rKTs


J874

(e-text produced by ADARSHA)

see text in transliteration
107.47b
།།འཕགས་པས་གསུངས་པའི་གཟུངས་རྣམས་རྣམ་མང་ཡང ། །རྡོ་རྗེ་འཇིགས་བྱེད་ཞལ་ནས་གསུངས་པའི་གཟུངས། །བསྲུང་བྱའི་ལས་བདུན་ལྡན་པའི་གཟུངས་མཆོག་འདི། །ཀུན་གྱི་ཐུན་མོང་མ་ཡིན་རྣལ་འབྱོར་དམ་པའི་གཟུངས། །རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དོན་ཡོད་རྡོ་རྗེའི་ཞལ་སྔ་ནས་བསྒྱུར་ནས། བོད་ཀྱི་བན་དེ་སྐྱོ་འོད་འབྱུང་ལ་གནང་ངོ་།། །། འཕགས་པ་བདུད་རྩི་ཐབ་སྦྱོར་གྱི་སྙིང་པོ་བཞི་པ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །དེ་ནས་ཁྲོ་བོ་ཆེན་པོ་བདུད་རྩི་ཐབས་སྦྱོར་གྱིས་འཁོར་འདུས་པ་ཐམས་ཅད་ལ་གླང་པོ་ཆེའི་ལྟ་སྟངས་ཀྱིས་བལྟས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་འདིའི་སེམས་ཅན་རྣམས་ནི་བསོད་ནམས་དམན་པ་དང ། ཚུལ་ལ་མི་གནས་པ་དང ། ཕ་མ་ལ་མ་གུས་པ་དང ། བསོད་ནམས་ཆུང་བ་དང ། དད་པ་མ་མཆིས་པ་དང ། གླགས་ཚོལ་བ་དང ། རྟག་ཏུ་ཟང་ཟིང་ལ་བརྐམ་པ་དང ། རྟག་ཏུ་ལོག་འདྲེན་དང ། འཚེ་བ་ཅན་དང ། ཤ་ཟ་རྣམས་ཀྱིས་ཟིན་པ་ལགས་ཏེ། བགེགས་དང་ལོག་འདྲེན་དེ་དག་གཞིག་པ་དང ། མཐར་གཏུག་པའི་སླད་དུ་གསང་སྔགས་བཤད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཁྲོ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བདུད་རྩི་ཐབ་སྦྱོར་གང་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུས་པ་ནི་ལེགས་སོ་ལེགས་སོ། །ཁྱོད་ལ་དེ་བཞིན་གཤེགས་པས་གནང་གིས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་གསང་སྔགས་ཤོད་ཅིག་།དེ་ནས
107.48a
ཁྲོ་བོ་བདུད་རྩི་ཐབ་སྦྱོར་གྱིས། བཅོམ་ལྡན་འདས་དང ། ལག་ན་རྡོ་རྗེའི་ཞབས་ལ་གཏུགས་ནས་གསང་སྔགས་བཤད་པ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎ་ཌ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏཱ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། པྲ་ཛྭ་ལ་ཏི་དིབ་ཧ། དང་ཥྚྲོད་ཀཏ། བྷ་ཡ་བྷཻ་ར་བཱ་ཡ། ཨ་སི་མུ་ས་ལ། བཛྲ་པ་ར་ཤུ་པཱ་ཤ་ཧཱསྟ་ཡ། ཏདྱ་ཐཱ། ཨོཾ་ཧུ་ལུ་ཧུ་ལུ། ཨ་མྲི་ཏ་ཀུཎ་ཌ་ལཱ་ནི། ཁ་ཁ་ཁ་ཁ། ཁ་ན་ཁ་ན། ཁཱ་ད་ཁཱ་ད། ཁཱ་ཧི་ཁཱ་ཧི། ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གྲིཧྣ་གྲིཧྣ། བན་དྷ་བན་དྷ། གརྫ་གརྫ། ཏརྫ་ཏརྫ། བིསྤོ་ཏ་ཡ། བིསྤོཏ་ཡ། བྷ་ག་བན། ཨ་མྲྀ་ཏ་ཀུཎ་ཌ་ལཱི། མུརྡྷཱན་ཏཱ་ཌ་ཡ་བཛྲེ་ན། སརྦ་བི་གྷན་བི་ན་ཡ་ཀན། ནི་བཱ་ར་ཡ། མ་ཧཱ་ག་ན་པ་ཏི་ཛཱ་བི་ཏན་ཏ། ཀཱ་རཱ་ཡ་ཧཱུཾ་ཕཊ་ཕཊ་ཕཊ། ཨོཾ་ཀྲོ་དྷ་ག་ན་པ་ཏ་ཡེ་སཝཱ་ཧཱ། བདུད་རྩི་ཐབ་སྦྱོར་གྱི་སྔགས་དང་པོའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎ་ཌ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པཱ་ཏ་ཡེ། ན་མོ་མ་ཧཱ་བཛྲ་ཀྲོ་དྷཱ་ཡ་དངཥྚྲོད་ཀཏ། བྷཻ་ར་བཱ་ཡཱ། ཨ་སི་པཥྚ་ན་ཧསྟ་ཡ། ཧེ་ཧེ། པ་ཏ་པ་ཏ། དྷ་བ་དྷ་བ། ཁ་ཁ། ཁཱ་ཧི་ཁཱ་ཧི། ཨ་མྲི་ཏ་ཀུཎ་ཌ་ལཱི། ཏིཥྛ་ཏིཥྛ། བན་དྷ་བན་དྷ། ཧ་ན་ཧ་ན། གརྫ་གརྫ། ག་ན་པ་ཏི་བི་ཏཱནྟ་ཀ་རཱ་ཡ་སཝཱ་ཧཱ། གསང་སྔགས་གཉིས་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཥྩཎ་ཌ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། བི་མ་ལ་ཀ་ན་ཀ་ཛྭ་ལ་བྷུ་ཥ་ཎཱ་ཡ། ག་ག་ན་ཨ་མྲྀ་ཏ་སམ་བྷ་ཡ། རག་ཏ་མ་ལྱ། ཨ་ནུ་ལེ་པ་ན་པྲི་ཡཱ་ཡ། བཛྲ་པཱ་ཎི་པྲི་ཡཱ་ཡ། བཛྲ་པཱ་ཎི་ཏུ་ལྱ། བྷེ་གཱ་ཡཱ། དེེ་བ། ནཱ་ག་ཡཀྵ་རཱཀྵ་རཀྵ་ས་པྲ་མཱ་ཐཱ་ནཱ་ཡ། ཏྲཻ་ལོ་ཀྱ་གོོ་ཙ་རཱ་ཡ། ཤ་ཏ་སཻནྱ། བི་དྲཱ་པ་ན་ཀ་རཱ་ཡ། ཏྲི་རད་ན་གར་བྷོད་ཏ་མཱ་ཡ། ཨ་མྲྀ་ཏ་ཀུཎ་ཌ་ལཱི། ཨེ་ཧྱེ་ཧི་དཾཥྚྲད་ཀ་ཊ་བྷཻ་ར་བཱ་ག་ག་ནི་བི་དྷྱུད་ཛྭ་ལ་སྥུ་ལིང་གཱ་ཤ་ནི། ཏུ་ལྱེ་རུ་བོ་དི་ཏ། སམ་བྷུ་ཏ། ཨོཾ། ཁ་ཁ་ཁ་ཁ། གྲིཧྣ་གྲིཧྣ། བན་དྷ་བན་དྷ། ཧ་ན་ཧ་ན། གརྫ་གརྫ། བི་སྥོ་ཏ་ཡ། དྷ་ཀ་དྷ་ཀ་།ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། གྲ་ས་གྲ་ས། སརྦ་བིགྷན་བི་ན་ཀ་ཡ་ཀ་ཎན། ཧྲི་ད་ཡན་ཕཊ། གན་དྷརྦ་ཧྲི་ད་ཡན་ཕཊ། རཀྵ་ཧྲི་ད་ཡན་ཕཊ། བྲཧྨ
107.48b
རཀྵ་ས་ཧྲི་ད་ཡན་ཕཊ། སརྦ་ཛྭ་ར་ཧྲི་ད་ཡན་ཕཊ། སརྦ་ཙཱ་ཏུར་ཐ་ཀ་ཧྲི་ད་ཡན་ཕཊ། སརྦ་ནཱ་གཱ་ནན་ཧྲི་ད་ཡན་ཕཊ། ཧཱུཾ་ཧཱུཾ་ཕཊ། ད་ཧ་ད་ཧ། པ་ཙ་པ་ཙ། ཨ་བྷི་ཤི་ཨ་བྷི་ཤི་།ིན་ན་ཙ་མེ་ཀཱ་ཀྱཾ་ཀུ་རུ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སཝཱ་ཧཱ། གསང་སྔགས་གསུམ་པའོ། །ན་མོ་བཛྲ་ཀྲོ་དྷ་ཡ། དངཥྚྲོད་ཀ་ཀ་ཏ། བྷཻ་ར་བཱ་ཡ། ཏདྱ་ཐཱ། ཧུ་ལུ་ཧུ་ལུ། ཁ་ཁ། ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བན་དྷ་བན་དྷ་སཝཱ་ཧཱ། ཁྲོ་བོ་བདུད་རྩི་ཐབས་སྦྱོར་གྱི་གསང་སྔགས་བཞི་པའོ། །དེ་ནས་འདི་དག་གི་སྙིང་པོ་དོན་ཡོད་པ་གང་བཏོན་པ་དང ། བཟླས་བརྗོད་བྱས་ཤིང་བསྒྲུབས་ན། བདག་གི་གསང་སྔགས་ཐམས་ཅད་བཏོན་ཅིང་ལེགས་པར་བཟླས་བརྗོད་བགྱིས་པ་དང ། བསྒྲུབས་པར་འགྱུར་བ་དེ་བཤད་པར་འཚལ་ལོ། །དེ་ལ་འདི་ནི་བདག་གི་སྙིང་པོ་ལགས་སོ། །ོཾ`་ཨ་མྲྀ་ཏེ་ཧཱུཾ་ཕཊ། བདུད་རྩི་ཐབས་སྦྱོར་གྱི་སྙིང་པོའོ། །རྡོ་རྗེ་ཁྲོ་བོ་བདུད་རྩི་ཐབས་སྦྱོར་གྱིས་གསང་སྔགས་རྣམས་བཤད་མ་ཐག་ཏུ་ས་ཆེན་པོ་འདི་ནི་རྣམ་པ་དྲུག་ཏུ་གཡོས་སོ། །ལོག་འདྲེན་རྣམས་ཀྱང་སྐྲག་སྟེ། སྐྱབས་མེད་ཅིང་རྟེན་མེད་པར་གྱུར་ནས། དེ་བཞིན་གཤེགས་པའི་ཐད་དུ་སོང་སྟེ། བཅོམ་ལྡན་འདས་བདག་གི་སྐྱབས་མཛད་དུ་གསོལ། བདེ་བར་གཤེགས་པ་བདག་ཅག་གི་སྐྱབས་མཛད་དུ་གསོལ་ཞེས་དེ་སྐད་དུ་སྨྲ་ཞིང་མགོ་བོ་མཐུར་དུ་གཏུགས་སོ། །ཀྱེ་ཀྱེ་ལོག་འདྲེན་མ་རུངས་པ་རྣམས་ལོངས་ལ་ངའི་ངག་ཉོན་ཅིག་།རྡོ་རྗེ་ཀུན་ཏུ་འབར་ཞིང་རབ་ཏུ་འབར་ལ་ཀུན་ཏུ་རབ་ཏུ་འབར་བས་ཁྱོད་ཀྱི་མགོ་གཤགས་ས་རེ། ངས་རལ་པ་སེར་པོ་ཅན་རྣམས་ཀྱི་གསང་སྔགས་ཀྱིས་ལྷའི་ལོ་སྟོང་གི་བར་དུ་ལོག་འདྲེན་རྣམས་བཅོམ་པ་དང ། གཏུབས་པ་དང ། རྡུངས་པ་དང ། གཟིར་བ་དང ། སྐམས་པ་གང་ཡིན་པ་དེ་དྲན་པར་གྱིས་ཤིག་།ངའི་མཐུ་དང་བརྩོན་འགྲུས་དང ། ཕ་རོལ་གནོན་པ་ཆེན་པོ་དྲན་པར་གྱིས་ཤིག་།གང་འདི་གསང་སྔགས་འཛིན་ཅིང་འདོན་པ་དང ། སྒྲུབ་པ་དང ། དེས་སྲུང་བ་བྱེད་པ་དེ་ལ་གླགས་མ་ཚོལ་ཅིག་།ཏིལ་སྦྲུས་པ་འམ། ཟས་ངན་པ་ཟ་ཡང་རུང ། གྲོང་གི་ཆོས་སྤྱོད་ཀྱང་རུང་སྟེ། རིག་པ་ཐམས་ཅད་སྒྲུབ་པ་ལ་གླགས་མ་ཚོལ་ཅིག་།ཟན་ཟ་བའི་ཚེ་ཡང་ཁམ་དང་པོ་སྔགས་ཀྱིས་བཏབ་སྟེ་དབུལ་བར་བྱའོ། །ཉི་མ
107.49a
འཆར་བའི་ཚེ་ལན་བདུན་བརྗོད་ན་དེའི་ཕྱི་བཞིན་རྟག་ཏུ་འབྲང་ངོ ། །ལོག་འདྲེན་རྣམས་ཀྱང་གླགས་མི་ཚོལ་ལོ། །ཏིལ་དང་སྲན་ཆུང་དང ། འབྲས་དང ། པེན་ཙེ་ཡང་རུང ། སྣུཾ་མཁུར་བར་བ་ཏ་དང ། ལ་བུག་ཀྱང་རུང་སྟེ། ཐམས་ཅད་ཀྱང་ཟར་ཟིན་ཀྱང་ངའི་གསང་སྔགས་འཛིན་ན་དེ་ཐམས་ཅད་འགྲུབ་པར་འགྱུར་རོ། །གཞན་ཡང་ཡོན་ཏན་དཔག་ཏུ་མེད་པར་ཤེས་པར་བྱའོ། །འཕགས་པ་བདུད་རྩི་ཐབས་སྦྱོར་གྱི་སྙིང་པོ། རྫོགས་སྷོ།། །།