rKTs


J840

(e-text produced by ADARSHA)

see text in transliteration
106.262b
༄#། ་།རྒྱ་གར་སྐད་དུ། ཨཱརྱ་དྷྭ་ཛ་ཨ་གྲ་ཀེ་ཡཱུ་ར་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཅེས་བྱ་བའི་གཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་སུམ་བཅུ་རྩ་གསུམ་པའི་ལྷའི་ནང་ན་ལ་བ་དཀར་པོ་ལྟ་བུའི་རྡོ་ལེབ་ལ་བཞུགས་ཏེ། དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལྷ་མ་ཡིན་རྣམས་ལས་ཕམ། རབ་ཏུ་ཕམ་ནས་དེ་བརྟད་ཅིང་རིངས་པའི་གཟུགས་ཀྱིས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་འདི་ལྟར་ལྷ་མ་ཡིན་དང་གཡུལ་བཀྱེ་བ་ལས། ལྷ་མ་ཡིན་གྱི་དབང་པོ་ཐགས་ཟངས་རིས་ལས་ཕམ། རབ་ཏུ་ཕམ་སྟེ། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱང་ཕམ། རབ་ཏུ་ཕམ་ན་བཅོམ་ལྡན་འདས་བདག་ཅག་གིས་དེ་ལ་ཇི་ལྟར་བསྒྲུབ་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷའི་དབང་པོ་ཁྱོད་ཀྱིས་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཅེས་བྱ་བ་གཞན་གྱིས་མི་ཐུབ་པའི་གཟུངས་ཟུང་ཤིག་།ངས་ཀྱང་སྔོན་བྱང་ཆུབ་སེམས་དཔར་གྱུར་པ་ན་དེ་བཞིན་གཤེགས་པ་གཞན་གྱིས་མི་ཐུབ་པའི་རྒྱལ་མཚན་ལས་འདི་མནོས་སོ། །མནོས་ནས་ཀྱང་གཞན་ལ་རྒྱ་ཆེར་ཡང་དག་པར་བཤད་དོ། །མངོན་བར་དྲན་ཏེ་དེ་ཚུན་ཆད་འཇིགས་པའམ། བག་ཚ་བའམ། སྤུ་ཟིང་ཞེས་བྱེད་པའམ། ཐ་ན་སྐད་ཅིག་ཡུད་ཙམ་ཡང་ལུས་ལ་གནོད་པ་བྱུང་མ་མྱོང་ངོ ། །བཅོམ་ལྡན་འདས་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཅེས་བགྱི་བ་གཞན་གྱིས་མི་ཐུབ་པའི་གཟུངས་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཏདྱ་ཐཱ།[་\ུ0f00]་ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། ཛ་ཡ་བཱ་ཧི་ནི། ཤང་ཀ་རི་ཤང་ཀ་རི། པྲ་བྷང་ཀ་རི། བདག་དང་སེམས་ཅན་ཐམས་ཅད་ཀྱི་སརྦ་ཤ་ཏྲཱུཾ། ཛཾ་བྷ་ཡ་ཛཾ་བྷ་ཡ། སྟམ་བྷ་ཡ་སྟམ་བྷ་ཡ།
