rKTs


J866

(e-text produced by ADARSHA)

see text in transliteration
107.38b
༄#། ་།རྒྱ་གར་སྐད་དུ། ་བཛྲ་བི་དཱ་ར་ཎཱ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། རྡོ་རྗེས་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་ལ་བཞུགས་ཏེ། སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་ལུས་ཐམས་ཅད་རྡོ་རྗེར་བྱིན་གྱིས་བརླབས་ནས་རྡོ་རྗེའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དེ་ནས་ལག་ན་རྡོ་རྗེ་སངས་རྒྱས་ཐམས་ཅད་ཀྱི་མཐུ་དང ། སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱིས་བརླབས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་ཀྱིས་རྡོ་རྗེ་ཁྲོ་བོ་ལས་བྱུང་བ་རྡོ་རྗེ་སྙིང་པོས་རབ་ཏུ་སྨྲས་ཏེ། མི་ཆོད་པ། མི་ཤིགས་པ། བདེན་པ། སྲ་བ། བརྟན་པ་ཐམས་ཅད་དུ་ཐོགས་པ་མེད་པ། ཐམས་ཅད་དུ་མ་ཕམ་པ། སེམས་ཅན་ཐམས་ཅད་སྐྲག་པར་བྱེད་པ། སེམས་ཅན་ཐམས་ཅད་འཇིལ་བར་བྱེད་པ། རིག་སྔགས་ཐམས་ཅད་གཅོད་པར་བྱེད་པ། རིག་སྔགས་ཐམས་ཅད་གནོན་པར
107.39a
བྱེད་པ། ལས་ཐམས་ཅད་འཇོམས་པར་བྱེད་པ། གཞན་གྱི་ལས་ཐམས་ཅད་འཇིགས་པར་བྱེད་པ། གདོན་ཐམས་ཅད་རླག་པར་བྱེད་པ། གདོན་ཐམས་ཅད་ལས་ཐར་བར་བྱེད་པ། འབྱུང་པོ་ཐམས་ཅད་འགུགས་པར་བྱེད་པ། འབྱུང་པོ་ཐམས་ཅད་ཚར་གཅོད་པ། རིག་སྔགས་ཀྱི་ལས་ཐམས་ཅད་བྱེད་དུ་འཇུག་པ། མ་གྲུབ་པ་རྣམས་གྲུབ་པར་བྱེད་པ། གྲུབ་པ་རྣམས་ཆུད་མི་ཟ་བར་བྱེད་པ། འདོད་པ་ཐམས་ཅད་རབ་ཏུ་སྦྱིན་པ། སེམས་ཅན་ཐམས་ཅད་སྲུང་བ། ཞི་བ། རྒྱས་པ། སེམས་ཅན་ཐམས་ཅད་རེངས་པར་བྱེད་པ། རྨུགས་པར་བྱེད་པའི་གསང་སྔགས་ཀྱི་མཐུ་ཆེན་པོ་འདི་སངས་རྒྱས་ཀྱི་མཐུས་ལག་ན་རྡོ་རྗེས་རབ་ཏུ་སྨྲས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩ་ཎ་ཌ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཏྲ་ཊ་ཏྲ་ཊ། ཏྲོ་ཊ་ཡ་ཏྲོ་ཊ་ཡ། སྥུ་ཊ་སྥུ་ཊ། སྥོ་ཊ་ཡ་སྥོ་ཊ་ཡ། གྷཱུརྞྞ་གྷཱུརྞྞ། གྷཱུརྞྞཱ་པ་ཡ་གྷཱུརྞྞཱ་པ་ཡ། སརྦ་སཏྭཱ་ནི། བོ་དྷ་ཡ་བོ་དྷ་ཡ། སཾ་བོ་དྷ་ཡ་སཾ་བོ་དྷ་ཡ། བྷྲ་མ་བྷྲ་མ། སཾ་བྷྲཱ་མ་ཡ་སཾ་བྷྲཱ་མ་ཡ། སརྦ་བྷཱུ་ཏཱ་ནི། ཀུ་ཊ་ཀུ་ཊ། སཾ་ཀུ་ཊ་ཡ་སརྦ་བིདྱཱཾ། བཛྲ་བཛྲ། སྥོ་ཊ་ཡ་བཛྲ་བཛྲ། ཀ་ཊ་བཛྲ་བཛྲ། མ་ཊ་བཛྲ་བཛྲ། མ་ཐ་བཛྲ་བཛྲ། ཨཊྚ་ཧཱ་ས་ནཱི་ལ་བཛྲ། སུ་བཛྲ་ཡ་སཝཱ་ཧཱ། ཧེ་ཕུལླུ། ནི་རུ་ཕུལླུ། ནི་གྲིཧྣ་ཀུལླུ། མི་ལི་ཙུལླུ། ཀུ་རུ་ཀུལླུ། བཛྲ་བི་ཛ་ཡཱ་ཡ་སཝཱ་ཧཱ། ཀཱི་ལི་ཀཱི་ལཱ་ཡ་སཝཱ་ཧཱ། ཀ་ཊ་ཀ་ཊ། མ་ཊ་མ་ཊ། ར་ཊ་ར་ཊ། མོ་ཊ་ན་པྲ་མོ་ཊ་ནཱ་ཡ་སཝཱ་ཧཱ། ཙ་ར་ནི་ཙ་ར། ཧ་ར་ཧ་ར། ས་ར་ས་ར། མཱ་ར་ཡ། བཛྲ་བི་དཱ་རཱ་ཡ་སཝཱཧཱ། ཙྪིན་ད་ཙྪིན་ད། བྷིན་ད་བྷིན་ད། མ་ཧཱ་ཀཱི་ལ་ཀཱི་ལཱ་ཡ་སཝཱ་ཧཱ། བན་དྷ་བན་དྷ། ཀྲོ་དྷ་ཀྲོ་དྷ་བཛྲ་ཀཱི་ལི་ཀཱི་ལཱ་ཡ་སཝཱ་ཧཱ། ནུ་རུ་ཙུ་རུ། ཙཎྜ་ཀཱི་ལི་ཀཱི་ལཱ་ཡ་སཝཱ་ཧཱ། ཏྲཱ་ས་ཡ་ཏྲཱ་ས་ཡ། བཛྲ་ཀཱི་ལི་ཀཱི་ལཱ་ཡ་སཝཱ་ཧཱ། ཧ་ར་ཧ་ར། བཛྲ་དྷ་ར་ཡ་སཝཱ་ཧཱ། པྲ་ཧ་ར་པྲ་ཧ་ར། བཛྲ་པྲ་བྷ་ཉྫ་ནཱ་ཡ་སཝཱ་ཧའ། མ་ཏི་སྠི་ར་བཛྲ། ཤྲུ་ཏི་སྠི་ར་བཛྲ། པྲ་ཏི་སྠི་ར་བཛྲ། མ་ཧཱ་བཛྲ། ཨ་པྲ་ཏི་ཧ་ཏ་བཛྲ། ཨ་མོ་གྷ་བཛྲ། ཨེ་ཧི་བཛྲ། ཤཱིགྷྲཾ་བཛྲ་ཡ་སཝཱ་ཧཱ། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ།
107.39b
སརྦ་བཛྲ་ཀུ་ལཾ་ཨ་བར་ཏ་ཡ་སཝཱ་ཧཱ། ཨ་མུ་ཀམ་མཱ་ར་ཡ་ཕཊ། ན་མསྶ་མན་ཏ་བཛྲཱ་ཎཱཾ། སརྦ་བ་ལཾ་ཨཱ་བར་ཏ་ཡ། མ་ཧཱ་བ་ལེ། ཀ་ཏ་བ་ལེ་ཏ་ཏ་ལེ། ཨ་ཙ་ལེ། མཎ་ཌ་ལ་མ་ཡེ། ཨ་ཏི་བཛྲ། མ་ཧཱ་བ་ལ། བེ་ག་ར་ཎ། ཨ་ཛི་ཏེ། ཛྭ་ལ་ཛྭ་ལ། ཏི་ཊི་ཏི་ཊི། པིང་ག་ལེ། ད་ཧ་ད་ཧ། ཏེ་ཛོ་བ་ཏི། ཏི་ལི་ཏི་ལི། བན་དྷ་བན་དྷ། མ་ཧཱ་བ་ལེ། བཛྲཾ་ཀུ་ཤ་ཛྭ་ལ་སཝཱ་ཧཱ། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎ་ཌ་བཛྲ་པཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། ཨོཾ་ཧ་ར་ཧ་ར་བཛྲ། མ་ཐ་མ་ཐ་བཛྲ། དྷུ་ན་དྷུ་ན་བཛྲ། ད་ཧ་ད་ཧ་བཛྲ། པ་ཙ་པ་ཙ་བཛྲ། དྷ་ར་དྷ་ར་བཛྲ། དྷཱ་ར་ཡ་དྷཱ་ར་ཡ་བཛྲ། དཱ་རུ་ཎ་དཱ་རུ་ཎ་བཛྲ། ཙྪིན་ད་ཙྪིན་ད་བཛྲ། བྷིན་ད་བྷིན་ད་བཛྲ་ཧཱུཾ་ཕཊ། ན་མཤྩཎ་ཌ་བཛྲ་ཀྲོ་དྷཱ་ཡ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བན་དྷ་བན་དྷ། ཧ་ན་ཧ་ན། ཨ་མྲི་ཏེ་ཧཱུཾ་ཕཊ། སྡིག་པ་ཐམས་ཅད་བྱང་བྱས་ན། །སྡུག་བསྔལ་ཐམས་ཅད་མེད་པར་འགྱུར། །རྒྱུད་དོ་ཅོག་གི་རྩ་བ་སྟེ། །དཔལ་ཀུན་གྱིས་ནི་ལེགས་པར་བརྒྱན། །སེམས་ཅན་དབང་པོ་ཉམས་པ་དང ། །ཚེ་ཟད་པ་དང་ཚེ་ཉམས་དང ། །ཕུན་སུམ་ཚོགས་མིན་གང་ཆགས་དང ། །ལྷ་རྣམས་རྒྱབ་ཀྱིས་ཕྱོགས་པ་དང ། །མཛའ་སྡུག་སྐྱེ་བོ་སྡང་བ་དང ། །བྲན་གཟའ་ལ་སོགས་གཙེས་པ་དང ། །ཕན་ཚུན་འཐུན་པ་མ་ཡིན་དང ། །ནོར་འགྲིབས་པས་ནི་གནོད་པ་དང ། །མྱ་ངན་ངལ་ལས་གནོད་པ་དང ། །འཇིགས་པ་དང་ནི་འཕོངས་པ་དང ། །གཟའ་དང་རྒྱུ་སྐར་བྱད་སྟེམས་དང ། །མི་བཟད་གདོན་གྱིས་ཉེན་པ་དང ། །མྱ་ངན་ངལ་ལས་བྱུང་བ་ཡི། །རྨྱི་ལམ་སྡིག་པ་མཐོང་ན་ཡང ། །དེས་ནི་རབ་བཀྲུས་གཙང་མ་ཡིས། །མདོ་སྡེ་དམ་པ་མཉན་པར་བྱ། །གང་དག་ཡིད་དགེ་སེམས་དང་ཞིང ། །གཙང་མའི་གོས་ཀྱིས་རབ་བརྒྱན་ཏེ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་འདི་ནི་ཉན་བྱེད་ན། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་དག་ནི་ཐམས་ཅད་ཀྱི། །མི་བཟད་པ་ཡི་ནད་རྣམས་ཀྱང ། །དེ་དག་ཐམས་ཅད་ཞི་བར་བལྟ། །ཚེ་དང་བསོད་ནམས་འཕེལ་བར་འགྱུར། །སྡིག་པ་ཀུན་ལས་རྣམ་པར་ཐར། །ནོར་བུ་ཡུངས་ཀར་དའུར་བ་དང ། །རིན་ཆེན་རྨ་མེད་ཙན་དན་བཅས། །ཤེལ་དང་རྡོ་རྗེ་མེ་ཏོག་དང ། །ཆུ་ཡིས་གསེར་རམ་ཡང་ན་ནི། །དངུལ་གྱི་བུམ་པ་དག་ཀྱང
107.40a
རུང ། །གཙང་མའི་གོས་ཀྱིས་དཀྲི་ཞིང་དགང ། །ལན་གྲངས་ཉི་ཤུ་རྩ་གཅིག་གམ། །ཡང་ན་ལན་གྲངས་བརྒྱ་རྩ་བརྒྱད། །རྡོ་རྗེ་རྣམ་འཇོམས་བཟླས་ནས་ནི། །རྒྱལ་པོ་རྟག་ཏུ་ཁྲུས་གྱིས་ཤིག་།རྡོ་རྗེ་རྣམ་པར་འཇོམས་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། ་།།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ། དཱ་ན་ཤཱི་ལ་དང ། བོད་ཀྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། སླར་ཡང་མང་པོ་དང་བསྟུན་ནས། གཏན་ལ་ལེགས་པར་ཕབ་བོ། །