rKTs


J880

(e-text produced by ADARSHA)

see text in transliteration
107.52b
༄། །རྒྱ་གར་སྐད་དུ། ཨཱརྱ་ཨ་ཙ་ལ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་ཁྲོ་བོ་མི་གཡོ་བའི་གཟུངས་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བདུད་དང་ཀླུ་ལ་སོགས་ཏེ་མ་རུངས་པ་ཐམས་ཅད་འཇོམས་པའི་ཁྲོ་བོ་ཆེན་པོ་མི་གཡོ་བ་སྐུ་བྱད་སྐྱེས་བུ་ལང་ཚོ་ལ་བབ་པ་ལྟ་བུ། མདོག་དབྱར་གྱི་ཆར་སྤྲིན་ལྟ་བུ། ནམ་མཁའ་འོད་ཀྱིས་འགེངས་པ་བསྐལ་པའི་མེ་ལྟ་བུ། ཤིན་ཏུ་འགྱིང་བ་དཔག་བསམ་གྱི་ཤིང་ལྟ་བུ། ཞབས་བརྐྱང་བསྐུམ་གྱད་ཀྱི་འགྲོས་ལྟ་བུ། སྤྱན་དམར་བ་པ་ལ་ཤའི་མེ་ཏོག་ལྟ་བུ། མཆེ་བ་གཙིགས་པ། ཟླ་བ་ཚེས་པ་ལྟ་བུ། ལྗགས་འགྱུ་བ་ཐོག་གི་གློག་ལྟ་བུ། སྨིན་མ་ཁྲོ་གཉེར་བསྡུས་པ་ཤིང་བྷི་ཤའི་ལོ་མ་ལྟ་བུ། ཕྱག་གཡས་ན་རལ་གྲི་བསྣམས་པ་གཟའི་མདའ་ལྟ་བུ། གཡོན་ན་ཞགས་པ་བསྣམས་པ་རྒྱ་མཚོ་འཇིང་གི་སྦྲུལ་ལྟ་བུ། དགའ་བོ་དང་ཉེ་དགའ་སྔོན་པོས་ཐོད་བྱས་པ། པད་མ་དང་པད་མ
107.53a
ཆེན་པོ་སེར་ཁྲས་རྣ་ཆ་བྱས་པ། དུང་སྐྱོང་དཀར་པོས་དོ་ཤལ་བྱས་པ། རིགས་ལྡན་ལྗང་ཁུས་ག་ཤ་བྱས་པ། མཐའ་ཡས་དང་འཇོག་པོ་ནག་པོས་ཞབས་གདུབ་བྱས་པ། ཚངས་པ་དང ། ཁྱབ་འཇུག་དང ། དབང་ཕྱུག་དང་ཀླུ་དང ། གནོད་སྦྱིན་དང ། ཤ་ཟ་དང་འབྱུང་པོ་ཐམས་ཅད་ཧ་ཧི་ཧཱུཾ་ཞེས་བརྗོད་པས་སྐྲག་པར་བྱེད་པ། ཧཾ་མཾ་ཞེས་བརྗོད་པས་བརྒྱལ་བར་བྱེད་པ། ནད་དང་རིམས་དང ། གདོན་དང་དགྲ་དང ། མཚོན་དང་ཆོམ་རྐུན་དང ། གཅན་ཟན་དང ། འཐབ་རྩོད་དང ། རྨི་ལམ་ངན་པ་དང ། ལྟས་ངན་པ་རྣམས་ཟློག་པ། ལྷ་དང ། ཀླུ་དང ། འབྱུང་པོ་རྣམས་ལན་ཅིག་བརྗོད་པས་འཇོམས་པར་བྱེད་པའི་གསང་སྔགས་སྨྲས་པ། ན་མཿ ས་མན་ཏ་ཨཱརྱ་ཨ་ཙ་ལ་ནཾ། ཏྲ་ཊ་ཏྲ་ཊ། ཨ་མོ་གྷ་ཙཎ་ཌ་མ་ཧཱ་རོ་ཥ་ཎ། སྥོ་ཊ་ཡ་སྥོ་ཊ་ཡ་ཧཱུཾ། ཏྲ་མ་ཡ་ཏྲ་མ་ཡ་ཧཱུཾ་ཕཊ། ཏྲཱ་ཐཿ ཧཾ་མཾ། ཏདྱ་ཐཱ། ཨོཾ་ཨཱཿ ཧཱུཾ། ཤུད་དྷེ་ཤུད་དྷེ། རཾ་ཧོ་ཡཾ། བི་ཤུད་དྷེ་བི་ཨ་ཤུ་མཾ་བི་ཤུ་རཾ། ཤོ་དྷ་ནེ་བི་ཤོ་དྷ་ནེ། ཙཎ་ཌ་ཙཎ་ཌ། མ་མ། བ་ལ་བ་ལ། མ་ར་མ་ར། མཱ་ར་ཡ་མཱ་ར་ཡ། སརྦ་ཤ་ཏྲུཾ། སརྦ་བི་གྷན། སརྦ་དུཥྚ་ན་ཧཱུཾ་ཕཊ། ཨོཾ་ཙཎ་ཌ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། དེའི་ཆོ་ག་ལ་ཧཾ་མཾ་ཞེས་བྱ་བ་རྫས་གང་དང་གང་ལ་བཀོད་དེ། སྔགས་འདི་བརྒྱ་རྩ་བརྒྱད་དུ་བསྔགས་ན་གང་བསྒྲུབས་པ་འགྲུབ་བོ། །ལྕགས་སྣ་ལྔ་ལས་བྱས་པའི་རལ་གྲིས་གཞན་གྱི་གཡུལ་ཐམས་ཅད་ཟློག་པར་བྱེད་དོ། །གླ་རྩི་དང ། བཙན་དུག་དང ། ཤིང་ཀུན་དང ། བྱ་རོག་གི་མཆུས་གདོན་གྱི་རིགས་ཙམ་ཐུབ་པར་འགྱུར་རོ། །བུམ་པ་ཆུས་བཀང་བས་བཀྲུས་ན་ནད་ཐམས་ཅད་སོས་པར་བྱེད་དོ། །རིན་པོ་ཆེའི་སྣོད་དུ་གསེར་དང ། དངུལ་དང ། བྱི་རུ་དང ། མུ་ཏིག་དང ། ཤེལ་སྩལ་ཏེ་གསོལ་བ་བཏབ་ན་ནོར་རྙེད་པར་འགྱུར་རོ། །གླ་རྩི་དང ། མ་ལཱ་དང ། སྒོགས་པ་དཀར་པོས་ནད་ཐམས་ཅད་བསྲུང་བར་བྱེད་དོ། །འཛ་ཏི་ཕ་ལ་དང ། གུར་གུམ་དང ། ལི་ཤི་དང ། སུག་སྨེལ་དང ། བཅུ་གང་དང ། ཀ་ཀྐོ་ལ་དང ། གླ་རྩི་དང ། ག་པྤུར་རྣམས་ཟ་མ་ཏོག་གཙང་བར་སྦྱར་ཏེ་མིག་ལ་བསྐུས་ན་འབྱུང་པོ་རྣམས་མཐོང་ངོ ། །བྱ་རྒོད་ཀྱི་སྡེར་མོ་དང་སྟག་གི་མཆེ་བ་སེར་བ་གཡོ་བའི་ཕྱོགས་སུ་ཕྱར
107.53b
ན་སླར་ཟློགས་སོ། །ཀླུའི་གཟུགས་སྤྲ་ཚིལ་ལ་བྱས་ཏེ་བླ་ཁབ་མེད་པར་མཆོད་ན་ཆར་པ་ཕེབས་པར་བྱེད་དོ། །ཤི་ཤིང་གི་ཕུར་པ་ལ་སྔགས་ཀྱི་འཕྲུལ་འཁོར་བཅས་ཏེ་ཚགས་བྱས་ན་དགྲ་རྐུན་ཟློགས་པར་འགྱུར་རོ། །ཡེ་ཤེས་ཀྱི་འོད་ཟེར་ལ་དམིགས་པ་བཅས་ན་སྡིག་སྒྲིབ་ཐམས་ཅད་བྱང་བར་འགྱུར་རོ། །རིགས་ཀྱི་བུ་འམ། རིགས་ཀྱི་བུ་མོ་དག་གིས་སྙིང་རྗེ་དང་ལྡན་པར་ཡི་དམ་དུ་བྱས་ཏེ་ཀློག་པ་དང ། ཁ་ཏོན་དང་ཟློས་པར་བྱེད་ན། གདོན་མི་ཟ་བར་འགྲུབ་པར་འགྱུར་རོ། །འཕགས་པ་ཁྲོ་བོ་མི་གཡོ་བ་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །།པཎ་ཌི་ཏ་དྷརྨ་ཏ་ཤི་དང ། ལོ་ཙྪ་བ་དགེ་སློང་ཆོས་ཀྱི་བཟང་པོས་བསྒྱུར་བའོ།། །།