106.263a
མོ་ཧ་ཡ་མོ་ཧ་ཡ། བྷ་ག་བ་ཏི། ཛ་ཡ་བཱ་ཧི་ནི། མ་ཐཱ་མ་ཐཱ། པྲ་མ་ཐཱ་པྲ་མ་ཐཱ། གྲ་ས་གྲ་ས། ཧ་ས་ཧ་ས། ཧཱུཾ་ཧཱུཾ། ལ་ཧཱུཾ་ལ་ཧཱུཾ། ལམ་བོ་དྷ་རི། ཧྲེ་ནེ་ཧྲེ་ནེ། ཙ་ཏུར་བཱག་དྲེ། ཙ་ཏུར་དཾཥྚེ། ཙ་ཏུར་བྷུ་ཛེ། ཨ་སི་མུ་ས་ལ། ཙཀྲ། ཏྲི་ཤཱུ་ལ། བཛྲ་ཀ་བཛྲ་དྷ་རི། བདག་གནོད་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག་།ོཾ་བྷ་ག་བ་ཏི། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མ་ཐཱ་མ་ཐཱ། པྲ་མ་ཐཱ་པྲ་མ་ཐཱ། དྷུ་ན་དྷུ་ན། བི་དྷུ་ན་བི་དྷུ་ན། ཧཱུཾ་ཧཱུཾ། ཕཊ་ཕཊ། བྷཉྫ་བྷཉྫ། པ་ར་སེ་ནྱཾ། ་བི་དྷྭན་ས་ཡ། སརྦ་ཤ་ཏྲཱུཾ་ནཱ་ཤ་ཡ། དྷྭ་ཛ་ཨ་གྲ་ཀེ་ཡཱུ་རེ། ཏྲི་ཊ་ཏྲི་ཊ་ཏྲི་ཊ། བྷྲི་ཊ་བྷྲི་ཊ། ཨུ་ལ་ཀཱ་མུ་ཁི་ཨུ་ལ་ལ་དྷཱ་ར་ཎཱི། ཏྲཻ་ལོ་ཀྱ་མ་ཐཱ་ནི། བི་དྷྭན་ས་ཡ་པ་ར་སེ་ནྱན། བདག་གནོད་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག་།ཙ་ལ་ཙ་ལ། ཙི་ལི་ཙི་ལི། ཙུ་ལུ་ཙུ་ལུ། ཀཾ་པ་ཀཾ་པ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མུཉྩ་མུཉྩ། ཨད་ཊ་ཧཱ་སམ་བི་དྷྭན་ས་ཡ། ་པ་ར་སེ་ནྱན། བདག་གནོད་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག་།ཏྲཱ་ས་ཡ་ཏྲཱ་ས་ཡ། བྷྲཱ་མ་ཡ་བྷྲཱ་མ་ཡ། བུད་དྷ་ས་ཏྱེ་ན། དྷརྨ་ས་ཏྱེ་ན། སང་གྷ་ས་ཏྱེ་ན། ས་ཏྱ་བཱ་ཏི་ནཱཾ། ས་ཏྱེ་ན། བུད་དྷ་ས་ཏྱེ་མ་ཏི་ཀྲ་མ། དྷརྨ་ས་ཏྱ་མ་ཏི་ཀྲ་མ། སང་གྷ་ས་ཏྱ་མ་ཏི་ཀྲ་མ། སཏྱ་བཱ་ཏི་ནཱཾ། ས་ཏྱ་མ་ཏི་ཀྲ་མ། ལམ་བོ་དྷ་རི། ལམ་པོ་དྷ་རི། ཀུ་ཊ་ཀུ་ཊ། ཀུད་ཊ་ཀུད་ཊ་ཀུད་ཊ། ཀུད་ཊ་པཱ་ཡ་ཀུད་ཊ་པཱ་ཡ། རུད་དྲ་མ་ནཱ་ཡ། བིཥྞུ་མཱ་ནཱ་ཡ། ཙན་དྲ་སཱུརྱ་པཱ་ནཱ་ཏྲཻ་ལོ་ཀྱ་ཨ་དྷི་པ་ཏི་མ་ནཱ་ཡ། སརྦ་དེ་བ་ཨ་དྷི་པ་ཏི་མཱ་ནཱ་ཡ། སརྦ་ཡཀྵ། རཱཀྵ་ས། གན་དྷརྦཱ། ཀུཾ་བྷཎ་ཌ། ་མ་ཧོ་ར་གཱ་ཨ་དྷི་པ་ཏི་མ་ནཱ་ཡ། བི་དྷྭན་ས་ཡ་པ་ར་སེ་ནཱཾ། རང་ག་རང་ག་།རང་གཱ་པ་ཡ་རང་གཱ་པ་ཡ། ཛཱ་ལ་ཛཱ་ལ། པུཥྤ་མཱ་ལི་ནི། རུན་དྷ་རུན་དྷ། རི་ཏི་རི་ཏི། ཙི་ཏི་ཙི་ཏི། དྷྲི་ཏི་དྷྲི་ཏི། དྷྲི་ཀུ་ཊི། ་མུ་ཁ་པ་ར་སེ་ན་ཀུ་ལོད་སཱ་དྷ་ནི་ཀ་རི། ཧ་ལ་ཧ་ལ། ཧི་ལི་ཧི་ལི། ཧུ་ལུ་ཧུ་ལུ། ཧེ་ཧེ། རི་ཎི་རི་ཎི། རི་ཎི་མ་ཏི། ཛཾ་བྷ་དྷྭ་ཛེ། སརྦ་བུད་དྷ་ཨ་བ་ལོ་ཀི་ཏེ། བདག་འཇིགས་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག་།སརྦ་ཏ་ཐཱ་ག་ཏ་ཨ་བ་ལོ་ཀི་ཏེ་སཝཱ་ཧཱ། གུ་ཎ་རཱ་ཛ་པྲ་བྷཱ་སོད་ཏ་མེ་སཝཱ་ཧཱ། སཱུརྱ་ཨརྐ་བི་མ་ལེ་སཝཱ་ཧཱ། ཙན་དྲ
106.263b
རྐ་བི་མ་ལེ་སཝཱ་ཧཱ། སརྦ་གྲ་ཧ་ནཀྵ་ཏྲ་དྷེ་མཱི་ཀ་ར་ཎེ་སཝཱ་ཧཱ། བདག་འཇིགས་པ་དང་གནོད་པ་དང་ནད་འགོ་བ་དང་འཁྲུག་པ་ཐམས་ཅད་ལས་སྲུངས་ཤིག་སྲུངས་ཤིག་སཝཱ་ཧཱ། ལྷའི་རྒྱལ་པོ་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཞེས་བྱ་བ་གཞན་གྱིས་མི་ཐུབ་པའི་གཟུངས་འདིས་ཁྱོད་གཡུལ་སྤྲོད་པའམ། འཐབ་པའམ། རྩོད་པའམ། འགྱེད་པའམ། གང་དུ་འགྲོ་ཡང་རུང་སྟེ་མི་འཇིགས་ཤིང་ཐམས་ཅད་དུ་རྒྱལ་བར་འགྱུར་རོ། །རྒྱལ་མཚན་གྱི་རྩེ་མོའམ། མགུལ་དུ་བཏགས་ན་མིའི་རྒྱལ་པོ་དང ། སྐྱེས་བུ་དཔའ་བོ་ཐམས་ཅད་ལ་སྲུང་བར་བྱེད་དོ། །བུད་མེད་ཀྱི་གཟུགས་ལྟ་བུར་བསྒྱུར་ནས་མདུན་དུ་འདུག་སྟེ་མི་འཇིགས་པ་སྦྱིན་ཞིང་སྲུང་བར་བྱེད། དཔལ་སྐྱེད་པར་བྱེད། ཕ་རོལ་གྱི་སྡེ་དཔའ་གོང་བར་བྱེད། བཀྲ་ཤིས་པ་དང ། གཙང་བ་དང ། གྲགས་པ་དང ། དཔལ་དང ། ཕུན་སུམ་ཚོགས་པ་ཀུན་དུ་གནས་པར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷའི་དབང་པོ་བརྒྱ་བྱིན་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་རྒྱལ་མཚན་གྱི་རྩེ་མོའི་དཔུང་རྒྱན་ཅེས་བྱ་བའི་གཟུངས། ་རྫོགས་སྷོ།། །། རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཞིང་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། སྐར་ཞུས།།