rKTs


J761

(e-text produced by ADARSHA)

see text in transliteration
104.231a
༄##། ་།རྒྱ་གར་སྐད་དུ། ་བཛྲ་མནྟྲ་བྷི་རུ་སནྟི་མ་ར་ཏནྟྲ་ནཱ་མ:་བོད་སྐད་དུཿ ་དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ཞེས་བྱ་བཿ ་བཅོམ་ལྡན་འདས་མཐུས་སྟོབས་ཀྱི་བདག་པོ་ལ་ཕྱག་འཚལ་ལོ། འདི་སྐད་བདག་གི་ཐོས་པ་དུས་གཅིག་ན:་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་བོ་ཉིདཿ ་རི་རབ་ཆེན་པོའི་ཡང་སྟེངསཿ ་ལྕང་ལོ་ཅན་གྱི་གནས་མཆོག་།རབ་ཏུ་རྒྱན་པའི་ཕོ་བྲང་ཆེན་པོ་ནཿ ་ཡུམ་ཆེན་མོ་འབྱུང་བ་ལྔའི་བདག་མོ་དངཿ ་གཉིས་སུ་མེད་པར་སྙོམས་པར་ཞུགས་ཏེཿ ་སྐུ་ལས་འོད་ཟེར་སྣ་ཚོགས་རབ་ཏུ་སྤྲོས་ནས། འཇིག་རྟེན་གྱི་ཁམས་ཀྱི་གདུག་པ་ཅན་དང ། དྲེགས་པ་ཅན་དང ། གཟི་བརྗིད་ཅན་དང ། དྲག་ཤུལ་ཅན་ལ་སོགས་པ་དག་གིས་གནས་ཐམས་ཅད་རབ་ཏུ་གཡོ་ཞིང་སྐྱོད་པར་མཛད་པསཿ ་དེ་དག་གི་སྡེ་དཔོན་དང་བཅས་འཁོར་དང་གཡོག་ཏུ་བཅས་པ་རྣམསཿ ་རླུང་གི་ཤུགས་ཀྱིས་སྐྱོད་པ་བཞིན་དུ་ལྷགས་པ་ནི་འདི་ལྟ་སྟེ། གཤིན་རྗེ་ཚེ་བདག་ནག་པོ་ཆེན་པོ་ཡུམ་དང་བཅས་པ་དང ། བདུད་ནག་པོ་ཆེན་པོ་མེའི་ཁ་རླངས་ཅན་དང ། ཡུམ་བདུད་མོ་ནག་མོ་ཁྲག་འཛག་མ་དང ། སྲིན་པོའི་རྒྱལ་པོ་གསོད་བྱེད་ནག་པོ་ཡུམ་དང་བཅས་པ་དངཿ ་གནོད་སྦྱིན་ཆེན་པོ་གང་བ་བཟང་པོ་དང ། ཡུམ་གནོད་སྦྱིན་མོ་ཤ་ཟ་རལ་ཅིག་མ་དང ། ལྷའི་རྒྱལ་པོ་དབང་ཕྱུག་ཆེན་པོ་དང ། རུ་ཏྲའི་བདག་པོ་ཐར་པ་ནག་པོ་དངཿ ་རྨུ་རྗེ་བཙན་པོ་རྒྱལ་པོ་ཆེན་པོ་དངཿ ་ཕྱི་རོལ་ལྷའི་བདག་པོ་ཀཱ་ལ་ནག་པོ་དང ། ཁྱབ་འཇུག་ཆེན་པོ་ཀུན་དུ་རྒྱུ་བ་དངཿ ་ཀླུའི་བདག་པོ་གཞོན་ནུ་གཏུམ་པོ་དང ། ལྷའི་རྒྱལ་པོ་ལི་ཕྱིང་ཆེན་པོ་དངཿ ་གནོད་སྦྱིན་ཆེན་པོ་ལ་ག་རྒྱུ་བ་དང ། བདག་ཉིད་ཆེན་པོ་རྡོ་རྗེ་མཛེས་པ་དངཿ ་ཀླུ་བདུད་ཆེན་པོ་ཡམ་ཤུད་དམར
104.231b
པོ་དངཿ ་གཞན་ཡང་ལྷ་དང ། ཀླུ་དང ། ལྷ་མ་ཡིན་དང ། ཟ་བྱེད་དང ། ཡི་དྭགས་དང ། འབྱུང་པོའི་ཚོགས་དང ། ཕོ་ཉའི་ཚོགས་འཇིགས་པར་བྱེད་པ་བསམ་གྱིས་མི་ཁྱབ་པ་རབ་ཏུ་འདུས་སོཿ ། །དེ་ནས་བཅོམ་ལྡན་འདས་ཀྱིས་གདུག་བྱེད་ཆེན་པོའི་འཁོར་དེ་དག་རབ་ཏུ་འདུལ་བར་མཁྱེན་ནས། དུར་ཁྲོད་ཆེན་པོའི་དཀྱིལ་འཁོར་མངོན་པར་སྤྲུལ་པར་མཛད་དེ། ནམ་མཁའི་དབྱིངས་ཀྱི་དཀྱིལ་འཁོར་དག་།གཟུགས་སུ་སྙན་པ་རབ་ཏུ་འཇིགས། སྒྲ་ནི་མི་སྙན་དྲག་ཅིང་གཏུམ:་དྲི་ནི་མི་ཞིམ་རུལ་མྱགས་གསུངཿ ་རོ་ནི་ཁ་སྐྱུར་ཚ་བར་བྲོ། །རེག་བྱ་ཚ་རྩུབ་མི་གདུག་སྤྱོད།[་\ུ0f7f་]ཞེ་སྡང་ཆེན་པོའི་མེ་འབར་ཞིང་ང་རྒྱལ་ཀེང་རུས་བྲག་ཏུ་གཏམསཿ ་གཏི་མུག་མུན་ནག་རབ་ཏུ་འཐིབསཿ ་འདོད་ཆགས་ཁྲག་གི་ཆུ་ཆེན་འབྲུགཿ ་ཕྲག་དོག་རླུང་ནི་རབ་ཏུ་འཁྲུགསཿ ་སྟི་ར་ཆེན་པོའི་ལོངས་སྤྱོད་ལཿ ་སྟག་གཟིག་གཅན་ཟན་ལྕེ་སྤྱང་དང་ཀཱང་ཀ་དུར་བྱ་འདབ་ཆགས་ཚོགསཿ ་ཤ་ཟ་ཁྲག་འཐུང་རུས་པ་འཇོམསཿ ་བམ་དང་རུལ་དང་མྱགས་པ་དངཿ ་བྱེ་དང་བྲལ་དང་གཞིག་པ་དངཿ ་ཟོས་དང་འཐོར་དང་རབ་ཏུ་འཐོརཿ ་བྲུལ་དང་ཟགས་དང་བརླག་པ་དངཿ ་བཙོ་དང་རྒོད་དང་གླལ་བ་དངཿ ་འཇིགས་ཤིང་གདུག་དང་རྔམ་པ་དངཿ ་རོལ་པའི་ལོངས་སྤྱོད་རབ་ཏུ་སྤྲུལཿ ་ཀུན་ཀྱང་གདུག་པའི་སེམས་འཆང་ཞིངཿ ་གསོད་གཅོད་ཤག་གཏུབ་ལུས་ཀྱིས་ལསཿ ་ཚིག་རྩུབ་བརླང་བའི་ང་རོར་འབྱིནཿ ་འཁྲོས་པའི་བརྟུལ་ཞུགས་དྲག་པོ་ཡིསཿ ་མ་ལུས་འདུལ་ཞིང་ཚར་གཅོད་པའིཿ ་མངོན་པར་གཅོད་ལ་རབ་ཏུ་བཀོདཿ ་འདི་ལྟར་མཐོང་ཞིང་སྣང་གྱུར་པཿ ་ཀུན་རྫོབ་ཙམ་དུ་སྣང་བ་ལསཿ ་སེམས་ཅན་གཅིག་གི་བ་སྤུ་ལཿ ་ཅུང་ཟད་གནོད་པ་ཡོང་མེད་དེཿ ་རང་གི་རྣམ་རྟོག་བདེ་བར་སྤྱོདཿ ་ངེས་པའི་དེ་ཉིད་ཁོ་ནའོཿ ་ཆོ་འཕྲུལ་ཆེན་པོ་བསྟན་པའི། གླེང་གཞིའི་ལེའུ་སྟེཿ ་དང་པོའོཿ ་།། དེ་ནས་སངས་རྒྱས་ཐམས་ཅད་ཀྱིས། །རྡོ་རྗེ་འཆང་བའི་རྒྱལ་པོ་ཡིསཿ
104.232a
དུས་གསུམ་རྒྱལ་བ་སྲས་བཅས་ཀྱིསཿ ་ཐོག་མ་མེད་པའི་དུས་ཉིད་ནསཿ ་མ་ལུས་བསྟན་པ་བསྲུང་མཛད་པའི། །གསང་བདག་ཆེན་པོར་དབང་བསྐུར་ཕྱིརཿ ་གནོད་སྦྱིན་ལག་ན་རྡོ་རྗེ་འཆངཿ ་ལྔ་བརྒྱའི་གྲོགས་དང་བཅས་པ་ཡིསཿ ་སོ་སོ་གཙོ་ཆེན་མདུན་ཉིད་ནསཿ ་རང་གི་སྟན་ལས་རབ་ཏུ་ལངསཿ ་མངོན་དུ་སྤྱོད་པའི་སྤྲུལ་པ་མཛད། །ཐུགས་ཀྱི་གནས་པའི་ས་བོན་ལས:་ཕྱོགས་བཅུ་ནམ་མཁའི་མཐར་ཐུག་ཀུནཿ ་ལྗང་ནག་རླུང་གིས་རབ་ཏུ་དགྲོགསཿ ་ཁྲག་གི་རྦ་རློང་འཁྲུག་ཅིང་གཡོཿ ་ཤ་རུས་གཏམས་པའི་ས་གཞི་ལས:་བསྐལ་པའི་མེ་རི་རབ་ཏུ་འབརཿ ་བནྡྷ་འབར་བའི་གཞལ་ཡས་ཁངཿ ་གདུག་ཅིང་འཇིགས་སུ་རུང་བ་ནིཿ ་སྟོབས་ཆེན་རྣམས་ཀྱང་ཉེར་མི་སྤྱོདཿ ་ཕྲིན་ལས་མ་ལུས་རྫོགས་མཛད་ལུསཿ ་ཕྱི་ནང་མཐའ་དབུས་ཀུན་ལ་ཁྱབཿ ་བསྟན་ལ་རབ་སྡང་ཕ་རོལ་པོསཿ ་ཕུང་པོ་ཞབས་ཀྱི་གདན་དུ་གཏིངཿ ་འོད་གདན་གཙང་མ་གསུམ་དང་བཅསཿ ་ཆེ་བ་མཆོག་གི་སྐུར་མཛད་དེཿ ་རིག་ཅན་མཐར་གནས་དབུར་མནན་ཅིངཿ ་སྟོང་པ་བཅཝ་བརྒྱད་དག་ཅིང་སྣངཿ ་ཕྱག་གི་དྲེགས་པའི་ལྷ་བརྒྱད་བསྒྲལཿ ་བནྡྷ་ཙིཏྟ་གཡས་གཡོན་བསྣམསཿ ་ཐུགས་ཀྱི་དབང་རྟགས་དང་པོས་གཟུངཿ ་ཐུགས་རྗེ་མི་འགྱུར་མཐིང་ནག་མདོགཿ ་མི་འཇིགས་རིག་པར་མནན་པའི་ཞབསཿ ་བདུད་བཞི་ཕྱོགས་དང་བཅས་པས་གནོནཿ ་མ་ལུས་དབང་དུ་བསྡུད་པའི་ཕྱིརཿ ་རལ་པ་ཁམ་ནག་སྲིད་རྩེར་འབརཿ ་འབར་བའི་སྤྱན་གྱིས་ཁམས་གསུམ་གཟིགསཿ ་གདངས་པའི་ཤངས་ཀྱིས་སྲིད་གསུམ་རྔུབཿ ་ཤངས་ཀྱི་རླུང་སྒྲས་སྟོང་གསུམ་ཁྱབཿ ་རྣོ་དབལ་ཚེམས་ཀྱིས་གདུག་པ་སྒྲོལཿ ་ལྗགས་འདྲིལ་རྐན་སྒྲ་དྲག་པོར་བརྡེབསཿ ་ཁྲོ་གཉེར་འོད་ཀྱིས་དབང་དུ་བསྡུདཿ ་དཔའ་བའི་ཆས་ཀྱིས་རབ་ཏུ་བརྒྱནཿ ་བསྲུང་བའི་ལྷ་རྣམས་སྐུ་ལ་རྫོགསཿ ་སྟོབས་ལྡན་དེ་ཉིད་མཉེས་མཛད་པའིཿ ་འབྱུང་བ་ཆེ་ལ་དབང་བསྒྱུར་མཿ ་དབུ་གསུམ་ཕྱག་དྲུག་ཞབས་བཞི་མཿ ་གྲི་གུག
104.232b
ཏྲི་ཤུལ་བདུད་རྩི་གཡསཿ ་བནྡྷ་ཞིང་ཆེན་གཡང་གཞི་གཡོནཿ ་གཙོ་བདག་ཚུལ་འཛིན་རབ་ཏུ་སྒེགཿ ་དགྱེས་མཛད་རབ་ཏུ་རོལ་པ་ལསཿ ་འདུལ་བྱེད་སྤྲུལ་པ་རབ་ཏུ་འཕྲོཿ ་ཕྱོགས་བཅུ་འཇིག་རྟེན་ཁམས་ཀུན་གྱིཿ ་གཏུམ་པོ་གདུག་པའི་ཚུལ་འཆང་བའིཿ ་དྲག་སྔགས་བདག་པོ་མ་ལུས་ཀུནཿ ་རང་ཉིད་སོ་སོའི་འཁོར་བཅས་པའིཿ ་བརྟེན་དང་གནས་ལ་རེ་རེར་སྣངཿ ་རང་དབང་མེད་པར་འདུད་ཅིང་གཡོཿ [་\ུ0f00]་བཛྲ་སརྦ་དུཥྚཱན་ཨེ་ཀ་ཡ་མ་མ་བྷེ་ར་བྷ་གྲྀཧྞ་ཧཱུཾ་ཕཊ:་བདུད་དང་གཤིན་རྗེ་སྲིན་པོ་དངཿ ་གནོད་སྦྱིན་ལྷ་དང་ལོག་ལྟ་ཅནཿ ་རྨུ་རྗེ་ཆེ་དང་ཕྱི་རོལ་ཕྱོགསཿ ་གདུག་བྱེད་མཁའ་ལ་རྒྱུ་བ་དངཿ ་བྱོལ་སོང་ལྟོས་འགྲོ་ལུས་འཛིན་དངཿ ་ང་རྒྱལ་འཆང་དང་སྤྲུལ་པ་ཅནཿ ་ཐང་ཁོབ་གནས་མཐའ་མ་ལུས་རྒྱུཿ ་ལྷ་བདུད་མི་མ་ཡིན་གྱི་གནསཿ ་ཁ་བ་ཅན་དུ་ཕྱོགས་ཤིང་བསྲེགཿ ་ལས་ཀྱི་ལུས་ཀྱི་ནུས་པ་འབྱིནཿ ་མ་ལུས་པ་རྣམས་ཐམས་ཅད་ཀུནཿ ་ཤུགས་དྲག་རླུང་གིས་བསྐྱོད་པ་བཞིནཿ ་རབ་ཏུ་འདར་ཞིང་མདུན་དུ་གནསཿ ་ཐུགས་རྗེ་བདག་པོས་དགོངས་མཛད་ཀྱངཿ ་གཏུམ་རྔམ་འཇིགས་བྱེད་ཆེན་པོའི་སྐུཿ ་གསང་ཚིག་དྲག་པོ་གསུང་གི་སྒྲསཿ ་མ་ལུས་ཚིམ་པར་བཀའ་སྩལ་པཿ ་ཨེ་མ་འཇིག་རྟེན་ཁམས་ཀུན་གྱིཿ ་དྲག་སྔགས་བདག་པོ་དྲེགས་པ་ཅནཿ ་སྔོན་གྱི་རྡོ་རྗེ་འཆང་ཆེན་དངཿ ་རང་གི་བཀའ་ལས་མ་འདའ་བརཿ ་ཁྱེད་རྣམས་རང་གི་འཁོར་དང་བཅསཿ ་སོ་སོའི་ལུས་དང་བཏགས་པའི་མིངཿ ་རིགས་དང་བརྟེན་དང་བྱེད་པའི་ལསཿ ་སྡེ་དང་ཆ་ལུགས་ལོངས་སྤྱོད་རྣམསཿ ་འཇིགས་བྱེད་གནས་འདིར་མྱུར་དུ་སྟོནཿ ་ཁྱེད་རྣམས་འདི་ལས་འདའ་བྱེད་ནཿ ་ང་ཡི་སྲོག་གི་དམ་ཚིག་གིསཿ ་ཁྱེད་ཀྱི་ལུས་སེམས་སྲོག་དང་བཅསཿ ་མ་ལུས་བསྟན་ནས་བརླག་པར་བྱ་ཞེས་བཀའ་སྩལ་ནསཿ ་དྲག་སྔགས་ཀྱི་ཚོགས་འདི་དག་ཀྱང་བཀའ་སྩལ་ཏོཿ [་\ུ0f00]་སརྦ་དུཥྚཱནྟ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཕཊཿ ་ཡ་མ་རཱ་ཛ་མྲྀ་ཏ་ག་སྱ་མ་མཿ
