rKTs


J827b

(e-text produced by ADARSHA)

see text in transliteration
106.239b
།རྒྱ་གར་སྐད་དུ། ཨཱརྱ་བ་ཨ་བ་ལོ་ཀི་ཏེ་ཤཝ་ར་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུངས་ཞེས་བྱ་བ། འཕགས་པ་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། །འཕགས་པ་སྤྱན་རས་དབང་ཕྱུག་བྱམས་པའི་ངང་ལས་སྙིང་རྗེའི་ཤུགས་ཀྱིས་བྱང་ཆུབ་ཀྱི་སེམས་རབ་ཏུ་བསྐྱེད་ནས། པད་མ་དང ། ཉི་མ་དང ། ཟླ་བའི་གདན་ལ་ཧྲིའི་འཕྲོ་འདུ་ལས་ཞལ་གཅིག་པ་ལ་ཕྱག་བཞི་པ། དང་པོ་གཉིས་ཐལ་མོ་སྦྱར་བ། གཡས་འོག་མ་ན་བགྲང་ཕྲེང་མུ་ཏིག་དཀར་པོ། གཡོན་འོག་མ་ན་པད་མ་དཀར་པོ་བསྣམས་པ། སྐུ་མདོག་དཀར་པོ་ཞབས་རྫོགས་པའི་དཀྱིལ་དཀྲུང་བཅས་པ་རིན་པོ་ཆེའི་རྒྱན་སྣ་ཚོགས་དང ། རིན་པོ་ཆེའི་དབུ་རྒྱན་གྱིས་མཛེས་པ། མ་ལྷ་མོ་དྲུག་མ་དང ། ཡབ་ནོར་བུ་རིན་པོ་ཆེས་བརྟེན་པ། བྱང་ཆུབ་སེམས་དཔའ་དང ། སེམས་མ་རབ་ཏུ་མང་པོས་བསྐོར་ཏེ་འདི་སྐད་ཅེས་གསུངས་སོ། །རིགས་ཀྱི་བུའམ་རིགས་ཀྱི་བུ་མོས་སྔགས་འདི་ལན་ཅིག་ཙམ་བརྗོད་དམ་དྲན་ཞིང་ཡིད་ལ་བྱས་སམ། བྲིས་ནས་ལུས་ལ་བཅངས་སམ། མོས་ཤིང་གུས་པར་བྱས་ན་མཚམས་མེད་པ་ལྔ་དང ། དེ་དང་ཉེ་བའི་སྡིག་པའི་ལས་ཐམས་ཅད་འབྱང་ཞིང་ངན་སོང་གསུམ་དང ། མི་ཁོམ་པ་བརྒྱད་དང ། སྡུག་བསྔལ་དང་བཅས་པར་མི་སྐྱེའོ། །མི་དང་མི་མ་ཡིན་པ་དང ། གཅན་ཟན་གྱིས་འཇིགས་པ་ཐམས་ཅད་ལས་གྲོལ་བར་འགྱུར་རོ། །ནད་དང་གདོན་ཐམས་ཅད་ལས་ཐར་པར་འགྱུར་རོ། །ོཾ་མ་ཎི་པད་མེ་ཧཱུཾ། ཞེས་བརྗོད་པས་འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་མཐོང་བར་འགྱུར་ཞིང ། ཚེ་འཕོས་ནས་ཀྱང་བདེ་བ་ཅན་དུ་སྐྱེ་སྟེ་འདི་ལ་ཐེ་ཚོམ་མམ། སོམ་ཉིའམ། ཡིད་གཉིས་མ་ཟ་ཅིག ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟུངས། རྫོགས་སྷོ།།