rKTs


J910

(e-text produced by ADARSHA)

see text in transliteration
107.134b
འཕགས་པ་པརྞྞ་ཤ་བ་རིའི་མདོ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་ཐོབ་ལ་ཕྱག་འཚལ་ལོ། །བཱ་མ་ནེ་ཏྲྭཱཾ་ན་མཥྱཱ་མཱི་ཏྭཱཾ་ན་མ་སྱཱ་མི་བཱ་མ
107.135a
ནེ། བྷ་ག་བ་ཏི་པི་ཤཱ་ཙི། པརྞྞ་ཤ་བ་རི། པི་ཤཱ་ཙི་པཱ་ཤ་པར་ཤུ་དྷཱ་རི་ཎཱི། ཡ་ཎི་ཀ་ནི་ཙིད་བྷ་ཡཱ་ནྱུད་པ་དྱད་ཏེ་ཡཿ ་ཀཱ་ཙིད་མཱ་ར་ཡོ། ཡཿ ཀཱ་མ་ཧཱ་མ་ར་ཡོ། ཨཱཿ ཀཱ་ཙིད་ཏི་ཡོ། ཡེ་ཀེ་ཙིད་ཨུད་པ་དྲ་བཱཿ ཡེ་ཀེ་ཙིད་ཨུ་པཱ་ཡཱ་སཱ། ཡེ་ཀེ་ཙིད་ཨ་དྷྱ་ཨད་མི་ཀཱ་བྷ་ཡཱ། ཡེ་ཀེ་ཙིད་ཨུ་པཱ་ཡརྒྒ་ཨུ་པཱ་སརྒྒ་སཾ་བད་དྷ། བཱ་ཨུཏ་པ་དྱད་ཏེ། སརྦ་ནི་ཏཱ་ནི། སརྦ་སྟ། སརྦ་ཏེ་བཱ་ལ་ཏ་ཨེ་བོད་པ་དྱན་ཏེ། ན་བ་ཎ་ཌི་ཏ་ཏཿ ། ཏ་ད་ནེ་ན་ས་ཏྱེ་ན་སཏྱ་བཱ་ཙ་ནེ་ན་སཏྱ་བཱག་ཀེ་ནཿ ། ཏདྱ་ཐཱ། ཨོཾ`་ཛཿ ཛཱཿ ཛཿ ཛཱཿ ། ཨེ་བྷི་ཤཿ པཎ་ཌི་ཏ་ཨ་དྷིཥྛི་ཏཻ་ར་མན་ཏྲ་པ་དཻ་ར། མ་མ་སརྦ་ས་ཏྭཱ་ནཱན་ཙ། རཀྵཾ་ཀུ་རུ་པ་རི་ཏྲ་ཎཾ་ཀུ་རུ། པ་རི་གྲ་ཧཾ་ཀུ་རུ། པཱ་རི་པཱ་ལ་ནཾ་ཀུ་རུ། ཤན་ཏི་ཀུ་རུ་སཝསྟྱ་ཡ་ནཾ་ཀུ་རུ། དཎ་ཌ་པ་རི་ཧཱ་རཾ་ཀུ་རུ། སཱ་སྟྲ་པ་རི་ཧཱ་རཾ་ཀུ་རུ། ཡཱ་བད་བི་ཥ་དྷུ་ཥ་ཎཾ་ཀུ་རུ། ཨག་ནི་པ་རི་ཧཱ་རཾ་ཀུ་རུ། ཨུ་ད་ཀ་པ་རི་ཧཱ་རཾ་ཀུ་རུ། ཀཱ་ཁོར་ད་ཙྪེ་ད་ནཾ་ཀུ་རུ། སཱི་མཱཾ་བན་དྷཾ་ཀུ་རུ། དྷ་ར་ཎི་བན་དྷན་ཀུ་རུ། ཏདྱ་ཐཱ། ཨ་མི་ཏེ་ཨ་མི་ཏེ། ཨ་མི་ཏོད་བྷ་བེ། ཨ་མེ་ཏ་སཾ་བྷ་བེཿ ་ཨ་སཝ་སྟེ། ཨ་སཝ་སྟཱཾ་གེ་།མཱ་མ་ར་མཱ་མ་ར། མཱ་ས་ར་མཱ་ས་ར། ཤ་མ་པྲ་ཤ་མ་ཨུ་པ་ས་མ་སརྦ་བྱ་དྷཱི། ནུ་པ་ས་མ་སརྦ་ཨ་ཀཱ་ལ་མྲི་ཏྱ། ནུ་པ་ས་མ་སརྦ་ན་ཀྵ་ཏྲ་གྲ་ཧ་དོ། ཥཱ་ནུ་པ་ས་མ། སརྦ་དཾཥྚི་ཎཱཾ། ་ཙོ་པ་ས་མ། བྷ་ག་བ་ཏི། པརྞྞ་ཤ་བ་རི། ཏྱུཾན་ཏྱུཾན། བི་ཏྱུཾ་ན་བི་ཏྱུཾ་ན། ཏུ་ཎ་ཏུ་ཎ། ཏུ་མུ་ལེ་སཝཱ་ཧཱ། ཨོཾ་གཽ་རི་གན་དྷ་རི་ཙཎ་ཌཱ་ལི། མ་ཏཾ་གི་པུས་པུཀྐཱ་སི་སཝཱ་ཧཱ། ན་མཿ སརྦ་ཤ་པ་རཱ་ཎཱཾ། མ་ཧཱ་ཤ་པ་རཱ་ཎཱཾ། བྷ་ག་བ་ཏི་པི་ཤཱ་ཙི་པརྞྞ་ཤ་བ་རི་སཝཱ་ཧཱ། ཨོཾ་པི་ཤཱ་ཙི་པརྞྞ་ཤ་པ་རི་ཧྲཱིཿ ཧཿ ཧཱུཾ་ཕཊ་པི་ཤཱ་ཙི་སཝཱ་ཧཱ། ཨོཾ་ཨཾ་ཀུ་རེ་མཾ་ཀུ་རེ། ཀུ་ར་རེ་པརྞྞ་ཤ་བ་རི་སཝཱ་ཧཱ། གནག་ནད་ལ་སྲད་བུ་བྱས་ཏེ། བརྒྱ་རྩ་བརྒྱད་དུ་བཟླས་ཤིང་མདུད་པ་བརྒྱ་རྩ་བརྒྱད་དུ་མདུད་དེ། སྔགས་ཀྱི་སྙིང་པོ་བྲིས་པའི་སྣོད་དང་བཅས་པས་བཟླས་པ་ཚུལ་བཞིན་དུ་བྱས་ལ། དེའི་རྗེས་ལ་ནད་པ་འམ། རྟ་དང་བ་ལང་ལ་སོགས་པ་ལ་སྤོས་ཆུས་བཀྲུས་ནས་ཁྱུ་མཆོག་ཀྱང་བཀྲུས་ཏེ་དེའི་མགོ་ལ་བཅིངས་ན་ཞི་བར་འགྱུར་རོ། །དེ་བཞིན་དུ་མ་ཧེ་དང་ར་ལུག་རྣམས་ལ་གནོད་པ་བྱུང་བ་ལ་ཡང་ལྷས་སུ་བྲི་བར་བྱའོ། །བུམ་པ་ཆུ་གཙང་མས་བཀང་སྟེ། བརྒྱ་རྩ་བརྒྱད་དུ་སྔགས་ནས་བཀྲུས་ན་ཞི་བར་འགྱུར་རོ། །སྔ་དྲོ་ཕྱུགས་ཀྱི་ལྷས
107.135b
སུ་སོང་ལ་དྲི་དང་མེ་ཏོག་གི་གཏོར་མ་བྱས་ཏེ། བུམ་པ་སར་པ་མ་སྤྱད་པ་ཆུས་བཀང་ལ་བརྒྱ་རྩ་བརྒྱད་དུ་སྔགས་ཏེ། ཕྱུགས་ལྷས་ཀྱི་སྒོར་རྟ་བབས་གཟུགས་ཤིང ། རྟ་བབས་དེ་ལ་ཆུ་ཤིང་གི་ལོ་མ་ལ་རིག་པ་འགིའུ་ཝང་གིས་བྲིས་ཏེ། རྟ་བབས་ཀྱི་ཁར་གདགས་སོ། །དེ་ནས་ཕྱུགས་ཐམས་ཅད་གཟས་ལ་སོང་བ་རྟ་བབས་ཀྱི་སྒོ་ནས་གཟུང་ངོ ། །གཞན་ཡང་བུམ་པ་བཞི་ཆུས་བཀང་སྟེ་བརྒྱ་རྩ་བརྒྱད་དུ་སྔགས་ནས་མི་བཞིས་ཆུས་གཏོར་ན་ཕྱུགས་ནད་མེད་པར་འགྱུར་རོ། །དེ་བཞིན་དུ་ཞག་བདུན་དུ་བྱས་ན་ནད་ཐམས་ཅད་ཞི་བར་འགྱུར་རོ། །མི་ནད་དང་ཕྱུགས་ནད་ལ་གྲོ་ག་ལ་བྲིས་ཏེ་མཆོད་པ་བྱས་ནས་རྒྱལ་མཚན་གྱི་རྩེ་མོ་ལ་གདགས་སོ། །སྟག་གིས་འཇིགས་པ་ལ་དྲིལ་བུ་ལ་བཟླས་ནས་དཀྲོལ་བར་བྱའོ། །ཆུ་སྲིན་གྱིས་འཇིགས་པ་ལ་མདའ་དང་ཕ་གུ་ལ་སྔགས་ན་སྦྲུལ་དང ། བྱི་བ་དང ། སྡིག་པ་ལ་སོགས་པ་རྣམས་ཀྱང་ཁ་བཅིངས་པར་འགྱུར་རོ། །གཡུལ་ངོར་ཐལ་བ་ལ་སྔགས་ཏེ། སྤྱི་བོ་དང་མགུལ་དུ་བྱུགས་ན་མཚོན་ཆ་ཟློག་པར་བྱེད་དོ། །སྐུད་པ་ལ་ལན་བརྒྱ་རྩ་བརྒྱད་དུ་བཟླས་པས་ནད་པའི་ཁྲི་ལ་བཅིང་ངོ ། །བུམ་པ་ལ་བརྒྱ་རྩ་བརྒྱད་དུ་སྔགས་པས་ཁྲུས་བྱའོ། །ལག་པས་སྐུད་པ་ལ་བཟླས་ནས་བཅིང་ངོ ། །དེ་ནས་བདེ་བར་འགྱུར་རོ། །ཡུལ་སྐོར་ཏེ་དྲིལ་བུ་དང ། རྔ་དང ། དུང་ལ་བཟླས་པ་བྱས་ན་བགེགས་ཐམས་ཅད་འབྱེར་ཏེ་གནོད་པ་འང་ཞི་བར་འགྱུར་རོ། །སྐྱེས་བུ་དཔའ་བོ་ཡི་དཔྲལ་བར་རིག་པའི་མདོངས་གཞག་ལ་མཚོན་ཆ་བསྐུར་ན་དགྲ་འམ་གཡུལ་ཞི་བར་འགྱུར་རོ། །འཕགས་པ་པརྞྞ་ཤ་བ་རིའི་མདོ། རྫོགས་སོ།། །།