104.233a
ཀྵེ་ཏ་མཱ་ར་ཡ་ཧྲིང་ཧྲིང་ཛཿ ཛཿ ་དུ་ཕྲག་རཱ་ཛ་དུག་དུན་མ་ཏིང་མཱ་ར་ཡ་ཧྲིང་ཧྲིང་ཛཿ ཛཿ ་རཀྴ་རག་མོ་མ་མ་ར་ཏི་ཀ་མཱ་ར་ཡ་ཧྲིང་ཧྲིང་ཛཿ ཛཿ ་ཡཀྵ་ཨ་པ་སྨ་ར་རཀྴ་མི་རུ་ཤམ་པ་མཱ་ར་ཡ་ཧྲིང་ཧྲིང་ཛཿ ཛཿ ་མ་ཧཱ་དེ་བ་ཤཝ་ར་རཱ་ཛ་མཱ་ར་ཡ་ཧྲིང་ཧྲིང་ཛཿ ཛཿ ་མ་ཏྲངྐ་རུ་ཏྲ་ཀཱ་ལ་མཱ་ར་ཡ་ཧྲིང་ཧྲིང་ཛཿ ཛཿ ་མུན་མུན་པ་ཙ་ཙིཏྟ་མཱ་ར་ཡ་ཧྲིང་ཧྲིང་ཛཿ ཛཿ ་ཏིརྟི་ཀ་མ་ཏེ་མ་ཧཱ་དེ་བ་མཱ་ར་ཡ་ཧྲིང་ཧྲིང་ཛཿ ཛཿ ་བིཥྚུ་བི་ཏྲ་རོཀྟི་ཛ་མཱ་ར་ཡ་ཧྲིང་ཧྲིང་ཛཿ ཛཿ ་ནཱ་ག་རཱ་ཛ་ཀུ་མ་ཙནྡྷ་མཱ་ར་ཧྲིང་ཧྲིང་ཛཿ ཛཿ ་རཱ་ཛ་བྷུ་ལོང་ཨེ་ས་ཡ་མཱ་ར་ཡ་ཧྲིང་ཧྲིང་ཛཿ ཛཿ ་མ་ཧཱ་ཁུ་ལོ་ས་བྷོ་མཱ་ར་ཡ་ཧྲིང་ཧྲིང་ཛཿ ཛཿ ་བཛྲ་སཱ་དྷུཿ ་་་སོ་ཨ་མ་ཙ་མཱ་ར་ཡ་ཧྲིང་ཧྲིང་ཛཿ ཛཿ ་ཨ་བྷི་ཤུ་ཏྲཾ་ལི་མཱ་ར་ཡ་ཧྲིང་ཧྲིང་ཛཿ ཛཿ ་ནརྀ་ཧུར་ཐུམས་ཛཿ ། ཤ་ཏྲུཾ་མཱ་ར་ཡ་རྦད་ཞེས་བརྗོད་ཅིང་སྐུ་འཇིགས་བྱེད་འབར་བ་ནི་སླར་ཡང་འཇིགས་སུ་རུང་བར་བསྟན་ཏོཿ ་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཁམས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཐམས་ཅད་མ་རུངས་པའི་སྒྲ་ཆེན་པོ་དང ། འོད་དང་གློག་འབར་བ་དང་རླུང་གི་ཤུགས་དྲག་པོས་གང་བར་གྱུར་ཏོ། །བདུད་དང་གཤིན་རྗེ་ལ་སོགས་པའི་ཕྱོགས་བཅུའི་དྲེགས་པ་ཅན་རྣམས་ཀྱང་རང་རང་གི་འཁོར་དང་བཅས་ཏེ། རབ་ཏུ་འདུས་ནསཿ ་རང་རང་གི་རིགས་ཀྱི་དྲེགས་པ་དག་ཕུལ་ཏེ། བཅོམ་ལྡན་འདས་ཉིད་ཀྱི་མདུན་དུ་ཉེ་བར་གྱུར་ནསཿ ་བཀའ་རབ་ཏུ་བསྒྲུབ་པར་བརྩོལ་བར་གྱུར་ཏོ། །དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས་བྱིན་བརླབས་ཆེན་པོས་དབང་དུ་བསྡུ་བའི་ལེའུ་སྟེ་གཉིས་པའོཿ ་།། ་་་་་་་་་དེ་ནས་བཅོམ་ལྡན་འདས་ལ་འཇིག་རྟེན་གྱི་ཁམས་ཀྱི་བདུད་ཀྱི་རྒྱལ་པོ་མེའི་ཁ་རླངས་ཅན་ཞེས་བྱ་བཿ ་མདོག་ནག་པོཿ ་ཁ་ནས་མེ་འབར་བཿ ་ལག་ན་ཁྲམ་ཤིང་དང་བདུད་ཞགས་ནག་པོ་ཐོགས་པ། ཞིང་ལྤགས་ཀྱི་གོས་གྱོན་པཿ ་ཡུམ་བདུད་མོ་ནག་མོ་ཁྲག་འཛག་མ་ཞེས་བྱ་བཿ ་ལག་ན་ཁྲམ་ཤིང་དང་ཐོད་པ་རློན་པ་ཐོགས་ཤིང་གོས་སུ་མི་ལྤགས་གྱོན་པཿ ་བདུད་རྟ་ནག་པོ་ལ་ཁྱོ་ཤུག་གཉིས་ཆར
104.233b
ཞོན་ནས། བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདུད་ཀྱི་རིགས་ཀྱི་ལྷའི་ཚོགས་དང་བཅས་ནས་རིངས་པར་ལྷགས་སོ། །དེ་བཞིན་དུ་འཆི་བདག་གཤིན་རྗེ་ཞེས་བྱ་བ། མདོག་ནག་ཐོད་པ་གྲི་གུག་འཛིན:་ཆུང་མ་གཤིན་རྗེ་ཟ་བྱེད་མཿ ་གྲི་གུག་ཐོད་པ་ཕྱག་གིས་འཛིནཿ ་ཁྱོ་ཤུག་ཤིང་ལྤགས་རློན་པ་བགོསཿ ་མ་ཧེ་ཆུ་གླང་ཞོན་ནས་ནི:་གཤིན་རྗེ་ཕོ་མོའི་ཚོགས་དང་བཅསཿ ་འགལ་བྱེད་གཟོར་ཞིང་མྱུར་དུ་ལྷགསཿ ་སྲིན་པོ་གསོད་བྱེད་ཡབ་ཡུམ་ཡངཿ ་མདོག་ནག་ཞིང་གི་ལྤགས་པ་བགོསཿ ་རལ་གྲི་གྲི་གུག་གཡས་ཀྱིས་བཟུངཿ ་གཡོན་གྱིས་མི་མགོ་ཐོད་ཁྲག་ཐོགསཿ ་སྟག་དང་སེང་གེ་ཞོན་པ་སྐྱོདཿ ་སྲིན་པོའི་ཚོགས་བཅས་མྱུར་དུ་འཁོདཿ ་གནོད་སྦྱིན་གང་བ་བཟང་པོ་དངཿ ་ཆུང་མ་ཤ་ཟ་རལ་ཅིག་དང་:་མཐིང་ནག་མགྱོགས་བྱེད་རྟ་ལ་ཞོནཿ ་ཞིང་ལྤགས་གྱོན་ཏེ་ཕྱག་གཉིས་ཀྱིསཿ ་རལ་གྲི་དར་ནག་ཞིང་ལྤགས་བཟུངཿ ་གནོད་སྦྱིན་ཚོགས་དང་བཅས་ཏེ་འཁོད། །དྲག་སྔགས་བདག་པོའི་སྡེ་དཔོན་ཏེཿ ་ཤར་ལྷོ་ནུབ་བྱང་ཕྱོགས་དག་གིསཿ ་གནས་སུ་གཙོ་ལ་འདུད་ཅིང་འཁོདཿ ་དབང་ཕྱུག་ཆེན་པོ་ཞེས་བྱ་བཿ ་འཇིག་རྟེན་ལྷ་ཡི་སྔགས་དག་གིསཿ ་དཀར་པོ་བ་དན་ཤེལ་གྲི་ཐོགསཿ ་དར་དཀར་གོས་ཅན་གནམ་རུ་ཞོནཿ ་དྲེགས་པ་ལྷ་ཡི་བདུད་འཁོར་བཅསཿ ་རིངས་པར་བཅས་དེ་ཤར་ཕྱོགས་འཁོདཿ ་ཐར་པ་ནག་པོ་ཞེས་བྱ་བཿ ་མདོག་ནག་མཆོད་གཏོར་དུག་ཐུན་འཛིནཿ ་དོམ་ནག་ཞོན་ཏེ་ཞིང་ལྤགས་བགོསཿ ་སྡེ་དང་བཅས་ཏེ་ལྷོ་ཕྱོགས་འཁོདཿ ་རྨུ་རྗེ་ནག་པོ་ཞེས་བྱ་བཿ ་དར་ནག་དང་ནི་ཞགས་པ་ཐོགསཿ ་བེར་ནག་གྱོན་ཏེ་རྨུ་རྟ་ཞོནཿ ་རང་གི་སྡེ་དང་ནུབ་ཕྱོགས་འཁོདཿ ་མུ་སྟེགས་ནག་པོ་ཆེན་པོ་ཡངཿ ་ཁ་ཊྭཱཾ་དང་ནི་ཏྲི་ཤའུལ་བཟུངཿ ་མི་ལྤགས་བགོས་ཞིང་མ་ཧེ་ཞོནཿ ་རང་གི་སྡེ་བཅས་བྱང་དུ་འཁོདཿ ་ཁྱབ་འཇུག་རོག་ཏི་ཞེས་བྱ་བཿ ་མཐིང་ནག་ཁྲམ་ཤིང་དགྲ་སྟ་འཛིནཿ ་སྤྲིན་ནག་བགོས་ཤིང་འབྲུག་སྔོན་ཞོནཿ ་གཟའ་བདུད་འཁོར་བཅས་སྟེང་ཕྱོགས་འཁོདཿ ་ཀླུ་རྒྱལ་སོག་མ་མེད་ཞེས་པཿ ། །གོས
104.234a
ནག་སྦྲུལ་ལྤགས་ན་བཟའ་ཅནཿ ་བུམ་པ་དང་ནི་རུས་སྦལ་འཛིནཿ ་ཆུ་སྲིན་ཞོན་ཏེ་ཀླུ་ཚོགས་བཅསཿ ་འོག་གི་ཕྱོགས་སུ་འཁོད་ཅིང་འདུག་།གཞན་ཡང་ལི་བྱི་ལག་དགུ་དངཿ ་ཐེ་སེ་གཙོ་དང་ཡམ་ཤུད་ཀྱིཿ ་སོ་སོའི་སྔགས་ཀྱི་བདག་པོ་དག་།དཀར་སེར་དམར་སེར་མདོག་ལྡན་ཞིངཿ ་ཤེལ་གྲི་ཐོགས་ཤིང་ལག་དགུ་འགྱེདཿ ་དར་དམར་མདུང་རིངས་ལག་གིས་འཛིནཿ ་རྟ་དཀར་བྱ་རྒོད་ར་སྐྱེས་དངཿ ་རྟ་དམར་ཞོན་ཏེ་ཞིང་ལྤགས་བགོསཿ ་སོ་སོའི་སྡེ་དང་གཡོག་བཅས་ཤིང ། །ཕྱོགས་ཀྱི་སྒོ་བཞིར་གནས་བཅས་འཁོདཿ ་གཞན་ཡང་ལྷ་ཀླུ་གནོད་སྦྱིན་དངཿ ་མ་མོ་གཤིན་རྗེ་སྲིན་པོ་བདུད། །རུ་ཏྲ་མུ་སྟེགས་འགོང་ཐེ་དངཿ ་གིང་རྨུ་གཟའ་དང་རྒྱན་བྲན་སྨནཿ ་སྣང་སྲིད་ལྷ་སྲིན་དྲེགས་པ་ཅནཿ ་དེད་དཔོན་ཆེན་པོ་རྣམས་ཀྱི་འཁོརཿ ་ཕྱི་དང་ནང་དང་གསང་བ་དང ། །ཡང་གསང་དང་ནི་དྲག་པོ་དང ། བཏགས་ཤིང་ཆགས་པ་སྨྲས་པ་དང ། ལས་བྱེད་ཤན་པ་ཐོར་ཤོད་དངཿ ་ཆེ་གྲགས་རྩལ་དང་མ་མོ་དངཿ ་མུན་ཐིབས་སྟོང་འཁྲུགས་སྲོག་གཅོད་དངཿ ་གླེན་ཞིང་དབང་ཆེ་ལ་སོགས་རྣམསཿ ་བཅོམ་ལྡན་རྡོ་རྗེ་འཆང་བ་ཡི། །བཀའ་བཞིན་རྗེས་སུ་སྒྲུབ་བྱེད་པསཿ ་མ་ཐོགས་དུར་ཁྲོད་གནས་ཆེན་དུཿ ་འདར་ཞིང་མྱུར་བའི་ཤུགས་དང་བཅསཿ ་རང་གི་ནུས་པ་རབ་བསྟན་ཏེཿ ་བཀའ་ཉན་གསུང་སྡོད་རྗེས་འབྲངས་གནསཿ ་དེ་ལྟར་འཁོད་པའི་འཇིག་རྟེན་པའི་དྲེགས་པའི་བདག་པོ་སྔགས་ཀྱི་སྟོབས་དང་ལྡན་པ་དེ་དག་གིས། རང་རང་གི་འཁོར་དང ། རིགས་ཀྱི་སྡེ་དང ། མཐུ་དང ། ལོངས་སྤྱོད་ཀྱི་ཁྱད་པར་དག་ཀྱངཿ ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བསྟན་ནས། འདི་སྐད་ཅེས་ཀྱང་གསོལ་ཏོ། །བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོཿ ་བདག་ཅག་ལ་སོགས་པ་འཇིག་རྟེན་གྱི་ཁམས་ན་གནས་པའིཿ ་མ་རུངས་པའི་ཚོགས་གདུག་པ་ཅན། སྡང་བ། གནོད་པ་དང ། ཤུགས་པ་དང ། འཚེ་བ་དང་རྩོད་པའི་བསམ་པ་དང་ལྡན་ཞིང ། བྱམས་པ་དང ། སྙིང་རྗེ་དང ། ཕན་པའི་སེམས་སྐྱེ་བར་མི་ནུས་པ་རྣམས་ཀྱིས་ཏེཿ
104.234b
རང་རང་གི་ཁམས་དང ། བྱེད་པ་དང ། རིགས་དང ། ལས་ཀྱི་བྱ་བ་དང ། རྟེན་དང ། ནུས་པ་དང ། དབང་གི་ཁྱད་པར་དག་དང ། འཐུན་པའི་བསྟན་པ་མི་བཟད་པ་སྟོབས་དང་ལྡན་པ་དག་བཀའ་སྩལ་པར་གསོལ་ཞེས་གསོལ་ཏོ། །དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས་ཚོགས་ཀྱི་དཀྱིལ་འཁོར་རབ་ཏུ་བཀོད་པའི་ལེའུ་སྟེ་གསུམ་པའོཿ ་།། ་་་་་་་དེ་ནས་རྡོ་རྗེ་འཛིན་པ་ཡིསཿ ་སྐུ་ཡི་ཆེ་བ་རབ་སྟོན་ཅིངཿ ་གསུང་གི་སྙིང་པོས་གནད་སྐུལ་ཏེཿ ་ཐུགས་ཀྱི་དགོངས་པ་གཙོར་མཛད་ནསཿ ་འཇིག་རྟེན་དྲེགས་པ་ཅན་དང་མཐུ་སྟོབས་ཅནཿ ་འདུས་པའི་འཁོར་ལ་བཀའ་སྩལ་པ། །ཧཱུཾ་འཇིག་རྟེན་དྲེགས་པའི་ཚོགས་ཆེན་རྣམསཿ ་ངའི་བཀའ་བཞིན་ཉན་པར་བགྱིཿ ་ང་ནི་ཆོས་སྐུ་བདེ་ཆེན་ཏེཿ ་ཡེ་ནས་མ་བཅོས་ལྷུན་གྱིས་གྲུབཿ ་སྣང་བའི་སྐུ་ལ་དངོས་པོ་མེད། །ཡེ་ཤེས་སྐུ་སྟེ་སྐུ་ཡི་མཆོག་།ང་ནི་སྔགས་གསུང་མཐུ་ཆེན་ཏེཿ ་ཡེ་ནས་ཐ་སྙད་སྒྲ་དང་བྲལཿ ་བརྗོད་པའི་གསུང་ལ་འཛིན་པ་མེད། །མ་འགགས་གསུང་སྟེ་གསུང་གི་དཔལཿ ་ང་ནི་བདེན་པའི་ཐུགས་མཆོག་སྟེ། །ཡེ་ནས་མཚན་མེད་ཡང་དག་བྲལཿ ་གཉིས་མེད་ཐུགས་ལས་རྩོལ་བ་མེད། །སྐྱེ་མེད་ཐུགས་ཏེ་ཐུགས་ཀྱི་དཔལ། །ང་ནི་ཡོན་ཏན་ཚོགས་ཆེན་ཏེ། །ལྷུན་གྱིས་གྲུབ་ཅིང་བསམ་མི་ཁྱབཿ ་སྨོན་མེད་དགོས་པ་མ་ལུས་འབྱུངཿ ་དངོས་གྲུབ་ཆེན་པོ་བསྐྱེད་པའི་གཞིཿ ་ང་ནི་ཕྲིན་ལས་མཛད་པའི་སྟེཿ ་ཡོངས་རྫོགས་བརྩོན་པའི་བདག་ཉིད་ཅནཿ ་ཞི་རྒྱས་དབང་དང་མངོན་དུ་སྤྱོདཿ ་སྣ་ཚོགས་གཞན་དོན་ལྷུན་གྱིས་རྫོགསཿ ་འཇིག་རྟེན་སྔགས་བདག་དྲེགས་པ་ཅནཿ ་གཙོ་ཆེན་དབང་སྒྱུར་ཁྱེད་རྣམས་ཀྱངཿ ་ང་དང་དུས་གསུམ་སངས་རྒྱས་ཀྱིཿ ་ཐུགས་དང་ཡེ་ཤེས་གཉིས་སུ་མེདཿ ་གསུང་དང་དབྱེ་བ་ཡོད་མ་ཡིནཿ ་སྐུ་ལ་སོ་སོར་མི་བལྟ་སྟེཿ ་ཡོན་ཏན་མཉམ་པ་ཉིད་དུ་རྫོགསཿ ་ཕྲིན་ལས་གཅིག་ཏེ་ཐུན་མོང་བསྒྲུབཿ ་ཐོག་མ་མེད་ནས་ད་ལྟའི་བརཿ ་ཉོན་མོངས་ལས་ཀྱི་རྒྱུ་འབྲས་ཀྱིསཿ ་གནས་ངན་ལེན་གྱི་ཕུང་པོར་སྨིནཿ
