rKTs


J819

(e-text produced by ADARSHA)

see text in transliteration
106.217b
་རྒྱ་གར་སྐད་དུ། ་ཨཱརྱཱ་ཨ་མོ་གྷ་པཱ་ཤ་ཧྲི་ད་ཡཾ་ནཱ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། ་འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། འཕགས་པ་དོན་ཡོད་ཞགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་པོ་ཏ་ལ་ཀེའི་རིའི་རྩེ་མོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་ས་ལ་དང ། ཏ་མ་ལ་དང ། ཙམ་པ་ཀ་དང ། མྱ་ངན་མེད་པ་དང ། ་ཏི་མུག་ཏ་ཀ་ལ་སོགས་པ་མང་པོ་དང ། སྣ་ཚོགས་པའི་རིན་པོ་ཆེའི་སྡོང་པོས་ཡང་དག་པར་བརྒྱན་པར། དགེ་སློང་གི་དགེ་འདུན་ཆེན་པོ་སྟོང་ཕྲག་བཅཝ་བརྒྱད་དང ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་དང ། གནས་གཙང་མའི་ལྷའི་བུ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བྱས་ནས་མང་པོ་དང་ཐབས་གཅིག་ཏུ་བཞུགས་སོ། །དབང་ཕྱུག་དང ། དབང་ཕྱུག་ཆེན་པོ་དང ། ཚངས་རིས་ཀྱི་ལྷའི་བུ་རྣམས་གཙོར་བྱས་ནས་ཆོས་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། གང་བཅོམ་ལྡན་འདས་ལ་དེ་ཡིས་ཐལ་མོ་སྦྱར་ཞིང་ཕྱག་འཚལ་ནས་ཞལ་འཛུམ་པར་གྱུར་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ལ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ་ཡོད་དེ། གང་སྔོན་བསྐལ་པ་དགུ་བཅུ་རྩ་གཅིག་ན་འཇིག་རྟེན་རྣམ་པར་གཟིགས་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ། འཇིག་རྟེན་གྱི་དབང་པོ་རྒྱལ་པོ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལས་བདག་གིས་བླངས
106.218a
ཏེ། གང་ཡང་བདག་གིས་དབང་ཕྱུག་དང་དབང་ཕྱུག་ཆེན་པོ་གཙོར་བྱས་པའི་གནས་གཙང་མའི་རིས་ཀྱི་ལྷའི་བུ་བརྒྱ་སྟོང་མང་པོ་ཡང་འདུས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་ཡོད་པའི་ཡེ་ཤེས་ཀྱི་གཙོ་བོའི་ཏིང་ངེ་འཛིན་བཅུ་པ་བརྒྱ་སྟོང་བདག་གིས་རབ་ཏུ་རྙེད་དོ། །གཞན་ཡང་གང་གི་ཚེ་བཅོམ་ལྡན་འདས་ས་གཞིའི་ཕྱོགས་གཅིག་ཏུ་རབ་ཏུ་སྤྱོད་པ་ལས་རྟོགས་པར་བྱ་སྟེ། བཅོམ་ལྡན་འདས་དེའི་ཚེ་ས་ཕྱོགས་དེ་དབང་ཕྱུག་དང ། དབང་ཕྱུག་ཆེན་པོ་དང ། ཚངས་རིས་གཙོར་བྱས་པའི་ལྷའི་བུ་སྟོང་ཕྲག་བཅུ་གཉིས་ཀྱིས་བསྲུང་བ་དང ། བསྐྱབ་པ་དང་སྦེད་པའི་དོན་དུ་གནས་པར་འགྱུར་རོ། །གང་འདིར་དོན་ཡོད་ཞགས་པའི་སྙིང་པོ་རབ་ཏུ་སྤྱོད་ན་བཅོམ་ལྡན་འདས་སའི་ཕྱོགས་གཅིག་པོ་དེ་མཆོད་རྟེན་དུ་འགྱུར་རོ། །སེམས་ཅན་གང་དག་དོན་ཡོད་ཞགས་པའི་སྙིང་པོ་ཉན་པ་དེ་དག་ནི་སངས་རྒྱས་མང་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ་མཆོད་པར་འགྱུར་རོ། །དེ་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་འདིར་དོན་ཡོད་ཞགས་པའི་སྙིང་པོ་ཐོས་པས་བདག་གི་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །གང་ཁ་ཅིག་བཅོམ་ལྡན་འདས་སྡིག་པའི་སྐྱོན་བྱེད་པ། སྡིག་པའི་ཆོས་ཐམས་ཅད་ལ་ཡང་དག་པར་སྤྱོད་པ། འཕགས་པ་ལ་སྐུར་བ་འདེབས་པ། དམ་པའི་ཆོས་ལ་དམོད་པ། མནར་མེད་པ་ལ་གཞོལ་བ། སངས་རྒྱས་དང ། ་བྱང་ཆུབ་སེམས་དཔའ་ཐམས་ཅད་དང ། འཕགས་པ་ཉན་ཐོས་དང ། རང་སངས་རྒྱས་ལ་དམོད་པ་པོ་དེ། གལ་ཏེ་འགྱོད་པར་གྱུར་ཅིང་སླན་ཆད་གཅོད་ཅིང་སྡོམ་པར་གྱུར་ན་བཅོམ་ལྡན་འདས་དེས་རེ་ཤིག་དེ་ཉིད་བསྙུང་བར་གནས་པ་གཅིག་གིས་དེ་བཟླས་ན་དེའི་སྐྱེ་བ་འདིའི་ལས་ཡོངས་སུ་དག་ཅིང་ཡོངས་སུ་ཟད་པར་འགྱུར་རོ། །ཕྱིར་སློན་པར་འགྱུར་རོ། །རིམས་ཉིན་གཅིག་པའམ། ཉིན་གཉིས་པའམ། ཉིན་གསུམ་པའམ། ཉིན་བཞི་པའམ། དེའི་ཕྱིར་ཁྲག་ཏུ་འཁྲུ་བའམ། ཚད་པའམ། ལག་པ་ན་བའམ། རྐང་པ་ན་བའམ། མགོ་ན་བའམ། ཧ་ལ་ཧ་ལ་ཡིས་བཏགས་པའམ། མཛེའམ། རྐང་ཤུའམ།
106.218b
འབྲུམ་བུ་ཕྲ་མོའམ། ལྷོག་པའམ། འབྲས་སམ། བྱེའུ་འབྲས་སམ། གཡན་པའམ། མཚན་མ་རྡོལ་བའམ། འབྲུམ་བུའམ། བརྗེད་བྱེད་དམ། ཁྱབ་པར་ན་བའམ། གསོད་པ་འམ། འཆིང་བ་འམ། རྡེག་པའམ། བསྡིགས་པའམ། མི་སྙན་པར་བརྗོད་པའམ། མདོར་བསྡུ་ན་བཅོམ་ལྡན་འདས་ལུས་ཀྱི་ན་ཚའམ། སེམས་ཀྱི་སྡུག་བསྔལ་ལམ། རྨི་ལམ་ངན་པ་མཐོང་བས་དེའི་ལས་ཡོངས་སུ་དག་ཅིང་ཟད་པར་འགྱུར་རོ། །སྔར་ཉིད་ནས་དག་པའི་སེམས་ཅན་དད་ཅིང་ལྷག་པར་མོས་པ་རྣམས་ཤིན་དུ་ཡོངས་སུ་བྱང་བར་འགྱུར་རོ། །གལ་ཏེ་བཅོམ་ལྡན་འདས་འཁོར་བཞི་པོ་དང ། རིགས་བཞི་པོས་ཇི་སྙེད་ཏུ་བདག་ལ་རྒྱུ་དང་གཡོས་ཀྱང་མཆོད་པར་བྱེད། གང་འདིར་དོན་ཡོད་ཞགས་པའི་སྙིང་པོ་ཉན་པར་བྱེད་པ་དང ། དོན་འཛིན་པར་བྱེད་པ། འཆང་བར་བྱེད་པ། ཀློག་པར་བྱེད་པ། འདྲི་བར་བྱེད་པ། འདྲིར་འཇུག་པར་བྱེད་པ། ཀུན་ཆུབ་པར་བྱེད་པ། སེམས་ཅན་གཞན་རྣམས་ཉན་དུ་འཇུག་པར་བྱེད་པ་འམ་ཐ་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་རྣ་བུག་ཏུ་གཏུགས་ཏེ་ཟློས་པར་བྱེད། སྔགས་ཀྱི་ཚིག་འདི་སེམས་པར་བྱེད་པ་དང ། དོར་བ་མེད་པ། གཟུགས་མེད་པ། རྣམ་པར་མི་རྟོག་པ། ཡང་དག་པར་འབྱུང་བ་མེད་པ། ཡུན་རིང་དུ་འབྱུང་བ་མེད་པ། རྒྱུ་མེད་པ། གོས་པ་མེད་པ། མཉམ་པའི་སེམས་གཡེང་བ་མེད་པ། ཕུང་པོ་ལྔ་དང་བྲལ་བའི་སྦྱོར་བ་འདིས་ནི་སངས་རྒྱས་རྗེས་སུ་དྲན་པར་བྱའོ། །དེ་དག་ལ་ཕྱོགས་བཅུའི་སངས་རྒྱས་བརྒྱ་སྟོང་གིས་ཞལ་སྟོན་པར་འགྱུར་རོ། །ཁྱོད་ཀྱིས་བཟླས་པས་སྡིག་པ་བཤགས་པར་འགྱུར་རོ། །ཇི་སྙེད་པོ་ཏིར་བྲི་བ་བྱས་ནས་ཁྱིམ་དུ་བཞུགས་སུ་གསོལ་བར་བྱའོ། །བཅོམ་ལྡན་འདས་མང་པོས་ཅི་བྱ་སྟེ། ཕན་ཚུན་འགྲན་པས་ཉན་པའམ་རྗེད་དཔོན་གྱིས་འཇིགས་པས་སམ། གཞན་གྱི་རྗེས་སུ་འཇུག་པས་སམ། གཞན་དམད་པར་བྱ་བའི་ཆེད་དུ་ཉན་པ་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བྱིན་གྱིས་བརླབས་སུ་མཁས་པས་ཤེས་པར་བྱའོ། །དེ་དག་གི་རྣ་བུག་ཏུ་དེའི
106.219a
སྒྲ་གྲག་པར་འགྱུར་རོ། །བཅོམ་ལྡན་འདས་འདི་སྟ་སྟེ། གང་ལ་ལའི་སྐྱེས་བུས་ཙན་དན་ནམ། ག་པུར་རམ། གུར་གུམ་འམ། གླ་རྩི་གནུར་ཞིང་བརྒྱད་ཅིང་རྡོ་བ་འམ་ས་ལ་གཞིབས་ནས་བདག་ཉིད་ལ་བྱུགས་ན་དེ་ལ་ཙན་དན་ནམ། ག་པུར་རམ། གུར་གུམ་མམ། གླ་རྩི་གནུར་བའམ། བརྒྱད་པས་དེ་ལྟར་དྲི་འཕོ་བར་མི་འགྱུར་རོ། །ཡང་དྲི་ཞིམ་པོ་ཡང་དེ་ཉིད་དོ། །བཅོམ་ལྡན་འདས་དེ་ལྟར་ཁོ་ནར་བདག་གི་དོན་ཡོད་ཞགས་པའི་སྙིང་པོ་འདི་ལ་ཡང་གང་ལ་ལ་ཞིག་གིས་འཕྱ་ཞིང་དམོད་པ་དང ། སྔ་མ་ལྟར་ཇི་སྙེད་པ་དག་ལ་རྒྱུ་དང་གཡོས་མཆོད་པ་བྱེད་པ་དེ་དག་ནི་བཅོམ་ལྡན་འདས་རྨུ་རྒོད་ཀྱི་སེམས་ཅན་དེ་དག་གི་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །འདོད་པས་དཀའ་བར་འཛིན་པར་བརྗོད་དེ་ཕྱི་མ་ལའང་ངོ ། །གང་དང་གང་དུ་སྐྱེས་པ་དེ་དང་དེ་རུ་ཚུལ་ཁྲིམས་དང་ཏིང་ངེ་འཛིན་དང་ཤེས་རབ་དང ། བསོད་ནམས་ཀྱི་ཚོགས་ཀྱི་དྲི་དང་མི་འབྲལ་བར་འགྱུར་རོ། །ཚུལ་ཁྲིམས་ཀྱི་དྲི་ཞིམ་པོ་ཉིད་དུ་བྱེད་དོ། །གང་ཡང་བཅོམ་ལྡན་འདས་རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། དེ་ལས་གཞན་པ་ཁ་ཅིག་དོན་ཡོད་ཞགས་པའི་སྙིང་པོ་ཆེད་དུ་བྱས་ནས་དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ལ་བསྙུང་བར་གནས་པར་བྱས་ཏེ། ལན་བདུན་དུ་དོན་ཡོད་ཞགས་པའི་སྙིང་པོ་ཚིག་ཏུ་མི་བརྗོད་པར་ཡོངས་སུ་བཟླས་ན། དེ་ལ་བཅོམ་ལྡན་འདས་མཐོང་བའི་ཆོས་ཉིད་ལ་ཕན་ཡོན་ཉི་ཤུ་ཐམ་པ་སོ་སོར་འདོད་པར་བྱའོ། །ཉི་ཤུ་པོ་གང་ཞེ་ན། གང་དེའི་ལུས་ལ་ནད་མི་འབྱུང་བ་དང ། ལས་ཀྱི་དབང་གིས་ནད་བྱུང་བ་ཡང་མྱུར་དུ་ཞི་བར་འགྱུར་རོ། །སྣུམ་ཞིང་ཡིད་དུ་འོང་བའི་ལུས་དཀར་བར་འགྱུར་རོ། །སྐྱེ་བོ་མང་པོའི་ཡིད་དུ་འོང་བར་འགྱུར་རོ། །དབང་པོ་སྦུབས་སུ་ནུབ་པ་དང ། ནོར་རྙེད་པར་ཡང་འགྱུར་རོ། །ནོར་ཡོད་པ་ཡང་རྐུན་པོས་ཁྱེར་བར་མི་ནུས་སོ། །མེས་མི་འཚིག་གོ། །ཆུས་མི་ཁྱེར་རོ། །རྒྱལ་པོའི་ཡིད་ཀྱིས་ཀྱང་འཕྲོག་པར་མི་ནུས་སོ། །དེའི་ལས་ཀྱི་མཐའ་རྒྱས་པར་འགྱུར་རོ། །དེའི་ལུས་ལ་ཆུའི་འཇིགས་པ་འབྱུང་བར་མི་འགྱུར
106.219b
རོ། །རླུང་དང་ཆར་པའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །ལན་བདུན་དུ་དོན་ཡོད་ཞགས་པའི་སྙིང་པོ་ཆུའམ་ཐལ་བ་ལ་ཡོངས་སུ་བསྔགས་ཏེ། ཕྱོགས་དང་མཚམས་དང་སྟེང་དང་འོག་གི་ཞིང་ལ་བཅིང་བ་བྱས་ན་ཉེ་བར་འཚེ་བ་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ། །མདངས་ཟ་བས་མདངས་འཕྲོག་པར་མི་ནུས་སོ། །སེམས་ཅན་ཐམས་ཅད་དགའ་བར་འགྱུར་རོ། །དགྲ་ཡིས་འཇིགས་པ་བྱུང་བ་ཡང་མྱུར་དུ་ཞི་བར་འགྱུར་རོ། །མེ་ཡིས་འཇིགས་པར་མི་འགྱུར་རོ། །ཁྱབ་པར་ན་བའི་འཇིགས་པ་དང ། མཁའ་འགྲོ་མའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །ཉོན་མོངས་པ་དྲག་པོ་ཡང་འབྱུང་བར་མི་འགྱུར་རོ། །མེ་དང་ཆུ་དང་མཚོན་གྱིས་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །ལྷས་ཀྱང་རྒྱུན་དུ་ཉེ་བར་བསྲུང་བ་དང ། སྐྱོབ་པ་དང ། སྦེད་པར་བྱེད་པར་འགྱུར་རོ། །གང་དང་གང་དུ་སྐྱེས་པ་དེ་དང་དེ་རུ་བྱམས་པ་དང ། སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་དང་འབྲལ་བར་མི་འགྱུར་རོ། །ཕན་ཡོན་ཉི་ཤུ་པོ་འདི་དག་སོ་སོར་འདོད་པར་བྱའོ། །གཞན་ཡང་ཆོས་བརྒྱད་སོ་སོར་འཐོབ་སྟེ། བརྒྱད་པོ་གང་ཞེ་ན། འཆི་བའི་དུས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དགེ་སློང་གི་གཟུགས་ཀྱིས་ཞལ་ཡང་དག་པར་སྟོན་པར་འགྱུར་རོ། །བདེ་བར་ཚེའི་དུས་བྱེད་པར་འགྱུར་རོ། །མཐོང་བ་འཁྲུལ་པ་མེད་དོ། །ལག་པ་གཡོབ་པ་མེད་དོ། །བཤང་བ་མེད་དོ། །གཅི་བ་མེད་དོ། །རླུང་གི་རྣམ་པ་མེད་དོ། །ཤིན་དུ་ལེགས་པར་གནས་ཤིང་དྲན་པ་དང་ལྡན་པར་འགྱུར་རོ། །ཁ་འོག་ཏུ་བལྟས་ནས་ཚེའི་དུས་བྱེད་པར་མི་འགྱུར་རོ། །འཆི་བའི་དུས་སུ་ཉོན་མོངས་པ་མེད་པར་རབ་ཏུ་བརྗོད་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྨོན་ལམ་བཏབ་པ་དེ་དང་དེ་རུ་སྐྱེ་བར་འགྱུར་རོ། །དགེ་བའི་བཤེས་གཉེན་དང་འབྲལ་བར་མི་འགྱུར་རོ། །ཉིན་རེ་ཞིང་དུས་གསུམ་དུ་ལན་གསུམ་དུ་བཀླག་པར་བྱའོ། །ཆང་དང ། ཤ་དང ། གཙོང་དང ། སྒོག་སྐྱ་དང ། བདེ་བྱེད་ལ་བྱིན་པའི་ལྷག་མ་ཁྱད་པར་དུ་བསྲུང་བར་འདོད་པས་དེ་རྣམས་སྤང་བར་བྱའོ། །དོན་ཡོད
106.220a
ཞགས་པའི་སྙིང་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་སེམས་ཅན་རྣམས་ལ་ནུས་སམ་མི་ནུས་ཤེས་པར་བྱས་ལ་ཉན་དུ་གཞུག་པར་བྱའོ། །སློབ་དཔོན་གྱིས་སེར་སྣ་མི་བྱ་སྟེ། གང་གི་ཕྱིར་ཕྲག་དོག་དང་སེར་སྣའི་དྲི་མ་སྤངས་པ་ནི་བྱང་ཆུབ་སེམས་དཔའ་ཡིན་ནོ། །སེམས་ཅན་གྱི་དོན་གྱི་ཆེད་དུ་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པར་བྱེད་པའི་ཕྱིར་བྱང་ཆུབ་སེམས་དཔའི་དགེ་འདུན་དུ་ཡང་འགྱུར་རོ། །ཤེས་རབ་ནི་བྱང་ཆུབ་ཏུ་བརྗོད་ལ་སེམས་དཔའ་ནི་ཐབས་ཏེ། དེ་གཉིས་དག་གིས་སེམས་ཅན་གྱི་དོན་ཉིད་ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས་གལ་ཏེ་ཆོས་འདི་རྗེས་སུ་ཟློས་ཤིང་སྙིང་པོ་འདི་དེ་བཞིན་གཤེགས་པའི་མདུན་དུ་རྗོད་པར་བྱེད་པ་ནི་འཁོར་བཞི་པོ་རྣམས་ལ་ཕན་པ་དང་བདེ་བའི་དོན་གྱི་ཕྱིར་དང ། སྡིག་པ་བྱེད་པ་གཞན་རྣམས་ཀྱི་ཡང་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། གང་འདི་དག་པའི་སེམས་ཅན་ལ་ཁྱོད་ཀྱིས་བསྟན་པའི་དུས་ལ་བབ་སྟེ་དེ་བཞིན་གཤེགས་པས་ཀྱང་རྗེས་སུ་ཡི་རང་ངོ ། །ཕྱི་མའི་ཚེ་ཕྱི་མའི་དུས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕའི་བྱ་བ་བྱེད་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྤྱན་མི་འཛུམས་པར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསོན་ཅིག་།སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པའི་རྣམ་པར་ཐར་པའི་དཀྱིལ་འཁོར་འདི་སྐྱེ་བོ་མང་པོ་ལ་ཕན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་རྗེས་སུ་བརྩེ་བ་དང ། སྐྱེ་དགུའི་ཚོགས་ཆེན་པོ་ལ་ཕན་པ་དང་བདེ་བ་དང ། རྣམ་པར་ཐར་བའི་དོན་གྱི་ཕྱིར་ཡང་ངོ ། །ན་མ་སྟྲཻ་ཡད་དྷྭ་ཨ་ནུ་ག་ཏ་ཕྲ་ཏིཥྛི་ཏེ་བྷྱཿ ། སརྦ་བུད་དྷ་བོ་དྷི་ས་ཏྭེ་བྷྱཿ ། ན་མཿ པྲ་ཏྱེ་ཀ་བུད་དྷཱ་ཨཱརྱ་ཤྲཱ་བ་ཀ་སཾ་གྷེ་བྷྱོ་ཨ་ཏཱི་ཏ་ཨ་ནཱ་ག་ཏ་པྲཏྱུད་པན་ནེ་བྷྱཿ ། ན་མཿ སཾ་མྱཀྒ་ཏཱ་ནཱཾ། ན་མཿ སམམྱཀ་པྲ་ཏི་ཨུད་པན་ནཱ་ནཱཾ། །ན་མཿ ཤཱ་ར་དྭ་ཏཱི་པུ་ཏྲཱ་ཡ་མ་ཧཱ་མ་ཏ་ཡོ། ན་མ་ཨཱརྱ་མཻ་ཏྲེ་ཡ
106.220b
པྲ་མུ་ཁེ་བྷྱོ་མ་ཧཱ་བོ་དྷི་ས་ཏྭེ་བྷྱཿ ། ན་མ་སུ་པྲ་ཏིཥྛི་ཏ་ཤཻ་ལེན་དྲ་རཱ་ཛ་པྲ་མུ་ཁེ་བྷྱཿ ། སརྦ་ཏ་ཐཱ་ག་ཏེ་བྷྱོ་\ུ0f85ཁྵུཿ ། སམ་མྱཀ་སམ་བུད་དྷེ་བྷྱོ་ན་མཿ སུ་བརྞྞ་བརྞྞ་སུ་པྲ་ཏི་བྷཱ་བི་ནརཏི་ཏེ་ཤཝ་ར་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མཿ སཾ་ཧ་བི་ཀྲཱི་ཌི་ཏ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མཿ ཱརྱ་ཨ་མི་ཏཱ་བྷཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མཿ སུ་པྲ་ཏིཥྛི་ཏ་མ་ཎི་ཀཱུ་ཊ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མཿ ས་མན་ཏ་ར་སྨྱུད་ག་ཏ་ཤྲཱི་ཀཱུ་ཊ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མོ་བི་པ་ཤྱི་ནེ་ཏ་ཐཱ་ག་ཏཱ་ཡ། ན་མཿ ཤི་ཁི་ནེ་ཏ་ཐཱ་ག་ཏཱ་ཡ། ན་མོ་བི་ཤཝ་བྷུ་བེ་ཏ་ཐཱ་ག་ཏཱ་ཡ། ན་མཿ ཀྲ་ཀུཙྪ་ན་དཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མཿ ཀ་ན་ཀ་མུ་ན་ཡེ་ཏ་ཐཱ་ག་ཏཱ་ཡ། ན་མཿ ཀཱ་ཤྱ་པཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མཿ ཤཱཀྱ་མུ་ན་ཡེ་ཏ་ཐཱ་ག་ཏཱ་ཡཱ་ཨར་ཧ་ཏེ་སམྱཀ་སཾ་བུད་དྷཱ་ཡ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ནེ་ཡེ་སཝཱ་ཧཱ། ཨོཾ་ས་མེ་ས་མེ་མ་ཧཱ་ས་མེ་རཀྵ་རཀྵ་མཱཾ་སརྦ་ས་ཏྭཱཾ་ཤྩ་སརྦ་པཱ་པ་པྲ་ཤ་མ་ནེ་སཝཱ་ཧཱ། ན་མཿ སུ་པ་རི་ཀཱིར་ཏི་ཏ་ནཱ་མ་དྷེ་ཡཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མཿ ས་མན་ཏ་ཨ་ཝ་བྷཱ་ས་བི་ཛི་ཏ་སཾ་གྲཱ་མ་ཤྲི་ཡེ་ཏ་ཐཱ་ག་ཏཱ་ཡ། ན་མཿ ིན་དྲ་ཀེ་ཏཱུ་དྷྭ་ཛ་ཤི་ཡེ་ཏ་ཐཱ་ག་ཏཱ་ཡ། ན་མོ་རད་ན་པྲ་བྷཱ་སེ་ཤཝ་ར་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མོ་ཨ་པྲ་ཏི་ཧ་ཏ་བྷཻ་ཥ་ཛྱ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མོ་བི་ཀྲཱན་ཏ་གཱ་མི་ནེ་ཏ་ཐཱ་ག་ཏཱ་ཡ། ན་མོ་བུད་དྷཱ་ཡ། ན་མོ་དྷརྨཱ་ཡ། ན་མཿ སཾ་གྷཱ་ཡ། ན་མོ་ཨ་ཏཱི་ཏ་ཨ་ནཱ་ག་ཏ་པྲ་ཏྱུད་པན་ནེ་བྷྱོ་བུད་དྷེ་བྷྱོ་བྷ་ག་བ་ཏེ་བྷྱ:། །ཏདྱ་ཐཱ། སྨྲི་ཏི་བར་དྷ་མ་ཏི་བར་དྷ་ནི། ག་ཏི་བར་དྷ་ནི། དྷྲི་ཏི་བར་དྷ་ནི། པྲཛྙཱ་བར་དྷ་ནི། པྲ་ཏི་བྷཱན་བར་དྷ་ནི། དྷྱ་ན་བར་དྷ་ནི། ས་མསྠཱ་ཡ་བར་དྷ་ནི། བི་པ་ཤྱ་ནཱ་བར་དྷ་ནི། སརྦ་བོ་དྷི་པཀྵ་དྷརྨ་བར་དྷ་ནི། ས་ཀ་ལ་བུད་དྷ་དྷརྨ་པ་རི་པཱུ་ར་ཎཱི་ཡེ་སཝཱ་ཧཱ། ན་མོ་རད་ན་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཨ་ཝ་ལོ་ཀི་ཏེ་ཤཝ་རཱ་ཡ་བོ་དྷི་ས་ཏྭཱ་ཡ་མ་ཧཱ་ས་ཏྭཱ་ཡ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ན་མོ་མ་ཧསྠཱ་མ་པྲཱ་བ་ཧཱ་ཡ་བོ་དྷི་ས་ཏྭཱ་ཡ་མ་ཧཱ་སཏྭཱ་ཡ་མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཨེ་བྷྱོ་ན་མ་སྐྲི་ཏྭཱ་ཨི་དམ་མཱ་ལོ་ཀི་ཏེ་ཤཝ་ར་མུ་ཁོ་རྞྞ་ཨ་མོ་གྷ་པཱ་ཤ་རཱ་ཛ་ནཱ་མ་ཧྲི་ད་ཡཾ་ཏ་ཐཱ་ག་ཏཱ་སཾ་མུ་ཁཾ་བྷཱ་ཥི་ཏཾ་མ་ཧ་ཏཱཾ་པཪྵནྨ་ཨ་ཧ་མི་དཱ་ནཱི་མཱཾ་བར་ཧ་ཡི་སྟྱ་སིད་དྷྱན་ཏུ་མེ་མན་ཏྲ་པ་དཱཿ སརྦ་ཀཱརྱཱ་ཎི། སརྦ་བྷ་ཡེ་བྷྱོ་མ་སརྦ་སཏྭཱ་ནཱཉྩ་རཀྵ་བྷ་བ་ཏུ། ཏདྱ་ཐཱ། ཨོཾ་ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། མ་ར་མ་ར། མི་རི་མི་རི།
106.221a
མུ་རུ་མུ་རུ། མ་ཧཱ་ཀཱ་རུ་ཎི་ཀ་སཝཱ་ཧཱ། །ོཾ་ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། ཙུ་རུ་ཙུ་རུ། ཙི་རི་ཙི་རི། བི་རི་བི་རི། པི་རི་པི་རི། མི་རི་མི་རི། མ་ཧཱ་པད་མ་ཧསྟ་ཡ་སཝཱ་ཧཱ། ཨོཾ་ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ་སཝཱ་ཧཱ། མ་ཧཱ་ཤུད་དྷ་ས་ཏྭཱ་ཡ་སཝཱ་ཧཱ། བུ་དྷྱ་བུ་དྷྱ། བོ་དྷ་བོ་དྷ། བོ་དྷི་བོ་དྷི། བོ་དྷ་ཡ་བོ་དྷ་ཡ། ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུ་ཎུ་ཀུ་ཎུ། པ་ར་མ་ཤུད་དྷ་ས་ཏྭ་ཡ་སཝཱ་ཧཱ། ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། མ་ཧཱ་སྠཱ་མ་པྲཱ་བ་ཏཱ་ཡ་སཝཱ་ཧཱ། ཨོཾ་ཙ་ལ་ཙ་ལ། སཉྩ་ལ་སཉྩ་ལ། བི་ཙ་ལ་བི་ཙ་ལ། ཨེ་ཊ་ཊ་ཨེ་ཊ་ཊ། བྷ་ར་བྷ་ར། བྷི་རི་བྷི་རི། བྷུ་རུ་བྷུ་རུ། ཏ་ར་ཏ་ར། ཏི་རི་ཏི་རི། ཏུ་རུ་ཏུ་རུ། ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀཱ་སཝཱ་ཧཱ། མ་ཧཱ་པ་ཤུ་པ་ཏི་བེ་ཥ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ར་ཏ་ར། ས་ར་ས་ར། ཙ་ར་ཙ་ར། པ་ར་པ་ར། བ་ར་བ་ར། མ་ར་མ་ར། ལ་ར་ལ་ར། ཧ་ར་ཧ་ར། ཧཱ་ཧཱ་ཧཱི་ཧཱི་ཧཱུ་ཧཱུ། ཨོཾ་ཀཱ་ར་བྲཧྨ་བེ་ཥ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ར་ཏ་ར། ས་ར་ས་ར། ཙ་ར་ཙ་ར། ན་ར་ན་ར། བ་ར་བ་ར། ཧ་ར་ཧ་ར། རཤྨི་ཤ་ཏ་ས་ཧཱ་སྲ་པྲ་ཏི་མཎ་ཌི་ཏ་ཤ་རཱི་ར། ཛྭ་ལ་ཛྭ་ལ། ཏ་པ་ཏ་པ། བྷཱ་ས་བྷཱ་ས། བྷྲ་མ་བྷྲ་མ། བྷ་ག་ཝན་སོ་མ། ཨ་དི་ཏྱ། ཡ་མ། བ་རུ་ཎ་ཀུ་བེ་ར། བྲ་ནྡྲ། བཱ་ཡུ། ཨག་ནི། ་དྷ་ན་དྷ། ་་དེ་བ། རི་ཥི་ག་ཎ་ཨ་བྷྱར་ཙི་ཏ་ཙ་ར་ཎ་སཝཱ་ཧཱ། །སུ་རུ་སུ་རུ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། གྷུ་རུ་གྷུ་རུ། ས་ནད་ཀུ་མཱ་ར། རུ་དྲ། བཱ་ས་བ། བིཥྞུ། དྷ་ན་ད། ་བཱ་ཡུ། ཨག་ནི། ་རི་ཥི། ནཱ་ཡ་ཀ་།བི་ནཱ་ཡ་ཀ་པ་ཧུ་བི་བི་དྷ་བེ་ཥ་དྷ་ར། ཨོཾ་དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ར་ཏ་ར། ཐ་ར་ཐ་ར། གྷ་ར་གྷ་ར། ཡ་ར་ཡ་ར། ལ་ར་ལ་ར། ཧ་ར་ཧ་ར། པ་ར་པ་ར། ས་ར་ས་ར། བ་ར་བ་ར། བ་ར་དཱ་ཡ་ཀ་སཝཱ་ཧཱ། །ས་མན་ཏ་ཨ་ཝ་ལོ་ཀི་ཏ། བི་ལོ་ཀི་ཏ། ལོ་ཀི་ཤཝ་ར། མ་ཧེ་ཤཝ་ར། ཏྲི་བྷུ་བ་ནེ་ཤཝ་ར། སརྦ་གུ་ཎ་ས་ཨ་ལཾ་ཀྲི་ཏ་ཨ་ཝ་ལོ་ཀི་ཏེ་ཤཝ་ར། མུ་ཧུ་མུ་ཧུ། མུ་རུ་མུ་རུ། མུ་ཡ་མུ་ཡ། མུཉྩ་མུཉྩ། རཀྵ་རཀྵ་མཱཾ་སརྦ་སཏྭཱཾ་ཤྩ། སརྦ་བྷ་ཡེ་བྷྱཿ ། སརྦོ་པ་དྲ་བེ་བྷྱཿ ། སརྦོ་པ་སརྒེ་བྷྱཿ ། སརྦ་གྲ་ཧེ་བྷྱཿ ། སརྦ་བྱཱ་དྷི་བྷྱཿ ། སརྦ་བི་ཥེ་བྷྱཿ ། སརྦ་ཛྭ་རེ་བྷྱཿ ། ཨེ་བཾ། བན་དྷ་བན་དྷ་ན། ཏཱ་ཊ་ན། ཏརྫ་ན། རཱ་ཛ། ཏ་སྐ་ར། ཨག་ནི། ཨུ་ཏ་ཀ་།བི་ཥ། ཤསྟྲ་པ་རི་མོ་ཙ་ཀ་སཝཱ་ཧཱ། ཀ་ཎ་ཀ་ཎ།
106.221b
ཀི་ཎི་ཀི་ཎི། ཀུ་ཎུ་ཀུ་ཎུ། ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། ཨིན་དྲི་ཡ། བ་ལ། བོ་དྷྱཱཾ་ག་།ཙ་ཏུ་ར་ཨརྱ་སཏྱ་སཾ་པྲ་ཀཱ་ཤ་ཀ་།ཏ་པ་ཏ་པ། ཏ་མ་ཏ་མ། ད་མ་ད་མ། ས་མ་ས་མ། མ་ས་མ་ས། དྷ་མ་དྷ་མ། མ་ཧཱ་ཀཱ་རུ་ཎི་ཀ་།མ་ཧཱ་ཏ་མོ་ཨན་དྷ་ཀ་ར་བི་དྷ་མ་ན། ཥ་ཊ་པཱ་ར་མི་ཏཱ་པ་རི་པཱུ་ར་ཀ ། མ་ལ་མ་ལ། མི་ལི་མི་ལི། མུ་ལུ་མུ་ལུ། ཊ་ཊ་ཊ་ཊ། ཋ་ཋ་ཋ་ཋ། ཊི་ཊི་ཊི་ཊི། ཊུ་ཊུ་ཊུ་ཊུ། ཋི་ཋི་ཋི་ཋི། ཋུ་ཋུ་ཋུ་ཋུ། ཨེ་ནེ་ཡ་ཙརྨྨཀྲི་ཏ་པ་རི་ཀ་ར། ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ་།ི་ཤཝ་ར། མ་ཧེ་ཤཝ་ར། མ་ཧཱ་བྷཱུ་ཏ་ག་ཎ་སཾ་བྷཉ་ཛ་ཀ་།ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། པ་ར་པ་ར། ཧ་ར་ཧ་ར། བ་ར་བ་ར། ས་ར་ས་ར། ཀ་ར་ཀ་ར། ཀ་ཊ་ཀ་ཊ། ཀི་ཊི་ཀི་ཊི། ཀུ་ཊུ་ཀུ་ཊུ། མ་ཊ་མ་ཊ། མ་ཧཱ་བི་ཤུད་དྷ་བི་ཥ་ཡ་ནི་བཱ་སི་ན། ་མ་ཧཱ་ཀཱ་རུ་ཎི་ཀ་ཤཝེ་ཏ་ཡ་པ་བཱི་ཏ། རད་ན་མ་ཀུ་ཊ། མཱ་ལཱ་དྷ་ར། སརྦ་ཛྙཱ་སི་ར་སི་ཀྲི་ཏ་ཛ་ཏཱ་མུ་ཀུ་ཊ། མ་ཧཱ་ཨད་བྷུ་ཉ། ་ཀ་མ་ལ། ཨ་ལཾ་ཀྲི་ཏ་ཀ་ལ་ཏ་ལ། དྷྱཱ་ན། ས་མཱ་དྷི། བི་མོ་ཀྵཱ་ཨ་པྲ་ཀ་མ་པྱ། བ་ཧུ་སཏྭ་སན་ཏ་ཏི་པ་རི་པཱ་ཙ་ཀ་།མ་ཧཱ་ཀཱ་རུ་ཎི་ཀ་སརྦ་ཀརྨ་ཨ་ཝ་ར་ཎ་བི་ཤོ་དྷ་ཀ་།སརྦ་ཛྙཱ་ཛྙཱ་ན་པ་རི་པཱུ་ར་ཀ་།སརྦ་བྱཱ་དྷི་པ་རི་མོ་ཙ་ཀ་།སརྦ་སཝཏྭ་ཨ་ཤཱ་པ་རི་པཱུ་ར་ཀ་།སརྦ་སཏྭ་ས་མཱ་ཤཝཱ་ཨ་ས་ཆ་ཀ་ར་ན་མོ་སྟུ་ཏེ་སཝཱ་ཧཱ། ། མོ་གྷཱ་ཡ་སཝཱ་ཧཱ། ། མོ་གྷ་པཱ་ཤཱ་ཡ་སཝཱ་ཧཱ། ཨ་ཛི་ཏཱ་ཡ་སཝཱ་ཧཱ། ཨ་པ་རཱ་ཛི་ཏཱ་ཡ་སཝཱ་ཧཱ། ཨ་མི་ཏཱ་བྷཱ་ཡ་སཝཱ་ཧཱ། ། མི་ཏཱ་ཨ་བྷ་སུ་ཏཱ་ཡ་སཝཱ་ཧཱ། མཱ་ར་སཻ་ན་ཡ་པྲ་མརྡ་ནཱ་ཡ་སཝཱ་ཧཱ། ཨ་བྷ་ཡ་པྲ་དཱ་ཡ་སཝཱ་ཧཱ། ཛ་ཡཱ་ཡ་སཝཱ་ཧཱ། བི་ཛ་ཡཱ་ཡ་སཝཱ་ཧཱ། ཛ་ཡ་བི་ཛ་ཡཱ་ཡ་སཝཱ་ཧཱ། བ་ར་དཱ་ཡ་སཝཱ་ཧཱ། བ་ར་པྲ་དཱ་ཡ་སཝཱ་ཧཱ། ཨ་ཀཱ་ལ་མྲི་ཏྱུ་པྲ་ཤ་མ་ནཱ་ཡ་སཝཱ་ཧཱ། ཨི་དཉྩ་མེ་ཀརྨ་ཀུ་རུ་ན་མོ་སྟུ་ཏེ་སཝཱ་ཧཱ། ཨོཾ་ར་ཎ་ར་ཎ་ཧཱུཾ་ཕཊ་སཝཱ་ཧཱ། ཨོཾ་ཛ་ཡ་ཧཱུཾ་ཕཊ་སཝཱ་ཧཱ། ཨོཾ་ཛྲ་ཛྲི་ཛཱུ་སཝཱ་ཧཱ། ཧཱུཾ་ཛ་ཡ་སཝཱ་ཧཱ། ཨོཾ་ཧྲཱིཿ ཏྲཻ་ལོ་ཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲཱིཿ ཧཿ ཧཱུཾ་ཕཊ་སཝཱ་ཧཱ། །ོཾ་པ་སུ་མ་ཏི་སཝཱ་ཧཱ། ཨོཾ་ཨཱ་རོ་ལི་ཀ་སཝཱ་ཧཱ། ཨོཾ་བ་ཧུ་ལེ་བ་ཧུ་ལེ་སཝཱ་ཧཱ། ཨོཾ་ཨཱ་རོ་ལི་ཀ་ཧྲཱིཿ ཧྲཱིཿ ཧཱུཾ་ཕཊ་སཝཱ་ཧཱ། ནི་ཡ་ཏ་ཨ་ནི་ཡ་ཏ་བེ་ད་ནཱི་ཡ་ཨ་སཱུ་བྷ་སྱ་མེ་བྷ་ག་ཝཱན་ཀརྨ་ནོ་ཨ་ཤེ་ཥ་ཏཿ ཀྵ་ཡཾ་ཀུ་རུ་སཝཱ་ཧཱ། ཨོཾ་པད་མ་ཧསྟཱ་ཡ་སཝཱ་ཧཱ། ཨཾ་བུད་དྷ་དྷརྨ་སཾ་གྷཱ་ཡ་སཝཱ་ཧཱ། བཀླགས་པས་ལས་ཐམས་ཅད་འགྲུབ་པ་ཡིན་ནོ། །དུས
106.222a
གསུམ་དུ་བཟླས་ན་མཚམས་མེད་པ་ལྔ་རྣམ་པར་དག་པར་འགྱུར་རོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། ། ག་རུའི་བདུག་སྤོས་དང ། ཐལ་བ་དང ། ཆུ་དང ། ཡུངས་ཀར་དང ། སེང་ལྡེང་གི་ཕུར་བུ་ལ་སོགས་པས་མཚམས་བཅིང་ངོ ། །རིམས་ཐམས་ཅད་ལ་བསྲུང་སྐུད་བཅིང་བར་བྱའོ། །ནད་ཐམས་ཅད་ལ་མར་རམ། མར་ནག་གམ། ཆུ་ལ་ཡོངས་སུ་བཟླས་ཏེ་སྦྱིན་པར་བྱའོ། །ལུས་ལ་ཁྱབ་པའི་ནད་ལ་མཚོན་ཆས་གཅད་ཅིང་བསྲུང་སྐུད་ཀྱང་བྱའོ། །ལྟོ་བ་ན་བ་ལ་ཚཝ་ཆུས་ཉམས་པར་བྱེད་པའམ། འཇིམ་བག་གམ། ཆུས་ཀྱང་བྱའོ། །མིག་གི་ནད་ལ་སྐུད་པ་དཀར་པོ་རྣ་བ་ལ་བཅིང་བར་བྱའོ། །སོའི་ནད་ལ་ཀ་ར་བིཾ་རའི་སོ་ཤིང་གིས་སོ། །མཚམས་བཅིང་བ་ལ་ཚོན་སྣ་ལྔའི་སྐུད་པ་ལ་ལན་ཉི་ཤུ་རྩ་གཅིག་གི་བར་དུ་ཡོངས་སུ་བཟླས་ནས་སེང་ལྡེང་གི་ཕུར་བུ་བཞི་ལ་བཅིངས་ཏེ་ཕྱོགས་བཞིར་གདབ་པ་བྱས་ན་མཚམས་བཅིངས་པ་ཡིན་ནོ། །ཐམས་ཅད་དུ་བསྲུང་སྐུད་དམ། ཆུའམ། ཐལ་བས་བྱའོ། །གཟའ་ཐམས་ཅད་ལ་ཚོན་སྣ་ལྔའི་སྐུད་པས་བྱའོ། །རིམས་ཐམས་ཅད་ལ་སྐུད་པ་དཀར་པོས་བྱའོ། །སྦྲུལ་དང་སྲིན་བུ་དང་བ་སྤུ་བྱི་བ་དང་ལྷོག་པ་དང་གྲེ་བ་འགགས་པ་རྣམས་ལ་སྦྲང་རྩི་པི་པི་ལིང་དང་ལྡན་པས་བྱའོ། །མིག་གི་ནད་ལ་དྲི་ཞིམ་པོའི་ཆུའམ། རྒྱ་སྐྱེགས་ཀྱི་ཆུའམ། སྦྲང་རྩིའམ། ཤིང་མངར་གྱིས་བྱའོ། །རྩོད་པའི་དུས་ཐམས་ཅད་དུ་རྩོད་པ་དང་མི་སྙན་པར་བརྗོད་པ་ལ་ཆུ་ལ་ཡོངས་སུ་བཟླས་ཏེ་གདོང་བཀྲུ་བར་བྱའོ། །ཡུལ་གཞན་གྱི་རྒྱལ་པོའི་འཚེ་བ་ལ་ཡུལ་འཁོར་དུ་བུམ་པ་གང་བ་ཡང་དག་པར་བཞག་ནས་གཙང་མས་གོས་གཙང་མ་གྱོན་ཏེ་མཆོད་པ་ཆེན་པོ་བྱས་ཤིང་བཀླགས་ན་ཞི་བ་ཆེན་པོར་འགྱུར་རོ། །དེའི་ཆུས་ཀྱང་གཏོར་བར་བྱས་ན་སེམས་ཅན་ཐམས་ཅད་བསྲུང་བ་ཡིན་ནོ། །ཉེ་བར་འཚེ་བ་ཐམས་ཅད་དང ། ཡམས་རྣམས་ཞི་བ་ཡིན་ནོ། །ཕྱག་རྒྱ་ཙན་དན་གྱི་ཐིག་ལེ་ལ་ལན་ཉི་ཤུ་རྩ་གཅིག་གི་བར་དུ་ཡོངས་སུ་བཟླས་ན་མཚམས་མེད་པ་ཐམས་ཅད་ཟད་པར་བྱེད་དོ། །རྟག་ཏུ་བཟླས་ན་ཁྱིམ་བསྲུང་བའོ། །
106.222b
