rKTs


J888

(e-text produced by ADARSHA)

see text in transliteration
107.80a
རྒྱ་གར་སྐད་དུ། ་ཀ་རུ་ཎི་ཀསྱ་ཨཱརྱ་ཛམ་བྷ་ལ་ཛ་ལེན་དྲ་སུ་ཤང་ཀ་ར་ནཱ་མ་དྷཱ་རཱ་ཎི། བོད་སྐད་དུ། ་འཕགས་པ་གནོད་འཛིན་ཆུ་དབང་སྙིང་རྗེ་ཅན་གྱི་གཟུངས་བདེ་བྱེད་ཅེས་བྱ་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ནོར་བུའི་གྲོང་ཁྱེར་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་བྱང་ཆུབ་སེམས་དཔའ་ནོར་བུ་བཟང་པོའི་བུའི་གནས་ན་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ལ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟང་པོའི་བུས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཞིག་བདག་གི་སྙིང་པོ་ཉིན་ལན་གསུམ་མཚན་ལན་གསུམ་སེམས་པར་བགྱིད་ན། བཅོམ་ལྡན་འདས་བདག་རྟག་ཏུ་དེའི་རྗེས་སུ་འབྲང་བར་བགྱིད། བདག་དཔག་ཚད་བརྒྱར་ཡང་གནོད་སྦྱིན་རྣམས་ལས་བསྲུང་བར་བགྱིའོ། །བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིའོ། །འདོད་པ་དང་ལྡན་པའི་ཁ་ན་མ་ཐོ་བ་མ་གཏོགས་པ་འདི་ལྟ་སྟེ་ཟས་དང་སྐོམ་དང་བཅའ་བ་དང་བཟའ་བ་དང་ནོར་དང་འབྲུ་དང་དབྱིག་དང་གསེར་སྩལ་བར་བགྱིའོ། །ཏདྱ་ཐཱ། ཧི་ལི་མ་ཎི་བྷ་དྲ། ཧི་ལི་ཧི་ལི་མ་ཎི་བྷ་དྲ། ཀི་ལི་མ་ཎི་བྷ་དྲ། ཀི་ལི་ཀི་ལི་མ་ཎི་བྷ་དྲ། ཀུ་རུ་མ་ཎི་བྷ་དྲ། ཀུ་རུ་ཀུ་རུ་མ་ཎི་བྷ་དྲ། ཏུ་རུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། ཙུ་རུ་མ་ཎི་བྷ་དྲ། ཙུ་རུ་ཙུ་རུ་མ་ཎི་བྷ་དྲ། སུ་རུ་མ་ཎི་བྷ་དྲ། སུ་རུ་སུ་རུ་མ་ཎི་བྷ་དྲ། ཨོཾ་ཧྱ་ཧེ་ཏིཥྛ་ཏིཥྛ་མེ་ས་དྷཱ་ཡ་སཝཱ་ཧཱ། ཏདྱ་ཐཱ། པཱུ་ཏ་ནེ་པཱུ་ཏ་ནེ། སུ་རུ་མ། སུ་མཱ་ཏེ། སུ་བན་ཏེ་སུ་པཱུ་ཤྱེ། ཧི་ལི་མི་ལི
107.80b
སཝཱ་ཧཱ། ཆོ་ག་ནི་ཟླ་བ་ཡར་གྱི་ངོ་ཚེས་བཅཝ་ལྔ་ལ་ཙན་དན་དཀར་པོས་དཀྱིལ་འཁོར་བྱས་ལ་ཨ་ཀ་རུ་བསྲེགས་ནས་བཟླས་བརྗོད་བྱས་ན་དེའི་འོག་ཏུ་གསེར་ཐོབ་པར་འགྱུར་རོ། །འཕགས་པ་གནོད་འཛིན་ཆུ་དབང་སྙིང་རྗེ་ཅན་གྱི་གཟུངས་བདེ་བྱེད་ཅེས་བྱ་བ། རྫོགས་སོ།། ་།།