104.235a
ང་རྒྱལ་དྲེགས་པའི་ལུས་ངག་སེམསཿ ་སྟོབས་དང་ནུས་པ་དཔག་མེད་རྫོགསཿ ་ཆེ་བཙན་དབང་ཕྱུག་ལྡན་གྱུར་ཀྱངཿ ་ཡང་དག་ངེས་པའི་དོན་མ་རྟོགསཿ ་དོན་དམ་བདེན་པ་ཁོང་མ་ཆུདཿ ་སྤྲོས་བྲལ་དགེ་ལ་བློ་མ་ཕྱོགསཿ ་རང་རིག་རྒྱལ་བའི་སྟོབས་མ་སྙེདཿ ་སྐྱེ་མེད་དབྱིངས་ཀྱི་རྩལ་མ་ཤརཿ ་བདེ་ཆེན་གནས་ཀྱི་གདེང་མ་ཐོབཿ ་མཚོན་མེད་བཅུད་ཀྱི་རོ་མ་མྱོངཿ ་ཆོས་ཉིད་སྐུའི་གཟུགས་མ་མཐོངཿ ་ཡེ་ཤེས་གློང་གི་སྒོ་མ་ཕྱེདཿ ་དེ་བས་རིགས་ཀྱི་བུ་རྣམས་ཀྱིསཿ ་རང་གི་གནས་ལ་རབ་ཏུ་རྟོགསཿ ་ལུས་ལ་བདག་ཏུ་ཡོང་མ་འཛིནཿ ་ངག་ལ་བརྗོད་པར་མ་སྨྲ་ཅིགཿ ་སེམས་ལ་དངོས་པོར་གང་མ་རྟོགཿ ་གནས་ཡུལ་རིགས་ཁམས་སྡེ་དང་དཔུངཿ ་བརྟེན་རྫས་ལོངས་སྤྱོད་དབང་སྐལ་རྣམསཿ ་ང་དང་ང་ཡིར་གཟུང་བྱ་མིནཿ ་ཐུན་མོང་དང་ནི་ཐ་དད་ཅིགཿ ་དེ་དག་མ་ལུས་སྟོང་པ་སྟེ། །སྟོང་པ་ཉིད་ཀྱང་དེ་དག་གོཿ ་དེ་ལས་གུད་ན་གཞན་མེད་དེཿ ་གཞན་ལས་གུད་ནའང་དེ་མེད་ཅིངཿ ་མ་སྐྱེས་མ་འགགས་མཚན་ཉིད་མེདཿ ་མ་ཕྲི་མ་བསྣན་མ་སླད་ཅིངཿ ་མ་བཅོས་མ་སྒྱུར་མ་བྱུང་ལཿ ་མ་སྐྱེས་མ་བསྒྲུབས་མ་བཤད་པའིཿ ་དོན་ཆེན་དེ་ནི་རང་ཉིད་ལསཿ ་ཕྱི་ནང་སྔ་ཕྱི་སྟེང་དང་འོགཿ ་ཕྱོགས་མཚམས་འཁོར་འདས་ལུས་དང་སེམསཿ ་ཀུན་ནས་རྙེད་པ་མ་ཡིན་ཏེཿ ་འདི་ན་འང་ཡོད་པ་མ་ཡིན་ནོཿ ་ཤ་ཁྲག་ལྤགས་དང་རུས་པ་དངཿ ་སྙིང་དང་གློ་བ་སྣོད་རྣམས་དངཿ ་དབང་པོ་ཡན་ལག་བཅས་པ་ལཿ ་བདེ་ཆེན་དམ་པ་དེ་མི་གནསཿ ་དེ་ལས་གཞན་ནའང་གནས་མིན་ཏེཿ ་གནས་མ་གྲུབ་ལ་གནས་ཞེས་བརྗོདཿ ་གནས་ཡོད་མཉམ་ན་དེར་རྟོགས་ཤིགཿ ་་ཇི་འདྲ་ཅི་ཞིག་ཇི་ལྟ་བུཿ ་གང་ནས་འོངས་ཤིང་གང་དུ་སོངཿ ་གང་ན་འདུག་ཅིང་ཅི་ཞིག་བྱེདཿ ་དབྱིབས་དང་ཁ་དོག་མིང་དང་མཚནཿ ་རིགས་དང་ཁམས་ལ་རབ་ཏུ་རྟོགསཿ ་དེ་ལ་དེ་ཡིས་དེར་ལྟས་པས། །འཐོང་བ་མེད་པ་བལྟ་བ་ཡིཿ ་གང་ལ་གང་གིས་གར་བསྒོམས་པསཿ ་བསྒོམ་དང་བྲལ་ལ་སྒོམ་ཞེས་བྱཿ ་ཅི་ལ་སུ་ཞིག་སྤྱིར་སྤྱོད་པསཿ ་སྤྱོད་དགུ་མི་གནས
104.235b
སྤྱོད་པ་ཆེཿ ་སུ་ལས་སུས་ཐོབ་ཅི་བསྒྲུབས་པསཿ ་མ་གྲུབ་རང་གནས་འབྲས་བུ་སྟེཿ ་མ་ལུས་མེད་ཅིང་རྣམ་པ་ཡིཿ ་ཡོན་ཏན་ཡོངས་རྫོགས་དབང་ཕྱུག་གོཿ ་ཞི་དང་རྒྱས་དང་མངོན་དུ་སྤྱོདཿ ་དབང་དུ་བསྡུ་བ་ཕྲིན་ལས་ཡིནཿ ་རང་ལ་རྫོགས་ཞིང་རང་གིས་གྲུབཿ ་ཐག་ཆོད་པ་དང་བསྟན་པ་དངཿ ་ཚད་ལྡན་མཐར་ཕྱིན་ལ་བཟླ་དངཿ ་འདས་དང་མ་འདས་སྟོན་པ་དངཿ ་བཤད་དང་ཉན་དང་བསྡུད་པ་དངཿ ་གནས་དུས་ཡོན་ཏན་སྐྱོན་རྣམས་ནིཿ ་རང་གི་དེ་ཉིད་རྟོགས་པས་འགྲུབ་ཞེས་བཀའ་སྩལ་ཏོཿ ་དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས་དོན་དམ་པའི་གནས་ཉེ་བར་བསྟན་པའི་ལེའུ་སྟེཿ ་བཞི་པའོ:་:་དེ་ནས་རྡོ་རྗེ་འཛིན་པ་ཡིསཿ ་དགོས་པ་ཆེན་པོ་འདི་གསུངས་ཏེ:་ཡེ་ནས་མ་བྱུང་མ་སྐྱེས་པའིཿ ་ཆོས་ཉིད་དོན་གྱི་སྙིང་པོ་ནིཿ ་གཟུང་འཛིན་མཐའ་བྲལ་དོན་རྟོགས་ཏེཿ ་ང་བདག་འཛིན་པའི་རྣམ་རྟོག་གིསཿ ་དྲེགས་ཤིང་གཟིར་བའི་རུ་ཏྲ་དེཿ ་མ་སྒྲལ་བ་ནི་ཉེས་པ་སྟེཿ ་ཐབས་དང་ཤེས་རབ་སྙིང་རྗེ་གསུམཿ ་འཐུན་ཞིང་འཚུངས་ལྡན་སྲས་ཀྱིས་སྒྲལཿ ་དམ་པའི་དོན་དེ་མ་རྟོགས་པརཿ ་དངོས་པོར་སྤྱད་པས་འཁོར་བར་ལྟུངཿ ་མཁས་རྟོགས་ལྡན་པས་སྤྱད་པ་ཡིསཿ ་འཕགས་པ་མཉེས་ཤིང་སེམས་ཅན་སྒྲོལཿ ་ཚོགས་གཉིས་རྫོགས་ཏེ་སྐུ་གསུམ་ཐོབཿ ་རྣམ་རིག་མཐོང་བས་ལ་ཐག་གཅདཿ ་བརྟུལ་ཤུགས་དྲག་པོས་བསྒྲུབ་པ་བརྩམཿ ་དབང་དུ་བསྡུ་དང་གདུལ་བའི་ཕྱིརཿ ་འཇིག་རྟེན་ལས་ཀྱིས་བསྡུས་པའི་རྒྱུདཿ ་ང་དང་སྟོན་པ་རྣམས་ཀྱིས་བཤདཿ ་ཆོས་དབྱིངས་རང་གནས་དུར་ཁྲོད་དུཿ ་རིག་པ་འཛིན་པ་རྣམས་ཀྱིས་ནིཿ ་སངས་རྒྱས་བསྟན་པའི་དོན་དུ་བསྡུདཿ ་སྙིགས་མ་རབ་ཏུ་བདོ་བའི་དུསཿ ་བསྡོད་ཅིང་གཙུགས་ལས་ལྟོས་པའི་ཆོསཿ ་སྐྱོན་དང་ཡོན་ཏན་ཚུལ་དུ་འབྱུངཿ ་བསྟན་པ་འཇིག་བྱེད་ལས་ངན་ཅནཿ ་དྲག་སྔགས་སྟོབས་ཀྱིས་བསྒྲལ་བྱས་ནསཿ ་་རྫོགས་པའི་སངས་རྒྱས་ཐོབ་པར་འགྱུརཿ ་དཀྱིལ་འཁོར་གནས་པའི་བརྟེན་ཡིན་ནོཿ ་ལྷ་དང་སྔགས་དང་ཏིང་ངེ
104.236a
འཛིནཿ ་རྫས་རྣམས་རྒྱུ་དང་རྐྱེན་དུ་འགྱུརཿ ་ལིང་ག་ཉའོ་དམིགས་པའི་བརྟེནཿ ་མིང་རུས་བྱང་བུས་རྣམ་ཤེས་དངཿ ་བླ་ཚེ་འཁོར་བའི་བརྟེན་ཡིན་ཏེཿ ་འགུགས་འདྲེན་གྱིས་ནི་དེ་དག་འགུགསཿ ་ཕོ་ཉས་ལས་ཀུན་བསྒྲུབ་པར་བྱེདཿ ་སྔགས་དང་རྫས་ཀྱི་དཔལ་སྐྱེད་ཅིངཿ ་ཐུན་རྫས་རྣམས་ཀྱི་མྱོས་པ་དངཿ ་རེངས་ལྐུགས་མཚོན་འབེབས་བརྡུལ་དུ་ལྷོགསཿ ་ནད་དུ་འབེབས་ཤིང་སྙིང་ནས་འདྲནཿ ་ལྷ་དང་འབྱེད་ཅིང་རྩ་བ་གཅོདཿ ་བྱང་ཆུབ་སེམས་ཀྱི་དངོས་པོ་ནིཿ ་དོན་པོ་ཁྲག་གི་ལན་བུའི་མགོཿ ་ཀུན་གཞི་ཏིལ་འབྲུ་ཙམ་ཞིག་གནསཿ ་རྩ་བ་རླུང་གནས་འདྲ་བས་ཏེཿ ་ཕུར་པ་མེ་སྦལ་ལྟ་བུ་ཡིསཿ ་བསྡུད་ཤིང་བསྲེགས་ཏེ་གཅད་པ་ཡིསཿ ་དམིགས་པ་བརྟེན་དང་བྲལ་བར་བྱསཿ ་བཀྲགས་དང་གཟི་མདངས་རང་ལ་འདུསཿ ་ཕྲིན་ལས་རྣམ་གཞིས་གཟིར་བ་ལཿ ་དགེ་སྡིག་ངོ་བོ་ཉིད་དུ་མཉམཿ ་ལྟ་སྤྱོད་ལྡན་པས་ཞིང་བཅུས་ཏེཿ ་ཕ་རོལ་བླ་མེད་གནས་སུ་བསྒྲལཿ ་བར་མ་དོའི་རྣམ་ཤེས་ནིཿ ་ཧཱུཾ་དང་ཕཊ་ཀྱི་འཕྲོ་འདུ་ཡིསཿ ་སྦྱང་དང་སྤར་བའི་ལས་རྣམས་བྱཿ ་ཕྱོགས་བཅུ་རྒྱལ་བའི་སྲས་སུ་བསྐྱེདཿ ་ཕུང་པོ་ལྷག་མ་ཙམ་ཉིད་ནིཿ ་རྟེན་གསུམ་གྱི་ནི་རབ་ཏུ་སྦྱངཿ ་ཆོས་སྐུའི་གཟུགས་བརྙན་བསྟན་པར་བྱཿ ་འདིས་ནི་ཕ་རོལ་བླ་ན་མེདཿ ་སྤྲུལ་པ་དུས་གསུམ་སངས་རྒྱས་དངཿ ་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཡིཿ ་སྤྱོད་པ་རླབས་ཆེན་སྤྱད་པའོ་ཞེས་བཀའ་སྩལ་ཏོཿ ་དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས་སྒྲོལ་བ་ཏིང་ངེ་འཛིན་གྱི་དམིགས་པའི་ལེའུ་སྟེཿ ་ལྔ་པའོ:་:་་དེ་ནས་རྡོ་རྗེ་འཛིན་པ་ཡིསཿ ་ལས་ཀྱི་བྱེ་བྲག་འདི་གསུངས་ཏེཿ ་ཐོག་མར་འདི་ལ་བཤིས་པའི་གནསཿ ་དུར་ཁྲོད་ཆུ་གླིང་རི་ཡི་སུལཿ ་ཁྲོས་ཤིང་གདུག་པའི་གནས་དེ་རུཿ ་རབ་ཏུ་མནག་ཅིང་རྡེང་ལྡན་པསཿ ་དམ་ཚིག་ལྡན་པའི་སྒྲུབ་པོ་སྟེཿ ་ཡོངས་སུ་རྫོགས་པའི་སློབ་མ་ཡིསཿ ་སྔོན་དུ་བླ་མ་མཉེས་བྱས་ཤིངཿ ་ལྷག་པའི་ལྷ་ཉིད་སྟོབས་དང་ལྡནཿ ་རྡོ་རྗེ་འཛིན་པ་ཧེ་རུ་ཀཿ ་ཉེ་དང་ལྡན་པ་གཉིས་སུ་མེདཿ
104.236b
