rKTs


J837

(e-text produced by ADARSHA)

see text in transliteration
106.259a
༄#། ་།བོད་སྐད་དུ། བྱང་ཆུབ་ཀྱི་སྙིང་པོའི
106.259b
རྒྱན་འབུམ་གྱི་གཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ོཾ་ན་མོ་བྷ་ག་བཱ་ཏེ། བི་པུ་ལ་བ་ད་ན་ཀཱཾ་ཙ་ནོད་ཀྵིཔ་ཏ། པྲ་བྷཱ་ས་ཀེ་ཏུ་མུ་ཏ་ར་ཡེ། ཏ་ཐཱ་ག་ཏཱ་ཡ། ཨ་ཏེ། སམྱག་སཾ་བུད་དྷཱ་ཡ། ན་མོ་བྷ་ག་བ་ཏེ་ཤཱཀྱ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ཨ་ཏེ། སམྱག་སཾ་བུད་དྷཱ་ཡ། ཏདྱ་ཐཱ། བོ་དྷི་བོ་དྷི། བོ་དྷི་ནི་བོ་དྷི་ནི། སརྦ་ཏ་ཐཱ་ག་ཏ་གོ་ཙ་རེ། དྷ་ར་དྷ་ར། ཧ་ར་ཧ་ར། པྲ་ཧ་ར་པྲ་ཧ་ར། མ་ཧཱ་བོ་དྷི་ཙིཏྟ་རེ། ཙུ་ལུ་ཙུ་ལུ། ཊ་རསྨི་སཾ་ཙོ་དི་ཏེ། སརྦ་ཏ་ཐཱ་ག་ཏཱ་བྷི་ཤིག་ཏེ། གུ་ཎེ་གུ་ཎ་བ་ཏེ། སརྦ་བུད་དྷ་ཎཱ་བ་བྷཱ་སེ། མི་ལི་མི་ལི། ག་ག་ན་ཏ་ལེ། སརྦ་ཏ་ཐཱ་ག་ཏ་ཨ་དྷི་ཏེ། ན་བྷསྟ་ལེ། ཤ་མ་ཤ་མ། པྲ་ཤ་མ་པྲ་ཤ་མ། ་་སརྦ་པཱ་པཾ་པྲ་ཤ་མ་ནེ། སརྦ་པཱ་པཾ་བི་ཤོ་དྷ་ནི། ཧུ་ལུ་ཧུ་ལུ། མ་ཧཱ་བོ་དྷི་མརྒ་སཾ་པྲ་ཏི་ཏི། ་སརྦ་ཏ་ཐཱ་ག་ཏཱ་སུ་པྲ་ཏི་ཏེ་ཤུད་དྷེ་སཝཱ་ཧཱ། མུ་ལ་མན་ཏྲ།[་\ུ0f00]་སརྦ་ཏ་ཐཱ་ག་ཏ་བྱཱ་བ་ལོ་ཀི་ཏེ། ཛ་ཡ་ཛ་ཡ་སཝཱ་ཧཱ། ཧྲི་ད་ཡཾ། ཨོཾ་ཧུ་རུ་ཧུ་རུ་ཛ་ཡ་མུ་ཁེ་སཝཱ་ཧཱ། ཨུ་པ་ཧྲི་ད་ཡཾ། ཨོཾ་བཛྲ་ཨ་ཡུ་ཥེ་སཝཱ་ཧཱ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། གཞན་ཡང་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་གཟུངས་འདི་བྲིས་ཏེ། མཆོད་རྟེན་བྱས་ལ་མཆོད་རྟེན་དེའི་ནང་དུ་གཟུངས་འདི་བཅུག་ན། དེས་མཆོད་རྟེན་གཅིག་བྱས་ན་འབུམ་བྱས་པར་འགྱུར་རོ། །ལྷ་རྫས་ཀྱི་མེ་ཏོག་དང ། དྲི་དང ། ཕྲེང་བ་དང ། བྱུག་པ་དང ། ཕྱེ་མ་དང ། ན་བཟའ་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་ལ་སོགས་པས་ཀྱང་མཆོད་པར་འགྱུར་ཏེ། མཆོད་རྟེན་འབའ་ཞིག་མཆོད་པ་མ་ཡིན་གྱི། སངས་རྒྱས་དཀོན་མཆོག་དང ། ཆོས་དཀོན་མཆོག་དང ། དགེ་འདུན་དཀོན་མཆོག་རྣམས་ལ་ཡང་མཆོད་པའི་ཡོ་བྱད་དེ་དག་གིས་མཆོད་པར་འགྱུར་རོ། །དགའ་བོ་ངས་མདོ་འདི་བཤད་པ་ནི་བསོད་ནམས་ཞན་པ་དང ། མ་དད་པ་དང ། ལྟ་བ་ལོག་པ་དང ། ཐེ་ཚོམ་ཟ་བ་དང ། མཚམས་མེད་པ་བྱེད་པ་དང །
106.260a
ཚེ་ཐུང་བ་དང ། སེམས་ཅན་དམྱལ་བ་དང ། བྱོལ་སོང་དང ། གཤིན་རྗེའི་འཇིག་རྟེན་དང ། མཚམས་མེད་པར་འགྲོ་བའི་སེམས་ཅན་དེ་ལྟ་བུ་དག་གི་ཕྱིར་གཟུངས་འདི་བཤད་དོ། །དགའ་བོ་ཕྱི་མའི་དུས་ཕྱི་མའི་ཚེ་ཁྱིམ་ན་གནས་པ་དང ། དགེ་སློང་ལས་ཕལ་ཆེར་གཟུངས་འདི་མི་ཀློག་པ་དང ། མཆོད་པར་མི་བྱེད་པ་རྣམས་ཇི་ལྟར་ཁྱིམ་པ་རྣམས་སྡུག་བསྔལ་བར་བཤད་པ་དེ་བཞིན་དུ་རབ་ཏུ་བྱུང་བ་རྣམས་ཀྱང་སྡུག་བསྔལ་བར་འགྱུར་རོ། །དེ་སྟེ་དེ་བཞིན་དུ་སངས་རྒྱས་མཆོད་ཅིང་འདི་ལས་ཉན་པས་མཆོད་རྟེན་གཅིག་བྱས་ན་ཆོས་ཀྱིས་བརྒྱན་པ་བརྒྱད་ཁྲི་བཞི་སྟོང་རྣམས་ཀྱང་མཆོད་པར་འགྱུར་རོ། །གཞན་ཡང་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པར་འགྱུར་རོ། །སྡོང་པོས་བརྒྱན་པ་བཀླགས་ཤིང་ཁ་ཏོན་དུ་བྱས་པར་འགྱུར་རོ། །འཇིག་རྟེན་དང ། འཇིག་རྟེན་ལས་འདས་པའི་དཀྱིལ་འཁོར་དུ་ཡང་ཞུགས་པར་འགྱུར་རོ། །བྱང་ཆུབ་ཀྱི་སྙིང་པོའི་རྒྱན་འབུམ་ལས་བཏུས་པ་འབུམ་གྱི་གཟུངས། རྫོགས་སྷོ།། །།སྐར་ཞུས།།