པད་མའི་སྦྱིན་བསྲེག་གིས་སེམས་ཅན་ཐམས་ཅད་ཀྱི་བསྲུང་བའོ། །ཙན་དན་གྱི་སྦྱིན་བསྲེག་གིས་གཟའ་དང་འབྱུང་པོ་དང་རྒྱུ་སྐར་ཐམས་ཅད་ལས་བསྲུང་བའོ། །རྒྱལ་བ་དང་རྣམ་པར་རྒྱལ་བ་དང་གཞན་གྱིས་མི་ཐུབ་པ་དང་ན་གུ་ལི་དང་དྲིའི་ན་གུ་ལི་དང་དྷ་ར་ནི་དང་མི་འཇིགས་པའི་ལག་པ་དང་དབང་པོའི་ལག་པ་དང ། དྲིའི་ཕྲི་ཡང་ཀུ་དང་ཏ་ཀ་ར་དང་འཁོར་ལོ་དང་འཁོར་ལོ་ཆེན་པོ་དང་རྣམ་པར་གནོན་པ་དང་སོ་མ་རཱ་ཛི་དང་སུ་ནད་ཏ་ཞེས་བྱ་བ་སྟེ། དེ་དག་གང་ཡང་རུང་བ་ལ་བརྒྱ་རྩ་བརྒྱད་ཀྱི་བར་དུ་ཡོངས་སུ་བཟླས་ནས་ནོར་བུ་ལྟ་བུར་བྱས་ནས་མགོ་བོ་དང་དཔུང་པ་ལ་བཅིང་བར་བྱའོ། །བྱིས་པ་རྣམས་ཀྱི་ནི་མགུལ་དུའོ། །བུད་མེད་རྣམས་ཀྱི་འདོམས་སུ་བཅངས་ན་རང་ཉིད་མཆོག་ཏུ་སྐལ་བ་དང་ལྡན་པར་བྱེད་དོ། །གཡང་མེད་པ་ཉམས་ནས་བུ་ཡང་སྟེར་རོ། །ནོར་བུ་འདི་བཅངས་པས་ཐམས་ཅད་དུ་བསྲུང་བ་བྱས་པ་ཡིན་ནོ། །དུག་དང་མེས་མི་ཚུགས་སོ། །དུག་གིས་བྱས་པ་ཡང་སྐྱེ་བར་མི་འགྱུར་རོ། །ནད་བྱུང་བ་ཡང་མི་སྐྱེ་ཞིང་མྱུར་དུ་ཞི་བར་འགྱུར་རོ། །གཟའ་རབ་ཏུ་ཞི་བར་འགྱུར་རོ། །རླུང་དང་སྤྲིན་དང་ཐོག་ནི་ཆུས་རེངས་པར་བྱེད་དོ། །ཀ་ར་བི་རའི་ལྕུག་མས་ནི་ལས་ཐམས་ཅད་བྱེད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་མཆོག་ཏུ་གྲུབ་པ་འདིས་མ་བསྒྲུབས་པར་ཡང་ལས་འདི་རྣམས་བྱེད་དོ། །དེ་ནས་བསྒྲུབ་པར་འདོད་ན་ཐང་སྐུའི་ཆོ་ག་ནི་ཚོན་སྣ་མ་ལུས་པས་སངས་རྒྱས་ཀྱི་སྐུ་གཟུགས་མཉམ་པར་བྲི་བར་བྱ་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རལ་པའི་གཅོད་པན་འཆང་བ་རི་དགས་ཀྱི་ལྤགས་པས་སྨད་དཀྲིས་བྱས་ཤིང་ཕྱུགས་བདག་གི་ཆ་ལུགས་འཆང་བརྒྱན་ཐམས་ཅད་ཀྱིས་བརྒྱན་པ་བྱའོ། །ལྷ་བཟོ་མཁན་གསོ་སྦྱོང་དང་ལྡན་པས་རི་མོ་བྲི་བར་བྱའོ། །དེ་ནས་སྒྲུབ་པ་པོས་སྐུ་གཟུགས་དེའི་མདུན་དུ་བ་ལང་གི་ལྕི་བས་དཀྱིལ་འཁོར་བྱས་ལ་མེ་ཏོག་དཀར་པོ་བཀྲམ་སྟེ། དྲི་ཞིམ་པོའི་ཆུས་བཀང་བའི་བུམ་པ་བརྒྱད་གཞག་པར་བྱའོ། །ཉེ་བར་སྤྱོད་པ་བརྒྱད་དང ། ཉེ་བར་མཁོ་བ་དྲུག་བཅུ་རྩ་བཞི་དང ། ཁྲག་མེད་པའི་གཏོར་མ་ཤ་དང་བཅས་པ་བྱའོ། ། ཀ་རུའི་བདུག་སྤོས་བསྲེགས་ལ
106.223a
རིག་པ་སྟོང་ཕྲག་བརྒྱད་བཟླས་པར་བྱའོ། །ཉིན་ཞག་གཅིག་ཏུ་བསྙུང་བར་གནས་པའམ། དཀར་གསུམ་ཟ་ཞིང ། དུས་གསུམ་དུ་ཁྲུས་བྱས་ནས་གོས་གཙང་མ་གྱོན་པར་གྱུར་པས་བཟླས་པ་བྱའོ། །དེ་ནས་སྐུ་གཟུགས་ཀྱི་མདུན་དུ་རང་ཉིད་བྲིས་པ་བལྟས་ཏེ་དེ་མཐོང་བས་དགའ་བར་འགྱུར་རོ། །ཇི་སྲིད་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྱོན་ཏེ་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་དོ། །ལྡོང་རོས་སམ་མིག་སྨན་ལ་ཡོངས་སུ་བཟླས་ཏེ་མིག་ལ་བསྐུས་ན་དེ་ནས་མི་སྣང་བར་འགྱུར་ཞིང་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །ཡང་དག་པར་རྨོངས་པ་མེད་པའི་ཚོགས་ཤེས་བྱ་བའི་ཏིང་ངེ་འཛིན་རབ་ཏུ་འཐོབ་བོ། །སྒྲུབ་པ་པོ་གང་འདོད་པ་དེ་འདིས་བྱེད་དོ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང ། དགེ་སློང་དེ་དག་དང ། བྱང་ཆུབ་སེམས་དཔའ་དེ་དག་དང ། གནས་གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་བར་བསྟོད་དོ། །འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཨ་མོ་གྷ་བཛྲ་དང ། བོད་ཀྱི་ལོཙྪ་བ་བ་རི་རིན་ཆེན་གྲགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སྐར་ཞུས།།