ཚད་དང་ལྡན་པར་འགྱུར་བ་སྟེཿ ་ཡང་དག་ངེས་པའི་བརྟགས་མཐོང་ནསཿ ་རབ་ཏུ་འབད་པར་བྱ་བ་ནིཿ ་སྨིན་འབྱོར་གདུག་ཅིང་ཤིས་པའི་སཿ ་ལས་ལ་མངག་པ་དེ་དག་ལཿ ་དྲེགས་པ་གཙོ་འཁོར་དམིགས་པའི་བརྟེནཿ ་འདོམ་གང་ལ་སོགས་ཚད་དང་ལྡནཿ ་ལྟེ་བ་ལས་ནི་འཁོར་ལོའི་རྩིབསཿ ་བཞི་འམ་དྲུག་གམ་བརྒྱད་དུ་འགོདཿ ་བར་ཁྱམས་ཕྱོགས་གཞིར་སྒོ་བཞིར་བཅསཿ ་རིམ་པ་གསུམ་གྱི་ཐོད་ཕྲེང་ལྡནཿ ་རང་གི་རིགས་ལ་སྔགས་པ་ཡིཿ ་དབྱིབས་དང་ཁ་དོག་རྒྱན་དང་བརྟགསཿ ་ཐམས་ཅད་ལྡན་པ་ཉིད་དུ་བྱཿ ་དྲེགས་པ་ཅན་རྣམས་སྐུ་ཡི་བརྟེནཿ ་བྲིས་སམ་རྐོས་སམ་བརྩིགས་པ་དགཿ ་རང་གི་གནས་སུ་མཛེས་པར་དགོདཿ ་གསུང་གི་སྙིང་པོ་འང་དེ་བཞིན་ནོཿ ་ཐུགས་རྟེན་རང་རང་ཕྱག་ཆ་འམཿ ་སྔོན་ནས་བསགས་པའི་རྫས་ཡིན་ནོཿ ་རང་སྔགས་བསགས་པའི་འཁོར་ལོ་དངཿ ་འཐུན་གཟུགས་སྲོག་གི་རྒྱལ་མཚན་རྣམསཿ ་ནང་དུ་མཚོན་པའི་བརྟེན་དུ་གཟུགསཿ ་དེ་དག་ཙིཏྟ་སོ་སོ་རུཿ ་དམིགས་པའི་སྙིང་པོ་དྲིལ་ཏེ་བཞུགསཿ ་གསང་ཞིང་སྦས་པའི་རྟེན་དུ་འགྱུརཿ ་དེ་ཡི་བྱང་ཤར་ཕྱོགས་མཚམས་སུཿ ་ང་ཡི་སྔར་བཤད་རྒྱུ་ཉིད་ལཿ ་ཨེ་དབྱིབས་བཞི་དང་བརྒྱད་བཅུ་གཉིསཿ ་ཁྲུ་གང་འཛུབ་གང་མཐུར་དུ་བརྐོཿ ་གདུག་ཅིང་དྲག་པོའི་རྫས་ཀྱི་བྱུགཿ ་གདུག་ཅིང་བསྲེག་པའང་དེ་ཡིས་སོཿ ་དེ་ཉིད་དགོད་པའི་རྫས་རྣམས་ནིཿ ་རྒྱུད་མེད་གཟུགས་ངན་ཀ་པཱ་ལཿ ་སེང་ལྡེང་གསེར་ཤིང་ཡན་ལག་སྐྱེསཿ ་དཔལ་ལྡན་དྲག་པོའི་ཕུར་པ་དངཿ ་ཤེལ་ནག་གནམ་རུ་གནག་པོ་དངཿ ་གི་ལིང་དཀར་དང་གདོང་དམར་དངཿ ་ཟླ་མི་ཅིག་དང་སྲིད་ཤིང་དངཿ ་ཙ་ར་ཀ་དང་འགྲིན་སྙན་དངཿ ་ས་སྤྱོད་ཆུ་སྤྱོད་རྣམས་ཀྱི་ལུསཿ ་ཕྱི་དང་བར་དང་གསང་བས་བརྒྱནཿ ་བསྲེགས་ཆེན་སྤྱིའི་མཉེས་པའི་རྫསཿ ་རྒྱན་ལྡན་གཟུགས་དང་རྔ་གླིང་སྒྲསཿ ་བསུང་ཆེན་དྲི་དང་ཤ་ཁྲག་རོཿ ་ཚ་རྩུབ་རེག་དང་འབྲུ་བཅུད་བཤོསཿ ་ཤ་ཆེན་དམ་རྫས་བདུད་རྩིའི་ཚོགསཿ ་རབ་ཏུ་སྟར་ཞིང་འབད་པས་སྦྱརཿ ་དཔའ་ཞིང་བརྟུལ་ཕོད་སྐྱེས་བུ་ཡིསཿ ་ངའི་སྔོན
104.237a
གྱི་ཕྲིན་ལས་བཞིནཿ ་ཁྲོ་ལ་ཁྲོས་པས་ཞི་མཛད་དེཿ ་ཐ་མས་གནས་པའི་འབྱུང་ཆེན་ལྔཿ ་དྲག་པོ་སྔགས་ཀྱི་འབྱུང་བར་བསྒོམཿ ་ཀེང་རུས་འབར་བའི་རི་རབ་བམཿ ་དུར་ཁྲོད་འཇིགས་པའི་གཞལ་མེད་ཁངཿ ་བན་ད་གནས་རིགས་གསུམ་གྱི་བརྩིགསཿ ་ཏི་ར་གསར་རྙིང་ཚོགས་ཀྱིས་གཏམསཿ ་རག་ཏ་དམར་པོ་བྲུབ་ཅིང་འབབཿ ་ཚིལ་ཆེན་དུད་པ་འཁྱིལ་ཞིང་འཕྱུརཿ ་དབང་པོ་དོན་སྙིང་འཕྱོ་ཞིང་འབྲུལཿ ་བདུད་རྩི་བཤང་གཅི་དྲི་བསུང་ལྡནཿ ་ཡན་ལག་ཉིང་ལག་རྐང་ཞིང་རྙིལཿ ་ཤུན་དང་ལྤགས་པ་བརྒྱངས་ཤིང་འཕྱརཿ ་ཕྱོགས་བཞི་མཚམས་དང་སྟེང་དང་འོགཿ ་བཅུས་དང་འཕྱང་བ་བསྐུམ་དང་བརྒྱངསཿ ་རྒྱལ་མཚན་དང་ནི་ཟ་ར་ཚགསཿ ་བ་དན་བླ་བྲེས་ལྷབ་ལྷུབ་དངཿ ་ཕུར་པ་དང་ནི་ལྟབ་མ་དངཿ ་ཡོལ་ཀོ་ཀ་མ་ལ་རྟམས་ནིཿ ་རབ་ཏུ་མཛེས་པའི་རྒྱན་གྱིས་བརྒྱནཿ ་གཞལ་ཡས་འབར་བ་དེ་འདྲ་བཿ ་རབ་ཏུ་སྔགས་པ་འདི་ལས་བཤདཿ ་དྲེགས་པའི་བདག་པོ་ཡུམ་དང་བཅསཿ ་སྦྱོར་ཞིང་དགོས་པ་དེ་ཉིད་ཀྱིསཿ ་བདག་གི་རང་བཞིན་ཡོངས་སུ་བསྐྱེདཿ ་འཕྲོ་དང་ཆས་ཀྱི་ཁྱད་པར་དངཿ ་བསྡུ་དང་རང་གི་གནས་སུ་བརྟགཿ ་སྐུར་གྱུར་གང་གི་མཚན་ཉིད་ངོ་བོ་དངཿ ་བྱང་ཆུབ་སེམས་ཀྱི་བྱ་བ་ཡིསཿ ་ཡུམ་དང་བཅས་པ་ཡོངས་སུ་རྫོགསཿ ་དེ་ཡི་ལས་ཀྱང་སྔར་བཞིན་དུཿ ་རྒྱལ་མཛད་རང་གི་ཕྱག་རྟེན་དུཿ ་དམིགས་པ་མྱུར་ལྷགས་དེ་ཡི་འཁོརཿ ་བདུད་དང་གཤིན་རྗེ་སྲིན་པོ་དངཿ ་གནོད་སྦྱིན་དྲགས་པོའི་ཀླུ་དང་ལྷཿ ་རང་རང་ཆུང་མར་བཅས་པ་དགཿ ་ངས་བཤད་བཞིན་དུ་འཇིགས་པར་བསམཿ ་སྒོ་བཞིར་གནས་པ་དེ་དག་སྟེཿ ་ལྷ་དང་མ་མོ་རྒྱལ་པོ་གིངཿ ་བཙན་འགོང་རྨུ་དང་མུ་སྟེགས་དངཿ ་རང་གི་སྡེ་དང་དཔུང་དུ་བཅསཿ ་མ་ལུས་དྲེགས་པ་ཅན་གྱི་ཚོགསཿ ་འདི་ལས་རབ་བརྗོད་གང་ཡིན་པཿ ་དེ་ཉིད་དུ་ནི་གསལ་བར་བྱཿ ་ང་ཡི་སྐུ་དང་གསུང་དང་ཐུགསཿ ་ཡེ་ཤེས་རིགས་ཀྱི་དབང
104.237b
བསྐུར་ཞིངཿ ་བྱིན་གྱིས་བརླབས་ནས་རྒྱས་བཏབ་སྟེཿ ་དེ་ལ་རང་བཞིན་གནས་པ་སྟིམཿ ་ཡོངས་རྫོགས་སྐུ་ཡིས་བསྟན་པ་བསྒྲུབཿ ་ཕྱག་འཚལ་མཆོད་པ་འབུལ་ཞིང་བསྟོདཿ ་རབ་ཏུ་མཉེས་པ་རྒྱ་ཆེར་བྱཿ ་ཕྱི་དང་ནང་དང་གསང་བ་ཡིསཿ ་བསྡུ་དང་སྦྱོར་དང་སྒྲོལ་བ་དངཿ ་གནས་དང་རིང་དང་རིམ་པ་དངཿ ་བསྐྱེད་དང་དབབ་པ་མཉེས་པ་ཡིཿ ་གནས་ལུགས་ལྷུན་གྲུབ་མ་བཅོས་པསཿ ་དྲག་སྔགས་རོལ་པ་མ་འགགས་སྤྱོདཿ ་རང་གི་ལས་ལ་སྦྱར་བ་ནིཿ ་བདུད་ཀྱི་ཁྲམ་དང་གཤིན་རྗེའི་ལྟོཿ ་སྲིན་པོའི་དམར་དང་གནོད་སྦྱིན་བྱདཿ ་ལྷ་ཡི་ཆང་དང་མ་མོའི་རིམསཿ ་གཟ་ཡི་ཀི་ཀང་ཀླུ་ཡི་དུགཿ ་ཚེ་ཆད་པ་དང་ཁྲི་མོན་བཅུགཿ ་གཅན་ཟན་འཛུམས་དང་ལྕགས་སྒྲོག་ཚུདཿ ་ནད་དང་མཚོན་ཉིད་ཁོང་ཞུགས་དངཿ ་དུག་འཐུངས་ཐོག་བབས་བཞིན་དུ་དྲགཿ ་ཐར་ཞེས་བྱ་བ་གདགས་སུ་མེདཿ ་བདུད་ནི་མ་བརྟགས་སྲོག་ལ་རྒོལཿ ་གཤིན་རྗེ་འཁོར་བའི་འཁོར་ལོས་གཅོདཿ ་སྲིན་པོ་རལ་གྲིའི་སོ་ཡིས་འགེམསཿ ་གནོད་སྦྱིན་གནམ་ལྕགས་ཐོག་གིས་འཇོམསཿ ་ལྷ་ནི་འདོད་པའི་མདུང་གིས་སོརཿ ་མ་མོ་དཔག་མེད་མདའ་བཞིན་འབིགསཿ ་གཟའ་བདུད་སྟོབས་ཆེན་སྒྱོགས་ཀྱིས་བརྡེགཿ ་ཀླུ་ནི་ས་འོག་རལ་གྱི་སོགསཿ ་ཐམས་ཅད་འདུལ་ཞིང་གཅོད་པའི་སྔགསཿ ་མུན་པ་གླིང་འཁྲུགས་བདུད་ཀྱི་སྐདཿ ་ངུ་འབོད་ལྟ་བུ་གཤིན་རྗེ་སྟེཿ ་རོ་ལེན་དུར་པ་སྲིན་པོས་འགྲེནཿ ་ལྕེ་མདུང་དྲག་པོ་གནོད་སྦྱིན་ནོཿ ་བཀའ་ཆད་དྲག་སྩལ་ལྷ་ཡི་དམོདཿ ་ངུ་འབོད་གདུང་བ་མ་མོ་སྟེཿ ་འབྲུག་སྒྲ་གློག་འབྱིན་གཟའ་བདུད་དོཿ ་ཀླུ་ཡིས་སྦྲུལ་ནག་དུག་གིས་འཇོམསཿ ་འཇིག་རྟེན་ལྷ་སྲིན་རང་སྒྲ་ཡིསཿ ་ཕལ་པ་རྣམས་ལ་དམོད་པར་བྱེདཿ ་དེ་ནི་དྲག་སྔགས་དམོད་པའོ། །ཞེས་བཀའ་སྩལ་ཏོ། །དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས་དམོད་པ་ཉེ་བར་བསྒྲུབ་པའི་ལེའུ་སྟེ་དྲུག་པའོ:་་:་དེ་ནས་རྡོ་རྗེ
104.238a
འཛིན་པ་ཡིསཿ ་སོ་སོའི་དྲག་སྔགས་དམོད་པ་བསྟནཿ ་ཕུང་ཤིགས་བདུད་ཀྱི་དྲག་སྔགས་ནིཿ ་རབས་ཆད་ནག་པོའི་ཐོད་པ་རུཿ ་ཤེལ་ནག་སྙིང་དུ་ཉའོ་སྩལཿ ་དུར་ཁྲོད་རས་ནག་རྒྱ་ཡིས་གདབཿ ་ཚོན་སྣ་ལྔ་ལྔ་འམ་ནག་པོས་བཅིངསཿ ་གྲི་ལྕགས་སྦུག་མ་སྲོག་རྩར་གཞུགཿ ་ཡུངས་ཀར་ཡུངས་ནག་ཏིལ་ནག་དངཿ ་སྐེ་རྩེ་ཤང་ཚེ་ཟི་ར་དངཿ ་ཟངས་ལྕགས་རྡོ་ཡི་ཕྱེ་མ་དངཿ ་དུག་ཁྲག་ངར་དང་བཅས་པ་རྣམསཿ ་མུ་སུ་རི་ཡི་ཐོད་པར་བསྡུཿ ་བདུད་ཀྱི་སྲོག་ཏིག་སྔགས་ཀྱིས་མངགཿ ་བདུད་པོ་ནག་པོ་ཁ་མུན་དེ་བ་མི་ལ་ཆོཿ ་ཀ་ལ་མུ་ཏྲི་མཱ་ར་ཡཿ ་དགྲ་བོ་སྙིང་ལིང་ཙིཏྟ་རྦུདཿ ་ནརྀ་བཟླུམ་ཁྱིགསཿ ་བྲམ་བྲམ་རོ་ལ་འདུསཿ ་ཟེར་སྤྲུགསཿ ་རོ་སྤྲུགསཿ ་བདུད་རྗེས་ཆོདཿ ་བདུད་མོས་རོལཿ ་བདུད་བུས་གཏོརཿ ་བཾ་ཁྱིགསཿ ་པྲ་མ་ནིཿ ་ཤ་ཏྲུཾ་མཱ་ར་ཡ་རྦདཿ ་མུན་པ་གླིང་ཁྲུགས་ཞེས་བྱ་བཿ ་མ་འོངས་བདུད་ཀྱི་རང་སྐད་དེཿ ་རྟག་ཏུ་བརྗོད་ཅིང་སྦུག་མར་བྲབཿ ་གང་ལ་དམིགས་པ་དེ་མྱུར་དུཿ ་སྣང་སྲིད་བདུད་ཀྱིས་སྲོག་ནས་འདྲེནཿ ་མི་ནག་གོ་མཚོན་བཅས་པ་དངཿ ་སྔགས་ནག་བུད་མེད་མོན་དང་རྡོཿ ་ཁྱི་ནག་རྟ་ནག་བྱ་ནག་དངཿ ་རྒོད་ནག་དྲེ་ནག་ཤེལ་ནག་དངཿ ་རི་ནག་མཚོ་ནག་ཤེལ་ནག་ཚོགསཿ ་དམག་དང་འཁྲུག་དང་འཐབ་པ་དངཿ ་ཁྲིད་དང་གསོད་དང་ཤ་བ་དགཿ ་ལས་བྱེད་གྲུབ་པའི་རྟགས་སུ་འགྱུརཿ ་དེ་ནས་ཉའོ་སྟབ་ཅིང་སྒྲལཿ ་གྲི་མཚོན་ཕུར་པ་རྣམས་ཀྱིས་གཏུབ། །ལྷག་མ་བདུད་རྩི་ཤ་ཁྲག་སྦྱརཿ ་ཀུ་ཀུ་ནག་པོའི་ཟས་སུ་སྦྱིནཿ ་རོལ་པར་མི་བྱེད་སྐྱར་ལ་བསྒྲུབཿ ་རུ་ཏྲས་མྱོས་ཤིང་འཐིབ་ནས་འཆིཿ ་འཆི་བདག་གཤིན་རྗེའི་དྲག་སྔགས་ནིཿ ་རྒྱུད་མེད་ཕོ་མོ་ཀ་པཱ་ལཿ ་ཟ་མ་རྟོགས་ཏུ་ཁ་སྦྱར་ལཿ ་ནང་དུ་དེ་ཉིད་ཙིཏྟ་གཞུགཿ ་ཕོ་ཐོད་སྟེང་ནས་སྤྱི་བོར་ཕུགཿ ་བཅིང་དང་དགབ་པ་དྲང་བ་དགཿ ་སྔར་བཤད་རྫས་ཀྱིས་བྲབ་ཅིང་བརྡེགཿ ་ཡེ་མ་མེ་ཏ་ཀྵེཿ ་ར་ཙ་ས་ཏོ་མེཿ ་རུ་ཙ་ན་ཡོ་ནིཿ ་རོ་མ་ཙ་ནིཿ ་ས་མ་རཱ་ཛཿ ་མུ་ཀ་སྙིང་ཁྲག་།རྩ་ལ
104.238b
