rKTs


J906

(e-text produced by ADARSHA)

see text in transliteration
107.131a
རྒྱ་གར་སྐད་དུ། ་ཨཱརྱ་ཛཾ་གུ་ལཱ་ནཱ་མ་བིདྱ། བོད་སྐད་དུ། ་འཕགས་པ་དུག་སེལ་ཅེས་བྱ་བའི་རིག་སྔགས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ང་སྔོན་བྱུང་བ་བྱང་ཆུབ་སེམས་དཔར་གྱུར་པ་ན། གངས་ཀྱི་རི་ཡི་བྱང་ངོས་ན། །སྤོས་ངད་ལྡང་བའི་རི་བོ་ལ། །རི་རྒྱལ་དེ་ཡི་སུལ་གནས་ཚེ། །གཞོན་ནུ་བསོད་ནམས་བརྒྱ་ཡི་མཚན། །ེ་ནེ་ཡ་ཡི་ལྤགས་གྱོན་ལ། །སྦྲུལ་གྱིས་བརྒྱན་པའི་སྐ་རགས་ཅན། །གདུག་པའི་སྦྲུལ་གྱིས་མགོ་བརྒྱན་བྱས། །མཐོང་ན་གདུག་པའི་རྣ་རྒྱན་ཅན། །དུག་གི་མེ་ཏོག་རྣམས་ཟ་ཞིང ། །མ་ལུ་ཏ་ཡི་ལྕུག་ཁུ་འཐུང ། །ང་ལ་དེ་འབོད་འབོད་དུ་འཇུག་།བུ་ཁྱོད་ཚུར་ཤོག་ང་ལས་ཉོན། །ང་ལ་དུག་སེལ་ཅེས་བྱ་བ། །དུག་འཇིགས་རིག་སྔགས་དམ་པ་ཡོད། །དུག་རྣམས་གང་ཡིན་དེ་ཀུན་ནི། །ང་ཡི་མིང་གིས་འཇིགས་པར་འགྱུར། །ཏདྱ་ཐཱ། ཨོཾ་ཨི་ལི་མིད་ཏེ། ཏི་ལི་མིད་ཏེ། ཨི་ལི་ཏི་ལི་མིད་ཏེ། དུམ་བེ། དུམ་བཱ་ལཱི་ཡེ། དུསྨེ། དུསྨཱ་ལི་ཡེ། ཏ་ར་ཀེ་།ཏ་ཀ་ར་ནེ། མརྨེ། མརྨ་ར་ཎེ། ཀཤྨཱི་རི། ཀཤྨཱི་ར་མུག་ཏེ། ཨ་གྷེ་ཨ་གྷ་ཎེ། ཨ་གྷ་ན་གྷ་ནེ། ཨི་ལཱི་ཨི་ལཱི་ཨེ། ཨག་ཁཱ་ཨཱི་ཨེ། ཨཱ་བྱཱ།
107.131b
ི་ཨེ། ཤཝེ་ཏེ་ཤཝ་ཏ་དུཎ་ཌེ། ཨ་ནུ་རག་ཏེ་སཝཱ་ཧཱ། དགེ་སློང་དག་ངའི་དུག་སེལ་གྱི་རིག་སྔགས་འདི་ནི་སྦྱིན་པ་ཐམས་ཅད་དཀར་པོ་སྟེ། སུས་རིག་སྔགས་འདི་ལན་ཅིག་ཐོས་པ་དེ་ལ་ལོ་བདུན་གྱི་བར་དུ་སྦྲུལ་གྱིས་མི་ཟའོ། །དེའི་ལུས་ལ་དུག་གིས་མི་ཚུགས་སོ། །སྦྲུལ་གང་ཞིག་དེ་ལ་འཛིན་ན་དེའི་མགོ་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་པ་བདུན་དུ་འགས་སོ། །གསང་སྔགས་གཞི་འདི་དག་སྦྲུལ་གྱི་མདུན་དུ་བརྗོད་པར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྦྲུལ་དེ་འཆི་བའི་ཕྱིར་རོ། །ཏདྱ་ཐཱ། ཨི་ལ་ལ། ཙི་ལ་ལཱ། ཙཀྲ་བྲག་ཀོ་།ཀོ་ཌཱ། ཀོ་ཌཱེ་ཏི། ཀུ་ར་ཏ། ཀུ་རུ་ཌེ་ཏི། པོ་ཌཱ་ཏི། པུ་རུ་དཱ། པུ་རུ་དེ་ཏི། མོ་ཌེ་ཏི། ནི་ཀུ་རུ་ཌེ། ནི་ཀུ་རུ་ཌེ། ནི་མ་མུ་རུ་ཏ། ནི་མ་མུ་རུ་ཌེ་ཏི། པུ་རུ་དེ། ཕུད་ཏ་ར་ཧེ། ཕུད་ཊད་ཊན་ཌ་ར་ཧེ། ནཱ་ག་ར་ཧེ། ནཱ་གད་ཊད་ཏཎྜ་ཌ་ར་ཧེ། སརྦ་ར་ཧེ། སརྦ་ད་ཏད་ཏན་ད་ཨད་ཚི། ཨད་ཚི། པུ་རུ་ཌ་ཏ། ཙ་ལ་བི་ཥེ། ཤཱི་ཏེ། ཤྲཱི་ཏཱ། བན་དྷ་ལེ། མཱ་ཏཱ་ལེ། ཧ་ལེ་ཧ་ལེ། ཧ་ལ་ཧ་ལ། ཧ་ལ་ལེ། ཨི་ལ་ལེ། ཀི་པ་ཙ་ལེ། མི་ལ་ལེ། ཏན་ཌི་ཏན་ཌི། ཏ་ཊ་ཏ་ཊ། སྥུ་ཊ་སྥུ་ཊ། ཕཊ་ཕཊ། ར་ཧ་ར་བི་ཤ་སཝཱ་ཧཱ། དགེ་སློང་དག་དེ་ལྟར་ན་དུག་སེལ་གྱིས་འབྱུང་པོ་འདུས་པ་ཐམས་ཅད་ལ་རིག་སྔགས་གང་བརྗོད་ཅིང་བསྙད་པ་དེ་དག་ཐམས་ཅད་ནི་དེ་བཞིན་ནོ། །ཡང་དག་པའོ། །བདེན་པའོ། །མ་ནོར་བའོ། །ཕྱིན་ཅི་མ་ལོག་པའོ། །དུག་འདི་མི་གདུག་པར་གྱུར་ཅིང ། སྦྱིན་པར་བྱེད་པའི་གན་དུ་སོང་ཤིག་།འཛིན་པའི་གན་དུ་སོང་ཤིག་།མེའི་ནང་དུ་སོང་ཤིག་།ཆུའི་ནང་དུ་སོང་ཤིག་།ཐང་ལ་སོང་ཤིག་།ཁ་བའི་ནང་དུ་སོང་ཤིག་།བརྩིག་པའི་ནང་དུ་སོང་ཤིག་།ནམ་མཁའ་ལ་སོང་ཤིག་།སའི་ནང་དུ་སོང་ཤིག་།ཞི་བར་གྱུར་ཅིག་སཝཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དུག་སེལ་ཅེས་བྱ་བའི་རིག་སྔགས། །རྫོགས་སོ།། །།