རྦདཿ ་ཡ་མ་དབུགས་ལ་རྔུབསཿ ་རོ་ཙ་ཡ་མཱ་རཱ་ཛཿ ་རཱ་ཛ་བཾ་རིལ་རྦདཿ ་ཡ་མ་རཱ་ཛཿ ཧྲི་སྙིང་གོང་ཆོདཿ ་ཡ་མ་སྙིངཿ ་ཡ་མ་ཁྲགཿ ་ཡ་མ་དུ་བཾ་རིལ་རྦདཿ ་གཤིན་རྗེ་བསྡུས་ཤིང་དྲིལ་བའི་སྔགསཿ ་རབ་ཏུ་མངགས་ཏེ་ཙིཏྟར་བྲབཿ ་ཤ་ཁྲག་ཆེན་པོས་མཉེས་པར་བྱཿ ་གསོད་བྱེད་ནག་པོའི་ཚོགས་རྣམས་ཀྱིས:་དོན་སྙིང་རློན་པར་སྟེར་བ་དངཿ ་སྙིང་དང་ཐོད་པ་འཕར་བ་འབྱུངཿ ་དེ་ནས་ལས་ལ་སྦྱར་བྱས་ནཿ ་གང་ལ་དམིགས་པ་མྱུར་དུ་སྒྲོལཿ ་གཏུམ་ཁྲོ་སྲིན་པོའི་དམོད་པ་ནིཿ ་མྱུར་ཤིའི་ཐོད་པར་དེ་སྙིང་ནངཿ ་དམིགས་པ་རྣམས་ཀྱི་གཟུགས་བརྙན་དེཿ ་མིང་སྔགས་ལྡན་པ་བཙལ་བྱས་ཏེཿ ་ལེབ་རྒན་ཁ་དོག་དར་གྱིས་དྲིལཿ ་སྔོ་དམར་སྐུད་པའི་དྲ་བར་གཞུགཿ ་སྟི་ར་གསར་པ་ཁ་ཕྱེ་ལཿ ་དབང་པོ་དོན་སྙིང་ནང་གྲོལ་གྱིཿ ་་སྲིན་པོ་སྐང་ཞིང་དམོད་པ་བཟླསཿ ་རག་ཤ་སྲིན་པོ་ས་མུན་ཛཿ ་རག་ཤ་རུ་ཏྲ་ཧུ་ར་ཧུ་ར་བྷྱོཿ ་རུ་གཉན་ནག་པོ་དགྲ་ལ་བྷྱོཿ ་དགྲ་བོ་མུ་ལེ་ཤིན་སོད་སོདཿ ་ཧབ་ལེ་ཧོབ་ལེ་ཁ་ཐུན་བྷྱོཿ ་རག་ཤ་ཛཿ ་ཏྲི་ཏ་ཛཿ ་དུ་ར་དུ་ར་ཤན་ཛཿ ་རག་ཤ་རྦདཿ ་ནརྀ་མཱ་ར་ཡ་སོདཿ ་དམོད་པ་རྫས་ལ་བཟླས་ཤིང་བརྡེགཿ ་མི་ནག་ཤན་པའི་ཚོགས་རྣམས་ཀྱིསཿ ་ཁྲིད་དང་གསོད་དང་དོན་སྙིང་སྟེརཿ ་ལས་ལ་སྦྱར་བ་ཚུལ་བཞིན་གྱིསཿ ་དགྲ་བོའི་དོན་པོ་མྱུར་དུ་སྒྲོལཿ ་དྲག་སྔགས་གནོད་སྦྱིན་དྲག་སྔགས་ནིཿ ་རྟ་དཀར་སྙིང་དང་ཐོད་པ་ནིཿ ་ཉའོ་བཞུགས་པའི་སྣོད་དུ་མངགསཿ ་རག་ཆེན་ལ་ཕུག་མུ་ས་ལཿ ་སྙིང་སྣ་ཁྲག་སྣ་སྦྱར་བས་མཆོདཿ ་གནོད་སྦྱིན་སྲོག་ཏིག་དམོད་ལ་བརྗོདཿ ་ཡཀྵ་བ་ཧུ་ད་རི་ཛཿ ་མ་ག་ལ་བག་ཤ་ཛཿ ་རུ་རུ་མ་རུ་ཏྲ་མ་ཏི་ཛཿ ་ཡཀྵ་སྙིང་ལ་ཤད་ཤད་དུ་ཛཿ ་ཡཀྵ་སྲོག་ལ་བྲེང་ཐུན་ཛཿ ་མིང་ཤར་ཚོགས་དང་འོད་དང་སྒྲ། །རླུང་དམར་དག་དང་བུ་ཡུག་འོངཿ ་གསང་བའི་རྫས་ཀྱིས་དྲག་ཏུ་བརྡེགཿ ་ལྷག་མ་བསྲེགས་ཅིང་རླུང་གིས་གཏོརཿ ་དེ་ཉིད་ཁྲག་ཏུ་སྐྱུགས་ཏེ་སྒྲོལཿ ་དྲག་རྩལ་ལྷ་ཡི་དྲག་སྔགས་ནིཿ ་ལྷ་གཡག་དཀར
104.239a
པོའི་སྙིང་ནང་དུཿ ་བརྣགས་པའི་གཟུགས་དང་མིང་རུས་བྲིསཿ ་སྔོན་དམར་སྐུད་པས་སྐེ་ནས་གདགསཿ ་རྗེ་རིགས་ཐོད་པའི་ནང་དུ་གཞུགཿ ་དར་དཀར་གྱིས་ནི་ཁ་གཅད་ལཿ ་ཚོན་སྐུད་སྣ་ལྔས་བཅིང་བར་བྱཿ ་བྱ་རྒོད་དར་མའི་སྒྲོ་རྩ་ནིཿ ་སྲོག་རྩར་བཅུག་ལ་དཀྱིལ་དུ་བརྟོལཿ ་དཀྱིལ་འཁོར་མདའ་གང་གྲུ་བཞི་ལཿ ་དབུསུ་གྲུ་གསུམ་མཐུར་དུ་བྲུཿ ་ལྷ་རྡོ་གསུམ་གྱི་སྒྱེད་པོ་ལཿ ་གོང་གི་ཐོད་པ་གཞག་པར་བྱཿ ་འཐུན་རྫས་གཤོས་གཙང་སྔོན་ཆ་དངཿ ་རུ་དཀར་སྙིང་དང་ཤེལ་དཀར་སྙིངཿ ་བྱ་དཀར་སྙིང་དང་རུ་མཚོན་དངཿ ་བ་དན་དཀར་པོ་རྟེན་དུ་གཟུགསཿ ་ཡུངས་ཀར་སྔགས་ཀྱི་མདའ་ཆོག་ནིཿ ་ཐུན་ཀྱི་རྫས་སུ་གཞག་པར་བྱཿ ་དྲག་སྔགས་སྙིང་གི་ནང་དུ་བྲབཿ ་སྟོབས་ལྡན་རྡོ་རྗེ་འཛིན་གསལ་བསཿ ་ལྷ་རྣམས་འདུས་པའི་སྔགས་རྣམས་སྦྲེངཿ ་་མ་ཧཱ་དེ་བ་ཏི་ཛཿ ཏི་ཛཿ ་།ས་མ་ཕྲ་མ་ན་རག་ཤ་ཀཾ་ཀ་ལ་ཡ་ཧཱུཾ། དེ་བ་རཱ་ཛ་མ་ཧཱ་ནི་ཛཿ ་།དགྲ་བོ་མ་ར་ཡ་ཐུན་རྦད་ཐུན་རྦད། ཤག་སེན་ཛཿ ཛཿ ་ཤག་སེན་ཛཿ ཛཿ ཧཱུཾ་ཧཱཾ། ཙ་ཏུར་མུ་ཁ་རག་ཤ་མ་ན། ཀང་ཀ་མ་ཡ་ཧཱུཾ། མ་ཧཱ་དེ་བ་ཨ་མུ་ཀ་མཱ་ར་ཡ་སོད། འཇིག་རྟེན་གྲགས་པ་མཐུ་རྩལ་ཅནཿ ་ལྷ་ཡི་བོད་རྦད་གསད་གསུམ་དྲིལ། །དྲག་ཏུ་བཟླས་ཤིང་སྙིང་ནས་བྲབཿ ་རྟགས་ནི་རྒྱལ་པོ་རྗེ་དཔོན་དངཿ ་སྐྱེས་པ་སྟག་ཆས་དར་མ་དངཿ ་ཞུབ་ཅན་ཕོ་ཚོགས་འོང་བ་ནིཿ ་གསོད་གཅོད་བྱེད་དང་སྙིང་འབྱིན་དངཿ ་དངོས་སུ་སྙིང་ཕྱུང་འཕང་བ་འོངཿ ་རྟགས་བྱུང་སྙིང་ནས་ལིང་ཀ་དབྱུང ། །མཚོན་གྱིས་གཏུབ་ལ་མེ་ལ་བསྲེག་།ཐལ་བ་ཉའོ་བྱས་ནས་ནིཿ ་ཐོད་པར་བཅུག་ལ་ལྷ་རྟེན་ནམཿ ་འཇིག་རྟེན་ལྷ་ཆེན་གནས་སར་མནནཿ ་ལྷ་ཡི་དལ་ཡམས་དགྲ་ལ་ཕེབསཿ ་ནད་བདག་མ་མོའི་དྲགས་སྔགས་ནིཿ ་ནརྀ་དྲིའི་མོ་ཡི་ཐོད་པ་རུཿ ་དེའི་སྙིང་ན་ལིང་ཀ་གཞུགཿ ་མཐིང་ནག་དར་གྱིས་ཁ་གཅད་ལཿ ་ཐོད་པ་ཚོན་སྐུད་ལྔ་ཡི་བཅིངསཿ ་དཀྱིལ་འཁོར་མཐིང་ནག་གྲུ་གསུམ་དབུསཿ ་ཐོད་པ་བཅུག་ལ་བསྒྲུབ་པར་བྱཿ ་སྨུག་ནག་གསུམ་གྱི་སྙིང་ཁྲག་གིསཿ ་མ་མོ་འཁོར་དང་བཅས་པ་མཆོདཿ ་ཡུངས་ཀར
104.239b
ཡུངས་ནག་སྐེ་ཚེ་སོགསཿ ་དྲག་པོའི་ཐུན་རྫས་འཚོགས་ཚང་ལཿ ་མ་མོ་རྣམས་ཀྱི་དམོད་པ་མངགཿ ་མ་མོ་སྙིང་ཁ་རགཿ ་མ་མོ་སྙིང་ཁ་རགཿ ་མ་མ་རགྴཿ ་་མ་མ་རག་ཤཿ ་ཏྲག་རག་ཤ་སྙིང་ཁྲག་ལ་ཧུབས་ཛཿ ་སྙིང་ཁྲག་རྩ་ལ་དུན་དུན། ཏྲག་རག་ཤ་མ་མ་ཛཿ ཛཿ ་དམ་དམ་དགྲ་སྙིང་རྦད་བུ་ནན་མ་མ་ནརྀ་སྙིང་ཙིཏྟ་ལ་ཐུན། ཏྲག་རག་ཤ་ཏྲ་རག་ཤ་མོ་ཐུན་ཐུན། མུགས་མུགས་མྱོགས་མྱོགས་རྦད་རྦད་ཛཿ ཛཿ མ་མ་ཐུན། སྙིང་ཁྲག་ཐུན། ཤ་ཏི་ཏ་མ་མ་རག་མོ། ས་མ་ཡ་བྷྱོ་བྷྱོཿ ་མ་མོའི་སྲོག་ཏིག་བསྡུས་པ་ཡིསཿ ་གསད་པ་ལས་ཀྱི་ངན་སྔགས་འདིཿ ་གྲི་ལྕགས་ལས་བྱས་སྤུ་གུ་འམཿ ་བྱ་རྒོད་སྒྲོ་རྩའི་ནང་ནས་མངགཿ ་མ་སྲིང་མོན་མོ་ཕལ་མོ་དངཿ ་བྱི་མོ་ལ་སོགས་བུད་མེད་ཚོགསཿ ་བྱ་ནག་རྒོད་ནག་ཚོགས་ཆེན་ལྷགསཿ ་དངོས་སུ་ཤ་དང་མགོ་སུག་སྟེརཿ ་ཙིཏྟ་དངོས་སུ་འཕར་བ་དངཿ ་བསད་བརྟགས་ཡོངས་སུ་རྫོགས་པ་དངཿ ་སྙིང་ལ་ཕུར་པས་གདབ་ཅིང་བསདཿ ་དུག་ཤིང་མེ་ལ་སྦྱིན་སྲེག་བྱཿ ་ཐུན་ཁྲག་དམིགས་པའི་དགྲ་ལ་འཕངཿ ་ཐལ་བ་བསྡུས་ལ་ཉའོ་བྱཿ ་དུར་ཁྲོད་དབུས་སུ་གནས་པར་བྱཿ ་རིམས་ནད་དག་གིས་དམིགས་པ་སྒྲོལཿ ་དྲག་པོའི་གཟའ་ཡི་དྲག་སྔགས་ནིཿ ་མོན་པ་ནག་པོའི་ར་རོག་པོའིཿ ་ཐོད་པར་སྙིང་ནང་ལིང་ག་བཞུགཿ ་སྲོག་རྩར་གྲི་ལྕགས་སྦུ་གུ་གཞུགཿ ་ཡུངས་ཀར་ཡུངས་ནག་ཟངས་ལྕགས་ཕྱེཿ ་ཐུན་དུ་སྔགས་ཏེ་ཐོད་པར་བྲབཿ ་མཱ་ར་བ་ཤ་མི་ཀིཿ ་དུ་རུ་དུ་རུ། མ་ཏི་ཛྭ་ལ་ཏི་ཛཿ ་ཙ་བ་མ་ནི། རུ་རུ་ར་ཧུ་ལཿ ་ཨ་ཏྲ་ཏ་ཏྲ་པད་མ་ཤ་ར་ཤ་ར་ཤསྟ། ཨུ་མུ་ཀ་མུ་ར་རུ་ཕཊ། ཏྲི་ལིང་ཀ་ཤངྐ་དུ་དྲི། ཛཿ ཛཿ ཡག་ཤ་ཐུན། བུམ་དྲིལ་ཤི་ནི་བཾ་བྷ་བ་ཧི། ཁ་ཡག་ཁ་དུན་ཏི། རུ་ཏི་ཤུ་ཏ་ཏི་ཏྲིག་ཤུ་ལ་པྲ་ཏི། མཱ་ར་ཡ་ཛཿ ། དབང་ཆེན་གཟའ་ཡི་དྲག་སྔགས་འདི། །དྲག་པོའི་རྫས་ལ་མདགས་ཏེ་བརྡེགཿ ་ཤ་རུལ་ཁྲག་རུལ་བཙོས་དང་རྗེནཿ ་དཀར་གསུམ་དམར་གསུམ་རྫས་ཀྱིས་མཆོདཿ ་ཉི་ཟླ་ཀླད་ལ་འཁོར་བ་དངཿ ་མོན་པ་ནག་པོ་འོང་བ་དངཿ ་སྦྲུལ་ཆེན་གཤོག་ཅན་འཁྱུག་པ་དངཿ ་བར་སྣང་འཇའ་ཡིས་ཁེངས་པ་དངཿ ་དགྲ
104.240a
བོ་དངོས་སུ་ཁྲིད་ནས་འོངཿ ་རྒོད་དང་རི་དགས་གསོད་པ་དངཿ ་དོན་སྙིང་ནང་ཁྲོལ་སྟེར་ཞིང་རོལཿ ་དེ་ལྟའི་གསོད་རྟགས་རྫོགས་པ་དངཿ ་སྙིང་དང་ལིང་ག་ཧོཾ་མེར་བསྲེགཿ ་ཐུན་རྫས་དགྲ་ཡི་ཡུལ་དུ་གཏོརཿ ་ཐོད་པ་ཀླུ་ཡི་བརྟན་སར་སྦཿ ་ཆུ་འཁྱགས་སེར་བ་དྲག་ཏུ་དབབཿ ་ཧུར་ཐུམས་ནད་ཀྱིས་གློ་བུར་འཆིཿ ་ཁ་ལྐུགས་རྐང་ལག་རེངས་པར་འགྱུརཿ [་\ུ0f7f]གདུག་པ་ཀླུ་ཡི་དྲག་སྔགས་ནིཿ ་ལུང་གསུམ་འདུས་པའི་དབེན་གནས་སུཿ ་སྟེགས་བུ་མཐིང་ནག་གྲུ་གསུམ་བྲུསཿ ་དགྲ་ཡི་ཕྲ་མེས་མགོ་བོ་འམཿ ་ཡང་ན་འཛེ་ཅན་ཐོད་པ་རུཿ ་དགྲ་ཡི་མིང་རུས་བྲིས་ཏེ་གཞུགཿ ་གཙང་མའི་སྣོད་དུ་དཀར་གསུམ་དངཿ ་མངར་གསུམ་ཀླུ་སྨན་སྣ་ཚོགས་དངཿ ་རྟག་ཏུ་མཆོད་ཅིང་མངགས་པར་བྱཿ [་\ུ0f00]་ནག་པོ་ཏི་པ་ཙ་ཡཿ ་ནཱ་ག་རཱ་ཛཿ ་དགྲ་བོ་ཧེ་ཁུ་ལ་ཕེ་ཤན། ནཱ་ག་པོས་ཕོསཿ ་ཤིག་ཤིག་།ཧུ་ཡ་ཧུ་ཡ། ཏི་ཡ་ཏི་ཡ། ཏི་པ་ཙ་ཏི་པ་ཙ། ཨ་ཤ་ནག་པོ་ཏི་པ་ཙ་ཡ། ནཱ་ག་རཱ་ཛ་དགྲ་བོ་མཱ་ར་ཡ་རྦད། ཤག་ཏི་རྦད། སྲོག་ཏི་རྦད། སྙིང་ཏི་རྦད། སྙིང་ལ་རིལ་ཤམ་ཤམ་རྦད།[་\ུ0f00]་ཤན་ནག་པོ་ཕེ་རག་ཨུད་ནཱ་ག་རཱ་ཛ་ནན། ཐི་ལི་ནཱན། ཕོ་ལི་ནཱན། དྲག་ཏུ་བརྗོད་ཅིང་བསྒྲུབ་པ་ཡིསཿ ་མེ་ཆེན་འབར་དང་ཆུ་ཆེན་བྲུགཿ ་་བ་གླང་སྦལ་སྦྲུལ་སྡོམ་སྡིག་ཚོགསཿ ་ཤིང་གཅོད་ས་སྙིལ་བྲག་རལ་སོགསཿ ་ལུས་ལ་ཤུ་བ་སྐྲང་ལོ་བྱུངཿ ་སྟོབས་ལྡན་གཉེན་པོས་དྲག་ཏུ་བཅུནཿ ་དེ་ནས་བྱང་བལྟས་ཆུ་མིག་ཏུཿ ་བ་ལིང་གཏང་ཞིང་བདེན་པ་བརྡརཿ ་ཐོད་པ་ལིང་གར་བཅས་པ་མནནཿ ་ཀླུ་རྒྱལ་འཁོར་དང་བཅས་ལ་གཏདཿ ་ཕུང་པོ་ལྷག་མེད་གཏང་བར་བསམཿ ་གནས་སུ་བྱིན་ལ་བསྲུང་བར་བྱཿ ་དགྲ་ནི་འཛེ་དང་རྨུགས་པས་འཆིཿ ་སྡེ་བརྒྱད་སོ་སོའི་དྲག་སྔགས་ཀྱིསཿ ་འཇིག་རྟེན་ལས་ཀྱིས་མནར་བ་ཡིཿ ་བསྟན་པའི་རུ་ཏྲ་གདུག་པ་ཅནཿ ་མ་ལུས་རྣམས་ཀྱི་གཤེད་དུ་འགྱུརཿ ་ཞེས་བཀའ་སྩལ་ཏོ། །དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས་དྲེགས་པའི་སྡེ་སོ་སོའི་ལས་ལ་སྦྱར་བ་དྲག་སྔགས་ཀྱི་ལེའུ་སྟེཿ ་བདུན་པའོཿ ་།།
104.240b
དེ་ནས་རྡོ་རྗེ་འཛིན་པ་ཡིསཿ ་འཇིག་རྟེན་དྲེགས་པ་ཅན་རྣམས་ཀྱིསཿ ་སོ་སོའི་རིགས་དང་གཏན་ཚིགས་དངཿ ་སྡེ་དང་ལས་ཀྱི་བྱེད་པ་བསྟནཿ ་སྔོན་གྱི་འཇིག་རྟེན་ཁམས་འདི་ཉིདཿ ་ཕུང་པོ་ཉོན་མོངས་ལ་བསྟེན་ནསཿ ་ང་རྒྱལ་དྲེགས་པའི་དབང་གིས་མྱོསཿ ་རང་གཞན་ཀུན་ལ་འཚེ་ཞིང་རྩོདཿ ་གནས་ངན་ལེན་གྱིས་ཁ་ཁྲིད་བྱསཿ ་ལེགས་པའི་ལན་དུ་ཉེས་པར་སྤྱོདཿ ་མ་རིག་རྩ་བ་ཡན་ལག་གིསཿ ་གཏི་མུག་མུན་ཐིབས་བདུད་དང་ཀླུཿ ་ང་རྒྱལ་སྟོབས་ཀྱི་དྲེགས་པ་བདགཿ ་ལྷ་དང་རྒྱལ་པོ་གོལ་སར་འགྱུརཿ ་ཕྲག་དོག་གཟའ་དང་གཤིན་རྗེའི་རིགསཿ ་འདོད་ཆགས་མ་མོ་གནོད་སྦྱིན་རིགསཿ ་ཞེ་སྡང་བཙན་དང་སྲིན་པོར་གོལཿ ་སྲོག་ལུས་འབྲེལ་བས་བདུད་ཞེས་བྱཿ ་ཡི་དགས་གཤིན་རྗེ་རྡོག་རྣམས་རྗེཿ ་ཕྲ་མོར་རྒྱུ་བ་སྣང་ཞིང་དྲེགསཿ ་དེ་ཡི་དོན་གྱིས་སྲིན་པོར་བྱུངཿ ་གང་གིས་གནོད་པ་སྦྱིན་བྱེད་པཿ ་དེ་ཡི་རིགས་དང་མཚན་ཉིད་དོཿ ་གང་ལས་བསྐྱེད་པ་མ་མོ་སྟེཿ ་སྐྱོད་བྱེད་ནུས་པ་ལྷ་ཡིན་ནོཿ ་གདུག་ཅིང་གཏུམ་པས་མི་འཆོར་བཿ ་གཟའ་ཞེས་བྱ་བར་བརྗོད་པ་ཡིནཿ ་བླུན་ཞིང་མྱོས་པས་ཀླུ་ཞེས་བྱཿ ་འགྲོ་བ་རིགས་དྲུག་སོ་སོ་ལཿ ་བདུད་དང་ལྷ་དང་ལྷ་མིན་ཏེཿ ་གནོད་སྦྱིན་གཟའ་དང་རྒྱུ་སྐར་བཅསཿ ་རྒྱལ་ཆེན་རིགས་བཞིའི་ལྷ་ཡི་སྡེཿ ་མ་མོ་སྲིན་པོ་མི་ཡི་སྡེཿ ་གཤིན་རྗེ་ཡི་དགས་སྡེ་ཡིན་ཏེ། ་ཀླུ་ནི་བྱོལ་སོང་སྡེ་ཡིན་ནོཿ ་བདུད་རིས་ཕོ་དང་མོའི་རིགསཿ ་ཡེ་ནས་གནས་དང་བློ་བུར་བྱུངཿ ་འཐབ་དང་མྱོས་དང་དྲེགས་པར་བྱེདཿ ་སྲེད་དང་ཆགས་པར་བྱེད་པ་སྟེཿ ་གཤིན་རྗེ་ལས་དང་ཞི་བས་ཏེཿ ་གཟུགས་ཅན་གཟུགས་མེད་དབང་ཅན་དངཿ ་དབང་མེད་ཕྱི་དང་ནང་ཁྱད་པརཿ ་ལས་ཀྱིས་རབ་ཏུ་བསྒྲིམས་པ་ཡིཿ ་སྲིན་པོ་ཤ་ཟ་རྒན་མོ་ཅནཿ ་སྤྲུལ་པ་དང་ནི་གཟུ་ལུམས་ཅནཿ ་རབ་ཏུ་རྒྱུ་དང་གཅིག་པུ་གནས། །གནོད་སྦྱིན་གཙོ་དང་འཁོར་གྱིས་བརྟགསཿ ་གྲོལ་བ་དང་ནི་རང་རྒྱུད་དེཿ ་།ཐ་དད་རིགས་ནི་བཅཝ་བརྒྱད་དེཿ ་གནོད་ཅིང
104.241a
འཚེ་བའི་བདག་ཉིད་ཅནཿ ་ལྷ་ནི་འདོད་པའི་གཟུགས་ཅན་དངཿ ་གཟུགས་མེད་ལྷ་མ་ཡིན་དུ་གཏོགསཿ ་རབ་ཏུ་གདུག་རྩུབ་ཚེ་བས་ནིཿ ་ལྷ་མིན་མི་མ་ཡིན་དུ་གྲགསཿ ་གང་ལས་བྱུང་དང་གང་ལས་སྲིངཿ ་་གང་གིས་སྐྱེད་པའི་གཞིར་གྱུར་པཿ ་མ་མོ་ཞེས་སུ་གྲགས་པ་སྟེཿ ་ལས་དང་ཡེ་ཤེས་བསྡུས་ཤིང་ཕྱེཿ ་ཕྲ་དང་རགས་པའི་ཁྱད་པར་གྱིསཿ ་ཆེ་ཆུང་གཙོལ་དང་འཁོར་དུ་སྣངཿ ་མཁའ་ལ་རྒྱུ་བའི་དྲག་ཤུལ་ཅནཿ ་ལས་ཀྱི་ཕུང་པོ་ཁོ་ནའོཿ ་རྒྱལ་པོ་བླ་རྗེ་བྲམ་ཟེ་དངཿ ་རྨངས་དང་གདོལ་པ་ཅན་རྣམས་ཀྱིསཿ ་ཉི་ཤུ་རྩ་ལྔའི་ཡན་ལག་འགྱུརཿ ་ཐ་དད་རིགས་ནི་སྡེ་ཡིན་ནོཿ ་འདི་དག་ཐོག་མའི་ལས་ཀྱི་དངོསཿ ་དངོས་དང་རང་བཞིན་མཚན་ཉིད་ཀྱིསཿ ་མ་རིག་འཁྲུལ་པའི་གཟུང་འཛིན་བྱུངཿ ་བདག་བལྟ་བག་ལ་ཉལ་དུ་གནསཿ ་གཡོ་འགུལ་འཕྲ་མོའི་ཀུན་ནས་ལྡང ། འཁྲུག་ཅིང་འཚེ་དང་རྩོད་པར་ཤརཿ ་བསོད་ནམས་ལས་དང་དེ་མ་ཡིནཿ ་ལས་ཀྱི་མཐའ་གཉིས་གཡང་སར་ལྷུངཿ ་གནག་ཅིང་མི་དགེ་ཟག་པར་བཅསཿ ་ཁ་ན་མ་ཐོ་ལུང་མ་བསྟནཿ ་ལོག་པ་ལུས་ངག་ཡིད་གསུམ་གྱིསཿ ་གནས་ངན་ལེན་པའི་རྒྱུན་ཆགས་འཐུངཿ ་དུས་གསུམ་ཕྱོགས་དང་བཅས་པ་ཡིཿ ། ། རྗེས་སུ་འགྲོ་དང་བཟློག་པ་ཡིསཿ ་འཁོར་བ་བརྟེན་གཞི་དམ་པོ་བཙུགསཿ ་སོ་སོར་མ་རིག་སྲོག་ལ་གཅོདཿ ་ལོངས་སྤྱོད་འཕྲོག་ཅིང་རྣམ་པར་འཚེཿ ་གཟི་མདངས་འབྱོར་པ་སྡེ་དང་བཅསཿ ་གང་ཡིན་འཇོམས་ཤིང་རླག་ནུས་ལཿ ་རྒྱུད་ལ་སྡུག་བསྔལ་སྐྱེད་བྱེད་པཿ ་མ་རུངས་ཉེས་པ་འབྱིན་བྱེད་ལསཿ ་སྲོག་ལེན་ཚེ་འཕྲོག་གཅོད་དང་ཤཿ ་མྱོས་འཐིབས་བྱི་ནད་རིམས་དང་ཡམསཿ ་གཅོག་འགྱེལ་གདུག་པའི་ནད་འབེབས་ཤིངཿ ་རྨེ་དང་འཁྲུག་པ་རྩོད་པ་དངཿ ་ཐོར་ཤོད་ལས་དང་དམོད་པ་ཡིསཿ ་རང་གི་སྡེ་ལས་རེ་རེ་ཡངཿ ་ཀུན་ལ་ཁྱབ་པ་བརྒྱད་བརྒྱད་དེཿ ་དྲུག་བཅུ་རྩ་དྲུག་ཡན་ལག་བཅསཿ ་ལས་ཀྱི་དབྱེ་བ་བསམ་མི་ཁྱབཿ ་དྲེགས
104.241b
པའི་བདག་པོ་སོ་སོ་ཡི། །རང་བཞིན་དགོས་པའི་བྱེ་བྲག་གིསཿ ་དུས་གསུམ་སངས་རྒྱས་བསྟན་པ་དགཿ ་ཚུལ་བཞིན་སྲུང་བའི་དམ་ཚིག་ཅནཿ ་དྲག་སྔགས་ལས་ཀྱི་དམོད་པ་ལཿ ་བརྒྱ་དང་བཅུ་གཉིས་བཅུ་དྲུག་གིསཿ ་ནུས་པ་རྫུ་འཕྲུལ་མཐུ་ལ་སོགསཿ ་རང་གི་རིགས་ལ་གང་སྔགས་པཿ ་དེ་དང་དེ་ལ་རབ་སྦྱར་བསཿ ་ལས་ཀྱི་མཐའ་ལ་གང་དམིགས་པཿ ་རྡོ་རྗེ་ཅན་གྱིས་ཡོངས་གྲུབ་སྟེཿ ་ང་ཡི་སྟོབས་དང་ནུས་པ་དངཿ ་མཐུ་དང་རྫུ་འཕྲུལ་ཡོན་ཏན་ཚོགསཿ ་ལུས་ངག་ཡིད་ཀྱིས་རབ་འབད་པཿ ་གང་ཡིན་དེ་ལ་མངོན་པར་འབྱུངཿ ་དེ་ཡི་ཐུན་མོང་ཡོངས་འགྲུབ་ཅིངཿ ་མཐར་ཕྱིན་པ་ཡང་ལེན་པར་བྱེདཿ ་འདི་ལས་མ་འོངས་རྙོག་པ་ཅནཿ ་ཐེ་ཚོམ་བསྐྱེད་པར་མ་བྱེད་ཅིགཿ ་ང་དང་རྒྱལ་བ་ཐམས་ཅད་ཀྱིསཿ ་འདི་ནི་རབ་ཏུ་མངགས་པའོ་ཞེས་བཀའ་སྩལ་ཏོཿ ་དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས་དྲེགས་པ་ཅན་གྱི་སྡེ་རིགས་དབྱེ་བ་བསྟན་པའི་ལེའུ་སྟེ:་བརྒྱད་པའོ:་་:་དེ་ནས་རྡོ་རྗེ་འཛིན་པ་ཡིསཿ ་ལས་ལ་སྦྱར་བའི་རིམ་པ་གསུངསཿ ་དུར་ཁྲོད་ཆུ་གླིང་རི་རྩེ་དངཿ ་ཆུ་འདུས་ངམ་གྲོག་འཇིགས་སུ་རུངཿ ་ཕུང་ཤུལ་ནགས་ཁྲོད་མ་རུངས་པཿ ་དྲེགས་པ་ལས་ཀྱི་གནས་ཡིན་ནོཿ ་མི་རུས་མི་བསོད་ཕུང་ཤུལ་སཿ ་རྡུར་ཟད་ཕེ་ཏ་རུལ་ཆད་སཿ ་ས་སྨིན་དྲི་ཆེན་མ་རུངས་ཁྲགཿ ་ལས་ཀྱི་རྟེན་འབྲེལ་དམིགས་པའི་རྫསཿ ་རྟ་ནག་དྲེ་ནག་མ་ཧེ་དངཿ ་ཆུ་གླང་དང་ནི་སྟག་སེང་དངཿ ་རྟ་དཀར་ནེ་ལེ་རྒོད་དཀར་དངཿ ་དོམ་ནག་རྨུ་རྟ་བན་གླང་དངཿ ་འབྲུག་ཆེན་རྨ་བྱ་རུས་སྦལ་དངཿ ་བྱ་ཁྱི་ཀུ་ཀུ་ཤེལ་དང་མིཿ ་རྒྱལ་མཚན་ཐོད་པ་སྙིང་དང་ཁྲགཿ ་བདུད་རྩི་འབྲུ་བཅུད་བྱང་ཆུབ་སེམསཿ ་རང་གཟུགས་སྙིང་པོ་འཁོར་ལོ་བཅསཿ ་རྒྱན་ལྡན་ཤོས་ཆ་འཐུན་པའི་རྫསཿ ་དམ་ཚིག་མཆོད་ཅིང་བརྟེན་པའོཿ ་སོ་སོར་སྔགས་པའི་ལས་ཁུང་དུཿ ་ཐོད་ངན་འབྲུ་ནག་དུག་ཁྲག་གཡོསཿ ་རྒྱུ་གསུམ་ཕུ་ས་མཚོན་ཆ་རྣམསཿ
104.242a
གསང་བ་ཐུན་གྱི་རྫས་ཡིན་ནོཿ ་རྨེ་ཁྲག་གསུམ་དང་དྲི་ངན་གསུམཿ ་སྲོག་ཆགས་གསུམ་དང་རྨེ་རྫས་གསུམཿ ་ཐབ་རྫས་གསུམ་དང་བསྲེག་རྫས་གསུམཿ ་རྟེན་ས་གསུམ་དང་དྲིལ་ས་གསུམཿ ་བཞུགས་ས་གསུམ་དང་དབབ་ས་གསུམཿ ་ཀུན་རྫོགས་རྩོལ་བའི་སྦྱོར་བ་ཡིསཿ ་ཆུ་དྲག་དབབ་པ་ངེས་པར་འགྲུབཿ ་རིགས་སུལ་སྣོད་དང་མཆོད་རྫས་དངཿ ་གནས་སྦྱོང་བྱང་ཆུབ་སྲིད་འདོར་བློསཿ ་ལེགས་སླངས་ཡིད་ཀྱིས་འཐུན་སྤྱད་པསཿ ་གང་ལ་དམིགས་པ་དེར་གཏད་པསཿ ་ཆོས་སྐུའི་གཟུགས་བརྙན་རྟེན་ཁང་ལཿ ་སྟེང་འོག་གནས་གསུམ་བདག་པོ་གསུམཿ ་རྒྱ་མཚོའི་གཏིང་དང་རི་རབ་ཟུརཿ ་བར་སྣང་ཁམས་དང་ནམ་མཁའི་དབྱིངསཿ ་བསྲུང་དང་བཟློག་དང་གསད་པའི་ལསཿ ་དམགས་དཔུང་བསྡུ་དང་དཔལ་སྐྱེད་དངཿ ་རབ་ཏུ་འཁྲོས་དང་སྦྱོར་བ་ཞིགཿ ་ལས་ཀྱིས་ཕ་རོལ་དམོད་པས་བཟློགཿ ་ངན་པའི་ཐོད་པ་སྣ་གསུམ་དངཿ ་ཤིས་པ་མ་ཡིན་ས་བརྒྱད་དུཿ ་བརྟེན་ཅིང་འབྲེལ་བ་འབྱུང་སྦྱོར་བསཿ ་དམིགས་པའི་ནུས་སྟོབས་གནོན་པར་བྱེདཿ ་ཁྱད་པར་ལས་ཀྱི་བྱེ་བྲག་གིསཿ ་རྒྱལ་པོ་ཡ་རབས་རྗེ་དཔོན་དངཿ ་ཆུང་མ་སློབ་དཔོན་མཁན་པོ་དངཿ ་རབ་བྱུང་ཁྱིམ་པ་སྔགས་སྤྱོད་དངཿ ་ཕྱི་རོལ་ཕྱོགས་དང་ཆོས་ཀྱི་གྲོགསཿ ་ཆེ་བཙན་དྲེགས་པས་བསྙེམས་པ་དངཿ ་ང་རྒྱལ་ལྡན་ཞིང་སྐལ་པ་བཟངཿ ་ཀུན་གྱིས་བཀུར་ཞིང་བརྗོད་པ་དངཿ ་སེམས་རྒྱུད་བསྲེལ་དང་ཡུན་གྱིས་དྲིནཿ ་ཉེ་བར་བསྟན་ཅིང་སློབ་སྦྱོང་གནསཿ ་ལྷག་པའི་ལྷ་ཡིས་རབ་སྐྱངས་ཏེཿ ་ཐུན་མོང་ནུས་པའི་སྟོབས་རྙེད་ཅིངཿ ་ཡོན་ཏན་གཅིག་གིས་རབ་བསྡུས་པསཿ ་ཚར་གཅད་དཀའ་བའི་ཡུལ་ཡིན་ཏེ། །མ་ལུས་གང་ལ་མངགས་པ་ཡིཿ ་ཏིང་ངེ་འཛིན་དང་དམིགས་པའི་གྲོགསཿ ་རབ་སྔགས་བརྩོན་འགྲུས་ཅན་གྱིས་བསྒྲལཿ ་གཞན་ཡང་ཞི་དང་རྒྱས་པ་དངཿ ་དབང་དང་མངོན་པར་སྤྱོད་རྣམས་དངཿ ་རྡོ་རྗེ་འཛིན་པ་ང་དང་གཞནཿ
104.242b
མཚུངས་ལྡན་རྣམས་ཀྱིས་བཤད་པ་བཞིནཿ ་ཐོགས་མེད་ནུས་པའི་སྟོབས་ཀྱིས་སྤྱདཿ ་དེ་དག་གསང་བའི་དམོད་པ་ཡངཿ ་དྲེགས་པ་སྡེ་བརྒྱད་སོ་སོ་ཡིཿ ་གལ་གནད་སྙིང་པོ་འདི་དག་གོཿ ་ཡ་མ་དུ་ཧ་ན་ཧ་ན་ཏིཥྚ་ཏིཥྚ་རུ་ཏྲ་མ་མ་སོད་སོད། ཁ་ཏྲི་ཛ་མ་ཏྲི་ཛཿ ཛཿ ཤོག་ཏྲི་ཛཿ ཡག་ཤ་ཛཿ ད་ཏྲི་ཛཿ ཤ་ཏྲི་པ་ཏྲི་ཛཿ ། ཙིཏྟ་པྲ་མ་ཡ་ཨ་མུ་ཀ་སྲོག་ལ་ཛཿ ཛཿ བྷྱོ། ཏྲི་ཙ་པ་ལ་ཨག་ཤུག་མེ། ཨ་བྷི་ཤ་། བྷི་ཤུ། ཙག་ཏྲ་རིག་ཤ་ས་མ་ཡ་དུན་ཐུམ་རིལ་ལི་ལི། མྱགས་མྱགས་མྱོགས། སྲོག་ལ་ཐུན་རྦདཿ ་རག་ཤ་སྲོག་ལ་ཕྲིག་ཕྲིག་། པ་ཏི་ལི་ཀི་ནི་ཡ་མ་ཤྲི་ཧྲི་སྟི་བྷྲི་ཀྲི་ཏ་ན་ཀྲོ་མ་རི་པ་ཏྲ་སྲོག་ལ་དུན་བྷྱོ། མ་ཧཱ་ཡག་ཤ་ཐུམ་རིལ་རྦདཿ ་མ་རུ་ཙེ་དྷ་ཤ་འགྲི་པ་པྲ་མ་ལིང ། གསོད་སྒྲ་གཅོད་བྱེད་འཕྲོག་བྱེད་ཀྱིསཿ ་མ་ལུས་ལས་ལ་མདགས་པར་འགྱུརཿ ་ནརྀ་ཧུར་ཐུམས་ཛཿ ་ཤ་ཏྲུཾ་མཱ་ར་ཡ་རྦདཿ ་ཨ་མུ་ཀ་མཱ་ར་ཡ་ནུ་མ་ཀ་མ་རུ་སོད་སོདཿ ་གསད་པ་ཐུན་གྱི་དམོད་པའོཿ ་བྱི་ཤ་མི་ཀི་དུ་རུ་མི་ཏྲི་ཀ་ཏ་ཛྭ་ལ་ཨ་ཏ་ཛྭ་ལ་སཝཱ་ཧཱཿ ་ཙ་པ་ཏི་རཱ་ཧུ་ལ་མ་ཧཱ་ཀྲོ་དྷ་ཀ་པ་ཤར་ཤར་ཏ་ཤར་ཏི་ཧཱུཾ་ཕཊ། བི་ཤུ་ལ་དུ་མ་གི་ཤ་ཛྭ་ལ་ཨ་ནཿ ་མ་ཧཱ་ཙནྡྷ་རག་ཤ་ཧྲྀ་ད་ནརྀ་མ་ཡ་རུ་ཏྲ་ས་ཏྲི་བྱི་ནཱ་ག་རཱ་ཙ་བེ་ག་ཨ་ནནྟ་རགྴ་ཏི་སནྡྷ་རཀྵི་ར་ཙིཏྟ་བྷ་མི་ཀུ་རུཿ ་མུ་ཧྲི་ཙནྡྷ་དུམ་བུ་དུམ་བུ། ཁ་ལ་རག་ཤ་ཐུམ་རི་ལི་ལི། མ་མ་ས་མ་ཡ་ཏྲག་རག་ཤ་ཏྲག་རག་ཤ་མ་ཏྲི་ག་ནཿ ་མ་ས་ཁ་ཡ་ཀུ་རུ་ཏི་ཙེ་བྷ་ལི་མུ་ཏ་ད་ར་ད་ར། ཏྲི་ཀ་ར་མི་ཏྲིཿ ་དུལ་དུལ། སྙིང་ཁྲག་ལ་རིལ་རིལ། རྩ་ལ་ཐུན་ཐུན། ཏྲག་རག་མོ་ཧྲིལ་ཧྲིལ། ཤག་ཤག་།ཤར་ཤར་རྦད། མ་མ་ཙག་ཤ་ཏྲག་ཏུ་ཕྲོམ། ཨ་སེ་ལ་མི་བྱི་རུ་ལུ་རུ་ལུ་མ་མ་ཏྲག་རག་ཤ་ཧྲིལ་ཧྲིལ་ཤར་བྷྱོཿ ་མཱ་ར་ཡ་རཾ་ཧྲིལ་ཤར་བྷྱོཿ ་ཤེལ་ཏྲ་ཧཱུཾ་དྲག་དུ་རྩར་ཤུ་ཏི་ཕྲོཾ་ཀར་ཕྲོཾ། ཕྱིར་མ་ཏི་པ་ཤད། མི་ཀི་རི་ར་ཧུལ་ཤག་ཤག་ཧྲིལ་ཕོབཿ ་ཁྲག་ལ་ཙ་ར་མུ་ཤ་བྷྱོཿ ་ཏྲག་རམ་ཐུན་ཤག་རིལ་རམ་ཤར་བྷྱོཿ ་བདུད་ཕྲོཾ་ཀར་ཤུ་ཏི་ཕྲོཾ། ན་ག་ཧྲིལ་སེན་ཤག་ས་དུ་མ་ཧྲིལ་བྷྱོཿ ་པྲ་ཏ་པ་ཤ་ཡ་ཡ་མ་སྙིང་ཡ་མ་ཁྲག་།ར་ཧུ་ལ་ཧྲིལ་ཧྲིལ་ཤག་ཤག་།སེར་སེར། ཏུག་ཏུག་།
104.243a
ཡ་ཡ། ཕོབ་ཕོབ། མུ་ཀ་ཡེ། ཀ་པ་ཡེཿ ་ཨ་པ་ཡེཿ ། ཧྲི་སྟི་བྱི་ཀྲིན་ཏེ། ཛ་པ་ཏི་ར་ཧུ་ལ་མ་ཧཱ་ཀྲོ་ཏ་ཀ་བབ་ཏ་ཤར་ཤལ་ཏ་ཏེ་ཧཱུཾ་ཕཊ། ཐིག་ནིག་།ཤུ་ཏི་ཕྲོཾ། བདུད་ཕྲོཾ། མཐོངས་ཕྱེ། ལྕགས་སྒྲོག་ཁྲོལ། མི་རེང་སོད། རྐྱང་རྗེ་རྐྱང་མོ་ཙུ་རུ་ཙུ་རུ། ཧོ་ཧོ། ཕྲོཾ་ཕྲོཾ། མུ་ར་མུ་ར་ཤ་།དུ་རུ་ཕྲོཾ། ཐོག་ཧཱུཾ་ཧཱུཾ་སོད་སོད། རླུང་དང་སྤྲིན་དང་རབ་རྒྱུ་དངཿ ་ཕྱོགས་དང་བརྟགས་ཀྱི་ཚད་ལྡན་པསཿ ་དབབ་པའི་སྦྱོར་བ་ཤེས་པར་བྱཿ ་སྟེང་འོག་བར་གསུམ་དྲག་པོའི་ལསཿ ་གཞུག་དང་གཏོར་དང་བསྲེག་པའི་དང ། །བསྐོལ་དང་དགུག་དང་སྦྲེང་བ་དངཿ ་བོད་དང་དམོད་དང་གདུང་བ་དངཿ ་གཟིར་དང་སྐོར་དང་གཞིག་པ་དངཿ ་གཅད་དང་དྲིལ་བའི་ལས་རྣམས་ཀྱིསཿ ་སྨིན་པའི་ལོ་ཐོག་འཇོམས་པར་བྱེད། །ནག་པོ་ཏི་པ་ཙ་ཡ་ན་རག་ཤ་།རཱ་ཛ་དྷེ་གུ་ལ་ཕེ་ཤ་རག་ཤ་ནཱན། ཕོས་ཕོས། ཤིག་ཤིག་།ཧུ་ཡ་ཧུ་ཡ། ཏིརྱ་ཏིརྱ་ཀཱ་ལ་ནཱ་ག་བནྡྷ་དགྲ་བོ་མཱ་ར་ཡ་ཛཿ ། ནག་པོ་ཏི་པ་ཙ་ཡ་ཕེ་ཤ་རག་ཤ་ཛཿ ་ནཱ་ག་ཀ་ཀ་ལ་ཕེ་ཤ་རག་ཤ་ཛཿ ཛཿ ། ཨ་ཤ་ན་ནཱ་ག་ཏི་པ་ཙ་ཡ་དགྲ་བོ་མ་ར་ཡ་ཛཿ ། ་ནཱ་ག་རཱ་ཛ་ཤག་ཏི་སྲོག་ཏི་ལ་རྦདཿ ་སྙིང་ལ་རོལ། ཤམ་ཤམ་རྦད། ཨི་ཤ་ན་ནཱན། ་ཕེ་ཤ་རག་ཤ་ཨུ་ནཱན། ནཱ་ག་ནཱན་ཐི་ལི་ནཱན། ཕི་ལི་ནཱན། རྩི་རི་ནཱན། ཨ་པ་ར་སོད་རྨག་།དུལ་དུལ་ཀཱ་ལ་རྔུབས་མྱོགས་ཐིབས། མཱ་ར་ཡ་འདུས་འདུས། དྷ་ར་དྷ་ར། དྷུ་རུ་དྷུ་རུ། རུ་རུ། ར་ར། ཏི་ཏི། ཏྲི་མོ་ཏི་ཏི། ག་རུ་ག་ར་ག་ཏོར་ཛ་མ་ར་ཏེ་གང ། མན་ཛཿ ཕེ་ཤན་རག་ཤ་ཨུ་ཏ་ནཱན། བྷ་ཤི་ནི། ཤ་ར་ལེ། ཤུ་རུ་མུ་ལེ། དྷ་ཏ་མ་རེ་ན། ཧུ་ཡ་ཧུ་ཡ། ར་ཏི་ར་ཏི། ཐི་རི་ཤག་ཙག་གི། ནརྀ་མཱ་ར་ཏྲི་ཡ་མ་དུ་ཡ་མ་སྙིང་ཡ་མ་ཁྲག་ཚལ་པ་བཾ་རིལ། ནག་པོ་ཏི་པ་རག་ཤ་ནཱན། ཁུག་རོ་ལ་བཾ། དགྲ་བོ་མཱ་ར་ཡ་ཛཿ ། ་་་་ནག་པོ་ཏི་པ་ཙ། སྙིང་ལ་ཛཿ ་་་་་ ། ་་་་ཤག་ཤན་ནཱན་ཁུག་ཐུམ་རིལ་རྦད། ཙན་དྲི་རག་ཤ་རོ་ལ་ཁུག་ཐུན་ཀཱ་ལ་སྙིང་ལ་ཐུམ་རིལ་རྦད། ཀཱ་ལ་ཤོ་རོ་སྙིང་ལ་ཏྲག་ཤ་ཧ་ར་ཀ་། མུ་ཀ་མཱ་ར་ཡ་ཐུམ་རིལ་རྦད་ནཱནཿ ་ཁུགས་དང་འགྲོ་དང་ལས་བྱེད་པའིཿ ་རང་གི་རྟགས་དང་ལྡན་པ་ནཿ
104.243b
དམིགས་པའི་ལས་ལ་སྦྱར་བར་བྱ། ་་་ཟློག་དང་མ་གྲུབ་འཁྱིལ་པ་དངཿ ་འབྱམས་དང་བསྡུགས་དང་ཟད་མཐར་གཏུགས། །གཉེན་པོ་འདབ་མ་སྣ་སེལ་དངཿ ་བསྡུ་དང་སྤོ་དང་མི་ཟད་གཏེར། །ལོངས་སྤྱོད་ཐུག་པ་མེད་པ་ཡིས། ་་་དབྱིངས་ཀྱི་ངང་དུ་གཏད་པར་བྱ། ་་སྡེ་བརྒྱད་སོ་སོའི་མིང་གི་སྔགས། རང་སྐད་དམོད་པའི་ཡན་ལག་ལ། ་་དྷེ་བ་ཨ་བྱི་སརྦ་བྷྱོ་བཟློག་།པྲ་ལ་དུན་རྩེ་ཕོབ། བཛྲ་འགྲིག་ཤོ་ས་མ་ཡ་ཧྲི་བྷྱོཿ ་བསན་ཏི་མ་རུ་རུ། ཡ་མ་ཏྲིག་བྷུ་ཏ་ཀྵི་པ་ལོ་ཧཱུཾ། བཟློག་བསྒྱུར་གདུག་པའི་དྲག་སྔགས་ཀྱིསཿ ་ལས་ཀྱི་མཐར་སྒྱུར་མ་ལུས་པརཿ ་ང་འམ་ང་དང་འདྲ་བ་ཡིཿ ་རྡོ་རྗེ་འཛིན་པ་གཞན་རྣམས་ཀྱིསཿ ་ཕྱི་ནང་གསང་བའི་ལས་རྣམས་ཀྱིསཿ ་གང་ལ་མངགས་པ་དེ་དག་སྦྱརཿ ་གཞན་གྱིས་ཐེ་ཚོམ་མི་བྱ་སྟེཿ ་ང་དང་དུས་གསུམ་སངས་རྒྱས་ཀྱིསཿ ་དེ་ལ་རིག་པར་སྣང་བ་ཡིན་ཞེས་བཀའ་སྩལ་ཏོ། །དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས་ཕྲིན་ལས་དམིགས་པའི་ཁྱད་པར་ལས་སྦྱར་བའི་ལེའུ་སྟེཿ ་དགུ་པའོ།། །། དེ་ནས་རྡོ་རྗེ་འཛིན་པ་ཡིས། །ཡོན་ཏན་བསྟོད་པ་འདི་གསུངས་སོ། །ཧཱུཾ་དུར་ཁྲོད་ཆེན་པོའི་རོལ་པའི་དཀྱིལ་འཁོར་ནས། །གཏུམ་དྲག་མེ་ལྟར་འབར་བའི་གཞལ་ཡས་ན། །གདུག་བྱེད་རུ་ཏྲ་སྟི་རའི་ཁྲི་སྟེངས་ན། །མདངས་ལྡན་ཉི་ཟླ་པད་མའི་གདན་སྟེངས་ན། །དྲེགས་པའི་བདག་པོ་རྡོ་རྗེ་འཛིན་པའི་གཙོ། །བཅོམ་ལྡན་དཔལ་ཆེན་སྟོབས་ལྡན་ནག་པོ་ནི། །སྐུ་མདོག་མཐིང་ནག་རབ་ཏུ་འབར། །ས་དགུ་རྫོགས་པས་དབུ་དགུ་བསྟན། །སྟོང་པ་བཅཝ་བརྒྱད་ལྡན་པའི་ཕྱགཿ ་ཞབས་ཀྱིས་བརྗིད་པའི་བདུད་བཞི་གནོནཿ ་དབུས་མཐིང་གཡས་དཀར་གཡོན་དམར་བས། །ཁྲོ་ཞིང་གཞད་དང་གཙིགས་པའི་ཞལཿ ་རལ་པ་ཁམ་ནག་སྲིད་རྩེར་འབརཿ ་ཁམས་གསུམ་མ་ལུས་སྤྱན་གྱིས་གཟིགསཿ ་ཤངས་ཀྱིས་སྲིད་གསུམ་མ་ལུས་རྔུབཿ ་སྙན་གྱིས་སྟོང་གསུམ་འབྲུག་སྒྲས་འགེངསཿ ་ཚེམས
104.244a
ཀྱིས་གནོད་གདུག་མ་ལུས་སྒྲོལཿ ་ལྗགས་ཀྱིས་གློག་དམར་འཇིག་རྟེན་ཁྱབཿ ་ཁྲོ་གཉེར་འོད་ཀྱིས་དབང་དུ་སྡུདཿ ་ཕྲིན་ལས་རིགས་ཀྱིས་དབུ་ལ་བརྒྱནཿ ་བཅཝ་བརྒྱད་ཕྱག་གི་དང་པོ་གཉིསཿ ་དབང་བསྡུད་རྡོ་རྗེ་དྲིལ་བུ་འཛིནཿ ་གཡས་གཡོན་འོག་མའི་ཕྱག་བརྒྱད་ནཿ ་དྲེགས་པའི་ལྷ་བརྒྱད་བན་ད་གཡསཿ ་།ཙིཏྟ་སྲོག་རྩ་གཡོན་ན་བསྣམསཿ ་་་།འབར་བའི་ཆས་ཀྱིས་སྐུ་ལ་བརྒྱནཿ ་བསྲུང་བའི་ལྷ་བརྒྱད་སྐུ་ལ་རྫོགསཿ ་གཡས་གཡོན་ཞབས་ཀྱི་དྲེགས་པ་གཟིརཿ ་མ་རུངས་གདུལ་དཀའ་རྣམས་ཀྱི་གཤེདཿ ་ལོག་ལྟ་རུ་ཏྲ་འདུལ་བའི་དཔལཿ ་འབྱུང་ལྔའི་བདག་མོ་གཉིས་མེད་ཡུམཿ ་དབུ་གསུམ་ཕྱག་དྲུག་ཞབས་བཞི་སྦྱོརཿ ་།གྲི་གུག་ཏྲི་ཤའུལ་བདུད་རྩི་གཡསཿ ་བན་ད་ཞིང་ཆེན་གཡང་གཞི་གཡོནཿ ་མཐིང་ནག་འོད་ཀྱིས་ཀུན་ཏུ་ཁྱབཿ ་ཆེད་འགའ་རིགས་ཀྱི་སྤྲུལ་པ་འདིཿ ་།དབུ་གསུམ་ཕྱག་དྲུག་ཞབས་བཞིར་བསྒྲདཿ ་སྐུ་མདོག་མཐིང་ནག་ཁྲོས་ཤིང་རྔམཿ ་ཕྱག་དྲུག་གཡས་གཡོན་དང་པོ་ཡིསཿ ་རྡོ་རྗེས་དུང་ཁྲག་དཀྲུག་ཅིང་གསོལཿ ་གཡས་གཡོན་གཉིས་ཀྱི་ཕྱག་བཞི་ཡིསཿ ་།ལྷ་བརྒྱད་ཀླུ་བརྒྱད་ཙིཏྟ་རོལཿ ་།ཡུམ་ཆེན་ཞལ་གཅིག་ཕྱག་གཉིས་མཿ ་སྐུ་མདོག་མཐིང་ནག་ཞབས་གཉིས་སྦྱོརཿ ་གཡས་ཀྱི་ནམ་མཁའ་སྟོང་ཁམས་འདེགསཿ ་གཡོན་གྱིས་འཇིག་རྟེན་ས་གཞི་གནོནཿ ་།ཞལ་ནས་འབྱུང་བ་ལྔ་འཆར་མཿ ་།དཔལ་ཆེན་ཡབ་ཡུམ་བྱིན་བརླབས་ལསཿ ་སྤྲུལ་པའི་དྲེགས་པ་ཕོ་མོ་གཙོཿ ་བདུད་མོ་ནག་མོ་ཁ་སླངས་ཅནཿ ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་མཐིངཿ ་ཁྲམ་ཤིང་ཏྲི་ཤའུལ་གཡས་ན་བསྣམསཿ ་གཡོན་གྱིས་ཁ་ཊྭཱཾ་ཞགས་པ་འཕེནཿ ་ན་བཟའ་ཞིང་ལྤགས་རློན་པ་གསོལཿ ་ཞབས་གཉིས་གདུག་པའི་སྙིང་གར་གཟིརཿ ་བདུད་མོ་ནག་མོ་ཁྲག་འཛག་མཿ ་ཁྲག་བཾ་ཐོད་རློན་ཕྱག་ན་བསྣམསཿ ་སྐུ་ལ་ཞིང་ལྤགས་གསར་པ་བགོསཿ ་བདུད་རྟ་ནག་པོ་ཆིབས་སུ་བཅིབསཿ ་ཞབས་ཀྱིས་དགྲ་བགེགས་བཤུགས་ཀྱིས་སྒྲོལཿ ་འཆི་བདག་གཤིན་རྗེ་ནག་པོ་ནིཿ ་ཞལ་གཅིག་ཕྱག་གཉིས་སྐུ་མདོག་ནགཿ
104.244b
ཕྱག་གཡས་ཐོད་ཁྲག་གྲི་གུག་གཡོནཿ ་བཙུན་མོ་ཡུམ་ཆེན་ཟ་བྱེད་མཿ ་གྲི་གུག་ཐོད་པ་ཕྱག་ན་བསྣམསཿ ་ཡབ་ཡུམ་ཞིང་ལྤགས་རློན་པ་གསོལཿ ་མ་ཧེ་ཁྲོས་དང་ཆུ་གླང་བཅིབསཿ ་ཞབས་ཀྱིས་དགྲ་བགེགས་ཕོ་མོ་གཟིརཿ ་སྲིན་པོ་གསོད་བྱེད་སྐུ་མདོག་གནགཿ ་ཕྱག་ན་རལ་གྲི་ཐོད་ཁྲག་བསྣམསཿ ་ཡུམ་ཆེན་གསོད་པར་བྱེད་མ་ཡངཿ ་གྲི་གུག་མི་ཐོད་ཕྱག་ན་བསྣམསཿ ་ན་བཟའ་ཤིང་ལྤགས་རློན་པ་གསོལཿ ་སྟགས་སེང་རོལ་པ་ཆིབས་སུ་བཅིབསཿ ་གནོད་སྦྱིན་གང་བ་བཟང་པོ་ཡངཿ ་།ཞལ་གཅིག་ཕྱག་གཉིས་སྐུ་མདོག་སྔོཿ ་།དར་ནག་འཕྱར་ཞིང་ཞིང་ལྤགས་བརྡེགཿ ་།ཡུམ་ཆེན་ཤ་ཟ་རལ་གཅིག་མཿ ་།ཡུལ་གྱི་ཚུལ་འཛིན་སྤྲུལ་པ་མོཿ ་ཞིང་ལྤགས་གྱོན་ཏེ་གྱི་ལིང་བཅིབསཿ ་དྲག་སྔགས་བདག་པོ་ཆེན་པོ་ནིཿ ་དབང་ཕྱུག་ཆེན་པོ་ལྷ་ཡི་གཙོཿ ་མདོག་དཀར་ཤེལ་གྲི་བ་དན་འཕྱརཿ ་ན་བཟའ་དར་དཀར་བེར་ཆེན་གསོལཿ ་ཆིབས་སུ་གནམ་རུ་དཀར་པོ་བཅིབསཿ ་ཐར་པ་ནག་པོ་རུ་ཏྲའི་གཙོཿ ་མཆོད་གཏོར་དུག་ཐུན་ཕྱག་ན་བསྣམསཿ ་ཞིང་ལྤགས་གྱོན་ཏེ་དོམ་ནག་བཅིབསཿ ་རྨུ་བདུད་རྗེ་དཔོན་ནག་པོ་ནིཿ ་དར་ནག་འཕྱར་ཞིང་སྟི་ར་འདྲདཿ ་བེར་ནག་གསོལ་ཞིང་རྨུ་རྟ་བཅིབསཿ ་མུ་སྟེགས་ཀ་ལ་ཡག་ཤ་ནིཿ ་མཐིང་ནག་ཁ་ཊྭཱཾ་ཏྲི་ཤཱུལ་འཛིནཿ ་ཞིང་ལྤགས་བགོས་ཏེ་མ་ཧེ་བཅིབསཿ ་ཁྱབ་འཇུག་རོག་ཏི་ནག་པོ་ཡངཿ ་ཁྲམ་ཤིང་དགྲ་སྟ་ཕྱག་གིས་འཛིནཿ ་སྤྲིན་ནག་བགོས་ཏེ་འབྲུག་སྔོན་བཅིབསཿ ་ཀླུ་རྒྱལ་བ་རུ་ཎ་ཡི་རྗེཿ ་སེར་ནག་སྦྲུལ་གྱི་ན་བཟའ་གསོལཿ ་བུམ་པ་རུས་སྦལ་ཕྱག་གིས་འཛིནཿ ་ཆིབས་སུ་ཆུ་སྲིན་མགོ་དགུ་བཅིབསཿ ་རྒྱལ་པོ་ཧར་མཛེས་ཞེས་བྱ་བཿ ་མདོག་དཀར་ཤེལ་གྲི་དར་དཀར་འཛིནཿ ་སྲས་མཆོག་འབར་བ་དམར་པོ་སྟེཿ ་མདུངས་རིངས་གཡས་ལ་ཤན་གྲི་གཡོནཿ ་རྡོ་རྗེ་མཛེས་པ་མདོག་དམར་པོཿ ་རུ་མཚོན་དགྲ་སྟ་ཕྱག་གིས་འཛིནཿ ་ཁུ་ལེ་ལག་དགུ་འབར་བ་ཡངཿ ་མདོག་སེར་སྤྲུལ་པའི་ལག་དགུ་འགྱེདཿ
104.245a
ཞིང་ལྤགས་བགོས་ཤིང་སྟི་ར་གནོནཿ ་དྲག་སྔགས་བདག་པོ་གཙོ་འཁོར་ཡངཿ ་རང་གི་རིགས་ཀྱི་འཁོར་འདུལ་བཿ ་སོ་སོའི་སྤྲུལ་པ་བསམ་མི་ཁྱབཿ ་གཅོད་པར་བྱེད་པ་བདུད་ཀྱི་སྡེཿ ་འཆི་བར་བྱེད་པ་གཤིན་རྗེའི་སྡེཿ ་གསོད་བྱེད་ཤན་པ་སྲིན་པོའི་སྡེཿ ་གདུག་རྩུབ་འཆང་བ་གནོད་སྦྱིན་སྡེཿ ་དྲག་རྩལ་ལྡན་པ་ལྷ་ཡི་སྡེཿ ་ནད་གདོན་འབེབས་པ་མ་མོའི་སྡེཿ ་ནམ་མཁའ་དབང་སྒྱུར་གཟའ་ཡི་སྡེཿ ་གླེན་ལྐུགས་གདུག་པ་ཀླུ་ཡི་སྡེཿ ་།སྡེ་བརྒྱད་དམོད་པའི་དྲག་སྔགས་ཅནཿ ་མཐུ་དང་རྫུ་འཕྲུལ་བསམ་མི་ཁྱབཿ ་འཁོར་དང་སྡེ་རིགས་བརྗོད་མི་ལངཿ ་ཕྲིན་ལས་ལོངས་སྤྱོད་མི་ཟད་གཏེརཿ ་ཡོན་ཏན་ནུས་པ་དཔག་ཏུ་མེདཿ ་ཞེས་སྡང་ཅན་ལ་ཁྲོས་པར་སྟོནཿ ་།ང་རྒྱལ་ཅན་ལ་ལྷག་པར་སྟོནཿ ་།འདོད་ཆགས་ཅན་ལ་མི་གདུག་སྟོནཿ ་གཏི་མུག་ཅན་ལ་མྱོས་པར་སྟོནཿ ་སེར་སྣ་ཅན་གྱིས་འཕྲོག་པར་བྱེདཿ ་ཕྲག་དོག་ཅན་ལ་འཇིགས་པར་སྟོནཿ ་ཁྱོད་ཀྱིས་མི་འདུལ་གཅིག་མེད་ཀྱིསཿ ་་།མཆོད་ཅིང་བཀང་བའི་ཐུན་རྫས་བཞེསཿ ་།བཅོལ་ཅིང་གཉེར་བའི་ལས་མཛོད་ཅིགཿ ་།བསྟོད་ཅིང་བསྒྲུབས་པས་ལས་མཛོད་དགྱེས་པར་མཛོདཿ [་\ུ0f7f]དེ་ནས་རང་གི་སྙིང་པོ་དང ། །འཇིག་རྟེན་དྲེགས་པའི་བདག་པོ་རྣམསཿ ་།སོ་སོའི་སྔགས་ཀྱི་ལས་ལ་སྦྱརཿ ་།རྡོ་རྗེ་འཛིན་པ་ཆེན་པོ་ཡིསཿ ་བྱང་ཆུབ་སེམས་ཀྱི་བསམ་པ་ཡིསཿ ་།བལྟོས་དང་རེ་བ་ཀུན་སྤངས་ཏེཿ ་སངས་རྒྱས་བསྟན་པ་རབ་དམིགས་ནསཿ ་དྲག་སྔགས་བདག་པོ་ཉེར་བསྒྲུབས་ནཿ ་ང་དང་སངས་རྒྱས་ཐམས་ཅད་མཉེསཿ ་རིག་པ་འཛིན་པའི་ས་ཐོབ་ཅིངཿ ་སེམས་ཅན་རྣམས་ཀྱི་སྟོན་པར་འགྱུརཿ ་ཐུན་མོང་བ་དང་ཉེ་བ་དངཿ ་མཆོག་འགྱུར་རིང་བའི་དངོས་གྲུབ་ཀུནཿ ་དཔའ་བོ་དེ་ལས་མངོན་དུ་འབྱུངཿ ་ཡོན་ཏན་མཆོག་གི་སྟོབས་རྙེད་ཅིངཿ ་འཇིག་རྟེན་ཆོས་ལས་རབ་སྔགས་པའིཿ ་།བྱང་ཆུབ་སེམས་དཔའི་སྤྱོད་པ་དངཿ ་།ས་ཆེན་པོ་ལ་རྟོགས་པ་ཡིཿ ་།རླབས་ཆེན་རྣམས་ཀྱང་ནུས་པར་སྤྱོདཿ ་མཐུ་སྟོབས་ནུས་པ
104.245b
པ་སྙེམས་པ་ཡིསཿ ་གཞན་གྱིས་བརྫི་བར་མི་ནུས་ཤིངཿ ་རང་གི་དབང་དུ་ཁུགས་པ་དངཿ ་བསྒོ་བ་རྩོད་པ་མེད་པར་འགྱུར་ཞེས་བཀའ་སྩལ་ཏོཿ ་དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས་བསྟོད་པ་ཡོན་ཏན་བརྗོད་པའི་ལེའུ་སྟེ:་བཅུ་པའོ།། །། ་དེ་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོསཿ ་།ཉིད་ཀྱི་སྐུ་འཇིགས་བྱེད་ཆེན་པོའི་ལུགས་སུ་སྐུ་སྤྲུལ་ཏེཿ ་ཐུགས་ཆོས་ཉིད་ཞི་བ་ཆེན་པོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། སྐུའི་གནས་ཐམས་ཅད་ལས་འོད་ཀྱི་དྲ་བ་དཔག་ཏུ་མེད་པ་ཕྱུང་ནས། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ཀྱི་དྲེགས་པ་ཅན་གྱི་གནས་ཐམས་ཅད་ཁྱབ་པར་མཛད་ནསཿ ་མ་རུངས་ཤིང་གདུག་པ་དང་གཏུམ་པའི་སེམས་དང་བསམ་པ་ཐམས་ཅད་ཀྱང་མ་ལུས་པར་ཞི་བ་བྱང་ཆུབ་ཀྱི་སེམས་དང་ལྡན་པར་གྱུར་ཏེ། ཕན་པ་དང ། བདེ་བ་དང ། གནོད་པ་མེད་པ་དང ། བརྩེ་བ་དང ། ཡིད་དགའ་བ་དང་བཅས་པས་ཕྱོགས་དེར་སྣང་བར་གྱུར་ནས། ཐམས་ཅད་ཀྱིས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ལ་ཕྱག་འཚལ་ཞིང་འདི་སྐད་ཅེས་གསོལ་ཏོཿ ་ཀྱེ་མ་བཅོམ་ལྡན་རྡོ་རྗེ་འཆངཿ ་ཁྱོད་ཀྱི་བསྟན་པ་གསང་ཆེན་འདིཿ ་མ་འོངས་པ་ཡི་དུས་དག་ཏུཿ ་རབ་ཏུ་རྒྱས་པར་འགྱུར་ཞིག་ནཿ ་བདག་ཅག་འཇིག་རྟེན་དྲེགས་པ་ཅནཿ ་ཞི་བའི་སེམས་སུ་གནས་བྱས་པསཿ ་རྗེས་སུ་སྤྱོད་པ་གང་ཡིན་པཿ ་དེ་ལ་རྒྱས་པ་ཕན་པར་བསྟནཿ ་ཕྲིན་ལས་དང་ནི་ལྟ་སྤྱོད་ཀྱིསཿ ་ཁྱབ་པ་དེ་ལས་ཡོངས་རྫོགས་ཞིངཿ ་གྲོགས་དང་བྲན་དང་རྨངས་བཞིན་དུཿ ་གང་གིས་བསྒོ་བ་དེ་བཞིན་བགྱིཿ ་དམ་ཚིག་བསྲུངས་པའི་ཡོན་ཏན་དངཿ ་རོལ་པའི་ཏིང
104.246a
འཛིན་ལྡན་པ་ལཿ ་བཀའ་ལས་འདའ་བ་མི་སྤྱོད་ཅིངཿ ་གསུང་བཞིན་བསྒྲུབ་པ་རབ་ཏུ་སྤྲོཿ ་བཅོམ་ལྡན་རྡོ་རྗེ་འཛིན་ཁྱོད་ཀྱིསཿ ་ཇི་ལྟར་མངགས་པའི་ལས་རྣམས་ནིཿ ་བདག་ཅག་ནུས་པས་མྱུར་དུ་བསྒྲུབཿ ་བྱིན་གྱིས་བརླབ་པ་གཙོར་མཛོད་ཅིག་ཅེས་གསོལ་ནས་རང་རང་གི་གནས་སུ་དེངས་ཤིང་ཕྱིན་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱི་འོད་ཟེར་གྱི་བཀོད་པ་རྣམས་རང་གི་འཁོར་གྱི་སྣང་བ་ཐམས་ཅད་ཀྱང་ཉིད་ཀྱི་སྐུའི་དབྱིངས་སུ་བསྡུད་ཤིང་སྐུ་ཉིད་ཀྱང་ཆོས་ཀྱི་སྐུའི་རང་བཞིན་དུ་གནས་པར་མཛད་དོ། །དྲག་སྔགས་འདུས་པ་རྩ་བའི་རྒྱུད་ལས་ཕྲིན་ལས་ཀྱི་གཉེར་ཕུལ་བའི་ལེའུ་སྟེ། བཅུ་གཅིག་པའོ། །དྲག་སྔགས་འདུས་པ་རྡོ་རྗེ་རྩ་བའི་རྒྱུད་ཅེས་བྱ་བ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་སློབ་དཔོན་པད་མ་འབྱུང་གནས་དང ། བོད་ཀྱི་ལོ་ཙྪ་བ་བདག་བཻ་རོ་རྩ་ནས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་བླའི་ཕྱག་དཔེ་ལ་ཞལ་བཤུས་པ་ལས་བརྒྱུད་པའོ། །ག་རུ་ཌེ་ན་ཝཱ་བུ་ན:པྲིཙྪ།། ་།།
104.246b
[ཋིས་ཨིས་ཨ་བླནཀ་པགེ་ཝིཐོུཏ་ཏེxཏ]