༄#། ་།རྒྱ་གར་སྐད་དུ། ་ཤྲཱི་ཧེ་རུ་ཀ་ཀཱ་རུ་ཎ་ཀྲཱི་ཌི་ཏ་ཏན་ཏྲ་གུ་ཧྱ་གཾ་བྷཱི་ར་ཨུཏ་ཏ་མ་ནཱ་མ། བོད་སྐད་དུ། ་དཔལ་ཧེ་རུ་ཀ་སྙིང་རྗེ་རོལ་པའི་རྒྱུད་གསང་བ་ཟབ་མོའི་མཆོག་ཅེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དང ། རྡོ་རྗེ་དང ། རིན་པོ་ཆེ་དང ། པདྨ་དང ། 104.120b ལས་ཀྱི་རིགས་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་ཆེན་པོ་དམ་ཚིག་གི་སྡོམ་པ་གཉིས་སུ་མེད་པའི་བདེ་བ་ཆེན་པོ་དབང་བརྙེས་པ། ཐབས་དང་ཤེས་རབ་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ། ཁམས་གསུམ་ཐམས་ཅད་ཀྱི་བདག་པོ་ཆེན་པོ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་ཆེན་པོ་ནམ་མཁའི་དབྱིངས་ཐམས་ཅད་དུ་མཉམ་པར་འཇུག་པ། ཕ་རོལ་ཏུ་ཕྱིན་པའི་སྐབས་དང་ལྡན་པ། ཆེ་མཆོག་ཧེ་རུ་ཀའི་ཤེས་རབ་དང་ཡེ་ཤེས་ཀྱི་དབང་བསྐུར་བ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རིན་པོ་ཆེ་གསང་བ་རྡོ་རྗེ་མཆོག་ཏུ་གསང་བའི་བཅོམ་ལྡན་འདས་བུད་མེད་ཀྱི་དཀྱིལ་ན་གསུང་བརྗོད་པ་མེད་པར་བཞུགས་སོ། །སངས་རྒྱས་གྱི་ཞིང་ནམ་མཁའི་དབྱིངས་ཀྱི་རྡུལ་ཕྲན་དང་མཉམ་པ། རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང ། རྡོ་རྗེ་མན་མཁའ་ལ་འགྲོ་བ་དང ། ནམ་མཁའ་ལ་འགྲོ་བ་ཆེན་པོ་དང ། སྐལ་བ་དང་ལྡན་པ་དང ། འཇིབ་པར་བྱེད་པའི་གསང་བ་ཆེན་མོའི་གཡོག་དང ། །འབྱུང་བ་ཆེན་པོ་ལྔ་དང ། འབྱུང་བ་ལས་གྱུར་པའི་ལྷའི་ཚོགས་འབུམ་ཕྲག་བརྒྱ་སྟོང་གིས་ཁྱབ་པ་འདི་ལྟ་སྟེ། སྙིང་པོ་ཡེ་ཤེས་རྡོ་རྗེ་དང ། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྡོ་རྗེ་དང་མེ་ལོང་ཡེ་ཤེས་རྡོ་རྗེ་དང ། སོ་སོའི་ཀུན་ཏུ་རྟོག་པའི་ཡེ་ཤེས་རྡོ་རྗེ་དང ། མཉམ་པ་ཉིད་ཡེ་ཤེས་རྡོ་རྗེ་དང ། བྱ་བ་ནན་ཏན་ཡེ་ཤེས་རྡོ་རྗེ་དང ། ནམ་མཁའ་ཡེ་ཤེས་རྡོ་རྗེ་དང ། རླུང་ཡེ་ཤེས་རྡོ་རྗེ་དང ། མེ་ཡེ་ཤེས་རྡོ་རྗེ་དང ། ཆུ་ཡེ་ཤེས་རྡོ་རྗེ་དང ། ས་ཡེ་ཤེས་རྡོ་རྗེ་དང ། ཐབས་དང་ཤེས་རབ་ཡེ་ཤེས་རྡོ་རྗེ་དང ། གཟུགས་ཡེ་ཤེས་རྡོ་རྗེ་དང ། སྒྲ་ཡེ་ཤེས་རྡོ་རྗེ་དང ། དྲི་ཡེ་ཤེས་རྡོ་རྗེ་དང ། རོ་ཡེ་ཤེས་རྡོ་རྗེ་དང ། རེག་ཡེ་ཤེས་རྡོ་རྗེ་དང ། སྐུ་ཡེ་ཤེས་རྡོ་རྗེ་དང ། གསུང་ཡེ་ཤེས་རྡོ་རྗེ་དང ། ཐུགས་ཡེ་ཤེས་རྡོ་རྗེ་དང ། བདེ་བ་ཆེན་པོ་ཡེ་ཤེས་རྡོ་རྗེ་དང ། ཀུན་དུ་བཟང་པོ་ཡེ་ཤེས་རྡོ་རྗེ་དང ། གསུང་གི་དབང་པོ་ཡེ་ཤེས་རྡོ་རྗེ་དང ། གཉིས་སུ་མེད་པའི་ཡེ་ཤེས་རྡོ་རྗེ་དང ། ཞི་བའི་ཡེ་ཤེས་རྡོ་རྗེ་དང ། གདུལ་དཀའ་འདུལ་བའི་ཡེ་ཤེས་རྡོ་རྗེ་དང ། རྒྱལ་བའི་ཡེ་ཤེས་རྡོ་རྗེ་དང ། མེ་ཏོག་གི་ཡེ་ཤེས་རྡོ་རྗེ་དང ། རབ་ཏུ་དགའ་བའི་ཡེ་ཤེས་རྡོ་རྗེ་དང ། དབང་གི་ཡེ་ཤེས་རྡོ་རྗེ་དང ། ཉི་མའི་ཁྲོ་བོ་ཡེ་ཤེས་རྡོ་རྗེ་དང ། རྒྱལ་མཚན་ཡེ་ཤེས་རྡོ་རྗེ་དང ། རྡོ་རྗེ་སྒྲ་ཡེ་ཤེས་རྡོ་རྗེ་དང ། འགྲོ་བ་འདུ་བ་ཡེ་ཤེས་རྡོ 104.121a རྗེ་དང ། གཞོན་ནུ་ཡེ་ཤེས་རྡོ་རྗེ་དང ། རྒྱུ་ཡེ་ཤེས་རྡོ་རྗེ་དང ། གསུང་མེད་པའི་ཡེ་ཤེས་རྡོ་རྗེ་དང ། སྣ་ཚོགས་ཀྱི་ཡེ་ཤེས་རྡོ་རྗེ་དང ། གོ་ཆ་ཡེ་ཤེས་རྡོ་རྗེ་དང ། ཡང་དག་པར་ཟབ་པ་བྱེད་པའི་ཡེ་ཤེས་རྡོ་རྗེ་དང ། འདུས་པའི་ཡེ་ཤེས་རྡོ་རྗེ་དང ། བདེ་བ་ཆེན་པོའི་ཡེ་ཤེས་རྡོ་རྗེ་དང ། བྱང་ཆུབ་སེམས་ཡེ་ཤེས་རྡོ་རྗེ་དང ། རིན་ཆེན་དབང་བསྐུར་བ་ཡེ་ཤེས་རྡོ་རྗེ་དང ། པད་མོ་དམར་པོ་ཡེ་ཤེས་རྡོ་རྗེ་དང ། དམ་ཚིག་ཡེ་ཤེས་རྡོ་རྗེ་དང ། མཆོད་པའི་ཡེ་ཤེས་རྡོ་རྗེ་དང ། རྣལ་འབྱོར་མ་ཆེན་མོ་གཡོག་དང་བཅས་པ་རྣམས་ལ་འདི་ལྟ་སྟེ། ཤིན་ཏུ་དགའ་བའི་དབང་མོ་ཞེས་བྱ་བའི་ཡེ་ཤེས་རྡོ་རྗེ་དང ། རྨོངས་པར་བྱེད་པའི་དབང་མོ་ཡེ་ཤེས་རྡོ་རྗེ་དང ། གསོད་ཅེས་བྱ་བའི་དབང་མོ་ཡེ་ཤེས་རྡོ་རྗེ་དང ། རྡོ་རྗེ་དབྱིངས་ཕྱུག་མ་ཡེ་ཤེས་རྡོ་རྗེ་དང ། ཡེ་ཤེས་དབྱིངས་ཕྱུག་མ་ཡེ་ཤེས་རྡོ་རྗེ་དང ། རིན་ཆེན་དབྱིངས་ཕྱུག་མ་ཡེ་ཤེས་རྡོ་རྗེ་དང ། པད་མའི་དབྱིངས་ཕྱུག་མ་ཡེ་ཤེས་རྡོ་རྗེ་དང ། ལས་ཀྱི་དབྱིངས་ཕྱུག་མ་ཡེ་ཤེས་རྡོ་རྗེ་དང ། གནོན་པར་བྱེད་མ་ཡེ་ཤེས་རྡོ་རྗེ་དང ། འཇུམས་པར་བྱེད་མ་ཡེ་ཤེས་རྡོ་རྗེ་དང ། རྨོངས་པར་བྱེད་མ་ཡེ་ཤེས་རྡོ་རྗེ་དང ། རྒྱས་འདེབས་པར་བྱེད་མ་ཡེ་ཤེས་རྡོ་རྗེ་དང ། འདྲེན་པར་བྱེད་མ་ཡེ་ཤེས་རྡོ་རྗེ་དང ། གསོད་པར་བྱེད་མ་ཡེ་ཤེས་རྡོ་རྗེ་དང ། འབིགས་པར་བྱེད་མ་ཡེ་ཤེས་རྡོ་རྗེ་དང ། གཅོད་པར་བྱེད་མ་ཡེ་ཤེས་རྡོ་རྗེ་དང ། སྡིགས་བྱེད་ཅེས་བྱ་བ་ཡེ་ཤེས་རྡོ་རྗེ་དང ། ཚིག་བྱེད་ཅེས་བྱ་བ་ཡེ་ཤེས་རྡོ་རྗེ་དང ། ཡན་ལག་ཐམས་ཅད་འཕྲོག་བྱེད་ཡེ་ཤེས་རྡོ་རྗེ་དང ། འཇིབ་བྱེད་མ་ཡེ་ཤེས་རྡོ་རྗེ་དང ། ཁྲག་ལ་དགའ་མ་ཡེ་ཤེས་རྡོ་རྗེ་དང ། གཅོད་བྱེད་མ་ཡེ་ཤེས་རྡོ་རྗེ་དང ། ཕན་བྱེད་མ་ཡེ་ཤེས་རྡོ་རྗེ་དང ། ནམ་མཁའ་ལ་འགྲོ་མ་ཡེ་ཤེས་རྡོ་རྗེ་དང ། ངག་འཕྲོག་མ་ཡེ་ཤེས་རྡོ་རྗེ་དང ། ཟས་ཤ་རློན་ཟ་བ་ཡེ་ཤེས་རྡོ་རྗེ་དང ། སྲིན་མོ་ཡེ་ཤེས་རྡོ་རྗེ་དང ། གནོད་སྦྱིན་མ་ཡེ་ཤེས་རྡོ་རྗེ་དང ། གནོད་བྱེད་ཅེས་བྱ་བ་ཡེ་ཤེས་རྡོ་རྗེ་དང ། སྦྲུལ་ཡེ་ཤེས་རྡོ་རྗེ་དང ། སེངྒེ་ཡེ་ཤེས་རྡོ་རྗེ་དང ། སྟག་ཡེ་ཤེས་རྡོ་རྗེ་དང ། རི་དགས་ཡེ་ཤེས་རྡོ་རྗེ་དང ། ཕག་ཡེ་ཤེས་རྡོ་རྗེ་དང ། སྤྲེའུ་ཡེ་ཤེས་རྡོ་རྗེ་དང ། ཁྱི་ཡེ་ཤེས་རྡོ་རྗེ་དང ། བྱི་ལ་ཡེ་ཤེས་རྡོ་རྗེ་དང ། ར་ཡེ་ཤེས་རྡོ་རྗེ་དང ། བྱ་རོག་ཡེ་ཤེས་རྡོ་རྗེ་དང ། ཝ་ཡེ་ཤེས་རྡོ་རྗེ་དང ། བྱ་རྒོད་ཡེ་ཤེས་རྡོ་རྗེ་དང ། སྲེ་མོ་ཡེ་ཤེས་རྡོ་རྗེ 104.121b དང ། མིའི་ཀིང་རུས་དང ། འབུ་ཆེན་པོའི་རོ་དང ། ཡི་དགས་དང ། ཤ་ཟ་དང ། གཟིག་དང ། བོང་བུ་དང ། རྟ་དང ། མ་ཧེ་དང ། བ་གླང་དང ། འུག་པ་དང ། རྡོ་རྗེ་འཕྲོག་པར་བྱེད་མ་ཆེན་མོ་དང ། རྡོ་རྗེ་ཟས་འདྲེན་མ་ཆེན་མོ་དང ། དེ་ལ་སོགས་ཏེ་མཐའ་ཡས་མཆོག་མི་མཉམ་པ་དང་མཉམ་པ་དང་བཅས་པ། ཆོས་ཀྱི་དབྱིངས་རྡོ་རྗེ་ནམ་མཁའ་ལ་འགྲོ་མའི་ཚོགས་གཡོག་དང་བཅས་པ། རྡོ་རྗེའི་རིགས་ཡེ་ཤེས་རྡོ་རྗེ་དང ། ཡེ་ཤེས་ཀྱི་ཁྲོ་བོ་ཡེ་ཤེས་རྡོ་རྗེ་དང ། ཡེ་ཤེས་ཀྱི་ཁྲོ་མོ་ཡེ་ཤེས་རྡོ་རྗེ་དང ། སྤྲུལ་པའི་ཡེ་ཤེས་རྡོ་རྗེ་དང ། སྤྲུལ་པའི་འཕྲ་མེན་མ་ཡེ་ཤེས་རྡོ་རྗེ་དང ། ཡང་སྤྲུལ་མ་ཆེན་མོ་ཡེ་ཤེས་རྡོ་རྗེ་དང ། བདུད་རྩི་ལྷ་མོ་ཡེ་ཤེས་རྡོ་རྗེ་དང ། དེ་དག་ལ་སོགས་ཏེ་བྱེ་བ་ཕྲག་བརྒྱ་སྟོང་པོ་རྣམས་སྒྲ་ཅ་ཅོ་འབྱིན་ཅིང་ནམ་མཁའི་དབྱིངས་རབ་འབྱམ་ཆེན་པོའི་ཚོགས་རྣམས་ཀྱིས་མཆོད་པར་བྱེད་ཅིང ། བུད་མེད་ཀྱི་དཀྱིལ་ན་གསུང་བརྗོད་པ་མེད་པར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཆེ་མཆོག་ཧེ་རུ་ཀ་ཀུན་ཏུ་བཟང་པོ་དཔལ་རྡོ་རྗེ་སེམས་དཔའ་ཤིན་ཏུ་དགྱེས་པ་གདོན་མི་ཟ་བའི་ཚོགས་རྡོ་རྗེ་གཏོང་བ་དབང་མོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། རྣམ་པ་སྣ་ཚོགས་ཀྱི་རོལ་པ་ཆེན་པོས་རྣམ་པར་རོལ་པ། སྤྲུལ་པ་ཆེན་པོའི་གར་དང ། གླུ་དང ། སིལ་སྙན་དང ། གཟུགས་དང ། སྒྲ་དང ། དྲི་དང ། ་རོ་དང ། རེག་པའི་བདེ་བ་ཆེན་པོ་དང་འཕགས་པར་འགྱུར་བ་དང ། རོལ་པ་ལ་སོགས་པའི་རེག་པ་བདེ་བ་ལ་སྤྱོད་པའི་གར་ཉེ་བར་སྟོན་ཅིང ། རྣམ་པ་སྣ་ཚོགས་ཀྱི་ཚོགས་ཀྱི་ཚུལ་ཆེན་པོ་འཕགས་པར་འགྱུར་བ་དང ། རྣམ་པ་སྣ་ཚོགས་ཀྱི་གནོན་པ་དང ། རྣམ་པ་སྣ་ཚོགས་ཀྱིས་སྤྲོས་པ་དང ། གར་བྱེད་པ་དང ། ཟ་བར་བྱེད་པ་དང ། འཇིབ་པར་བྱེད་པ་དང ། ་སྤྲས་པར་བྱེད་པ་དང ། ཟློག་པར་བྱེད་པ་དང ། མྱང་བར་བྱེད་པ་དང ། འགྱུར་བར་བྱེད་པ་དང ། འཕྲོག་པར་བྱེད་པ་དང ། རྩོམ་པར་བྱེད་པ་དང ། ཀུན་ཏུ་འདེབས་པར་བྱེད་པ་དང ། ་བདེ་བ་ཉེ་བར་སྟོབས་ཤིང་རེག་པ་རོའི་བྱེ་བྲག་མང་པོ་བྱེ་བ་ཕྲག་བརྒྱ་སྟོང་ཚད་མེད་པར་ནམ་མཁའི་དབྱིངས་རྡུལ་ཕྲན་ལས་འདས་པར་མཉམ་པར་འཇོག་པས་ཉེ་བར་གནས་ཤིང་འཚོ་སྐྱོང་སྟེ། འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་མི་གཟིགས། དགོངས་པ་ཉེ་བར་མི་འཇོག་།ཐབས་དང་ཤེས་རབ་སྟོན་པར་མི་མཛད། 104.122a ཤིན་ཏུ་འགལ་བ་ཕྱིན་ཅི་ལོག་པ་ལ་འཇོག་པར་མི་མཛད། ཉེ་བར་འཇོག་པར་མི་མཛད། མ་དད་པ་རྣམས་དད་པར་ཡང་མི་མཛད། མ་དུལ་བ་རྣམ་དུལ་བར་ཡང་མི་མཛད། ་ཉེ་བར་གཙེས་པ་རྣམས་འཚེ་བ་ཞི་བར་ཡང་མི་མཛད། མ་འགགས་པ་རྣམས་འགོགས་པར་ཡང་མི་མཛད། མ་བསྐུལ་བ་རྣམས་བསྐུལ་བར་ཡང་མི་མཛད། མ་རྒྱས་པ་རྣམས་རྒྱས་པར་ཡང་མི་མཛད། རྣམ་པར་རྨོངས་པ་རྣམས་སེལ་བར་ཡང་མི་མཛད། དགའ་བར་འགྱུར་བ་རྣམས་མི་དགའ་བར་ཡང་མི་མཛད། དགའ་བར་མ་གྱུར་པ་རྣམས་དགའ་བར་ཡང་མི་མཛད་མ་ཁྲོས་པ་རྣམས་ཁྲོས་པར་ཡང་མི་མཛད། མི་གདུག་པ་གདུག་པར་ཡང་མི་མཛད། འཇིགས་བྱེད་ཆེན་པོ་དང ། དྲག་པོ་མ་རུངས་པ་ཆེན་པོ་དང ། གཏུམ་པོ་ཆེན་པོ་དང ། ་ལྷ་དང་ལྷ་མ་ཡིན་དང ། ལོག་འདྲེན་དང ། གདུག་པ་ཆེན་པོ་དང ། ཡི་དྭགས་དང ། ཤ་ཟ་དང ། གནོད་སྦྱིན་དང ། སྲིན་པོ་དང ། ཤིན་ཏུ་གདུག་པའི་གདུག་པ་ཆེན་པོ་དང ། ་ཚ་བའི་དོན་དང ། ནད་དང ། སྦྲུལ་དང ། སེམས་ཅན་ཐམས་ཅད་ལ་འཚེ་བར་བྱེད་པ་རྣམས་ཉེ་བར་ཞི་བར་ཡང་མི་མཛད། རྣམ་པར་དུལ་བར་ཡང་མི་མཛད། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འདུས་ནས་དགོངས་པ་ཉེ་བར་བཞག་སྟེ། སྤྱན་གཉིས་མི་འཛུམས་པར་གཟིགས་ནས་བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་ལ་བསྐོར་ཞིང་སྐུ་གསུང་ཐུགས་ཀྱི་རྡོ་རྗེའི་ཕྱག་གིས་ཕྱག་བྱས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་ཆེན་པོའི་དབྱངས་ཀྱིས་བསྐུལ་ཞིང་གསོལ་བ་བཏབ་པོ། །རྡོ་རྗེ་སེམས་དཔའ་སངས་རྒྱས་ཀུན། །རྣམ་དག་སྲས་བཅས་བྱང་ཆུབ་རྣམས། །ཡུན་རིངས་བསྒོམས་ནས་ཤིན་དུ་གདུངས། །དགའ་བའི་ཡིད་ཀྱིས་དགྱེས་པར་མཛོད། །ཀྱཻ། འདོད་ཆགས་དྲི་མེད་ཀུན་དུ་བཟང་པོའི་སྤྱོད་པ་སྟེ། །འདོད་ཆགས་དམ་ཚིག་ལ་ནི་ཕྱེ་མཛད་ནས། །དགའ་བ་དྲུག་སྤྱད་ཤིན་དུ་གསུངས་པ་ཡིས། །འདོད་པ་བདེ་བ་ཉིད་ཀྱིས་འཇིགས་པར་མཛོད། །རྣམ་དག་རྡོ་རྗེ་ལས་བྱུང་ཡེ་ཤེས་ཆུ། །རིན་ཆེན་འབར་བའི་བྱང་ཆུབ་སེམས་ནི་རབ་ཕྱུང་ནས། །རྒྱལ་བ་ཐམས་ཅད་རྣམས་ཀྱི་དབུ་ནི་སྐམས་པ་ལ། །དྲི་མེད་རིན་ཆེན་ཆར་གྱིས་སྤྱི་བོར་དབང་བསྐུར་མཛོད། །མཉམ་དང་མི་མཉམ་འདོད་ཆགས་ཚུལ་དག་པ། །པདྨ 104.122b འི་གནས་སུ་རྡོ་རྗེ་མཛོད་གཏོད་པས། །སྣ་ཚོགས་སེམས་དཔའ་སེམས་བརླན་བརླག་གྱུར་པས། །སྦྱོར་བ་གཞན་མིན་མ་རྟོགས་བཤད་དུ་གསོལ། །རྡོ་རྗེ་སེམས་ཁྱོད་དབང་མཆོག་བདེ་བ་བྱེད་པའི་མཆོག་།རྡོ་རྗེ་པད་མོ་དབྱེ་བའི་ཚུལ་གྱིས་སྦྱོར་མཛོད་དེ། །རྒྱལ་བ་ཀུན་གྱི་གཟུགས་ཀྱི་སྐུ་ནི་རབ་བཏུད་ནས། །ཐམས་ཅད་བདེ་བའི་སྒྲུབ་པ་ཉིད་ཀྱིས་མཉེས་པར་མཛོད། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀུན་དུ་དཔལ་རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དབྱངས་ཀྱི་ངེས་པར་བསྐུལ་བ་ཐུགས་སུ་ཆུད་ནས་བཞེངས་ཏེ། བརྗིད་པ་དང་བཅས་པས་གར་མཛད་ཅིང ། ཞལ་འཛུམ་པ་དང་འདོར་བ་དང ། བསྐུམ་པ་དང ། འགྱིང་པ་དང ། སྤྱན་མཛེས་པས་སྨིན་རིང་བསྐྱོད་ཅིང་བསྒྱུར་བ་དང ། པད་མོ་ཕྱག་གིས་གཡས་གཡོན་གར་གྱི་ཕྲེང་བའི་ཚུལ་གྱིས་སའི་ངོས་ལ་ཞབས་འཕེན་ཅིང་བསྒྱུར་བ་དང ། འདོར་ཞིང་བསྐུམ་པ་དང ། འཇོག་ཅིང་འདེགས་པའི་རྣམ་པར་གནོན་པས་ནམ་མཁའི་དབྱིངས་ཐམས་ཅད་དུ་ཁྱབ་པར་མཛད་དེ། རླུང་གི་ཁམས་དང ། མེའི་ཁམས་དང ། ཆུའི་ཁམས་དང ། སའི་ཁམས་ཀུན་ཁྱབ་པར་མཛད་དེ། ་བཅོམ་ལྡན་འདས་བྱང་ཆུབ་ཀྱི་སེམས་ལ་ཀུན་དུ་ཁྱབ་པར་མཛད་དེ། སྣ་ཚོགས་དང ། ཕྲ་བ་དང ། སྦོམ་པ་དང ། བུད་མེད་དང ། གཞོན་ནུ་དང ། རྒན་པ་དང ། སྐྱེས་པ་དང ། སྐྱེས་པ་མ་ཡིན་པ་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། སྐར་མ་དང ། གཤིན་རྗེ་དང ། ཆུ་བདག་དང ། བརྒྱ་བྱིན་དང ། འབྱུང་བ་དང ། འབྱུང་བ་ལས་གྱུར་པ་ཐམས་ཅད་ལ་བཅོམ་ལྡན་འདས་ཀུན་དུ་བཟང་པོས་རྒྱས་པར་བྱས་ཏེ་ཡང་དག་པར་གནས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ངོ་མཚར་དུ་གྱུར་ཏེ། ཡང་འདུས་ནས་ཕྱག་གར་དང་བཅས་ནས་ཐལ་མོ་སྦྱར་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་ལ་སྤྱི་བོས་བཏུད་ནས་གསོལ་བ་བཏབ་པ། བཅོམ་ལྡན་འདས་ཀུན་གྱི་གསང་བའི་ཧེ་རུ་ཀ་ཆེན་པོ་རོལ་པའི་ཐིག་ལེ་འདི། གཉིས་མེད་ཡེ་ཤེས་ཡང་དག་འབྱུང ། །བཅོམ་ལྡན་ཁྱོད་ཀྱིས་བཤད་དུ་གསོལ། །སེམས་ཅན་ཀུན་གྱི་མ་སྐྱེས་པ། །སྐྱེས་དང་མ་སྐྱེས་རྣམ་སྤངས་པའི། །འབྱུང་དང་འབྱུང་འགྱུར་རབ་སྦྱོར་བའི། །མཆོག་ཏུ་རྟག 104.123a པའི་སྦྱོར་བའོ། །ཐམས་ཅད་རིན་ཆེན་འབྱུང་གནས་དག་།ནམ་མཁའ་དྲི་མེད་འདྲ་བ་ཡི། །རྒྱལ་མཚན་ཆེན་པོ་བསྒྲེང་བྱ་སྟེ། །རྡོ་རྗེ་ཆེན་པོས་དབང་བསྐུར་བའོ། །ལོངས་སྤྱོད་ཆོས་ནི་ཡང་དག་འབྱུང ། །པད་མོའི་མཆོག་ནི་དམར་པོ་མདོག་།འདོད་ཆགས་དེ་ཉིད་གསང་བ་ཆེ། །བདེ་བྱེད་ཐམས་ཅད་བདུད་རྩིའི་མཆོག་།ལ་ལ་ཨར་ནི་དོན་དང་ལྡན། །ཡང་དག་མཛེས་པ་འགྱིང་བའི་འགྲོས། །ས་ཆོགས་ཡེ་ཤེས་བདེ་བ་ཆེ། །བྱང་ཆུབ་སེམས་ཐིག་མཆོག་ཉིད་དོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཀུན་དུ་བཟང་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་བདག་པོས་གསོལ་བ་བཏབ་པ་མཁྱེན་ནས་འགོག་པ་ཆེན་པོ་ཡེ་ཤེས་རྡོ་རྗེ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཅང་མི་གསུང་བར་བཞུགས་སོ། །དེ་བཞིན་གཤེགས་པ་དེ་དག་ངོ་མཚར་དུ་གྱུར་ཏེ། ཡང་འདུས་ནས་བཅོམ་ལྡན་འདས་དཔལ་བདེ་བ་ཆེན་པོ་ཀུན་དུ་བཟང་པོ་ཆེན་པོ་ལ་དེ་ཁོ་ན་ཉིད་ཀྱི་དབྱངས་ཀྱིས་བསྐུལ་ཏེ་བཞེངས་པར་མཛད་དོ། །\ུ0f00་ཨཱཿ ཧཱུཾ། མི་སྐྱེ་ཡེ་ཤེས་བདེ་མཆོག་རོ་ལ་མནམས། །སེམས་དཔའི་མཆོག་ཉིད་འགོག་པ་རྣམས་ལས་བསླང ། །ཆགས་མེད་ཀུན་དུ་མྱ་ངན་འདས་མཛད་བཞེངས་ཤིང་མནམས། །མཆོག་ཏུ་གསང་བའི་དམ་བཅས་འཇིག་རྟེན་སྒྲོལ། །བྱང་ཆུབ་སྐྱེ་གནས་དབྱིངས་ལས་གར་མཛོད་ཅིག་།སྔོན་གྱི་ཉོན་མོངས་རྡོ་སྐམས་གཟིར་བ་ཡི། །བདེ་མཆོག་རྒྱན་དང་ལྡན་པའི་ཐབས་ཀྱིས་བསྐུལ་ཏེ་གོ་བར་མཛད། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ་ཆེན་པོས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་ཆེན་པོ་ཧེ་རུ་ཀ་རོལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། རང་གིས་གསང་བའི་ཐིག་ལེ་ཤིན་དུ་དགྱེས་པ་ཆེན་པོ་ཞེས་བྱ་བའི་འོད་ཟེར་གྱི་ཚོགས་ཕྱུང་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བའི་སྙིང་པོའི་ཐིག་ལེའི་དབུས་སུ་རྒྱས་པར་བྱས་ཏེ། ནམ་མཁའི་དབྱིངས་ཐམས་ཅད་དུ་སྣང་བར་བྱས་ཏེ། ་་་སྟེང་དང་འོག་ཏུ་ཡང་བཞུགས་ཏེ། མ་ལུས་ལུས་པ་མེད་པའི་རིལ་དང ། སེམས་ཅན་ཐམས་ཅད 104.123b ལ་གསལ་བར་བྱས་ནས་ཤིན་དུ་དགྱེས་པ་ཆེན་པོའི་རོ་བདེ་མ་མཉེས་པར་བྱས་ནས་དེ་ཉིད་དུ་སླར་ལོག་ནས། བཅོམ་ལྡན་འདས་ཤིན་དུ་དགྱེས་པ་ཆེན་པོའི་སྙིང་པོ་གསང་བ་མཆོག་གི་ཐིག་ལེའི་དབུས་ན་བཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་འོད་ཟེར་གྱི་ཚོགས་ཀྱི་ཕྲེང་བ་མཆོག་ཏུ་བདེ་བར་གྱུར་པ་སྙིང་པོ་དེས་བསྐུལ་བ་ནི་གར་མཛད་ཅིང་རང་རང་གི་ཏིང་ངེ་འཛིན་དུ་དམིགས་ནས་བཅོམ་ལྡན་འདས་ཀུན་དུ་བཟང་པོ་ཆེན་པོའི་ཐུགས་ཀྱི་དབུས་སུ་མཆོག་ཏུ་གསང་བ་ཤིན་དུ་དགྱེས་པ་ཆེན་པོའི་བདེ་བར་བསྒྲུབས་ཏེ། སྐུ་རང་གི་བུད་མེད་ཀྱི་ཚུལ་དུ་བསྐྱེད་ནས། བཅོམ་ལྡན་འདས་ཀྱི་ཐུགས་ཀ་ནས་མངོན་པར་བྱུང་བར་འགྱུར་ཏེ། དེ་ལ་ལ་ལ་ནི་སྤྱན་པད་མ་ལྟ་བུར་བསྒྱུར་ཅིང་སྨིན་ཀྱུས་རིངས། སངས་རྒྱས་ཚུལ་གྱིས་གར་མཛད་པའི། །སངས་རྒྱས་རྣལ་འབྱོར་དཀྱིལ་འཁོར་དུ། །རབ་དགྱེས་རྡོ་རྗེ་གདོན་མི་ཟ། །རྡོ་རྗེ་སེམས་ལ་དགྱེས་མཛད་ཅིང ། །བདེ་བའི་སངས་རྒྱས་བདེ་བ་ཡིས། །བཅོམ་ལྡན་སངས་རྒྱས་བཞུགས་པར་འགྱུར། །ཞལ་བསྒྱུར་སྨིན་མ་བསྒྱུར་བ་ཡིས། །སྤྱན་ཡང་བསྒྱུར་ཞིང་ཤིན་དུ་གནོན། །སོར་མོ་རྣམས་ཀྱང་རབ་བསྒྱུར་དང ། །རྡོ་རྗེ་ཚུལ་གྱིས་གར་མཛད་ཅིང ། །སེམས་དཔའ་ཆེ་ལ་མཉེས་པར་མཛད། །རྡོ་རྗེ་རྣལ་འབྱོར་མ་དཀྱིལ་དུ། །སྐུ་ནི་སྐད་ཅིག་བསྐུལ་བ་ཡི། །བཅོམ་ལྡན་རྡོ་རྗེ་གནས་པར་འགྱུར། །ཞལ་ནི་བརྗིད་ཅིང་རིན་ཆེན་དབུ། །དྲི་མེད་སྤྱི་བོར་གར་མཛད་ཅིང ། །དཀྱིལ་འཁོར་ཞལ་གྱིས་རྣམ་བསྒྱུར་བ། །བྱང་ཆུབ་སེམས་ནི་མེད་པར་མཛད། །དུར་ཁྲོད་ཡོན་ཏན་ཚོགས་དག་གིས། །པདྨའི་སྤྱན་གྱིས་གཟིགས་མཛད་ཅིང ། །བདེ་བའི་བདག་པོ་ཆེན་པོ་ལ། །རིན་ཆེན་ཚུལ་གྱིས་མཉེས་པར་མཛད། །རབ་ཏུ་དགྱེས་གསལ་བདེ་བ་ཡི། །པད་མ་དམར་ལ་ཆེ་མཛད་དེ། །འདོད་ཆགས་བྲལ་ཞི་རབ་ཏུ་བསྒྱུར། །པད་མའི་དྲ་བས་འབྲེལ་བ་ཡིས། །པད་མའི་རྣལ་འབྱོར་མ་དཀྱིལ་དུ། །བརྗིད་པའི་སྤྱན་གྱིས་ཀུན་གཟིགས་པའི། །བདེ་བ་ཆེ་ལ་མཉེས་པར་མཛད། །བཅོམ་ལྡན་པད་མོ་གནས་པར་འགྱུར། །ཕྱག་གི་སོར་མོ་རྩེ་མོ་མཐའ། །རྣམ་པར་བསྒྱུར་བར་གར་མཛད་ཅིང ། །ཕྱག་སྦྱར་ཁོང་སྟོང་པད་མ་ཡིས། །གློག་བཞིན་དཔྲལ་ནས 104.124a སྤྱི་གཙུག་ཏུ། །མཆོད་པའི་སྤྲིན་གྱིས་ལོངས་སྤྱོད་པས། །སྣ་ཚོགས་བདེ་བྱེད་གཙོ་ཉིད་ལ། །ལས་ཀྱི་ཚུལ་གྱིས་མཉེས་མཛད་ཅིང ། །བཅོམ་ལྡན་སྣ་ཚོགས་གནས་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀུན་དུ་བཟང་པོ་ཆེན་པོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་བྱང་ཆུབ་སེམས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་མཆོག་ཏུ་གསང་བ་ཐིག་ལེ་བྱང་ཆུབ་ཀྱི་དཀྱིལ་འཁོར་གྱི་རྒྱལ་པོ་ཤིན་ཏུ་དགྱེས་པ་བདེ་བ་ཆེན་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ ། །དཀྱིལ་འཁོར་ཉིད་ཀྱི་ཚུལ་གྱིས་སུ། །ཆོ་ག་སྦྱོར་བ་སྤྲོས་བྱས་ཏེ། །དེ་དང་འཐུན་པའི་དཀྱིལ་འཁོར་གནོན། །སྦྱོར་བའི་གར་གྱིས་གར་བྱས་ཤིང ། །ཅི་ལྟར་ཡང་དག་བརྟག་པར་བྱ། །ཅི་ལྟར་དཀྱིལ་འཁོར་དེ་ཁོ་ན། །ཧེ་རུ་ཀ་དཔལ་དཀྱིལ་འཁོར་ནི། །རྡོ་རྗེ་སེམས་དཔའ་དཔའ་བོས་ཀྱང ། །བརྟག་པར་ནུས་པ་མ་ཡིན་ནོ། །དཀྱིལ་འཁོར་ཡེ་ཤེས་ཀྱིས་བརྟགས་པས། །སྙིང་པོ་ཕྱག་རྒྱ་སྔགས་རིག་གིས། །ལྷ་ཡི་སྦྱོར་བ་རྒྱས་བཏབ་པས། །ཆོ་ག་ཤེས་པས་བྲི་བར་བྱ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་བཞི་དང་ཡང་དག་ལྡན། །ཐིག་གིས་ཡོངས་སུ་འཁོར་བར་བཏབ། །དབུས་སུ་འཁོར་ལོ་རྩིབས་བཞིར་ལྡན། །ཀུན་དུ་ཡོངས་སུ་མུ་ཁྱུད་བཅས། །ཕྱི་རོལ་རྡོ་རྗེ་ར་བས་བསྐོར། །དེའི་དབུས་སུ་བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་རིགས་བཞི་ཧེ་རུ་ཀས་ནི་བསྐོར། གྲཝ་བཞི་ཤཝ་རི་ཡུམ་དང་བཅས། དེའི་ཕྱི་རིམ་འཁོར་ལོ་རྩིབས་ནི་བཅུ་དྲུག་ལ་ཡེ་ཤེས་ཁྲོ་མོ་བཅུ་དྲུག་།དེའི་ཕྱི་རིམ་པདྨ་བཅུ་དྲུག་ལ་སྤྲུལ་པའི་ཁྲོ་བོ་ཕ་བཅུ་དྲུག་།དེའི་ཕྱི་རིམ་པདྨ་བཅུ་དྲུག་ལ་སྤྲུལ་པའི་འཕྲ་མེན་མ་བཅུ་དྲུག་དེའི་ཕྱི་རིམ་སྣམ་བུ་གཅིག་ལ་ཡང་སྤྲུལ་བཅུ་དྲུག་།དེའི་ཕྱི་རིམ་སྣམ་བུ་གཅིག་ལ་ཞེ་སྤྲུལ་བཅུ་དྲུག་།དེའི་ཕྱི་རིམ་སྣམ་བུ་གཅིག་ལ་སྨན་གྱི་ལྷ་མོ་སུམ་བཅུ་རྩ་གཉིས། དེའི་ཕྱི་རིམ་སྣམ་བུ་ལ་བཅོམ་ལྡན་འདས་དེ་ཁོ་ན་ཉིད་ཀྱི་སྐུ་བསིལ་དཔག་བསམ་གྱི་ཤིང་བཞིན། དེའི་རྩ་བ་ན་སྨན་བདུད་རྩི་ལྷག་མ་རེ་རེ། གསེར་གྱི་མེ་ཏོག་གཞོན་ནུ་རེ་རེ། བཅོམ་ལྡན་འདས་ལ་མཆོད་ཅིང་བདུད་རྩི་བུམ་པ་ཐོགས་ནས་སྐུ་ཁྲུས་མཛད་པ་རེ་རེ། 104.124b དེའི་ཕྱི་རིམ་སྣམ་བུ་ལ་དབང་ཕྱུག་མ་ལས་ལས་གྲུབ་པ། མགོ་བརྙན་མ་ཉི་ཤུ་རྩ་བརྒྱད་དགོད། ཡང་བཅོམ་ལྡན་འདས་ཀྱི་དཀྱིལ་འཁོར་གྱི་དགོད་པའི་དོན་བཟུང་ཞིང་བཀའ་རྩལ་པ། དཀྱིལ་འཁོར་གྱི་ནི་དབུས་ཉིད་དུ། །བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་།དབུ་ནི་ཉི་ཤུ་རྩ་གཅིག་ལ། །ཕྱག་ནི་བཞི་བཅུ་རྩ་གཉིས་སོ། །ཞབས་བརྒྱད་ལྷ་ཆེན་ཕོ་མོ་མནན། །གླང་ཆེན་ཀོ་རློན་གོས་སུ་གྱོན། །ཞིང་ཆེན་གཡང་གཞི་ཡ་བ་བསྐོར། །སྦྲུལ་ནག་ཆུན་པོས་དབུ་ལ་བརྒྱན། །ཐོད་པ་རློན་པས་སེ་རལ་ཁ། །སྟག་ལྤགས་མགོ་ཆེན་ཤམ་ཐབས་ཅན། །ཁྲག་དང་ཞག་གི་ཚོམ་བུར་བཅས། །བདེ་གཤེགས་རིགས་བཞི་ཧེ་རུ་ཀ་།ཁྱུ་མཆོག་མ་ཧེ་གཟིག་དང་སྟག་།མི་འཇིགས་སེམས་ཅན་བཞི་ཡི་ཁྲི། །སྨུག་ནག་སྔོ་ནག་སེར་ནག་དང ། །དམར་ནག་ལྗང་ནག་འཇིགས་པའི་གཟུགས། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ཆ་ལུགས་མགོ་བོ་ཡབ་དང་འཐུན། །དབུས་ཀྱི་དབུ་གྱེན་དུ་ལྟ་བའི་ཞལ་གྱི་ནང་དུ་རྡོ་རྗེ་གཅུག་ནས་གཉིས་སུ་མེད་པའི་སྦྱོར་བ་ཚུལ་བཞིན་དུ་མཛད་ཅིང་བཞུགས་སོ། །རིགས་ཀྱི་ཡུམ་ཀུན་གཙོ་ཡབ་དང་འཐུན། །ཡེ་ཤེས་ལས་གྲུབ་པའི་ཁྲོ་བོ་རྡོ་རྗེ་ཐོགས་མེད་དང ། ཁྲོ་བོ་རྡོ་རྗེ་གདུང་དང ། ཁྲོ་བོ་རྡོ་རྗེ་མི་དཔལ་དང ། ཁྲོ་བོ་རྡོ་རྗེ་མདའ་བསྙག་དང ། ཁྲོ་བོ་རྡོ་རྗེ་ཕུར་བུ་དང ། ཁྲོ་བོ་རྡོ་རྗེ་ཐོ་བ་དང ། ཁྲོ་བོ་རྡོ་རྗེ་བྱ་གྲི་དང ། ཁྲོ་བོ་རྡོ་རྗེ་རྣོན་པོ་དང ། ཁྲོ་བོ་རྡོ་རྗེ་རལ་གྲི་དང ། ཁྲོ་བོ་རྡོ་རྗེ་ཞགས་པ་དང ། ཁྲོ་བོ་རྡོ་རྗེ་གཏུན་ཁུང་འཛིན་པ་དང ། ཁྲོ་བོ་རྡོ་རྗེ་གཞུ་འཛིན་དང ། ཁྲོ་བོ་རྡོ་རྗེ་རལ་པ་གཅིག་དང ། ཁྲོ་བོ་རྡོ་རྗེ་ཡེ་ཤེས་དང ། ཁྲོ་བོ་རྡོ་རྗེ་ལྕགས་སྒྲོག་དང ། ཁྲོ་བོ་རྡོ་རྗེ་རྒྱ་གྲམ་འཛིན་དང ། ཁྲོ་མོ་རྡོ་རྗེ་པད་མ་འབྲི་ཀུ་ཊ་དང ། ཁྲོ་མོ་རྡོ་རྗེ་རལ་གཅིག་མ་དང ། ་ཁྲོ་མོ་རྡོ་རྗེ་རྩེ་མོ་དང ། ཁྲོ་མོ་འཇིགས་སུ་རུང་མ་དང ། ཁྲོ་མོ་མི་ཐུབ་རྡོ་རྗེས་འདུལ་བ་དང ། ཁྲོ་མོ་བཀྲ་ཤིས་མ་དང ། ཁྲོ་མོ་དཔལ་ལྡན་མ་དང ། ཁྲོ་མོ་པད་མའི་ཕྲེང་ཐོགས་མ་དང ། ཁྲོ་མོ་ནོར་བདག་མ་དང ། ཁྲོ་མོ་གྲགས་མ་དང ། ཁྲོ་བོ་གྲགས་ཆེན་མོ་དང ། ཁྲོ་མོ་རིན་འོད་ལྡན་མ་དང ། ཁྲོ་མོ་པད་མའི་སྤྱན་མངའ་མ་དང ། ཁྲོ་མོ་ཟས་སྦྱིན་མ་དང ། ཁྲོ་བོ་རྡོ་རྗེ་མི་དཔལ་དང ། ་་ཁྲོ་མོ་བདུད་རྩི་འཁྱིལ་མ་དང ། ཁྲོ་མོ་རྡོ་རྗེ་དུར་ཁྲོད་མ་དང ། སྐུ་མདོག་གཅིག་དུ་མ་ངེས་ཏེ། 104.125a སྣ་ཚོགས་ཅིར་ཡང་འགྱུར་བའོ། །སྤྲུལ་པའི་ཁྲོ་བོ་འདི་དག་ཀྱང་སྐུ་མདོག་སྣ་ཚོགས་སུ་འགྱུར་བའོ། །ཁྲོ་བོ་ཧཱུཾ་ཀ་ར་དང ། ཁྲོ་བོ་རྣམ་པར་རྒྱལ་བ་དང ། ཁྲོ་བོ་ནཱི་ལ་ཏན་ཏྲ་དང ། ཁྲོ་བོ་ཡ་མན་ཏ་ཀ་དང ། ཁྲོ་བོ་མི་གཡོ་མགོན་དང ། ཁྲོ་བོ་ཧ་ཡ་གྲི་བ་དང ། ཁྲོ་བོ་ཊ་ཀི་རཱ་ཛ་དང ། ཁྲོ་བོ་བདུད་རྩི་འཁྱིལ་བ་དང ། ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ་བ་དང ། ཁྲོ་བོ་མ་ཧཱ་བ་ལ་དང ། ཁྲོ་བོ་བསྙུད་ཀྱི་རྒྱལ་པོ་དང ། ཁྲོ་བོ་ཟླ་བའི་གཙོ་བོ་དང ། ཁྲོ་བོ་རྡོ་རྗེ་ཁུ་ཚུར་དང ། ཁྲོ་བོ་གོམ་པ་འདོར་བ་དང ། ཁྲོ་བོ་གནོད་སྦྱིན་རྡོ་རྗེ་དང ། ཁྲོ་བོ་ལས་ཐམས་ཅད་པ་དང ། ཁྲོ་མོ་སྤྲུལ་པའི་འཕྲ་མེན་མ་དང ། རྡོ་རྗེ་གོའུ་རི་དང ། རྡོ་རྗེ་ཙོའུ་རི་དང ། རྡོ་རྗེ་པྲ་མོ་ཧ་དང ། རྡོ་རྗེ་པེ་ཏ་ལི་དང ། རྡོ་རྗེ་པུཀྐ་སི་དང ། རྡོ་རྗེ་གྷསྨ་རི་དང ། རྡོ་རྗེ་སྨ་ཤ་ནི་དང ། རྡོ་རྗེ་ཙནྜ་ལི་དང ། རྡོ་རྗེ་སིང་ཧ་མུ་ཁ་དང ། རྡོ་རྗེ་བྱཱ་གྷྲི་མུ་ཁ་དང ། རྡོ་རྗེ་སྲི་མུ་ཁ་དང ། རྡོ་རྗེ་བྲ་ན་མུ་ཁ་དང ། རྡོ་རྗེ་ཀྲི་ཏ་མུ་ཀ་དང ། རྡོ་རྗེ་ཀཾ་ཀ་མུ་ཀ་དང ། རྡོ་རྗེ་ཁཝ་ཀ་མུ་ཀ་དང ། རྡོ་རྗེ་ཨུ་ལུ་ཀ་མུ་ཁ་དང་འདི་རྣམས་སྐུ་མདོག་གཅིག་ཏུ་མ་ངེས་སོ། །འདི་ཀུན་ཞིང་སྣོལ་མའི་ཁྲི་ལ་བཞུགས་སོ། །བདུད་རྩི་ལྷ་མོ་དེ་རྣམས་ཀྱང ། ཕྱག་མཚན་རྡོ་རྗེ་བུམ་པ་འཛིན། སྐུ་མདོག་དམར་པོ་པད་མའི་གདན་ལ་བཞུགས་སོ། །བཅོམ་ལྡན་འདས་སེང་གེའི་ཁྲི་ཉི་ཟླ་བརྩེགས་པའི་གདན་ལ་སྐུ་ལུས་གླང་པོ་ཆེའི་ཆ་བྱད་དུ་སྤྲུལ་ནས་མཛད། ཡང་སྤྲུལ་ཆེན་མོ་སེང་གེ་ལྕམ་དྲལ་དང ། སྟག་ལྕམ་དྲལ་དང ། ཝ་ལྕམ་དྲལ་དང ། སྤྱང་མོ་ལྕམ་དྲལ་དང ། བྱ་རྒོད་ལྕམ་དྲལ་དང ། ཀང་ཀ་ལྕམ་དྲལ་དང ། བྱ་རོག་ལྕམ་དྲལ་དང ། འུག་པ་ལྕམ་དྲལ་དང ། འདི་དག་ཀུན་གྱི་ཡེ་ཤེས་སྤྲུལ་པའོ། །ཕ་བང་ལྕམ་དྲལ་དང ། ཟེར་མོ་ལྕམ་དྲལ་དང ། ཕོ་རོག་ལྕམ་དྲལ་དང ། སྐྲ་ཀ་ལྕམ་དྲལ་དང ། ཁཝ་ཏྭ་ལྕམ་དྲལ་དང ། བྱི་ལ་ལྕམ་དྲལ་དང ། སྤྲེའུ་ལྕམ་དྲལ་དང ། ཁྱི་ལྕམ་དྲལ་དང ། ་སྤྲུལ་པ་སྣ་ཚོགས་ཀྱིས་འགྲོ་བའི་དོན་མཛད་དོ། །ལས་གྲུབ་པ་དབང་ཕྱུག་མ། བྱོ་མིའི་སྲིན་མོ་དམར་སེར་ཤིང་ཆེན་ཏྲི་ཤུ་གཡག་མགོ་མ། །ཚངས་པའི་དམར་སྐྱ་བན་དམར་རྩེ་ལྔ་སྦྲུལ་མགོ་མ། ཁྲོ་བོ་ཁྱབ་འཇུག་འབྱུང་སྡིགས་སྙིང་འདྲེན་གཟིག་གི་མགོ། །ཁྱབ་འཇུག་དཀར་དམར་དུ་དམར་བྱི་ཞགས་སྲེ་མོ་མགོ། ། 104.125b གཞོན་ནུ་སེར་མོ་རྡོ་རྗེ་ཕ་བང་མགོ་།དབང་མེ་དམར་སྐྱ་བམ་ཆེན་ཁྲོ་ཆེན་དྲེད་ཀྱི་མགོ་།དམར་པོ་དུང་དམར་རྒྱུ་ཞགས་དམར་མོ་དོམ་གྱི་མགོ་།བདུད་རྩི་སྔོན་མོ་རིན་ཆེན་ཆུ་སྲིན་མགོ་།ཞི་བ་སྔོ་སྐྱ་བམ་ཆེན་སྙིང་འབྱིན་སྟག་གི་མགོ་།བེ་ཅོན་ནག་མོ་བམ་ཆེན་ཐོད་རློན་ཁྲ་ཡི་མགོ་།སྲིན་མོ་ནག་མོ་བམ་ཆེན་རྒྱུ་ཞགས་ཝ་ཡི་མགོ་།ཟ་བྱེད་ནག་མོ་བམ་ཆེན་སྙིང་འབྱིན་སྟག་གི་མགོ་།དགའ་བྱེད་ནག་མོ་ཁོང་ཆེན་བགེགས་རྒྱལ་བྱ་རྒོད་མགོ་།ཁྲག་འཐུང་དམར་པོ་རྡོ་རྗེ་དབྱུག་དུང་དམར་རྟའི་མགོ་།གཅིག་པུ་དཀར་དམར་ནམ་མཁའ་ལྡིང་གི་མགོ་།ཡིད་འཕྲོག་དམར་སེར་བཞིས་བསྡུས་བྱི་ཟ་ཁྱི་ཡི་མགོ་།གྲུབ་མ་དཀར་དམར་སད་མ་བྱི་ཟ་བུབ་ཤུད་མགོ་།རླུང་མོ་དམར་སེར་རོ་ཟ་རྡོ་རྗེ་ཤ་བའི་མགོ་།གསོད་བྱེད་སྐྱལ་ལྗང་བམ་ཆེན་རྡེའུ་ཆུང་སྐེ་ཀའི་མགོ་།མེ་མོ་དམར་སེར་མོ་སྲག་རྒྱུ་འདྲེན་སྐྱིན་གྱི་མགོ་།ཕག་མོ་ལྗང་ནག་རྩེ་སྦྱིན་རློན་དམར་ཕག་གི་མགོ་།དམར་མོ་ལྗང་སྔོན་བདུད་རྩིའི་ཁྲག་འཐུང་ཁྲ་ཡི་མགོ་།སྣ་ཆེན་ལྗང་ནག་བམ་ཆེན་ལོངས་སྤྱོད་བ་ལང་མགོ་།གྲུབ་མོ་ལྗང་སེར་བདུད་རྩི་བན་དམར་སྦྲུལ་གྱི་མགོ་།ཕག་མོ་ལྕགས་ཀྱུ་ཕུ་ཏྲ་རྡོ་རྗེ་ཁུ་བྱུག་མགོ་།ར་ནི་སེར་མོ་རྒྱུ་ཞགས་ར་ཡི་མགོ་།བུམ་སྣ་དམར་མོ་ལྕགས་སྒྲོགས་ཀུན་འཇོམས་སེང་གེའི་མགོ་།གསུས་འཛིན་སེར་མོ་བདུད་རྩི་དྲིལ་ཆེན་གཟིག་གི་མགོ་།སེམས་ཅན་ཐམས་ཅད་མཆོག་དག་དང ། དགྱེས་པ་ཐམས་ཅད་རབ་བསྒྲུབ་ཕྱིར། །ང་ཡི་དེ་ཉིད་གསུང་གིས་ནི། །དཀྱིལ་འཁོར་དེ་ཉིད་བསྟན་པ་ཡིན། །སངས་རྒྱས་བྱང་ཆུབ་བདེ་ཆེན་པོ། །གང་གིས་ཆུད་པས་རྫོགས་སངས་རྒྱས། །སེམས་ཅན་མཆོག་གི་སྟོན་བྱེད་ན། །དེ་ཉིད་སངས་རྒྱས་བྱང་ཆུབ་འགྲུབ། །དེ་ནས་བཅོམ་ལྡན་གཅིག་འདུས་ནས། །རབ་ཏུ་སྤྲོ་བའི་སྤྱན་གདངས་ནས། །ཞབས་དང་ཞབས་ཀྱིས་གནོན་པ་ཡིས། །སྡུད་ཅིང་འདོར་བ་འཇུག་པར་མཛད། །གཡས་དང་གཡོན་གྱི་ཕྱག་གཉིས་ཀྱི། །བརྗིད་པའི་རྩེ་མོ་མཐའ་ནས་དགྲོལ། །ཅུང་ཟད་ཟུར་གྱིས་གནོན་པ་ཡིས། །མཛེས་པའི་སྤྱི་གཙུག་རྣམ་བསྒྱུར་བའི། །སྤྱན་གྱི་ཕྱག་རྒྱས་ཕྱག་མཛད་པའི། །འགྲོ་ལ་ཕྱག་རྒྱས་བཏབ་པར་འགྱུར། །དཔའ་བོ་རྡོ་རྗེ་སེམས་དཔའ་ལ། །བསྐུལ་བའི་དབྱངས་ཀྱིས 104.126a རབ་ཏུ་བསྐུལ། །གསང་བ་དགྱེས་པའི་དཀྱིལ་འཁོར་དུ། །ཤིན་ཏུ་དགྱེས་ཚེ་རྡོ་རྗེ་དག་།སངས་རྒྱས་ཀུན་གྱི་བདེ་ཆེན་པོ། །མཆོག་དུ་དགྱེས་པའི་དཀྱིལ་འཁོར་དུ། །བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། །རྣམ་པ་ཀུན་ཏུ་སྐྱེ་མེད་རོལ་ཅིང་ཆུད་མཛད་པ། །བདག་ཅག་གཟུགས་དང་བཅས་ཏེ་རྣམ་སྤྱོད་འགྱུར་མེད་པའི། །བདེ་མཆོག་བྱང་ཆུབ་སེམས་དཔའ་ནི། །རྣམ་པ་ཀུན་དུ་སྡུག་བསྔལ་ཡོངས་བྲལ་ཏེ། །ཆེ་བའི་ཡེ་ཤེས་ལྷུན་གྲུབ་མཆོག་དང་ལྡན། །བདེ་སྤྱོད་དེ་ལ་རོལ་པས་ཚུལ་བཞིན་མཛད། །རྡོ་རྗེ་གླུ་ནི་བླངས་པ་ཡིས། །ཤིན་དུ་སྲིད་པའི་མྱ་ངན་འདས། །དག་ཆེན་དེ་བཞིན་གཤེགས་པ་རྣམས། །དཀྱིལ་འཁོར་འདི་ལ་བྱིན་གྱིས་བརླབས། །དེ་ནས་བཅོམ་ལྡན་འདས་འཛུམ་པ་དང་བཅས་པས་སྤྱན་ཨུཏ་པ་ལ་ཁ་བྱེ་བ་བཞིན། །སྨིན་མ་དང་སྐུ་རྣམ་པར་བསྒྱུར་བ། །གློག་དང་ཆུ་རླབས་སུ་གྱུར་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་དེ་ཁོ་ན་ཉིད་འདི་གསུངས་སོ་ཞེས། དཀྱིལ་འཁོར་ཞེས་ནི་རབ་ཏུ་བྱ། །ཡེ་ཤེས་རྡོ་རྗེ་ཐུགས་ལ་གནས། །དཀྱིལ་འཁོར་རྡོ་རྗེ་མཆོག་ཉིད་དོ། །ཉིད་ཀྱི་སྦྱོར་བ་བཏགས་པ་ཡིན། །རྡོ་རྗེ་དགྱེས་པའི་དཀྱིལ་འཁོར་དུ། །འོད་ཟེར་དཀར་པོ་ཕྲེང་བས་མཛེས། །བྱང་ཆུབ་སེམས་དཔའ་འདྲ་བའོ། །རྡོ་རྗེ་དཔའ་བོ་དཀྱིལ་འཁོར་དུ། །ཟླ་བ་ཁམ་པ་མཛེས་པ་ཡི། །མཐིང་ཀ་འབར་བ་ཀུན་རྒྱས་པ། །མེ་ལ་རླུང་གིས་བུས་པ་བཞིན། །དགྱེས་པའི་མཆོག་ནི་རབ་བསྒྲུབ་པའི། །རིན་ཆེན་རྡོ་རྗེའི་དཀྱིལ་འཁོར་ནི། །དགའ་བར་བྱེད་པའི་དཀྱིལ་འཁོར་ཡིན། །རབ་ཏུ་དགའ་བ་ཉི་མ་བཞིན། །དཀྱིལ་འཁོར་དགྱེས་མཆོག་འབྱུང་བྱེད་པ། །དམ་པའི་དབང་པོ་པད་མ་འདྲ། །འདབ་མ་བརྒྱད་པོ་དགྱེས་པ་ཡི། །གེ་སར་ཟེ་བས་མཛེས་བྱ་པའོ། །ལས་ནི་ཐམས་ཅད་འགྲུབ་བྱེད་པ། །རྡོ་རྗེ་ལས་ཀྱི་དཀྱིལ་འཁོར་ནི། །དགའ་བྱེད་དཀྱིལ་འཁོར་གྲུ་གསུམ་སྟེ། །འབར་བ་ཆེན་པོ་མེ་དང་འདྲ། །དེ་ལ་སོགས་པ་མཐའ་ཡས་པའི། །དཀྱིལ་འཁོར་རྣམས་ནི་བརྟག་བྱ་སྟེ། །རྡོ་རྗེ་སེམས་དཔའ་ཆེན་པོ་ཡིས། །ཅི་ལྟར་དེ་ཉིད་སྤྲུལ་པ་ཡིན། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་དཀྱིལ་འཁོར་བཞེངས་ནས་རྡོ་རྗེ་བརྗིང་པའི་གར་མཛད་ཅིང་གླུ་དང ། སིལ་སྙན་དང ། གླིང་བུ་དང ། པི་ཝང་དང ། རྫ་རྔ་དང ། དུ་ན་ཝ་དང ། པ་ན་ཝ 104.126b དང ། པ་ལ་ཀི་དང ། ཞི་བའི་ཐལ་མོས་སོགས་པ་ཀུན་དུ་གདུངས་པ་དང ། སིལ་སྙན་ལ་སོགས་པ་རོལ་པས་ལྷའི་རོ་དང ། རོའི་ཟས་དང ། བཟའ་བ་དང ། བཅའ་བ་དང ། བཏུང་བ་དང ། ཐེག་པ་དང ། ་སྟན་དང ། གོས་དང ། བལྡག་པ་དང ། འཇིབ་པ་དང ། འཇམ་པ་ལ་སོགས་པ་བཅོམ་ལྡན་འདས་ཀུན་དུ་བཟང་པོས་བསྟབས་ནས་གུས་པ་དང་བཅས་ནས་འཛུམ་པ་དང་བཅས་པའི་སྤྱན་གདངས་ཏེ། དབྱངས་འདིས་བསྟོད་པ་མཛད་དོ། །བྱམས་པས་ཀུན་དུ་གཟིགས་པས་ཐུགས་རྗེའི་སྤྱན། །གྲོལ་བར་འཐུན་པའི་ལམ་སྟོན་དུག་ལྔས་འབྲེལ། །གཟུགས་ཀྱི་རང་བཞིན་བདེ་གཤེགས་ཀུན་ལ་སྟོབས། །བདེ་ཆེན་ཀུན་དུ་རྒྱས་པས་ཆེ་བའི་ཡེ་ཤེས་འདྲེན། །སྐུ་ཉིད་སྟོང་པས་ཚོགས་པའི་རྒྱལ་པོ་བཞིན། །ཆོས་ཉིད་བདེ་བ་རེག་པས་སྐུ་ཉིད་སྟོན། །བྱང་ཆུབ་བགྲོད་ཕྱིར་ཆོས་ཀྱི་སྒོ་མོ་བསྟན། །གཟུངས་བསྟན་རིགས་ལྔའི་གཙོ་བོ་རྣམས་མཛད་དོ། །དགྱེས་པ་དྲོངས་ལ་མནབས་ཤེང་རོལ་མོ་མཛད། །བདེ་བ་མནབས་ཤིང་དབྱིངས་ནས་བསླད་པའི་ཕྱིར། །སྐྱེ་འགག་མེད་པའི་ཚུལ་དུ་རྣམ་པར་ལྡན། །སྙིང་རྗེར་རྒྱུན་བཅས་བདེ་བ་ཆེན་པོ་སྟོན། །ཆོས་ཉིད་བདེ་བ་ཆེན་པོས་ནམ་མཁའ་བཞིན། །བདེ་བ་མཆོག་གི་ངང་ལས་སྤྲུལ་པའི་ལྷ་མོ་ཀྱེ། །རོལ་པས་འདུས་པའི་ཚོགས་ལ་སྩལ་བར་མཛོད། །བདེ་ལ་བསྣམས་ཤིང་བདེ་ལ་མནོས་ཧཱུཾ། །བདེ་མཆོག་ཆར་པ་རབ་ཏུ་དབབ་པར་གསོལ། །དབྱིངས་ལས་བདེར་གཤེགས་སློབ་མ་གཟུང་དུ་གསོལ། །ཅི་ལྟར་བཞུགས་པའི་གནས་སུ་བཞུགས་སུ་གསོལ། །ངོ་མཚར་བྱང་ཆུབ་ཚེ་འདི་བདེ་བ་ཐོབ། །ཕ་རོལ་ཕྱིན་དྲུག་གང་ལ་མི་རྟེན་པར། །མི་སྐྱེ་མྱ་ངན་འདས་པའི་གཟུགས་དང་རྣམ་པར་ལྡན། །བདེ་བ་ཆོས་ཀྱི་དབྱིངས་ལ་གནས་པ་ཡི། །རྨོངས་པའི་བདེ་བས་འགྲོ་ལ་སྙིང་རྗེ་ཆུ། །བྱང་ཆུབ་སེམས་ཀྱི་དགྱེས་མཆོག་མི་ཆགས་པའི། །གླུ་འདི་དག་ནི་བླངས་པ་ཡིས། །ཡིད་དང་འཐད་པའི་བདེ་ཆེན་པོ། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །དེ་ནས་བཅོམ་ལྡན་འདས་ཀུན་དུ་བཟང་པོས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསོལ་བའི་དབྱངས་ཀྱིས་བསྟོད་པ། པད་མ་དང་འདྲ་བའི་སྤྱན་གཉིས་ཀྱིས་ཀུན་དུ་གཟིགས་ཤིང ། །འཛུམ་པ་དང་བཅས་པས་ཞལ་རྒྱས་པར 104.127a གྱུར་ནས། ་སངས་རྒྱས་ཀྱི་ཞིང་རྡུལ་ཕྲན་གྱི་ཚོགས་འཇིག་རྟེན་གྱི་ཁམས་མང་པོ་བསྐལ་པར་རྒྱས་པའི་སྤྲིན་གྱི་རྒྱ་མཚོ་ཆེན་པོ་སྙེད་མ་ལུས་ལུས་པ་མེད་པའི་དེ་བཞིན་གཤེགས་པ་དང ། རྡོ་རྗེ་དང ། ནོར་བུ་དང ། རིན་པོ་ཆེ་དང ། པད་མོ་དང ། ་ལས་ཀྱི་རིགས་ལས་བྱུང་བའི་དེ་བཞིན་གཤེགས་པ་དང ། རྡོ་རྗེ་འཛིན་དང ། རིན་ཆེན་འཛིན་པ་དང ། ཆོས་འཛིན་པ་དང ། སྣ་ཚོགས་རྡོ་རྗེ་འཛིན་པ་ཐམས་ཅད་དང ། རྣལ་འབྱོར་དབང་ཕྱུག་ཚོགས་དང ། ཐུགས་ལས་བྱུང་བ་དང ། མཚོན་དང ། དགའ་བ་དང ། སྒེག་མོ་ལ་སོགས་པ་རྣལ་འབྱོར་གཡོག་གི་ཚོགས་ཚད་མེད་པར་བྱེད་པར་འདྲེན་པ་དང ། འགུག་པར་བྱེད་པ་དང ། འཇིབ་པར་བྱེད་པ་ལ་སོགས་པའི་ནམ་མཁའ་ལ་འགྲོ་བའི་ཚོགས་དང ། གྲགས་པ་མེད་པའི་ཚོགས་དང ། རྡོ་རྗེ་འཕྲོག་པར་བྱེད་པའི་ཚོགས་དང ། གཞན་ཡང་ཕྱི་རོལ་གྱི་རྡོ་རྗེ་དང ། །རིན་ཆེན་པད་མ་དང ། ལས་ཀྱི་རིགས་ལས་བྱུང་བའི་རྣལ་འབྱོར་བ་དང ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་དང ། ནམ་མཁའ་ལ་འགྲོ་བའི་ཚོགས་རྣམས་ལ་རྣམ་པར་གྱུར་པ་དང་བཅས་པ་ཀུན་དུ་གཟིགས་པའི་སྤྱན་གྱིས་གར་མཛད་མ་དང ། ཀུན་དུ་གནོན་པ་དང ། ཚོགས་ཀྱིས་འདེབས་པ་དང ། ཕྱག་ན་གར་མཛད་མ་དང ། ་འགྱིང་བ་དང ། ཀུན་དུ་རྣམ་པར་འདོར་བའི་གནོན་པས། འཁོར་གྱི་དཀྱིལ་འཁོར་ལ་བྱིན་གྱིས་བརླབས་ནས་དགྱེས་པའི་གདོན་མི་ཟ་བ་ཞེས་བྱ་བ་དཀྱིལ་འཁོར་གྱི་རྒྱལ་པོ་ཆེན་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་གསུངས་པ། དེ་ཉིད་བདག་ནི་མཉམ་བཞག་དང ། །དེ་བཞིན་ལྷའི་དེ་བཞིན་ཉིད་དང ། །སྔགས་དང་ཕྱག་རྒྱ་དེ་བཞིན་ཉིད་དང ། །དཀྱིལ་འཁོར་གྱི་ནི་མཆོག་ཏུ་འགྱུར། །ཡན་ལག་ཐམས་ཅད་བསམ་ལས་འདས། །ཡོད་མེད་གཉིས་ལས་མི་གནས་པ། །འདྲེན་དང་ཚིག་ལས་ཡང་དག་འདས། །འདི་ནི་དཀྱིལ་འཁོར་མཆོག་ཅེས་བྱའོ། །ཆོས་མིན་ཆོས་ནི་རྣམ་དཔྱོད་པས། །ཆོས་རྣམས་ཐམས་ཅད་བརྟགས་པར་བྱ། །རྣམ་དག་ནམ་མཁའ་འདྲ་བ་ཡི། །དཀྱིལ་འཁོར་འདི་ནི་བསྟན་པ་ཡིན། །འདོད་ཆགས་མི་ཆགས་འདོད་ཆགས་མཉམ། །ཆུ་ཡི་པད་མོ་དམར་བ་འདྲ། །རང་སེམས་འདོད་ཆགས་ཤིན་དུ་ཆགས། །འདི་ནི་དཀྱིལ་འཁོར་མཆོག་ཡིན་ནོ། །གཟུགས་མེད་གཟུགས་ནི་དྲི་མེད 104.127b པའི། །ཁམས་གསུམ་ལས་ནི་འཇུག་བྱེད་པའི། །སེམས་ནི་ཆུ་ཉིད་དང་བ་བཞིན། །དཀྱིལ་འཁོར་ཞེས་བྱའོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་གཡོག་དང་བཅས། ཕོ་ཉ་དང ། ཕོ་ཉ་མོ་དང ། ནམ་མཁའ་ལ་འགྲོ་བའི་ཚོགས་དང ། ཡང་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་བཞེངས་ནས་འདི་སྐད་ཅེས་གསོལ་ཏོ། །ཀྱེ་མ་རབ་བགྱེས་དཔའ་བ་མཆོག་།ཀྱེ་མ་རབ་བགེགས་ཕྱོགས་བསྒྱུར་བ། །རྣལ་འབྱོར་ཆེན་པོ་ཚོགས་མཆོག་ནི། །གསང་བའི་དཀྱིལ་འཁོར་ཉིད་ཀྱིས་གསུངས། །སངས་རྒྱས་སྦྱོར་བ་རབ་ཏུ་ཟབ། །རྡོ་རྗེ་སྤྱོད་པ་བླ་ན་མེད། །འཇིག་རྟེན་གསུམ་པོ་བདེ་ཐོབ་པའི། །དཀྱིལ་འཁོར་གསང་བ་ཉིད་ཀྱིས་གསུངས། །པད་མོ་རིན་ཆེན་སྣ་ཚོགས་ཆེ། །ཐབས་ཀྱིས་སྦྱོར་བ་གང་མཛད་པ། །རྣམ་གྲངས་སེམས་ཀྱི་འཇིག་རྟེན་དུ། །བདེ་ཆེན་དཀྱིལ་འཁོར་ཉིད་ཀྱིས་གསུངས། །དེ་ནས་བཅོམ་ལྡན་འདས་ལ། ཐམས་ཅད་གར་དང་བཅས་པའི་ཕྱག་།སོར་མོ་འདབ་མ་ཀུན་དུ་འབྲེལ། །རྡོ་རྗེ་ཐལ་མོ་གར་རྣམས་བསྒྱུར། །བརྗིད་བག་དག་ཏུ་རབ་ཏུ་བཅས། །གྲོལ་ཞིང་མ་མཆུ་ཚེམས་ཀྱིས་མནན། །ཆུ་སྐྱེས་འདབ་མ་བཞིན་དུ་གཟིགས་པས་བཤད། །དབྱངས་ལེན་པ་དང་གཅིག་ལ་གཅིག་བསྐུལ་དང ། །སྣང་ཞིང་ཀུན་དུ་མ་ཆགས་པར། །ཆགས་མེད་བདེ་བ་མཆོག་གིས་ནི། །བདེ་བའི་རྣལ་འབྱོར་གཟུངས་ཀྱིས་རྣམས། །སྟོབས་ཞིང་བདེ་བ་སྦྱིན་མཛད་པ། །ནམ་མཁའི་རང་བཞིན་བསམ་གྱིས་མི་ཁྱབ་སྟེ། །སྟོབས་ཤིང་བཞེངས་ཏེ་གྲུབ་པར་མཛོད། །ཆགས་པས་རབ་ཏུ་མི་གོས་པའི། །བདེ་བ་རེག་ཅིང་དགོངས་སུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀུན་ཏུ་བཟང་པོ་ཆེན་པོ་དགྱེས་པ་ཆེན་པོས་བསྐུལ་བས་ཐུགས་སད་པར་གྱུར་ཏེ། ཤིན་དུ་དགྱེས་ནས་རྡོ་རྗེ་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཤིན་དུ་དགྱེས་པ་ཆེན་པོ་རྣལ་འབྱོར་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ་ཤིན་དུ་དགྱེས་པའི་རྡོ་རྗེ་དབྱངས་ཀྱིས་མགུར་ལེན་ཅིང ། རྡོ་རྗེ་རྣམ་པར་རོལ་པ་ཡིས། བཅོམ་ལྡན་འདས་དགྱེས་བཞད་པས་བཞད་ཅིང ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་གསང་བའི་ཐུགས་ཀ་ནས་མ་ཧཱ་སུ་ཁ་ཧཱུཾ་ཞེས་བརྗོད། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་མོ་ཡེ་ཤེས 104.128a ཀྱི་དབྱིངས་དབང་ཕྱུག་མ་འདི་ཕྱུང་ངོ ། །ཟླ་གམ་སྟེང་དུ་ལྡན་པ་ཡི། །ཡེ་ཤེས་གཉིས་པོ་མ་ལྟ་བུ། །ཐིག་ལེ་མཚན་དུ་ལྡན་བྱས་ནས། །གསལ་བ་ཡེ་ཤེས་རྣལ་འབྱོར་མ། །ཱ་ལི་ཀཱ་ལི་འདྲེན་བྱས་མ། །རི་མོ་དབུས་སུ་བརྟག་བྱས་ཏེ། །དེ་ཡི་མགོ་དང་མཇུག་ཉིད་དུ། །ཁྲོ་བོ་གཉིས་པོ་མཆོག་པོས་བྱ། །འདི་ནི་བཙུན་མོ་རབ་གསང་བའི། །རྡོ་རྗེ་དཀྱིལ་འཁོར་རྣལ་འབྱོར་མའི། །དྲན་པ་ཙམ་གྱིས་འདི་དག་ཀྱང ། །བསོད་ནམས་ཀུན་གྱིས་བྱིན་བརླབས་འགྱུར། །ཱ་ལི་གཉིས་དབུས་རི་མོ་བྲི། །འདྲེན་པ་ཡང་དག་ལྡན་པ་སྟེ། །སྟེང་དུ་ཟླ་གམ་ཐིག་ལེར་དགའ། །མགོ་མཇུག་དུ་ཡང་གཞན་ཡང་བྲི། །འདི་ནི་གསལ་བའི་དོན་དམ་སྟེ། །རྣལ་འབྱོར་རིན་ཆེན་དབང་བསྐུར་སྦྱིན། །བསྟན་པས་བསོད་ནམས་ཐོབ་འགྱུར་ཏེ། །སྡིག་པ་རྣམས་ཀྱང་འཇིག་པར་བྱེད། །ཱ་ལི་གཉིས་དང་ལྡན་བྱ་སྟེ། །ཚེག་དྲག་ཡི་གེ་གཉིས་སུ་བཤད། །འདི་ནི་རབ་འགལ་ཀུན་དུ་ཆགས། །ཆུ་སྲིན་མ་ཞེས་བསྟན་པ་ཡིན། །དང་པོ་བསྐལ་པ་ཆེན་པོ་ཡི། །ཚེག་དྲག་པོ་དང་བཅས་པར་བཞག་།སངས་རྒྱས་བྱང་ཆུབ་རབ་སྦྱིན་བྱེད། །བདག་ཉིད་ལ་མ་བཞག་ཡང་རུང ། །ཕྱག་རྒྱ་འདི་ཡིས་རྒྱས་བཏབ་སྟེ། །བསྒྲུབ་བྱ་དཀྱིལ་འཁོར་བསྒྲུབ་བྱེད་ན། །དངོས་གྲུབ་མྱུར་དུ་ཐོབ་པར་འགྱུར། །དཀྱིལ་འཁོར་དམ་པ་རྣམས་ཀྱི་མཆོག་།ཡེ་ཤེས་ཕྱག་རྒྱ་མངོན་གནས་པའི། །འཛིན་པའི་བསོད་ནམས་ཅི་འདྲ་བའི། །བྲིས་པ་ཡིས་ཀྱང་ཁྱབ་པར་འགྱུར། །ེ་མའོ་བདེ་བ་ཡེ་ཤེས་ཆེ། །འདི་ནི་ཡེ་ཤེས་སྐུ་འདི་ལ། །གནོད་བྱེད་པ་ནི་བསྟེན་བྱེད་ཅིང ། །འདི་ཡི་ཚུལ་གྱིས་ཐོབ་པར་འགྱུར། །ཁམས་གསུམ་མཆོག་གི་དཀྱིལ་འཁོར་འདིར། །འདི་ལས་རྒྱ་ཆེན་གཞན་མེད་དོ། །སྒྲུབ་པ་པོ་དང་སེམས་ཅན་ཀུན། །ཚེ་འདི་ཉིད་ལ་སངས་རྒྱས་འགྲུབ། །ཆེ་མཆོག་ཧེ་རུ་ཀ་གསང་བ་འདི་བཅོམ་ལྡན་འདས་དམ་ཚིག་གི་དཀྱིལ་འཁོར་རྒྱས་པ་མཆོག་ཏུ་གསང་བ་ལས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་བཙུན་མོ་རྣམས་ཀྱི་གསང་བ་ཆེན་པོ་རྣལ་འབྱོར་མ་དབང་ཕྱུག་ཆེན་མོ་རྣམས་ཀྱིས་མཆོག་ཏུ་གསང་བའི་དཀྱིལ་འཁོར་གྱི་ལེའུ་སྟེ་དང་པོའོ།། །། དེ་ནས་བཅོམ་ལྡན་འདས 104.128b དེ་བཞིན་གཤེགས་པ་ངོ་མཚར་དུ་གྱུར་ཏེ། དགྱེས་པའི་ཡིད་ཆེས་པ་དང ། མགུ་བ་དང་ཡིད་དགའ་བ་སྐྱེས་ནས་ཤིན་དུ་གྱེས་པ་ཆེན་པོ་རྡོ་རྗེ་བཞད་པས་མཛད་ཅིང ། ཡང་ཧེ་རུ་ཀའི་སྐུ་མདོག་ནི་སྣ་ཚོགས་པའོ། །བཅོམ་ལྡན་འདས་ཆེ་མཆོག་ཧེ་རུ་ཀ་ཞབས་བརྒྱད་ཕྱག་མཚན་སྣ་ཚོགས་པའོ། །དེ་ལས་སྤྲོས་ནས་ཕྱག་སྟོང་སྤྱན་སྟོང་གིས་སྟོང་གསུམ་གྱིས་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསམ་གྱིས་མི་ཁྱབ་པ་ན། ཤིན་དུ་མི་སྲུན་པས་གདུག་པ་ང་རྒྱལ་ཆེ་ཞིང་དྲེགས་པ་ཅན་ཐམས་ཅད་ལ་བཛྲ་ཛ་ལིའི་སྒྲ་སྣ་ཚོགས་འོད་ཟེར་དུ་གྱུར་ཏེ། དེ་ལས་སྤྲོས་པས་རིགས་བཞི་ཧེ་རུ་ཀ་དྲེགས་པ་ཅན་ཐམས་ཅད་ཚར་གཅོད་པའི་ཕྱིར། རཀྵ་ཧེ་རུ་ཀ་ཉོན་མོངས་པའི་དུག་གསུམ་དབང་དུ་སྡུད་ཅིང་འཇོམས་པའི་ཕྱིར་རཀྵ་ཧེ་རུ་ཀ་།ཡེ་ཤེས་ཀྱི་དོན་དང་ལྡན་པའི་ཕྱིར་བྱི་ཤ་ཧེ་རུ་ཀ་།དམ་ཚིག་ལས་མི་འདའ་བའི་ཕྱིར་ས་མ་ཡ་ཧེ་རུ་ཀ་།དེ་ལས་འཕྲོག་པས་ཧེ་རུ་ཀ་སྟོང་རྩ་བརྒྱད། སྐུ་མདོག་དང་ཕྱག་མཚན་ཅིར་ཡང་སྤྲུལ་ནས་འགྲོ་བའི་དོན་མཛད་དོ། །ཀྲོ་དྷི་ཤཝ་རི་སྐུ་མདོག་སྣ་ཚོགས་པའོ། །དབུ་དགུ་ཕྱག་བཅཝ་བརྒྱད། ཞབས་བཞི་ཕྱག་ཆ་སྣ་ཚོགས་པའོ། །ཞབས་བརྒྱད་རྡོ་རྗེ་འབར་བ་མེ་དཔུང་གི་ནང་ན། ཧེ་རུ་ཀ་བཞི་ཞབས་བཞིས་མནན་པ། བཛྲ་ཧེ་རུ་ཀ་།པད་མའི་སྦུབས་སུ་དཔྲལ་བའི་སྤྱན་ཕྱེད་ཙམ་ནུབ་པར་བཞུགས་པ། ཤིན་དུ་རྔམ་པའི་ཁྲོ་མོ་དབུའི་སྟེང་ན་ཧེ་རུ་ཀ་ཞབས་བརྒྱད་ཀྱིས་ཁྲོ་མོ་དབུ་བརྒྱད་མནན་པ་ཡང་དབུས་ཀྱི་གྱེན་དུ་བལྟས་པའི་ཞལ་ནི་ནང་དུ་རྡོ་རྗེ་བཅུག་ནས་གཉིས་སུ་མེད་པར་སྦྱོར་ཞིང་བྱང་ཆུབ་ཀྱི་སེམས་ཡུམ་གྱི་སྐུ་ལ་བསྟིམས། བྱང་ཆུབ་ཀྱི་སེམས་ཀྱི་རིགས་ཀྱི་ཧེ་རུ་ཀ་ཞབས་འོག་ཏུ་མནན་པ་ཡང་གཉིས་སུ་མེད་པར་སྦྱར་ཞིང་བྱང་ཆུབ་ཀྱི་སེམས་འབེབས། བཛྲ་ཛ་ལིའི་སྒྲ་སྣ་ཚོགས་པས་རབ་ཏུ་གཡོས་པར་གྱུར་ཏེ། ་འཇིག་རྟེན་གྱི་ལྷ་ཆེན་པོ་རྣམ་པར་རབ་ཏུ་སྐྲག་ནས་སྐྱབས་སུ་གསོལ་ལོ། །མགྲིན་གཅིག་ཏུ་འདི་སྐད་ཅེས་གསོལ་ཏེ། རྡོ་རྗེ་འབར་བ་མེ་དཔུང་གིས། །བསྐལ་པ་བས་ཀྱང་བསྲེག་མཛད་ཅིང ། །འཇིགས་ཆེན་རྔམ་པའི་ཁྱད་པར་ཅན། །དབུ་མངས་བསྒྲུབ་པའི་ཚིག་སྒྲོགས་ཤིང ། །ཕྱག་མངས་འཇིགས་པའི་མཚོན་ཆ་བསྣམས། །ཞི་བའི་ཕྱག 104.129a སྟོང་སྤྱན་སྟོང་ཡང ། །འཇིག་རྟེན་རབ་ཏུ་དཔའ་ཀོང་ན། །ཁྲོ་གཉེར་ཕྱག་སྟོང་སྤྱན་སྟོང་ཡང ། །རྒོད་དང་གཤི་ཞིང་ཟ་བྱེད་པ། །འབར་བའི་མཚོན་ཆ་སྣ་ཚོགས་ཅན། །འཇིག་རྟེན་ཐལ་བར་རློག་མཛད་པ། །ཁྲོ་ཆེན་ཁྱོད་ལ་སྐྱབས་སུ་མཆི། །མ་དང་སྲིང་མོ་བུ་མོ་དང ། །ཆུང་མ་སླས་འདི་རྣམས་ཕུལ་ནས་སྐྱབས་སུ་གསོལ་ལོ། །ཆགས་པ་མེད་པའི་དབང་གི་ཐབས་ཀྱི་སྦྱོར་བས་དབང་བསྡུས་ཏེ། དམ་ཚིག་དང་མིང་བཏགས་ལག་ཏུ་རྡོ་རྗེ་བྱིན་ནས་རྡོ་རྗེ་འཆང་གི་གྲལ་དུ་དགོད་དོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཧེ་རུ་ཀ་རོལ་པ་ཆེན་པོའི་དོན་གྱི་གསང་བ་རབ་ཏུ་རྟོགས་པའི་ཡེ་ཤེས་རྒྱལ་པོ་སྐུ་དང་གསུང་དང་ཐུགས་ཀྱི་རོལ་པ་འདི་ཕྱུང་ངོ ། །དཀྱིལ་འཁོར་འདི་དག་ཐམས་ཅད་ནི། །གྲུ་བཞི་སྒོ་བཞི་མུ་ཁྱུད་བཅས། །ཐིག་གིས་ཡོངས་སུ་འཁོར་བར་བཏབ། །དབུས་སུ་པད་མ་འདབ་བརྒྱད་བྲི། །དབུས་ཀྱི་པད་མའི་སྙིང་པོ་ལ། །བཅོམ་ལྡན་ཆེ་མཆོག་ཧེ་རུ་ཀ་།ཤར་དུ་བཛྲ་ཧེ་རུ་ཀ་།ལྷོ་རུ་རཏ་ན་ཧེ་རུ་ཀ་།ནུབ་ཏུ་པད་མ་ཧེ་རུ་ཀ་།བྱང་དུ་ཀར་མ་ཧེ་རུ་ཀ་།ཤར་ལྷོར་རཀྵ་ཧེ་རུ་ཀ་།ལྷོ་ནུབ་ཡཀྵ་ཧེ་རུ་ཀ་།ནུབ་བྱང་བྱི་ཤ་ཧེ་རུ་ཀ་།བྱང་ཤར་ས་མ་ཡ་ཧེ་རུ་ཀ་།བདེར་གཤེགས་ཡུམ་དང་བཅས་པ་དགོད། །དེའི་ཕྱི་རིམ་སྣམ་བུ་ལ་ཡེ་ཤེས་ལས་གྲུབ་པའི་འཕྲ་མེན་མ་བཅུ་དྲུག་དཀོད། །དེ་ཡི་ཕྱི་རིམ་སྒོ་བཞི་ཐོད་པས་བསྐོར། །གཤིན་རྗེ་འཇོམས་དང་སྟོབས་པོ་ཆེ། །རྟ་མགྲིན་དང་ནི་བདུད་རྩིར་འཁྱིལ། །སྒོ་བཞི་དག་ཏུ་རིམ་བཞིན་ནོ། །སྐུ་དང་ཕྱག་མཚན་ཅིར་ཡང་འགྱུར་ཏེ་གཅིག་ཏུ་མ་ངེས་པའོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དེ་ཁོ་ན་ཉིད་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ ། །བཅོམ་ལྡན་འདས་དཔལ་པད་མ་ཧེ་རུ་ཀ་དབུ་ལྔ་ཕྱག་བཅུ་དྲུག་པ། གཤོག་པ་རྡོ་རྗེས་བསྟམས་པ། ཞབས་བརྒྱད་ཆས་དང་བརྒྱན་ཅིང ། འཕྲ་མེན་མ་བཅུ་དྲུག་གི་འཁོར་དང ། དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད་ཀྱི་འཁོར་གྱིས་བསྐོར་ནས་བཞུགས་ཏེ་སྤྲུལ་པ་ལས་བཅོམ་ལྡན་འདས་རྟ་མཆོག་ཆགས་པ་ཆེན་པོ་རག་ཏ་དང ། རུས་གོང་གསར་སྙིང་གི་ནང་ན་ཐབས་དང་ཤེས་རབ་ཀྱི་ཚུལ་དུ་ཞིང་བསྣོལ་མའི་གདན་ཁྲི་ལ་བཞུགས་སོ། །དབུ་གསུམ་ཕྱག་དྲུག་ཞབས་བཞིས་ཀླུ་ཆེན་པོ་རྣམས་བརྫིས་པ། རྡོ་རྗེ་བྲག་རིས་བལྟམས 104.129b པ་རྡོ་རྗེ་མེ་ཕུང་འབར་བའི་ནང་ན་བཞུགས་པ། དབུ་གཙུག་ནས་རྟ་མགོ་ལྗང་ཁུ་ལྔ་བྱུང་བ། སྦྲུལ་ནག་གི་ཆུན་པོ་སྟག་ལྤགས་ཀྱི་ཤམ་ཐབས་བགོས་པ། ཐོད་པའི་ཕྲེང་བས་བརྒྱན་པ། ཞིང་བསྣོལ་མའི་ཁྲི་ལ་བཞུགས་པ། བཅོམ་ལྡན་འདས་རྟ་མཆོག་ཆགས་པ་ཆེན་པོས་འདི་སྐད་ཅེས་བཀའ་སྩལ་ཏོ། །ཧཱུཾ་ནུབ་ཕྱོགས་སངས་རྒྱས་ཞིང་ཁམས་ནས། །དེ་ཉིད་རང་སྣང་མཉམ་ཉིད་དཀྱིལ་འཁོར་ན། །བདེ་བ་ཆེན་པོ་དཔལ་འབར་མཆོག་གི་ལྷ། །འདུ་འབྲལ་མེད་པའི་ཐུགས་རྗེ་དབང་གི་ལྷ། །དབང་མཆོག་ངོ་མཚར་རྔོམ་བརྗིད་དབང་གི་ལྷ། །དཔལ་ཆེན་པད་མའི་ཐུགས་ནི་རིན་པོ་ཆེ། །ཁྲོ་བོར་སྟོན་ཀྱང་ཞི་བའི་ཆ་ལུགས་ཅན། །སྙིང་རྗེ་ཡུམ་གྱི་མཁའ་ལ་སྤྲུལ་པ་སྣ་ཚོགས་ཅིར་འགྱུར་ཡང ། །འགྲོ་བའི་དོན་དུ་དཔལ་ཆེན་བཞེངས་སུ་གསོལ། །དེ་ནས་བཅོམ་ལྡན་འདས་རྟ་མགྲིན་དེ་ཉིད། །ཡུལ་ལ་མ་ཆགས་བྲག་ཕུག་དགོན་པ། །ཟས་ལ་མ་ཆགས་རྩཝའི་རྩ་བ། །གོས་ལ་མ་ཆགས་ཤིང་གི་ཤུན་པ། །སྐོམ་ལ་མ་ཆགས་བྲག་གི་ཐིགས་པ། །བྲག་རི་མི་རྟེན་ཤིང་ལ་རྟེན། །ཤིང་ལ་མི་བརྟེན་ཆུ་ལ་བརྟེན། །ཆུའི་སྙིང་པོ་འཚེར་བ་གཅིག་ཏུ་སྤྲུལ་ནས་འགྲོ་བའི་དོན་མཛད་དོ། །ཧ་ཡ་གྲི་བ་རྟ་མཆོག་དཔལ། །སྐུ་མདོག་དམར་པོ་སྟག་གི་ཤམ་ཐབས་ཅན། །སྤྲུལ་ནག་སྟོང་གིས་བརྒྱན་པས་བརྗིད་ཆགས་པས། །དབུ་སྐྲ་ཁམ་ནག་རལ་པ་མུན་ཙ་ཅོད་པན་ཅན། །དབུའི་གཙུག་ནས་བདུད་རྩི་རྣམ་སྤྲུལ་པ། །སྨིན་མཚམས་སྣ་བྲག་ཀུན་ནས་གློག་སྟོང་འཕྲོ། །དབུའི་གཙུག་ནས་རིགས་ལྔའི་སངས་རྒྱས་བསྐྱེད་ནས་ནི། །སྙན་ནས་སྒྲ་བྱུང་འབྲུག་སྐད་ལྡིར། །སྤྱན་ནས་མེ་བྱུང་ཁམས་གསུམ་སྲེག་།ཤངས་ནས་རླུང་འབྱུང་འཇིག་རྟེན་འཐོར། །ཞལ་ནས་ཁྲག་འཛག་རྒྱ་མཚོར་འཁྱིལ། །མ་མོ་དམ་ཅན་རྣམས་ཀྱང་དམ་ལ་འདུ། །རྟ་སྐད་ཐེང་གསུམ་འཚེར་བས་སྲིད་པ་དབང་དུ་སྡུད། །རྟ་བྲོ་ཐེང་གསུམ་བརྡུངས་པས་བདུད་བཞི་ཟིལ་གྱིས་གནན། །པད་མ་རྒྱལ་པོ་རྟ་མཆོག་དཔལ། །དཀར་པོའི་མདོག་ལ་དམར་པོའི་ཞལ། །སྐུ་མདོག་མཐིང་ཀའི་ཁྲོ་གཉེར་ཅན། །སྙན་ནི་དུང་གི་ཁོང་སེང་ཅན། །མུ་མེད་ཁམས་ནི་ཅི་མཆིས་གསན། །སྤྱན་གཉིས་ཉི་ཟླའི་ཕྲུགས་སུ་བཅས། །ཁམས་གསུམ་དག་ནི་ཅི་མཆིས་གཟིགས། །རྟོག་པ་མཚོན་གྱི་ལྕང་ལོ་ཅན། །རྔ 104.130a མ་ལྕགས་ཀྱི་གཡབ་མོས་འདེབས། །ཤངས་ནས་མེ་ཕུང་འབར་བའི་ཚུབ་མ་འཐོར། །ཞལ་ནས་མི་ཟད་ལྕགས་ཀྱི་སེར་ཆེན་འབེབས། །གཡས་པ་གསུམ་པོ་བ་དན་འཕྱར། །གཡོན་པ་སྡིགས་པའི་འཛུབ་མོ་བསྒྲེང ། །གོའུ་རི་གཤོག་པ་གསང་བའི་ཕྱག་རྒྱ་ཡིས། །ན་བ་རྣམས་ནི་སོས་པར་བྱེད། །རྟ་སྐད་བཞད་པ་རྟ་བྲོ་བརྡུང ། །རྟ་སྐད་ཆེན་པོ་ཐང་གཅིག་གིས། །ཀླུ་རྒྱལ་རིས་དྲུག་དབང་དུ་སྡུད། །རྟ་སྐད་ཆེན་པོ་ཐང་གཅིག་གིས། །མ་ཚོགས་དབང་ཕྱུག་དབང་དུ་སྡུད། །རྟ་སྐད་ཆེན་པོ་ཐང་གཅིག་གིས། །བགེགས་ཀྱི་ཚོགས་རྣམས་དབང་དུ་སྡུད། །རྟ་བྲོ་ལན་གསུམ་བརྡུངས་པ་ཡིས། །བདུད་བཞི་ཀུན་ཀྱང་ཟིལ་གྱིས་གནོན། །དཔག་ཚད་འོག་ན་བདུད་གནས་པ། །ཀླད་དུ་རྒྱོབ་ལ་ཐལ་བར་ལྷོགས། །ཡབ་ཅིག་རེ་བྱམས་རྟ་མཆོག་དབང ། །རྟ་རྐུན་ཚུལ་དུ་གར་བྱེད་ཀྱིས། །གར་གྱི་རྡ་ལ་ད་ཚུར་སྤྱོན། །རྟ་རྐུན་ཚུལ་དུ་དབྱུགས་འདོར་གྱིས། །དབྱུགས་པའི་རྟ་ལ་ད་ཚུར་སྤྱོན། །རྟ་རྐུན་ཚུལ་དུ་གཡབ་འདོར་གྱིས། །གཡབ་མོ་བརྡ་ལ་ད་ཚུར་སྤྱོན། །ཧཱུཾ་གིས་རྒྱུ་དྲུག་རྩ་ནས་གཅོད། །ཕྲིན་ལས་ཞི་བར་མཛོད་ཅིག་རྟ་མཆོག་དབང ། །སྲིད་གསུམ་འགྲན་ཟླ་མེད་པ་རྒྱལ་བའི་མཐུ། །ཆེ་ཚན་ཀུན་ལས་འཕགས་པས་པད་མ་གར་གྱི་དབང་ཕྱུག་ཆེ། །གར་མཁན་སྒྱུ་འཕྲུལ་ཀུན་ལས་ཐབས་ཀྱི་རྒྱལ་པོར་གྲགས། །བྱམས་ལྡན་གར་གྱི་དབང་གིས་ཕྲིན་ལས་མཛོད། །རྟག་ཏུ་གྲུབ་མཆོག་རེ་ཞིང་འབོད་འགྲོགས་ན། །བྱམས་ལྡན་མགོན་པོ་བདག་ལ་ཅི་ཕྱིར་ཐུགས་མི་བརྩེ། །ལྷ་མཆོག་བདག་གིས་འབད་ཀྱང་འབྲས་བུ་མ་མཆིས་ན། །ཡེ་ཤེས་ལྷ་མཆོག་ཁྱོད་ཀྱིས་ཐུགས་རྗེར་རུང་ལགས་སམ། །དངོས་གྲུབ་རྩོལ་བར་མི་དམིགས་ཀྱང ། །སྔོན་གྱི་ཐུགས་དམ་དབང་གིས་དངོས་གྲུབ་རྩོལ། །ཡུམ་ཆེན་ཨེ་ཀ་ཛ་ཊི་མ། །རལ་པ་གཅིག་མས་དེ་སྐད་བསྐུལ་ལོ། །ཡང་ཡབ་ཀྱིས་བསྐུལ་བ་འཁྱུད་པར་བསྟེན་པའི་རྣལ་འབྱོར་མ། །བདུད་ཀྱི་ཡུམ་ལ་གཤིན་རྗེ་ལྕམ། །འདོད་པའི་ཁམས་ཀྱི་དབང་ཕྱུག་མ། །དཔལ་ལྡན་ཆེན་མོ་རེ་མ་ཏི། །མ་ཆེན་ཨེ་ཀ་ཛ་ཊི་མ། །གུ་ཧྱ་གསང་ཆེན་རལ་གཅིག་མ། །རེ་ཏ་ཆེན་མོ་ཙ་མུན་ཊ། །སྲིན་མོ་དཀར་མོ་ཆེན་མོའི་ཚོགས། །དཔལ་ལྡན་རྡོ་རྗེ་དམ་ཤིན་ཏི། །ནམ་མཁའི་ཁམས་ཀྱི་རྣམ་རྒྱལ་དཔལ། །ཡི་དམ་རྒྱལ་མོ་གཡུ 104.130b འཕྲོ་མ། །ལས་ལ་འཁྱིལ་ཅིང་ཆོས་ལ་བསྟན། །དབུ་རྣམས་འབྱིན་ཅིང་འདུད་པའི་ཚུལ། །གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། །དེ་ནས་སྙིང་པོ་དྲན་ཙམ་གྱིས། །པད་མ་ཏ་ཀྲིད་ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ། ཨེ་ཨ་ར་ལི་ཧྲིང་ཧྲིང་ཧྲིང ། ེ་ཀ་ཛ་ཊི་ས་མ་ཡ་ཧཱུཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། སྔགས་ཀྱི་ཕྱག་རྒྱ་སྦྱོར་བ་ཡིས། །དབྱིངས་གསུམ་རྣམ་པར་དག་པས་བསྒྲུབས། །དེ་ནས་སྐྱོ་ནས་བསྡུ་བ་ནི། །ཧཱུཾ་ཧཱུཾ་ཞེས་ནི་རབ་བརྗོད་དེ། །ཕྱག་རྒྱ་ཆེན་པོ་སྐུ་གཉིས་ནི། །སང་ཧ་ར་ན་ཧཱུཾ་ཞེས་རབ་ཏུ་བརྗོད། །ཡབ་ཀྱང་ཡུམ་ལ་བསྡུ། །ཡུམ་ཡང་ཆོས་ཀྱི་དབྱིངས་སུ་བསྡུ། །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་དང ། དེ་ཁོ་ན་ཉིད་ཀྱི་སྐུ་དང་གསུང་ཐུགས་རྡོ་རྗེ་ལས་ཕྱུང་ངོ ། །རྟ་མགྲིན་དབང་གི་དཀྱིལ་འཁོར་ནི། །ཆ་ནི་བཅུ་གཉིས་ཚད་དུ་བྱ། །དཀྱིལ་འཁོར་དབང་གི་རང་བཞིན་དམར་པོ་ནི། །དབུསུ་པད་མ་འདབ་བརྒྱད་བྲི་བར་བྱ། །པད་མོའི་སྙིང་པོ་ལ་བཅོམ་ལྡན་འདས་དཔལ་རྟ་མགྲིན་དབུ་གསུམ་ཕྱག་དྲུག་ལ་ཤར་གྱི་པད་མ་ལ་བཛྲ་ཧེ་རུ་ཀ་།ལྷོར་རཏྣ་ཧེ་རུ་ཀ་།ནུབ་དུ་པད་མ་ཧེ་རུ་ཀ་།བྱང་དུ་ཀར་མ་ཧེ་རུ་ཀ་།མཚམས་བཞིར་ཡུམ་བཞི། །དེའི་ཕྱི་རིམ་དུ་གོའུ་རིམ་བརྒྱད་དང ། སིང་ཧ་མ་བརྒྱ་དང་བཅུ་དྲུག་།སྒོ་བཞི་སྒོ་ཁྱུད་དང་བཅས་པའོ། །སྒོ་བཞི་རིམ་བཞིན་དང་འཐུན། དེ་ནས་བཅོམ་ལྡན་འདས་ཀུན་དུ་བཟང་པོ་དེ་ཁོ་ན་ཉིད་རབ་གསང་བའི་ཐུགས་ཀ་ནས་ཕྱུང་ངོ ། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཟ་བྱེད་ཆེན་མོ་ཚོགས་ཀྱི་བདག་།ཡོན་ཏན་ཕྲིན་ལས་རྫོགས་མཛད་པ། །རྡོ་རྗེ་ཤུགས་ཅན་དང ། རྡོ་རྗེ་འཇིགས་སུ་རུང་བ་དང ། རྡོ་རྗེ་གྲགས་པ་དང ། རྡོ་རྗེ་སྙིང་པོ་དང ། རྡོ་རྗེ་སྒྱུ་འཕྲུལ་དང ། རྡོ་རྗེ་གསུས་པོ་ཆེ་དང ། རྡོ་རྗེ་གད་མོ་དང ། རྡོ་རྗེ་གད་རྒྱངས་ཅན་དང ། རྡོ་རྗེ་གྲགས་ཅན་དང ། རྡོ་རྗེ་ཧ་ཧ་གད་མོ་ཅན་དང ། རྡོ་རྗེ་ཧེ་ཧེ་གྲགས་ཆེན་དང ། རྡོ་རྗེ་བགེགས་གནོན་པའི་རྒྱལ་པོ་དང ། རྡོ་རྗེ་གཤིན་རྗེ་བཤད་པ་ཅན་དང ། རྡོ་རྗེ་ལས་ཀྱི་བདག་པོ་དང ། རྡོ་རྗེ་མི་གཡོ་མགོན་པོ་དང ། རྡོ་རྗེ་བསྒྱིངས་པ་དང ། རྡོ་རྗེ་གླང་པོ་ཆེ་དང ། རྡོ་རྗེ་ཀོ་བ་རློན་པ་དང ། རྡོ་རྗེ་སེམས་དཔའ་ཆེན་པོ་དང ། རྡོ་རྗེ་རྒྱལ་པོ་དང ། རྡོ་རྗེ་མིག་མི་ཟད་དང ། །རྡོ་རྗེ་བདེ་བ་དང ། རྡོ་རྗེ་སོའི་ཕྲེང་བ་ཅན་དང ། རྡོ་རྗེ་དང་ཆེན་དང ། རྡོ་རྗེ་ཁུ་ཚུར་དང ། རྡོ་རྗེ་ཏིང་ངེ་འཛིན་དང ། རྡོ་རྗེ་གཡབ་མོ་དང ། རྡོ་རྗེ་དགའ་བ་དང ། རྡོ་རྗེ་འདེགས་པ་དང ། 104.131a རྡོ་རྗེ་ཧཱུཾ་ཆེན་དང ། རྡོ་རྗེ་མདའ་དང ། རྡོ་རྗེ་གཞུ་གདུངས་དང ། རྡོ་རྗེ་རལ་གྲི་དང ། རྡོ་རྗེ་རྡོ་རྗེ་དང ། རྡོ་རྗེ་གཡུལ་ཟློག་དང ། རྡོ་རྗེ་འབར་བ་དང ། རྡོ་རྗེས་དང ། རྡོ་རྗེ་ཆུ་དང ། རྡོ་རྗེ་མེ་དང ། རྡོ་རྗེ་རླུང་དང ། རྡོ་རྗེ་ནམ་མཁའ་དང ། རྡོ་རྗེ་ཡང་དག་དང ། རྡོ་རྗེ་སྒྲ་འབར་དང ། རྡོ་རྗེ་འབེབས་པ་དང ། རྡོ་རྗེ་མིག་བརྒྱ་མ་དང ། རྡོ་རྗེ་བ་སྤུ་མ་དང ། རྡོ་རྗེ་སེན་མོ་སྐྱེས་པ་དང ། རྡོ་རྗེ་ཟངས་ཀྱི་ལྤགས་པ་ཅན་དང ། རྡོ་རྗེ་ལྕགས་ཀྱི་མཆེ་བ་ཅན་དང ། རྡོ་རྗེ་སྤུ་གྲི་སོ་ཅན་དང ། རྡོ་རྗེ་ལྤགས་པ་མཁྲེགས་པ་དང ། རྡོ་རྗེ་ཕྲེང་བ་ཐོགས་པ་དང ། རྡོ་རྗེ་རྒྱན་པ་དང ། རྡོ་རྗེ་རྣོན་པོ་དང ། རྡོ་རྗེ་ཀི་ལ་ཡ་དང ། རྡོ་རྗེ་དཔལ་ལྡན་པ་དང ། རྡོ་རྗེ་རྣམ་པར་དག་པའི་སྙིང་པོ་དང ། རྡོ་རྗེ་ཟ་བྱེད་དང ། རྡོ་རྗེ་འཇམས་པའི་དབྱངས་དང ། རྡོ་རྗེ་ཆེན་པོ་དང ། རྡོ་རྗེ་འཇིག་རྟེན་དབང་ཕྱུག་དང ། རྡོ་རྗེ་སྨྲ་བ་དང ། རྡོ་རྗེ་སྐྱེས་མཆོག་དང ། རྡོ་རྗེ་སེང་གེ་དང ། རྡོ་རྗེ་ཀུན་ཏུ་ལྟ་བ་དང ། རྡོ་རྗེ་མཆོག་དུ་དགའ་བ་དང ། རྡོ་རྗེ་གཟི་བརྗིད་དང ། རྡོ་རྗེ་འོད་བཟངས་དང ། རྡོ་རྗེ་གྲགས་པ་དང ། རྡོ་རྗེ་སྣང་བ་པོ་དང ། རྡོ་རྗེ་སྐུ་དང ། རྡོ་རྗེ་གསུང་དང ། རྡོ་རྗེ་ཐུགས་དང ། རྡོ་རྗེ་འོད་གསལ་བ་དང ། རྡོ་རྗེ་སྤྲིན་རྣམ་པར་འཐོར་བ་དང ། རྡོ་རྗེ་ཆར་བ་སྟན་དང ། རྡོ་རྗེ་རྣལ་འབྱོར་ཆེན་པོ་དང ། རྡོ་རྗེ་རིན་ཆེན་ཀུན་བདག་དང ། རྡོ་རྗེ་འཆང་བ་པོ་དང ། རྡོ་རྗེ་ཉི་མ་དང ། རྡོ་རྗེ་སྣང་བ་དང ། རྡོ་རྗེ་ཟླ་བ་དང ། རྡོ་རྗེ་དྲི་མ་མེད་པ་དང ། རྡོ་རྗེ་ཆགས་པ་བྲལ་བ་དང ། རྡོ་རྗེ་སྐྱིལ་དཀྲུང་དང ། རྡོ་རྗེ་འོད་པོ་ཆེ་དང ། རྡོ་རྗེ་པད་མ་སྐྱེས་པ་དང ། རྡོ་རྗེ་ཐམས་ཅད་ཀུན་མཁྱེན་དང ། རྡོ་རྗེ་མཛོད་འཛིན་པ་དང ། རྡོ་རྗེ་ཕ་རོལ་ཕྱིན་པ་དང ། རྡོ་རྗེ་རབ་ཏུ་ལྡན་པ་དང ། རྡོ་རྗེ་རྣམ་པར་དག་པ་དང ། རྡོ་རྗེ་འཁོར་ལོ་དང ། རྡོ་རྗེ་གཤོག་པ་ཅན་གྱི་ཚོགས་དང ། རྡོ་རྗེ་ནུ་མ་ཅན་གྱི་ཚོགས་དང ། རྡོ་རྗེ་སྡེར་མོ་ཅན་གྱི་ཚོགས་དང ། རྡོ་རྗེ་མཆེ་བ་ཅན་གྱི་ཚོགས་དང ། རྡོ་རྗེ་བཞད་པ་དང ། རྡོ་རྗེ་ཏིང་ངེ་འཛིན་དང ། རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་དང ། རྡོ་རྗེ་སྤྲུལ་པའི་སྐུ་དང ། རྡོ་རྗེ་རྒྱུད་འཆང་བ་པོ་དང ། རྡོ་རྗེ་ཕྱོགས་བཅུར་སྤྲུལ་པ་འགྱེད་པ་པོ་དང ། རྡོ་རྗེ་དོན་བྱེད་པ་པོ་དང ། ་རྡོ་རྗེ་ལྷའི་དབང་པོ་དང ། རྡོ་རྗེ་ལྷ་མིན་བདག་པོ་དང ། རྡོ་རྗེ་འཆི་མེད་ལྷའི་དབང་པོ་དང ། རྡོ་རྗེ་འཇོམས་པར་བྱེད་པ་དང ། རྡོ་རྗེ་ཆོས་ཀྱི་སྦྱིན་བདག་དང ། རྡོ་རྗེ་བྱམས་པ་དང ། རྡོ་རྗེ་ཤེས་རབ་རྣོན་པོ་དང ། རྡོ་རྗེ་ཐོག 104.131b ཐོག་ལྕགས་ཀྱི་གསོར་ཆེན་འབེབས་པ་དང ། རྡོ་རྗེ་ཏེག་ཏེག་སྟོང་གསུམ་འགྱེད་པ་དང ། རྡོ་རྗེ་ཐིབ་ཐིབ་མྱོས་པར་བྱེད་པ་དང ། རྡོ་རྗེ་འུར་འུར་འབྲུག་སྒྲ་སྒྲོགས་པ་དང ། རྡོ་རྗེ་ཆེམ་ཆེམ་གནམ་ལྕགས་འབེབས་པ་དང ། རྡོ་རྗེ་ཡུད་ཙམ་གློག་འབྱིན་པ་དང ། རྡོ་རྗེ་ཤིག་ཤིག་ཁམས་གསུམ་བསྒུལ་བ་དང ། རྡོ་རྗེ་ཡེ་ཤེས་འབོག་བྱེད་དང ། རྡོ་རྗེ་མི་སྲུང་སྨྱོང་བར་བྱེད་པ་དང ། རྡོ་རྗེ་ཁ་ཊྭཱཾ་རྒྱལ་བར་བྱེད་པ་དང ། རྡོ་རྗེ་དབང་ཕྱུག་སྡིགས་ཤིང་སྡང་བར་བྱེད་པ་དང ། ་རྡོ་རྗེ་སྦྲུལ་གྱི་ཞགས་པ་དང ། རྡོ་རྗེ་གནོད་སྦྱིན་སྲོག་གཅོད་པ་དང ། རྡོ་རྗེ་ཁྲག་འཐུང་སྙིང་ཁྲག་འཐུང་བ་དང ། རྡོ་རྗེ་དཔལ་སྙིང་སྲེག་པ་དང ། རྡོ་རྗེ་མདུང་ཐུང་འབུགས་པར་བྱེད་པ་དང ། རྡོ་རྗེ་ཁྲག་ཟ་བར་བྱེད་པ་དང ། རྡོ་རྗེ་ཚིལ་ཟ་བར་བྱེད་པ་དང ། རྡོ་རྗེ་རྐང་ཟ་བར་བྱེད་པ་དང ། རྡོ་རྗེ་ཤ་ཟ་བར་བྱེད་པ་དང ། ཡེ་ཤེས་ལས་སྤྲུལ་པའི་ཁྲོ་བོ་འདི་རྣམས་ཀྱང་འཐུང་བར་བྱེད། ཞལ་དུ་འདྲེན་པར་བྱེད། མཁའ་ལ་རློམ་པར་བྱེད། ཞལ་དུ་རྡུབ་ཅིང་ཟ་བར་བྱེད། དབང་དུ་སྡུད་ཅིང་ཚར་གཅོད་པར་བྱེད། ཐོ་བས་རྡེག་པར་བྱེད། ཕུར་བུས་འདེབས་པར་བྱེད། རལ་གྲིས་གཅོད་པར་བྱེད། བེ་ཅོན་གྱིས་རྡུང་བར་བྱེད། འཁོར་ལོས་ལུས་གཏུབ་པར་བྱེད། དགྲ་སྟས་གཤེགས་པར་བྱེད། རྡོ་རྗེས་མགོ་མཇུག་མེད་པར་རྡེག་པར་བྱེད། རྡོ་རྗེ་རྒྱ་གྲམ་གྱིས་ཕྱེད་ཚལ་དུ་བྱེད། རྡོ་རྗེ་མདས་གཏིང་འབུགས་པར་བྱེད། མཚོན་སྤུ་གྲི་མ་ལས་གཤེག་ཅིང་དྲལ་བར་བྱེད་ཅིང་ལྕགས་ཀྱུས་འགུག་པར་བྱེད། ཞགས་པས་འཆིང་བར་བྱེད། ལྕགས་སྒྲོག་གིས་སྡོམ་པར་བྱེད། རྡོ་རྗེ་རྒྱ་གྲམ་ཕྱེད་ཀྱིས་དབང་དུ་བསྡུས་ནས་ལས་ཐམས་ཅད་གྲུབ་པར་བྱེད་དོ། །རྡོ་རྗེ་མཚོན་ཆའི་སྔགས་སོ། །\ུ0f00་བི་ཤཝ་བཛྲ་ཀྲོ་དྷ་ཛ་ལ་མཎྜ་ལ་ཕཊ་ཕཊ། ཧ་ལ་ཧ་ལ་ཧཱུཾ། བཛྲ་ཛ་མན་ཏྲ་སུཾ་བྷ་ནི།[་\ུ0f00]་བྲཱུཾ་ཧཱུཾ་བྲུཾ་ཏྲུཾ་བྲུཾ་ཧི་བྲུཾ་ཧ་བྲུཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ་ཕཊ། གྲངས་ངེས་པ་འདིར་བསྟན་ཏོ། །ལན་གྲངས་ཉི་ཤུ་རྩ་བརྒྱད་བཟླས་ཏེ། དེ་སྐད་ཅེས་རྡོ་རྗེ་མཚོན་ཆའི་ཆར་འབེབས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཚེ་བསྒྲུབ་པ་འདི་ཕྱུང་ངོ ། །དཀྱིལ་འཁོར་འདི་དག་ཐམས་ཅད་ནི། །ཆག་ནི་དགུ་ཡི་ཚད་དུ་བྱ། །ཐིགས་གིས་ཡོངས་སུ་འཁོར་བར་གདབ། ། 104.132a དབུས་སུ་འཁོར་ལོ་རྩིབས་བཞི་བྲི། །འཁོར་ལོ་དག་གི་ལྟེ་བ་ལ། །བཅོམ་ལྡན་ཀུན་དུ་བཟང་པོ་བྲི། །ཤར་དུ་རྡོ་རྗེ་སེམས་དཔའ་བྲི། །ལྷོ་རུ་རིན་ཆེན་འབྱུང་ལྡན་བྲི། །ནུབ་ཏུ་སྣང་བ་མཐའ་ཡས་བྲི། །བྱང་དུ་དོན་ཡོད་གྲུབ་པ་བྲི། །ཕྱི་རིམ་རྡོ་རྗེ་ར་བས་བསྐོར། །གྲཝ་བཞིར་དགོད་པར་བྱ་བ་ནི། །ཤར་དུ་རྡོ་རྗེ་དབྱིངས་ཕྱུག་བྲི། །ལྷོ་རུ་རིན་ཆེན་དབྱིངས་ཕྱུག་བྲི། །ནུབ་ཏུ་པད་མ་དབྱིངས་ཕྱུག་བྲི། །བྱང་དུ་ལས་ཀྱི་དབྱིངས་ཕྱུག་བྲི། །དེ་ཡི་ཕྱི་རིམ་སྣམ་བུ་ལ། །སྒོ་བཞི་སྒོ་ཁྱུད་བཅས་པར་དགོད། །སྒོ་བཞི་ནི་དཀྱིལ་འཁོར་གཞན་དང་འཐུན། །དེ་རྣམས་ཀྱང་ཕྱག་མཚན་ཚེའི་བུམ་པ་རེ་རེ་འཛིན་ཅིང་བསྣམས་པ། གདན་པད་མ་ལ་བཞུགས་པ་ཤ་དག་གོ་།དེ་ནས་ཚེ་དབུབ་པར་བྱ་བ་དང ། ཚེ་གཤིན་རྗེ་ནག་པོའི་ལག་ནས་འབྲོག་པ་དང ། ཆེ་གང་གཡབ་པ་དང ། ཆེ་བཅིང་ཞིང་བསྡམས་པ་དང ། ཚེ་དབང་དུ་བསྡུ་བ་དང ། ཚེ་ཡོངས་སུ་སྤེལ་བ་དང ། ཚེ་རྒྱས་པར་བྱ་བ་དང ། ཚེ་རིང་ཞིང་བདུད་ཀྱིས་བར་མི་ཆོད་པར་བྱ་བ་དང ། ཚེ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་བྱ་བ་དང ། ་ཚེ་སྐྱེ་ཤི་མེད་པའི་འབྲས་བུ་ཆོས་ལྷུན་གྱིས་གྲུབ་པའོ། །དེ་ནས་བཅོམ་ལྡན་འདས་ཀུན་དུ་བཟང་པོས་ལྷ་མོ་ལྕགས་ཀྱུ་ཐོགས་པ་གྲངས་མེད་པ་སྤྲོས་ནས།[་\ུ0f00]་བྲུཾ་བཛྲ་ཨཱ་ཡུ་ཤེ་ཧཱུཾ་ཞེས་བཀའ་སྩལ་པ་དང ། བདུད་གཤིན་རྗེ་ནག་པོའི་སྙིང་དྲལ་ཏེ། ཤོག་གོག་སྐྱ་བོ་རླུང་གིས་བཏབ་པ་ཞིན། དུན་དུན་ཁྱར་ཁྱར་འོང་བ་དེ་ལ་གཤིན་རྗེའི་ཅོ་ཏོ་ནས་བཟུང་ནས་འདྲད་ཀྱིས་བསྒྱེལ་ཏེ། རྡོ་རྗེ་སྙིང་ཀར་བཞགས་ནས་ལག་པ་ནས་ཧུར་གྱིས་ཕྲོགས་ནས། ཚེའི་གཡབ་དར་དང ། ཕྱག་རྒྱས་གཡབ་པ་དང ། རི་རབ་རྩེ་ལ་སྦས་པ། རྒྱ་མཚོའི་གཏིང་དུ་སྦས་པ། བར་སྣང་གི་ཁམས་ལ་སྦས་པ། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བཅུ་ནས་བཀུག་ཅིང་ཚེ་བླངས་ཏེ་ཞགས་པའི་ཚོགས་ཀྱིས་བཅིངས། ལྕགས་སྒྲོག་གི་ཚོགས་ཀྱིས་བསྡམས་ནས་དབང་དུ་བསྡུས་ཏེ། རྒྱ་ཆེར་ཡོངས་སུ་སྤེལ་བར་བྱའོ། །\ུ0f00་བྲུཾ་བཛྲ་ཨཱ་ཡུ་ཤེ་བཛྲ་ཧཱུཾ་ཨ་ཞེས་བརྗོད་པས། བདེ་བར་གཤེགས་པ་ལྔའི་ཕྱག་རྒྱས་བསྟན་ནས་རྒྱས་པར་བྱའོ། །\ུ0f00་བཛྲ་དྷ་ར། རད་ན་དྷ་ར། པད་མ་དྷ་ར། ཀར་མ་དྷ་ར། ཏ་ཐཱ་ག་ཏཱ། ས་མ་ཡ་ཏི་ཡ་མ་ཡ་ཏི་ཀྲ་ས་མ་ཡ་དྷ་ར་ཀོ\ུ0f85ཧཾ་ཞེས་བརྗོད་པས་བདུད་གཤིན་རྗེ་ནག་པོའི་ལག་ནས་ཚེ་འཕྲོགས་ཏེ། གཤིན་རྗེ་ཡང་བརྒྱལ་ཞིང་ངས་ནས་བསྒྲལ་ཞིང་རྡོ་རྗེ་ཁྲག་འཐུང་ཆེན་པོས་སྙིང་ཁྲག 104.132b འཐུངས་ཏེ། ཚེའི་བར་ཆོད་བྱས་ཏེ།[་\ུ0f00]་པུཎྱེ་པུཎྱེ། མ་ཧཱ་པུཎྱེ། ཨ་པ་ར་མི་ཏ་ཨཱ་ཡུཿ པུཎྱ། ཛྙཱ་ན་སམྦྷ་རོ་པ་ཙི་ཏེ་སཝཱ་ཧཱ། ཞེས་བཟླས་པས། སྐུ་རྡོ་རྗེ་དང ། གསུང་རྡོ་རྗེ་དང ། ཐུགས་རྡོ་རྗེའི་དངོས་གྲུབ་ཐོབ་པ་དང ། ཚེ་སྲོག་གི་སྙིང་པོ།[་\ུ0f00]་བྲུཾ་བཛྲ་ཨཱ་ཡུ་ཤེ་བཛྲ་ཧཱུཾ་ཨ་ཞེས་བཟླས་པས། ཚེ་སྐྱེ་ཤི་མེད་པའི་གཡུང་དྲུང་གི་སྐུ་ཚེ་ཐོབ་བོ། །དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་ཚེའི་ལས་འདི་གསུངས་སོ། །དབང་ཕྱུག་གཙོ་དང་རིགས་ཀྱི་ཡུམ། །ཡང་དག་གསང་བའི་དཀྱིལ་འཁོར་འདིར། །བདེ་བ་ཆེན་པོས་ཡོངས་བརྒྱན་ཏེ། །དཀྱིལ་འཁོར་རྫོགས་པར་ཕུན་སུམ་ལྡན། །རྡོ་རྗེ་སེམས་གཙོ་མཉེས་མཛད་པ། །གནས་འདིར་བརྩེ་ཕྱིར་གཤེགས་སུ་གསོལ། །ཾ་ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀཱ་ཏྲི་ཤ་ཧོ། ས་མ་ཡ་སྟཾ། ཛཿ ཧཱུཾ་བཾ་ཧོཿ ། བརྟན་པར་བཞུགས་པ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག་།\ུ0f00་བཛྲ་ས་མ་ཡ་\ུ0f00། ཨོཾ་བཛྲ་ས་མ་ཡ་ཨཾ། ཧཱུཾ་བཛྲ་ས་མ་ཡ་ཧཱུཾ། སཝ་བཛྲ་ས་མ་ཡ་སཝ། ཧཾ་བཛྲ་ས་མ་ཡ་ཧཾ། ལས་ལ་བཞུགས་པ།[་\ུ0f00]་ཤར་གྱི་ཕྱོགས་ན་བཞུགས་པ་ནི། །རྡོ་རྗེ་ལྷ་མོ་དཀར་མོ་ལྕགས་ཀྱུ་ཛ། །ཚེ་དང་ཡེ་ཤེས་འདྲེན་པའི་ལས་མཛོད་ཅིག་།དཀར་མོ་ཞི་བྱེད་མགྱོགས་མ་འོད་འཕྲོ་ཅན། །ཚེ་ལ་གནོད་ཅིང་འགལ་བྱེད་ཀུན་བསྒྲལ་ནས། །ཚེ་དང་ཡེ་ཤེས་མ་ལུས་དབང་དུ་སྡུད། །བྲུཾ་བཛྲ་ཨཱ་ཡུ་བཛྲ་ཨཾ་གུ་ཤ་ཛཿ ཛཿ ཛཿ ། ལྷོ་ཕྱོགས་ནས་འགུགས་པ་ནི། །སེར་མོ་ཡིད་བཞིན་གློག་ཕྲེང་འཛིན། །ཕྱགས་ན་རིན་ཆེན་སྦྲུལ་གྱི་ཞགས་པ་བསྣམས། །ཆེ་ལ་གནོད་ཅིང་འགལ་བྱེད་ཀུན་བསྒྲལ་ནས། །ཚེ་དང་ཡེ་ཤེས་མ་ལུས་དབང་དུ་བསྡུད། །ནུབ་ཀྱི་ཕྱོགས་ནས་ཚེ་འགུགས་མ། །དམར་མོ་བཀྲ་གསལ་དབང་བསྡུད་མ། །ཕྱག་ན་ཆུ་སྲིན་རྒྱལ་མཚན་བསྣམས། །ཚེ་ལ་གནོད་ཅིང་འགལ་བྱེད་ཀུན་བསྒྲལ་ནས། །ཚེ་དང་ཡེ་ཤེས་མ་ལུས་དབང་དུ་སྡུད། །བྱང་གི་ཕྱོགས་ནས་འགུགས་པ་ནི། །ནག་མོ་མིག་གཅིག་རལ་པ་ཅན། །དུང་གི་ཚེམས་ལ་ལྕགས་ཀྱི་སྤུ། །ཕྱག་ན་རྡོ་རྗེ་རྒྱ་གྲམ་བསྣམས། །ཚེ་ལ་གནོད་ཅིང་འགལ་བྱེད་ཀུན་བསྒྲལ་ནས། །ཚེ་དང་ཡེ་ཤེས་མ་ལུས་དབང་དུ་སྡུད། །དེ་ནས་བཅོམ་ལྡན་འདས་ཀྱིས་དབྱིངས་ཕྱུག་མ་རྣམས་བསྐུལ་བ། དབྱིངས་ཕྱུག་མཁའ་ལྡན་པད་མའི་དབྱིངས། །ཕྱག་རྒྱ་བདེ་མཆོག་དབྱིངས་ཀྱི་ཡུམ། ། 104.133a ཡེ་ཤེས་སྤྲུལ་པའི་ཕྱག་རྒྱ་མ། །དབྱིངས་སུ་མཁའ་ལ་ཚེ་དང་གཟི་བརྗིད་དྲོངས། །བཛྲ་ཨཾ་གུ་ཤ་ཧཱུཾ་ཛཿ སྟོང་གསུམ་དབྱིངས་ལ་ཚེ་ཡི་མངའ་བརྙེས་པ། །ཁམས་གསུམ་མ་ལུས་དབང་བསྡུད་མ། །ཞིང་ལ་རྔམ་ཞིང་བརྐམ་སྟོབས་ཅན། །སྟོང་གསུམ་དབྱིངས་ནས་ཚེ་དང་གཟི་བརྗིད་དྲོལ། །དབྱིངས་མ་དཀར་དང་རྐུན་མོ་གཉིས་མེད་ཚོགས། །བདེ་ཆེན་རྨོངས་བྱེད་ཐལ་བྱེད་མ། །གཏུམ་མོ་དབྱིངས་སུ་སྒྲོལ་མཛད་སྙིང་འབྱིན་མ། །དཔལ་ཆེན་རྒྱལ་མོ་དགྱེས་པའི་འཁོར། །དུང་ཕྲེང་ཆེན་མོ་འཁོར་དང་བཅས། །ཚེ་ལ་གནོད་ཅིང་འགལ་བྱེད་ཀུན་བསྒྲལ་ནས། །དབྱིངས་སུ་མཁའ་ལ་ཚེ་དང་གཟི་བརྗིད་དྲོངས། །ལོག་པ་ལྟ་བྱེད་བདུད་དཔུང་འདུལ་མཛད་མ། །འདོད་ཁམས་མ་དང་གཉིས་མེད་རོལ་པའི་སྲས། །དབང་ཕྱུག་འཕྲ་མེན་འབར་བའི་ཚོགས། །ཚེ་ལ་གནོད་ཅིང་འགལ་བྱེད་ཀུན་བསྒྲལ་ནས། །གཤིན་རྗེ་ལག་ནས་ཚེ་དང་གཟི་བརྗིད་དྲོངས། །ཤར་གྱི་ཕྱོགས་ནས་འགུགས་པ་ནི། །ཚེ་ཡི་ལྷ་མོ་ལྕགས་ཀྱུ་མ། །ཕྱག་ན་ཤེལ་གྱི་བུམ་པ་བསྣམས། །ཚེ་ལ་གནོད་ཅིང་འགལ་བྱེད་སྒྲོལ་བར་བྱེད། །ལྷོ་ཡི་ཕྱོགས་ནས་འགུགས་པ་ནི། །ཚེ་ཡི་ལྷ་མོ་ཞགས་པ་མ། །ཕྱག་ན་མཐིང་ཤིང་བུམ་པ་བསྣམས། །ཚེ་ལ་གནོད་ཅིང་འགལ་བྱེད་འཆིང་བར་བྱེད། །ནུབ་ཀྱི་ཕྱོགས་ནས་འགུགས་པ་ནི། །ཚེ་ཡི་ལྷ་མོ་ལྕགས་སྒྲོགས་མ། །ཕྱག་ན་ཟངས་ཀྱི་བུམ་པ་བསྣམས། །ཚེ་ལ་གནོད་ཅིང་འགལ་བྱེད་སྡོམ་པར་བྱེད། །བྱང་གི་ཕྱོགས་ནས་འགུགས་པ་ནི། །ཚེ་ཡི་ལྷ་མོ་དྲིལ་བུ་མ། །ཕྱག་ན་གཡུ་ཡི་བུམ་པ་བསྣམས། །ཚེ་ལ་གནོད་ཅིང་འགལ་བྱེད་དབང་དུ་སྡུད། །སྟེང་གི་ཕྱོགས་ནས་འགུགས་པ་ནི། །ཚེ་ཡི་ལྷ་མོ་དབྱིངས་ཕྱུག་མ། །ཕྱག་ན་དངུལ་གྱི་བུམ་པ་བསྣམས། །ཚེ་ལ་གནོད་ཅིང་འགལ་བྱེད་དབང་དུ་སྡུད། །འོག་གི་ཕྱོགས་ནས་འགུགས་པ་ནི། །ཚེ་ཡི་ལྷ་མོ་བསྟན་ལྡན་མ། །ཕྱག་ན་གསེར་གྱི་བུམ་པ་བསྣམས། །ཚེ་ལ་གནོད་འགལ་བྱེད་མ་ལུས་དབང་དུ་སྡུད། །\ུ0f00་བྲུཾ་བཛྲ་ཨཱ་ཡའུ་ཡུད་ཏེ་རད་ན་ཡུ་ཏི། དྷརྨ་ཡུ་ཏི། ཀརྨཱ་ཡུ་ཏི། བྲུཾ་བཛྲ་ཨཱ་ཡུ་ཤེ་ཧཱུཾ་ཨ། དེ་ནས་དངོས་གྲུབ་བླང་བ་ནི། །དཔལ་ལྡན་སངས་རྒྱས་ཀུན་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་དང་ལྡན། །དིང་བདག་སངས་རྒྱས་སྐུ་འཛིན་པའི། །བྱིན་ཀྱིས་བརླབ་པའི་གནས་མཛོད་ཅིག་། 104.133b \ུ0f00་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སཝ་བྷཱ་བ་ཨཱཏྨ་ཀོ\ུ0f85ཧཾ། དཔལ་ལྡན་རྡོ་རྗེ་གསུང་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་དང་ལྡན། །དིང་བདག་སངས་རྒྱས་ཀུན་འཆང་བ། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །\ུ0f00་སརྦ་ཏ་ཐཱ་ག་ཏཱ་བཱག་བཛྲ་སཝ་བྷཱ་བ་ཨཱཏྨ་ཀོ\ུ0f85ཧཾ། དཔལ་ལྡན་རྡོ་རྗེ་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་དང་ལྡན། །དིང་བདག་སངས་རྒྱས་ཐུགས་འཛིན་པའི། །བྱིན་གྱིས་བརླབ་པ་མཛད་དུ་གསོལ། །\ུ0f00་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སཝ་བྷཱ་བ་ཨཱཏྨ་ཀོ\ུ0f85ཧཾ། དམ་ཚིག་ཉམས་པ་ཐམས་ཅད་སྐོངས་བར་གྱུར་ཅིག་།ལྟ་བ་ཡོན་པོ་ཐམས་ཅད་སྲོངས་པར་གྱུར་ཅིག་།ཆོ་ག་ཉམས་པ་ཐམས་ཅད་རྫོགས་པར་གྱུར་ཅིག་།ཚེ་སྐུ་གསུང་ཐུགས་ཀྱི་སྐྱེ་ཤི་མེད་པའི་དངོས་གྲུབ་ཐོབ་པར་གྱུར་ཅིག་།དེ་ནས་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ་དཔལ་རྡོ་རྗེ་སེམས་དཔའ་སྐུ་གསུང་ཐུགས་སྤྲུལ་པའི་ཆོ་འཕྲུལ་གྱི་ཏིང་ངེ་འཛིན་དུ་བཞུགས་སོ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། མ་ཧཱ་རག་ཏའི་མགོ་ལ་ཡན་གྱིས་བྱུགས་ལ། དབུས་སུ་བཛྲ་ཧེ་རུ་ཀ་།ཡུམ་ཀ་ཏི་ཤཝ་རི། འཁོར་ལོ་རྩིབས་བཞི་ལ། ཤར་དུ་བཛྲ་ཧེ་རུ་ཀ་།ལྷོར་རཏ་ན་ཧེ་རུ་ཀ་།ནུབ་ཏུ་པད་མ་ཧེ་རུ་ཀ་།བྱང་དུ་ཀརྨ་ཧེ་རུ་ཀ་།སྐུ་མདོག་ཕྱག་མཚན་རྒྱུད་གཞན་དང་འཐུན། དེའི་ཕྱི་རིམ་སྣམ་བུ་ཅིག་ལ་འཕྲ་མེན་མ་བཅུ་དྲུག་།དེའི་ཕྱི་རིམ་སྒོ་བཞི་ལ་དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དྲི་ཆེན་གྱིས་མཎ་ཌལ་བྱུགས་ལ་དབུས་སུ་ཡཀྵ་ཧེ་རུ་ཀ་དབུ་དགུ་ཕྱག་བཅཝ་བརྒྱད། ཞབས་བརྒྱད་གཤོགས་པ་རྡོ་རྗེས་གཏམས་པ། དེའི་ཕྱི་རིམ་པད་མ་འདབ་མ་བརྒྱད་པ་ལ། ་ཤར་དུ་བཛྲ་ཧེ་རུ་ཀ་།ལྷོར་ཡག་ཀྵ་ཧེ་རུ་ཀ་།ནུབ་ཏུ་བྱི་ཤ་ཧེ་རུ་ཀ་།བྱང་དུ་ས་མ་ཡ་ཧེ་རུ་ཀ་།མཚམས་བཞིར་ཁྲོ་མོ་དབང་ཕྱུག་མ་ཡུམ་བཞི་བཞུགས། གདན་ཞིང་བསྣོལ་མའི་ཁྲི་ལ་བཞུགས་སོ། །དེའི་ཕྱི་རིམ་སྣམ་བུ་ལ་འཕྲ་མེན་དང་ཁྲོ་བོ་ཕ་བཅུ་མ་བཅུ་དགོད་ཅིང་བཞུགས་སོ། །སྒོ་བཞིར་ལྕགས་ཀྱུ་མ་ལ་སོགས་པ་བཞི་དགོད་དོ། །ཁྲོ་བོ་ཆེན་པོ་ནི་ལ་ཏན་ཏྲ་དབུས་སུ་བྲི། དེའི་ཕྱི་རིམ་པད་མ་འདབ་མ་བརྒྱད་ལ་སྤྲུལ་བའི་ཁྲོ་བོ་ཤུགས་ཅན་དང ། འཇིགས་སུ་རུང་བ་དང ། རྡོ་རྗེ་གྲགས་པ་དང ། རྡོ་རྗེ་སྒྱུ་འཕྲུལ་དང ། རྡོ་རྗེ་གསུས་པོ་ཆེ་དང ། རྡོ་རྗེ་གད་མོ་དང ། གད་རྒྱངས་ཅན་དང ། འདི་རྣམས་གོ་རིམས་བཞིན་བྲི། སྒོ་བཞི་བཞན་དང་འཐུན། 104.134a དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། ་རྣམ་པར་རྒྱལ་བ་དབུས་སུ་བྲི། པད་མ་འདབ་མ་བཞི་ལ། ཤར་དུ་རྡོ་རྗེ་གྲགས་ཆེན། ལྷོར་ཁྲོ་བོ་གད་མོ་ཅན། ནུབ་དུ་ཁྲོ་བོ་ཧེ་ཧེ། གྲགས་ཆེན་དང ། བྱང་དུ་རྡོ་རྗེ་བགེགས་གནོན་པའི་རྒྱལ་པོ་བྲི། དེ་ཡི་ཕྱི་རིམ་སྒོ་རྣམས་བྲི། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། དབུས་སུ་གཤིན་རྗེ་གཤེད་པོ་བྲི། ཕྱི་རིམ་པད་མ་འདབ་བརྒྱད་ལ། འཕྲ་མེན་མ་སིང་ཧ་ལ་སོགས་པ་བརྒྱད་བྲི། སྒོ་བཞི་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། ཁྲོ་བོ་མི་གཡོ་མགོན་པོ་དབུས་སུ་བྲི། དེའི་ཕྱི་རིམ་འཁོར་ལོ་རྩིབས་བཞི་ལ་ཁྲོ་བོ་འགྱིངས་པ་དང ། ཁྲོ་བོ་གླང་པོ་ཆེ་དང ། ཁྲོ་བོ་ཀོ་བ་རློན་པ་དང ། ཁྲོ་བོ་མིག་མི་བཟང་བ་བཞི་རིམ་པ་བཞིན་དུ་བྲིའོ། །ཕྱིའི་སྒོ་སྣམ་དགོད་དོ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་ཧ་ཡ་གྲི་བ་བྲི། པད་མ་འདབ་མ་བརྒྱད་པ་ལ། ཀེའུ་རིམ་བརྒྱད་བྲི། ཕྱི་རིམ་སྒོ་སྣམ་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་ཊ་ཀི་ར་ཛ་དབུས་སུ་དགོད། ་ཕྱི་རིམ་མཎྜ་ལ་བརྒྱད་བ་ལ་ཁྲོ་བོ་བདེ་བ་དང ། སོའི་ཕྲེང་བ་དང ། དུང་ཆེན་དང ། ཁུ་ཚུར་དང ། གཡབ་མོ་དང ། དགའ་བ་དང ། འདེགས་པ་དང ། ཧཱུཾ་ཆེན་དང་ནི་འདི་རྣམས་བྲི། སྒོ་རྣམས་དགོད། དཀྱིལ་འཁྲོར་འདོམ་གང་གྲུ་བཞི་ལ་དབུས་སུ་བདུད་རྩི་འཁྱིལ་པ། འཁོར་ལོ་རྩིབས་བཞི་ལ། ཤར་དུ་རྡོ་རྗེ་སྤུ་ཅན་དང ། ཟངས་ཀྱི་གཤོག་པ་ཅན་དང ། ལྕགས་ཀྱི་མཆེ་བ་ཅན་དང ། སྤུ་གྲི་སོ་ཅན་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། ཁམས་གསུམ་རྣམ་པར་རྒྱལ་བ་དབུས་སུ་དགོད། དེའི་ཕྱི་རིམ་པད་མ་འདབ་མ་བཞི་ལ་སྟག་གི་མགོ་ཅན་དང ། གཡག་གི་མགོ་ཅན་དང ། ཤ་བའི་མགོ་ཅན་དང ། བྱི་ལའི་མགོ་ཅན་རྣམས་སོ། །སྒོ་བཞི་རིམས་བཞིན་དུ་དགོད་དོ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་ཁྲོ་བོ་ཧཱུཾ་ཀ་ར་དབུས་སུ་དགོད་དོ། །འཁོར་ལོ་རྩིབས་བཞི་ལ་སྤྱང་ཁུའི་མགོ་ཅན་དང ། ཝའི་མགོ་ཅན་དང ། དོམ་གྱི་མགོ་ཅན་དང ། དྲེད་མགོ་ཅན་རྣམས་དགོད་དོ། །སྒོ་བཞི་དགོད། དཀྱིལ་འཁོམ་འདོམ་གང་གྲུ་བཞི་ལ་སྟོབས་པོ་ཆེ་དབུས་སུ་དགོད། འཁོར་ལོ་རྩིབས་བཞི་ལ། ཤར་དུ་རྡོ་རྗེ་གདེངས་མོ། ལྷོར་ནི་རྡོ་རྗེ་སྡེར་མོ། ནུབ་ཏུ་དུར་ཁྲོད་བདག་མོ། བྱང་དུ་རྡོ་རྗེ་གཏུན་ཁུང་རྣམས་རིམ་བཞིན་དུ་དགོད་དོ། །དེ་ནས 104.134b བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཁྲོ་བོ་དེ་རྣམས་ཀྱི་ལས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དབུས་ཀྱི་ཁྲག་འཐུང་ཆེན་པོ་ནི། །དབུ་དགུ་ཕྱག་ནི་བཅཝ་བརྒྱད་སྟེ། །གཤོག་པ་རྡོ་རྗེ་གཏམས་པ་གདེངས། །ཞབས་ཀྱང་རྣམ་པ་བརྒྱད་དུ་བསྟན། །དེ་ཡི་འཁོར་གྱི་ཁྲོ་མོ་ནི། །ཕྱག་ཀྱང་སྲིན་མོ་ལྟར་འཐུན་ཏེ། །ཞབས་ཀྱང་དེ་དང་འདྲ་བར་བསྟན། །ཤར་གྱི་ཕྱོགས་ན་བཞུགས་པ་ནི། །ཁྲོ་བོ་རྣམ་པར་རྒྱལ་བ་སྟེ། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །ཞབས་དྲུག་རྡོ་རྗེ་བྲག་སྟེངས་ན། །དྲི་ཟ་བསྣོལ་བའི་ཁྲི་ལ་བཞུགས། །འཇིག་རྟེན་སྐྱོང་བ་འདུལ་ཚུལ་ལོ། །ཤར་ལྷོ་མཚམས་ན་བཞུགས་པ་ནི། །ཁྲོ་བོ་དབྱུག་པ་སྔོན་པོ་ཅན། །སྐུ་མདོག་སྔོ་ལ་འོད་ཟེར་འཕྲོ། །དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །ཞབས་དྲུག་རྡོ་རྗེ་བྲག་སྟེངས་ན། །མེ་ལྷ་བསྣོལ་བའི་ཁྲི་ལ་བཞུགས། །འཇིག་རྟེན་སྐྱོང་བ་འདུལ་ཚུལ་ལོ། །ལྷོ་ཡི་ཕྱོགས་ན་བཞུགས་པ་ནི། །ཡ་མན་ཏ་ཀ་གཤིན་རྗེ་གཤེད། །སྐུ་མདོག་སྔོ་ལ་འོད་ཟེར་འཕྲོ། །དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །ཞབས་དྲུག་རྡོ་རྗེ་བྲག་སྟེངས་ན། །མ་ཧེ་བསྣོལ་བའི་ཁྲི་ལ་བཞུགས། །འཇིག་རྟེན་སྐྱོང་བ་འདུལ་ཚུལ་ལོ། །ལྷོ་ནུབ་མཚམས་ན་བཞུགས་པ་ནི། །ཁྲོ་བོ་མི་གཡོ་མགོན་པོ་ནི། །སྐུ་མདོག་སྔོ་ལ་འོད་ཟེར་འཕྲོ། །དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །ཞབས་དྲུག་རྡོ་རྗེ་བྲག་སྟེངས་ན། །བདེན་བྲལ་བསྣོལ་བའི་ཁྲི་ལ་བཞུགས། །འཇིག་རྟེན་སྐྱོང་བ་འདུལ་ཚུལ་ལོ། །ནུབ་ཀྱི་ཕྱོགས་ན་བཞུགས་པ་ནི། །ཧ་ཡ་གྲི་བ་རྟ་མཆོག་དབང ། །སྐུ་མདོག་དམར་ལ་འོད་ཟེར་འཕྲོ། །དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །ཞབས་དྲུག་རྡོ་རྗེ་བྲག་སྟེངས་ན། །ཀླུ་བདག་བསྣོལ་བའི་ཁྲི་ལ་བཞུགས། །འཇིག་རྟེན་སྐྱོང་བ་འདུལ་ཚུལ་ལོ། །ནུབ་བྱང་མཚམས་ན་བཞུགས་པ་ནི། །ཁྲོ་བོ་ཊ་ཀི་ར་ཛ་སྟེ། །སྐུ་མདོག་དུད་ཀ་འོད་ཟེར་འཕྲོ། །དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །ཞབས་དྲུག་རྡོ་རྗེ་བྲག་སྟེངས་ན། །རླུང་ལྷ་བསྣོལ་མའི་ཁྲི་ལ་བཞུགས། །འཇིག་རྟེན་སྐྱོང་བ་འདུལ་ཚུལ་ལོ། །བྱང་གི་ཕྱོགས་ན་བཞུགས་པ་ནི། །ཁྲོ་བོ་བདུད་རྩི་འཁྱིལ་བ་སྟེ། །སྐུ་མདོག་ལྗང་གུ་འོད་ཟེར་འཕྲོ། ། 104.135a དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །ཞབས་དྲུག་རྡོ་རྗེ་བྲག་སྟེངས་ན། །གནོད་སྦྱིན་བསྣོལ་བའི་ཁྲི་ལ་བཞུགས། །འཇིག་རྟེན་སྐྱོང་བ་འདུལ་ཚུལ་ལོ། །བྱང་ཤར་མཚམས་ན་བཞུགས་པ་ནི། །ཁྲོ་བོ་ཁམས་གསུམ་རྣམ་པར་རྒྱལ། །སྐུ་མདོག་ལྗང་སྐྱ་འོད་ཟེར་འཕྲོ། །དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །ཞབས་དྲུག་རྡོ་རྗེ་བྲག་སྟེངས་ན། །བི་ན་ཡ་ཀའི་ཁྲི་ལ་བཞུགས། །འཇིག་རྟེན་སྐྱོང་བ་འདུལ་ཚུལ་ལོ། །སྟེང་གི་ཕྱོགས་ན་བཞུགས་པ་ནི། །ཁྲོ་བོ་ཧཱུཾ་མཛད་ཧཱུཾ་ཀ་ར། །སྐུ་མདོག་དཀར་ལ་འོད་ཟེར་འཕྲོ། །དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །ཞབས་དྲུག་རྡོ་རྗེ་བྲག་སྟེངས་ན། །ཉི་ཟླ་གཟའ་སྐར་ཁྲི་ལ་བཞུགས། །འཇིག་རྟེན་སྐྱོང་བ་འདུལ་ཚུལ་ལོ། །འོག་གི་ཕྱོགས་ན་བཞུགས་པ་ནི། །མ་ཧཱ་བ་ལ་སྟོབས་པོ་ཆེ། །སྐུ་མདོག་གནག་ལ་འོད་ཟེར་འཕྲོ། །དབུ་གསུམ་ཕྱག་དྲུག་གཤོག་པ་ཅན། །ཞབས་དྲུག་རྡོ་རྗེ་བྲག་སྟེངས་ན། །ས་བདག་བསྣོལ་མའི་ཁྲི་ལ་བཞུགས། །འཇིག་རྟེན་སྐྱོང་བ་འདུལ་ཚུལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱི་ཁྲོ་བོ་ཡ་མཱན་ཏ་ཀའི་ཏིང་ངེ་འཛིན་དུ་བཞུགས་ནས་འདི་སྐད་ཅེས་བསྐུལ་ལོ། །བདུད་རུ་ཏྲ་ནག་པོ་འདུལ་བར་མཛད་དོ། །ཧཱུཾ་གཏུམ་ཆེན་རབ་འབྱམ་འཇིག་རྟེན་འཇོམས་མཛད་ལ། །ཉི་མ་འབུམ་པས་ལྷག་པའི་འོད་ལྡན་ཁྱོད། །ཕྱག་ཆ་མང་པོ་བསྐལ་པའི་མེ་བཞིན་འབར། །རབ་འབར་གཤིན་རྗེ་གཤེད་ལ་ཕྱག་འཚལ་ལོ། །རྡོ་རྗེ་སྐུ་ལ་ཀླུ་དབང་རབ་བརྒྱན་ཅིང ། །གཅན་ཟན་གདུག་པའི་ལྤགས་རློན་སྐུ་ལ་བརྒྱན། །བརྐྱང་བསྐུམ་ཚུལ་གྱིས་རབ་འཇིགས་གཤིན་རྗེ་གནོན། །ཞིང་ཆེན་ཁྲག་འཛག་ཐོད་རློན་སྐུ་ལ་བརྒྱན། །མི་ཟད་རྒྱལ་པོ་གདོང་དྲུག་ཧཱུཾ་སྒྲ་ཅན། །ཕཊ་ཀྱིས་ཁམས་གསུམ་སྔགས་མཛད་ཞབས་དྲུག་པོ། །ཤ་ཟའི་མགོ་གཅོད་དབུ་ཡི་རྒྱན་དུ་ཐོགས། །སྤྱན་བཟློག་ཙམ་གྱིས་ཐོག་འབེབས་མེ་ལྟར་འཕྲོ། །ལྗགས་འདྲིལ་ཚེམས་ཀྱི་གསེབ་ནས་ཐོག་འབེབས་ཤིང ། །མ་མོ་རྣམས་ཀྱང་སྒྲེན་མོར་འདར་ཞིང་འབྲོས། །སྟོང་གསུམ་མིད་པར་མཛད་པའི་ཞལ་གདངས་ལ། །ཚངས་པའི་འཁོར་བཅས་ཁྲག་གི་ཐིགས་འཛག་ཅིང ། །ནད་སྟོང་སྲིན་མོའི་ཚོགས་རྣམས་འདར་ཞིང་འབྲོས། །རྐན་སྒྲ་གཏོགས་པ་ལྷ་ཆེན་ཁྱབ་འཇུག་ཀྱང ། །འབུབ་འགྱེལ་བཅས་པར་ཁྲག་སྐྱུག་ཉིད་ལ་འདུད། ། 104.135b ཕྱག་ན་མི་ཐོད་རློན་པ་བསྣམས་པ་ནི། །དངོས་གྲུབ་ཕྱག་གིས་གླད་ཁྲག་ཞལ་དུ་སྟོབ། །ཚངས་པའི་མགོ་གཅད་དབུ་ཡི་རྒྱན་དུ་བྱས། །ཞིང་ཆེན་མགོ་ནས་ཆེམ་ཆེམ་ཟ་བར་བྱེད། །རྒྱུ་ཕྲེང་ཁྲག་དང་བཅས་པར་ཐོགས་ནས་ནི། །ཁྱོད་མཐོང་ཙམ་གྱིས་རབ་འཇིགས་ཉིད་ལ་འདུད། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང ། སྤྲུལ་པའི་ཁྱེའུ་བཟངས་དབུ་གསུམ་ཕྱག་དྲུག་པ་བརྒྱ་རྩ་བརྒྱད་བྱུང་ནས་བཅོམ་ལྡན་འདས་ལ་འཛུམ་པའི་མདངས་ཀྱིས་མེ་ཏོག་གཏོར་བཀའ་ནོད་པའི་ཚུལ་དུ་གོང་དེ་བཞུགས་པ་དེ་ལ། བཅོམ་ལྡན་འདས་རྡོ་རྗེ་སེམས་དཔས་འདི་སྐད་ཅེས་བཀའ་སྩལ་ཏོ། །དགུང་ལ་ཐོག་ཐོག་མི་བཟད་པ། །ཁྱིའུ་ཆུང་སྔོན་མོ་མཁའ་ལ་ལྡིང ། །ཡ་མཱན་ཏ་ཀ་ཁྲོ་བོ་སྟེ། །སྐུ་ཡང་ཚེ་ལ་བམ་ལྡ་རི་བཟང ། །སྐུ་མདོག་སྟངས་ཟིལ་བཅག་པ་འདྲ། །ཕྱག་གཉིས་དང་པོ་ཁ་ཊྭཱཾ་ག་།བར་ན་རྡོ་རྗེ་དྲིལ་བུ་བསྣམས། །ཐ་མ་མདའ་དང་གཞུ་བསྣམས་ཏེ། །འཁོར་ནི་འཕྲ་མེན་བརྒྱད་ཀྱིས་བསྐོར། །ང་ཉིད་ཡིན་ཏེ་སྐལ་པ་བཟང ། །སྐལ་བཟང་ང་ཡི་དམ་ཚིག་གིས། །དོག་ལ་ཆེམ་ཆེམ་མི་བཟད་པ། །བསྒྲགས་པ་རལ་པ་གཅིག་མ་ཡིན། །དམ་ཚིག་དུས་ལས་མ་འདའ་ཞིག་ཅེས་སྒོའོ། །ཅི་བཀའ་སྩལ་པ་བཞིན་དུ། །ལས་ཐམས་ཅད་ཀྱང་གྲུབ་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོས་མ་དང་འཕྲ་མེན་མའི་ཏིང་ངེ་འཛིན་དུ་ཞུགས་ནས་འདི་སྐད་ཅེས་བཀའ་སྩལ་ཏོ། །ལས་བཅོལ་བར་མཛད་དོ། །ཀྲོ་དྷི་ཤཝ་རི་དཔལ་འབར་མ། །ཁམས་གསུམ་སྲིད་ལ་མངའ་མཛད་མ། །ལས་སུ་གསོད་ལ་དགའ་བ་མོ། །ཤན་པ་སྤུ་གྲི་རྣོན་པོ་སོ། །རོ་ལ་རྔམ་པའི་ཁ་ཊྭཱཾ་ག་།འབྱུང་པོ་ཙིཏྟ་མཆོག་ལ་རོལ། །མཐིང་ག་མཆོག་སྟོན་དཔལ་གྱི་ཡུམ། །རྡོ་རྗེ་ཐུགས་ཀྱི་དབང་ཕྱུག་མ། །ཀིའུ་རི་མ་ཡི་མཆོད་པས་རོལ། །གསེར་གྱིས་འོད་འཕྲོ་མདའ་གཞུ་འགེངས། །རིན་ཆེན་སྐུ་ཡི་དབང་ཕྱུག་མ། །ཙེའུ་རི་མ་ཡི་མཆོད་པས་རོལ། །ཕྲ་མོ་ཆུ་སྲིན་རྒྱལ་མཚན་འཛིན། །པད་མའི་གསུང་གི་དབང་ཕྱུག་མ། །པྲ་མོ་ཧ་ཡི་མཆོད་པས་རོལ། །ནག་མོ་རལ་པ་ཐོད་པས་འགེངས། །ཀརྨ་ལས་ཀྱི་དབང་ཕྱུག་མ། །པོ་ཏ་ལི་ཡི་མཆོད་པས་རོལ། །གཏུམ་མོ་ཞེ་སྡང་སྤུ་གྲི་སོ། །ཞེ་སྡང་འཇོམས་པའི་དབང་ཕྱུག་མ། །གྷསྨ 104.136a རི་ཡི་མཆོད་པས་རོལ། །པད་མ་འཇོམས་པའི་ཆར་ཆེན་འབེབས། །འདོད་ཆགས་འཇོམས་པའི་དབང་ཕྱུག་མ། །པུཀྐ་སི་ཡི་མཆོད་པས་རོལ། །རིན་ཆེན་མེ་ལྕེ་གློག་ཕྲེང་འཛིན། །གཏི་མུག་འཇོམས་པའི་དབང་ཕྱུག་མ། །སྨ་ཤ་ན་ཡི་མཆོད་པས་རོལ། །ལས་སུ་དགྲ་སྟ་འབར་བ་འཛིན། །ང་རྒྱལ་འཇོམས་པའི་དབང་ཕྱུག་མ། །ཙན་དྷ་ལི་ཡི་མཆོད་པས་རོལ། །སིད་ད་གསོད་བྱེད་སེང་གེ་མགོ་།རོ་མཆོག་ཟ་བའི་འཕྲ་མེན་མ། །བྱཱ་གྷྲི་མགོ་གཅོད་སྟག་གི་མགོ་།ཐོད་རློན་ཟ་བའི་འཕྲ་མེན་མ། །སྲི་ཀ་དུར་རྐུན་ཝ་ཡི་མགོ་།དུར་སྲི་མ་ཡི་འཕྲ་མེན་མ། །ཤཝ་ན་ཤ་འདྲད་སྤྱང་མོ་མགོ་།ཤ་ཆེན་ཟ་བའི་འཕྲ་མེན་མ། །གྲྀཊྷ་ཁྲག་འཐུང་བྱ་རྒོད་མགོ་།ཁྲག་ཚིལ་ཟ་བའི་འཕྲ་མེན་མ། །ཀང་ཀ་མུ་ཀ་དུར་བྱའི་མགོ་།དུག་གསུམ་འཇོམས་པའི་ཕྲ་མེན་མ། །ཁཝ་ཁ་རྒྱུ་འདྲེན་ཕོ་རོག་མགོ་།དགྲ་བགེགས་འདུལ་བའི་འཕྲ་མེན་མ། །ཧུ་ལུ་ཚེ་འཕྲོག་འུག་པའི་མགོ་།གློ་སྙིང་ཟ་བའི་འཕྲ་མེན་མ། །སྟག་གཡག་ཤ་བ་སེང་གེའི་མགོ་།བྱི་ལ་སྦྱང་ཁུ་ཝ་ཡི་མགོ་།དོམ་དྲེད་ཕག་གི་མགོ་ཅན་རྣམས། །ཐུགས་དམ་བཞིན་དུ་ལས་བྱོས་ཤིག་།དེ་སྐད་ཅེས་བཀའ་སྩལ་པ་དང ། ཆགས་པ་མེད་པའི་སྦྱོར་བས་སྐུ་ལ་འཁྲིལ་ཅིང ། །ལས་མཐར་ཕྱིན་པར་མཛད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་སྒོ་བ་རྣམས་ལ་བཀའ་སྩལ་པ། ཛཿ ཛཿ ལྕགས་ཀྱུ་གློ་སྙིང་འདྲེན། ། མོ་སྔོན་མོ་ཐོད་སྤྲུལ་ཞགས། ། ལི་དམར་མོ་ལྕགས་སྒྲོག་སྡོམ། །བས་ནི་ལྗང་གུ་དྲིལ་འཁྲོལ་དགྱེས། །བཀའ་སྩལ་པ་བཞིན་དུ་ཉན་པར་མཛད་དོ། །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་རོལ་པ་ལས་ཡེ་ཤེས་ཀྱི་ཁྲོ་བོ་དཀྱིལ་འཁོར་གྱི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ལྷ་མོ་སྦྱོར་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ ། །རྣལ་འབྱོར་མའི་དཀྱིལ་འཁོར་འདི་ཕྱུང་ངོ ། །གྲུ་བཞི་པ་ལ་སྒོ་བཞི་པ། །རྟ་བབས་རྣམ་པ་བཞིས་ནི་བརྒྱན། །དར་དང་དྲིལ་བུ་ཆུན་པོ་དང ། །ཉི་མ་ཟླ་བས་རྣམ་པར་བརྒྱན། །རིན་ཆེན་མུ་ཏིག་འབྲས་བུས་སྤྲས། །དོ་ཤལ་རྐང་གདུབ་རྣམས་ཀྱིས་བརྒྱན། །སྣ་ཚོགས་གཟུགས་ནི་རྣམ་བྲེས་པ། །སྣ་ཚོགས་ཕྲེང་བ་གོས་ཀྱིས་བརྒྱན། །སྲས་བུ་བཞི་དང་ལྡན་པ་སྟེ། །ཀ་བ 104.136b མཆོག་བརྒྱད་ཡང་དག་ལྡན། །དབུས་སུ་དགའ་བྱེད་སྟན་ལ་ནི། །དངུལ་ལ་སོགས་པས་རྣམ་པར་བརྒྱན། །སྣ་ཚོགས་པད་མའི་དར་གྱིས་གཡོགས། །ཐམས་ཅད་སྟན་ལ་དེ་དག་ཅེས། །དབུས་སུ་རྡོ་རྗེ་སེམས་དཔའ་ནི། །སྟན་དེ་ལ་ནི་བཞག་པར་བྱ། །ཚད་མེད་པད་མོ་དམར་འདྲ་བ། །སྣ་ཚོགས་རྒྱན་གྱིས་རྣམ་པར་ཀླུབས། །ཡིད་བཞིན་ནོར་བུ་དབུ་རྒྱན་ལྡན། །རིན་ཆེན་གཙུག་ནི་རྣམ་པར་མཛེས། །ཚད་མེད་དང་ནི་སྦྱང་བ་ཡི། །དབུ་ལ་ཆུན་པོས་མཛེས་པར་བྱས། །སྣ་ཚོགས་ཡེ་ཤེས་རབ་ཏུ་གནས། །ཆུ་སྐྱེས་སྤྱན་ནི་རབ་ཏུ་རྒྱས། ་དགའ་བྱེད་ཡིད་ཙམ་གཡོན་དུ་འདུད། །གཡས་ཀྱི་ཕྱག་གིས་རྡོ་རྗེ་ཆེ། །སྙིང་ཀར་གསོར་ལ་རབ་ཏུ་བརྩོན། །བདེ་ལ་སོགས་པ་ཡོན་ཏན་ལྡན། །ཐོག་མ་ཉིད་དུ་རྣམ་པར་བཞག་།སློབ་མ་འམ་ཡང་ན་གཞན་ཡང་རུང ། །མཚན་ཀུན་གྱིས་ནི་རྣམ་བརྒྱན་ལ། །ཚུལ་བཞིན་བྱིན་གྱིས་བརླབས་བྱ་སྟེ། །དབུས་ཀྱི་དཀྱིལ་དུ་བཞག་པར་བྱ། །བདག་ཉིད་ཀྱང་ནི་མཉམ་བཞག་སྟེ། །དེ་ལ་སོགས་པ་ཡོན་ཏན་གཙོ། །དབུས་གྱི་སྟན་ལ་འདུག་པ་ནི། །བདག་ནི་རབ་དགྱེས་རྗེས་སུ་སྨྲ། །དེར་ནི་སློབ་མ་བྱིན་བརླབས་ཏེ། །ཐམས་ཅད་ལས་བྱེད་ཕུན་སུམ་ཚོགས། །རྡོ་རྗེ་པད་མ་ལས་བྱུང་བའི། །གསང་བ་ཡིས་ཀྱང་དབང་བསྐུར་རོ། །རབ་དགྱེས་ལ་སོགས་ཡོན་ཏན་ལྡན། །ཡིད་འོང་བུ་མོ་བཙལ་བྱ་སྟེ། །སྙིང་ག་མཚོགས་མ་མགྲིན་སྤྱི་བོར། །ལྷ་རྣམས་ལ་སོགས་འབྲུ་བསྒོམས་ཏེ། །མཚན་མ་ཕྱག་རྒྱར་རབ་འབར་བའི། །རྡོ་རྗེ་པད་མ་མཉམ་སྦྱོར་བའི། །རང་ལ་འཁྱུད་པའི་ཕྱག་རྒྱ་ཡིས། །ཚུལ་བཞིན་ཐམས་ཅད་བཞག་པར་བྱ། །མདུན་དུ་ལྷ་མོ་མྱོས་བྱེད་མ། །མ་མཆུ་འཛིན་པའི་རོ་ལ་དགྱེས། །དཀར་དམར་ཁ་དོག་འདྲེས་པ་ཡིས། །ཐམས་ཅད་རྒྱན་དང་ཡང་དག་ལྡན། །ལོ་ནི་བཅུ་དྲུག་ལོན་པ་མཆོག་།ཤེས་རབ་ཅན་གྱིས་མདུན་དུ་བཞགས། །གཡས་སུ་ལྷ་མོ་གསོད་བྱེད་མ། །མཚོན་ཆའི་མདའ་ནི་འདྲེན་པར་བརྩོན། །དོ་ཤལ་རྐང་གདུབ་དག་གིས་བརྒྱན། །ལོ་གྲངས་ཉི་ཤུ་ལོན་པ་སྟེ། །གསེར་གྱི་རི་བོ་ཞུ་བ་འདྲ། །ཆུ་སྐྱེས་སྤྱན་ནི་ཡིད་ཙམ་སྔོ། །སེམས་དཔའ་ཆེ་ལ་མཉེས་མཛད་ཅིང ། །དེ་ཡི་ཚུལ་བཞིན་བཞག་པར་བྱ། །རྒྱབ་ཏུ་ལྷ་མོ་རྨོངས 104.137a བྱེད་མ། །པད་མ་དམར་པོ་མདོག་གི་འོད། །ཆུ་སྲིན་རྒྱལ་མཚན་མཛེས་པའོ། །སྐུ་ཡི་ཚད་ནི་ཉི་ཤུ་གཅིག་།དགའ་བྱེད་འདོད་པའི་རོ་ལ་དགྱེས། །སྣ་ཚོགས་ན་བཟའ་ཡང་དག་གསོལ། །སྣ་ཚོགས་རྒྱན་གྱིས་རྣམ་པར་གླུབས། །སྣ་ཚོགས་པད་མོ་སྦྱོར་ལ་སོགས། །གར་གྱི་བྱ་བ་རབ་རླག་བཞག་།གཡོན་དུ་སྣ་ཚོགས་ཆེན་མོ་སྟེ། །སྣ་ཚོགས་དགོས་པ་རྗེས་བརླབས་པ། །སྐུ་ཡི་ཚད་ནི་བཅུ་གཉིས་ལྡན། །རྣལ་འབྱོར་ལ་ནི་ཤིན་དུ་བརྩོན། །ལྷ་དང་ལྷ་མིན་མི་ཡི་རྣམས། །འགྲོ་བ་ཐམས་ཅད་མྱོས་མཛད་མ། །སྣ་ཚོགས་རྒྱན་གྱིས་རྣམ་པར་ཀླུབས། །སྣ་ཚོགས་དར་ནི་ན་བཟའ་གསོལ། །གྲཝ་རྣམས་དག་ནི་ཐམས་ཅད་དུ། །གཟུགས་སྒྲ་དྲི་རོ་རེག་རྣམས་དང ། །བདུག་པ་མེ་ཏོག་བསུང་ལྡང་བ། །གཟི་བརྗིད་ཆེན་པོའི་འོད་དང་ལྡན། །ཅི་རིགས་པར་ནི་བཞག་པར་བྱ། །སྒོ་ཡི་ཕྱོགས་རྣམས་ཐམས་ཅད་དུ། །རང་གི་ལས་ཀྱི་ཕྱག་རྒྱར་ལྡན། །སྐལ་ལྡན་འགའ་ལ་རྣམས་མོས་པ། །སྒོ་སྲུངས་བཞི་ནི་བཞག་པར་བྱ། །གཞན་ཡང་རྣམ་པ་སྣ་ཚོགས་རྣམས། །པི་ཝང་གླིང་བུ་བརྡབ་པ་དང ། །རྫ་རྔ་རྔ་ཆེན་ཀུ་མུ་ཏེ། །མུ་ར་ཙ་དང་དར་རྔ་དང ། །གར་དང་དབྱངས་དང་བཞད་པ་ཆེ། །རོལ་མོ་ཡོ་བྱད་སྣ་ཚོགས་རྣམས། །དགའ་བྱེད་དཀྱིལ་འཁོར་བཞག་པར་བྱ། །ཕྱི་ཡི་དཀྱིལ་འཁོར་བཞག་པར་བྱ། །ཕྱི་ཡི་དཀྱིལ་འཁོར་ཐམས་ཅད་དོ། །དཀྱིལ་འཁོར་གྱི་ནི་ཕྱི་རོལ་དུ། །རྡོ་རྗེ་ནམ་མཁར་འགྲོ་མ་བཞག་།ཡི་དགས་ཕྱག་རྒྱ་ཡང་དག་ཞོན། །དཔའ་བོ་འཇིགས་བྱེད་གཟུགས་འཛིན་ཏེ། །སྐལ་ལྡན་རང་གི་ལག་ཆར་ལྡན། །གདུག་པའི་སེམས་ཀྱིས་བསྡིགས་བྱེད་ཅིང ། །ཤ་ཁྲག་དང་ནི་རྒྱུ་མ་དང ། །རྐང་དང་ཚིལ་བུ་ཟ་སྤྱོད་པ། །དཀྱིལ་འཁོར་བྱས་ཏེ་བདུག་པ་ནི། །ཚོགས་ཀྱི་དཀྱིལ་འཁོར་བཞག་པར་བྱ། །དགའ་བར་བྱེད་དང་འདྲེན་པར་བྱེད། །གསོད་པར་བྱེད་དང་འཕྲོག་པར་བྱེད། །རྡོ་རྗེ་མཁའ་འགྲོ་ཚོགས་ཀྱི་རྣམས། །ཤར་གྱི་ཕྱོགས་སུ་བཞག་པར་བྱ། །གཟི་བརྗིད་ཆེ་དང་འབར་བྱེད་མ། །འཇོམས་བྱེད་བོང་བུ་ལྷོ་རུ་སྟེ། །གཙུག་ལག་མཐོང་བའི་རྒྱུ་ཡིས་ནི། །མཁས་པས་ཚུལ་བཞིན་བཞག་པར་བྱ། །ཆགས་ཆེན་པོ་དང་ཆགས་བྲལ་དང ། །འཁོར་ལོ་མ་དང་རྒྱས་འདེབས་མ། །རབ་དུ་འབྱོར་པས་འབྱོར་བྱས་ཏེ། །ཅི་རིགས་ནུབ་ཏུ 104.137b གཞག་པར་བྱ། །སྣ་ཚོགས་ལུས་དང་སྲུང་བ་དང ། །གནོད་སྦྱིན་མོ་དང་ཡང་དག་འཕྲོག་།སྔགས་དང་ཕྱག་རྒྱ་བྱིན་བརླབས་ནས། །སྔགས་མཁན་ཅི་རིགས་བྱང་དུ་བཞག་།ཤར་གྱི་གྲཝ་རུ་བཞག་པ་ནི། །བྱ་རོག་གདོང་ནི་མིག་འབྲུ་སྟེ། །འཇིགས་པའི་མིག་དང་འཇིག་པའི་གདོང ། །ཅི་ལྟར་རྗེས་སུ་འཐུན་བྱས་ཏེ། །ཡིད་དགས་སྟན་ལ་ཡང་དག་འདུག་།སྣ་ཚོགས་མཆོག་གི་གདོང་འཛིན་ཏེ། །ལག་པར་གྲི་དང་ཁར་གཞོང་ཐོགས། །མཆོག་ཏུ་ཤ་དང་ཁྲག་ཟ་བའོ། །ནུབ་དང་ལྷོ་ཡི་མཚམས་བཞག་པ། །བཞད་དང་འུག་པའི་གདོང་རིང་མ། །ཁྲོས་པའི་ཁྲ་དང་ཕག་གི་གདོང ། །གསུས་པ་ཆེ་ལ་ལྟོ་འཕྱངས་རྣམས། །ནུབ་དང་བྱང་གི་མཚམས་དག་ཏུ། །རྔ་མོ་བོང་བུ་གདོང་འཛིན་མ། །ཁྲོས་པ་ར་དང་ཁྱི་ཡི་གདོང ། །རྒྱུ་མའི་མགོ་ནས་ཤ་བར་བྱེད། །ཤར་དང་བྱང་གི་མཚམས་དག་ཏུ། །ཀེང་རུས་དཀར་པོ་འཛིན་པ་སྟེ། །ཁྲོས་པ་རུས་པའི་ཕྲེང་བས་ཀླུབས། །ལྟོ་འཕྱངས་པོ་ལ་བུམ་པ་འཛིན། །ཕན་ཚུན་འཐབ་པར་བརྩོན་པ་ཡི། །ལྕེ་སྤྱང་གི་ནི་འཁོར་གྱི་རྣམས། །འཇིགས་བྱེད་གདོང་ནི་མཆེ་བ་འཛིན། །རྣམ་པར་བསྒྱུར་བའི་གཟུགས་འཛིན་མ། །སྒོ་རྣམས་ཀྱི་ནི་ཕྱོགས་རྣམས་ཀུན། །སྒོ་བཞི་རྣམས་ནི་བཞག་པར་བྱ། །བྱང་གི་ཕྱོགས་སུ་འབོད་འགྲོགས་ཏེ། །བུམ་པ་རྣམས་ནི་ཤར་ཉིད་དུ། །ནུབ་ཏུ་རྣམ་པར་འཇིགས་པ་འོ། །ལྷོ་རུ་གཤིན་རྗེ་རྒྱལ་པོ་བཞག་།དེ་དང་གཞན་ཡང་རྒྱལ་པོ་མཆོག་།ནམ་མཁར་འགྲོ་བས་ཀུན་དུ་བསྐོར། །དེ་ནས་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ་རྡོ་རྗེ་སེམས་དཔའ་ཡུམ་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །དགྱེས་ཤིང་སྤྱན་ནི་རྒྱས་པ་ཡིས། །བཞེངས་ནས་དགྱེས་པ་ཆེན་པོ་ཡི། །བརྗིད་པའི་ཕྱག་གིས་གར་མཛད་ཅིང ། །ཐལ་མོ་སྦྱོར་ནས་གཙུག་ཉིད་དུ། །བཞག་པ་ཡིས་ནི་འདུད་པར་བྱེད། །བསྐུལ་བ་ཡིས་ནི་དབྱངས་འདི་ཡིས། །དེ་དག་གཙོ་ལ་མཉེས་པར་བྱེད། །ཀྱེ་མ་ཆོས་ནི་ངོ་མཚར་ཆེ། །ཀྱེ་མ་སྤྱོད་པ་ངོ་མཚར་ཆེ། །ཀྱེ་མ་སྦས་པ་ངོ་མཚར་ཆེ། །ཀྱེ་མ་བདེ་བྱེད་ཡང་དག་འབྱུང ། །ཀྱེ་མ་ཀུན་ཏུ་བཟང་པོ་དོན། །ཀྱེ་མ་རབ་དགྱེས་ཡང་དག་འགྲོགས། །ཀྱེ་མ་བདེ་བ་དགའ་བ་ཆེ། ། 104.138a ཀྱེ་མ་བདེ་བ་བདེ་མཆོག་སྟེ། །ཀྱེ་མ་སྔགས་ཀྱི་ཡང་དག་སྦྱོར། །ཀྱེ་མ་སྙིང་པོ་ཡང་དག་སྦྱོར། །ཀྱེ་མ་ཕྱག་རྒྱ་ཡང་དག་བཞུགས། །ཀྱེ་མ་བསྒྲུབ་པ་རྨད་འབྱུང་བའོ། །ཀྱེ་མ་ཕ་རོལ་ཕྱིན་པ་ཡིས། །ཀྱེ་མ་ཅི་ལྟར་མཐུར་རིགས་པ། །ཀྱེ་མ་དགོས་པ་སྣ་ཚོགས་ཆེ། །ཀྱེ་མ་དག་པ་གསུམ་སྦྱར་བ། །ཀྱེ་མ་རྡོ་རྗེ་མཉམ་སྦྱོར་བའི། །ཀྱེ་མ་པད་མ་རྣམ་ཕྱེ་བ། །ཀྱེ་མ་དབང་པོ་གཉིས་སྦྱོར་བའི། །ཀྱེ་མ་མཆོག་དང་མཉམ་སྦྱོར་བའི། །ཀྱེ་མ་གར་ནི་དགའ་བ་ཆེ། །ཀྱེ་མ་གླུ་རབ་དྲི་མ་མེད། །ཀྱེ་མ་སིལ་སྙན་རྣམ་པར་འཁྲོལ། །ཀྱེ་མ་གདའ་དང་མུན་སེལ་བ། །ཀྱེ་མ་དགའ་བྱེད་མེ་ཏོག་ཕྲེང ། །ཀྱེ་མ་མར་མེ་མུན་པ་སེལ། །ཀྱེ་མ་དྲི་ནི་ཤིན་དུ་བསིལ། །ཀྱེ་མ་རྣལ་འབྱོར་མཉམ་སྦྱོར་བའི། །ཀྱེ་མ་རྒྱུ་མ་ནམ་མཁའ་འདྲ། །ཀྱེ་མ་སངས་རྒྱས་ནམ་མཁའ་འདྲ། །ཀྱེ་མ་རིན་ཆེན་བདེ་མཆོག་སྐྱེད། །ཀྱེ་མ་སྣ་ཚོགས་རྒྱུ་མ་མཛད། །ཀྱེ་མ་ངོ་མཚར་སངས་རྒྱས་དང ། །ཀྱེ་མ་ངོ་མཚར་དབང་པོ་རྣམས། །ཀྱེ་མ་ངོ་མཚར་སེམས་དཔའ་ཆེ། །ཀྱེ་མ་ངོ་མཚར་ལྷ་ཡི་རྣམས། །ཤིན་དུ་དགྱེས་ཆེ་རྡོ་རྗེ་ལ། །རྒྱལ་བ་ཀུན་གྱིས་བསྟོད་བྱས་ཏེ། །རྡོ་རྗེ་སེམས་དཔའ་འགྱིང་པ་ཡིས། །དགའ་དང་བདེ་བྱེད་སྐྱེས་པར་འགྱུར། །ཆུ་སྐྱེས་ཞལ་ནི་འཛུམ་བཅས་པ། །ཡངས་པའི་སྤྱན་གྱིས་གར་མཛད་དེ། །སྤྱན་དང་ཞབས་ནི་བསྒྱུར་བ་ཡིས། །རབ་ཏུ་དགྱེས་ལྡན་སྨིན་མ་བསྒྱུར། །ཡངས་པའི་སྤྱན་གྱིས་གར་མཛད་དེ། །སྤྱན་དང་ཞབས་ནི་བསྒྱུར་བ་ཡིས། །ཡིད་ཙམ་མཛེས་པའི་སྤྱན་ཟུར་གཟིགས། །ཤ་རྒྱས་བརླ་ནི་ནུ་མར་འདུད། །རྐེད་པའི་དབྱེས་ནི་རྣམ་པར་ཡངས། །རྣམས་ཀྱི་གོས་ཀྱང་ཚེ་ལ་མཛེས། །ཆགས་པ་ཅུང་ཟད་ཚེམས་ཀྱི་གནོན། །ཚེམས་ཀྱི་ཕྲེང་བ་ཀུན་ད་ཟླ། །མི་དྲག་ཟློས་པའི་དབུགས་འབྱིན་ཅིང ། །རབ་ཏུ་དགའ་ཆེན་དགྱེས་པས་བསྟོད། །བུད་མེད་གཟུགས་ལྡན་མདངས་བཟང་བ། །ལོ་གྲངས་བཅུ་དྲུག་ལོན་པ་ལ། །བྱིན་གྱིས་བརླབས་ཀྱིས་གནས་གསུམ་གྱིས། །དབེན་པར་མཆོད་པ་རབ་ཏུ་བརྩམ། །དེ་བཞིན་གཤེགས་པའི་བཙུན་མོ་མཆོག་།སྤྱན་ལ་སོགས་པ་བསྒོམ་པར་བྱ། །དབང་པོ་གཉིས་ནི་མཉམ་སྦྱོར་བས། །སངས་རྒྱས་དངོས་གྲུབ་ཐོབ་པར་འགྱུར། །འོད་ཟེར་སྣ་ལྔས་ཁྱབ་པ་ཡིས། ། 104.138b པད་མོ་རྡོ་རྗེ་བསྒོམ་པར་བྱ། །འབར་བཅས་ཟླ་འོད་བཞིན་དུ་སྐར། །ཡིད་དུ་འོང་བ་བསྒོམ་པར་བྱ། །བཞིན་བཟངས་ཕན་པར་འདོད་པ་ཡིས། །བུད་མེད་རྙེད་ན་ཆོ་ག་བཞིན། །བདེ་བར་མཆོད་པར་བརྩམ་པར་བྱ། །ཡེ་ཤེས་སེམས་དཔའི་སྦྱོར་བ་ཡིས། །དབུས་སུ་གཟུགས་ནི་བསྒོམ་པར་བྱ། །སྔགས་ཤེས་པས་ནི་གནས་བཞིན་དུ། །བུད་མེད་རྟག་ཏུ་བཞག་པར་བྱ། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །བུ་མོ་ལོ་གྲངས་བཅུ་གཉིས་པ། །དབེན་པའི་གནས་སུ་ཁྱད་པར་དུ། །སྒྲུབ་པ་པོས་ནི་རྟག་ཏུ་བསྒྲུབ། །མཚན་ཉིད་དག་ནི་ཡོངས་སུ་དག་།རབ་ཏུ་བཟང་ལ་བཞིན་ཡང་མཛེས། །རྒྱན་རྣམས་ཐམས་ཅད་ཡོངས་སུ་རྫོགས། །པང་པར་བཞག་ནས་རྣམ་པར་བསྒོམ། །རྡོ་རྗེ་སེམས་དཔའི་སྦྱོར་བ་ཡིས། །བུ་མོ་ཨུཏྤལ་མཐིང་གའི་མདོག་།འདྲ་བ་དག་ནི་རྟག་ཏུ་བསྒྲུབ། །སྦྱོར་བའི་ཆོ་ག་དེ་ཉིད་ནི། །བྱས་ན་ལས་རྣམས་བརྩམ་པར་བྱ། །བུད་མེད་སེམས་ནི་རབ་བརྟན་པ། །ལོ་གྲངས་བཅུ་གཉིས་ལོན་པ་ལ། །རིགས་ཀྱི་སྦྱོར་བ་རབ་བསྒོམས་ཏེ། །བདག་གི་ཁུ་བས་མཆོད་པར་བྱ། །འདིས་ནི་དེ་བཞིན་གཤེགས་པའི་སྐུ། །ན་ཆུང་གཞོན་ནུ་མིག་བཟངས་བཙལ། །གཟུགས་བཟང་གཞོན་པས་བརྒྱན་པ་ཡི། །ལོ་གྲངས་ཉི་ཤུ་ལྔ་ལོན་པའི། །བཟུང་ནས་བྱོལ་སོང་སྐྱེས་གནས་བརྟག་།བཞིན་བཟངས་ཤིན་ཏུ་མཛེས་པ་ཡི། །ན་ཆུང་མཚན་ལྡན་སྐལ་བ་མཆོག་།མིག་བཟངས་བརྟན་པའི་བློ་ལྡན་པས། །ཁུ་བ་བླངས་ནས་བཟའ་བར་བྱ། །དབེན་ཞིང་རབ་ཏུ་ཉམས་དགའ་བར། །སྦྱོར་བ་མཆོད་པ་ཀུན་བརྩམས་ན། །རྡོ་རྗེ་སྐུ་དང་གསུང་དང་ཐུགས། །ཟླ་བ་ཕྱེད་ཀྱིས་ངེས་པར་གྲུབ། །སྨིན་དཀྱུས་རིང་ཞིང་སྐྲ་ལོ་འཇམ། །ལུས་ལྡེམ་དབྱིབས་སྒུ་བློ་དག་ཅིང ། །བརྟན་པ་ཆགས་ཤིང་བཅོས་སུ་བཏུབ། །ལུས་ཉན་ཅི་ལ་ཐོགས་པ་མེད། །རྐེད་པ་ཕྲ་ལ་རོ་སྨད་ཟླུམ། །སྟོད་ནི་དྲང་ལ་ཤིན་དུ་རྒྱས། །ཚེམས་དཀར་མགུལ་རིང་ཕྱག་སོར་རིང ། །དཀར་ལ་དམར་ཆགས་ནོར་བུའི་མདོག་།གཟུངས་མ་མཚན་ལྡན་སྤྱད་པར་བྱ། །མཉེན་ལྕུག་འཁྲིལ་ལྡེམ་རབ་ཏུ་མཛེས། །ཡིད་འོང་འཛུམ་ཕྲན་སྤྱན་ཟུར་གཟིགས། །ཁུར་ཚོས་དཀར་པོས་གདབ་པར་བྱ། །དཀར 104.139a འཛིན་ཕྱིར་ནི་མཉེ་བྱ་སྟེ། །པད་མའི་ཟེ་བ་ཆེན་པོས་གདབ། །པད་མ་ལན་གསུམ་མཉེས་བྱ་སྟེ། །མཆན་ཁུང་མངོན་སུམ་རྣ་བ་གཉིས། །ཟངས་ཀྱི་མདོག་གིས་བཟུང་བར་བྱ། །དེ་ནས་བཅོམ་ལྡན་འདས་རིགས་ཀྱི་བཙུན་མོ་དང་བཅས་པར་གྱུར་ཏོ། །དེ་ནས་འདི་བརྗོད་པར་མཛད་དོ། །ཞི་བ་ཁ་དོག་དཀར་ལ་འཚེར། །བཏང་སྙོམས་ཀུན་གྱི་སྤྲོ་བསྡུ་ཡིས། །གསུམ་པ་རྫོགས་བར་ལྡན་པ་དང ། །ཕྱག་རྒྱ་ཚོགས་མཆོག་དེ་དག་ལ། །རྒྱལ་མོ་དག་དང་མཉམ་དུ་སྐྱེས། །ཕྱག་རྒྱ་རྡོ་རྗེ་དྲིལ་བུ་འཛིན། །བཅུ་གསུམ་པ་ཡི་ཆ་ལུས་འཛིན། །ཆེ་ཆུང་མེད་པར་གསལ་བར་བསྒོམ། །དབུ་ལ་གཉིས་པའི་ཡི་གེར་ལྡན། །གསལ་བ་ཉིད་ཀྱིས་དུས་དག་ཏུ། །ཅོད་པན་ལྔ་ཡི་རིན་ཆེན་ལས། །རྒྱན་གྱི་རིགས་ནི་གསལ་བ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་གྱི། །མཆོག་ཏུ་གསང་བའི་ཕྱག་རྒྱ་འོ། །མཐིང་ག་འབར་བའི་ཡི་གེ་ཆེ། །རིགས་ཀྱི་རིན་ཆེན་སྤྲོ་བསྡུ་ལས། །ཕྱག་རྒྱ་གསལ་བའི་སྐུར་གསལ་བའི། །རྒྱལ་མོ་དག་དང་མཉམ་དུ་སྐྱེས། །སྒྲིབ་པ་ཀུན་སྤང་སྡིག་བྱེད་སྟོབས། །གཉིས་པ་ཡི་ནི་ཡི་གེ་ལས། །ཐམས་ཅད་བློ་དབྱངས་ཡི་གེ་གཏེར། །མཉམ་པར་འཁྲིལ་བའི་ཚུལ་འཛིན་པ། །རིན་ཆེན་རིགས་ཀྱི་ཕྱག་རྒྱར་གསལ། །ལས་འདི་ཐམས་ཅད་ཀུན་གྱི་མཆོག་།རྒྱལ་པོ་རྣམ་པར་རོལ་བའོ། །པད་མ་རཱ་ག་འདྲ་བའི་མདོག་།ཆོས་སྐུ་ཟླ་ཚེས་རབ་ལྡན་པ། །གསལ་བའི་ཁ་དོག་མཛེས་པ་ན། །ཐམས་ཅད་མ་ལུས་དབང་དུ་མཛད། །སྦྱོར་དང་སྐྱེ་དང་བསྡུ་བ་ཡིས། །ཕྱག་རྒྱ་གསལ་བར་དབང་གིས་བསྐུར། །བཙུན་མོ་དག་དང་མཉམ་དུ་སྐྱེས། །གཉིས་སུ་མེད་པར་འཁྲིལ་བ་ཡིན། །དབུ་རུ་ཡི་གེ་གཉིས་པར་ལྡན། །རིན་ཆེན་རིགས་ཀྱི་སྤྲོ་བསྡུ་ལས། །ཅོད་པན་རིགས་ལྔའི་ཁ་དོག་སྟེ། །ཅི་བཞིན་པ་ཡི་ཏིང་འཛིན་གྱིས། །ཕྱག་རྒྱ་བཞུགས་ཚུལ་པད་མོའི་ཚུལ། །མཉམ་པར་གསལ་བས་དཀྱིལ་འཁོར་ཡིན། །མི་ཕྱེད་པ་ཡི་ཏིང་འཛིན་གྱིས། །རྫོགས་པའི་དཀྱིལ་འཁོར་ཀུན་འདུས་མཆོག་།པད་མ་རིགས་ཀྱི་ཕྱག་རྒྱར་གསལ། །རིགས་ཀུན་གྱིས་ནི་ཕྱག་རྒྱར་གསལ། །མུན་པ་སེལ་བའི་མར་མེ་བཞིན། །གསལ་དག་ཡིད 104.139b གཉིས་མེད་པར་བསྒོམ། །ཆུ་སྐྱེས་འཇམ་པ་འོག་ཏུ་ལྡན། །སྟེང་དང་སྤྲོད་པའི་རོལ་མོ་ཡིས། །དགྱེས་ཤིང་མཉམ་པའི་མཆོད་པ་བཤམ། །འདི་ལྟར་གསལ་བ་དབང་ཡང་རྫོགས། །ཐམས་ཅད་བསྡུ་བ་ཞེས་བྱ་བ། །དེ་བཞིན་དབང་སྟེ་ལས་ཐམས་ཅད། །དུས་གསུམ་པ་ཡི་མཛད་པ་ཆེ། །རིགས་ཀུན་འདུས་པར་བདེ་བར་གཤེགས། །མཉམ་པ་ཅི་བཞིན་ཏིང་འཛིན་ཏེ། །ཡི་གེ་འབྲུ་གཅིག་ཀུན་གྱི་མཆོག་།བཤད་པར་ཁྱད་པར་ལས་ཀུན་རྫོགས། །ཆུ་སྐྱེས་གསལ་བར་འདབ་མའི་སྟེང ། །གཉིས་སུ་མེད་པར་གསལ་བས་ན། །རྣམ་པ་གཉིས་ཀྱི་བྱེ་བྲག་གིས། །འདུས་པར་གསལ་བར་སྐུར་གྱུར་པ། །འདོད་ཅིང་ཆགས་པ་མ་ཡིན་ཞིང ། །བློ་ལ་ཡིད་གཉིས་མེད་པས་ན། །ཕྱག་རྒྱ་གསལ་བར་རྒྱལ་བའི་སྐུ། །རྒྱལ་མོ་དང་ནི་མཉམ་དུ་སྐྱེས། །དབུ་ལ་གཉིས་པའི་ཡི་གེར་ལྡན། །སྦྱིན་པ་རྒྱ་ཆེན་ཁེབས་པས་ན། །རང་གི་འདོད་པའི་གནས་སུ་བསྡུ། །བོང་ཚོད་ལོ་གྲངས་ཁྱད་པར་མེད། ་གཉིས་སུ་མེད་པར་འཁྲིལ་བར་གསལ། །དུས་ཀུན་དུ་ནི་མཉམ་ལྡན་པ། །གསང་བ་མཆོད་པ་རབ་ཏུ་རྫོགས། །ཟླ་རྒྱས་ལྟ་བུ་གཙོ་བོ་སྒོམ། །ཆགས་པ་མེད་པར་འདོད་བསྡུ་ཡི། །ཡུམ་དང་ལྷན་ཅིག་སྒོཾ་པ་ནི། །ཱ་ལི་ཀཱ་ལིར་བྱེད་པའི་དོན། །ཕྱག་རྒྱ་ལས་ཀྱི་བྱེ་བྲག་གིས། །བདེ་བ་ཆེན་པོ་ཚུལ་གནས་པ། །རྒྱལ་བ་ཀུན་ཀྱང་དེ་དང་འཐུན། །ཕྱག་རྒྱ་བསྣོལ་བར་གནས་པ་ཡི། །ཀུན་ཀྱང་སེམས་དཔའི་དཀྱིལ་འཁོར་རོ། །ཕྱག་རྒྱ་རྡོ་རྗེ་ཐལ་མོ་ནི། །ཀུན་ཀྱང་ཡུམ་གྱི་རྒྱབ་ཏུ་བསྣོལ། །ཞལ་གཉིས་མཛེས་པར་རབ་སྦྱར་བ། །ཟླ་གམ་པ་ཡི་ལྗགས་གཉིས་མཛེས། །དུང་གི་ཕུར་བུས་མཁུར་བཙོས་ལ། །འདེབས་ཤིང་རྡེག་པའི་ཚུལ་དུ་བཞུགས། །བསྙེན་པ་ཉེ་བསྙེན་དབང་རྫོགས་པ། །རྒྱལ་བ་ཀུན་གྱི་སྐུ་ཡི་མཆོག་།བཞན་དང་འཛུམ་པའི་གཙོ་གཟུགས་བསྒོམ། །རྣལ་འབྱོར་དཀའ་ཐུབ་ཆེན་པོའི་དོན། །གསང་བ་སྤྱོད་པ་ཤིན་དུ་དགྱེས། །གསང་བ་ཉིད་དུ་སེམས་ཅན་འདྲེན། །ཐམས་ཅད་ཀུན་གྱི་རྨོངས་པ་སེལ། །ཡུམ་གྱི་ལས་ཀྱིས་ཁྱད་པར་ནི། །ས་ཡི་རིམ་པ་ཀུན་སྦྱོར་ཞིང ། །ཟས་དང་མགོ་དབང་མེད་པ་ཡི། །ཉན་ཐོས་འགོག་པ་ལ་སོགས་པ། །བྱང་ཆུབ 104.140a སེམས་ཀྱི་ཆར་ཆེན་གྱིས། ། པད་མོར་བཅིངས་པ་ཚར་གཅོད་མཛད། །དམ་ཚིག་ཆེན་པོ་སྡོམ་པ་སྟེ། །རྒྱལ་བ་ཀུན་གྱི་དཀྱིལ་འཁོར་ཡིན། །ཕྱག་རྒྱ་ཆེན་མོ་ཚོགས་མཆོག་སྟེ། །དགའ་བ་དོན་དུ་རིགས་མཆོག་ཡིན། །མྱུར་བར་རྟག་ཏུ་མ་ཡེངས་ན། །གདོན་མི་ཟ་བར་གྲུབ་པ་ནི། །འདོད་ཁམས་ལྷ་ཡི་ཉིན་ཕྱེད་ཀྱིས། །གསང་བ་ཀུན་དང་མཉམ་པར་འགྱུར། །དེ་བཞིན་གཤེགས་པ་གསང་བའི་དོན་དང་མཉམ་པའི་ཕྱག་རྒྱའོ། །ཀུན་དུ་བཟང་པོ་རྣལ་འབྱོར་མཆོག་།གསང་བ་ཉིད་ཀྱིས་མཁའ་དབྱིངས་སོ། །ཡི་གེ་\ུ0f00་ལྡན་ཚེག་དྲག་བཅས། །རྣལ་འབྱོར་བདེ་ཆེན་ཉིད་ཀྱིས་སྲས། །གཟུགས་ཁམས་ལྷ་ཚོགས་བྱིན་བརླབས་ཏེ། །ཕྱག་མཚན་འཁོར་ལོ་གསལ་བ་དང ། །བདེ་བ་རྣལ་འབྱོར་དེ་བཞིན་གཤེགས། །གཙོ་བོ་གསེར་གྱི་ཁ་དོག་གསལ། །ཉི་མ་གསེར་གྱི་འོད་བཞིན་དུ། །གསལ་བ་འཚེར་བ་བཅོམ་ལྡན་འདས། །དབུ་རུ་ཡི་གེ་གཉིས་པ་ལ། །རིན་ཆེན་མྱུ་གུ་ཁང་པ་འབར། །སངས་རྒྱས་ལྔ་ཡི་དབུ་རྒྱན་གྱིས། །ལེགས་པར་བརྒྱན་པ་མཚན་རྣམས་རྫོགས། །རྫོགས་པ་ཆེན་པོ་བཞུགས་ཚུལ་དང ། །ཏིང་འཛིན་འཐུན་པར་འགྲོ་ལ་གཟིགས། །པད་མ་གེ་སར་དབུས་གནས་པའི། །ཐིག་ལེར་གསང་བ་བཞིན་དང་ལྡན། །མདུན་དུ་ལྷ་མོ་ཆགས་པ་མོ། །ལོ་གྲངས་ཉི་ཤུ་མཛེས་དང་ལྡན། །མ་ཧཱ་སུ་ཁེ་གནས་ལ་དགྱེས། །མཛེས་པའི་ལག་པ་གར་དང་བཅས། །གཉིས་སུ་མེད་པའི་བཞུགས་ཚུལ་ནི། །གཙོ་ལ་རྟེན་པའི་ཚུལ་དུ་བཞུགས། །རྒྱབ་དུ་ལྷ་མོ་དགྱེས་ཆེན་མོ། །སངས་རྒྱས་བསྙེན་པར་མཛེས་ཚུལ་གྱིས། །ཐལ་སྦྱར་འཛིན་པ་སྐུ་བརྟེན་པ། །སྐུ་ཚེ་བཅུ་དྲུག་བརྩན་དམར་སྐུ། །སངས་རྒྱས་གདུང་འཛིན་ཚངས་པར་སྦྱོར། །འདོད་ཆགས་ཅན་ལ་འཐུན་པར་མཛད། །གཡས་སུ་ཞེས་སྡང་འདུལ་བ་མོ། །རྡོ་རྗེ་པད་མོ་སྦྱོར་ལ་དགྱེས། །མ་དད་པ་རྣམས་དབང་མེད་པར། །དྲག་པོ་སྦྱོར་མཛད་ཞེ་སྡང་སེལ། །ཆགས་པ་ཆེན་པོ་བཅོམ་ལྡན་འདས། །གཉིས་སུ་མེད་པར་སྦྱོར་བ་ཡིས། །གཏོང་བ་མེད་པར་བསྟན་པའི་ཚུལ། །སྔོ་བསངས་མདོག་ལྡན་ཁྱད་པར་ཆེ། །སྐུ་ཚད་བཅཝ་ལྔ་ཆགས་པ་ཅན། །དུས་མཐའ་མེད་པར་སྦྱོར་ལ་དགྱེས། །སྟེག་དང 104.140b སྒེག་པའི་ཆ་ལུགས་ཀྱིས། །སེམས་ཅན་ཀུན་གྱི་སྡུག་བསྔལ་འཁྲུ། །རབ་ཏུ་སྦྲས་པའི་འགོག་པ་རྣམས། །བསླངས་ནས་རྒྱལ་བའི་སྲས་སུ་མཛད། ། རྟ་མ་ལི་ཕྲིན་ལས་ཀྱིས། །ཐམས་ཅད་བྱང་ཆུབ་ཆེན་པོ་མཛད། །མིག་གཉིས་འཛུམ་དང་སྦོམ་པོ་ཡིས། །དབང་མོར་ལྡན་པར་བྱས་པ་ན། །གཉིས་སུ་མེད་པར་སྦྱོར་འདོད་ཡིན། །སྣ་ཡི་རྩེ་མོར་མཐེའུ་ཆུང་འཛིན། །མ་ཏ་བཞུགས་པར་བརྩོན་བྱས་པའོ། །སོ་སོ་རྣམས་བསྡམས་ཁ་ཕྱེ་བ། །དུས་ལ་བབ་ཅེས་བྱ་བ་སྟེ། །ཏིང་འཛིན་གསལ་བར་གྱུར་པ་ན། །དུས་ལ་བབ་ཅེས་བྱ་བ་ཡིན། །འདི་ལྟར་བརྡལ་ལྡན་ཏིང་འཛིན་ལ། །དམ་ཅན་བུད་མེད་རྣམས་མི་འདུད། །དངོས་གྲུབ་མི་ཐོབ་དམ་ཚིག་ཉམས། །ཚེ་རབས་ཀུན་དུ་བརླག་པར་འགྱུར། །འདི་ལྟར་བརྩོན་པར་བྱེད་པ་ན། །གཡོན་པ་སྐྱེད་པ་རྣམ་བཞི་ཡིས། །སྐྱེས་པ་ན་ཆུང་ཚུལ་བཞིན་དུ། །རྡོ་རྗེ་པད་མའི་མཚམས་ཉིད་དུ། །དབྱིངས་ཕྱུང་ལྔ་ཡི་སྦྱོར་བ་ཡིས། །དལ་བུས་དལ་བུས་གཞུག་པ་དང ། །དལ་བུས་དལ་བུས་རབ་བསྐུལ་ཏེ། །དྲག་པོ་ཚིག་གིས་སྤྲོ་བ་དང ། །བྱང་ཆུབ་སེམས་ཀྱིས་པད་མ་དགང ། །སྦོམ་པོ་དབང་ངམ་ལྔ་རྣམས་ཀྱིས། །ཡུམ་གྱིས་བླངས་ལ་གཙོ་ལ་མཆོད། །ཉེ་བའི་བསྙེན་པ་ལ་སོགས་ཏེ། །བསྙེན་པ་ཆེ་ཆུང་རྫོགས་པར་བསྒོམ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ལས། །མཆོད་པ་བརྒྱད་ཀྱིས་མཆོད་པར་སྟོན། །དེ་ལྟར་ལོངས་སྤྱོད་རྫོགས་པ་དང ། །གཉིས་སུ་མེད་པར་ལུགས་བཞིན་དུ། །མཉམ་པར་འཁྲིལ་བའི་ཚུལ་དུ་བསྟན། །དུས་གསུམ་ཀུན་གྱི་གདུང་འཛིན་ལ། །གཡོན་ཕྱོགས་བསྟེན་པའི་སྐལ་དང་ལྡན། །ན་ཚོད་ལོ་ནི་བཅུ་དྲུག་པ། །སྡོང་པོ་རུལ་པ་དག་ལ་དགྱེས། །གཡས་པ་ཟུར་གྱི་སྤྱན་གྱིས་གཟིགས། །དྲིལ་བུ་སྒྲ་སྙན་འཁྲོལ་ལ་བརྩོན། །རྡོ་རྗེ་རབ་ཏུ་སྒྲོགས་བྱེད་མ། །སངས་རྒྱས་ལྔ་ཡི་དབུ་རྒྱན་ཅན། །མངོན་དུ་སྦྱོར་ལ་རབ་བརྩོན་པ། །བརྡ་དང་བཅས་པར་གར་གྱིས་ནི། །སངས་རྒྱས་ཀུན་ལ་སློང་མཛད་མ། །བྱང་ཆུབ་སེམས་ཀྱི་སྤྲིན་ཆེན་གྱིས། །མཆོད་པ་ཆེན་པོ་རབ་མཆོད་མཉེས། །སྤྲུལ་པ་བསམ་ཡས་མཐའ་ཀླས་པ། ། 104.141a དུས་གསུམ་འཁོར་ལོ་བསྐོར་བར་བསྐུལ། །སོ་སོར་ཆགས་པའི་མདངས་ཀྱིས་ནི། །མཉེན་དང་བཅས་པའི་གར་གྱིས་མཆོད། །དེ་ནས་གསང་བ་ཆེན་པོ་དང་གཉིས་སུ་མེད་པར་འཁྲིལ་བ་ཆེན་པོར་གྱུར་ཏེ། གཡོན་པ་སྐྱེད་པ་མང་པོ་མཉེས་པ་དང ། ་པད་མ་སྤང་པ་ལ་སོགས་པ་འབྱུང་བ་མཉེས་པར་མཛད་ནས་རབ་ཏུ་དགྱེས་ཏེ་གླུ་འདི་བླངས་སོ། །ཆོས་ཀུན་དངོས་པོ་མེད་པར་རབ་གསལ་བ། །འབྱུང་གནས་ཆེན་པོ་ཡ་མཚན་འབྱུང་བར་མཁྱེན། །ེ་མའོ་ངོ་མཚར་ཆེའོ་ཞེས་བླངས་སོ། །དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུང་པ། མདངས་བཟང་མིག་གི་དཀྱུས་ཀྱང་རིང ། །སྐུ་ནི་ལྡེམ་ལ་ཙན་དན་དྲི། །ཡན་ལག་ལྕུག་མ་བཞིན་དུ་མཉེན། །ཚེམས་དཀར་སུམ་བཅུ་རྔ་རྔོ་མེད། །མགུལ་པ་ཟླུམ་རིངས་རབ་ཏུ་ལེགས། །གསེར་ལ་གཡུ་སྤྲས་གཡས་སུ་འཁྱིལ། །གཟུངས་མ་འདི་དག་བསྟེན་པར་བྱ། །སྐད་གདངས་མི་སྙན་ར་ར་བོ། །ཡང་ན་རྨོངས་བག་སུབ་སུབ་པོ། །སྦྲང་བུས་གཙེས་པའི་སྣ་སྒྲ་བཞིན། །སེམས་ཅན་དག་ལ་ཁྲོ་ཞིང་འཚོག་།དམ་ཅན་དག་ལ་གཡེལ་བར་མཛོད། །ཕྱི་ནང་སྲ་ཞིང་འབྲས་བུ་ཅན། །དེ་བསྙེན་ན་ནི་དངོས་གྲུབ་ཉམས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །བུད་མེད་ཀུན་གྱི་སྒྱུ་མ་ལ། །རབ་ཏུ་འཕྲུལ་ཏེ་འཆར་བ་ཡིན། །བདེན་གཉིས་སོ་སོར་སྣང་བ་ཡིས། །ཡུམ་གྱི་མཁའ་ཞེས་རྒྱལ་བས་གསུངས། །མ་ནོར་ལམ་ཆེན་ཀུན་བསྒོམས་ནས། །ཀུན་ཏུ་བཟང་མོ་བསྒོམས་པས་གྲུབ། །བུད་མེད་ལ་ནི་མཆོད་བསྟེན་ན། །ཡེ་ཤེས་ཆེན་པོ་གྲུབ་པར་གསུངས། །དཔལ་ཀུན་དུ་བཟང་པོ་ཐམས་ཅད་ཤེས་རབ་ཀྱི་ལོངས་སྤྱོད་འདི་གསུངས་སོ། །སྔོན་སྤྱོད་ལས་ཀྱི་འཇུག་པ་འདི། །ཕན་ཚུན་དུ་ནི་དགའ་སྤྱོད་ན། །རྣལ་འབྱོར་སྡོམ་པ་གནས་པ་ཡིན། །དེ་ལ་མཆོད་པ་དམ་པ་ནི། །སྦྱོར་བ་རབ་ཏུ་སྦྱོར་བ་སྟེ། །ཀུན་དུ་ཁྱབ་པར་ཀུན་ཏུ་སྦྱོར། །རྗེསུ་ཆགས་པ་དམ་ཚིག་མཆོག་།དེ་བྱི་དཀར་ཤམ་མདོག་དང་ལྡན། །བཅུ་དྲུག་བོང་ཚོད་རིང་བ་དང ། །ལུགས་སུ་བླུགས་པ་ལྟ་བུ་སྟེ། །ལུས་ལེགས་མཛེས་དང་ལྡན་པ་དང ། །དཔྲལ་བ་དབྱེས་ཆེ་ཀོས་ཀོ་ཕྲ། ། 104.141b ནུ་མ་ཆུང་ཞིང་སོར་མོ་རིང ། །ཡིད་ཙམ་མིག་དཀྱུས་རིང་བ་དང ། །སོ་དཀར་ཐགས་བཟང་མཚམས་ཐུང་ཞིང ། །སྐད་བཟང་མདངས་དང་ལྡན་པ་ནི། །རྡོ་རྗེ་སེམས་དཔའི་གནས་མཆོག་སྟེ། །འདི་ལ་བརྩོན་པར་བྱེད་པ་ནི། །རིགས་ཀྱི་རྡོ་རྗེ་གདོན་མི་ཟ། །ཚེ་འདི་ཉིད་ལ་འགྲུབ་པར་འགྱུར། །གནས་རབ་བདེན་པར་རབ་བརྟགས་ཏེ། །ཤ་དཀར་མདངས་བཟང་མདོག་དང་ལྡན། །ལུས་འབྲིང་ཟླུམ་པ་ཆ་བྱད་ཅན། །སོ་དཀར་ཐགས་བཟང་མིག་དཀྱུས་རིང ། །སྐད་ཕྲ་མདོག་དགོད་སྤྲོ་རིང་བ། །དཔྲལ་དབྱེས་ལ་སོགས་བཟང་གནས་པ། །རྨ་ནག་ལ་སོགས་གནས་པ་ནི། །རྟག་ཏུ་ཆོས་ལ་འདུད་པ་ཡིན། །ཚངས་པ་དབྱངས་ཀྱི་རིན་ཆེན་ལས། །འདི་ལས་བརྩོན་བྱས་བསྒྲུབས་པ་ཡི། །དེ་བཞིན་རིགས་ཀྱི་ཏིང་འཛིན་ལས། །ཕན་ཚུན་དུ་ནི་དགའ་སྤྱོད་ན། །ཚངས་པའི་སྔ་དྲོ་གཅིག་ཙམ་གྱིས། །གདོན་མི་ཟ་བར་འགྲུབ་པར་འགྱུར། །རྣལ་འབྱོར་སྤྱོད་པ་དགའ་བ་ནི། །སྦྱོར་བ་བརྩོན་པས་འགྲུབ་པར་གསུངས། །བུད་མེད་ཆ་ལུགས་ལེགས་པ་ནི། །བོང་ཚོད་མི་རིང་ལུས་ཕྲ་ཞིང ། །རྐང་ལག་ཆུང་ཞིང་སྐད་གསལ་བ། །མིག་ལེགས་ངོ་ཟླུམ་བཙན་དམར་ཆེ། །བླུན་དུ་ཆགས་པ་མི་ཤེས་མེད། །ལུས་ལ་མཚན་གྱིས་རྨད་འདྲས་བརྒྱན། །ཚིག་གསལ་རྨི་ལམ་ཉུང་བ་དང ། །སོ་དཀར་མཆུ་ལེགས་དད་པར་ལྡན། །ཆོག་ཤེས་པ་ཡི་ཏིང་འཛིན་གྱིས། །གསང་བའི་མཁའ་ལ་ཉི་ཟླའི་འོད། །རྡོ་རྗེ་པད་མོར་ལྡན་བྱས་ཏེ། །ཕན་ཚུན་དུ་ནི་དགའ་སྤྱད་ན། །འདོད་པའི་ཁམས་ལྷའི་སྐད་ཅིག་གིས། །འགྲུབ་པར་འགྱུར་བ་གདོན་མི་ཟ། །ལུས་ཟླུམ་གཏུམ་པ་ང་རྒྱལ་ཅན། །ཁོང་ན་སེམས་རྣོག་སེམས་ལ་འཛིན། །བྱ་བ་འདྲ་ལ་མི་གཏོང་ལྡན། །བསླབ་པའི་བློ་རྟུལ་ཤ་རུས་ཆེ། །མདངས་བཀྲག་བརྟགས་ན་ཕྱི་ཕྱིར་གསལ། །སྦྱིན་ལ་དགའ་ཞིང་ཆོས་ལ་དད། །རིན་ཆེན་རིགས་ཀྱི་ཏིང་འཛིན་གྱིས། །བག་ཆགས་ཡི་གེ་ཚར་གཅོད་ཅིང ། །ཏིང་འཛིན་བློ་ལ་གསལ་བ་ན། །བསྒྲུབ་པའི་དུས་ལ་བབ་པ་སྟེ། །དེ་ཚེ་རབ་ཏུ་རྩེན་པ་ཡིས། །ཡུམ་གྱི་པད་མ་ཁ་ཕྱེ་ཞིང ། །བདེ་བ་ཐུགས་ཀྱི་འཕྲོ་འདུ་ཡིས། །ཕན་ཚུན་དུ་ནི་དགའ་སྤྱད་ན། །རིགས་ཀྱི་རིན་ཆེན་གྲུབ་པ་ནི། །ཚེ་འདི་ཉིད་ལ་ཐོབ 104.142a པར་འགྱུར། །ཐུགས་རྗེས་མཛད་སྤྱོད་བྱེད་བྲག་གིས། །འཇིག་རྟེན་དག་ན་དམན་པའི་རིགས། །རབ་ཏུ་བཀུག་སྟེ་དགའ་སྤྱད་ན། །སྙིང་རྗེ་མཆོག་དང་ཐབས་ལྡན་པའི། །རྣལ་འབྱོར་སྤྱོད་པ་ཆེན་པོ་གསུངས། །ཤན་པའི་རིགས་ངན་སྨད་འཚོང་མའི། །ན་བའི་རིགས་དང་འདོད་སྤྱོད་རྣམས། །འཇོམས་པ་ཆེན་པོའི་ཏིང་འཛིན་གྱིས། །མྱུར་དུ་སྤྱད་ན་འགྲུབ་པར་གསུངས། །ཡི་དགས་གནོད་སྦྱིན་བྱོལ་སོང་དང ། །ཁྱི་དང་རུས་སྦལ་སྤྲེའུ་ལ་སོགས། །མི་དང་ལྷ་ཡི་གནས་མཆོག་ཀུན། །སོ་སོ་མཚམ་པ་དགའ་སྤྱད་ན། །ལས་མཆོག་དམ་པ་འགྲུབ་པར་གསུངས། །རབ་ཏུ་ཆགས་ལ་ཆགས་པའི་མཆོག་།རབ་ཏུ་རྨུགས་པ་རྨུགས་པ་སེལ། །ཞེ་སྡང་ཅན་ལ་འཚམ་པར་སྟོན། །གྲགས་པ་ཅན་ལ་ཞི་བ་ཆེ། །རྩེན་པ་དག་ལ་རྩེན་པར་མཛད། །ཐབས་ཀྱི་མཛད་པ་ཀུན་གྱི་མཆོག་།སེམས་ཅན་ཀུན་གྱི་དོན་གྱི་ཕྱིར། །ཕྱིན་ཅི་ལོག་ཏུ་གང་སྤྱོད་རྣམས། །གདུལ་བར་མཛད་པ་སྣ་ཚོགས་ཀྱིས། །མི་མཛད་པ་ནི་ཅི་ཡང་མེད། །ཤིན་ཏུ་གཏུམ་པའི་ཆ་ལུགས་ཀྱིས། །གཏུམ་པོ་ཐམས་ཅད་དབང་དུ་མཛད། །ཤིན་ཏུ་ཞི་བའི་ཆ་ལུགས་ཀྱིས། །གྲགས་པ་ཅན་རྣམས་དབང་དུ་མཛད། །ཤིན་ཏུ་མདངས་ལྡན་ཆ་ལུགས་ཀྱིས། །ཆགས་པའི་ཡིད་རྣམས་དབང་དུ་མཛད། །ེ་མའོ་ཤིན་དུ་ངོ་མཚར་ཆེ། །དེ་ནས་བཅོམ་ལྡན་འདས་རྣལ་འབྱོར་ཆེན་པོས་རབ་ཏུ་བརྩོན་པར་མཛད་པ། ཡིད་ཀྱི་འཕྲོ་བ་དང ། ཟླ་གམ་མེད་པ་དང ། གྱད་འགྱེད་པ་དང ། འཁུར་བ་བླ་ན་མེད་པས་ཕན་ཚུན་དུ་དགའ་བ་སྤྱོད་དོ། །ཤ་མདོག་དཀར་ལ་ནུ་མ་འབུར། །སྟོད་སྨད་ཕྱེད་ལ་སྨིན་དཀྱུས་རིང ། །པད་མའི་དྲི་ཡང་དུང་ལྟར་འཕྲོ། །པད་མ་ལེགས་པ་གྲོ་བོས་འདྲ། །ཟླུམ་ལ་ཆེ་ཆུང་སྙོམས་པ་འོ། །ཤ་མདོག་དཀར་ལ་སྨེ་བ་ཅན། །སྟོད་སྨད་ཕྱེད་ལ་སོར་མོ་རིང ། །ནུ་མ་ཆུང་ཞིང་འཁྲང་བ་སྟེ། །དྲི་ཡང་པད་མའི་དྲི་རུ་བྲོ། །མགུལ་པ་ལེགས་ལ་རིང་ཐུང་རན། །པད་མ་དམར་ལ་ཁུར་ཚོས་ལེགས། །སྤྱན་ཡང་ཟླུམ་ལ་འོག་ནས་ལྟ། །ཤ་མདོག་སེར་ལ་ནུ་མ་ཟླུམ། །རྐེད་པ་འཕྲ་ལ་རོ་སྨད་ཟླུམ། །རྐང་པའི་སོར་མོ་ནང་དུ་སྐྱོར། ། 104.142b ལུས་ཀྱང་ལེགས་ལ་ཆེ་ཆུང་སྙོམས། །ཚེམས་ཀྱང་དམར་ལ་ཐགས་ཀྱང་དམ། །སོར་མོ་རྣམས་ཀྱང་ཕྲ་ལ་རིང ། །དྲི་ཡང་ཙན་དན་དྲི་རུ་བྲོ། །ཡན་ལག་ལྕུག་མ་བཞིན་དུ་མཉེན། །པད་མ་སེར་ལ་ཕྲ་ལ་རིང ། །སྤྱན་ཡང་ཕྲ་ལ་ཟུར་དུ་གཟིགས། །ཤ་མདོག་གནག་ལ་སྨེ་བ་གནག་།ཤ་ཡང་གནག་ལ་རྩུབ་པ་སྟེ། །སྐད་མདངས་མི་སྙན་གཉིད་ར་རོ། །རྨོངས་ལ་མི་ཤེས་སུབ་སུབ་མོ། །ནུ་རྡོག་ཆེ་ལ་ནུ་བཤལ་རིང ། །རྐང་པ་སྦོམ་ལ་སོར་མོ་ཐུང ། །གདོང་ཡང་ལེབ་ལ་སྨེ་བ་འཐུག་།སྨིན་མ་ཐུང་ལ་མིག་མི་སྡུག་།ལུས་པོ་སྦོམ་ཐུང་འཇིང་པ་ཐུང ། །པད་མ་གནག་ལ་ཡངས་པ་སྟེ། །བ་ལང་ཅན་གྱི་རིགས་ཅེས་བྱའོ། །གཟུགས་མ་མཚན་དང་ལྡན་པ་བཙལ་བའི་དོན་ནི། རང་དབང་ཐོབ་པ་ང་ལོ་ཡང ། །བཅོས་སུ་བཏུབ་ལ་ལུང་ཉན་པ། །སྐད་གསལ་ལྟ་བས་ཐགས་ཆོད་པ། །སྤྱོད་པ་ལ་དོར་རྟོག་པ་ཆོམས། །ཡིད་གཞུངས་བློ་རྣོ་དབང་པོ་གསལ། །སེམས་དག་གཞུང་བཟང་ཞལ་ངོ་རྟག་།དམ་ཚིག་ཕོག་ལས་མི་འདའ་བ། །ཚིགས་ལ་བརྫུན་གྱི་གྲོན་ཐེབ་མེད། །དད་པ་སྐྱོ་དང་དུབ་པ་མེད། །སྤྱོད་པ་བླང་ཞིང་དོར་བ་མེད། །བརྩོན་འགྲུས་ཐང་དང་ལྷོད་པ་མེད། །ངོ་ཚ་ཤེས་དང་ཁྲེལ་ཡོད་པ། །གོམ་པ་དལ་ལ་སྤྱོད་པ་གཟོབ། །མིག་འབྲུ་ཚུགས་སུ་མི་ལྟ་ཞིང ། །འོག་དང་ཟུར་གྱིས་རྟོགས་པར་ལྟ། །དབུ་ལོ་འཇམ་ལ་ལྕང་ལོར་འཁྱིལ། །སྤྱན་བཀྲ་ཕྲ་ལ་ཀྱུས་རིང་བ། །སྣ་གཟུར་ཟོར་ལ་རྒྱུད་མ་ཆད། །ཡ་ཡོ་ཉག་དང་ཆད་པ་མེད། །སོ་དཀར་སུམ་བཅུ་ཐགས་བཟང་ལ། །ཀོས་ཀོ་སོགས་བུ་ཡུལ་ཟུངས་འདྲ། །མདོག་སྡུག་དཀར་དམར་མདངས་ཕྱེད་པ། །རྐེང་ཕན་ཆག་གང་ཟླུམ་པ་དང ། །མགུལ་བ་ཟླུམ་ལ་ཕྲ་ལ་རིང ། །ངང་མོ་བྱ་ཡི་ཚུལ་དང་འདྲ། །སྣ་ཟླུམ་བལྟ་མཛེས་ཆུང་བ་དང ། །ཕྱག་གི་སོར་མོ་ཕྲ་ལ་རིང ། །རྣ་བ་གྲོ་བ་གཅུས་པ་འདྲ། །ལྕེ་ནི་དར་བལྟབ་ཁུག་པ་བཞིན། ་དབུགས་རྒྱུ་ཕྱི་ནང་མེད་པ་འདྲ། །གཉིད་ཆུང་ཤ་ཡང་སྡུད་བ་མེད། །ཁ་སྣམས་མེད་ལ་དྲི་ཞིམ་པ། །སྣ་ཚོགས་སྤོས་དྲི་ལུས་ལ་བྲོ། །བསྐྱོད་པར་མཁས་ཤིང་ལས་ལ་དཔའ། །སྦྱོར་དྲོད་རིག་དང་ཏིང་འཛིན་རིག་། 104.143a པད་མ་དམ་ལ་སྤྱད་ན་དོག་།ནུ་མ་དག་ནི་ཆུང་ལ་སྲ། །ཁ་མཆུ་སྲབ་ལ་བཟང་བའོ། །ལྷ་ཡི་སྦྱོར་བ་ཅོག་བུ། མིའི་གན་རྐྱལ་ཡི་དགས་ཟུར་གྱིས་སྦྱོར། བྱོལ་སོང་ཁ་སྦུབ་ཏུ་སྦྱོར་རོ། །གཟུངས་མ་མཚན་དང་ལྡན་པ་རྣམས་ལ་ཞག་ཟླའི་ཚད་བཟུང་སྟེ། །དམ་དུ་བཅས་ནས་མཆོད་དུས་མི་ཆག་པར་ཕྱི་ནང་མི་བསྲེ། དམ་བཅས་པ་ལ་མ་གཏོགས་པ་གཞན་དང་སྦྱར་བར་མི་བྱའོ། །གཞན་དུ་སྦྱོར་བ་བྱས་ན་དམ་ལས་འདས་ཏེ། མངལ་གྱི་སྲི་བུ་ཁ་དམར་དུ་སྐྱེའོ། །དམ་ལས་མ་འདས་བཀའ་བཞིན་དུ་བསྲུངས་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྲས་སུ་སྐྱེའོ། །གཟུངས་མ་འདི་དག་དང་བཀའ་འཐུན་པར་བསྒྲུབས་ན་འགྲུབ་པར་འགྱུར་བར་ཐེ་ཚོམ་མེད་དོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་གསུངས་སོ། །ཧེ་རུ་ཀ་རོལ་པ་ལས་གསང་བའི་ལྷ་མོ་མཆོད་པའི་སྦྱོར་བའི་ལེའུ་སྟེ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་རུ་ལུའི་བསྙེན་པའི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །ཞུགས་ནས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ ། །རུ་ལུ་ཆོས་ཉིད་དུ་ཤེས་པ་ནི་\ུ0f00་ལ་དཔལ་ཆེན་པོ་ཡབ་ལྔ་ལ་ཡུམ་ཁྲག་འཐུང་རྒྱལ་མོ་ལྔ་ཡང་སྐུ་ལ་རྫོགས་སོ། །དེ་ཉིད་ལྟ་བས་སྲིན་པོར་སོང་གིས་དོགས་ནས་ཡེ་ཤེས་ལྔར་བསྟན་ཏོ། ། ལྟར་སྣང་བ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། །ཟླ་ཚེས་མེ་ལོང་ལྟ་བུའི་ཡེ་ཤེས། །རྣ་རུ་སོ་སོར་རྟོག་པའི་ཡེ་ཤེས། །མ་མཉམ་པ་ཉིད་ཀྱི་ཡེ་ཤེས། ། ལས་བཏགས་པར་བྱ་བ་ནན་ཏན་གྱི་ཡེ་ཤེས། ཡབ་ཡུམ་རྣམས་ཀྱང་དེ་བཞིན་དུ་སྦྱར། ཆོས་ཐམས་ཅད་མ་བྱུང་མ་སྐྱེས་པའི་ངང་ལ་སྐྱེ་བའི་ཆོ་འཕྲུལ་བསྟན་ནོ། །བོ། །རུ་ལུ་དཀྱིལ་འཁོར་དུ་ཤེས་པ་ནི་ཕུང་པོ་ལྔ་རིགས་ལྔ་འབྱུང་བ་ལྔ་ཡུམ་ལྔ་ཁམས་དང་སྐྱེ་མཆེད་བྱང་ཆུབ་སེམས་དཔའ་དང་སེམས་མ་དང་སྤྲུལ་པ་ལྕམ་དྲལ། ཕུང་པོ་ལྔ་ཧེ་རུ་ཀ་ལྔ། འབྱུང་བ་ལྔ་ཁྲག་འཐུང་རྒྱལ་མོ་ལྔ། ཁམས་དང་སྐྱེ་མཆེད་འཕྲ་མེན་མ་བཅུ་དྲུག་།སྒལ་ཚིགས་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། བ་སྤུ་ཉག་མ་རེ་རེ་སྤྲུལ་པའི་འཕྲ་མེན་མ་དང་ཕོ་ཉ། ཡན་ལག་སྒོ་བ་བཞི། སྤྲུལ་པ་ཐུགས་ཀྱི་རྒྱན་ཏེ། སྔགས 104.143b མ་ཧཱ་ཡོ་གའོ། །དཀྱིལ་འཁོར་ལ་ཡང་ཕྱོགས་དང་གྲལ་མ་ནོར་བར་དགོད་དོ། །སྒོ་སྐྱོང་ཡན་ཆད་རིམ་བཞིན་དུ་དགོད། རུ་ལུ་ལྷར་ཤེས་པ་ནི་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ་བྱང་ཆུབ་སེམས་ཀྱི་དོན་རྟོགས་ན་སངས་རྒྱས་ཡིན་པར་ཤེས་པར་བྱའོ། །རུ་ལུ་མཆོད་པར་ཤེས་པ་ནི་བཅོམ་ལྡན་འདས་བྱང་ཆུབ་སེམས་ཀྱི་དོན་རྟོགས་ན། བདག་བྱང་ཆུབ་ཀྱི་སེམས་མཆོད་པས་འཕགས་པའི་ཚོགས་མཉེས་པ་སྟེ། འདྲངས་ཤིང་ཚིམ་པར་འགྱུར་རོ། །ཚིམ་པས་དངོས་གྲུབ་ཐོབ་པར་འགྱུར་རོ། །རུ་ལུ་བསྙེན་པར་ཤེས་པ་ནི་བསྙེན་པ་ནི་དཔལ་ཆེན་པོའི་སྐུའོ། །ཉེ་བའི་བསྙེན་པ་ནི་ཡུམ་ཀྲོ་དྷི་ཤཝ་རིའོ། །བསྒྲུབ་པ་ནི་འཕྲ་མེན་མ་བཅུ་དྲུག་།བསྒྲུབ་པ་ཆེན་པོ་ནི་འདི་ལྟར་བསྒྲུབ་པས་འབྲས་བུ་དྲོད་རྣམ་པ་གསུམ་དང་སྦྱར་རོ། །འོད་ཀྱི་དྲོད་ནི་བདག་བསྒྲུབ་པར་བྱེད་པའི་དུསུ་བདག་གི་ལུས་ལ་འོད་འབྱུང་བ་ནི་དྲོད་དང་པོ་དང་སྦྱར་རོ། །འདོན་པའི་དྲོད་ནི་བདག་བསྒྲུབ་པ་བྱེད་པའི་དུས་སུ་བདག་གི་ལུས་བལ་འདབ་གཡེངས་པ་ལྟར་བྱེད་ན་དྲོད་འབྲིང་པོ་དང་སྦྱར་རོ། །དྲོད་ཀྱི་དྲོད་ནི་བདག་གི་སེམས་ཏག་ཏག་རང་རང་ནམ་མཁར་འཕུར་སྙམ་བྱེད་ན་ཐ་མ་དག་སྦྱར་རོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་བཀའ་སྩལ་པ། དོན་དམ་པར་བསྙེན་པ་ནི་བྱང་ཆུབ་ཀྱི་སེམས་ཀུན་དུ་བཟང་པོའི་ཉེ་བའི་བསྙེན་པ་ནི་བྱང་ཆུབ་ཀྱི་སེམས་ཀུན་དུ་བཟང་མོའོ། །དེ་ལ་གཉིས་སུ་མེད་པ་ནི་བསྒྲུབ་པ། རྒྱུ་བྱང་ཆུབ་ཀྱི་སེམས་སྐྱེ་བ་མེད་པའི་དབྱིངས་ལས་མ་གཡོས་ལ་འབྲས་བུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཕྱག་རྒྱ་སྣ་ཚོགས་ཅིར་སྣང་ཡང་སྒྱུ་མ་ཡེ་ཤེས་ཀྱི་ཕྱག་རྒྱ་ཙམ་དུ་སྣང ། སྣང་ཙམ་ཉིད་ན་རྒྱུ་དང་འབྲས་བུ་གཉིས་ཀ་སྟེ། རྒྱུ་འབྲས་རོ་གཅིག་པའི་བྱང་ཆུབ་ཀྱི་སེམས་ཤེས་པར་བྱ་སྟེ། ཐིག་ལེ་ཆེན་པོའི་ངང་དུ་ཡེ་ནས་མ་བཅོས་པར་ལྷུན་གྱིས་གྲུབ་པར་གནས་པ་ནི་ལྷུན་གྱིས་གྲུབ་པའི་བྱང་ཆུབ་ཀྱི་སེམས་ཞེས་བྱ་སྟེ། བསྒྲུབ་པ་ཆེན་པོའོ། །རུ་ལུ་སྒྲར་ཤེས་པ་ནི་བྱི་ཁུང་ན་བུང་བ་ཆེན་པོའི་སྐད་ཙམ་རང་གི་རྣ་བས་ཐོས་པ་ལས་མ་གཏོགས་པ་གཞན་གྱིས་ཚོར་བར་མི་བྱའོ། །རུ་ལུ་དབྱངས་སུ་ཤེས་པ་ནི། ཚངས་པའི་དབྱངས་ཀྱིས་འདྲེན 104.144a སྟངས་ཀྱིས། །རྒྱལ་བ་རྒྱ་མཚོ་ཐུགས་དམ་བསྐུལ། །རྡོ་རྗེ་སྲིན་པོ་ངུར་སྒྲ་ཡིས། །ཁམས་གསུམ་མ་ལུས་དབང་དུ་སྡུད། །འཁུན་ཅིང་གདུང་བའི་སྒྲ་དབྱངས་ཀྱིས། །མ་དང་མཁའ་འགྲོ་ཐུགས་དམ་བསྐུལ། །ཁོང་ཀུན་འདྲེན་པའི་གདུང་དབྱངས་ཀྱིས། །ཀེའུ་རི་བརྒྱད་ཀྱི་ཐུགས་དམ་བསྐུལ། །མཁུར་བ་དབུགས་ཀྱི་རླུང་འབྱིན་གྱིས། །སེང་གདོང་ལ་སོགས་ཐུགས་དམ་བསྐུལ། །སྔགས་ཀྱི་ཡིག་འབྲུ་བཟླས་པ་ཡིས། །རྡོ་རྗེ་ཚིག་ལ་སྐད་མདངས་མེད། །དེ་ནས་བཅོམ་ལྡན་འདས་ཀྱི་ལས་ཀྱི་བཟླས་པ་འདི་གསུངས་སོ། །དམ་ཚིག་ཡེ་ཤེས་དཔལ་འབར་མ། །\ུ0f00་ནི་སྐུ་གསུང་ཐུགས་ཀྱི་ངང ། །རུ་ནི་གཟི་བརྗིད་འཕྲུལ་པོ་ཆེ། །ལུ་ནི་ཡུམ་ཆེན་དཔལ་འབར་མ། །བྷྱོ་ནི་མ་སྲིང་རྒྱ་མཚོ་ཚོགས། །རུ་ལུ་གསེར་ཕྲེང་རྒྱ་མཚོ་སྟེ། །ཕར་སྤྲོས་པས་ནི་སྐུ་ལ་ཐིམ། །སླར་བསྡུད་པས་ནི་ཐུགས་ལ་ཐིམ། །\ུ0f00་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཧཱུཾ་ལས་རྡོ་རྗེ་རྩེ་ལྔ་པ། །པཾ་ལས་པད་མར་གྱུར་པའི་དབུས། །མ་ལས་ཉི་མའི་དཀྱིལ་འཁོར་བསམ། །ཤ་ད་པ་ལ་སོགས་པ་ཡི། །བསྐུལ་བ་དག་ནི་ཚུལ་བཞིན་དུ། །བསྙེན་པ་དང་ནི་ཉེ་བསྙེན་པའོ། །བསྒྲུབ་པ་དང་ནི་བསྒྲུབ་ཆེན་པོ། །ཡུམ་ནི་པད་མའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །སངས་རྒྱས་སྤྲིན་ཚོགས་མ་ལུས་ལ། །དགྱེས་མཉམ་མཆོག་གི་སྦྱིན་པས་བསྟིམ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྐུ་ཡི་སྤྲུལ་པ་བསམ་མི་ཁྱབ། །དེ་ཡང་དཔལ་ཆེན་ཉིད་གྱི་སྐུ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །གསུང་གི་སྤྲུལ་པ་བསམ་མི་ཁྱབ། །དེ་ཡང་དཔལ་ཆེན་ཉིད་གྱི་གསུང ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཐུགས་ཀྱི་སྤྲུལ་པ་བསམ་མི་ཁྱབ། །དེ་ཡང་དཔལ་ཆེན་ཉིད་ཀྱི་ཐུགས། ་སྟོང་གསུམ་སྟོང་གི་འཇིག་རྟེན་ན། ཤར་ཕྱོགས་སྟོང་གི་འཇིག་རྟེན་ན། །ཀུན་ཀྱང་བཛྲ་ཧེ་རུ་ཀར་བྱིན་གྱིས་བརླབས་ནས། །བཛྲ་ཧེ་རུ་ཀའི་དངོས་གྲུབ་དུས་འདིར་སྩོལ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ལྷོ་ཕྱོགས་སྟོང་གི་འཇིག་རྟེན་ན། །ཀུན་ཀྱང་རཏ་ན་ཧེ་རུར་བྱིན་བརླབས་ནས། །རཏ་ན་ཧེ་རུ་ཀ་ཡི་དངོས་གྲུབ་དུས་འདིར་སྩོལ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ནུབ་ཕྱོགས་སྟོང་གི་འཇིག་རྟེན་ན། །ཀུན་ཀྱང་པད་མ་ཧེ་རུར་བྱིན་བརླབས་ནས། ། 104.144b པད་མ་ཧེ་རུ་ཀ་ཡི་དངོས་གྲུབ་དུས་འདིར་སྩོལ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །བྱང་ཕྱོགས་སྟོང་གི་འཇིག་རྟེན་ན། །ཀུན་ཀྱང་ཀར་མ་ཧེ་རུར་བྱིན་བརླབས་ནས། །ཀར་མ་ཧེ་རུ་ཀ་ཡི་དངོས་གྲུབ་དུས་འདིར་སྩོལ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །གནས་རབ་གནས་ནི་བསམ་མི་ཁྱབ། །དུར་ཁྲོད་ཆེན་པོ་གནས་ཀྱི་མཆོག་།བདེ་བ་ཆེན་པོ་གནས་ཀྱི་མཆོག་།ཡུམ་གྱི་མཁའ་དབྱིངས་གནས་ཀྱི་མཆོག་།དེ་ཡང་དཔལ་ཆེན་ཉིད་ཀྱི་གནས། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཟས་རབ་ཟས་ནི་བསམ་མི་ཁྱབ། །རྡོ་རྗེ་དྲི་ཆེན་ཟས་ཀྱི་མཆོག་།རྡོ་རྗེ་ག་ཕུར་ཟས་ཀྱི་མཆོག་།བདུད་རྩི་རྣམ་ལྔ་ཟས་ཀྱི་མཆོག་།དེ་ཡང་དཔལ་ཆེན་ཉིད་ཀྱི་ཟས། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྐོམ་རབ་སྐོམ་ནི་བསམ་མི་ཁྱབ། །རག་ཏ་དྲི་ཆུ་སྐོམ་གྱི་མཆོག་།དེ་ཡང་དཔལ་ཆེན་ཉིད་ཀྱི་སྐོམ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །སྐྱོག་རབ་སྒྱོགས་ནི་བསམ་མི་ཁྱབ། །བན་དྷ་གསར་སྙིང་སྐྱོགས་ཀྱི་མཆོག་།དེ་ཡང་དཔལ་ཆེན་ཉིད་ཀྱི་སྐྱོགས། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཡབ་རབ་ཡབ་ནི་བསམ་མི་ཁྱབ། །ཀུན་དུ་བཟང་པོ་ཡབ་ཀྱི་མཆོག་།དེ་ཡང་དཔལ་ཆེན་ཉིད་ཀྱི་ཡབ། །སྟོང་གསུམ་སྟོང་གི་འཇིག་རྟེན་ན། །ཡུམ་རབ་ཡུམ་ནི་བསམ་མི་ཁྱབ། །ཀུན་དུ་བཟང་མོ་ཡུམ་གྱི་མཆོག་།དེ་ཡང་དཔལ་ཆེན་ཉིད་ཀྱི་ཡུམ། །\ུ0f00་རུ་ལུ་འདི་ནི་སྐུ་ཡི་སྐུ། །རུ་ལུ་འདི་ནི་སྐུ་ཡི་གསུང ། །རུ་ལུ་འདི་ནི་སྐུ་ཡི་ཐུགས། །རུ་ལུ་འདི་ནི་གསུང་གི་སྐུ། །རུ་ལུ་འདི་ནི་གསུང་གི་གསུང ། །རུ་ལུ་འདི་ནི་གསུང་གི་ཐུགས། །རུ་ལུ་འདི་ནི་ཐུགས་ཀྱི་སྐུ། །རུ་ལུ་འདི་ནི་ཐུགས་ཀྱི་གསུང ། །རུ་ལུ་འདི་ནི་ཐུགས་ཀྱི་ཐུགས། །སྐུར་གསལ་གསུང་གསལ་ཐུགས་ཀྱང་གསལ། །སྐུ་དོན་གསུང་དོན་ཐུགས་ཀྱི་དོན། །རུ་ལུར་མ་གྱུར་གང་ཡང་མེད། །སྟོང་ཁམས་ཐམས་ཅད་རུ་ལུས་བཀང ། །རུ་ལུ་དངོས་གྲུབ་དུས་འདིར་གསོལ། །རུ་ལུ་དངོས་སུ་སྣང་བ་ནི་སྐུ། །དེ་ཉིད་མ་སྐྱེས་པ་ནི་གསུང ། །སྣང་བ་དང་མ་བྱུང་བ་གཉིས་སུ་མེད་པ་ནི་ཐུགས་སོ། །རུ་ལུ་སྐུ་གསུམ་གསུང་གསུམ། ཐུགས་གསུམ། དགུ་ཕྲུགས་ཀྱི་དོན་ཏོ། །\ུ0f00་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། །\ུ0f00་ནི་དཔལ་ཆེན་ཧེ་རུ་ཀ་ཡབ་ཡུམ་མོ། །རུ་ལུ་གོང་མ་བརྒྱད་ནི་ཀེའུ་རི་མ་བརྒྱད། རུ་ལུ་འོག་མ 104.145a བརྒྱད་ནི་སིང་ཧ་མ་བརྒྱད། ཧཱུཾ་ནི་སྒོ་བ་ཡབ་ཡུམ་བརྒྱད། བྷྱོ་ནི་དབང་ཕྱུག་མ་ཉི་ཤུ་རྩ་བརྒྱད། །ཧཱུཾ་ནི་སྡུད་པ་བྱང་ཆུབ་སེམས། ལྷ་རེ་རེ་ལ་སྙིང་པོ་གྲངས་བརྒྱ་རྩ་བརྒྱད་དབུལ་ལོ། །ཁྲོ་བོ་རྣམས་ནི་ཀྲོ་དྷ་ནི་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། དེ་ནས་བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པའི་ཏིང་ངེ་འཛིན་དུ་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཁྲོ་གཉེར་སྙིང་པོ་ཆེན་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ ། །\ུ0f00་བཛྲ་བི་སྐུ་ཏི་མ་ཧཱ་ཀྲོ་དྷ་མ། ཧ་ན་ཧ་ན། གྲིཧྣ་གྲིཧྣ། མཱ་ར་མཱ་ར། བན་ཛ་བན་ཛ་ད་ཧ་ད་ཧ། པ་ཙ་པ་ཙ། ཧཱུཾ་དྲུཾ་བྲི་བྲི། བྲ་མ་ཡ་བྲ་མ་ཡ། བི་དྭན་སརྦཱ་བ་ར་ན་སརྦ་དུཥྚཾ། མ་ཏ་མ་ཏ། མོ་ཏ་མོ་ཏ། ཧཱུཾ་བྲི་ཏྲཾ་ཏྲཾ། བྲི་ཧཱུཾ་ཏྲཾ་ཏྲཾ། དེ་ནས་བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་པད་མ་འབྱུང་གནས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། སོ། །བཅོམ་ལྡན་འདས་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཐུགས་ཀ་ནས་ཕྱུང་ངོ ། །པད་མ་ཛ་ལ་མ་ཧཱ་ཀྲོ་དྷ་པདྨ་བ་མུ་ཀ་ཁ་ཁ། སརྦ་དུཥྚཾ། ཁ་ཧི་ཁ་ཧི། ་སརྦ་དུསྟ་བ། དུསྟ་ན་མ། ད་མ་ད་མ། བཛྲ་ཤོ་ད་ཀ་།ཏ་མ་ཐ་མ་ཐ། ཀྲོ་དྷ་ཀོ་དྷ། བཛྲ་ཁ་ར་ཙ། པ་ལ་དུ་རུ། ག་བེ་ག་ཏྲ་ས་ཡ་ཏྲ་ས་ཡ་མ་ཧཱ་བཛྲ་པ་ད་བ་མུ་ཀ་།པྲ་མ་པྲ་མ་ཧཱུཾ་ཕཊ། ཏི་ཧ་ཧ་ཏི་ཧ་ཏི། ཙ་ཏུར་མུ་ཁ། །བི་ཕྲན་ཤ་ན་ཧཱུཾ་ཧྲི། ཧཱུཾ་ཧཱུཾ་ཧཱུཾ་ཧྲི། རྡོ་རྗེ་ཆེན་པོ་འཇིགས་བྱེད་ཅེས་བྱ་བའི་ཁྲོ་བོ་ཆེན་པོའི་སྙིང་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་ཡེ་ཤེས་ཀྱི་སྙིང་ཀ་ནས་ཕྱུང་ངོ ། །\ུ0f00་བཛྲ་བེ་ག་མ་ཧཱ་ཀྲོ་དྷ་སརྦ་དུཥྚཾ། ས་མ་ཡ་བཀྵ་ཡ། ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ། བཛྲ་ས་ཀྵ་ཧ་ན་ཧ་ན་ཧཱུཾ་ཕཊ། ཁྲོ་བོ་ཆེན་པོ་ཐམས་ཅད་ཕྱག་རྒྱ་ཆེན་པོ་མངོན་པར་སྤྲུལ་ནས་མཆེ་བ་ཆེན་པོ་འཁྱིལ་ཅིང་ཞལ་མི་སྡུག་པ། སྤྱན་སྟོང་པ། ཉི་མ་ཆེན་པོ་སྟོང་གི་གཟི་བརྗིད་ཅན་རབ་དུ་ཟ་བར་བྱེད་པའི་མདོག་སྔོན་པོའི་སྐུ། དུར་ཁྲོད་ཆེན་པོའི་དཔལ་ཆེན་གྱི་ཕྱག་ཆ་མིའི་ཀེང་རུས་ཁྲག་དང་ཤ་དང་ལུད་པ་དང་རྐང་དང་ཚིལ་རྣམས་ཟས་སུ་གསོལ་བ། མིའི་ལྤགས་པ་རྣམས་གཡོགས་ཏེ་བསྡམས་པ། མི་མགོའི་ཕྲེང་བ་དབུ་ལ་འཛིན་པ། སེང་གེ་དང ། གླང་པོ་དང ། བོང་བུ་དང ། རྔ་མོ་དང ། མ་ཧེ་དང ། ཕག་དང ། ལྕེ་སྤྱང་དང ། ར་དང ། ཁྱི་དང ། འུགས་པ་དང ། བྱ་རོག་དང ། གཞད་དང ། བྱི་ལ་དང ། གཟིག་དང ། 104.145b སྟག་ལ་སོགས་པ་ཁྲོ་བོའི་བྱོལ་སོང་གི་གདོང་ལ་སོགས་པ་བརྒྱ་སྟོང་མང་པོ་རང་གི་བ་སྤུའི་བུ་ག་ནས་བྱུང་སྟེ། དཀྱིལ་འཁོར་ཆེན་པོའི་ཚུལ་གྱིས་ཤར་ཕྱོགས་འཇིགས་བྱེད་འདུལ་བ། ཞལ་རྣམ་པར་བསྙེན་པ། འཇིགས་པ་ལྟ་བུའི་སྤྱན་དང ། ཞལ་རྡོ་རྗེ་མཆེ་བ་ཆེར་གཙིགས་པ། འཇིགས་པར་བྱེད་པའི་ཁྲོ་བོ་ཆེན་པོ་བརྒྱད་སྟོང་གི་གཡོག་དང ། ཤར་ཕྱོགས་དཀྱིལ་འཁོར་དུ་འཁྱིལ་བར་གྱུར་ཏེ་གནས་སོ། །ལྷོ་ཕྱོགས་ཀྱི་དཀྱིལ་འཁོར་དུ་ཁྲོ་གཉེར་ཅན་མང་པོ་བརྒྱ་སྟོང་གཡོག་དང་བཅས་པར་གནས་སོ། །ནུབ་ཕྱོགས་སུ་ཡང་རྟ་གདོང་ཁྲོ་བོ་ཆེན་པོ་བརྒྱ་སྟོང་མང་པོ་གཡོག་དང་བཅས་ཏེ་གནས་སོ། །བྱང་དུ་ཡང་འུར་འུར་ཆན་པོ་ཁྲོ་བོ་བརྒྱད་སྟོང་མང་པོ་གཡོག་དང་བཅས་ཏེ་གནས་སོ། །བཅོམ་ལྡན་འདས་ཤིན་དུ་ཁྲོ་བོ་ཆེན་པོའི་ཚོགས་བརྒྱ་སྟོང་མང་པོས་བསྐོར་ནས་དབུས་ཀྱི་དཀྱིལ་འཁོར་ན་བཞུགས་ཏེ། ཧེ་རུ་ཀའི་ཁྲོ་བོའི་ཚོགས་ཆེན་པོ་དེ་དག་དང ། ཁྲོ་བོ་ཆེན་པོ་བརྒྱ་སྟོང་མང་པོའི་རི་རབ་ཀྱི་རྡུལ་ཕྲན་དང་མཉམ་པ་བསྐྱེད་བྱུང་ནས་ནམ་མཁའི་དབྱིངས་རབ་འབྱམས་ཐམས་ཅད་སྣང་བར་བྱས་ཏེ། སྟོང་གསུམ་གྱི་འཇིག་རྟེན་གྱི་ཁམས་འདི་ཐམས་ཅད་གང་བར་བྱས་སོ། །ཤིན་ཏུ་དགྱེས་པའི་ཁྲོ་བོ་ཆེན་པོས་ཁྲོ་བོའི་ཚོགས་རྣམས་ལ་བཀའ་སྩལ་པ། ན་མོ་རདྣ་ཏྲ་ཡཱ་ཡ། ་ན་མ་ཤྩན་ཌ་བཛྲ་པཱ་ཎཱ་ཡ། མ་ཧཱ་ཡཀྵ་སེ་ན་པཱ་ཏ་ཡེ། ཏདྱ་ཐཱ། \ུ0f00་བྷོ་བྷོ། མ་ཧཱ་བ་རེ་བ་ད་ར་བ། མ་ཧཱ་དྷི། ཧ་ར་ཧ་ར། གྲི་ཧྣ་གྲི་ཧྣ། མ་ར་མ་ར། བན་ཛ་བན་ཛ། ཀྵི་ཀྲ་ན་མ་ཧཱ་བཛྲ་ཙནྜ་དྷ། སརྦ་དུཥྚཱཾ་དུ་ཀུ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། མ་ཐ་མ་ཐ་ཧཱུཾ་ཕཊ། འདི་གསུངས་མ་ཐག་ཏུ། འཇིགས་བྱེད་ཆེན་པོ་དབུལ་བར་བྱེད་པ། རང་གི་སྐུ་ནམ་མཁའི་དབྱིངས་ཀྱི་ཚུལ་དུ་བྱེད་དོ། །ཁྲོ་བོ་བརྒྱ་སྟོང་པོ་ཞལ་རྣམ་པར་བསྙེར་བ། མཆེ་བ་གཙིགས་པ། འཁྱིལ་ཅིང་བསྒྱུར་བ་ཕྱག་བརྒྱ་སྟོང་མང་པོ་ལ་མཚོན་ཆ་སྣ་ཚོགས་བསྣམས་པ། ཞལ་བརྒྱ་སྟོང་མང་པོ་མེ་ལྕེ་བཞིན་དུ་འབར་བའི་སྐུ།[་\ུ0f00]་མ་ཧཱ་བཛྲ་ཨང ། ཧ་ས་ཧ་ས། ཧ་ཧ་ཧ་ཧཱུཾ་ཧ།[་\ུ0f00]་ཏི།[་\ུ0f00]་མ་ཧཱ། བེ་ར་བ་བེ། ཤིང་ཤིང ། ཏྲ་ཏྲ་ཏྲཾ་ཏྲཾ། ཧ་ཧ་ཨི་ཏི། དེ་ནས་འཇིགས་བྱེད་ཆེན་པོ་འདུལ་བར་བྱེད་པའི་ཁྲོ་བོ་དེས་ཧེ་རུ་ཀའི་ང་རོ་འབྱིན་ཅིང་མགོ་བོ་ནས་མནན་ཏོ། །རྡོ་རྗེ་ཧེ་རུ་ཀའི 104.146a རོལ་བའི་བདག་ཉིད་ཀྱི་མཐུ་ཆེན་པོས་འཇིགས་བྱེད་ཆེན་པོའི་ང་རོ་འབྱིན་ཅིང་སྒྱུ་མའི་སྦུ་གུ་དྲངས་ནས་ཁྲག་དང་རུས་པ་དང་རྐང་རྣམས་ཟ་ཞིང་ཆེམ་ཆེམ་མཛད་པས། དེའི་འཁོར་ལ་རབ་ཏུ་སྟོན་པར་མཛད། མ་མོའི་ཚོགས་ཐམས་ཅད་ཀྱང་སྒྲེན་མོར་བྱས་ཏེ་སྨ་ཕབ་ནས་ཧེ་རུ་ཀའི་ཚོགས་ཆེན་པོའི་མཐུ་དང་གཟི་བྱིན་བསྐྱེད་ནས། འཁོར་ཐམས་ཅད་ཐུལ་སྐྱབས་འོག་ཏུ་ཡང་བཙུད་ནས་དམ་ཚིག་ལ་གནས་ཏེ་ཡང་དག་པར་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ཁྲོ་བོ་དྲུག་པོའི་བཞད་པས་བཞད་ཅིང་།[་\ུ0f00]་བཛྲ་བྷྲི་ཀུ་ཏི་ཧ་ན་ཧ་ན། གྲིཧྞ་གྲིཧྞ། མ་ཏ་མ་ཏ། ཀྲི་ན་ཙ་རི་ཡ། སི་སུ་ར་མ་ཧཱ་ས། སྲ་ཏི་རེ་ཀེ་བ་སུ་ར་ཛ་ལ་ན་ལ་ར་ཚི་པྲ་ཏི་ཛ་ལི་ཏ། མ་སུ་ར་ཏཾ། ཨཱ་ཀད་ཏ་ཊ། ཨཱ་ཀད་ཊ། ཨ་ཕྱ་ཝ། ཨ་ཕྱ་ཝ། ཀྲིསྣ་ཙཀྲ་བེ་ར་བརྟི་ད་ཡན་ཧཱུཾ་བྲི། དེ་ནས་ཁྲག་འཐུང་གི་སྔགས།[་\ུ0f00]་བཛྲ་སའུ་རྱ་བྲི་ཀུ་ཏི། ཁྲོ་ད་མ་ཧཱ་ཀྲི་ཧེ། ད་ར་པ་ད་ར་བ། སུ་ར་དུ་ར་ཏི།[་\ུ0f00]་ས་མེ་དད་མ་ནི་ཙ་ན།[་\ུ0f00]་བྲ་བྲ་བི་བྲཾ་བ། དེ་ནས་རྟ་གདོང་གི་ཁྲོ་བོ་ཆེན་པོའི་སྔགས། བ་ཧྲི།[་\ུ0f00]་མ་ཧཱ་བཛྲ་བ་ད། བ་མུ་ག་།ཁ་ཁ། ཁཱ་ཧི་ཁཱ་ཧི། ཙ་དུ་ར་མུ་ཁང ། བ་བ་བི་བ། ཨ་རུ་ཏི་རམ། མ་ཀཱརྱ་ཧྲི་ད་ཡན། དྲ་ན། ད་མ་དེའུ། བཛྲ་བ་དཾ་བ་མུ་ཀ་།ཧི་ཧི། ཤ་ཧི་ཤ་མ་ཧཱ་ཤེ་ཤ་ཧི་ཧི། དེ་ནས་རྡོ་རྗེ་ཆེན་པོའི་རྟ་གད་ཆེན་པོ་མཛད་ཅིང་བཞུགས་སོ། །བཅོམ་ལྡན་འདས་ཁྲོ་བོ་ཆེན་པོས་ཁྲོས་པ་དང་བཅས་པའི་ལྟ་བས་གཟིགས་ཏེ། ཨོཾ་གུ་ལུ་གུ་ལུ་བཛྲ་མ་ཧཱ་ཀྲོ་དྷ་ཨཱ་ཀར་ཥ་ཡ། ཨཱ་ཀར་ཥ་ཡ། ཤ་ཀྲ་ཧྲྀ་ད་ཡཱ་ན་མ་ཧཱ་བཛྲ་དཾཥྚཱཾ་ཡ། ཧཱུཾ་བྷཀྵ་ཡ་ཤྲིཾ། དེ་ནས་བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་རྣལ་འབྱོར་པ་རྣམས་དང་རོལ་ཅིང ། རང་གི་ཤིན་དུ་དགྱེས་པའི་ཀུན་དུ་ལོངས་སྤྱོད་པའི་ཁྲོ་བོ་ཆེན་པོའི་དཀྱིལ་འཁོར་དུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་འདུ་བར་མཛད་ནས། བཅོམ་ལྡན་འདས་ལ་བསྐུལ་བར་མཛད་དོ། །\ུ0f00་མ་ཧཱ་སུ་ར་ཏ། བཛྲ་མ་ཧཱ་ཀྲོ་དྷ་བ་སཾ་ཧར་སཾ་ཧ་ར། སརྦ་ཀྲོ་དྷ་མ་ཤ་མ་ཤ་མ། པྲ་ཤ་མ་པྲ་ཤ་མ། སརྦ་ཀྲོ་དྷ་ཨུཙྪུཥྨ་ཀྲོ་དྷ་བྷ་བ་ས་མ་ཡ། མ་ཧཱ་མ་དྲ་ལེ་སྟ་མ་ཡ། སརྦ་དུཥྚ་པྲ་དུཥྚ་པྲཥྚ་ཀྲོ་དྷ་མ་བ་བ་བ་ཡ། ཛྭ་ལ་ཡ་ཤ་ཀྲ་པཱ་དཾ། བཻ་ཤ་ར་མ་ཡེ། ཤ་ར་མ་ཧཱ། བྷ་ག་བནྡྷ། སུ་ར་ཏི། སརྦ་ཏ་ཐཱ་ག་ཏཱ་སཱ་དཱ་ན། ས་མ་ཡེ་ན་ཙ་ཧོཿ ། སུ་ར་ཏ། ས་མ་ཨི་ཏི། དེ་ནས་བཅོམ་ལྡན་འདས 104.146b ཁྲོ་བོ་ཆེན་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ ། །\ུ0f00་ཛ་ཧཱུཾ་བཾ་ཧོཿ ། ཊཱཀྐི་ཧཱུཾ་ཛ་ཧཱུཾ་ཊཱཀྐི་ཧཱུཾ་ཊཱཀྐི་ཧཱུཾ།[་\ུ0f00]་ག་ཏ་ཤེ་ཧཱུཾ་ཛཿ ། ཨཱ་ཀར་ཥ་ཡ། པྲ་བེ་ཤ་ཡ། བནྡྷ་ཡ། བ་ཤི་ཀུ་རུ། སརྦ་ཀྲོ་དྷ་ས་མ་ཡ། ཛ་ཧཱུཾ་བཾ་ཧོཿ ། ཊཱཀྐི་ཧཱུཾ་ཛཿ ཛཿ ཧཱུཾ། ཊཱཀྐི་ཧཱུཾ། དེ་ནས་བཅོམ་ལྡན་འདས་ཀྱི་ཁྲོ་བོ་ཆེན་པོ་འདི་ཕྱུང་ངོ ། །\ུ0f00་སུམ་བྷ་ནི་སུམ་བྷ་མ་ཧཱ་ཀྲོ་དྷི་ཤཝ་རི་ཧཱུཾ་ཕཊ། བདུད་རྩིའི་ཁྲོ་བོའི་དབང་མོ་ཕྱུང་ངོ ། །\ུ0f00་བཛྲ་ཨ་མྲྀ་ཏ་མ་ཧཱ་ཀྲོ་དྷི་ཤཝ་རི། ཨུཙྪ་བཛྲ་ཨ་མྲྀ་ཏ་ཧཱུཾ་ཨཱཿ ། དེ་ནས་བཅོམ་ལྡན་འདས་མ་བདུད་རྩི་ཆེན་མོ་འདི་ཀུན་དུ་ཁྲོས་ཏེ། རུ་ལུ་རུ་ལུ་ཞེས་བྱ་བ་འབྱིན་ཅིང་རང་གི་པད་མོ་ལ་བཅོམ་ལྡན་འདས་ཀྱི་རྡོ་རྗེ་བཅུག་ནས་བདུད་རྩི་ཡང་དག་པར་བསྒྲུབ་པའི་རིགས་པ་ཕྱུང་ངོ ། །\ུ0f00་ཨ་མྲྀ་ཏ་ས་མན་ཙི་བ་ནི་ཨ་མྲྀ་ཏ་སུ་མུ་ཏེ། པྲ་བེ་ཤ་ཡ་སརྦཱན་བཛྲ། པད་མ་མས། ཡོ་གི་ནི་ར། མ་ཧཱ་བོ་དྷི་ཙི། བི་ཏ་བི་ཏི་མུརྟྟི་ཡ། རྡོ་རྗེ་ཁྲོ་བོའི་དབང་མོ་ཞེས་བྱ་བ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ ། །\ུ0f00་སརྦ་ཏ་ཐཱ་ག་ཏཱ་མ་ཧེ་ཤཝ་རི་སརྦ་དུཥྚཱཾ། སུ་ཏ་ནི་མ་ཧཱ་པྲཱ་ལ་ཡཱན། སྨ་ཤཱ་ན་བི་ཤ་རྩེ། མ་ཧཱ་བཛྲ་ཀྲོ་དྷ་དཾཥྚ་ཀཱ་ར་ལེ་བི་ཀྲྀ་ཏ། བ་དེ་ན། སརྦ་ཤ་དུ་བྲ་མ་ཎྀ་ཧཱུཾ་ཧཱུཾ་མ་ཧཱ་ཀྲོ་དྷི་ཤཝ་རི་ཧཱུཾ་ཕཊ། ཁྲོ་བོ་འདི་རྣམས་ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས་པ། ཞལ་གསུམ་པ། མདོག་ཨིནྡྲ་ནཱི་ལའི་འོད་འདྲ་བ། རྡོ་རྗེ་དང ། ཐོ་བ་གཅིག་ཁང་པ་དང ། ཐོད་པ་དང ། མདུང་དང ། དགྲ་སྟ་དང ། ཞགས་པ་དང ། རྩེ་གསུམ་དང ། བེ་ཅོན་དང ། མུ་སུ་དང ། འཁོར་ལོ་དང ། ཀ་ན་ཡ་དང ། ཏོ་མ་དང ། མདའ་དང ། གཞུ་དང ། ཤཀྟི་དང ། གྲི་རྣམས་ཕྱག་ན་འཛིན་པ། ཐོད་པའི་ཕྲེང་བ་མགུལ་རྒྱན་དུ་བྱས་ནས་ཉི་མ་བརྒྱའི་མེའི་འོད་འདྲ་བའོ། །དེའི་དབུས་མདུན་དུ་རྡོ་རྗེ་ཁྲག་འཐུང་ཆེན་མོ་དེ་དང་འདྲ་བའི་གཟུགས་དང་ཆ་ལུགས་འཛིན་པ་རིག་པ་འདིས་བཞགས་པར་བྱའོ། །\ུ0f00་བཛྲ་མ་ཧཱ་དྷ་ར། ་མ་ཧཱ་ཀྲོ་དྷི་ཤཝ་རི་མ་ཧཱ་སྨ་ཤཱ་ནི། པི་ཤ་ནི་ལ་ཛྭ་ལ་ཡ། མ་ཧཱ་ས་པྲ་པྲ་ཛྭ་ལ་ཏེ། མུ་ཏི་ད་ར། ཀ་པཱ་ལ་མཱ་ལ། བུ་ཤི་ད། མ་ཀུ་ཏེ། མ་ར་རུ་དྷི། ར་དྲ་ར་བ། ཙི་པུ་རི་ཏ། ཀ་པཱ་ལ་ཧསྟེ། ཁ་ཊྭཱངྒ་བཛྲ། ཏྲི་ཤའུ་ལ་གནྡྷ། མ་ཧཱ་ཀྲོ་དྷེ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧེ་ཧེ་རུ་ཏ་མུ་ཏ་པྲ་ཡེ་ཧཱུཾ་ཕཊ། དེ་ནས་བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་གཟི་བརྗིད་མཆོག་དང་ལྡན་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །རྡོ་རྗེ་ཉི་མ་ཉིད་ཀྱི་ཁྲོ་བོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ 104.147a རྗེ་ལས་ཕྱུང་ངོ ། །\ུ0f00་ཧཱུཾ་ཏྲཾ་ཨཱཿ སུརྱ་བཛྲ་ཀྲོ་དྷི་ཤཝ་རཱི། ་ད་མ་ད་མ། གྲ་ས་གྲ་ས་ཨསྟ་མ་ཧཱུཾ་ཕཊ། ཨཾ་ཧཱུཾ་བྲཾ་དྲ་དྲ་དྲ། ཁྲོ་མོ་ཆེན་མོ་འདི་ལྷོ་ཕྱོགས་སུ་བཞག་པར་བྱ་སྟེ། གཟི་བརྗིད་ཆེན་མོ་རབ་གཏོང་ཞིང ། །ཤིན་དུ་འཇིགས་པ་མེ་བཞིན་འབར། །དཔུང་པ་བཅུ་དྲུག་རྣོ་བ་ཆེ། །དཔུང་རྒྱན་ཐོད་པ་བརྩེགས་པ་བྱས། །སྤྱན་ནི་རབ་དམར་སྔོ་བསངས་མདོག་།མཚོན་ཆ་སྣ་ཚོགས་བསྣམས་པར་བརྩོན། །གདུག་པ་ཐམས་ཅད་ཆ་བྱེད་ཅིང ། །ཡི་དགས་ཆེན་པོ་སྟག་ལ་ཞོན། །རང་གི་གཡོག་གིས་མདུན་དུ་བསྐོར། །དེ་ནས་བཅོམ་ལྡན་འདས་པད་མོའི་འོད་ཟེར་འཕྲོ་བའི་འོད་ཟེར་ཕྲེང་བ་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། པད་མོའི་ཁྲོ་མོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ ། །\ུ0f00་ཧྲཱིཿ བཛྲ་པདྨ་བ་མུ་ཀེ་།ཁ་ཁ། ཁཱ་ཧི་ཁཱ་ཧི། མ་ཧཱ་མ་ཧོ་དི་ར། བི་གོ་བེ་ཧཱུཾ། ཧེ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧྲཱི་ཧ། ཤ་ཏི་ཤ་མ་ཐ་བ། བཛྲ་པ་ད་པ་ན་ལ་མ་ཧོཿ ། ཏེ་ཏོ་ཧཱུཾ་ཧཱུཾ་ཧཱུཾ་ཧི་ཧི་ཧཱུཾ། དཀྱིལ་འཁོར་གྱི་ནི་དབུས་ཉིད་དུ། །འདི་ནི་རྒྱབ་དུ་བཞག་པར་བྱ། །རྣོ་བ་ཆེན་པོ་ཞལ་གསུམ་པ། །རྟ་གདོང་གྱེན་དུ་སྟོན་པ་སྟེ། །ཁྲོ་བོ་ཆེན་པོ་དཔུང་བཅུ་དྲུག་།རྣམ་པར་བསྒྱུར་བའི་མི་སྡུག་གདོང ། །མི་ལྟོ་སྟན་ལ་ཡང་དག་ཞོན། །ཁྲག་མང་པོ་ལ་འཐུང་བྱེད་པ། །མཚོན་ཆ་སྣ་ཚོགས་འཛིན་པ་སྟེ། །ཁྲོས་པའི་དབུ་རྒྱན་ཐོད་པ་བརྩམས། །འོད་ཟེར་རྣོན་པོ་གཏོང་བྱེད་ཅིང ། །གཡོག་བཅས་དཀྱིལ་འཁོར་རྒྱན་དུ་བཞུགས། །དེ་ནས་བཅོམ་ལྡན་འདས་ཀྱི་ཡེ་ཤེས་གདོན་མི་ཟ་བའི་རྡོ་རྗེ་ཁྲོ་བོ་གཉིས་སུ་མེད་པའི་འདུལ་བའི་ཐབས་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཁྲོས་པའི་དབང་མོ་ཆེན་མོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ ། །\ུ0f00་སརྦ་ཨ་མོ་གྷ་མ་ཧཱ་བི་ཤཝེ་ཤཝ་རི། ཧཱུཾ་ཧཱུཾ་ཧཾ་ཧཾ་ཧཾ་མ་གྲོ་ཏི་གྲ་མ་ཁེ། མ་ཧཱ་བི་ཤཝ་རའུ་པ་དྷ་རི་ཎྀ་སརྦ་དུཥྚ་པྲ་ཤ་མ་ནི། ཧཱུཾ་ཧཱུཾ་ཧཱུཾ་ཕཊ། འདི་ཉིད་ཀྱིས་ནི་ཅི་རིགས་པར། །རྡོ་རྗེ་གདོན་མི་ཟ་དཀྱིལ་དུ། །གཡོག་དང་བཅས་པ་རྣམ་བ་བཞི། །སྣ་ཚོགས་དམ་ཚིག་བཞག་བྱ་སྟེ། །སྣ་ཆོགས་པ་དང་ཁྱད་པར་ཀུན་དུ་ཡོངས་སུ་བསྐོར་ནས་གནས། །བསྐྱེད་པ་དང་ནི་བཅུམ་པའི་གདོང ། །རབ་ཏུ་དྲག་པའི་རོ་བྱད་ཞིང ། །གདོང་གཉེར་ཐོད་པས་པས་རྩེ་མོ་བྱས། །དཔུང་པ་བཅུ་དྲུག་གིས་རྒྱན་པའི། །ཁྲོ་མོ་ཆེན་མོ་གདོང་གསུམ་ལ། །ཟ་བྱེད་མེ་བཞིན་ལྟ་བ་ཡི། །དེ་ཡི་རེ་བོ་ཐམས་ཅད་ཀྱི། །གཡོག 104.147b ནི་རྣམ་པ་བཞི་རྣམས་ཀྱང ། །རང་གི་ཕྱག་དང་མཚན་མར་ལྡན། །དཔུང་པ་བརྒྱད་དང་ལྡན་པ་ཡི། །དེ་ནི་ཆོ་ག་ཅི་བཞིན་དུ། །འབྱུང་མོ་ཕྱག་རྒྱ་ཡང་དག་ཞོན། །དུར་ཁྲོད་བཞིན་དུ་འཇིགས་བྱེད་པ། །ཕྱི་ཡི་རྣལ་འབྱོར་མ་ཚོགས་རྣམས། །དེ་དག་ཀུན་དུ་ཡོངས་སུ་བསྐོར། །བཞག་གམ་བྲི་བར་བྱ་ཡང་རུང ། །དེ་ནི་དེ་ཡི་སྟན་ལ་གནས། །བཞིན་མི་སྡུག་ལ་དཔུང་བཞི་མོ། །གདུག་པའི་ཁྲོ་མོ་རྣམ་བསྒྱུར་བཅས། །དེ་ལ་སོགས་པ་རིམ་པར་ལྡན། །མཁས་པས་དཀྱིལ་འཁོར་བྲི་བར་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསང་བའི་སྔགས་རྣམས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ ། །\ུ0f00་སརྦ་བཛྲ་དྷ་ར་ཨ་ནུ་རཱ་གི་ཎཱི་མ་ཧཱ་ཏི་ཤ་ཏྲི་ཧཱུཾ་ཕཊ། །\ུ0f00་སརྦ་བཛྲ་ཨཱ་ཀཪྵ་ཎི། མ་ཧཱ་ཀྲོ་དྷི་ཤཝ་རི་ཧཱུཾ་ཛཿ ཛཿ ཛཿ ཧཱུཾ་ཧཱུཾ་ཧཱུཾ།[་\ུ0f00]་བཛྲ་དྷ་ར་ཀུ་ལ་མ་ནུ་རཱ་གི་ཎི་མ་ཧཱ་བཛྲ་ཀྲོ་དྷཱི་ཤཝ་རི་ཧཱུཾ་ཧ་ཧེ་ཕཊ་ཧོཿ །[་\ུ0f00]་སརྦ་བཛྲ་དྷ་རོ་གྲ་མ་ཧཱ་ཀྲོ་དྷ་ཧཱུཾ་ས་ས་ཧཱུཾ་ཕཊ།[་\ུ0f00]་སརྦ་བཛྲ་དྷ་ར་མ་ཧི་ཧ་ཙ་ཨ་བེ་ཤ་ཀ་ཧཱུཾ་ཏྲུཾ་ཧཱུཾ།[་\ུ0f00]་སརྦ་བཛྲ་དྷ་ར་མ་ཧཱ་སུ་ཏ་པྲི་ཏི་ཀ་རོ་ཀེ་དྲ་ཐ་ཏ་ཐ།[་\ུ0f00]་སརྦ་བཛྲ་དྷ་ར་མ་ཧཱ་བཛྲ་ཧེ་རུ་ཀ་མ་ཧཱ་ཀྲོ་དྷཱི་ཤཝ་རི། མ་ཧཱ་བི་ཙ་ཡོ་ཙ་ར་བ་ཡེ། ཧཱུཾ་ཧཱུཾ་ཧཱུཾ་དྲུཾ་དྲུཾ་དྲཾ་དྲཾ་ཐ།[་\ུ0f00]་སརྦ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷ་ཨ་ཏ་ཧ་སི་ནི། ཧཱུཾ་ཧཱུཾ་དྲིཾ་དྲིཾ་ཏྲོ་ཊ་ཡ། ཏྲོ་ཊ་ཡ། ཧཱུཾ་ཕཊ།[་\ུ0f00]་སརྦ་བཛྲ་དྷ་ར་མ་ཧཱ་བཛྲ་ཀྲོ་དྷ་བྷཀྵ་ཎི་ཧཱུཾ་ཧཱུཾ་ཧཱུཾ། བྷཀྵ་ཡ་བྷཀྵ་ཡ་ཧཱུཾཧྲཱིཿ །[་\ུ0f00]་སརྦ་བཛྲ་མ་ཧཱ། །བཛྲ་དྷ་ར་བཛྲ་ཏིཀྵྞ་ཀྲོ་དྷི་ཤཝ་རི་ཚིནྡྷ་ཚིནྡྷ་ཧཱུཾ་བཛྲ་ཏིཀྵྞ་ཧསྟེ། ཚེ་ད་ཡ་ཚེ་ད་ཡ། ཧཱུཾ་མ་ཐ་མ་ཐ།[་\ུ0f00]་སརྦ་བཛྲ་དྷ་ར་མ་མ་ཧཱ་བཛྲ་ཀྲོ་དྷ་རི་ནི་ཧཱུཾ་མ་ཧཱ་གྲ་དུ་བཱི་ནི། ཧཱུཾ་ཧཱུཾ་པཱ་ཏ་ཡ་པཱ་ཏ་ཡ། མ་ཧཱ་བཛྲ་ཙ་ཀྲེ་ན་ཙ་ཀྲེ་ན་ཙུརྞ་ཧཱུཾ་ཧཱུཾ་ཕཊ།[་\ུ0f00]་སརྦ་བཛྲ་དྷ་ར་མ་ཧཱ་ཀེ་ར་བཱ་ཙ་ནི། ཧཱུཾ་ཧཱུཾ་ཧཱུཾ། མ་ཏ་མ་ཏ།[་\ུ0f00]་སརྦ་བཛྲ་མ་ཧཱ་དྷ་ར་མི་ཏ་པི་ཤ་མུ་ཁ་ཧཱུཾ་ཧཱུཾ་ཕཊ་ཕཊ།[་\ུ0f00]་སརྦ་བཛྲ་མ་ཧཱ་དྷ་ར་མ་ཡ་བ་དེ། ཧུ་དུ་ཧཾ་ཧཾ་ཧཾ་ཕཊ་ཕཊ་ཕཊ།[་\ུ0f00]་སརྦ་བཛྲ་དྷ་ར་མ་ཧཱ་བཛྲ་ཡཀྵི་ཎི་ཧཱུཾ་ཧཱུཾ། ཁ་ཁ། ཁཱ་ཧི་ཁཱ་ཧི། ཨ་བི་བ་བཱི་ཧཱུཾ་ཕཊ།[་\ུ0f00]་སརྦ་བཛྲ་དྷ་ར་མ་ཧཱ་བཛྲ་པ་ན་དི་ནི་མ་ཧཱ་ཀྲོ་དྷེ་བནྡྷ་ཡ་བནྡྷ་ཡ། བི་དྷ་ཡ་ཧཱུཾ་ཕཊ།[་\ུ0f00]་སརྦ་བཛྲ་དྷ་ར་ད་ད་ཧ་ནི། ་མ་ཧཱ་ཀྲོ་དྷི་ཤཝ་རི་ཧཱུཾ་ཧཱུཾ་ཕཊ།[་\ུ0f00]་སརྦ་བཛྲ་དྷ་ར་ཀྲོ་དྷི་མཱ་ལ་ནི། ཧཱུཾ་ཧཱུཾ། གྲུཾ་གྲུཾ་གྲུཾ།[་\ུ0f00]་སརྦ་བཛྲ་དྷ་ར་མ་ཧཱ་བཛྲ་ཀྲོ་དྷ་གནྡྷ་ག་ས་ནི། ཧཱུཾ་ཧཱུཾ་གྲུཾ་གྲུཾ།[་\ུ0f00]་སརྦ་བཛྲ་དྷ་རི་མ་ཧཱ། ཀྲོ་དྷཱི་ཤཝ་རི་མ་ཧཱ་མ་ཧོཿ ། ཀཱ་ལ་དྷ་རི་ཎི་ཏི་པ་ཡ། ཧོ་ད་ཧོ་ད།[་\ུ0f00]་སརྦ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤཝ་རི་མ་ཧཱ་ལ་སེ་ཧཱུཾ།[་\ུ0f00]་སརྦ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤཝ་རི་མཱ་ལེ་དྷ་ར་ཎི་ཧཱུཾ།[་\ུ0f00] 104.148a སརྦ་བཛྲ་དྷ་ར་དྷ་ར་མ་ཧཱ་ཀྲོ་དྷི་ག་ཏི་ནི་ཧཱུཾ་ཧཱུཾ་ཧེ་ཧེ།[་\ུ0f00]་སརྦ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷི་ཤཝ་རི་ནི་རི་ཏེ་ཀེ་ཧཱུཾ།[་\ུ0f00]་སརྦ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷ་མ་ཧཱ་ཀ་ར་ཤི་ན། ཛཿ ཛཿ ཧཱུཾ་ཧཱུཾ་ཛཿ །[་\ུ0f00]་སརྦ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷ་དྷ་ར་མ་ཧཱ་བཛྲ་པཱ་ཤ་ཧཱུཾ་ཧཱུཾ་ཧཱུཾ།[་\ུ0f00]་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་བཛྲ་ཀྲོ་དྷེ། བནྡྷེ་བནྡྷེ། བནྡྷ་ཡ་བནྡྷ་ཡ་ཧཱུཾ་བཾ།[་\ུ0f00]་སརྦ་ཏ་ཐཱ་ག་ཏཱ་བཛྲ་དྷ་ར་མ་ཧཱ་ཀྲོ་དྷེ་པ་ཤེ། ཧཱུཾ་ཧཱུཾ་ཧཱུཾ་ཧོ་ཧོ་ཧོ།[་\ུ0f00]་ཧཱུཾ་ཏྲཾ་ཧྲི་ཧཱ། ་དེ་ནས་བཅོམ་ལྡན་འདས་རྡོ་རྗེ་མཁའ་ལ་འགྲོ་བ་ཐམས་ཅད་ཀྱི་སྙིང་པོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ ། །\ུ0f00་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་བཛྲ་དྷ་ར།[་\ུ0f00]་བཛྲ་ཀྲོ་དྷ་གྷྲྀ་ཎི་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཀྲོ་དྷ་ཊཱཀྐི་ནི། མ་ཧཱ་ཧེ་མ་པ་ཏི་བ་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཊཱཀྐི་ནི་ཀུ་མཱ་རི་ཡེ་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཊཱཀྐི་ནི་དྲ་ཤ་མཱ་ར་ཡ་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཊཱཀྐི་ནི་མ་ཧཱ་བཛྲ་མུཥྚི་ནི། ་བིདྱ་བིདྱ། སུམ་བྷ་ནི་སུམ་བྷ་ནི་ཧཱུཾ་ཕཊ།[་\ུ0f00]་སརྦ་ཊཱ་ཀི་ནི་མ་ཧཱ་བཛྲ་ཀྲོ་དྷ་ར་ལི་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཊཱཀྐི་ནི་མ་ཧཱ་བཛྲ་ཀྲོ་དྷ་ཙཀྲ་ཎི། ཚིན་དྷ་ཚིན་དྷ་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཊཱཀྐི་ནི། མ་ཧཱ་མི་ཐོད་པ་ཏི་ཀེ་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཊཱཀྐི་ནི་སེ་མྱ་ཀྲོ་དྷི་ཤཝ་རི་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཊཱིཀྐི་ནི་མ་ཧཱ་བཛྲ་དྷ་ན་ཏེ་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཊཱཀྐི་ནི་མ་ཧཱ་མ་རི་ཎི་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཊཱཀྐི་ནི་མ་ཧཱ་ཨ་མྲྀ་ཏ་ཀ་པཱ་ལི་ཧསྟེ་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཊཱཀྐི་ནི། མ་ཧཱ་སེ་ནྱ་ཀྲོ་དྷི་ཤཝ་རི་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཊཱཀྐི་ནི་མྲྀ་ཏུ་དན་ད་རི་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཊཱཀྐི་ནི་ནི་བཛྲ་སྲྀ་ག་ལི་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཊཱཀྐི་ནི་པི་པ་པི་པ་རུ་དྷི་ར་མ་མ་ཧཱ་བཛྲ་པ་ལི་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཊཱཀྐི་ནི་མ་ཧཱ་བཛྲ་པཱ་ཤ་པ་པ་ཤཀྵ་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཊཱཀྐི་ནི་མ་ཧཱ་བཛྲ་ཤ་ནི་པི་ཕེ་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཊཱཀྐི་ནི། མ་ཧཱ་བཛྲ་བི་ཤེ་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཊཱཀྐི་ནི་ཨཱ་ན་ཡ་ཨཱ་ན་ཡ་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཊཱཀྐི་ནི། མ་ཧཱ་བཛྲ་བེ་ཀ་ནི་གུ་གུ་མ་ཡ་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཊཱཀྐི་ནི་བཛྲ་ཛྲྭ་ལ་ཡ། བྷསྨི་ཀུ་རུ་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཊཱཀྐི་ནི་མ་ཧཱ་བཛྲ་མི་ཀ་ཏེ་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཊཱཀྐི་ནི་མ་ཧཱ་བཛྲ་ཧསྟེ་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཊཱཀྐི་ནི་མ་ཧཱ་བཛྲ་ཀེ་ལི་པྲ་བེ་ཤ་པྲ་བེ་ཤ་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཊཱཀྐི་ནི་མ་ཧཱ་སུ་མཾ་སཱ་ཤ་ནི་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཊཱཀྐི་ནི་མ་ཧཱ་ཀ་ར་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཊཱཀྐི་ནི་མ་ཧཱ་ཀ་ར་ཤ་ནི་མི་ཏ་ཀ་ལ་མུ་ཀི་ཧཱུཾ་ཛཿ ཛཿ ཧཱུཾ་ཕཊ།[་\ུ0f00]་བཛྲ་ཊཱཀྐི་ནི་ཡ་བི་ཤ་ནི་ཧཱུཾ་ཕཊ། ཁྲོ་བོ་སྤྱིའི་བསྙེན་པའི་སྙིང་པོ་འདི་གསུངས་སོ། །\ུ0f00་བ་ཧཱུཾ་བི་བི་ཏ་རོ། དྲ་སན་ཏི་ཏ། ཡི་ནི་ཤེ་ཤེ། སརྦ་བི་དཱ་ན་ཡ། སརྦ་ཏ་ཐཱ་ག་ཏཱ་ཛ་ལེ་ཛ་ལེ། པྲ་ཛ་ལེ་པྲ་ཛ་ལེ། གུར་བི 104.148b གུར་བི། ཀྵ་མ་སརྦ་མ་བ་པྲ་ཎི། བྷྱོ་ཧཱུཾ་ཧཱུཾ་\ུ0f00་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། བསྙེན་པའི་གྲངས་བརྒྱ་དང་སྟོང་དང་འབུམ་མོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་རོལ་པ་ལས་གསང་བའི་ཁྲོ་བོའི་བསྙེན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་རོལ་པ་རྡོ་རྗེ་ཁྲོ་བོའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ ། །ཁྲོ་བོ་རྡོ་རྗེ་མགྱོགས་པའི་དབུ་ལྔ་བཅུ་རྩ་གཅིག་།ཕྱག་བརྒྱ་རྩ་གཉིས་པ་ཕྱུང་སྟེ།[་\ུ0f00]་བཛྲ་ཊཱཀྐི་ནི་མ་ཧཱ་བན་ཏེ། བཾ་བཾ་ཕཊ།[་\ུ0f00]་བཛྲ་ཊཱཀྐི་ནི་མ་ཧཱ་དོ་ཤ་ན་ས་ཡེ་ཧཱུཾ་ཕཊ། ཨ་ཨ།[་\ུ0f00]་བཛྲ་མ་ཧཱ་རཀྵ་ས་མ་ས་རུ་ཏི། ར་མ་ཏི་ད་པྲི་ཡ། མ་ཧཱ་ཀུམ་བ་ཀཱ་རུ་ཎ། ཧཱུཾ་ཧཱུཾ་ཧཱུཾ། ཀྵ་\ུ0f00་བཛྲ་མ་ཧཱ་རཀྵ། ཨ་གཏྟ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། སརྦ་བཛྲ་ག་ལ། བ་ཤི་ན་བ་ན་ད་བ་ན་ད། ཧཱུཾ་ཧཱུཾ་ཧཱུཾ། ཕཊ།[་\ུ0f00]་བཛྲ་རཀྵ་བན་དྷ་ཡ་བན་དྷ་ཡ། བི་ཤ་ཡ། བི་ཤ་ཡ། བི་བི་ཤ་ན་སརྦཱ་ན། ཧཱུཾ་ཧཱུཾ་ཕཊ།[་\ུ0f00]་བཛྲ་མ་ཧཱ་ར་ཤ་ས། བན་དྷ་ཡ་བན་དྷ་ཡ། སརྦ་མ་ཧཱ་བི་ཀྲྀ་ཏ་ན་ན། ད་ཤ་གྲཱི་བ་ཧཱུཾ་ཕཊ། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ་ཧེ་རུ་ཀའི་སྤྲུལ་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ ། །སྨུག་ནག་སྔོ་ནག་།ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ། ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ། ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ། ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ། ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ། ཕཊ། ཞལ་རེ་རེ་ནས་ཧཱུཾ་དང་ཕཊ་ཀྱི་སྒྲ་མང་པོ་ཕྱུང་བས། ཁྲོ་བོ་འབུམ་དུ་གཅིག་དུ་ཕྱུང་སྟེ། ཧཱུཾ་དང་ཕཊ་ཀྱི་སྒྲ་མང་པོ་འབྱིན་ཅིང་འཇིག་རྟེན་གྱི་ཁམས་དུས་གཅིག་ཏུ་གང་བར་གྱུར་ཏེ། དྲེགས་པ་ཐམས་ཅད་བརྒྱལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པ་མ་དང ། མཁའ་འགྲོ་མ་རྣམས་ཀྱི་ཏིང་ངེ་འཛིན་དུ་ཞུགས་ཏེ། མ་དང་མཁའ་འགྲོ་མ་འབུམ་ཆོས་ཀྱི་དབྱིངས་ནས་བཞེངས་ཏེ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ ། །མ་མོ་འབུམ་གྱི་རྒྱལ་མོ་དབྱིངས་ནས་བཞེངས། །ཁྱོད་ནི་ཡེ་ཤེས་ལྷ་མོ་འབུམ 104.149a གྱི་གཙོ། །ཞིང་ལྤགས་རློན་པས་ས་གཞི་འགེངས་མཛད་མ། །ཞིང་ཆེན་རློན་པས་གཡང་གཞི་རལ་པ་ཅན། །གཟིགས་ལྤགས་རློན་པ་སྟོང་གིས་སྐུ་སྨད་ཀླུབས། །སྦྲུལ་ནག་འབུམ་གྱིས་ཡན་ལག་རྒྱན་དུ་སྒྲིལ། །ཐོད་རློན་ཐོད་སྐམ་ཐོད་ཚལ་མགུར་ཆུ་དཔུང་རྒྱན་སེར་རལ་ཁ། །ཁྱོད་ཀྱི་རྡོ་རྗེ་ཐེའུ་གཤོག་གཡས་པ་ལས། །ཡེ་ཤེས་ལྷ་མོ་ཚོགས་ནི་བརྒྱ་ཡང་འཚེར། །ཁྱོད་ཀྱི་རྡོ་རྗེ་ཐེའུ་གཤོག་གཡོན་པ་ལ། །ལས་བྱེད་ལྷ་མོ་བརྒྱད་བཅུ་གནས། །ཉིན་ཞིང་རྒྱ་མཚོ་གཏིང་ནས་བཞུགས་པའི་ཚེ། །ཀླུ་རྒྱལ་འབུམ་གྱིས་བཀྲིས་ཤིང་མཆོད་པ་འབུལ། །མཚན་ཞིང་རི་རབ་རྩེ་ལ་བཞུགས་པའི་ཚེ། །གནོད་སྦྱིན་བུ་མོ་ཁྱོད་ཀྱི་ཕོ་ཉར་གཏོང ། །བདུད་ཀྱི་བུ་མོ་འཁོལ་ཞིང་ང་རྒྱལ་དྲག་ཏུ་གནོན། །གཤེད་མ་དོན་དུ་གཉེར་ཞིང་དགྲ་སྙིང་ཚལ་པར་འགས། །གསུར་ཆེན་དུད་པས་འཇིག་རྟེན་མ་ལུས་འགེངས། །ཤ་ཆེན་རོ་ལ་རྔམ་ཞིང་དཔལ་ཆེན་ཞལ་དུ་སྟོབ། །རང་ཡང་ཟ་ཞིང་གྲོགས་ལ་འདར་བར་བྱེད། །མ་དང་མཁའ་འགྲོ་དབྱིངས་ནས་བསྐུལ་བསྐྱོད་ལ། །ལས་ལ་འཁྲིལ་ཞིང་ཆོས་ཀྱི་དབྱིངས་སུ་བསྟེན། །མཁའ་འགྲོ་ཟ་བྱེད་མགྱོགས་མ་གཤོག་པ་ཅན། །མཁའ་འགྲོ་འཇུག་བྱེད་ཡིད་འཕྲོག་ནུ་མ་ཅན། །མཁའ་འགྲོ་རྔམ་པའི་ཞལ་གདངས་མཆེ་བ་ཅན། །མཁའ་འགྲོ་འབྱུང་བ་འཛིན་པའི་སྡེར་མོ་ཅན། །མཁའ་འགྲོ་ཁམས་གསུམ་རྔུབ་པའི་མཆུ་རིངས་མ། །མཁའ་འགྲོ་དུག་གསུམ་ཟ་བྱེད་འབར་བའི་སྐུ། །ལས་ཀྱི་མཁའ་ལ་འགྲོ་བའི་ཤུགས་ཅན་མ། །དོན་གྱིས་མཁའ་ལ་འགྲོ་བའི་ཡེ་ཤེས་ཡུམ། །དེ་ནས་མཁའ་འགྲོ་མ་བརྒྱད་དཔལ་ཆེན་པོའི་ཏིང་ངེ་འཛིན་གྱིས་ལས་བྱེད་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཧེ་རུ་ཀའི་རོལ་པ་མ་དང་མཁའ་འགྲོ་མ་དེ་རྣམས་དང་གཉིས་སུ་མེད་པའི་སྦྱོར་བ་རྩེ་གཅིག་མའི་ཏིང་ངེ་འཛིན་དུ་མཛད་དོ། །འདོད་ཆགས་ཞེ་སྡང་གཏི་མུག་གསུམ་ལ་སྐྱེས་པའི་བདུད་བག་ཆགས་ཀྱིས་མཚམས་སྦྱར་ཏེ། བདུད་རུ་ཏྲ་ནག་པོ་སེམས་ཅན་དང་རྣལ་འབྱོར་པ་ལ་འཚེ་ཞིང་གནོད་པར་བྱེད་པ་ཟ་བར་བྱེད་པ་དེ་ལ་བཅོམ་ལྡན་འདས་ཧེ་རུ་ཀའི་རོལ་པས་ཕོ་ཉའི་ཏིང་ངེ་འཛིན་དུ་ཞུགས་ཏེ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ ། །ཏིལ་མར་སྣ་ཚོགས་ཀྱིས་ལུས་བསྐུས་པའི 104.149b རྡོ་རྗེ་མཆེ་བ་ཅན་དང ། ནག་མོ་མི་ཐོད་ཐོགས་པའི་རྡོ་རྗེ་ཕྲེང་བ་ཅན་དང ། རྣལ་འབྱོར་ཡེ་ཤེས་རྡོ་རྗེ་དམ་ཚིག་མ་དང ། མགོ་བོ་ཅོད་པན་ལེགས་སྤྲས་རྡོ་རྗེ་ཁྲག་འཐུང་མ་དང ། ལག་ན་མཚོན་ཐོགས་པའི་རྡོ་རྗེ་ཕྲེང་མ་དང ། དགྲ་བགེགས་དབང་དུ་སྡུད་པའི་རྡོ་རྗེ་གཡུལ་ཟློག་མ་དང ། སྦྲུལ་གྱི་སྐ་རགས་འཆིང་ཞིང་ལག་ན་མདུང་ཐུང་རལ་གྲི་ཐོགས་མ་དང ། ཞིང་ལྤགས་རྐེད་པས་བཀྲིས་ཤིང་ཁྲག་གིས་མྱོས་མ་དང ། མིག་རྩ་དམར་པོར་གྱུར་པའི་རྡོ་རྗེ་འཁྲུག་མ་དང ། མཚན་མོ་དུར་ཁྲོད་དུ་རྒྱུ་བའི་འབྱུང་མོ་སྒྲོལ་མ་དང ། ཀོ་རློན་སྨད་བཀྲིས་ཐོད་པ་སེ་རལ་ཁར་ཐོགས་མ་དང ། མི་རོ་རྒྱུ་མ་ཚེམས་ཀྱིས་འདྲེན་པའི་རྡོ་རྗེ་ཟབ་མོ་དང ། ཁྲག་གི་ཐིག་ལེས་བརྒྱན་པའི་རྡོ་རྗེ་དྲི་ཚོར་མ་དང ། ཞིང་ཆུང་འཛིན་པའི་རྡོ་རྗེ་འཁྲུག་མ་དང ། རྡོ་རྗེ་ཞག་གི་ཚོམ་བུ་ཅན་ཆེན་མོ་དང ། རྡོ་རྗེ་མི་རོ་ཤ་ལ་ཆེམ་ཆེམ་ཟ་བའི་རྡོ་རྗེ་མཆེ་བ་འཛིན་མ་དང ། དྲག་པོ་འདུལ་བའི་རྡོ་རྗེ་དྲག་མོ་ཆེན་མོ་དང ། མ་མོ་སྐྲག་པར་བྱེད་པའི་ཁམས་གསུམ་དབང་དུ་སྡུད་མ་དང ། ཞིང་ལ་སྐམ་པར་བྱེད་པའི་རྡོ་རྗེ་ཁ་ཊྭཱཾ་ག་དང ། ནག་མོ་ལུས་མདོག་གནག་པའི་རྡོ་རྗེ་མེ་སྟག་འཕྲོ་བ་མོ་དང ། ཟས་སུ་ཁྲག་ཚིལ་ཟ་བའི་རྡོ་རྗེ་སྲིན་མོ་དང ། ཀུན་ལ་དབང་མཛད་རྡོ་རྗེ་པད་མ་འཛིན་པ་དང ། ཟས་སུ་ཤ་རློན་ཟ་བའི་རྡོ་རྗེ་རྔ་མོ་དང ། ེ་མ་མ་ཚོགས་རྡོ་རྗེ་ཟ་བྱེད་མ་དང ། དཔལ་ལྡན་ཆེན་པོ་རྡོ་རྗེ་ལྕང་ལོ་ཅན་མ་དང ། ཁ་ནས་རྡོ་རྗེ་མེ་འབར་རྒྱ་མཚོ་སྐེམས་མ་དང ། ལག་ན་བདུད་རྩི་རྡོ་རྗེ་འཛིན་མ་དང ། ནག་མོ་མིག་གཅིག་རྡོ་རྗེ་ལྕགས་ཀྱུ་འཛིན་མ་དང ། སྦྲུལ་གྱི་ཞགས་པ་ཐོགས་པའི་རྡོ་རྗེ་གཤོག་པ་ཅན་དང ། ལྕགས་ཀྱི་བྱ་ཁྲ་ཁྱུང་གི་གཡུ་མིག་ཅན་དང ། ཐལ་བའི་མཚན་མས་རྡོ་རྗེ་འབྱུག་མ་དང ། རྡོ་རྗེ་རལ་གཅིག་ཆེན་མོ་ཟ་བྱེད་མ་དང ། རྡོ་རྗེ་ཏྲི་ཤཱུ་ལ་ཐོགས་པའི་ཞག་གི་ཚོམ་བུ་ཅན་དང ། ཚམ་ངམ་དྲག་ཤུལ་སྤྱོད་པའི་རྡོ་རྗེ་སྒྲོལ་མ་དང ། འཇིགས་པའི་གཟུགས་ཅན་རྡོ་རྗེ་བདུད་འདུལ་མོ་དང ། རྣམ་པར་བསྒྱིངས་པའི་རྡོ་རྗེ་གཟུགས་ཅན་མ་དང ། ཅིར་ཡང་འགྱུར་བའི་རྡོ་རྗེ་རྫུ་འཕྲུལ་ཅན་དང ། ཁྲོ་གཉེར་སྤྱན་བགྲད་རྣལ་འབྱོར་སྔོ་ནག་ཆེན་མོ་དང ། མཆེ་བ་གཙིགས་པའི་རལ་པ་འཁྱིལ་མ་དང ། ཐོད་པ་རློན་པའི་རྡོ་རྗེ་མུན་ཙ་ལ་དང ། དབུ་གསུམ་ཕྱག་དྲུག་རྡོ་རྗེ་མི་ལྤགས་གཡང་གཞི་གསོལ་བ་དང ། སྟི་ར་ཆུང 104.150a ངུ་མང་པོ་བརྒྱུས་ནས་བརྒྱན་ཏེ་རྡོ་རྗེ་བརྗིད་མ་དང ། ཚམ་ངམ་བརྐྱང་བསྐུམ་རྡོ་རྗེ་འཇིག་རྟེན་སྐྲག་མ་དང ། བདུད་བཞི་གནོན་པའི་རྡོ་རྗེ་བན་དརལྡན་པ་དང ། སྟིར་ཆེན་གློ་སྙིང་འདྲེན་པའི་རྡོ་རྗེ་ཁྲག་འཐུང་མ་དང་འཇིགས་སུ་རུང་བའི་རྡུབས་པའི་པའི་རྔེའུ་ཆུང་ཐོགས་པའི་རྡོ་རྗེ་རྐན་སྒྲ་ཅན་དང ། ལོག་པར་ལྟ་བའི་རྡོ་རྗེ་བདུད་རྣམས་འདུལ་བ་དང ། རོ་ལ་རྔམ་པའི་རྡོ་རྗེ་ཟ་བ་མོ་དང ། གསོད་ཅིང་སྦྱོང་བའི་རྣལ་འབྱོར་སྔོ་ནག་མ་དང ། ཁྲོ་གཉེར་སྤྱན་བགྲད་རྡོ་རྗེ་མཆེ་གཙིག་མ་དང ། ་ཚམ་ངམ་ཆེན་མོ་མཛད་པའི་ཏྲི་ཤའུལ་མདའ་འཕེན་རྡོ་རྗེ་འགེངས་མ་དང ། དགྱེས་པར་བྱེད་པའི་རྡོ་རྗེ་སེ་གོལ་རྡེབས་མ་དང ། འགུགས་པར་བྱེད་པའི་རྡོ་རྗེ་རྣལ་འབྱོར་དམར་ནག་འཇིགས་པའི་སྐུ་དང ། སངས་རྒྱས་ཀུན་གྱི་རྡོ་རྗེ་ཡུམ་ཆེན་མོ་དང ། རྣལ་འབྱོར་ཆེན་མོ་དུར་ཁྲོད་བདག་མོ་དང ། ཚམ་རྔམ་གར་མཁན་ཆེན་མོ་རྡོ་རྗེ་སྟགས་ཚུལ་ཅན་དང ། རྣལ་འབྱོར་མཐིང་ནག་རྡོ་རྗེ་སྟིར་ཆེན་ཟ་བ་མོ་དང ། བདུད་བཞི་འཇོམས་པའི་རྡོ་རྗེ་གདུག་པ་གླད་འགེམས་མ་དང ། གསོད་པའི་ལས་ལ་དགྱེས་པའི་ཁྲོ་མོ་རྡོ་རྗེ་ལྗང་མ་དང ། ཁྲོ་གཉེར་འཇིགས་པའི་དབུ་གཅིག་ཕྱག་དྲུག་མ་དང ། རྡོ་རྗེ་ཏྲི་ཤའུ་རྡེའུ་འཛིན་པའི་རྡོ་རྗེ་རྐན་སྒྲ་རྡེབས་མ་དང ། འཆིང་ཞིང་སྡོམ་པའི་རྣལ་འབྱོར་སེར་ནག་དང ། ་གཏུམ་མོ་ཞེ་སྡང་སྟིར་ཆེན་ཟ་བ་མོ་དང ། ཞིང་ཆེན་ནང་གྲོལ་འབྱིན་ཅིང་རྡོ་རྗེ་ཚམ་རྔམ་ཅན་དང ། སྒྲོལ་བར་བྱེད་པའི་རྡོ་རྗེ་མཐིང་ནག་དང ། སྤྱན་བགྲད་མཆེ་གཙིགས་རྡོ་རྗེ་ཆེན་མོ་དང ། སྟི་ར་འདྲེན་པའི་རྡོ་རྗེ་ཁྲག་འཐུང་ཞལ་དུ་སྟོབས་མ་དང ། སྤུ་གྲིས་འདེབས་པའི་རྡོ་རྗེ་བན་དར་ལྡན་མ་དང ། ཟངས་གྲིས་འདེབས་ཤིང་ཁ་ཊྭཱཾ་འཕེན་པའི་རྡོ་རྗེ་ཤ་ཟ་བ་མོ་དང ། རོ་ལ་བརྐམ་པའི་རྡོ་རྗེ་ཟ་སྟངས་ཆེན་མོ་དང ། རྡོ་རྗེ་སེར་ནག་སེང་གེ་མགོ་ཅན་དང ། མཆེ་གཙིགས་སྤྱན་གསུམ་འཇིགས་པའི་རྡོ་རྗེ་སྡང་མིག་ཅན་དང ། མཆི་ཚོགས་མང་པོས་བསྐོར་བའི་རྡོ་རྗེ་ཞེ་སྡང་འཇོམས་མ་དང ། མཐིང་ནག་རྡོ་རྗེ་སེང་གེ་རལ་པ་ཅན་དང ། རྡོ་རྗེ་ཡེ་ཤེས་སྐུའི་ཆ་ལུགས་འཆང་མ་དང ། མི་འཇིགས་སྟི་རའི་གཡང་གཞི་གསོལ་མ་དང ། སྲོག་ཆགས་མང་པོའི་སྙིང་འབྱིན་རྡོ་རྗེ་ཀླད་འགེམས་མ་དང ། དམར་མོ་ཆེན་མོ་སྟི་ར་མགོ་ཅན་དང ། ཡེ་ཤེས་ལྔའི་རྡོ་རྗེ་ཆ་ལུགས་འཆང་མ་དང ། མི་འཇིགས་བཞིའི་གཡང་གཞི་སེ་རལ་ཁར་ཐོགས་མ་དང ། བཀའ 104.150b ལས་མི་འདའ་ཐུགས་དམ་སྐོང་ཞིང་ལས་མཛད་མ་དང ། བན་ད་རག་ཏས་བཀང་ནས་གཙོ་ལ་སྟོབས་ཤིང་དགྲ་སྡང་ཀླད་འགེམས་མ་དང ། གསོད་བྱེད་སྔོ་ནག་དུར་བྱའི་མགོ་ཅན་དང ། མཆི་ཚོགས་འཁོར་དུ་བསྐོར་ཞིང་འདོད་ཆགས་འཇོམས་པའི་རྡོ་རྗེ་ཟ་བ་མོ་དང ། ཐལ་ཆེན་རག་ཏས་རྡོ་རྗེ་སྐུ་ལ་བརྒྱན་མ་དང ། སྤུ་གྲི་མགོ་གཅོད་བན་ད་འཐུང་ཞིང་གསོད་ལ་དགའ་བ་མོ་དང ། རྡོ་རྗེ་ཞགས་པ་འཆིང་ཞིང་ཁྲག་འཐུང་ཞལ་དུ་སྟོབ་པ་དང ། མཐིང་ནག་འགྱིང་སྟབས་རྡོ་རྗེ་ཤཝ་ན་ཁྱི་མགོ་ཅན་དང ། གློ་སྙིང་འདྲེན་པའི་རྡོ་རྗེ་ལྕགས་ཀྱུ་འཛིན་མ་དང ། ཕྲག་དོག་འཇོམས་པར་བྱེད་པའི་རྡོ་རྗེ་ཟ་བ་དང ། དམར་ནག་འགྱིང་བའི་བྱ་རྒོད་མགོ་ཅན་དང ། ཞིང་ཆེན་རྒྱུ་འདྲེན་གཏི་མུག་འཇོམས་པར་བྱེད་མ་དང ། གཤོག་ཚོགས་མང་པོས་བསྐོར་བའི་ཐོད་རློན་འཛིན་མ་དང ། སེར་ནག་འགྱིང་བའི་ཕོ་རོག་མགོ་ཅན་དང ། ཀླུ་རྣམས་འདུམ་པར་བྱེད་པའི་སྔགས་དང་ཕྱག་རྒྱ་འཆང་མ་དང ། ་མཐིང་ནག་འགྱིང་བ་བྱ་རོག་མགོ་ཅན་དང ། སེར་ནག་གསོད་པར་བྱེད་པའི་མགོ་ཅན་དང ། ཤ་ཁྲག་ཟ་བའི་མཁའ་འགྲོ་དབུ་གསུམ་མ་དང ། ལྕགས་ཀྱུས་འདྲེན་པ་མི་འཇིགས་སྦྱོར་བ་དང ། རྡོ་རྗེ་བཀའི་ཕོ་ཉ་སྤྱན་གསུམ་མཆེ་བ་ཅན་དང ། རྡོ་རྗེ་བྲན་མོ་གཏུམ་བག་ཅན་དང ། འཇིགས་པའི་གཟུགས་ཅན་རྡོ་རྗེ་ཁྲག་འཐུང་མ་དང ། སྙིང་རྗེ་ཕག་གི་མགོ་ཅན་དང ། ་རྡོ་རྗེ་སྦྲུལ་གྱི་མགོ་ཅན་དང ། རྡོ་རྗེ་གཟིག་གི་མགོ་ཅན་དང ། རྡོ་རྗེ་བྱི་བའི་མགོ་ཅན་དང ། རྡོ་རྗེ་ཕ་བང་མགོ་ཅན་དང ། རྡོ་རྗེ་དྲེད་ཀྱི་མགོ་ཅན་དང ། རྡོ་རྗེ་དོམ་གྱི་མགོ་ཅན་དང ། རྡོ་རྗེ་སྡིག་པའི་མགོ་ཅན་དང ། རྡོ་རྗེ་ཝའི་མགོ་ཅན་དང ། རྡོ་རྗེ་སྟག་གི་མགོ་ཅན་དང ། རྡོ་རྗེ་རྟའི་མགོ་ཅན་དང ། རྡོ་རྗེ་སྤྱང་ཀུའི་མགོ་ཅན་དང ། རྡོ་རྗེ་བུབ་ཤུད་ཀྱི་མགོ་ཅན་དང ། རྡོ་རྗེ་ཤ་བའི་མགོ་ཅན་དང ། རྡོ་རྗེ་སྐྱིན་གྱི་མགོ་ཅན་དང ། རྡོ་རྗེ་ཕག་གི་མགོ་ཅན་དང ། རྡོ་རྗེ་རྔ་མོའི་མགོ་ཅན་དང ། རྡོ་རྗེ་བྱ་རོག་མགོ་ཅན་དང ། ་རྡོ་རྗེ་སྤང་ཏིའི་མགོ་ཅན་དང ། རྡོ་རྗེ་སྐེ་ཀའི་མགོ་ཅན་དང ། རྡོ་རྗེ་ཁྲའི་མགོ་ཅན་དང ། རྡོ་རྗེ་སྤྲེའིུ་མགོ་ཅན་དང ། རྡོ་རྗེ་ཁུ་བྱུག་མགོ་ཅན་དང ། རྡོ་རྗེ་སེང་གེ་མགོ་ཅན་དང ། རྡོ་རྗེ་ཕ་བང་མགོ་ཅན་དང ། རྡོ་རྗེ་ཤ་བའི་མགོ་ཅན་དང ། རྡོ་རྗེ་སྲིན་བྱའི་མགོ་ཅན་དང ། རྡོ་རྗེ་སྲེ་མོ་མགོ་ཅན་དང ། རྡོ་རྗེ་ཟེར་མོ་མགོ་ཅན་དང ། རྡོ་རྗེ་དམག་པ་ཐང་གོག་གི་མགོ་ཅན་དང ། རྡོ་རྗེ་ཉི་མའི་ཞགས་པ 104.151a ཅན་དང ། རྡོ་རྗེ་མེ་ལྕེ་གློག་ཕྲེང་འཛིན་དང ། རྡོ་རྗེ་སྲིན་མོ་མདུང་ཐུང་འཕེན་པ་དང ། རྡོ་རྗེ་རལ་གྲི་སྒྲ་འབྱིན་མ་དང ། རྡོ་རྗེ་ཀླུ་མོ་ཐོགས་འབེབས་མོ་དང ། རྡོ་རྗེ་འཇིགས་བྱེད་བ་ལང་གི་སྣ་དང ། རྡོ་རྗེ་གནོད་སྦྱིན་ཁྱུང་གདོང་མ་དང ། རྡོ་རྗེ་ལག་ན་ཁྲག་ཐོགས་མ་དང ། རྡོ་རྗེ་ཟླ་བ་སྐར་མདའ་ལྟར་གཏོང་བ་དང ། རྡོ་རྗེ་དམ་ཚིག་བསྲུང་མ་དཔལ་ཕྲེང་མ་དང ། རྡོ་རྗེ་ལག་ན་ཕུར་བུ་འདྲིལ་མ་དང ། རྡོ་རྗེ་རི་རབ་བསྙིལ་བའི་རྔམ་སྟངས་ཅན་དང ། རྡོ་རྗེ་དམར་མོ་སྤྱན་གསུམ་ཤིན་དུ་མི་སྲུན་མ་དང ། རྡོ་རྗེ་ཅིར་ཡང་འགྱུར་བའི་རྫུ་འཕྲུལ་ཅན་ཆེན་མོ་དང ། རྡོ་རྗེ་མཁའ་འགྲོ་མའི་མགྱོགས་མ་དང ། རྡོ་རྗེ་སྨུག་ནག་གཏིབས་པའི་མེད་དཔལ་ཅན་དང ། རྡོ་རྗེ་ཀེ་རུས་འཆའ་བའི་ཚེམས་རྣོན་མ་དང ། རྡོ་རྗེ་བཞད་མའི་ཤིན་དུ་གད་རྒྱངས་ཆེན་མོ་དང ། རྡོ་རྗེ་ནང་གྲོལ་འདྲེན་མ་ཀང་ཀའི་མགོ་ཅན་དང ། རྡོ་རྗེ་སྒྲ་འབྱིན་འབྲུག་སྒྲོགས་མ་དང ། རྡོ་རྗེ་བདུད་རྩི་རིན་ཆེན་ཆར་འབེབས་མ་དང ། རྡོ་རྗེ་ཤུགས་འཆང་རྡོ་རྗེ་སྒྲོལ་མ་དང ། རྡོ་རྗེ་དབང་མོ་རྡོ་རྗེ་སྡེར་མོའི་ཚོགས་དང ། རྡོ་རྗེ་ཤན་པ་སྤུ་གྲིའི་རྣོན་པོའི་སོ་ཅན་དང ། རྡོ་རྗེ་གོ་ཆ་སྲ་བར་བྱེད་པ་དང ། རྡོ་རྗེ་སྤྲིན་ཚོགས་མང་པོ་སྡུད་པར་བྱེད་པ་དང ། རྡོ་རྗེ་འུར་འུར་ཤིག་ཤིག་གཡོ་བར་བྱེད་པ་དང ། རྡོ་རྗེ་རྐན་སྒྲ་རྡེབས་པའི་དྲག་ཤུལ་ཅན་ཆེན་མོ་དང ། རྡོ་རྗེ་ཟ་བར་བྱེད་པའི་ཕཊ་ཕཊ་སྒྲོགས་མ་དང ། རྡོ་རྗེ་བརྐྱང་བསྐུམ་གཤིན་རྗེ་གནོན་མ་དང ། རྡོ་རྗེ་ཞིང་ཆེན་ཁྲག་འཛག་ཐོད་རློན་སྐུ་ལ་བརྒྱན་པ་དང ། རྡོ་རྗེ་དྲག་པོའི་ང་རོ་འབྱིན་པའི་གདོང་གསུམ་མ་དང ། རྡོ་རྗེ་ཡུད་ཙམ་འདུལ་ཕྱོགས་བཅུར་འཕྲོ་མ་དང ། རྡོ་རྗེ་སེང་གེ་སྟབས་སུ་མཆོད་པའི་ང་རྒྱལ་ཅན་དང ། ་རྡོ་རྗེ་སྤྲུལ་པ་མང་པོ་འགྱེད་པའི་བྱ་ཁྲ་ཁྱི་སྒྱིགས་ཅན་དང ། རྡོ་རྗེ་སྟིར་གནས་མྱུལ་བྱ་ཁྲ་ཁྱི་སྒྱིགས་ཅན་དང ། རྡོ་རྗེ་དམ་ཚིག་གི་ཚོགས་མྱུལ་མ་བྱ་ཁྲ་ཁྱི་སྒྱིགས་ཅན་དང ། རྡོ་རྗེ་ཕྱི་ནང་མཚམས་མྱུལ་མ་བྱ་ཁྲ་ཁྱི་སྒྱིགས་ཅན་དང ། རྡོ་རྗེ་དམ་ཚིག་གི་རྗེས་གཅོད་མ་བྱ་ཁྲ་ཁྱི་སྒྱིགས་ཅན་དང ། རྡོ་རྗེ་དེ་བྱའི་སྦྱོར་མྱུལ་མ་བྱ་ཁྲ་ཁྱི་སྒྱིགས་ཅན་དང ། རྡོ་རྗེ་འདོད་ཆགས་མ་བྱ་ཁྲ་ཁྱི་སྒྱིགས་ཅན་དང ། རྡོ་རྗེ་དུར་ཁྲོད་རོ་ཟ་འདུལ་བའི་བྱ་ཁྲ་ཁྱི་སྒྱིགས་ཅན་དང ། རྡོ་རྗེ་དམར་མོ་བཀྲ་གསལ་དབང་སྡུད་མ་དང ། རྡོ་རྗེ་སེར་མོ་སྦྲུལ་གྱི་སྐ་རགས་ཅན་དང ། རྡོ་རྗེ་གནམ་ལྕགས་འུར་མོ་ཐོག་འབེབས 104.151b མ་དང ། རྡོ་རྗེ་བརྒྱལ་བྱེད་དངས་པར་བྱེད་མ་དང ། རྡོ་རྗེ་བསྡམས་པས་སྲིན་མོ་བརྒྱལ་བར་བྱེད་མ་དང ། རྡོ་རྗེ་ཁ་ནས་མི་ཁྲག་རྟ་ཁྲག་འཛག་མ་དང ། རྡོ་རྗེ་དབུ་སྟོང་ཕྱག་སྟོང་བདུད་ཀྱི་དཔུང་རྣམས་འདུལ་བར་བྱེད་མ་དང ། རྡོ་རྗེ་འབུམ་ཕྲག་ཡངས་པའི་མཁའ་འགྲོ་ཆེན་མོ་དང ། རྡོ་རྗེ་རལ་པ་སྤྱི་གཙུག་འཁྱིལ་མ་དང ། རྡོ་རྗེ་སྐུ་ཡིས་རོལ་པའི་མཁའ་འགྲོ་འབར་མ་དང ། རྡོ་རྗེ་གསུང་གི་སྤྲུལ་པ་ཕྱོགས་བཅུར་འགྱེད་མ་དང ། རྡོ་རྗེ་ཐུགས་ཀྱི་སྒྱུ་འཕྲུལ་མངའ་མ་ཆེན་མོ་དང ། རྡོ་རྗེ་ཐུགས་ཀྱི་སྒྱུ་འཕྲུལ་དབང་ཕྱུག་མོ་དང ། རྡོ་རྗེ་རིན་ཆེན་སྐུའི་དབང་ཕྱུག་མ་དང ། ་རྡོ་རྗེ་པད་མོ་དབང་ཕྱུག་མ་དང ། རྡོ་རྗེ་དབྱིངས་ལ་སྦྱོར་ཞིང་སྟན་བྱེད་མ་དང ། རྡོ་རྗེ་མགྱོགས་མ་དབུ་དགུ་མ་དང ། རྡོ་རྗེ་སྒྲ་འབྱིན་མ་དང ། རྡོ་རྗེ་ཚེར་མ་དང ། རྡོ་རྗེ་མྱོང་མ་དང ། རྡོ་རྗེ་རེག་བྱེད་ཀུན་ལ་འཁྱམས་དང ། རྡོ་རྗེ་དམར་ནག་དབུ་གསུམ་མ་དང ། རྡོ་རྗེ་སྔོ་ནག་རལ་པ་ཅན་ཆེན་མོ་དང ། རྡོ་རྗེ་ལྗང་ནག་དབུ་བརྒྱ་མ་དང ། རྡོ་རྗེ་ལྗང་སྔོ་དབུ་དྲུག་མ་དང ། རྡོ་རྗེ་བ་ལང་གི་མགོ་ཅན་མ་དང ། རྡོ་རྗེ་སེར་ནག་དབུ་བཅཝ་ལྔ་མ་དང ། རྡོ་རྗེ་སྨུག་ནག་དབུ་བརྒྱ་མ་དང ། རྡོ་རྗེ་ལྗང་སེར་ཁྲོ་གཏུམ་དབུ་དགུ་མ་དང ། རྡོ་རྗེ་སེར་མོ་དབུ་གཅིག་མ་དང ། རྡོ་རྗེ་དཀར་མོ་དབུ་ལྔ་མ་དང ། ་རྡོ་རྗེ་ནག་མོ་དབུ་གསུམ་མ་དང ། རྡོ་རྗེ་བསྙེམས་མ་བྱ་ཁྲ་ཁྱི་སྒྱིགས་ཅན་དང ། རྡོ་རྗེ་སེར་མོ་བྱ་ཁྲ་ཁྱི་སྒྱིག་ཅན་དང ། རྡོ་རྗེ་དུར་ཁྲོད་ཀྱི་བདག་མོ་བྱ་ཁྲ་ཁྱི་སྒྱིག་ཅན་དང ། རྡོ་རྗེ་གཏུན་ཁུང་མ་བྱ་ཁྲ་ཁྱི་སྒྱིག་ཅན་དང ། ་རྡོ་རྗེ་མདའ་བསྙག་མ་བྱ་ཁྲ་ཁྱི་སྒྱིག་ཅན་དང ། རྡོ་རྗེ་སྐུལ་བྱེད་མ་བྱ་ཁྲ་ཁྱི་སྒྱིག་ཅན་དང ། རྡོ་རྗེ་རླུང་འབྱིན་མ་བྱ་ཁྲ་ཁྱི་སྒྱིག་ཅན་དང ། རྡོ་རྗེ་རྗོད་བྱེད་མ་བྱ་ཁྲ་ཁྱི་སྒྱིག་ཅན་དང ། རྡོ་རྗེ་འཇིགས་བྱེད་མ་བྱ་ཁྲ་ཁྱི་སྒྱིག་ཅན་དང ། རྡོ་རྗེ་བདུད་རྩི་སྦྱོར་མ་བྱ་ཁྲ་ཁྱི་སྒྱིག་ཅན་དང ། རྡོ་རྗེ་འཕྲོག་མ་བརླག་བྱེད་མ་བྱ་ཁྲ་ཁྱི་སྒྱིག་ཅན་དང ། རྡོ་རྗེ་རྨོངས་བྱེད་མ་བྱ་ཁྲ་ཁྱི་སྒྱིག་ཅན་དང ། རྡོ་རྗེ་ཡིད་འཕྲོག་མ་བྱ་ཁྲ་ཁྱི་སྒྱིག་ཅན་དང ། རྡོ་རྗེ་ཁྲག་འཇོམས་མ་བྱ་ཁྲ་ཁྱི་སྒྱིག་ཅན་དང ། རྡོ་རྗེ་ཚེ་འཇོམས་མ་བྱ་ཁྲ་ཁྱི་སྒྱིག་ཅན་དང ། རྡོ་རྗེ་རྨུངས་བྱེད་མ་བྱ་ཁྲ་ཁྱི་སྒྱིག་ཅན་དང ། རྡོ་རྗེ་སྲིན་མོ་སྙིང་ཟན་མ་བྱ་ཁྲ་ཁྱི་སྒྱིག་ཅན་དང ། རྡོ་རྗེ་སྐུལ་མ་བྱ་ཁྲ་ཁྱི་སྒྱིག་ཅན་དང ། རྡོ་རྗེ་འབེབས་མ་བྱ་ཁྲ་ཁྱི་སྒྱིག་ཅན་དང ། རྡོ་རྗེ་དཔལ་བདག་མ་བྱ་ཁྲ་ཁྱི་སྒྱིག་ཅན 104.152a དང ། རྡོ་རྗེ་རྐན་འཇིབ་མ་བྱ་ཁྲ་ཁྱི་སྒྱིག་ཅན་དང ། རྡོ་རྗེ་གནས་མ་མགྱོགས་བྱེད་མ་བྱ་ཁྲ་ཁྱི་སྒྱིག་ཅན་དང ། རྡོ་རྗེ་སྒྲུབ་པ་ཚེ་འཛིན་མ་བྱ་ཁྲ་ཁྱི་སྒྲིག་ཅན་དང ། རྡོ་རྗེ་ཐོད་རློན་དང་སྦྲུལ་ནག་འཁྱིལ་བ་ཅན་དང ། རྡོ་རྗེ་ཞིང་ཆེན་སྟོད་གཡོགས་ཆུ་སྲིན་སྨད་གཡོགས་ཅན་དང ། རྡོ་རྗེ་ཟ་བྱེད་ཁ་འབར་མ་དང ། རྡོ་རྗེ་ནམ་མཁའ་ལྡིང་དང ། རྡོ་རྗེ་ཁྲ་དང་འུག་པ་དང ། རྡོ་རྗེ་བྱ་རྒོད་ཆེན་མོ་དང ། རྡོ་རྗེ་བྱིན་ལག་དང ། རྡོ་རྗེ་ཀང་ཀའི་ལུས་ལ་ཆུ་སྲིན་གྱི་མགོ་ཅན་དང ། རྡོ་རྗེ་གཤོག་པ་གཏམས་པ་དང ། རྡོ་རྗེ་སྡེར་མོ་ལྕགས་ཀྱུ་མ་དང ། རྡོ་རྗེ་མཆུ་རྩེ་གཅིག་མའི་གདོང་ཅན་མ་དང ། རྡོ་རྗེ་སོ་གྲི་ཅན་དང ། རྡོ་རྗེ་ཁ་གདངས་མ་དང ། རྡོ་རྗེ་ཀརྨ་མུད་ཀ་ར་དང ། རྡོ་རྗེ་འཇིགས་པར་པར་བྱེད་པའི་གཟུགས་ཅན་དང ། རྡོ་རྗེ་སྨིགས་བུའི་མགོ་ཅན་དང ། རྡོ་རྗེ་ཁཝའི་མགོ་ཅན་དང ། རྡོ་རྗེ་ཡིད་ལས་བྱུང་བའི་མདུན་པ་མོ་དང ། རྡོ་རྗེ་མྱོས་པ་མོ་དང ། རྡོ་རྗེ་དྲ་བ་མོ་དང ། རྡོ་རྗེ་ཏིང་ངེ་འཛིན་དང ། རྡོ་རྗེ་བྱེད་པ་དང ། རྡོ་རྗེ་དང་བ་མོ་དང ། རྡོ་རྗེ་ཁ་སྤུ་ཅན་དང ། རྡོ་རྗེ་རལ་གྲི་སྤུ་ཅན་དང ། རྡོ་རྗེ་ལྕགས་ཀྱི་ལྤགས་པ་ཅན་དང ། རྡོ་རྗེ་ཟངས་ཀྱི་ཁ་སྤུ་ཅན་དང ། རྡོ་རྗེ་ཀ་ལི་པི་ཀའི་དབྱིངས་ཅན་དང ། རྡོ་རྗེ་དབང་སྦྱིན་མའི་ཚོགས་དང ། རྡོ་རྗེ་དགྱེས་པ་ཆེན་མོའི་ཚོགས་དང ། རྡོ་རྗེ་སྒྱུ་འཕྲུལ་གྱི་ཚོགས་དང ། ་རྡོ་རྗེ་ཏིང་ངེ་འཛིན་གྱི་ཚོགས་དང ། རྡོ་རྗེ་སྙོམས་པར་འཇུག་པའི་ཚོགས་དང ། རྡོ་རྗེ་ཆེད་དུ་འཛིན་པའི་ཚོགས་དང ། རྡོ་རྗེ་བྱིན་གྱིས་བརླབས་པའི་ཚོགས་དང ། རྡོ་རྗེ་རབ་ཏུ་གཏོགས་པའི་ཚོགས་དང ། རྡོ་རྗེ་གསང་བའི་ཚོགས་དང ། རྡོ་རྗེ་གཟུགས་གྱི་ཚོགས་དང ། རྡོ་རྗེ་སྒྲའི་ཚོགས་དང ། རྡོ་རྗེ་དྲིའི་ཚོགས་དང ། རྡོ་རྗེ་རོའི་ཚོགས་དང ། རྡོ་རྗེ་རེགས་གི་ཚོགས་དང ། རྡོ་རྗེ་ཁྲོ་མོའི་ཚོགས་དང ། རྡོ་རྗེ་གོས་གྱོན་པའི་ཚོགས་དང ། རྡོ་རྗེ་བཟའ་བཏུང་གི་ཚོགས་དང ། རྡོ་རྗེ་བྲོ་གར་གྱི་ཚོགས་དང ། རྡོ་རྗེ་ངོ་མཚར་གྱི་ཚོགས་དང ། རྡོ་རྗེ་ལྷ་མོའི་ཚོགས་དང ། རྡོ་རྗེ་ཀླུ་མོའི་ཚོགས་དང ། རྡོ་རྗེ་དབྱེ་བར་བྱེད་མའི་ཚོགས་དང ། རྡོ་རྗེ་པད་མོ་ཕྲེང་བ་མའི་ཚོགས་དང ། རྡོ་རྗེ་བདེ་བ་མོའི་ཚོགས་དང ། རྡོ་རྗེ་སྤྲིན་སྡུད་མའི་ཚོགས་དང ། རྡོ་རྗེ་དགྱེས་པ་མོའི་ཚོགས་དང ། རྡོ་རྗེ་མཉམ་པའི་ཚོགས་དང ། རྡོ་རྗེ་ཉི་ཟླའི་འོད་ཀྱི་ཚོགས་དང ། རྡོ་རྗེ་མཁའ་འགྲོ་མའི་ཚོགས་དང ། རྡོ་རྗེ་ཡིད་བཞིན་གྱི་ཚོགས་དང ། རྡོ་རྗེ་མཆོག་ཕྲན་འཛིན་པའི་ཚོགས་དང ། རྡོ་རྗེ་ཞིང་འཛིན་པའི་ཚོགས་དང ། རྡོ་རྗེ་ང 104.152b རྒྱལ་ཅན་ཀྱི་ཚོགས་དང ། རྡོ་རྗེ་ཐིམ་པར་བྱེད་པའི་ཚོགས་དང ། རྡོ་རྗེ་ངོ་མཚར་ཆེན་པོའི་ཚོགས་དང ། རྡོ་རྗེ་འཁོར་ལོ་མའི་ཚོགས་དང ། རྡོ་རྗེ་པད་མོའི་ཚོགས་དང ། རྡོ་རྗེ་ཁྲོ་བོའི་ཚོགས་དང ། རྡོ་རྗེ་མཉམ་པར་རྫོགས་པའི་ཚོགས་དང ། རྡོ་རྗེ་བཀའ་ཉན་སྤྲུལ་པའི་ཚོགས་དང ། རྡོ་རྗེ་དངོས་གྲུབ་ལས་ཀྱི་ཚོགས་དང ། རྡོ་རྗེ་སྤྱོད་པས་ཅི་ལའང་ཐོགས་པ་མེད་པའི་ཚོགས་དང ། རྡོ་རྗེ་རིགས་སུ་ཐབས་མཁས་པའི་ཚོགས་དང ། རྡོ་རྗེ་འོད་འཕྲོ་བ་འབར་བའི་ཚོགས་དང ། རྡོ་རྗེ་ཆགས་པ་མེད་པའི་ཚུལ་དུ་གནས་པའི་ཚོགས་དང ། རྡོ་རྗེ་སྡུག་བསྔལ་སེལ་བར་བྱེད་པའི་ཚོགས་དང ། རྡོ་རྗེ་རིགས་སུ་སྐྱེས་པའི་ཚོགས་དང ། རྡོ་རྗེ་མེ་སྟག་ཕྲ་མོའི་ཚོགས་དང ། རྡོ་རྗེ་སེམས་མ་ཡེ་ཤེས་སུ་སྣང་བའི་ཚོགས་དང ། རྡོ་རྗེ་མེད་པའི་ཚོགས་དང ། རྡོ་རྗེ་སྙོམ་ལས་མེད་པའི་ཚོགས་དང ། རྡོ་རྗེ་སྒྱིད་ལུག་མེད་པའི་ཚོགས་དང ། རྡོ་རྗེ་ཐེ་ཚོམ་མེད་པར་བསྒྲུབ་པའི་ཚོགས་དང ། རྡོ་རྗེ་གསང་བ་མའི་ཚོགས་དང ། རྡོ་རྗེ་རབ་ཏུ་དགྱེས་པ་མའི་ཚོགས་དང ། རྡོ་རྗེ་རོལ་མོའི་ཚོགས་དང ། རྡོ་རྗེ་རྣམ་པར་སྤྲོས་བའི་ཚོགས་དང ། རྡོ་རྗེ་རྒྱན་བཀོད་པ་མོའི་ཚོགས་དང ། རྡོ་རྗེ་བསྟན་པ་མོའི་ཚོགས་དང ། རྡོ་རྗེ་ནམ་མཁའ་ལ་རྒྱུ་བ་མོའི་ཚོགས་དང ། སྙིང་རྗེ་སྐྱོན་དག་པ་མོའི་ཚོགས་དང ། རྡོ་རྗེ་ཕྱོགས་འཛིན་པ་མོའི་ཚོགས་དང ། རྡོ་རྗེ་གདུལ་བ་མོའི་དགོངས་པའི་ཚོགས་དང ། རྡོ་རྗེ་རྟེན་པ་མོའི་ཚོགས་དང ། རྡོ་རྗེ་ཚིགས་མཚོན་པ་མོའི་ཚོགས་དང ། རྡོ་རྗེ་གབ་པ་མོའི་ཚོགས་དང ། རྡོ་རྗེ་སྦས་པ་མོའི་ཚོགས་དང ། རྡོ་རྗེ་ཐུགས་འཛིན་པ་མོའི་ཚོགས་དང ། རྡོ་རྗེ་འབྱུང་བ་མོའི་ཚོགས་དང ། རྡོ་རྗེ་ཤེས་རབ་འཛིན་པ་མོའི་ཚོགས་དང ། རྡོ་རྗེ་བདེ་བའི་ཚོགས་དང ། རྡོ་རྗེ་རོལ་མོའི་ཚོགས་དང ། རྡོ་རྗེ་ཐུགས་ཀྱི་ཡེ་ཤེས་འཛིན་པའི་ཚོགས་དང ། རྡོ་རྗེ་དྲང་སྣང་མོའི་ཚོགས་དང ། རྡོ་རྗེ་རང་འབྱུང་མོའི་ཚོགས་དང ། རྡོ་རྗེ་ཀུན་དུ་མང་བའི་ཚོགས་དང ། རྡོ་རྗེ་ཤེས་རབ་ཀྱི་མིག་དང་ལྡན་པའི་ཚོགས་དང ། རྡོ་རྗེ་ཀུན་བཟང་ལོངས་སྤྱོད་གནས་པའི་ཚོགས་དང ། རྡོ་རྗེ་རྨོངས་པར་བྱེད་པ་མོའི་ཚོགས་དང ། རྡོ་རྗེ་སྲོག་ཟ་བར་བྱེད་པ་མོའི་ཚོགས་དང ། རྡོ་རྗེ་ཟ་མོའི་ཚོགས་དང ། རྡོ་རྗེ་ཁྲག་ཟ་བའི་ཚོགས་དང ། རྡོ་རྗེ་ཚིལ་ཟ་བའི་ཚོགས་དང ། རྡོ་རྗེ་རྐང་ཟ་བའི་ཚོགས་དང ། རྡོ་རྗེ་བསོད་ནམས་གཏེར་འཆང་བའི་ཚོགས་དང ། རྡོ་རྗེ་ཡེ་ཤེས 104.153a དཀྱིལ་འཁོར་དང་ལྡན་པའི་ཚོགས་དང ། རྡོ་རྗེ་སྒྲ་མཐའ་ཡས་པའི་ཚོགས་དང ། རྡོ་རྗེ་ཡོན་ཏན་ཕྲིན་ལས་ཀྱི་ཚོགས་དང ། རྡོ་རྗེ་ལྷུན་གྱིས་གྲུབ་པའི་ཚོགས་དང ། རྡོ་རྗེ་སྤྲུལ་པ་འབྱུང་བ་མོའི་ཚོགས་དང ། རྡོ་རྗེ་རྒྱུ་ལས་འབྱུང་བ་མོའི་ཚོགས་དང ། རྡོ་རྗེ་གཏུམ་བག་ཅན་དང ། རྡོ་རྗེ་གདུག་པ་གཏོང་བ་སྦྲུལ་གྱིས་ཆུན་པོ་ཅན་དང ། རྡོ་རྗེ་འཇིགས་པའི་མགོ་བརྒྱད་པ་དང ། རྡོ་རྗེ་མགོ་སྣ་ཚོགས་པར་སྤྲུལ་པའི་ཚོགས་དང ། རྡོ་རྗེ་ལུས་སྟོང་ལ་མགོ་བཅུ་པ་དང ། རྡོ་རྗེ་ལུས་བརྒྱ་ལ་མགོ་གཅིག་པའི་ཚོགས་དང ། རྡོ་རྗེ་ལུས་སྣ་ཚོགས་དང ། རྡོ་རྗེ་ཡན་ལག་འབུམ་ཡོད་པ་དང ། རྡོ་རྗེ་གདུག་པའི་ལག་ཆ་སྣ་ཚོགས་ཐོགས་པ་དང ། རྡོ་རྗེ་ལུས་བརྒྱ་ལ་མགོ་སྟོང་ཡོད་པ་དང ། རྡོ་རྗེ་ལུས་བརྒྱ་ལ་མགོ་བརྒྱ་པ་དང ། རྡོ་རྗེ་ལུས་བཅུ་ལ་མགོ་གཅིག་པ་དང ། ་མགོ་བརྒྱད་པ་ལ་རྐང་པ་བརྒྱད་པ་དང ། མགོ་དགུ་པ་ལ་རྐང་པ་གཅིག་པ་དང ། དེའི་འཁོར་གྱི་ཡང་སྤྲུལ་གྱི་ཕོ་ཉ་ནི་ལྕགས་ཀྱི་ཁྱི་སྟེ་རྐང་གསུམ་པོ་དང ། ལོང་བ་རྒྱབ་སྤྲེལ་བ་དང ། ནག་པོ་མགོ་དགུ་པའོ། །ཤར་གྱི་དཀར་མོ་སྤྱང་དུང་གི་ཁྱི་མོ་ཆེན་མོ་དང ། ལྷོའི་སྦྲུལ་གྱི་ཞགས་པ་ཅན་དང ། ནུབ་ཀྱི་དམར་མོ་ཟངས་ཀྱི་མཆེ་བ་ཅན་དང ། བྱང་གི་སེར་མོ་དྲིལ་བུ་ཅན་དང ། འདི་རྣམས་ཀྱི་ཕོ་ཉ་མོ་ནི་ཤར་གྱི་རྡོ་རྗེ་སྡེར་མོ་དང ། ལྷོའི་ནག་མོ་དུང་གདུང་མ་དང ། ནུབ་ཀྱི་དམར་མོ་སེང་གེའི་མགོ་ཅན་དང ། བྱང་གི་སེར་མོ་ལས་ཀྱི་བདག་མོ་དང ། རྡོ་རྗེ་རུས་ཆེན་ཕྲེང་བ་ཅན་དང ། རྡོ་རྗེ་ཟངས་ཀྱི་ཕྲེང་བ་ཅན་དང ། རྡོ་རྗེ་ལྕགས་ཀྱི་ཕྲེང་བ་ཅན་དང ། རྡོ་རྗེ་རལ་གྲི་སོ་ཅན་དང ། རྡོ་རྗེ་ནམ་མཁའི་གུང་གཅོད་མ་དང ། རྡོ་རྗེ་ཉི་མའི་ཟེར་ཞོན་མ་དང ། རྡོ་རྗེ་ཆུ་བོའི་གཞུང་འདྲལ་མ་དང ། རྡོ་རྗེ་རྒྱ་མཚོའི་གཏིང་དཀྲུག་མ་དང ། འདི་རྣམས་ཀྱི་སྐུ་མདོག་ནི་སྣ་ཚོགས་པའོ། །ཕྱག་ན་མཚོན་ཆ་སྣ་ཚོགས་པའོ། །དྲག་བྱེད་དེ་བདག་པོས་སྒྲོལ་བར་བྱེད་པའོ། །དེ་ནས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕོ་ཉའི་ལས་འདི་གསུངས་སོ། །\ུ0f00་ཧཱུཾ་ཕོ་ཉ་སུམ་བརྒྱ་དྲུག་བཅུ་རྣམས། །ཡུད་ཙམ་གྱིས་ནི་ཀུན་འདུལ་ཞིང ། །ཡུད་ཙམ་གྱིས་ནི་ཕྱོགས་བཅུར་འཕྲོ། །ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་ཤིང ། །བསྐལ་པའི་འབྲུག་སྒྲ་ཆེན་པོ་ལྡིར། །མགོ་གསུམ་པོ་ལ་ལྕགས་སྡེར་ཅན། །མི་ཤ་ཟ་ཞིང་བདུད་དཔུང་འཇོམས། ། 104.153b བལྟས་པས་བདུད་རྣམས་ཚིག་བྱེད་ཅིང ། །ཀླུ་ཡི་ཁྱིམ་རྣམས་རབ་ཏུ་འཇོམས། །རབ་ཏུ་མི་སྲུན་འདི་དག་ནི། །འདི་ཡང་དཔལ་གྱི་ཕོ་ཉ་སྟེ། །ལས་རྣམས་ཐམས་ཅད་གྲུབ་པར་གྱིས། །མཚན་དང་དཔེ་བྱད་གཉིས་ལས་འཕྲོས། །མགྱོགས་པ་མགྱོགས་མའི་ཕོ་ཉར་ལྡན། །གློག་རྒྱུ་མ་དང་འདྲ་བར་གྲགས། །ཆོས་ཉིད་ཁྱབ་པས་མཚན་མ་དབྱིངས་སུ་སྡུད། །ཡེ་ཤེས་ཐུགས་རྗེས་འབྲེལ་བས་ཀུན་ལ་ཁྱབ། །ཕྲིན་ལས་དྲ་བས་འགྲོ་བ་རླབས་ཀྱིས་གྲོལ། །དེ་ཕྱིར་ལྷ་མོ་རིན་ཆེན་དྲ་བ་མ། །\ུ0f00་ཛྭ་ལ་བཛྲ་ཧཱུཾ། ཡེ་ཤེས་གློག་འགྱུས་མཚན་མ་དབྱིངས་སུ་གཅོད། །སྐད་ཅིག་ཐུགས་རྗེས་འཁོར་བ་དབྱེ་བསལ་བྱེད། །ཕྲིན་ལས་གློག་འགྱུས་འགྲོ་བ་ཡིད་ཀྱིས་སྒྲོལ། །དྲ་བས་སྡུད་ལ་གློག་འགྱུ་མ་ཡིས་འདྲེན། །བཛྲ་ཨ་མ་ཀ་ཧཱུཾ། །འོད་ཟེར་དུད་ཀ་འཕྲོ་བ་ནི། །ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོགས་ཤིང ། །བསྐལ་པའི་འབྲུག་སྒྲ་ཆེན་པོ་བཞིན། །ཀུན་ཀྱང་མགྱོགས་མ་རླུང་དང་མཚུངས། །མིག་གསུམ་ཡོ་ལ་ལྕགས་སྡེར་ཅན། །མགོ་སུམ་པོ་ལ་རྐང་གསུམ་པ། །མང་དུ་ཟ་ཞིང་བདུད་ཁྱིམ་འཇོམས། །བལྟས་པས་བདུད་རྣམས་ཚིག་བྱེད་ཅིང ། །ཀླུ་ཡི་གནས་ཀྱང་ངེས་པར་འཇོམས། །འདི་རྣམས་ཁྲོ་བོའི་ཕོ་ཉ་སྟེ། །ཧ་ཧ་རུ་ལུའི་སྒྲ་སྒྲོགས་ཤིང ། །གང་གིས་རླུང་ཕྱོགས་སོང་བ་ཡི། །ཁྲོ་བོ་ཐམས་ཅད་ངེས་པར་འཇིག་།ན་མོ་བྱི་ཙི་རི་བྷྱོ། །ཧ་ཧ་རུ་ལུ་རུ་ལུ་བྷྱོ། །མགོ་བརྒྱད་པོ་ལ་རྐང་བརྒྱད་པོ། །ལག་པ་བརྒྱད་ལ་མིག་ཀྱང་བརྒྱད། །ལག་པ་བརྒྱད་ནི་རྡོ་རྗེ་འཛིན། །རྟ་མགྲིན་གནས་ཀྱང་ངེས་པར་འཇོམས། །མགོ་དྲུག་པོ་ལ་རྐང་དྲུག་པོ། །ལག་པ་དྲུག་ནི་རྒྱུད་དྲུག་གཅོད། །རྐང་པ་གསུམ་ནི་ཕུར་བུ་འདྲིལ། །གཡོན་པ་གསུམ་ནི་གཏོར་མ་སྦྱིན། །གང་ནས་གང་དུ་འགྲོ་བའི་ཚེ། །རྐང་པ་ལྕགས་ཕུར་རབ་ཏུ་དྲག་།འོད་ཟེར་དུད་ཀས་རེག་པ་ནི། ་ཚངས་པའི་གནས་ཀྱང་རབ་ཏུ་འཇིག་།ལག་པ་གཡོན་པས་སྐྱོད་པ་ནི། །འཕྲ་མེན་འཁོར་བཅས་རལ་པར་འབར། །ལྕགས་ཀྱུས་དགྲ་སྟ་རབ་ཐོགས་ཤིང ། །ཞིང་ཆེན་ཡན་ལག་འཛིན་པ་འཕྲོ། །བྱང་གི་ཕྱོགས་ནས་འབྱུང་བ་ནི། །ལྕགས་ཀྱི་ཁྱི་སྟེ་རྐང་གསུམ་པོ། །ལྕགས་ཀྱི་ལུས་ལ་ཉི་མའི་མིག་།སྤུ་ནི་ལྕགས་ཀྱུ་བསྲེགས་པ་འདྲ། །པང་ནི་གློག་པས་ངེས 104.154a པར་མགྱོགས། །སྐད་ནི་འབྲུག་པས་ཤིན་དུ་ཆེ། །རབ་ཏུ་མི་སྲུན་འདི་དག་ནི། །ཕྱག་ན་རྡོ་རྗེའི་མཐུ་ཡང་འཕྲོག་།མགོ་དགུ་པོ་ལ་རྐང་གཅིག་པོ། །ལུས་ཀྱང་གནག་ལ་འོད་ཕུང་གནག་།ཡན་ལག་གནག་ལ་སྦྲུལ་གྱིས་བརྒྱན། །རལ་པ་གནག་ཅིང་མཆེ་བ་གནག་།མིག་ཀྱང་གནག་ལ་ལག་གནག་པོ། །མགྱོགས་ཀྱང་རླུང་གིས་བསྐྱོད་དུ་མེད། །འདི་དག་ཕོ་ཉའི་མཆོག་ཡིན་པས། །ལས་རྣམས་ཐམས་ཅད་གྲུབ་པར་གྱིས། །ལོང་བ་རྒྱབ་སྦྲེལ་ཕྱི་མ་ནང ། །མང་ས་ཟ་ཞིང་རི་ལུ་སྒྲོལ། །མིག་ཀྱང་མེད་ལ་ཅང་མི་སྨྲ། །ཡང་ན་ལག་པ་སྦྲེལ་ཏེ་འགྲོ། །འདི་ཡང་ཁྲོ་བོའི་ཕོ་ཉ་སྟེ། །ལས་རྣམས་ཐམས་ཅད་གྲུབ་པར་བྱེད། །ཤར་གྱི་ཕྱོགས་ནས་འགུགས་པ་ནི། །དུང་གི་ཁྱི་མོ་ཆེན་མོ་ལ། །དུང་གི་བ་ལང་སྣ་ཁྲིད་ཅན། །དུང་གི་མི་མོ་ཆེན་མོ་ཞོན། །ལག་ན་ལྕགས་ཀྱུ་འབར་བ་ཐོགས། །ལྷོའི་ཕྱོགས་ནས་འགུགས་པ་ནི། །ལྕགས་ཀྱི་ཁྱི་སྟེ་རྐང་གསུམ་པ། །ལྕགས་ཀྱི་སྤྱང་མོ་མགོ་དགུ་ལ། །ལྕགས་ཀྱི་མི་མོ་ཆེན་མོ་ཞོན། །ལག་ན་ཞགས་པ་སྒྲིལ་མ་ཐོགས། །ནུབ་ཀྱི་ཕྱོགས་ན་འགུགས་པ་ནི། །ཟངས་གྱི་ཁྱི་མོ་ཆེན་མོ་ལ། །ཟངས་ཀྱི་ཁྱི་མོ་ཆེན་མོ་ཞོན། །ལག་ན་ལྕགས་སྒྲོག་སྒྲིལ་མ་ཐོགས། །བྱང་གི་ཕྱོགས་ནས་འགུགས་པ་ནི། །གསེར་གྱི་ཁྱི་མོ་ཆེན་མོ་ལ། །གསེར་གྱི་མི་མོ་ཆེན་མོ་ཞོན། །ལག་ན་རྡོ་རྗེ་ཕུར་བུ་འདྲིལ། །འདི་ཡང་དཔལ་གྱི་ཕོ་ཉ་སྟེ། །ལས་རྣམས་ཐམས་ཅད་གྲུབ་པར་གྱིས། །དེ་ནས་བཅོམ་ལྡན་འདས་དཔལ་ཧེ་རུ་ཀ་ཕོ་ཉ་བསྒྲུབ་པའི་དཀྱིལ་འཁོར་འདི་གསུངས་སོ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། །དབུས་སུ་འཁོར་ལོ་རྩིབས་བཞི་ལ། །དབུས་སུ་བཅོམ་ལྡན་འདས་ཧེ་རུ་ཀའི་རོལ་པ། །སྐུ་མདོག་མཐིང་ནག་དབུ་གསུམ་བརྒྱ་ཕྱག་དྲུག་བརྒྱ་པ་ཞིག་དགོད། །ཤར་དུ་རྡོ་རྗེ་ཏིལ་མར་དགོད། །ལྷོར་སྟག་གི་མགོ་ཅན་དགོད། །ནུབ་དུ་གཡག་གི་མགོ་ཅན་དགོད། །བྱང་དུ་སྦྲུལ་གྱི་མགོ་ཅན་དགོད། །དེའི་ཕྱི་རིམ་པད་མ་ལ་བརྒྱ་རྩ་བརྒྱད་རིམ་པ་གསུམ་ལ་ཕོ་ཉ་སུམ་བརྒྱ་བཅུ་དགོད་དོ། །དེའི་ཕྱི་རིམ་སྣམ་བུ་ལ་ཕོ་ཉ་ལྔ་བཅུ་རྩ་བརྒྱད་དགོད་དོ། །དེའི་ཕྱི་རིམ་སྣམ་བུ་ལ་ཡང་སྦྲུལ་གྱི་ཕོ་ཉ་དགོད་དོ། །དེའི་ཕྱི་རིམ་སྒོ་བ་བཞི། ཕོ་ཉ་ལས་བྱེད 104.154b བཞི་དགོད་དོ། །ཅི་བགྱི་དང ། བཀའ་ཉན་དང ། བཀའི་ཕོ་ཉ་དང ། སྤྲུལ་པ་དང ། ཡང་སྤྲུལ་པ་དང ། འདི་རྣམས་ཡང་དག་པའི་བདེན་དུ་ངེས་པར་རིགས་པར་བྱའོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤིན་དུ་གསང་བ་ཧེ་རུ་ཀའི་རོལ་པ་ལས་རྡོ་རྗེ་ཕོ་ཉའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱིས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཧེ་རུ་ཀའི་ལས་ཀྱི་བཟླས་པ་འདི་གསུངས་ཤིང་ཕྱུང་ངོ ། །བདག་མེད་གཉིས་རྟོགས་སྒྲིབ་པ་གཉིས་སྤངས་པ། །ཐུགས་རྗེ་སྤྲུལ་པས་འགྲོ་བ་མ་ལུས་སྒྲོལ། །ཡུལ་མེད་མ་སྐྱེས་བྱམས་པའི་ཆོས་དབྱིངས་ལས། །འཛིན་པ་མི་རྟོག་སྙིང་རྗེ་ཞེན་ཆགས་ཁྲོ། །གཉིས་མེད་དག་ལས་ཕྲིན་ལས་སྙིང་རྗེ་སྙོམས། །དཔལ་ཆེན་ཁྲག་འཐུང་ཁྱོད་ལ་ཕྱག་འཚལ་ལོ། །རྟོག་འཇོམས་སྤྱོད་པ་འཐུན་པས་འགྲོ་འདུལ་ཞིང ། །བརྡ་ཅན་ཡན་ལག་ལེན་པའི་དོན་གོ་ལ། །ལྷ་བརྒྱུད་བརྗོད་པས་དངོས་གྲུབ་ཀུན་དང་འབྲེལ། །བཀའ་དོན་གཏན་ཚིགས་རིགས་པས་བརྗོད་པར་འོས། །ཞེས་བྱ་བའི་དོན་ཏོ། །ལུང་གསུམ་མན་ངག་གསུམ་དང་སྤྱི་དོན་གསུམ། །ལུང་གི་སྤྱི་གཅོད་མན་ངག་གདེང་དུ་བྱ། །སྤྱི་ཁོག་བཅུ་བཞིས་དོན་གྱི་ཁོག་ཕུབ་ལ། །བཞི་བཅོམ་དྲུག་ལྡན་རྩིས་མགོས་ས་གཅད་དེ། །ཁྲོ་བོ་རྟོག་པ་མཚན་མའི་གཉེར་གྱིས་བཤད། །འདི་ནི་ཁྲག་འཐུང་རྔོམ་བརྗིད་རྒྱལ་པོའི་ལུང ། །ཞེས་ཚིག་ཉུང་ཞིང་མདོར་འདུས་ལ་དོན་མང་པོར་འབྱུང་བས་མདོའི་སྡེ་ཞེས་བྱའོ། །བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔས་བཀའ་སྩལ་པ། ལུང་གསུམ་གྱིས་སྣ་གྲངས་ཏེ་རྡེའུ་བྱའོ། །མན་ངག་གསུམ་གྱིས་འཇུག་བསྡུས་ཏེ་བློ་ལ་བཞག་པའི་དོན་ཏོ། །སྤྱི་དོན་གསུམ་གྱིས་ལུང་ཐམས་ཅད་ཀྱི་སྤྱི་གཅད་དོ། །སྤྱི་ཁོག་བཅུ་བཞིས་དོན་གྱི་ཁོག་དབུབ་བོ། །བདུད་བཞི་བཅོམ་པས་ཡོན་ཏན་ཀུན་ལ་སྣང་བའི་ཆེ་བ་བཅོམ་མོ། །རྩིས་མགོ་དྲུག་གིས་ས་གཅད་དོ། །ཁྲོ་བོ་རྟོག་པ་མཚན་མའི་གཉེར་གྱིས་བཤད་པས་ནི་གོལ་ས་དང་ནི་སྒྲིབ་པ་སྤང་ངོ ། །ཡོན་ཏན་ཀུན་རྔོམ་པས་བརྗིད་གཞན་ལ་སྣང་ཕྱིར་རྔོམ་བརྗིད་ཆེན་པོ་སུམ་བཅུ་རྩ་དྲུག་བསྟན་ཏེ། །རྒྱལ་པོ་ཡིན་པའི་རྟགས་ནི་རིན་པོ་ཆེ་སྣ་བདུན་གྱིས་རྒྱལ་པོར་གསོལ་ལོ། །ལུང་གིས་སྤྱི་དྲིལ་དེ་བཤད 104.155a དོ། །དེ་ལྟར་རྣམ་པ་བཅུར་ངེས་ནས། །དེ་ནི་ཕྱེ་བྱང་ངོ་བསྟན་ཏེ་གསེས་ནས་བཤད་པ། དེ་ལ་ལུང་གསུམ་ནི་ཞི་གནས་མི་རྟོག་དངོས་པོ་མཁའ་ཁྱབ་འདྲ། །ལྷག་མཐོང་མ་རྨོངས་གཟའ་སྐར་མཁའ་ལ་བཀྲམ། །གདོད་བཅས་དོན་དང་བསྟུན་དེ་འཚམ་པར་བཤད། །ཏིང་འཛིན་ཤེས་རབ་བཀའ་ལུང་གསུམ་དུ་ངེས། །དེ་ལ་མན་ངག་གསུམ་ནི་བདག་ཏུ་མི་རྟོག་སྤྲུལ་པ་མཛོད་ནས་ཐོང ། །ཡུལ་དུ་མ་གྲུབ་གཞན་མེད་མཛད་དུ་གཤེགས། །ཡུལ་སེམས་གཉིས་མེད་མ་སྐྱེས་དབྱིངས་སུ་གཅིག་།ཉན་ཐོས་རང་རྒྱལ་སེམས་ཙམ་སྤོང་མན་ངག་།དེ་ལ་སྤྱི་དོན་གསུམ་ནི། མེད་རྒྱུ་བཏག་ཆགས་སྒྲུབ་འགྲུབ་བལྟས་པར་སྣང ། །སྤྱོད་འཐུན་ཁྲོ་དྲག་གདུག་པའི་དབལ་གསོས་འདུལ། །རྟོག་འཇོམས་སྨན་རྫས་དངོས་ལེན་དངོས་གྲུབ་རྒྱུ། །འདི་ནི་ཁྲོ་བོ་སྤྱི་ཡི་དོན་དུ་བཤད། །དེ་ལ་སྤྱི་ཁོག་བཅུ་བཞི་ནི། །གང་ཁྲོ་གང་ལ་ཅི་ཕྱིར་གང་གིས་ཁྲོ། །གང་ཁྲོ་རྣམ་པ་བཞིར་ནི་ཤེས་བྱ་སྟེ། །རང་ཁྲོ་ཤུགས་ཁྲོ་བར་བཅས་དང་བཅོས། །རྟོགས་པ་ཐུགས་རྗེ་རང་བཞིན་འདུལ་བའི་དབང ། །གང་ལ་སྙིང་རྗེས་ཁྲོས་ཏེ་ཡུལ་དང་གནས། །ལས་དང་འབྲས་བུ་སེམས་ཅན་སྒྲུབ་པའོ། །ལས་བཞི་སྒྲོལ་མཛད་འབྲས་བུ་སྐུ་གསུང་ཐུགས། །ཅི་ཕྱིར་རྒྱུ་དང་འབྲས་བུ་གཉིས་ལ་ནི། །དུས་གསུམ་མི་ཡོང་ཤ་རུས་ཁྲག་ལ་རོལ། །གང་གི་རོ་ནི་ཧཱུཾ་དང་ཧ་ཧེ་ཕཊ། །གནས་ན་ལྟ་འོག་མཁའ་སྟོང་ཡེ་ཤེས་ཐུགས། །བསྐྱེད་ཐབས་ཆོ་འཕྲུལ་གསུམ་པོ་ཁྲོ་བོའི་སྐུ། །འབྲས་བུ་དཔལ་ཆེན་འཕྲ་མེན་ཚོགས་ཀྱི་བསྐོར། །འཕྲ་མེན་ལས་དྲག་འགྲོ་བ་ཅིས་འདུལ་མཛད། །དེ་ལ་བདུད་བཞི་གཞོམ་པ་ནི། །ཚམ་ངམ་དྲག་པོས་ལྷ་ཆེན་འདར་འགྱེལ་བརྫིས། །བརྟུལ་ཞུགས་རོལ་པས་གདོས་བཅས་ཕུང་པོ་བཤིག་།དུག་གསུམ་བརླག་ཕྱིར་ཤ་རུས་ཁྲག་ལ་ཟ། །རྣམ་ཤེས་འཆི་མེད་རྒྱལ་བའི་གནས་སུ་སྟོབས། །རྩིས་མགོ་དྲུག་ནི་དབང་དང་རབ་ཏུ་ལྡན་པ་དང ། །དཔལ་དང་གཟུགས་དང་གྲགས་པ་དང ། །ཡེ་ཤེས་དང་ནི་ནན་ཏན་དང ། །དྲུག་དང་ཡང་དག་ལྡན་ཕྱིར་རོ། །དེ་ལ་དབང་ནི་ཆགས་སྡང་གཏི་མུག་ང་རྒྱལ་ཕྲག་དོག་ནི། ། 104.155b མཉེས་སྟོབས་ཡུམ་དང་འཇིགས་ཚུལ་སྐུ་ཡི་སྤྲུལ། །དྲན་མེད་ཐོད་པ་ཁམ་པོར་གཡང་གཞི་ནི། །ཁ་དང་རྒྱལ་མཚན་ཆེ་དང་ལྷ་ཆེན་གནོན། །དེ་ལ་དཔལ་དྲུག་ནི། བྱམས་ལས་ཁྱབ་པ་ཐུགས་དམ་དམིགས་ཀྱིས་བསྒྲལ། །ཐུགས་རྗེས་འགྲོ་བ་ཐམས་ཅད་བུ་ལྟར་དགོངས། །སྨོན་ལམ་དབང་གིས་འཁོར་བར་ཇི་སྲིད་བཞུགས། །གཞན་དོན་མཛད་པས་བདག་དོན་ལྷུན་གྱིས་གྲུབ། །ཡོངས་སུ་རྫོགས་པ་བདེ་བ་ཆེན་པོའི་དཔལ། །ཁྲོ་རྒྱལ་ཁྲག་འཐུང་དཔལ་ཏེ་རྣམ་དྲུག་ཡིན། །དེ་ལ་དཔལ་ཡོངས་སུ་རྫོགས་པ་བདེ་བ་ཆེན་པོའི་དཔལ་ནི་བསམ་གྱིས་མི་ཁྱབ་པ་བཞི་སྟེ། དེ་ཡང་གང་ཞེ་ན། སྐུ་གསུམ་ས་གསུམ་སེམས་དཔའ་རྟོགས་དཀའ་བ། །བཀའ་ཁྱབ་སྤྲིན་འདལ་ཆར་འབབ་ཆུ་བོའི་རྒྱུན། །ཏིང་འཛིན་བསམ་ཡས་བོ་དྷིས་ཐོགས་པ་དེ། །བསམ་ཡས་བསམ་ཁྱབ་མཁས་ལ་གཟའ་སྐར་གསལ། །ཀླུ་མཐུ་གདུལ་ཕྱིར་ཀླུ་ལྔས་སྐུ་བརྒྱན་པ། །མང་ཆེན་གསུང་སྒྲ་དབྱངས་དང་ཕོ་ཉའི་དབང ། །དུག་ལྔས་གདོས་བཅས་འདུ་བྱེད་བརྒྱན་བྱས་པ། །ཁྲག་སྤྲུལ་གཡང་གཞི་ཁཝ་ཏ་དྲེགས་པ་འཇོམས། །དེ་ལ་གཟུགས་རྣམས་པ་གཉིས་ནི། མི་ཐུད་བུས་པའི་གཟུགས་འདྲ་ལ། ། གོན་ལ་ནི་རྐང་ལག་གཏམས། །དྲང་སྲོང་ཁྲོས་པའི་ཆ་བྱད་ལ། །ཤིན་དུ་མཁྲང་ཞིང་སྐེམས་པགས་བྲི། །གནོད་སྦྱིན་སྙིང་བགས་མི་མཐུན་གཟུགས་དང་ནི། །འདུལ་དབང་ཡིད་དགས་སྲིན་པོ་དྲང་སྲོང་འདྲ། །དེ་ལ་གྲགས་པ་ནི་བུད་དྷ་བོ་དྷེས་བསྟོད་དམ་སྲས་སྤུན་དགོངས། །གཏི་མུག་གཟེངས་བསྟོད་ང་རྒྱལ་གནོན་པར་གྲགས། །དེ་ལ་ཡེ་ཤེས་ནི། རྣམ་དག་དབྱིངས་མཁྱེན་འཁོར་བའི་སྐྱོན་དང་བྲལ། །འགྲོ་བའི་རྒྱུད་མཁྱེན་འཁོར་བའི་མཐའ་ལས་འདས། །གཉིས་སུ་མེད་པར་མཁྱེན་པས་དབུ་མའི་ངང ། །མདོར་ན་ཐམས་ཅད་པ་ཡི་ཡེ་ཤེས་ཡིན། །དེ་ལ་ནན་ཏན་ནི། ནན་ཏན་སྙིང་པོ་ཟག་མེད་ཟག་བཅས་འདུ། །ནན་ཏན་ཕྲིན་ལས་འགྲོ་བ་གནས་ནས་འདོན། །བསམ་ཡས་ནན་ཏན་འགྲོ་བ་ཆུད་མི་གསོན། །ནན་ཏན་མཆོག་གིས་མཆོག་དུ་ཤེས་པར་བྱ། །ད་ནི་ལུང་རྣམ་པ་གསུམ་སྤྱིར་དྲིལ་ཏེ་བཤད་དོ། །དེ་ཡང་མི་འདའ་བ་རྒྱན་གྱི་ལུང་དང ། ཆེ་མཆོག་ཡོན་ཏན་གྱི་ལུང་དང ། 104.156a ཡན་ལག་རྟགས་ཀྱི་ལུང་གིས་བཤད་དོ། །དེ་ལ་མི་འདའ་བ་རྒྱན་གྱི་ལུང་ནི། གླང་ཆེན་འདུལ་སྟོབས་ཐེག་པའི་རྒྱན་ཞེས་པ། །བདུད་འཇོམས་སྨན་རྫས་གྲུབ་དང་ལྟ་བའི་གཞུངས། །སྟག་ནི་དཔའ་རྟུན་ཟ་བྱེད་རྒྱན་ཞེས་པ། །ཡེ་ཤེས་ཐུགས་རྗེའི་ཕྲིན་ལས་ངང་དུ་བསྟན། །སྦྲུལ་ནི་གཉེན་ལྕུག་ཕྲིན་ལས་རྒྱན་ཞེས་པ། །འཇིགས་ཚུལ་དུག་གནོན་འཁྲུལ་པ་ཡུམ་གྱི་རྒྱན། །ཐོད་ཕྲེང་དབང་སྒྲོལ་འཆད་པའི་རྒྱན་ཞེས་པ། །སྐུ་གསུམ་ཐེག་གསུམ་དུས་གསུམ་དབང་ཆད་སྒྲོལ། །གཡང་གཞི་ཚུལ་ཁྲིམས་གོས་ཀྱི་རྒྱན་ཞེས་པ། །བྱང་ཆུབ་སེམས་ཚུལ་དམ་ཁྲིམས་གོས་ཞེས་བྱ། །རཀ་ཏ་ཐུགས་རྗེ་ཆགས་པའི་རྒྱན་ཞེས་པ། །མི་རྟོག་དབྱིངས་ནས་ཐུགས་རྗེའི་སྤྱན། །གཟི་ཆེན་དོན་དམ་བཅུད་ཀྱི་རྒྱན་ཞེས་པ། །བཅུད་ཀྱི་ཐིག་ལེ་དོན་དམ་ཀུན་དུ་འོང ། །ཐལ་བ་འདུལ་བྱེད་ཕྲིན་ལས་རྒྱན་ཞེས་པ། །ཡི་གེ་འཁོར་ལོས་མཚན་མ་ཐལ་བར་རློག་།མེ་ནི་འབར་འཕྲོ་འདུ་སྲེག་གློང་དཀྱིལ་ཞེས། །ཡེ་ཤེས་ཐུགས་རྗེ་དབྱིངས་འདུལ་ཕྲིན་ལས་ཏེ། །ཟད་པར་བྱེད་པའི་མཐའ་འདས་དཀྱིལ་ཞེས་བྱ། །མེ་སྒྲ་སྒྲ་ཆེན་ཐ་དད་སྒྲ་ཞེས་པ། །ཆོས་སྐུ་ཁྱབ་དང་ཏིང་འཛིན་སྣ་ཚོགས་པ། །རལ་པ་ཁམ་ནག་སྙིལ་ཞིང་ཕྱེ་མ་ནི། །དེ་ནས་ཆོས་ཉིད་དབང་དྲག་སྤྲུལ་པ་འཕྲོ། །སྐུ་མདོག་མཐིང་ནག་ནམ་མཁའི་རྒྱན་ཞེས་བྱ། །འདུལ་དབང་མཐའ་མེད་ཡོན་ཏན་དགོངས་པ་གཏིང་མི་དཔོགས་ཤེས་བྱའོ། །དེ་ལ་ཁྲག་འཐུང་ཞེས་བྱ་བའི་སྒྲ་ནི་གོང་དུ་བཤད་པར་ཟད་དོ། །དེ་ལ་དཔལ་ཧེ་རུའི་སྐུ་མདོག་དང་ཕྱག་མཚན་ཅིར་ཡང་མ་ངེས་བར་འབྱུང་སྟེ་གང་ལྟར་བསྒྱུར་ཡང་འགྲུབ་པོ་ཞེས་བཤད་དོ། །དེ་ཡང་མཚན་ཉིད་མེད་པའི་ཕྱག་རྒྱ་དང ། །དེ་ལ་དངོས་བྱུང་ཕྱག་རྒྱ་རྣམས། །ངེས་པ་མེད་པར་དཔའ་བོས་བཤད། །མཁས་པས་བསྒོམས་ལ་ཅི་དགར་འགྲུབ་ཅེས་འབྱུང་ངོ ། །འོ་ན་ཡང་འདིའི་གནས་སྐབས་སུ། ཧེ་རུ་ཀ་དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད་དེ། དེ་ཡང་ཡན་ལག་རྟགས་ཀྱི་ལུང་གིས་བཤད་ན། གྲུབ་པ་རྟགས་ཀྱི་ཕྱག་རྒྱ་དང ། མཛད་པ་རྟགས་ཀྱི་ཕྱག་རྒྱ་དང་གཉིས་སོ། །དེ་ལ་གྲུབ་པ་རྟགས་ཀྱི་ཕྱག་རྒྱ་ནི་དབུ་གསུམ་དུག་གསུམ་སྐུ་གསུང་ཐུགས 104.156b ལྷུན་གྲུབ། །ལྟ་སྤྱོད་རྣམ་གསུམ་གྲུབ་པའི་རྟགས། །སྤྱན་དགུ་ས་གསུམ་སྐུ་གསུམ་ཡེ་ཤེས་གསུམ་སྟེ་དགུ། །བགྲོད་མེད་ཐོབ་མེད་དམིགས་པ་ལས་འདས་པ། །རྟག་ཆད་སྤྱན་གཉིས་མཐའ་ཡངས་དབུ་མའི་སྤྱན། །ཤངས་གསུམ་སྲོག་ལ་མངའ་མཛད་ཏིང་འཛིན་གསུམ། །དེ་བཞིན་ཉིད་དུ་ཀུན་དུ་སྣང་ཞེས་བྱ། །སྒྲ་ཆེན་ཐ་དད་སྒྲ་ཆེན་ཆོས་སྐུ་ཏིང་འཛིན་སྙན། །ཞལ་གསུམ་རྣམ་ཐར་སྒོ་གསུམ་ལྷུན་གྱིས་གྲུབ། །ལྗགས་གསུམ་ཐེག་གསུམ་མཐར་ཕྱིན་ཤེས་བྱའི་རྟགས། །མཆེ་བཞི་ཕྲིན་ལས་མཐར་ཕྱིན་ཞི་བའི་ཚུལ། །ཡེ་ཤེས་དྲུག་ནི་མཐར་ཕྱིན་ཕྱག་དྲུག་སྟེ། །ཕ་རོལ་ཕྱིན་དྲུག་མཐར་ཕྱིན་ཕྱག་མཚན་དྲུག་།ཞབས་བཞི་ལམ་བཞིར་བགྲོད་པ་མེད་པ་ཐོབ། །དེ་ལ་མཛད་པ་རྟགས་ཤེས་བྱ་བ་ནི། །སྤྱན་དགུ་ས་དགུ་འདུལ་བའི་བྱེ་བྲག་གཟིགས། །སྤྱན་གསུམ་སྲིད་གསུམ་མགོ་རྒྱུད་སོ་སོར་མཁྱེན། །ཤངས་གསུམ་ནས་བྱུང་སྤྲུལ་པས་སྟོང་གསུམ་འགེངས། །སྙན་དྲུག་འགྲོ་དྲུག་གནས་ནས་ཅི་གསོལ་གསན། །དབུ་གསུམ་སྲིད་གསུམ་མགོན་མཛད་སྐུ་གསུང་ཐུགས། །ཞལ་གསུམ་དབྱིངས་སུ་དུག་གསུམ་ཟད་བར་རྔུབ། །ལྗགས་གསུམ་ཐེག་གསུམ་བསྟན་པའི་གདངས་ངར་སྒྲོགས། །ཁམས་གསུམ་ཉུག་བྱེད་རྡོ་རྗེ་སྲིན་མོ་ལྕེ། །མཆེ་བཞི་སྐྱེ་ཤི་རྩ་ནས་གཅོད་པར་མཛད། །ཕྱག་དྲུག་རྒྱུད་དྲུག་འཁོར་བ་གཏིང་ནས་འདོན། །ཕྱག་མཚན་ཕ་རོལ་ཕྱིན་དྲུག་འགྲོ་ནོན་མཛད། །ཞབས་བཞིར་ཕྲིན་ལས་རྣམ་བཞི་བགྲོད་མེད་སྒྲོལ། །ཡན་ལག་རྟགས་ཀྱི་ལུང་གིས་འདི་ལྟར་ཡང་དག་བཤད། །རྡོ་རྗེ་ཡེ་ཤེས་ཕ་རོལ་ཕྱིན་པ་ནི། །རང་བཞིན་མི་འགྱུར་ལས་ནི་འབིགས་ཤིང་འཇོམས། །ཆོས་སྐུ་རྡོ་རྗེ་ཏོག་དང་བག་ཆགས་བསྲེག་།ཡེ་ཤེས་ཡིན་ཕྱིར་དེ་ལ་དེ་སྐད་བྱ། །བན་ད་བཟོད་པའི་ཕ་རོལ་ཕྱིན་པ་ནི། །ཆོས་དབྱིངས་སྤྲོས་མེད་ཡེ་ཤེས་བཞི་དང་ལྡན། །ཡེ་ཤེས་དབྱིངས་རྟོག་ཞེན་ཁྲག་ཐུགས་རྗེ་སྐྱེ། །མཐའ་གཉིས་སྐྱོན་ལ་མི་བསྔགས་བཟོད་པའི་མཆོག་།ཁ་ཊྭཱཾ་སྟོབས་ཀྱི་ཕ་རོལ་ཕྱིན་པ་ནི། །དུག་གསུམ་དགའ་བྱེད་དྲེགས་པའི་ལྷ་བདུད་འཇོམས། །སྟོང་གསུམ་སྲིད་པ་ཡོ་འདུལ་རྒྱལ་པོའི་རྟགས། །ཀུན་ལ་མངའ་མཛད་འཁོར 104.157a རྣམས་དབང་དུ་སྡུད། །ཞིང་ཆེན་སྨོན་ལམ་ཕ་རོལ་ཕྱིན་པ་ནི། །འབོད་པའི་གཡབ་མོས་འཁོར་རྣམས་དབང་དུ་སྡུད། །སྦྱིན་པའི་ཟ་བས་མཁའ་འགྲོ་ཚིམ་པར་བྱེད། །རྡེག་པའི་དབྱིག་པས་གདོན་བཅས་ཕུང་པོ་བཤིག་།རྟོག་པ་ཆོས་ཉིད་དྲན་མེད་ཤེས་ལྔ་བཟུང ། །ཇི་ལྟར་སྨོན་ཅིང་གྲུབ་པས་དེ་སྐད་བྱ། །ཐོང་གཤོལ་ཐབས་ཀྱིས་ཕ་རོལ་ཕྱིན་པ་ནི། །ཉོན་མོངས་ཐ་བ་ཐུགས་རྗེས་ཟློག་མཛད་ཅིང ། །ཡེ་ཤེས་ཆོས་དབྱིངས་མཐའ་དང་བྲལ་བའི་རྟགས། །ཐབས་ཀྱིས་སྐུ་གསུམ་ལྷུན་གྲུབ་སྤྲུལ་པ་འཕྲོ། །བརྡ་ནི་ཤེས་རབ་ཕ་རོལ་ཕྱིན་བསྟན་པ། །ཡུལ་མེད་མ་སྐྱེས་ཆོས་སྐུ་རྔ་སྒོ་ལ། །འཛིན་པ་བདག་མེད་རིག་པའི་དབྱུ་གུས་བརྡུངས། །གསུང་རབ་རྔ་སྒྲས་འགྲོ་བ་ཤེས་རབ་སྐྱེད། །འཁོར་ལོ་བསམ་བཏན་ལྷག་པ་གསུམ་གྱི་མཚན། །ཚུལ་ཁྲིམས་ཏིང་འཛིན་ཤེས་རབ་གསུམ་དང་ལྡན། །པད་མ་འདམ་སྐྱེས་མ་ཆགས་ཐུགས་རྗེས་སྤྱོད། །ཚུལ་ཁྲིམས་ཕ་རོལ་ཕྱིན་པའི་ངང་དུ་བསྟན། །མི་ཟད་པར་ལྡན་སྦྱིན་པའི་ཕ་རོལ་ཕྱིན། །རལ་གྲི་ཡེ་ཤེས་ཐུགས་རྗེ་མཐའ་གཉིས་གཅོད། །རྩེ་གཅིག་ཏིང་འཛིན་གཉིས་ལས་བརྩོན་འགྲུས་མཛད། །དགྲ་སྟ་ཞགས་པ་ལ་སོགས་ཕྱག་མཚན་རྣམས། །རང་གཉེར་ལས་ཀྱི་བརྡ་ཙམ་ཆོས་སྐུ་རྟོགས་པར་བསྟན། །དེ་ལ་འདི་མན་ཆད་ཆེ་མཆོག་ཡོན་ཏན་གྱི་ལུང་གིས་སྤྱིར་དྲིལ་ཏེ་བཤད་པ་ནི། ཡོན་ཏན་གྱི་བརྗིད་ལ་ཕྲིན་ལས་ཀྱི་རྔོམ་སུམ་བཅུ་རྩ་དྲུག་བསྟན་པ་ནི་དེ་ལ་སྐུའི་རྔོམ་པ་བཞི་ལ་ནམ་མཁའ་རི་མོ་ཕྱག་རྒྱར་རྔོམ། །ཅིར་ཡང་འགྱུར་བཞི་བཞུགས་ཚུལ་རྔོམ། ཟིལ་གྱིས་གནོན་པའི་གདན་རྔོམ། ཚམ་ངམ་ཆེན་པོའི་སྟོབས་རྔོམ་པ་དང་བཞི་འོ། །དེ་ཡང་ཀུན་རྫོབ་རང་བཞིན་མེད་པ་ལ་ནམ་མཁའ་ལ་སྤྲིན་དྲ་བའི་ཚུལ་དང ། ལྷ་དང་འཕགས་པ་ཚངས་པ་དང ། སྨོན་ལམ་ཅིར་ཡང་འགྱུར་བའི་བཞུགས་ཐབས་ཀྱི་ཚུལ་དང ། སྲིད་པའི་འཁོར་ལོ་ཟིལ་གྱིས་གནོན་པ་དྲི་མེད་པད་མ་ཉི་ཟླ་འོད་ཡོན་ཏན་རྟགས་དེ་གདན་ཁྲིའི་ཚུལ་དང ། སྟོབས་ཆེན་བཅུའི་ཚུལ་དང ། རྣམ་པ་ནི་འོག་ནས་འཆད་དོ། །གསུང་གི་རྔོམ་བཞི་ལ་ཧོམ་ལྔ་འབྲེལ་བར་འབྱུང་བའི་ཞལ་རྔོམ། ཟླ་གམ་ཅིར་ཡང་འགྱུར་བའི་ལྗགས་རྔོམ། སྐྱེ་ཤི་རྩ་བ་གཅོད་པའི 104.157b ཚེམས་རྔོམ། གསུང་སྒྲ་འབྲུག་ལྟར་སྒྲོགས་པའི་དབྱངས་རྔོམ་པའོ། །དེ་ཡང་ཞལ་ཡེ་ཤེས་ཀྱི་ཕྱག་རྒྱ་རྣམ་པ་ལྔའི་བསྲེག་ཁང་དུ་རོ་རྣམ་པ་ལྔས་ཚིམ་ཞིང་མཆོད་པ་འབྲེལ་པ་རྣམ་ལྔའི་ཚུལ་དང ། གསུང་དབྱངས་ཚུལ་འདུས་བྱས་དང ། རང་བཞིན་ཟུང་མ་འདྲེས་པར་སྟོན་པའི་ཚུལ་དང ། མཆེ་བ་བཞི་ཡེ་ཤེས་བཞིའི་འཕྲོ་འདུས་དུག་བཞི་ཡེ་ཤེས་བཞིས་གཅོད་པའི་ཚུལ་དང ། འབྲུག་ལྟར་སྒྲོགས་པའི་ཡན་ལག་དྲུག་བཅུའི་དབྱངས་ཀྱིས་སྙན་པའི་མདོ་སྡེས་གོ་བར་སྒྲོགས་ཤིང་ཟིལ་གྱིས་གནོན་པའི་ཚུལ་དང་རྣམ་པར་བཤད་དོ། །ཐུགས་ཀྱི་རྔོམ་པ་བཞི་ལ་ཏིང་ངེ་འཛིན་ཕྱག་རྒྱའི་རྒྱན་གྱི་སྐར་ཚོགས་ལྟར་རྔོམ། ཕྲིན་ལས་རྒྱ་མཚོ་རྒྱན་གྱི་དབའ་རླབས་ལྟར་རྔོམ། ཡོན་ཏན་ས་གཞི་རྒྱན་གྱི་རྩི་ཤིང་ལྟར་རྔོམ། མཛད་པ་རོལ་མོ་རྒྱན་གྱི་གར་ཐབས་ལྟར་རྔོམ་པའོ། །དེ་ཡང་རྒྱ་ཆེན་པོ་བཞི་ནི་རང་བཞིན་དང་རྒྱན་དུ་དབྱེའོ། །ལྷག་མཐོང་གི་རང་བཞིན་ལས་ལྷག་མཐོང་གི་རྒྱན་མ་གཡོས་པར་སྣང་བའི་ཚུལ་དང ། ་ཞི་གནས་ཀྱི་རང་བཞིན་ལ་ཞི་གནས་ཀྱི་རྒྱན་ཁྱད་པར་དུ་འབྱུང་བའི་ཚུལ་དང ། ཞི་གནས་ཀྱི་རང་བཞིན་བཟོད་པ་ལས་ལྷག་མཐོང་གི་རྒྱན་གྱིས་ཕན་འདོགས་པའི་ཚུལ་དང ། ཞི་གནས་ཀྱི་རང་བཞིན་མི་ཟད་མ་གོལ་བ་ལས་ལྷག་མཐོང་གི་རྒྱན་གྱིས་ཅིར་ཡང་འགྱུར་བའི་དགའ་བ་སྐྱེད་པའི་ཚུལ་ལོ། །མཐུའི་རྔོམ་པ་བཞི་ལ་རུ་ཏྲ་གཅོས་པའི་གནས་རྔོམ། ལྷ་ཆེན་གནོན་པའི་གདན་རྔོམ། ཁམས་གསུམ་སྒྲོལ་བའི་ཞིང་རྔོམ། རྟོགས་འཇོམས་སྤྱོད་པའི་བརྟུལ་ཞུགས་རྔོམ། དེ་ཡང་གནས་ཁྱད་པར་ཅན་བཀྲ་ཤིས་ཤིང་ཅིས་ཀྱང་མི་ཚུགས་པའི་ཚུལ་དང ། ་གནས་ཁྱད་པར་ཅན་ཐམས་ཅད་ཟིལ་གྱིས་གནོན་པའི་ཚུལ་དང ། ཞིང་ཁྱད་པར་ཅན་ཁམས་གསུམ་ཡོ་སྒྲོལ་བའི་ཚུལ་དང ། སྤྱོད་པ་ཁྱད་པར་ཅན་སྲིད་པའི་རྟོག་པ་དུས་གཅིག་ཏུ་བཅོམ་པའི་ཚུལ་ལོ། །རྔོམ་ཚུལ་སུམ་བཅུ་རྩ་གཉིས་བཤད་དོ། །དེ་ལ་བརྗིད་ཆེན་པོ་ལ། སྐུ་ཆེ་ཡན་ལག་རགས་པས་བརྗིད་ཆེ། གྲངས་མང་རྐྱེན་དང་འཚམ་པས་བརྗིད་ཆེ། བཀུར་འོས་གཙོ་བོར་མཐོང་བས་བརྗིད་ཆེ། ཁྱད་ཞུགས་ཡིད་དང་འཐད་པས་བརྗིད་ཆེ་བ་སྟེ་བཞིའོ། །དེ་ཡང་ཆོས་སྐུ་དང་མཉམ་པར་འབྱུང་བའི 104.158a སྒོ་ནས་སྐུ་ཆེ། ཐུགས་རྗེ་དང་མཉམ་པར་འབྱུང་བའི་སྒོ་ནས་སྤྲུལ་རགས། སེམས་འདུ་བྱེད་དང་མཉམ་པར་འབྱུང་བའི་སྒོ་ནས་སྤྲུལ་པ་གྲངས་མང ། སྨོན་ལམ་གྱིས་སྒོ་ནས་རིགས་དང་འཐུན་པའི་རྐྱེན་དུ་འཚམ། སྤྱོད་ལམ་གྱི་སྒོ་ནས་བཀུར་བར་འོས། རིགས་བཙུན་པའི་སྒོ་ནས་གཙོ་བོར་མཐོང ། རང་བཞིན་གྲུབ་པའི་སྒོ་ནས་ཁྱད་ཞུགས། ཕྲིན་ལས་ཀྱི་སྒོ་ནས་ཡིད་དང་འཐད། གསུང་གི་བརྗིད་བཞི་ལ་གདངས་ཆེ་སྟོང་གསུམ་གང་བས་བརྗིད་ཆེ། ཚིག་མྱུར་ཐེ་ཙོམ་གཅོད་པས་བརྗིད་ཆེ། བདག་ལ་ཆེར་སྟོན་སྙམ་པས་བརྗིད་ཆེ། ཁྱད་ཞུགས་ཡོན་ཏན་མཐོང་བས་བརྗིད་ཆེ་དེ་ཡང་ཆོས་སྐུས་ཁྱབ་པའི་སྒོ་ནས་སྒྲ་ཆེ། སྒྲ་ཐ་དད་པའི་སྒོ་ནས་སྟོང་གསུམ་གང ། སྒྲ་དབྱངས་སྒོ་ནས་ཀུན་གྱིས་གོ་བས་མྱུར། ཉེ་བར་བསྒྱུར་བའི་སྒོ་ནས་ཐེ་ཙོམ་གཅོད། བྱམས་པའི་སྒོ་ནས་བདག་ལ་གཟིགས། །ཐུགས་རྗེའི་སྒོ་ནས་ཉི་ཚེར་སྟོན། །ཤེས་པའི་བྱེ་བྲག་གི་སྒོ་ནས་ཁྱད་ཞུགས། །ཚིག་གི་ཡོན་ཏན་གྱི་སྒོ་ནས་འདུལ། ཐུགས་ཀྱི་བརྗིད་བཞི་ལ། ཡངས་པ་རེ་དོགས་མེད་པས་བརྗིད་ཆེ། གསལ་བ་མཐའ་གཉིས་སྤངས་པས་བརྗིད་ཆེ། ཐུགས་རྗེ་ཐུགས་དམ་མཐར་འབྱིན་པས་བརྗིད་ཆེ། མ་རྨོངས་ཐབས་ཀྱིས་འདུལ་བས་བརྗིད་ཆེའོ། །དེ་ཡང་གཉིས་མེད་པའི་སྒོ་ནས་ཡངས། སྤང་བླང་མེད་པའི་སྒོ་ནས་རེ་དོགས་མེད། ལྷག་མཐོང་གི་སྒོ་ནས་དབུ་མང་གསལ། ཞི་གནས་ཀྱི་སྒོ་ནས་མི་འགྱུར་བས་གཉིས་མཐའ་སྤངས། མཛད་པ་རྒྱུན་མི་འཆད་པའི་སྒོ་ནས་ཐུགས་རྗེ་ཆེ། འཁོར་བ་ཅི་སྲིད་བཞུགས་པའི་སྒོ་ནས་ཐུགས་དམ་མཐར་འབྱིན། ཤེས་རབ་ཀྱི་སྒོ་ནས་རྨོངས་པ་སེལ། ཏིང་ངེ་འཛིན་གྱི་སྒོ་རྣམས་ཐབས་ཀྱིས་འདུལ། ཡོན་ཏན་གྱི་བརྗིད་པ་བཞི་ལ། མེད་པ་ཟད་མི་ཤེས་པས་བརྗིད་ཆེ། གཅིག་ལ་འདོད་དགུར་སྟོན་པས་བརྗིད་ཆེ། གནོད་སྦྱོར་ཕན་པར་འདོད་པས་བརྗིད་ཆེ། ཐབས་མཁས་སྐྱོན་གྱིས་མི་གོས་པས་བརྗིད་ཆེའོ། །དེ་ཡང་བདག་ཏུ་མི་འཛིན་པའི་སྒོ་ནས་མེད། མེད་པའི་སྒོ་ནས་ཟད་མི་ཤེས། ཡེ་ཤེས་ཀྱི་སྒོ་ནས་གཅིག་།སེམས་ཀྱི་སྒོ་ནས་འདོད་དགུར་སྟོན། སེམས་ཀྱི་སྒོ་ནས་གནོད་པར་སྦྱོར། གྲུབ་པ་རྒྱུའི་སྒོ་ནས་ཕན་པར་མཛད། ཤེས་བྱའི་སྒོ་ནས་ཐབས་མཁས། སྤྱོད་པའི་སྒོ་ནས་སྐྱོན་གྱིས་མ་གོས། ཕྲིན་ལས་ཀྱི་བརྗིད་བཞི་ལ། མི་མཉེལ 104.158b ཉམ་ཕག་རོལ་པས་བརྗིད་ཆེ། འཁོར་བ་ཡུན་རིངས་མི་མཉེལ་བར་བརྗིད་ཆེ། མགོན་སྐྱབས་རྒྱུན་དུ་མཛད་པས་བརྗིད་ཆེ། དགོངས་པའི་དོན་རྣམས་མཛད་པས་བརྗིད་ཆེའོ། །དེ་ཡང་སྒྱུ་མར་གྱུར་བའི་སྒོ་ནས་མི་མཉེལ། རང་བཞིན་གཅིག་པའི་སྒོ་ནས་ཕག་ཏུ་རོལ། །སྤྱོད་པའི་སྒོ་ནས་འཁོར་བར་ཡུན་རིང་པོར་བཞུགས། བྱ་བ་མེད་པའི་སྒོ་ནས་མི་མཉེལ། མཐུ་ཡི་སྒོ་ནས་མགོན་སྐྱབས་ཆེ། དམ་བཅས་པའི་སྒོ་ནས་འགྲོ་དོན་རྒྱུན་དུ་མཛད། རྩེ་གཅིག་གི་སྒོ་ནས་མཐའ་གཉིས་ཀྱི་སྐྱོན་དགོངས། །ནན་ཏན་གྱི་སྒོ་ནས་བྱ་བ་གྲུབ། བརྗིད་ཉི་ཤུ་དང་སྒོ་བཞི་བཅུ་སྟེ་སྤྱིར་དྲུག་བཅུདེ་ལ་རིན་པོ་ཆེ་སྣ་བདུན་ནི་འཁོར་ལོ་རིན་པོ་ཆེའི་དབང་བཅུས་སྐྱེ་བ་བཞི་ལ་དབང་བསྐུར་རོ། །བཙུན་མོ་རིན་པོ་ཆེས་ནི་ཡུལ་གྱི་རྒྱལ་པོ་ལ་མཉེས་པར་དབུལ་ལོ། །དམག་མི་རིན་པོ་ཆེའི་ཚུལ་དགུས་ཕ་རོལ་གྱི་དཔུང་འཇོམས་སོ། །ཁྱིམ་བདག་རིན་པོ་ཆེའི་ཚད་མེད་པ་བཞིས་རྒྱལ་པོའི་ཆབ་སྲིད་འཛིན་ཏོ། །གླང་པོ་རིན་པོ་ཆེའི་སྟོབས་བཅུས་ཕ་རོལ་བདག་དང་གཞན་གྱི་དོན་བྱེད་དོ། །རྟ་རིན་པོ་ཆེའི་མྱུར་མགྱོགས་རྫུ་འཕྲུལ་གྱི་རྐང་པ་བཞིས་བགྲོད་པའི་གནས་སླེབ་པར་བྱེད་དོ། །ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ནི་རྣམ་པ་བཞིའི་སྒོ་ནས་སེམས་ཅན་གྱི་རེ་འདོད་སྐོང་ངོ ། །ལུང་རྣམ་པ་གསུམ་ནི་མི་འདའ་བ་རྒྱན་གྱི་ལུང་ལ་སོགས་པ་གོང་དུ་རྩིས་མགོ་སྤྱིར་སྦྱར་བར་ཟད། དེ་ནས་འཁོར་ལོ་རིན་པོ་ཆེའི་དབང་བཅུ་ནི། སྐྱེ་བཞི་སྐུར་སྟོན་སྐྱེ་བཞི་སྒྲོལ་མཛད་པ། །ལྷ་མི་སྡིག་སྦྲུལ་མཆེ་བ་བཞི་རུ་སྟོན། །ཡོ་བྱད་བྲིད་པའི་འདོད་ཡོན་ལྔ་དང་ནི། །རྟོག་པ་གཞོམ་ཕྱིར་སྨན་ལྔ་དང་ལེན་རོལ། །ཅི་ལྟར་མོས་བཞིན་འདོད་དགུ་གཟུགས་སྟོན་པ། །གར་དབང་འཐད་དགའི་ཚུལ་དུ་རོལ་པ་མཛད། །རྫུ་འཕྲུལ་བ་སྤུའི་དབྱིངས་ནས་འཕྲ་མེན་འཕྲོ། །ལུས་ནི་ཅི་རྫུ་སེམས་ནི་ཆོ་འཕྲུལ་སྟོན། །གད་རྒྱངས་གདངས་ངར་སྒྲོགས་པ་སྣ་ཚོགས་ཀྱིས། །མཆེ་བ་ཟིལ་གནོན་ཐ་དད་ཆོས་རྣམས་སྟོན། །ཤེས་རབ་ཐབས་ལྡན་སྤྱན་གཉིས་དབུ་མའི་ངང ། །དབྱིངས་ལས་མ་གཡོས་ཅིར་ཡང་ས་ལེ་མཁྱེན། །སེམས་ཀྱི་བྱེ་བྲག་ཏིང་འཛིན་ཐ་དད་འཕྲོ། །བསམ་གྱིས་མི་ཁྱབ་བཞི་ལ་རོལ་པ་མཛད། །རྡོ་རྗེ་སྔེར་མོ་ལྤགས་པ་སྤུ་ཕྲེང་བརྒྱན། །འཁོར་བ་ཅི་སྲིད་བཞུགས་པའི་ཚེ་ལ་དབང ། །ལྟ་བ་རྣམ 104.159a བཞི་སྤྱན་ཟུར་གྱིས་བསྐུལ་བས། །འཕྲ་མེན་བཞི་འཕྲོ་ཕྱོགས་བཞིར་ལས་བཞི་མཛད། །སྨོན་ལམ་དབང་གིས་དྲག་པོའི་སྐུར་སྟོན་པ། །དུས་མཐའི་བསྐལ་པ་བཞིན་དུ་བཤོལ་དུ་མེད། །དེ་ལ་བརྩུན་མོ་རིན་པོ་ཆེའི་དབང་ནི། མ་ཆགས་རྡོ་རྗེ་གཟུགས་ཀྱི་ཡུམ་གྱི་འཁྱུད། །ཞི་གནས་ཏིང་འཛིན་མི་གཡོ་ཡུམ་གྱིས་སྦྱོར། །ཐོགས་མེད་ཤུགས་འཆང་དོན་གྲུབ་ཡུམ་གྱིས་བསྐྱོད། །ལྷག་མཐོང་ཡེ་ཤེས་ཡུམ་གྱིས་མཉེས་བྱེད་འབེབས། །འབྱུང་བ་བཞི་པོ་རྡོ་རྗེ་ལྷ་མོ་སྟེ། །བདེ་བ་ཆེན་པོའི་སྐུ་ལ་མཉེས་པར་དབུལ། །དམག་མི་རིན་པོ་ཆེ་ཡི་ཚུལ་དགུ་ནི། བསྒྲེགས་པས་འགྲོ་བ་ཤེས་རབ་བསྐྱེད་པའི་ཚུལ། །ཉམ་ང་མེད་པའི་མཛའ་སྤྱོད་དཔའ་བོའི་ཚུལ། །གདུག་རྩུབས་གདོས་བཅད་བརྒྱན་པས་འཇིགས་པའི་ཚུལ། །ལོག་པར་ལྟར་བ་ཞེ་གཅོད་གཤེ་བའི་ཚུལ། །རྨད་དུ་བྱུང་བའི་ཆོས་སྒྲོགས་གཞད་པའི་ཚུལ། །ཤིན་ཏུ་གདུལ་དཀའ་ལ་ཁྲོ་སྙིང་རྗེའི་ཚུལ། །སྨོན་ལམ་དབང་གིས་མི་ཤོམ་རྔམ་པའི་ཚུལ། །ཉོན་མོངས་གྲུབ་པའི་གྱུར་མཛད་ངོ་མཚར་ཚུལ། །ཁྲོ་དྲག་དབྱིངས་ནས་མི་གཡོ་ཞི་བའི་ཚུལ། །དེ་ལ་ཁྱིམ་བདག་རིན་པོ་ཆེའི་ཚད་མེད་པ་བཞི་ནི། ཁྲོ་གཏུམ་ཚད་མེད་བྱམས་པར་སྣང ། །བསོད་ཆེན་སྙིང་རྗེ་བདག་ཉིད་ཆེ། །བསྒྲལ་ཞིང་བསྟབས་པ་དགའ་བའི་མཆོག་།ཡལ་བར་མི་འདོར་བཏང་སྙོམས་སོ། །དེ་ལ་གླང་པོ་རིན་པོ་ཆེའི་སྟོབས་བཅུ་ནི། ཐུགས་རྗེ་ཆེན་པོའི་སྟོབས་ནི་དྲེགས་ཆེན་བསྙེངས་ཕྱིར་གནོན། །ཆོས་ཉིད་སྟོབས་ནི་མི་དམིགས་ནམ་མཁའི་མདོག་།མི་འབྱེད་སྟོབས་ནི་དངོས་གྲུབ་བདུད་རྩིའི་རྒྱུན། །མ་སྤངས་སྟོབས་ནི་གདོད་བཅས་སྐུ་ལ་བརྒྱན། །མ་གཡོས་སྟོབས་ན་དོན་འཐུན་གྲོལ་བའི་བརྒྱན། །སྨོན་ལམ་སྟོབས་ནི་བསྐལ་པར་ཡོངས་གྲོལ་མཛད། །སྤྲུལ་པའི་སྟོབས་ནི་མགོ་བརྙན་འཕྲ་མེན་འཕྲོ། །ཕྲག་དོག་ལོག་ལྟ་འཁོར་བར་གཅིག་མི་གཏོང ། །འདོད་ཆགས་ཡུད་ཙམ་འཕྲལ་འདོད་སྤྱན་བཟློག་དམར། །དེ་ལ་རྟ་རིན་པོ་ཆེའི་རྫུ་འཕྲུལ་གྱི་རྐང་པ་བཞི་ནི། །ཆོས་དབྱིངས་མེད་བཞིན་ཅིར་སྣང་བ། །མཁའ་ལ་འཇའ་ཚོན་བཞིན་དུ་རྣམ་པར་བཀྲམ། །ཡེ་ཤེས་རྫུ་འཕྲུལ་ཆོས་ཀྱི་དབྱིངས་རྟོགས་པ། །མཁའ་ལ་ཉི་ཤར་བཞིན་དུ་གསལ་ལ་སྟོང ། །ཚོགས་གཉིས་རྫོགས་པའི་རྫུ་འཕྲུལ་བྱེ་བྲག་ནི། །མཁའ་དང 104.159b མཉམ་པའི་སྤྲིན་ཕུང་བཞིན་དུ་འདལ། །སྤྲུལ་པའི་བྱེ་བྲག་འཕྲོ་བའི་རྫུ་འཕྲུལ་ནི། །རོ་ལ་ཅིག་ཆར་འབབས་སྣོད་བྱེ་བྲག་ཕྱེ། །དེ་ལ་ནོར་བུ་རིན་པོ་ཆེའི་རང་བཞིན་ནི། །འགྲོ་རྣམས་ཅི་ལྟར་འདོད་པའི་རེ་འདོད་སྐོང ། །མི་ཟད་བདག་ཉིད་གཏེར་ཆེན་ནམ་མཁའི་མདོག་།སྲིད་གསུམ་མུན་ནག་སེལ་བའི་ཡེ་ཤེས་སྒྲོན། །དུས་གསུམ་རྒྱུན་མི་འཆད་པའི་རིན་ཆེན་ཕྲེང ། །ལུང་གསུམ་ནི་རྩིས་མགོ་སྤྱིར་སྦྱར་བ་ཡིན་ནོ། །ད་ནི་ལྷ་རྒྱུད་ཀྱི་རྟོགས་པ་སོ་སོར་བཤད་པ་བྱ་སྟེ། ་འགྲོ་རྣམས་ཅི་ལྟར་འདུལ་ཞིང་གཤེགས་མཛད་པ། །ཤེས་རབ་ནམ་མཁའི་བསྐལ་པ་དགའ་རྒྱུད་སྟོན། གཏི་མུག་ཚུལ་གྱིས་གཏི་མུག་འཇོམས་མཛད་པ། །གཏི་མུག་རྡོ་རྗེ་བུདྡྷ་ཧེ་རུ་ཀ་།ཡེ་ཤེས་རྡོ་རྗེས་ཉོན་མོངས་རྡོ་རྗེ་འཇོམས། །ཐབས་འཛིན་མཆོད་པའི་དངོས་པོ་བཤིག་།ཞེ་སྡང་ཚུལ་གྱིས་ཞེ་སྡང་འཇོམས་མཛད་པ། །ཞེ་སྡང་རྡོ་རྗེ་བཛྲ་ཧེ་རུ་ཀ་།རིན་ཆེན་དབྱིག་ལྟར་ཀུན་སྐོང་ཞིང ། །བདག་མེད་ཞི་གནས་ཆུ་ཡི་བསྐལ་པས་འཁྲུ། །ང་རྒྱལ་ཚུལ་གྱིས་ང་རྒྱལ་འཇོམས་མཛད་པ། །ང་རྒྱལ་རྡོ་རྗེ་རཏ་ན་ཧེ་རུ་ཀ་།འཁོར་བའི་འདམ་དུ་པད་ལྟར་སྐུ་འཁྲུང་ཤིང ། །ལྷག་མཐོང་མེ་ཆེན་འབར་བས་ཐམས་ཅད་སྲེག་།འདོད་ཆགས་ཚུལ་གྱིས་འདོད་ཆགས་འཇོམས་མཛད་པ། །འདོད་ཆགས་རྡོ་རྗེ་པད་མ་ཧེ་རུ་ཀ ། ཕྲིན་ལས་རྒྱ་མཚོས་འགྲོ་བའི་དོན་མཛད་པའི། །ཤེས་བྱ་ཐོགས་མེད་བསྐལ་པའི་རླུང་གིས་བསྐྱོད། །ཕྲག་དོག་ཚུལ་གྱིས་ཕྲག་དོག་འཇོམས་མཛད་པ། །ཕྲག་དོག་རྡོ་རྗེ་ཀརྨ་ཧེ་རུ་ཀ་།སྐུ་ཡི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང ། །ཤེས་རབ་མཐར་ཕྱིན་གཏི་མུག་རྣམ་པར་དག་།ཕྱག་རྒྱ་གཟུགས་ཀྱི་མཆོད་པས་མཉེས་མཛད་ཅིང ། །ཆོས་དབྱིངས་ནམ་མཁའི་དབང་བསྐུར་ཁྲོ་མོ་རྒྱལ། །ཐུགས་ཀྱི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང ། །བརྩོན་འགྲུས་མཐར་ཕྱིན་ཞེ་སྡང་རྣམ་པར་དག་།རྟོགས་པ་རེག་བྱའི་མཆོད་པས་མཉེས་མཛད་ཅིང ། །སྲ་བརྟན་རྡོ་རྗེ་དབང་བསྐུར་ཁྲོ་མོ་རྒྱལ། །གསུང་གི་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང ། །ཚུལ་ཁྲིམས་མཐར་ཕྱིན་འདོད་ཆགས་རྣམས་པར་དག་།གསུང་རབ་སྒྲ་ཡི་མཆོད་པས་མཉེས་མཛད་ཅིང ། །ལྷག་མཐོང་ཡེ་ཤེས་དབང་བསྐུར་ཁྲོ་མོ་རྒྱལ། །ཡོན་ཏན་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང ། ། 104.160a སྦྱིན་པས་མཐར་ཕྱིན་ང་རྒྱལ་རྣམ་པར་དག ། ངར་འཛིན་བྲོ་མཆོག་མཆོད་པས་མཉེས་མཛད་ཅིང ། །བདག་མེད་ཞི་གནས་དབང་བསྐུར་ཁྲོ་མོ་རྒྱལ། །ཕྲིན་ལས་ལོངས་སྤྱོད་སྣ་ཚོགས་མི་དམིགས་ཤིང ། །བཟོད་པས་མཐར་ཕྱིན་ཕྲག་དོག་རྣམ་པར་དག་།ཚུལ་ཁྲིམས་དྲི་མེད་མཆོད་པས་མཉེས་མཛད་ཅིང ། །ཐོགས་མེད་ལས་ལ་དབང་བསྐུར་ཁྲོ་མོ་རྒྱལ། །ཐུགས་མཆོག་རྣམ་དག་ཡེ་ཤེས་དཀར་མོའི་ཚོགས། །འགུགས་མཛད་ཡེ་ཤེས་ལྔ་ཡི་དབྱུག་ཏོ་ཅན། །དྲན་པས་རྒྱུད་ལྔ་སྒྲོལ་མཛད་ཞི་བར་གཟིགས། །སྲིད་གསུམ་འཇོམས་བྱེད་དབྱུག་ཐོགས་གཽ་རི་མ། །སྐུ་ཡི་ཡོན་ཏན་ཚོགས་སྡུད་རྐུན་མོའི་ཚོགས། །མཐུ་འཕྲོག་ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ། །བདེན་གཉིས་ལྟ་བས་ཁྲོ་ཚུལ་འགྲོ་ལ་གཟིགས། །དམ་ཚིག་དབྱིངས་མཆོག་སྐུལ་བྱེད་ཙོའུ་རི་མ། །གསུང་གིས་ཐམས་ཅད་ཟིལ་གནོན་རྨོངས་པའི་ཚོགས། །དབང་མཛད་མཐའ་གཉིས་མི་ཡོང་ཆུ་སྲིན་ནི། །མི་གནས་རྒྱལ་མཚན་འཛིན་ཅིང་མྱོས་པར་ལྟ། །སྟོང་གསུམ་དབང་མཛད་རྒྱལ་བྱེད་པྲ་མོ་ཧ། །ཐལ་བ་བྱེད་པས་ཐལ་བྱེད་མ་ཡི་ཚོགས། །ཀུན་གྱི་དངོས་གྲུབ་རྡོ་རྗེ་རྩེ་དགུ་འཛིན། །ས་དགུ་རྟོག་འཇོམས་ཤི་བ་སློང་བར་གཟིགས། །འཇིག་རྟེན་ཐལ་བྱེད་རྡེའུ་ཐེགས་བེ་ཏ་ལི། །འབྱེད་མེད་ཤེས་རབ་མི་རྟོག་ལྦོས་མོའི་ཚོགས། །འཁོར་བའི་རྒྱུད་འཛིན་འཆིང་ཞིང་དབང་འདྲེན་ལས། །ཁྲོ་གར་གཟིགས་ཚུལ་རྒྱུན་གྱིས་ཐུགས་རྗེས་སྒྲོལ། །བདེ་མཆོག་དབྱིངས་སུ་འདྲེན་མཛད་པུཀྐ་སི། །ཞེ་སྡང་ཚུལ་གྱིས་དོན་མཛད་གཏུམ་མའི་ཚོགས། །མྱོས་མཛད་དབྱིངས་དང་ཡེ་ཤེས་གཉིས་མེད་པའི། །ཐུགས་རྗེས་དཀྲུག་ཅིང་རོ་ཟའི་ཚུལ་དུ་གཟིགས། །སྣོད་བཅུད་དཀྲུགས་ནས་སྐོངས་མཛད་གྷསྨ་རི། །ཆགས་པའི་ཚུལ་གྱིས་དོན་མཛད་སྨེ་ཤ་ཅན། །མ་ནི་རྒྱུད་འཕེལ་གཟུང་འཛིན་བྲལ་བའི་རྟགས། །མཐའ་གཉིས་སྤངས་པས་རྣམ་པར་གཡེངས་ཚུལ་བཞུགས། །འབར་བ་སྟོང་གསུམ་སྟོབས་བྱེད་ཙཎ་ཌ་ལི། །ཐམས་ཅད་འབྱུང་བའི་ལྷུན་འགྱུར་མ་ཚོགས་མ། །ཀུན་གྱི་ལས་མཛད་ཆོས་ཀུན་སྙིང་པོ་འཛིན། །ཀུན་ལ་རོལ་པས་གཟིགས་ཚུལ་ཀུན་དང་ལྡན། །ཐུགས་རྗེ་འཇིག་རྟེན་སྒྲོལ་མཛད་སྨ་ཤ་ནི། །འཇོམས་བྱེད་རྩལ་མཆོག་རྡོ་རྗེ་ཐུགས་ཀྱི་ཡུམ། །གཉེན་པོ་སྟོབས་ཀྱིས་ཐམས 104.160b ཅད་ཟིལ་གྱིས་གནོན། །ཤེས་རབ་ཐབས་ལྡན་སྐུ་གསུམ་བདག་གཞན་དོན། །སྡུག་བསྔལ་ཞེ་སྡང་གསོད་བྱེད་སིང་ཧ་མ། །དཔའ་བརྟུན་ཟ་བྱེད་ཡེ་ཤེས་ཐུགས་རྗེའི་ལས། །བརྩོན་འགྲུས་མྱུར་བའི་ཤུགས་འཆང་འགྲོ་དོན་དུ། །ཐུགས་རྗེ་ཡེ་ཤེས་རྩེ་གཅིག་སོ་སོར་གཟིགས། །ང་རྒྱལ་འཆི་བདག་འཇོམས་མཛད་བྱ་ཁྲ་མ། །མཛེས་བྱེད་དམ་ཚིག་རྣམ་དག་གསུང་གི་ཡུམ། །ཐབས་མཁས་སྤྱོད་པས་བདག་དང་གཞན་དོན་མཛད། །དོན་གྱི་ཆོས་སྐུ་ཏིང་འཛིན་ལྗགས་ལ་གཏང ། །འདོད་ཆགས་དུར་ཁྲོད་འཇོམས་མཛད་སྲི་ཀ་མ། །མི་མ་བྱེད་སྤྱོད་པས་མཆོག་རིགས་ཀྱི་ཡུམ། །གཡེར་བའི་ཕྲིན་ལས་འགྲོ་ལ་ཐུགས་རྗེས་སྲུང ། །ཆོས་ཉིད་སྐུ་ལ་ཡེ་ཤེས་སྤྱན་གྱིས་གཟིགས། །ཕྲག་དོན་ལས་གྲུབ་ཟ་བྱེད་ཤཝ་ན་མ། །ཡིད་ཀྱི་ཡེ་ཤེས་སོ་སོ་ཀུན་ལ་རྟོག་།རྣམ་ཤེས་ཀྱིས་བསད་གོད་འབྲང་ཚུལ་ཁྲིམས་སྲུང ། །འཁོར་བའི་རྒྱུན་གཅོད་རྒྱུད་འཛིན་རྒྱུ་གྲི་འཛིན། །མགྱོགས་མས་སྙིགས་བྱེད་ཁྲག་འཐུང་ཀྱི་གྱ་མ། །རྣམ་ཤེས་མཉམ་ཉིད་ཡིད་འགྲོགས་མཚན་མ་འཇོམས། །གསད་པའི་གོད་རྣམས་སྦྱིན་པས་ཕ་རོལ་ཕྱིན། །མཐའ་འདས་ཆོས་སྐུ་གཟུགས་འཛིན་སྤངས་ཚུལ་བཟུང ། །འགྲོ་བའི་སྡུག་བསྔལ་ཚེ་འཕྲོག་ཀ་ཀ་མ། །བསླད་པས་མི་འགྱུར་བཀྲུས་པས་མི་འདག་ཅིང ། །མི་མཐུན་གཉེན་པོས་མི་ཤིགས་བཟོད་པའི་མཆོག་།ཆོས་སྐུ་ཐུགས་སུ་ཆུད་ཕྱིར་ཞལ་ན་ཐོགས། །ཡོན་ཏན་ཡིད་བཞིན་བདག་ཉིད་ཀང་ཀ་མ། །དབྱིངས་ལ་མི་རྟོག་འགྲོ་ལ་ཐུགས་རྗེས་གཟིགས། །གཉིས་ལ་མི་གནས་ཤེས་རབ་ཕ་རོལ་ཕྱིན། །དབྱིངས་ཀྱི་ཐུགས་རྗེས་ཕྲིན་ལས་འདུས་མ་བྱས། །མཐའ་གཉིས་སྤངས་པའི་རྔམ་ཚུལ་ཀ་།བཅུ་དྲུག་ཞགས་གིས་ཟླ་བའི་དཀྱིལ་འཁོར་རྫོགས། །དཔལ་ཆེན་བཅུ་དྲུག་ས་ལ་ལྷུན་གྱིས་གྲུབ། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པའི་སྐུ། །ཐོག་མ་མེད་ཅིང་ཡོན་ཏན་ཟླ་བ་མེད། །སྦྱིན་པས་རིགས་པའི་ཀླུང་དུ་མཚོ་དྲང་ལྟར། །འཁོར་བས་འཇིགས་ནས་ཐུགས་རྗེའི་ལྕགས་ཀྱུས་འདྲེན། །དཔའ་བར་འགྲོ་བའི་ཏིང་འཛིན་དོན་མཛད་པ། །ཐུགས་རྗེས་ཤར་མཛད་རྟ་གདོངས 104.161a ལྕགས་ཀྱུ་མ། །དོན་དང་འཐུན་པས་ཀུན་ཀྱང་དགའ་བར་མཛད། །བྱམས་པའི་ཞགས་པ་འཁོར་བའི་རྒྱུན་འཛིན་ཅིང ། །རིན་ཆེན་ཕྱག་རྒྱས་སེམས་ཅན་རེ་འདོད་སྐོང ། །ཡོན་ཏན་ཚོགས་རྫོགས་ཕག་གདོང་ཞགས་པ་མ། །གཞན་གྱི་དོན་དུ་སྤྱད་པས་བདག་གི་དོན། །ཤེས་རབ་སྒྲོལ་མས་མུན་པའི་སྡུག་བསྔལ་སེལ། །དོན་གཉིས་མི་འདའ་དགའ་བའི་མཆོག་།ཀུན་གཉེན་མ་རིག་ནུབ་མཛད་ཉི་ཟླའི་སྤྱན། །སྙན་པར་སྨྲ་བས་ཀུན་ཀྱང་བཀའ་བཞིན་བྱེད། །བཏང་སྙོམས་ཐབས་མཁས་ཐུགས་རྗེས་འགྲོ་དོན་དུ། །ཕབ་ནས་རྣམ་ཤེས་ཐལ་བའི་གཟུགས་ཀྱང་འཚོ། །ཆོས་སྟོན་བག་ཆགས་བྱང་མཛད་དྲིལ་འཁྲོལ་མ། །ད་ནི་སྲིན་མོའི་ལྷ་རྒྱུད་བཤད་དེ། བཅཝ་བརྒྱད་སྤྱན་གྱིས་བཅཝ་བརྒྱད་ཁམས་ལ་གཟིགས། །བཅཝ་བརྒྱད་ཤངས་ནས་བཅཝ་བརྒྱད་སྤྲུལ་པ་འབྱུང ། །བཅཝ་བརྒྱད་ཁམས་ལ་བཅཝ་བརྒྱད་སྐུར་སྟོན་ཅིང ། །བཅཝ་བརྒྱད་ཐུགས་ཀྱིས་བཅཝ་བརྒྱད་འདུལ་ཐབས་མངའ། །བཅཝ་བརྒྱད་སྙན་གྱིས་བཅཝ་བརྒྱད་ཁམས་གསན་ཅིང ། །བཅཝ་བརྒྱད་ལྗགས་ཀྱིས་གསུང་རབས་བཅཝ་བརྒྱད་འཆད། །བརྒྱ་རྩ་བརྒྱད་ཀྱིས་དགོངས་པ་བསམས་མི་ཁྱབ། །ས་དགུར་ཐུགས་རྗེས་དོན་མཛད་དབུ་དགུར་ལྡན། །བརྗོད་གནོན་ཞབས་བརྒྱད་ཕྱོགས་བརྒྱད་ལྷ་བརྒྱད་གནོན། །ཅི་ལྟར་རོལ་ཡང་སྤྱན་དགུར་དབྱིངས་མི་གཡོ། །འདུལ་བའི་དབང་དུ་བསྐལ་པའི་ཚུལ་སྟོན་ཅིང ། །རྡོ་རྗེ་སྲིན་པོས་ཅི་འདུལ་ཡིད་བཞིན་རྫོགས། །རྣམ་ཐར་གསུམ་ལས་སྐུ་གསུམ་ཕྲིན་ལས་འབྱུང ། །སྤྱོད་པ་རྣམ་དག་སྨོན་ལམ་སྟོབས་ཀྱིས་གཤེགས། །རལ་བསིགས་སྤྲུལ་པས་འགྲོ་དོན་རྩེ་གཅིག་རོལ། །བཅཝ་བརྒྱད་སྟོང་པས་མཉེས་མཛད་རྩ་ཏིང་མ། །བརྗིད་པའི་སྟོབས་ཀྱིས་ཀླུ་རྣམས་ཟིལ་གནོན་ཅིང ། །ཕྲ་མའི་སྐྱོན་སྤངས་ངག་གི་དབང་ཕྱུག་ཆེ། །འབད་པ་མེད་པའི་བརྩོན་འགྲུས་ཤུགས་དང་ལྡན། །ཆོས་ལ་དབང་མཛད་ཧ་ཡ་གྲི་བ་དཔལ། །འཛིན་ཚུལ་སྟབས་ཀྱིས་དྲང་སྲོང་ཚར་གཅོད་ཅིང ། །ལོག་ལྟའི་ཉེས་སྤངས་ཡང་དག་ལྷ་དང་ལྡན། །ཚུལ་ཁྲིམས་མཐར་ཕྱིན་དྲང་སྲོང་སྤྱོད་པས་ཚེ། །སྐྱེ་ལ་དབང་མཛད་བྲན 104.161b ཚུལ་མི་གཡོ་མགོན། །ཤུགས་འཆང་སྟབས་ཀྱིས་རླུང་ལྷ་ཚར་གཅོད་ཅིང ། །འཁྱལ་པའི་སྤྱོད་སྤངས་ངག་གི་དབང་ཕྱུག་ཆེ། །འདོད་པ་ཀུན་ལ་སྦྱིན་མཛད་རྒྱལ་པོའི་ཚུལ། །སེམས་ལ་དབང་མཛད་འདོད་པའི་ཁྲོ་བོ་རྒྱལ། །འཚིར་བའི་སྟབས་ཀྱིས་གནོད་སྦྱིན་ཞབས་ཀྱིས་མནན། །ངག་ཙུབ་སྐྱོན་སྤངས་ངག་གི་དབང་ཕྱུག་ཆེ། །སྨོན་ལམ་མཐར་ཕྱིན་བདུད་འདུལ་ཐུགས་རྗེའི་རྩེ། །ལས་ལ་དབང་མཛད་བདུད་རྩི་ཀུཎ་ཌ་ལི། །གནོན་པའི་སྟབས་ཀྱིས་འབྱུང་པོ་ཚར་གཅོད་ཅིང ། །གནོད་སེམས་ཉེས་སྤངས་ཐུགས་ཀྱི་དབང་ཕྱུག་ཆེ། །མཉེན་པའི་སྟོབས་ཀྱིས་མི་མཐུན་གནོན་མཛད་ཅིང ། །རྫུ་འཕྲུལ་དབང་མཛད་འཇིགས་བྱེད་སྟོབས་པོ་ཆེ། །རྡེགས་པའི་སྟོབས་ཀྱིས་སྲིན་པོ་ཚར་གཅོད་ཅིང ། །བདེན་དང་བྲལ་བའི་བརྫུན་སྤངས་སྐྱོན་སེལ་བ། །མཚན་མའི་ཐབས་ཀྱིས་མཚན་མ་འདུལ་མཛད་པ། །ཡེ་ཤེས་དབང་མཛད་དབྱུག་པ་སྔོན་པོ་ཅན། །འདེབས་པའི་སྟབས་ཀྱིས་ས་བདག་ཚར་གཅོད་ཅིང ། །བརྣབ་སེམས་སྐྱོན་སྤངས་ཐུགས་ཀྱི་དབང་ཕྱག་ཆེ། །བཟོད་པ་ས་གཞི་ལྟ་བུ་གཞིར་འགྱུར་བ། །སྨོན་ལམ་དབང་མཛད་འདམ་སྐྱེས་ཀུཎ་ཌ་ལི། །ཟློག་པའི་སྟོབས་ཀྱིས་བདུད་རྣམས་ཚར་གཅོད་ཅིང ། །འདོད་ཆགས་སྐྱོན་སྤངས་སྐུ་ཡི་དབང་ཕྱུག་ཆེ། །ཡེ་ཤེས་མཐར་ཕྱིན་ཉི་ཟླའི་འོད་གཞིན་གསལ། །སྐྱེ་བཞི་མོས་པས་དབང་མཛད་ཧཱུཾ་ཀ་ར། །རོལ་པའི་སྟོབས་ཀྱིས་ལྷ་རྣམས་ཚར་གཅོད་ཅིང ། །མ་བྱིན་ལེན་པའི་སྐྱོན་སྤངས་བདག་ཉིད་ཆེ། །རབ་ཏུ་ཤེས་པའི་ཤེས་རབ་མཐར་འབྱིན་པ། །ཡོ་བྱད་དབང་མཛད་གཞན་གྱིས་མི་ཐུབ་རྒྱལ། །འཇིགས་བྱེད་སྟབས་ཀྱིས་འཆི་བདག་ཟིལ་གནོན་ཅིང ། །སྲོག་གཅོད་ཉེས་སྤངས་སྐུ་ཡི་དབང་ཕྱུག་ཆེ། །གཟུང་འཛིན་སྐྱོན་སྤངས་བསམ་གཏན་ངང་ལ་གནས། །ཚེ་ལ་དབང་མཛད་འཇིགས་བྱེད་གཤིན་རྗེ་གཤེད། །ཡེ་ཤེས་ཐུགས་རྗེས་ཟིན་པས་མཐར་མི་འཆིང ། །ཐུགས་རྗེས་ཟིན་པའི་སྲིད་ལས་གྲོལ། །གཉིས་ལ་མི་གནས་མཐའ་བྲལ་དབུ་མར་བསྙེམས། །འདོད་པའི་རྒྱལ་པོ་མཉེས་མཛད་ལ་སེ་ཀེ་།རིག་པའི་སྡེར་ཆེན་ཆོས་ཀྱི་དབྱིངས་ཉིད་འཛིན། །ཐུགས་རྗེ་ལྕགས་ཀྱུས་འཁོར 104.162a བ་མི་གཏོང་ཞིང ། །ཤེས་རབ་ཐབས་ཀྱིས་ལྕགས་ཀྱུས་མཐའ་གཉིས་འཛིན། །གཙོ་བོ་དབྱུག་སྔོན་མཉེས་མཛད་དྲ་ཏི་རུ། །ཡེ་ཤེས་མཚན་སྡུད་ཐུགས་རྗེ་ཁྲོད་འབྱུང་ཞིང ། །སྤྲུལ་པས་འགྲོ་བསྒྲལ་སྐུ་དང་ཡེ་ཤེས་འཕྲོ། །ཤེས་སྙིང་མ་སྐྱེས་དབུ་མའི་རིག་པ་སྐྱེ། །སྟ་ན་བ་ཏིས་ཁྲོ་རྒྱལ་གཤིན་རྗེ་མཉེས། །དབྱིངས་སུ་མཚན་མ་ཤེས་རབ་ཐོ་བས་བརྡུངས། །ཐུགས་རྗེས་སེམས་ཅན་ཕྲིན་ལས་མཚན་མ་འཇོམས། །དབུ་མར་ཡེ་ཤེས་སྙིང་རྗེ་མི་རྟོག་དང ། །མི་གཡོ་མགོན་པོ་མཉེས་མཛད་མུ་ཧ་ལ། །རྡོ་རྗེ་གཏུམ་མོ་མཚན་མའི་དངོས་པོ་བཅོམ། །ཐུགས་རྗེ་རྔམ་ཚུལ་སྲིད་པ་ཐལ་བར་བརླག་།གཉིས་ལ་མི་གནས་མཐའ་བྲལ་དབུ་མར་བསྡིགས། །ཧ་ཡ་གྲི་བ་མཉེས་མཛད་ཙཎ་ཌ་ལི། ཕྲ་མོར་འབིགས་པའི་ཡེ་ཤེས་དབྱིངས་སུ་འཕེན། །འབིགས་པའི་ཡེ་ཤེས་གནད་དུ་ཐུགས་རྗེས་རྡེག་།མ་ཁྱོགས་དབུ་མ་ཆེན་པོའི་དོན་སྟོན་པ། །གཞན་གྱིས་མི་ཐུབ་མཉེས་བྱེད་ཤ་ཡ་ཏི། །མཚན་མ་མེད་པའི་དབྱིངས་ཐོས་རིག་པའི་སྒྲ། །དབྱིངས་ཉིད་རིག་ཤེས་དབྱིངས་ལ་ཉན་པའི་སྒྲ། །དེ་ལ་བསྟན་པ་གསུང་གི་སྒྲ་འབྱིན་པ། །བདུད་རྩིར་འཁྱིལ་པ་ཤ་ཡ་ཡ་ཏིས་མཉེས། །བདག་རྟོག་ལོག་ལྟའི་མཚན་མ་ཀུན་བཅོམ་ཞིང ། །ཟ་བྱེད་མཆེ་བས་སྐྱེ་བཞི་རྩད་གཅད་དེ། །སྐུ་དང་ཡེ་ཤེས་མ་སྐྱེས་མི་དམིགས་པ། །པད་མོ་འཁྱིལ་བ་མཉེས་བྱེད་མ་ར་ན། །ཐུགས་དམ་དབང་གིས་རྣམ་དག་དབྱིངས་ནས་བསྐུལ། །ཐུགས་རྗེས་ཤུགས་ཀྱིས་འགྲོ་བ་གནས་ནས་འདྲེན། །གཉིས་མེད་མཆོད་བསྐུལ་དབུ་མའི་དགྱེས་པ་སྟོབ། །མ་ཧ་ཧ་ལ་མཉེས་མཛད་ཙུན་ད་མ། །བསྐྱོད་པའི་ཡེ་ཤེས་ས་རྣམས་དུས་གཅིག་གཅོད། །ཐུགས་རྗེ་ཤུགས་ཀྱིས་འགྲོ་བ་གནས་ནས་སྤོར། །ཐབས་དང་ཤེས་རབ་བསྐྱོད་པས་མཐའ་གཉིས་སྤོར། །བ་ཡ་བ་ཏིས་ཁམས་གསུམ་ཧཱུཾ་མཛད་མཉེས། །སྡུག་བསྔལ་ཐུགས་རྗེས་མི་བཟོད་ཕྲིན་ལས་དཔའ། །ཡལ་བར་མི་འདོར་བརྩོན་འགྲུས་ཤུགས་ཀྱིས་བརྟན། །གདོང་ནས་དོན་མཛད་འཁོར་བ་མཐར་ཐུག་སྒྲོལ། །དེ་ཕྱིར་དཔའ་བརྟུལ་ཟ་བྱེད་བྱ་ཁྲ་མ། །སྡང་མིག་མི་འགྱུར་ཐུགས་རྗེས་ཞེ་ལ་གནོན། །མཐུ་རྩལ་རྔོམ་བརྗིད་འགྱུར་མེད་བདུད་དཔུང་བཟློག་།ཚམ་ངམ 104.162b རལ་བསིགས་གདངས་ངར་འཇིག་རྟེན་འགེངས། །དེ་ཕྱིར་འགྱུར་མེད་འཕྲ་མེན་ཙ་ས་ར། །རྟོག་པའི་དགྲ་སྤངས་དྲན་པའི་དགོན་པར་གནས། །འཁྲུལ་སྐྱོན་དྲི་མེད་ཤེས་བཞིན་རྫི་མཆོར་སྤོང ། །འགྲོ་དོན་དུས་ལ་བབ་ན་ཐུགས་རྗེས་འཇུག་།དེ་ཕྱིར་འཇུག་པར་བྱེད་པའི་ཧ་རི་ན། །ཆོས་དབྱིངས་གནས་མལ་རྟོག་པའི་སྐྱོན་སེལ་ཞིང ། །ཐུགས་རྗེ་སྤུ་རིས་སྤྲུལ་པ་བསམ་མི་ཁྱབ། །དུག་གསུམ་འཇོམས་མཛད་ཤ་རུས་ཁྲག་ལ་རོལ། །སེལ་བྱེད་སྤྲུལ་པས་དོན་མཛད་དྷྱ་མ། །ཡང་དག་ཟོན་ཆགས་འགྲོ་དོན་ཐབས་མཁས་ལྡན། །མི་འདུལ་ཟིང་ཐུབ་བཏང་སྙོམས་ཆེན་པོར་བཞུགས། །དུས་ལ་བབ་ནས་བརྩོན་འགྲུས་ཤུགས་དང་ལྡན། །དེའི་ཕྱིར་མཁས་བརྩོན་མཛད་པའི་རྩ་ལ་མ། །ཡེ་ཤེས་དབྱིངས་ལ་འཇུག་པ་ཤེས་བྱ་ཟ། །དབྱིངས་ཉིད་ཤེས་ལ་འཇུག་པ་ཉོན་མོངས་ཟ། །གཉིས་མེད་ཡེ་ཤེས་ཕྲིན་ལས་འཁོར་བ་ཟ། །དེ་ཕྱིར་ཟ་བྱེད་པུ་ཀ་མུ་ཀ་བ། །རིགས་བརྩུན་གཉེན་པོར་འགྱུར་བས་ཐམས་ཅད་འདུལ། །ཕྲིན་ལས་རྩལ་གྱིས་བདུད་དཔུང་ཐམས་ཅད་འཇོམས། །སྟོང་ཉིད་སྒྲ་བསྒྲགས་མུ་སྟེགས་ཝ་ཚོགས་འཇིགས། །དེ་ཕྱིར་འཇོམས་བྱེད་རྩ་མཆོག་སིང་ཧ་མ། །དབྱིངས་ལ་ཡེ་ཤེས་ཉལ་ཞིང་ཐུགས་རྗེ་རྨི། །ལྷིང་ནག་ནག་པོ་དྲག་པོ་སྐུ་སྟོན་པ། །ཐུགས་མཆོག་རྣམ་དག་ཆོས་ཉིད་དབྱིངས་སུ་མཁྱེན། །དེ་ཕྱིར་རྨི་བྱེད་འཕྲ་མེན་རིཀྵ་མ། །ཡེ་ཤེས་ཐུགས་རྗེ་སྟོབས་ཀྱིས་མཐའ་གཉིས་གནོན། །ཚམ་ངམ་རལ་བསིགས་སྤྲུལ་པས་བདུད་དཔུང་འཇོམས། །ལས་སུ་ཅི་མཛད་བརྩོན་འགྲུས་སྟོབས་ཀྱིས་རོལ། །དེ་ཕྱིར་སྟོབས་ལྡན་འཕྲ་མེན་ཧཀྵ་མ། །ལྷག་མཐོང་ཆོས་དབྱིངས་ཞི་གནས་རླན་གྱིས་བརྒྱལ། །ཐུགས་རྗེ་འཁོར་བར་སྨོན་ལམ་སྟོབས་ཀྱིས་མྱོས། །རྟོག་འཇོམས་རྫས་ལ་གཙང་སྨེ་མེད་པར་རོལ། །དེ་ཕྱིར་འཕྲ་མེན་མྱོས་བྱེད་ཨུ་ཀ་ར། །ཡིད་གཡོ་ལས་ཅན་སེམས་པར་གྱུར་པ་ནི། །ཡེ་ཤེས་དབང་གིས་ཐུགས་རྗེས་འགྲོ་ལ་གཡོ། །དོན་མཛད་གོད་འབྲང་ཡེ་ཤེས་དབྱིངས་སུ་མཁྱེན། །དེ་ཕྱིར་ཚུལ་ཁྲིམས་ཆེན་པོ་ཀྱི་ཀྱ་མ། །བསམ་པའི་དངོས་པོ་འདོད་ལ་འདུན་པ་ནི། །དབྱིངས་ཉིད་མཉམ་ཉིད་ཡེ་ཤེས་མཁྱེན་པ་ཟ། །ཐུགས་རྗེ་འདུན་པས་འཁོར་བ་བག་ཆགས་སྦྱོང ། །དེ་ཕྱིར་འཕྲ་མེན་ཟ་བྱེད་དོན་ཀ་མ། །དབྱིངས 104.163a ལ་སེམས་འཛིན་ཡིད་ལ་བྱེད་པར་འགྱུར། །ཡེ་ཤེས་དབྱིངས་རྟོགས་དྲངས་པ་ཉིན་མོ་ཉལ། །འགྲོ་མདོངས་རྨོངས་ལ་ཐུགས་རྗེས་མཚན་མོ་ལྡན། །ཡེ་ཤེས་ཐུགས་རྗེས་དྲངས་པའི་ཨུ་ལུ་ཀ་།བརྟགས་པའི་དངོས་ལ་རྩེ་གཅིག་ཏིང་འཛིན་འགྱུར། །མཉམ་ཉིད་མཐའ་བྲལ་དབྱིངས་ལས་མི་གཡོ་བ། །རྟོག་གེ་སྤྱོད་ཡུལ་བྱིས་པས་མི་མཐོང་བ། །དེ་ཕྱིར་སྦེབ་བྱེད་འཕྲ་མེན་བ་ཡ་ཏ། །ལས་འབྲས་བདེན་ལ་ཡིད་ཆེས་དང་གྱུར་ཏེ། །མཉམ་ཉིད་དབྱིངས་སུ་ཡེ་ཤེས་ཐུགས་ཀྱིས་མགྱོགས། །ཞི་གནས་སྤྱན་རྫི་ལྷག་མཐོང་བགྲོད་ཚགས་ཆུང ། །དེ་ཕྱིར་འཕྲ་མེན་མགྱོགས་བྱེད་བྷག་ཤི་ཏ། །ངེས་པའི་དངོས་ལ་འཛིན་པའི་མོས་པར་གྱུར། །ལྷག་མཐོང་ཡེ་ཤེས་དབྱིངས་ཉིད་མཉམ་འགྱུར་འཛིན། །ཞི་གནས་གཅེས་པར་འཛིན་པ་མི་འཕྲོགས་པ། །དེ་ཕྱིར་འཕྲ་མེན་འཛིན་མ་ཙ་ཏ་མ། །འདྲིས་པའི་དངོས་པོ་མ་བརྗེད་དྲན་པར་གྱུར། །དབྱིངས་དང་ཡེ་ཤེས་གཉིས་མེད་མ་བརྗེད་དྲན། །ཏིང་འཛིན་འབུམ་ཕྲག་ལྷག་མཐོང་སོ་སོར་གསལ། །གཉིས་ལ་མ་རྨོངས་ཟིན་མ་ཏི་ཏི་ལ། །ཆོས་རྣམས་འབྱེད་པའི་བྱེད་པར་གྱུར་པ་ནི། །མཉམ་ཉིད་ངང་དུ་ལོག་ལྟ་སེལ་བྱེད་ཅིང ། །རིག་པ་སྐྱེད་པས་སོམ་ཉི་ཐེ་ཚོམ་གཅོད། །དེ་ཕྱིར་འཕྲ་མེན་གསོད་བྱེད་ན་ཀུ་ལ། །འཇུག་པ་རང་དབང་མེད་པའི་གཉིད་གྱུར་པ། །བསྟན་པའི་ཆོས་སྒྲོགས་ལོག་ལྟ་མྱོས་བྱེད་ཅིང ། །མཉམ་དང་མི་མཐུན་ལོག་ལྟ་མྱོས་བྱེད་ཕྱིར། །ཐམས་ཅད་མྱོས་བྱེད་འཕྲ་མེན་འུ་ཤི་ཀ་།གསུམ་འདུས་གཅོད་པའི་རེག་པར་གྱུར་པ་ནི། །ཕྲིན་ལས་བྱེ་བྲག་མང་པོ་ཅི་མཛད་ཅིང ། །ཕྱག་རྒྱ་བཞི་པོ་མ་སྐྱེས་དབྱིངས་སུ་བྲོས། །དེ་ཕྱིར་འཕྲ་མེན་འབྲོས་བྱེད་ཀ་སི་ཀ་།འཁོར་བའི་རྡོ་རྗེ་བརྗོད་པས་མྱ་ངན་འདས། །ཆོས་སྐུ་རྡོ་རྗེ་བརྗོད་པས་མཐའ་གཉིས་སྤངས། །རྗོད་བྱེད་བརྗོད་བྲལ་དོན་གྱི་ཚིག་དང་བྲལ། །དེ་ཕྱིར་རྗོད་བྱེད་བཛྲ་པ་ཤ་མ། །ཆོས་ཉིད་རྡོ་རྗེས་མཚན་མའི་དངོས་པོ་བཤིག་།ཡེ་ཤེས་རྡོ་རྗེས་གཟུང་འཛིན་རྟོག་པ་བསྲེགས། །ཕྱག་མཚན་རྡོ་རྗེས་དྲེགས་པའི་ལྷ་བདུད་བཅོམ། །དེ་ཕྱིར་འཇོམས་བྱེད་བཛྲ་བེ་ར་བེ། །འཆི་མེད་བདུད་རྩི་ཡུལ་སེམས་སྐྱེ་འགག་མེད། །གྲུབ་པའི་བདུད་རྩི་བསམ་པའི་འབྲས་བུ་ཐོབ། །ཐུགས་རྗེས་འགྲོ་བདུད་རྩི་གཏོང་བླ་མེད་བསྒྲུབ། །རྩི་མཆོག་ཡེ་ཤེས་བཛྲ 104.163b ་མྲྀ་ཏ། །ཡེ་ཤེས་འཕྲོག་བྱེད་ཡོན་ཏན་རྒྱ་མཚོ་བསྒྲུབ། །ཐུགས་རྗེས་འཕྲོག་བྱེད་འཇིག་རྟེན་དབང་དུ་སྡུད། །ཡེ་ཤེས་ཐུགས་རྗེས་གཉིས་མེད་དབང་དུ་འུབ། །དེ་ཕྱིར་བརླབ་བྱེད་བཛྲ་མ་ར་ན། །དེ་ནི་པད་མ་དབང་ཆེན་དང ། དབང་ཕྱུག་མ་ལྷ་རྒྱུད་བརྗོད་པར་བྱའོ། །བཅཝ་ལྔ་སྤྱན་གྱིས་རྒྱུད་ལྔའི་མི་དགེ་བཅུ། །ཡེ་ཤེས་ལྔ་དང་སོ་སོ་ཅིས་འདུལ་མཁྱེན། །སྙན་བཅུས་མི་དགེ་བཅུ་ཡི་སྡུག་བསྔལ་གསན། །ཤངས་ལྔ་ནས་བྱུང་རིགས་ལྔའི་སྤྲུལ་འཕྲོས་པས། །རྒྱུད་ལྔའི་མགོན་མཛད་བརྩོན་ལྡན་རྟ་དབུ་ལྔ། །དུག་ལྔ་ཞལ་དུ་ཤར་ཏེ་རྔུབ་མཛད་ཅིང ། །ལྗགས་ལྔ་ཐེ་ཚོམ་གཅོད་ཕྱིར་ཐེག་ལྔ་འཆང ། །སྐྱེ་བཞི་ལས་བཞིས་སྒྲོལ་མཛད་ཤོག་བཞིས་སྐྱོད། །བཅུ་དྲུག་དམྱལ་ཁམས་བཅུ་དྲུག་ཕྱག་གིས་འདྲེན། །ཕྱོགས་བརྒྱད་འདུལ་ཕྱིར་ཞབས་བརྒྱད་ཁྲོ་བརྒྱད་བཅོམ། །རིགས་བཞི་སྣོད་བཅུད་ཉི་ཟླ་འོད་དང་བརྫིས། །ཕྱོགས་བཞི་རྩལ་དྲུག་དབང་ཕྱུག་ཡང་ཆེས་མནན། །ཆེ་བ་ཆེ་བ་ཡང་ཆེ་བླ་ན་མེད། །བཅུ་དྲུག་ཞག་གིས་ཟླ་དཀྱིལ་རྫོགས་པ་ལྟ། །ཚོགས་གཉིས་རྫོགས་པས་བཅུ་དྲུག་ས་ལ་ཞུགས། །ཕྱོགས་བཞི་དབུ་ལྔར་འབར་ལྟར་རིགས་ལྔའི་དབུ། །མཁྱེན་པའི་ཡེ་ཤེས་ཐུགས་རྗེས་གཟིགས། །ཚོགས་ཆེན་ཡོངས་སུ་རྫོགས་པའི་དཀྱིལ་འཁོར་དང ། །དབང་ཆེན་ཡོངས་སུ་འདུས་པའི་དཀྱིལ་འཁོར་དང ། །ཚོགས་ཆེན་གཉིས་རྫོགས་ཡེ་ཤེས་ལྷུན་གྲུབ་པ། །དཀྱིལ་འཁོར་གསུམ་གྱིས་བརྗིད་པའི་ཁྲོ་བོ་རྒྱལ། །ཐུགས་རྗེ་འདམ་སྐྱེས་སྤྱོད་པ་སྐྱོན་མི་གོས། །མཐའ་གཉིས་དབང་མཛད་པད་མ་ཧེ་རུ་ཀ་།རྔམ་པའི་ཚུལ་གྱིས་སྲིན་མོ་གཟུགས་འཛིན་ཅིང ། །ཐོད་རུས་གདུག་པ་འབུམ་མར་ཟས་སུ་ཟ། །སྲིད་པའི་སེམས་ཅན་ཆགས་པའི་སྙིང་ཁྲག་གསོལ། །དབང་དྲག་ལས་མཛད་མ་བུ་རཀྵ་སི། །སྡུག་བསྔལ་མྱ་ངན་འདས་རྟོག་ཚངས་པའི་གཟུགས། །ཚད་མེད་བཞི་རྫོགས་རྟགས་ཀྱི་དབུ་བཞིར་ལྡན། །ཞབས་བཞིས་སྨྲ་འདོན་གླིང་བཞིར་བཀྲ་ཤིས་བརྗོད། །གཏི་མུག་ཡིད་བཞིན་རིན་ཆེན་པྲ་མ་ཏི། །ཐམས་ཅད་མཉམ་པ་ཉིད་རྟོགས་རིགས་མཆོག་མ། །མ་རིག་དུག་གསུམ་འཇོམས་མཛད་དཔལ་རྩེ་བསྣམས། །བུད་མེད་ཆགས་ཚུལ་དབང་མཛད་བཀའ་ཟློག་མ། །ཆགས་པའི་སྐྱོན་བྲལ་ཏེ་ཆེན་རེའུ་ཏྲི་མ། །ཐམས་ཅད་རྒྱུ 104.164a མ་བཞིན་དུ་རྟོགས་མཁྱེན་མ། །འབྲེལ་བའི་ཐུགས་རྗེས་སེམས་ཅན་ཀུན་ལ་གཏོགས། །ཕྲིན་ལས་རྒྱ་མཚོ་སྒྲོལ་བའི་བཞེད་ཆེན་ཅན། །འཁོར་བའི་རྒྱུད་གཅོད་དྲག་མོ་བོ་སྣ་བེ། །འདུ་བྱེད་མི་རྟག་དྲིལ་བུའི་སྒྲ་ལྟར་མཁྱེན། །རྟག་པར་གཞོན་ཚུལ་འཁོར་བ་ཇི་སྲིད་བཞུགས། །ཉོན་མོངས་ཐ་བ་འབིགས་པའི་མདུང་ཐུང་འཕེལ། །གཞོན་ཚུལ་ཆགས་པས་དབང་མཛད་གོའུ་རི། །རྡོ་རྗེ་ལས་མཛད་ཀུན་གྱི་བླ་ན་མེད། །ལྷ་ཡི་རྒྱལ་སྲིད་ཆོས་ལ་དབང་བསྒྱུར་ཞིང ། །མཚོན་སྦྱིན་བརྒྱ་མཛད་མི་དམིགས་སྐུ་དཀར་མདོག་།གསོད་བྱེད་རྡོ་རྗེ་འབེབས་བྱེད་ཨིན་དྲ་མ། །བྱམས་དང་ཐུགས་རྗེས་དབང་མཛད་སྐུ་མདོག་དམར། །བན་ད་སྣོད་ཡངས་བཅུད་ཀྱི་ཁྲག་མཚོ་ལ། །རྔམ་པའི་ཞལ་དུ་དུག་གསུམ་ཟ་བྱེད་མ། །སྡུག་བསྔལ་དབྱིངས་སུ་སྐྱོངས་མཛད་པ་ཀི་ལམ། །སེམས་ཅན་གདུལ་ཐབས་ཁྲོ་བོ་མཆོག་ཏུ་མཁྱེན། །མུན་སེལ་སྒྲོན་འབར་བདུད་ཀྱི་ནད་གསོས་མཛད། །འདམ་སྐྱེས་པད་ལྟར་འཁོར་བར་སྐུ་འཁྲུངས་ཀྱང ། །ཆགས་པའི་སྐྱོན་བྲལ་དབང་མཛད་ཨ་མྲི་ཏ། །ཞི་བའི་ལས་ནི་གསོད་པའི་མཆོག་ཏུ་མཁྱེན། །ཟླ་ལྟར་ཡོན་ཏན་ཆ་ཤས་མཐར་ཕྱིན་སྐུ། །གདུང་བའི་ནད་སེལ་འཇིག་རྟེན་སྒྲོལ་མཛད་ཅིང ། །གཏན་མཆོག་ཐམས་ཅད་སྟོབས་བྱེད་སེའུ་མྱ་ལ། །དབྱུག་པ་འཚོག་པ་འདྲ་བ་གཞན་མེད་མཁྱེན། །ཐབས་ཀྱིས་མ་རྨོངས་ཕྲིན་ལས་ལྗང་གུའི་མདོག་།ནན་དབང་དྲག་ཤུལ་འཚོག་པའི་དབྱུག་ཏོ་བསྣམས། །དྲེགས་བྱེད་སྤྱི་ནས་འཇོམས་མཛད་ད་ན་ཧ་མ། །ལོག་པར་ལྟ་བ་འཇིགས་བྱེད་སྤྱན་གྱི་མཆོག་།སྐྱེ་བ་འཕྲོག་བྱེད་སྐྱེ་རྒྱུན་ཁྲག་མཚོ་གསོལ། །ལས་མཛད་ཆགས་པ་གསེར་གྱི་རྐེད་ཆིངས་ཅན། །དྲག་མོ་རྔམ་ཚུལ་གློག་འགྱུར་ཀྵ་སི། །ཕྲེང་བ་རྒྱན་གྱི་ནང་ན་མཆོག་ཏུ་མཛེས། །སྙིང་རྗེ་རྒྱུན་སྐད་བ་སུ་ཞགས་པ་ཡིས། །ཆགས་མེད་ཞིང་དུ་ཁམས་གསུམ་ཀུན་འདྲེན་མ། །རྒྱུན་གྱིས་ཐུགས་རྗེས་སྒྲོལ་མཛད་བག་ཀྵ་སི། །འཚོག་པ་དབྱུག་པས་འཆང་བའི་མཆོག་ཏུ་མཁྱེན། །གཏུན་བུས་གདུག་པ་མ་ལུས་འཇོམས་མཛད་མ། །ཡོན་ཏན་མི་ཟད་ནོར་གྱི་གཏེར་འཛིན་མ། །སྟོང་གསུམ་ནོར་གྱིས་རྒྱས་མཛད་རལ་གྲི་མ། །ར་རོ་འདྲ་བར་དཔའ་བོ་གཞན་མེད་མཁྱེན། །ཆོས་རྣམས་གཉིས་མེད་དོན་རྟོགས་རྟག་ཏུ་མྱོས། །ཉོན་མོངས་ཐ 104.164b བ་བཟློག་པའི་གཤོལ་བསྣམས་ཤིང ། །དགེ་བའི་ལོ་ཏོག་སྐྱེད་མཛད་རུ་ཏི་རམ། །བརྟན་པ་ཙམ་གྱིས་གཞན་ཕམ་དཔའ་བོ་མཆོག་།མ་ལུས་གསོད་བྱེད་ལས་ལ་འཇུག་མཛད་ཅིང ། །བསྙེངས་པ་མི་མངའ་འགྲོ་དོན་གཅིག་པུ་སྤྱོད། །གསོད་བྱེད་འདྲ་མཛད་ཨེ་ཀ་ར་ཙ་མ། །བུད་མེད་ཆགས་པས་འགྲོ་བ་དབང་དུ་བྱེད། །ཐམས་ཅད་མ་ལུས་མགུ་བྱེད་དགེ་བའི་ལས། །འདོད་ལྷའི་མདའ་འཕེན་སྲིད་གསུམ་ཡིད་འཕྲོག་མ། །ཐུགས་རྗེས་ཞེན་པའི་མ་ནོ་ཧ་ར་མ། །ཁྲག་ལས་ཟས་གཞན་མེད་པར་རྟོགས་མཁྱེན་ཅིང ། །གདོན་རྣམས་བསྒྱུར་བའི་ལས་མཛད་སྒོ་གཏོང་ཅན། །མི་ཟད་ནོར་གྱི་གཏེར་ལྡན་བུམ་པ་འཛིན། །སྡུག་བསྔལ་རེ་སྐོང་ཐག་ཐུག་སི་ཏི་ཀ་།རེག་བྱའི་སེམས་ནི་རླུང་གི་ཁམས་ཏེ་མཆོག་།སྲིད་གསུམ་དབུགས་ཀྱི་སྲོག་སྦྱིན་ཚེ་འཕེལ་མ། །བདེར་གཤེགས་རས་རྒྱུས་སེམས་ཅན་སྒྲོལ་མཛད་ཅིང ། །ཁམས་གསུམ་གནས་ནས་སྐྱོན་མཛད་པ་ཡ་བེ། །སྙིགས་མ་ལྔ་ལྡན་ལྔ་བརྒྱའི་ཐ་མ་ལ། །སྲིད་གསུམ་འཁོར་བའི་སེམས་ཅན་གདུལ་དཀའ་བ། །གསང་བ་ཉིད་ལ་ལས་ཀྱིས་འདུལ་བར་མཛད། །སྡུག་བསྔལ་དབྱིངས་སུ་གསོལ་མཛད་མ་ར་ན། །གཟི་བརྗིད་ཅན་དེ་མེ་ཡི་ཁམས་ཏེ་མཆོག་།འབར་བ་མཆོག་གིས་གདུག་པ་མ་ལུས་བསྲེགས། །ཟ་བྱེད་བསྐལ་པ་དུས་མཐའི་ཚུལ་སྟོན་པ། །ལྷག་མཐོང་ཡེ་ཤེས་འབར་འཕྲོ་ཨག་ན་ཡེ། །མཆེ་བ་དག་པས་སྐྱེ་བཞི་རྩད་གཅོད་བཞུགས། །ཉན་ཐོས་ཐ་བ་ཟློག་མཛད་ཕག་གི་དབུ། །འོག་གི་ཕྱོགས་ནས་སྲིད་གསུམ་སྟོབས་ཀྱིས་སྤོར། །སྐྱེ་བཞི་རྩད་གཅོད་ཟ་བྱེད་པ་ར་ཏི། །འཆི་བདག་ཐམས་ཅད་གནས་ནས་མ་འཕོས་མཁྱེན། །ཐམས་ཅད་གསོད་བྱེད་དམ་ཉམས་འཆི་བདག་མཛད། །དམ་ཚིག་གསྲུང་བའི་འཆི་བདག་ཟློག་མཛད་ཅིང ། །ལུང་གི་དུར་ཁྲོད་དབང་མཛད་ཛ་མུན་ཏི། །འཇིགས་ལས་ལྷགས་པའི་གྲགས་ནི་གཞན་མེད་མཁྱེན། །སྟོང་ཕྲག་བརྒྱད་བཅུ་གྲགས་ལ་མངའ་མཛད་ཅིང ། །སྣ་ཆེན་གླང་སྣ་བདུད་རྩི་འགའུ་ཝང་མཐོང ། །སྡུག་བསྔལ་ནད་གསོས་མཛད་པའི་པུ་ཏ་མ། །ཆུ་ལས་ལྷག་པའི་ནོར་ནི་གཞན་མེད་མཁྱེན། །ནོར་གྱི་ཚོགས་རྣམས་མ་ལུས་འཕྲོག་མཛད་ཅིང ། །གདུག་པ་འདུལ་ཕྱིར་དུག་གཏོང་སྦྲུལ་ཞགས་བསྣམས། །ཞི་གནས་ཏིང 104.165a འཛིན་དབང་སྡུད་བ་རུ་ན། །འགྲོ་བའི་དོན་མཛད་མི་འགྱུར་སྐུ་མདོག་གནག་།སྲིད་གསུམ་འཇོམས་མཛད་ཏྲི་ཤུལ་གདེངས་པོ་བསྣམས། །ཐུགས་རྗེ་ཤུགས་ཀྱིས་འདྲེན་མཛད་ལྕགས་ཀྱུ་བསྣམས། །འཁོར་བར་ཐུགས་རྗེས་ཤར་བའི་ཀ་མ་ལ། །ཆགས་པའི་ཐུགས་རྗེས་དོན་མཛད་ར་མགོ་ཅན། །བྱམས་པའི་ཞགས་པ་འཁོར་བའི་རྒྱུད་འཛིན་ཅིང ། །གང་ལ་ཅི་འདུལ་དེ་ལ་དེས་སྟོན་པ། །ཡོན་ཏན་ཚོགས་རྫོགས་རེ་སྐོང་ཙ་ཀ་ལམ། །སྟོན་པའི་བཀའ་དང་རང་གི་དམ་བཅའ་གཉིས། །མི་འདའ་མ་གྲུབ་རབ་ཏུ་བརྟན་པར་བཞུགས། །དམ་ཚིག་སྒྲོག་གིས་སེམས་ཅན་འདུལ་མཛད་ཅིང ། །མ་རིག་ནུབ་མཛད་ཀུམ་པ་ཀ་རྣམ་འཕྲུལ། །སྐུ་གསུམ་ཡོན་ཏན་ཕྲིན་ལས་མཐའ་ཀླས་པ། །སྟོང་པའི་སྒྲས་བསྐུལ་འགྲོ་བའི་རྒྱུད་ལ་འབེབས། །སོ་སོའི་སྐད་དུ་ཆོས་ཀྱི་སྒྲ་སྒྲོགས་པ། །མ་ཆགས་བྱང་མཛད་ལམ་པོ་དྷ་ར་མ། །དཔལ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་རོལ་པ་ལས་བཟླས་པའི་ལེའུ་སྟེ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཐབས་དང་ཤེས་རབ་ཀྱི་བྱང་ཆུབ་ཀྱི་སེམས་ཀྱི་དབང་འདི་བཀའ་སྩལ་ཏོ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་པད་མ་འདབ་མ་བརྒྱད། པད་མའི་ལྟེ་བ་ལ་རག་ཏའི་མཎ་ཌལ་བྱས་ཏེ། དབུས་སུ་བཛྲ་ཧེ་རུ་ཀ ། ཤར་དུ་བུད་དྷ་ཧེ་རུ་ཀ་།ལྷོར་རད་ན་ཧེ་རུ་ཀ་།ནུབ་ཏུ་པདྨ་ཧེ་རུ་ཀ་།བྱང་དུ་ཀརྨ་ཧེ་རུ་ཀ་།མཚམས་བཞིར་ཁྲོ་མོ་དབང་ཕྱུག་མ་བཞི། དེའི་ཕྱི་རིམ་སྣམ་བུ་ལ་གོའུ་རིམ་བརྒྱད། དེའི་ཕྱི་རིམ་ལ་སིང་ཧ་མ་བརྒྱད། སྒོ་བཞི་དང་སྒོ་ཁྱུད་དང་བཅས་པ། །ཞིང་གི་རྒྱལ་མཚན། རས་ཆེན་གྱི་འཕན་གདུགས། ཙིད་ཏའི་ཐོག་མང་སའི་བླ་རེས། དེ་ནས་བཅོམ་ལྡན་འདས་ཐབས་དང་ཤེས་རབ་གཉིས་སུ་མེད་པའི་བྱང་ཆུབ་ཀྱི་སེམས་ཡུམ་གྱི་སྐུ་ལ་བསྟིམས་ཏེ། ཡུམ་ཀུན་དུ་བཟང་མོས་རང་གི་མཐའ་ལ་བྱང་ཆུབ་ཀྱི་སེམས་བླངས་ཏེ། ཉིད་ལས་མི་གཞན་པའི་འཁོར་རྣམས་དབང་བསྐུར་རོ། །དེ་ནས་བཅོམ་ལྡན་འདས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ ། །བྱང་ཆུབ་སེམས་ཉིད་སྒོམ་པའི་དབང ། །དབྱིངས་དང་དབྱིངས་ཀྱིས་དཀྱིལ་འཁོར་འདིར། །སེམས 104.165b ཉིད་རྟོགས་པའི་ཐིག་བཏབ་ཏེ། །དེ་རུ་སློབ་མ་བསྐུར་བར་བྱ། །ཆོས་རྣམས་ཐམས་ཅད་བརྟག་པར་དཀའ། །བརྗོད་པའི་ཐ་སྙད་ཀུན་ལས་འདས། །ད་ལྟར་ས་གསུམ་གནོན་པ་ནི། །སེམས་ཅན་ནང་ན་མི་ཡིན་ཏེ། །སངས་རྒྱས་མིས་ནི་བསྒྲུབ་ཐག་ཉེ། །བྱང་ཆུབ་སེམས་དེའི་དོན་རྟོགས་ནས། འབྲས་བུ་ཡངས་དག་མངོན་དུ་འཆར། །དེ་ལས་ཀྱང་ནི་མ་གཏོགས་པ། །དེ་ལས་སངས་རྒྱས་གཞན་ན་མེད། །སེམས་ཉིད་དངོས་པོ་དེ་ལས་མེད། །བསྟན་ཅིང་ཡང་ནི་རྟོགས་པར་དཀའ། །བསྒོམ་པའི་དངོས་གཞི་གཞི་འང་དེ་ལས་མེད། །སེམས་ཀྱིས་བརྟག་པར་དཀའ་ན་ཡང ། །ཚིག་གིས་འདི་ཡིན་བསྟན་དཀའ་ཞེས། །སངས་རྒྱས་བྱང་ཆུབ་སེམས་ཉིད་འདི། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །བོ་དྷི་ཙིཏ་ཏ་ཧཱུཾ། ཕྱི་ཡི་ཚུལ་དུ་རྟོགས་འགྱུར་ན། །སེམས་ལ་སྲིད་པ་ཐམས་ཅད་ཆུབ་བར་འགྱུར། །ནང་གི་ཚུལ་དུ་རྟོགས་འགྱུར་ན། །སེམས་ལ་སྐུ་གསུང་ཐུགས་ཀྱང་འཕྲུགས་པར་གནས། །གསང་བའི་ཚུལ་དུ་སྣང་བ་ཐམས་ཅད་ནི། །ཡུམ་ཆེན་ཀུན་དུ་བཟང་མོ་ཞེས་ཀྱང་བྱ། །སེམས་ནི་སྣང་བ་ཤར་བའི་ཡེ་ཤེས་ཡིན། །གཉིས་སུ་མེད་པར་རྟོགས་ན་ཆོས་ཀྱི་སྐུ། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །བཛྲ་ཙིཏྟ་ཧཱུཾ། མངོན་པའི་སངས་རྒྱས་ཆེ་བ་ཡུམ་ཆེན་ཀུན་དུ་བཟང ། །བདག་ཉིད་ཆེན་པོ་སངས་རྒྱས་ཀུན་ཏུ་བཟང་པོ་ནི། །ཡབ་ཡུམ་གཉིས་སུ་མེད་པར་གྱུར་པ་ལས། །བྱང་ཆུབ་སེམས་ཉིད་བདེ་བ་ཆེན་པོ་ཡིན། །ཆོས་ཀྱི་དབྱིངས་སུ་སངས་རྒྱས་བདེ་བ་ཆེན་པོ་ནི། །ཡུམ་དང་སེམས་ཉིད་གཉིས་སུ་མེད་པ་ཡིན། །རྡོ་རྗེ་སེམས་ནི་ཡེ་ནས་མི་འགྱུར་ཏེ། །སྐྱེ་འགག་མེད་པའི་སེམས་ཉིད་དོན་ཡིན་ཏེ། །སེམས་དཔའ་ཡི་ནི་བདུད་བཞི་མེད་པའི་དོན། །ཀུན་དུ་ཁྱབ་ཅིང་བདལ་བ་དཔག་ཏུ་མེད། །ཐམས་ཅད་མན་ངག་ལ་ནི་ཐམས་ཅད་རྟེན། གདོད་ནས་འཚང་ནི་རྒྱ་བའི་ཆེ་བར་གསུངས། ཕྱི་ནི་སྣོད་ཀྱི་འཇིག་རྟེན་རྟོགས་འགྱུར་ན། །འབྱུང་བ་ལྔ་ལས་སངས་རྒྱས་གཞན་ན་མེད། །ནང་ནི་བཅུད་ཀྱི་འཇིག་རྟེན་རྟོགས་འགྱུར་ན། །སེམས་ལས་མ་རྟོགས་སངས་རྒྱས་གཞན་ན་མེད། །བྱང་ཆུབ་སེམས་ཀྱིས་དབང་བསྐུར་རོ། །བསྡུ་བའི་གནས་སུ་ངེས་པ་མེད་ཅེས་བྱ། །རང་འབྱུང་ཡེ་ཤེས་ཉིད་ཀྱང་ཚིག་གི་མཐའ་ལས་འདས། ། 104.166a སེམས་ལ་དངོས་པོ་མེད་ཅིང་གཟུང་དུ་མེད། །གནས་ནི་ཡུམ་གྱི་བྷ་ག་ཡ་ཏི་སྟེ། །རྣམ་པར་མི་རྟོག་ཆོས་ཉིད་སྟོང་པར་གསལ། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །རིག་པ་རྙེད་པ་དག་ལ་ཤིན་དུ་གསལ། །བྱང་ཆུབ་སེམས་ཀྱི་དངོས་གཞི་མ་གཏོགས་པ། །སངས་རྒྱས་གཞན་ན་མེད་ཅེས་འབྱུང་བ་ཡང ། །མི་རྟོག་པའི་ལྟ་བ་མི་བསླད་པའི་ཡེ་ཤེས་ཏེ། །མི་གཏོང་བའི་སྤྱོད་པ་མི་འགྱུར་བའི་སེམས་ཉིད་ཡིན། །མི་འདའ་བའི་དམ་ཚིག་མི་འབྲལ་བའི་གཟུངས། །མི་གཡོ་བ་ཡི་ཆོས་ཉིད་དབྱིངས་དག་པས། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །མཉམ་པར་ཤེས་པ་སངས་རྒྱས་ཀུན་གྱིས་རྗེ། །མཐོ་རིས་སྲིན་མོ་ན་རག་དམྱལ་བ་ཀུན། །མཉམ་པའི་དོན་དང་རིག་པ་གཉིས་མེད་པས། །འདི་དང་ཕྱི་མའི་དོན་དུ་བསྒོམ་པར་བྱ། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །མཛོད་གསུམ་སྟོན་པ་སངས་རྒྱས་ཀུན་གྱི་རྗེ། །ཕྱི་མའི་དོན་དུ་སྲིད་པའི་གནས་འགྲོ་བས། །ནང་གི་ཚུལ་དུ་གནས་ནི་རྟོགས་འགྱུར་ན། །སྐུ་གསུང་ལུས་ངག་ཡིད་གསུམ་གནས་གྱུར་ན། །དེ་ཡང་གསང་བའི་གནས་སུ་རྟོགས་པར་བྱ། །ཀུན་གཞི་ཡིད་དང་རྣམ་ཤེས་ཡིད་དང་གསུམ། །གསང་བའི་མཛོད་གསུམ་ཡིན་པས་བསྐུར་བར་བྱ། །དེ་ལ་སེམས་ཀྱི་གཟུགས་ནི་ཅི་འདྲ་བ། །ཙིཏྟའི་དབྱིངས་ནས་འོད་ནི་ཚོན་གང་འཕྲོ། །དཀར་སེར་སྣུམ་ལ་འདྲིལ་བ་གཅིག་ཏུ་གནས། །ལས་འཕྲོ་ལེན་ལས་གཞན་ནི་ལེན་པའི་ཚེ། །སེམས་ནི་རྟ་དགུགས་ཉིད་རྒྱུ་བ་ཡི་འདུས། །མི་ཆགས་མི་འཁོར་བ་ཡི་དོན་དེ་ནི། །འོད་དང་བཅས་པ་ཚོན་གང་གསལ་བར་བསྒོམ། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །རྟག་པ་ཆེན་པོ་རྣམ་སྣང་མཛད། །མི་བསྐྱོད་པ་ནི་སེམས་ཀྱི་མཆོག་།བདག་གི་ལུས་ནི་རྟག་པ་སྟེ། །བདག་གིས་གསུང་ནི་འགྱུར་བ་ཡིན། །བདག་གི་སེམས་ནི་མི་བསྐྱོད་པ། །སེམས་ཉིད་དུས་གསུམ་འགྱུར་བ་མེད་པར་གསུངས། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །ཐིག་ལེ་ཆེན་པོ་དགུ་ཡི་ལུང་བསྟན་པ། །མན་ངག་གཉིར་ཆེན་རྣམ་ཤེས་ཚོགས་དགུ་སྟེ། །ཡིད་ཀྱིས་རྣམ་ཤེས་ལས་འཕྲོ་ལེན་པའི་དོན། །རྣམ་པར་ཤེས་པའི་བྱང་ཆུབ་སེམས 104.166b ཉིད་འདི། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །མེད་པའི་ཕྱལ་བ་དང་ནི་གཅིག་པུ་ལྷུན་གྱིས་རྫོགས། །སངས་རྒྱས་ཀུན་གྱི་རྗེ་བཙན་བསྐལ་པར་མི་ཉམས་རྡུལ་ཙམ་མེད། །རིག་པའི་རྒྱལ་པོ་རྡོ་རྗེ་རང་དབང་ལས། །གཞན་ནས་སངས་རྒྱས་བཙལ་གྱུར་ཀྱང ། །བཙལ་ཀྱང་རྒྱལ་བ་མི་རྙེད་དོ། །ཐམས་ཅད་འགྱུར་མེད་བྱང་ཆུབ་སེམས་དཔའ་ལས། །མ་གཏོགས་གཞན་ན་མེད་ཅེས་བྱ་བར་གསུངས། །བྱང་ཆུབ་སེམས་ཉིད་མཉམ་པར་ཁྱབ་འདལ་ཏེ། །བདག་དང་གཞན་དུ་མེད་པར་རྟོགས་པ་ལ། །དེ་ལྟར་སུས་རྟོགས་སྐྱེས་བུ་གཅིག་པུ་ཡིན། །ལྷུན་གྱིས་རྫོགས་པ་ཞེས་ཀྱང་དེ་ལ་བྱ། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །དྲན་པའི་སེམས་ཅན་སེམས་ཀྱི་རང་བཞིན་ནི། །དཀར་འཚེར་སྣུམ་ལ་འདྲིལ་བས་བྱང་ཆུབ་སེམས། །འཛངས་པ་ཟིན་པོ་སེམས་ཤེས་དེ་ལ་བྱ། །བླུན་པོ་བྱོལ་སོང་སེམས་ནི་ན་བུན་དུད་པས་འདྲེས། །སེམས་གནས་ཕུང་པོ་ཙི་ཏའི་དབྱིངས་དཀྱིལ་ན། །འོད་ཀྱི་ཐིག་ལེ་དཀར་འཚེར་གནས་པ་ནི། །ང་དང་བདག་ཏུ་འཛིན་པའི་སེམས་དེ་ནི། །ཏི་དང་ར་དང་ནས་བཏགས་ཞབས་འཁྱུད་རྣམས། །གུ་གུ་ཟླ་ཚེས་དག་ཏུ་གནས་གྱུར་ཏེ། །མི་ལས་སངས་རྒྱས་དག་ཏུ་གནས་བསྒྱུར་ནས། །དུས་གསུམ་སངས་རྒྱས་ཀུན་གྱི་ཐུགས་ཀྱི་ས་བོན་འདི། །བདག་གི་མ་ཡེངས་བརྗོད་བྲལ་མེད་པར་འདི་བསྒོམས་ནས། །སངས་རྒྱས་འབྲས་བུ་ཡང་དག་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །ཉམས་པའི་ཆད་པ་བྱུང་བ་ལ། །མགོན་ཆུན་དེ་ལས་གཞན་མེད་དོ། །རྣལ་འབྱོར་དམ་ཉམས་གཞན་གྱིས་མི་སྐོངས་ཀྱིས། །བདག་གི་སེམས་ཉིད་ཀུན་དུ་བཟང་པོའི་ངང་གྱུར་ན། །བྱ་ཙ་དང་ནི་བྲལ་ཞིང་འདས་པ་ཡིན། །འཁོར་བ་དང་ནི་མྱ་ངན་འདས་པ་ཡང ། །ང་དང་བདག་ཏུ་འཛིན་པ་དབྱེར་མེད་མཉམ་པ་ཆེན་པོ་དང ། །དེ་ལ་སངས་རྒྱས་གང་ནས་བཙལ་ཀྱང་རྒྱལ་བས་རྙེད་པར་མ་གསུངས་སོ། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །གླང་པོ་དཔལ་གྱི་ཐུགས་ཁ་ནས། །ལྕགས་ཀྱི་ཟེར་ཆེན་བཞི་འཕྲོས་ཏེ། །གླང་པོ་དཔལ་ཆེན་ཧེ་རུ་ཀའི། །ལུས་ངག་ཡིད་གསུམ 104.167a སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལས། །འོད་ཟེར་དགུ་འཕྲོས་གདུག་པ་མ་ལུས་བཅོམ། །འགྲོ་བ་མཐའ་དག་རྣམས་ཀྱི་དོན་བྱས་ཏེ། །བདག་གི་རྣམ་པར་ཤེས་པའི་ཚོགས་བརྒྱད་ཀྱང ། །ཀུན་གཞི་སྙིང་ལ་འདུས་པའི་ཧེ་རུ་ཀ་།དེ་ལྟར་ལགས་པས་རྟོགས་ན་བྱང་ཆུབ་སེམས། །གང་ནས་བཙལ་ཀྱང་རྙེད་པར་མི་འགྱུར་ཏེ། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །བདག་མེད་ཁམས་ཀྱི་སྣོད་གང་དུ། །རྒྱ་ཆེ་གསལ་བའི་ཁམས་བཀང་སྟེ། །རེ་དོགས་མེད་པར་ཕུང་འགྲོ་ཡང ། །ཉམ་ང་མེད་པ་ལམ་གྱི་མཆོག་།གཟའ་གཏད་མེད་པས་དོན་དུ་བདེ། །དེ་བས་རང་སེམས་བགྲོད་པའི་ས། །བྱང་ཆུབ་སེམས་ནི་ཡངས་ཞིང་རྒྱ་ཆེ་སྟེ། །དེ་བས་བདག་གིས་ལུས་རྟོགས་ན། །སྣོད་བཅུད་ལ་སོགས་རྟོགས་པའི་སྐྱེས་མཆོག་རྣམས། །ཤེས་གསལ་བློ་ལྡན་རྣམས་ལ་ཡེ་ནས་རྙེད་པ་གསལ། །བླ་མའི་རྒྱུད་མཆོག་དེ་ལ་ཡོད་ཅེས་གསུངས་ཏེ་རྫོགས། །རྫོགས་པའི་བྱང་ཆུབ་སེམས་ཀྱིས་དབང་བསྐུར་རོ། །བསྒོམས་པས་རྙེད་པར་མི་འགྱུར་མ་བསྒོམས་སྟོང་བྲལ་མེད། །ཐུགས་ནས་ཞལ་དུ་བྱུང་བ་འགྲོ་བའི་དོན་དུ་གསུངས། །རྣ་རྒྱུད་སྟོན་པས་ཐུགས་བརྟོལ་ཏེ། །ལུས་དང་སེམས་ལས་མ་གཏོགས་བསྒོམ་དུ་མེད། །བསྒོམས་ནས་སེམས་ཉིད་གཞན་ནས་བཙལ་ཡང་རྙེད་པར་མ་གསུངས་སོ། །དུས་གསུམ་རྒྱལ་བས་ཡེ་ནས་མ་བཅོས་ཏེ། །རང་སེམས་གདོད་ནས་མ་སྐྱེས་ཆོས་ཀྱི་སྐུ། །ཆོས་ཉིད་བསྒོམ་པར་བྱ་བ་གང་ཡང་མེད། །མན་ངག་ཤེས་རབ་སྦྱིན་ཆེན་དེས་གསུངས་པས། །ལུས་དང་སེམས་ལས་མ་གཏོགས་ན། །བདག་གི་སྐུ་གསུང་ཐུགས་ལ་ཚང་བར་གནས། །གལ་ཏེ་བརྗོད་པའི་མཐའ་བཞི་ཡོད་ན་ནི། །དོན་རྫོགས་སྒོམ་པ་པོ་ཡང་ཡོད་པར་འགྱུར། །ལུས་སེམས་སྐྱེ་བ་མེད་བདེན་པས། །བསྒོམ་དུ་མེད་པར་འཇོག་པ་གང ། །དོན་ཀུན་རྫོགས་ཤིང་ཆུབ་པར་དེར་གནས་སོ། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །ཟླ་གསང་དཀར་དམར་རླུང་ཀ་ལྕི། །ཟླ་བ་ཤེས་རབ་གསལ་བ་ཐབས་ཆེན་ཏེ། །ཐིག་ལེ་བྱང་ཆུབ་སེམས་ཉིད་དཀར་ལ་འཚེར་བ་ཡི། །དམར་བ་ཡུག་གི་རག་ཏ་བྱང་ཆུབ་སེམས། །རླུང་ལ་ཤོར་དུ་མི་རྩལ་ཐིག་ལེ་སྒྲོམ་དུ་སྦ། ། 104.167b དེ་ལས་མ་གཏོགས་སངས་རྒྱས་གཞན་ན་མེད། །མན་ངག་ཚུལ་དུ་ཟླ་བའི་གཟུགས་ཡིན་ཏེ། །གསང་བའི་ཚུལ་དུ་ཡིད་ཀྱི་རྣམ་ཤེས་ཉིད་ཀྱང་ཟླ་བ་ཡིན། །ཐིག་ལེ་སེམས་ཀྱི་རང་བཞིན་སྣུམ་ལ་འདྲིལ། །མན་ངག་ལེན་པར་བྱེད་པས་སེམས་ཀྱི་ཐིག་ལེ་ཡིན། །སེམས་ལས་མ་གཏོགས་སངས་རྒྱས་གཞན་ན་མེད། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །རང་འབྱུང་ཆེ་བའི་ཡེ་ཤེས་མི་འགྱུར་ལ། །ཆོས་ཉིད་རང་གིས་གནས་པའི་རང་བཞིན་ལ། །དམིགས་བྲལ་ཏིང་འཛིན་རྒྱ་མཚོར་རབ་སྤྲུལ་ཏེ། །ཡིད་ནི་འཕགས་པའི་ལམ་ནི་གནས་པ་ནི། །ཕྲ་ཞིང་ཟབ་པ་བསྟན་དཀའ་རྒྱལ་བའི་སྐུ། །དྲན་པ་བྱེད་པའི་རྩོལ་དང་སྲོག་ཆགས་གསུམ། །ཀུན་གཞི་པད་མའི་ཡིག་འབྲུ་གསལ་བར་བྱེད། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །རྒྱུ་ནི་སྐྱེ་བ་མེད་པས་རྣམ་པར་དག་།འབྲས་བུ་འགགས་པ་མེད་པས་བྱང་ཆུབ་སེམས། །བྱང་ཆུབ་སེམས་དེ་སྐྱེ་མེད་ཡེ་ཤེས་དབྱིངས། །སྐྱེ་མེད་མི་འགྱུར་མི་ཤིགས་རྡོ་རྗེའི་དོན། །སེམས་ལ་རྡོ་རྗེ་སེམས་དཔའ་རབ་ཏུ་བསྒོམ། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །འབྱུང་བ་ཆེན་པོ་བཅོམ་ལྡན་འདས། །ནམ་མཁའ་རྡོ་རྗེ་སྣང་བ་སྟོན་པའི་སངས་རྒྱས་སོ། །ས་རྡོ་རྗེ་ཆོས་ཉིད་ཡེ་ནས་གནས་པའི་སངས་རྒྱས་སོ། །མེ་རྡོ་རྗེ་ཆོས་ཉིད་རིན་པོ་ཆེའི་སངས་རྒྱས་སོ། །ཆུ་རྡོ་རྗེ་སྙིང་རྗེ་ཆེན་པོས་བརླན་པའི་སངས་རྒྱས་སོ། །རླུང་རྡོ་རྗེ་འདོད་པ་སྒྲོལ་བའི་སངས་རྒྱས་སོ། །འབྱུང་བ་བཅོམ་ལྡན་འདས་ཀྱིས་དབང་བསྐུར་རོ། །དངོས་གྲུབ་སྩོལ་བ་རྣམ་གཉིས་ཏེ། །ངེས་པའི་ལུང་དང་རང་བཞིན་ནོ། །ཆོས་ཀྱི་དབྱིངས་ལས་མངའ་བརྙེས་ནས། །གང་ལྟར་བསྒྲུབ་ཀྱང་དབྱིངས་ཀྱི་དོན། །ཆོས་ཀྱི་དབྱིངས་ལ་འཆར་བ་དང ། །དབང་ཆེན་དབང་སྒྱུར་འཆི་བ་མེད། །སྤྲུལ་པ་ཀུན་དུ་བཟང་པོ་ཉིད། །སྒྲིབ་དང་འཆི་བར་མི་འགྱུར་རོ། །བྱང་ཆུབ་སེམས་ཀྱི་དབང་བསྐུར་རོ། །ལྷུན་གྱིས་གྲུབ་པའི་དབང་ཆེན་ནི། །དེ་ཡང་ས་གསེར་ཟླ་བ་མེད། །གསེར་དང་འདྲ་བའི་བྱང་ཆུབ་སེམས། །བྱང་ཆུབ་སེམས་ནི་ས་ཞེས་བྱ། །ཟླ་བ་མེ་དང་འདྲ་བ་ཡིན། །བྱང་ཆུབ་སེམས་ཉིད་ཀུན་དུ་བཟང ། །གསལ་ཞིང་དྲོ་ལ་ཉོན་མོངས་སྲེག་། 104.168a བྱང་ཆུབ་སེམས་ཀྱི་དབང་བསྐུར་རོ། །དོན་ནི་དབྱིངས་དང་ཡེ་ཤེས་ཡིན། །ཡབ་ཡུམ་གཉིས་མེད་རོལ་པ་ཡི། །རག་ཏ་བྱང་ཆུབ་སེམས་དཀྱིལ་ན། །མ་སྐྱེས་རྫོགས་པའི་ཧེ་རུ་ཀ་།སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཡོན་ཏན་ཕྲིན་ལས་རྫོགས་མཛད་པ། །གསང་བའི་དོན་གྱིས་དབང་བསྐུར་རོ། །གསང་བ་ཡུམ་ཆེན་ཀུན་དུ་བཟང ། །རག་ཏ་བྱང་ཆུབ་སེམས་དཀྱིལ་ན། །མ་ཧཱ་སུ་ཁའི་དཀྱིལ་འཁོར་དབྱིངས། །སེམས་ཀྱི་ཐིག་ལེས་ཐིག་བཏབ་སྟེ། །དཀྱིལ་འཁོར་ཟླུམ་པོ་འཁྱིལ་པ་ལ། །ཆོས་ཀྱི་དབྱིངས་ལས་སྤྲོས་པའི་སྐུ། །དོན་གྱི་དབྱིངས་ནས་ལྷ་དང་ལྷ་མོ་དགོད། །ངེས་པའི་དོན་གྱི་དབང་བསྐུར་རོ། །ང་དང་རང་བཞིན་བདག་ཉིད་ཆེན་པོ་སྟེ། །ལྷུན་གྱིས་རྫོགས་དང་སྤྲོས་བ་མེད་པ་ཡི། །ཐུགས་ཀྱི་དཀྱིལ་ནས་འབྱུང་བ་རིགས་ཀྱི་སྲས། །ཀུན་དུ་བཟང་པོ་ཡུམ་དང་དོན་གྱི་ཐབས་ཆེན་ལས། །མན་ངག་དང་བཅས་པ་ཡི་ཡེ་ཤེས་སྙིང་པོའི་དོན། །བཅོམ་ལྡན་གསང་བའི་མཆོག་གི་དཀྱིལ་འཁོར་ན། །དཔལ་ཆེན་ཀུན་དུ་བཟང་པོ་ཡེ་ཤེས་ཏེ། །གསང་བའི་བྱང་ཆུབ་སེམས་ཀྱིས་དབང་བསྐུར་རོ། །དཀྱིལ་འཁོར་མ་ཧཱ་སུ་ཁའི་གནས། །མ་ཧཱ་སུ་ཁའི་དབྱིངས་ཉིད་ན། །བྱང་ཆུབ་སེམས་ཉིད་དེ་ཁོ་ན། །ཡེ་ཤེས་ཆེན་པོ་ལྷུན་གྱིས་རྫོགས་ནས་གནས། །མ་ཧཱ་སུ་ཁ་གསང་བ་ཆེན་པོ་འདི། །དོན་དང་ལྡན་ཏེ་ཀུན་དུ་བཟང་པོ་ཡིན། །ངང་ལས་མ་གཡོས་ཀུན་དུ་བཟང་པོ་ནི། །གཉིས་སུ་མེད་པར་རྣམ་པར་དག་པའི་ཕྱིར། །གསང་བའི་བྱང་ཆུབ་སེམས་ཀྱིས་དབང་བསྐུར་རོ། །ཡུམ་གྱི་ནགས་ཚལ་ཆེན་པོ་འདུལ་མེད་དུ། །རྟག་ཏུ་མཉམ་པ་ཉིད་ཀྱི་ངང་དུ་བཞུགས། །ངང་ནི་དུས་གསུམ་བཞུགས་ཤིང་རང་བཞིན་འགྱུར་བ་མེད་པ་ཡིན། །བདག་ཉིད་འདུས་མ་བྱས་པས་སྐྱེ་བ་མེད་པར་ལྷུན་གྱིས་གྲུབ། །གསང་བའི་བྱང་ཆུབ་སེམས་ཀྱིས་དབང་བསྐུར་རོ། །སྲིད་པ་བྱང་ཆུབ་སེམས་སུ་མ་བཅོས་ཐིག་ལེར་ཟླུམ། །སྔར་འདས་དང་ལྡན་བཞུགས་དང་ཕྱིས་འབྱུང་བའི། །སེམས་ཉིད་རྟོགས་པའི་བྱང་ཆུབ་སེམས་དཔའ་རྣམས། །ཉོན་མོངས་དྲི་མ་ཡེ་ནས་མེད་པའོ། །ཡེ་ནས་སངས་རྒྱས་མ་སྐྱེས 104.168b ལྷུན་གྱིས་གྲུབ། །བྱང་ཆུབ་སེམས་ཉིད་གསང་བའི་དབང་བསྐུར་རོ། །དཔལ་ཆེན་ཀུན་དུ་བཟང་པོ་དབྱེ་བ་མེད་པའི་དོན། །སྐུ་གསུང་ཐུགས་ཀྱི་རྒྱུད་ལས་སྤྲུལ་པ་མང་པོ་འཕྲོ། །ལྷག་པའི་ཡེ་ཤེས་བྱེ་བྲག་གཅིག་འདུའོ། །ཕྱག་རྒྱ་འགྱུར་བ་མེད་པ་རྒྱན་གྱི་ཕྱག་རྒྱའོ། །སྐུ་ནི་ཐམས་ཅད་ཆོས་ཀྱི་སྐུ་རུ་འདུས། །ལམ་ནི་ཐམས་ཅད་རོལ་པས་ཆུབ་པའོ། །ཡུམ་གྱི་དབྱིངས་ཆེན་རང་བཞིན་རྣམ་པར་དག་།ཟས་ནི་ཐམས་ཅད་བདུད་རྩི་ལྔ་ཡི་དོན། །སྤྱོད་པ་བྱ་བ་མེད་པ་ཆེན་པོའོ། །ཐུགས་ནི་རྟོག་པ་མི་མངའ་ས་ལེ་བའོ། །ལྡེམ་དགོངས་དོན་དམ་བྱང་ཆུབ་སེམས་ཀྱི་དོན། །བྱང་ཆུབ་སེམས་ཀྱིས་དེང་འདིར་དབང་བསྐུར་རོ། །རྣར་བརྒྱུད་སྟོན་པས་ཐུགས་བརྟོལ་ཏེ། །ངེས་པའི་ལུང་དང་དོན་ཡང་སངས་རྒྱས་ཡིན། །སངས་རྒྱས་མཉམ་དང་དབྱིངས་སུ་འགྲོ་བ་ཞེས། །བྱང་ཆུབ་སེམས་ནི་ཀུན་ཏུ་རྟག་པའི་དོན། །རྫོགས་པའི་ཡེ་ཤེས་བདེ་བ་ཆེན་པོ་ཉིད། །དབང་མཆོག་འདིས་ནི་དབང་བསྐུར་རོ། །སྐུ་རྒྱན་འཁོར་ལོ་ལུང་ཆེན་ཟབ་མོ་ནང་ནས་གསལ། །ལྔ་བཞི་ནང་དུ་འཁོར་བ་ཡང ། །ཡེ་ཤེས་སངས་རྒྱས་དེ་ལས་མེད། །ལྟ་བ་འདི་ལ་གནས་ཤིང་རྣལ་འབྱོར་སྐལ་པ་བཟང ། །བདེར་གཤེགས་ཀུན་གྱི་ཐུགས་དམ་བྱང་ཆུབ་སེམས་ཀྱི་དོན། །དོན་དམ་དབང་མཆོག་འདིས་ནི་དབང་བསྐུར་རོ། །དབྱིངས་ནས་གསལ་ཤར་བདལ་བ་ལ། །ཐུགས་ཀྱི་དཀྱིལ་འཁོར་བྱམ་རེ་ཡས། །རྫོགས་པའི་དཀྱིལ་འཁོར་ཡིད་ལ་ཐིམ། །འགྲེང་ལྡོག་སྤྱིའུ་ཚུགས་གར་འགྱུར་ཡང ། །གང་ལྟར་བྱས་པ་བྱང་ཆུབ་སེམས་ཀྱི་དོན། །ཐིག་ལེ་ཆེན་པོའི་དཀྱིལ་འཁོར་དུ། །མུན་ནག་ལངས་ཀྱང་ཁམས་གསུམ་གསལ། །ཡེ་ཤེས་ཁྲུས་ཀྱི་རྫིང་བུ་རུ། །དྲི་ལ་དག་པས་རྡུལ་མི་འགོ། །དབང་མཆོག་འདིས་ནི་དབང་བསྐུར་རོ། །དེ་ནས་བཅོམ་ལྡན་འདས་ཉིད་ལས་གཞན་པའི་འཁོར་རིགས་བཞིས་འཁོར་བའི་འཕྲ་མེན་མ་དང ། ཁྲོ་བོ་རྡོ་རྗེ་བཀའི་ཕོ་ཉ་རྣམས་ལ་བཀའ་སྩལ་ཏོ། །སངས་རྒྱས་ཀུན་གྱི་རྡོ་རྗེ་དབང ། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་རྣམས་སུ་གྲུབ་བྱའི་ཕྱག་།རྡོ་རྗེ་འདི་ནི་ཁྱོད་ཀྱིས 104.169a ལོང ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་འཛིན། །རྣམ་གྲོལ་དག་པས་གསུང་སྐད་སྒྲོགས། །དྲིལ་བུ་འདི་ནི་སྒྲ་སྙན་གྱིས། །ཕྱོགས་བཅུ་ཀུན་ཏུ་སྒྲོགས་པར་བྱེད། །དབང་མཆོག་འདིས་ནི་དབང་བསྐུར་རོ། །དེ་ནས་དཀྱིལ་འཁོར་ཁྲུང་གང་ཚད་དུ་བྱ། །རག་ཏའི་མགོ་མ་ཡིན་གྱིས་བྱུགས་པ་ལ། །དེ་རུ་དཔལ་ཆེན་དགོད་པར་བྱ། །འཕྲ་མེན་འཁོར་དང་ཕོ་ཉས་བསྐོར། །དེ་རུ་སློབ་མ་གཞུགས་པར་བྱ། །དེ་ནས་རིགས་ཀྱི་བུ་མཆོག་དེས། །རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག་།རབ་ཏུ་གཅེས་དང་ཡིད་འཐད་དབུལ། །དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །དེ་ནས་བཅོམ་ལྡན་འདས་ཀྱིས་ཕྱི་དང་ནང་དང་གསང་བ་གསུམ་གྱིས་བཀའ་སྩལ་ཏོ། །ཕྱི་ཡི་དབང་རིན་པོ་ཆེ་སྣ་བདུན་ལ་སོགས་ཏེ་དབང་རྫས་ལྔ་བཅུ་རྩ་ལྔས་དབང་བསྐུར་རོ། །ནང་དབང་དཔལ་ཆེན་པོ་ཡབ་ཡུབ་དང ། ཁྲོ་བོ་དང་འཕྲ་མེན་རྣམས་ཀྱི་ཕྱག་མཚན་གྱིས་དབང་བསྐུར་རོ། །གསང་དབང་ཐབས་དང་ཤེས་རབ་བྱང་ཆུབ་སེམས་ཀྱིས་དབང་བསྐུར་རོ། །བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པ་གསང་བ་ཟབ་མོ་ལས་དབང་གི་ལེའུ་སྟེ་བདུན་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ ། །ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་ཀྱིས་ཀྱང་མཁྱེན་པའི་ཡེ་ཤེས་ལ་སྐུ་གསུང་ཐུགས་མངའ་བའི་རྟགས་སུ་དང་པོ་ཕྱག་རྒྱ་ཆེན་པོ་དྲུག་དང་ལྡན་པར་བསྒོམ་མོ། །དེ་ནས་ཀུན་མཁྱེན་ཡེ་ཤེས་ཀྱིས་ཐབས་མཁས་པའི་ཐུགས་རྗེས་གོ་ཤག་གིས་ཕྱེ་ལ་ཀུན་དུ་སྣང་གི་ཏིང་ངེ་འཛིན་དུ་བསྒོམ་མོ། །དེ་ནས་རྒྱུའི་ཏིང་ངེ་འཛིན་དུ་ཡི་གེ་ཧཱུཾ་མཐིང་ནག་ལས་སྐུ་སྨུག་ནག་འཇིགས་པའི་སྐུ། །གསུང་གི་དྲག་ཤུལ་སྤྱོད་པའི་སྔགས། ཐུགས་ཏིང་ངེ་འཛིན་ཧཱུཾ་མཐིང་ནག་ལས་འཕགས་པའི་སྐུར་བསྒོམ་མོ། །དེ་ནས་ཧེ་རུ་ཀ་རོལ་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ ། །ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་ཏིང་ངེ་འཛིན་དང་གཉིས་སུ་མེད་པའི་ཏིང་ངེ་འཛིན་དང ། འཁྱིལ་པའི་ཏིང་ངེ་འཛིན་དང ། 104.169b མཉེས་པ་ཆེན་པོའི་ཏིང་ངེ་འཛིན་དང ། །གྲུབ་པ་རྫས་ཀྱི་ཏིང་ངེ་འཛིན་དང ། །རྡོ་རྗེ་ཚོགས་ཀྱི་ཏིང་ངེ་འཛིན་དང ། རྡོ་རྗེ་བཟའ་བའི་ཏིང་ངེ་འཛིན་དང ། བདུད་རྩི་བཏུང་བའི་ཏིང་ངེ་འཛིན་དང ། ལྷའི་རྣལ་འབྱོར་གྱི་ཏིང་ངེ་འཛིན་དང ། ་ཕྱག་རྒྱ་ཆེན་པོའི་ཏིང་ངེ་འཛིན་དང ། རྫོགས་པ་ཆེན་པོའི་ཏིང་ངེ་འཛིན་དང ། རྡོ་རྗེ་གསལ་བའི་ཏིང་ངེ་འཛིན་དང ། དཀྱིལ་འཁོར་ཆེན་པོའི་ཏིང་ངེ་འཛིན་དང ། བླ་ན་མེད་པའི་ཏིང་ངེ་འཛིན་དང ། རྡོ་རྗེ་གསང་བའི་ཏིང་ངེ་འཛིན་དང ། དགྱེས་པ་ཆེན་པོའི་ཏིང་ངེ་འཛིན་དང ། དོན་ཡོད་པའི་ཏིང་ངེ་འཛིན་དང ། ཉོན་མོངས་པ་དང་བྲལ་བའི་ཏིང་ངེ་འཛིན་དང ། ཀུན་དུ་འདུས་པའི་ཏིང་ངེ་འཛིན་དང ། རྟོག་པ་འཇོམས་པ་ཆེན་པོའི་ཏིང་ངེ་འཛིན་དང ། ཚུལ་ཁྲིམས་ཆེན་པོའི་ཏིང་ངེ་འཛིན་དང ། དབུ་མ་ཆེན་པོའི་ཏིང་ངེ་འཛིན་དང ། བདེན་པ་ཉིད་ཀྱི་ཏིང་ངེ་འཛིན་དང ། །སྒྲ་སྒྲོགས་པའི་ཏིང་ངེ་འཛིན་དང ། དམ་ཚིག་གི་ཏིང་ངེ་འཛིན་དང ། ལྷུན་གྱིས་གྲུབ་པའི་ཏིང་ངེ་འཛིན་དང ། ཀུན་དུ་བཟང་པོའི་ཏིང་ངེ་འཛིན་དང ། འབར་བ་ཆེན་པོའི་ཏིང་ངེ་འཛིན་དང ། གཏུམ་པོ་རྔམ་པའི་ཏིང་ངེ་འཛིན་དང ། ་མཚན་མ་མེད་པའི་ཏིང་ངེ་འཛིན་དང ། རྡོ་རྗེ་ལུ་གུ་རྒྱུད་ཀྱི་ཏིང་ངེ་འཛིན་དང ། རྡོ་རྗེ་འགུགས་པའི་ཏིང་ངེ་འཛིན་དང ། རྡོ་རྗེ་ལས་ཀྱི་ཏིང་ངེ་འཛིན་དང ། ཁྲག་འཐུང་ཆེན་པོའི་ཏིང་ངེ་འཛིན་དང ། རྡོ་རྗེ་ལྦོས་པའི་ཏིང་ངེ་འཛིན་དང ། སེང་གདོང་ཆེན་པོའི་ཏིང་ངེ་འཛིན་དང ། གཞད་གདོང་ཆེན་པོའི་ཏིང་ངེ་འཛིན་དང ། རྡོ་རྗེ་མཚོན་ཆའི་ཏིང་ངེ་འཛིན་དང ། རྡོ་རྗེའི་དུར་ཁྲོད་ཀྱི་ཏིང་ངེ་འཛིན་དང ། དྲེགས་པ་ཆེན་པོའི་ཏིང་ངེ་འཛིན་དང ། རྡོ་རྗེ་ངོ་མཚར་གྱི་ཏིང་ངེ་འཛིན་དང ། བསྙེན་པའི་ཏིང་ངེ་འཛིན་དང ། རྡོ་རྗེ་གཤེགས་པའི་ཏིང་ངེ་འཛིན་དང ། འཐོར་བའི་ཏིང་ངེ་འཛིན་དང ། བརྒྱལ་བའི་ཏིང་ངེ་འཛིན་དང ། ་རྔམ་པར་བྱེད་པའི་ཏིང་ངེ་འཛིན་དང ། གློ་སྙིང་ནང་གྲོལ་འདྲེན་ཅིང་ཟ་བའི་ཏིང་ངེ་འཛིན་དང ། སྤྲུལ་པའི་ཏིང་ངེ་འཛིན་དང ། ཆོ་འཕྲུལ་གྱི་ཏིང་ངེ་འཛིན་དང ། བྱིན་གྱི་བརླབས་ཀྱི་ཏིང་ངེ་འཛིན་དང ། ་མཆོད་པའི་ཏིང་ངེ་འཛིན་དང ། ཡོངས་སུ་རྫོགས་པའི་ཏིང་ངེ་འཛིན་དང ། །བཅོམ་ལྡན་འདས་ཧེ་རུ་ཀ་རོལ་བའི་རྒྱུད་གསང་བ 104.170a ཟབ་མོ་ལས་ཏིང་ངེ་འཛིན་གྱི་ལེའུ་སྟེ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པའི་མཉེས་པ་ཆེན་པོའི་མཆོད་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ ། །དེ་ལ་མཆོད་པ་དམ་པ་ནི། །ཐོག་མར་རྟོག་བསྒོམས་བདག་ཉིད་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །འཁྲིལ་བའི་འཇིག་རྟེན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་མཆོད་པར་བྱ། །མཉམ་པའི་གྲུབ་རྫས་ཆེན་པོ་དག་།བདག་དང་མཉམ་པའི་ཚོགས་ལ་འབུལ། །བཟའ་དང་བཏུང་དང་བཅའ་དང་བགོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ནི་དབུལ་བར་བྱ། །མཉེས་པའི་མཆོད་པ་ཆེན་པོས་རབ་ཏུ་མཆོད། །ཤ་ཆེན་དང་ནི་དྲི་ཆེན་དང ། །ག་པུར་རག་ཏའི་དྲི་ཆུ་དང ། །མ་ཧེ་རྟ་དང་ཁྱི་ཤ་དང ། །ན་གེ་གེ་རྒྱ་གཤོག་པ་ཅན། །འདི་དག་འཕགས་པའི་ཚོགས་ལ་དབུལ། །པད་མ་ཅན་དང་དུང་ཅན་དང ། །བ་ལང་ཅན་དང་རོ་མོ་ཅན། །འདི་དག་མཉེས་པའི་མཆོད་པར་དབུལ། །ཞིང་གི་རྒྱལ་མཚན་ཤ་ཆེན་ཏོག་།རས་ཆེན་དག་གི་བླ་རེས་དང ། །ཞིང་གི་དབྱུག་པ་ཙིཏ་ཏའི་ཏོག་།ཏིལ་མར་དག་ཏུ་བཅས་པ་རྣམས། །འདི་དག་མཆོད་པར་དབུལ་བར་བྱ། །མཉེས་པའི་མཆོད་པས་རབ་མཆོད་ན། །ཐམས་ཅད་མ་ལུས་མངོན་སངས་རྒྱས། །ཕྱི་ཡི་མཆོད་པ་དང་ནང་གི་མཆོད་པའོ། །བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པ་ལས་མཆོད་པ་གསང་བའི་ལེའུ་སྟེ་དགུ་པའོ།། །། དེ་ནས་བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལུས་ཕྱུང་ངོ ། །བླ་མེད་མི་སྤང་བ་དང ། བླ་མ་བསྐུར་བ་དང ། སྔགས་དང་ཕྱག་རྒྱ་རྒྱུན་མི་འཆད་པ་དང ། ཡང་དག་པའི་ལམ་ལ་ཞུགས་པ་དང ། གསང་བའི་དོན་དུ་མི་སྨྲ་བ་དང ། རྩ་བ་ལྔ་དང་སྒྲུབ་པ་དང ། བསྲུང་བ་དང ། གཏི་མུག་དང ། འདོད་ཆགས་དང ། ཞེ་སྡང་དང ། ང་རྒྱལ་དང ། ཕྲག་དོག་དག་མི་སྤང་ངོ ། །དཀར་རྩི་དམར་རྩི་དྲི་ཆེན་ཤ་།དག་པའི་སྣོད་བཅུད་མི་འདོར་རོ། །ཡན་ལག་བཅུ་ཡི་དམ་ཚིག་སྟེ། །ཡེ་ནས་མ་ཉམས་རྟོགས་པས་སྤྱད། །བསྲུང་ཞིང་བསྒྲུབ་པའི་དམ་ཚིག 104.170b ནི། །རྩ་བ་ཡིན་ཏེ་རིགས་མེད་འགྱུར། །མི་སྤོང་མི་འདོར་གཉིས་པོ་ནི། །ཡན་ལག་དམ་ཚིག་འདའ་དཀའ་བའོ། །མཉམ་ལ་མཉམ་པར་སྦྱོར་བ་ནི། །མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་གྱུར་ནས། །འདས་ན་སངས་རྒྱས་མ་ཡིན་ནོ། །རྩ་ཉམས་པ་ཡི་ཕྱལ་བ་དག་།གསོ་ལ་ཉེ་བར་མི་བརྩོན་དང ། །སྐད་ཅིག་ཡུད་ཙམ་སྨྲ་མི་བྱེད། །ཉམས་གྱུར་ཉེས་པ་བརྗོད་མི་ལང ། །རྩ་བའི་དམ་ཚིག་ཉམས་གྱུར་ན། །བསྒྲུབ་པ་ཐམས་ཅད་ཉམས་པར་འགྱུར། །ཡིད་དུ་མི་འོང་སྣ་ཚོགས་པའི། །འབྲས་བུ་མི་འདོད་བཞིན་དུ་འདུ། །ཡན་ལག་དམ་ཚིག་ཉམས་གྱུར་ན། །འབྲས་བུ་མེད་ཅིང་ངན་འགྲོར་ལྟུང ། །དམ་ཚིག་རྣམས་ནི་རྡོ་རྗེ་སྟེ། །སངས་རྒྱས་རྣམས་ཀྱིས་བདག་ཉིད་ཡིན། །རྩ་བའི་དམ་ཚིག་ལྔ་ལ་ནི། །གཅིག་ལ་གཉིས་དང་བཅུ་ཕྲག་གསུམ། །ཡན་ལག་དམ་ཚིག་ལྔ་གཉིས་ལ། །གཅིག་ལ་བཅུ་ཕྲག་གཉིས་སུ་མེད། །བསྲུང་བར་བྱ་བ་དང་མི་སྤང་བ་བརྒྱ་ཉི་ཤུ་།དང་དུ་བླང་བ་བརྒྱ་ཉི་ཤུ། སྤྱད་པར་བྱ་བ་བརྒྱ་ཉི་ཤུ་།སྤྱིར་སུམ་བརྒྱ་དྲུག་བཅུའོ། །དམ་ཚིག་འདི་རྣམས་མ་ཉམས་ན་འཚང་རྒྱའོ། །ཉམས་ན་དམྱལ་བ་ཡིན་པར་ཤེས་པར་བྱའོ། །བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པ་ལས་དམ་ཚིག་གི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་རོལ་པ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ ། །བླང་བར་བྱ་བའི་སྣོད་ནི་གང ། །སྤང་བར་བྱ་བ་ཅི་ལྟ་བུ། །མཚན་ཉིད་རྣམ་པ་དུ་ཞིག་མཆིས། །སྤྱད་པར་བྱ་བ་དུ་ཞིག་མཆིས། །དེ་ནས་བཅོམ་ལྡན་འདས་ཀྱིས་ཧེ་རུ་ཀ་རོལ་པའི་དོན་བཀའ་སྩལ་པ། དུམ་བུ་གཅིག་དང་དུམ་བུ་གཉིས། །གསུམ་དང་བཞི་དང་ལྔ་པ་དང ། །དྲུག་པ་དང་ནི་བདུན་པ་དང ། །དུམ་བུ་བརྒྱད་པ་རབ་ཏུ་གྲགས། །བྲམ་ཟེ་རྒྱལ་རིག་རྗེའུ་རིགས་དང ། །དམངས་རིགས་བུད་མེད་རིགས་མ་ངེས། །དཀར་དང་དམར་དང་དཀར་སྔོ་དང ། །སྔོ་དང་དེ་བཞིན་སེར་སྐྱ་སྟེ། །ཐལ་བའི་མདོག་དང་མདོག་མི་སྡུག་།ཁ་དོག་བདུན་དུ་རབ་ཏུ་གྲགས། །ཉི་རིམ་དང་ནི་གླང་པོའི་རྒྱབ། །འཁོར་བ་དེ་བཞིན་བྱ་རོག་རྗེས། ། 104.171a དུང་སྔོ་གཅིག་དང་དུང་གཉིས་དང ། །ཆག་པ་དང་ནི་མཚམས་གྱེས་པ། །འདི་དག་ཐམས་ཅད་རབ་བརྟགས་ཏེ། །རབ་ཏུ་བརྟགས་དེ་སྤྱད་པར་བྱ། །ཤིན་དུ་མཉམ་པའི་ས་ཕྱོགས་སམ། །སྙི་བ་འམ་ཡང་ན་དུལ་བའི་སར། །སྔགས་ཀྱིས་བཏབ་སྟེ་གནམ་དུ་བསྒྱུར། །ལྟུང་བའི་མཚན་ཉིད་འདི་རིག་བྱ། །ལྷོ་ཕྱོགས་ཁ་བལྟས་བྲམ་ཟེ་མེད། །སྲིན་པོའི་ཕྱོགས་བལྟས་གླང་པོ་སྙོལ། །ནུབ་ཀྱི་ཕྱོགས་བལྟས་རིགས་ངན་ཏེ། །རླུང་གི་ཕྱོགས་བལྟས་གསང་མི་ཐུབ། །བྱང་གི་ཕྱོགས་བལྟས་ཕྱུག་པོར་འགྱུར། །དབང་ལྡན་ཕྱོགས་བལྟས་སྔགས་གྲུབ་སྟེར། །ཤར་དུ་བལྟས་ན་བདག་ཉིད་གསོད། །མེ་ཡི་ཕྱོགས་བལྟས་ཤེའུ་ཤིང་མེད། །འོག་དུ་བལྟས་ན་རྐུན་པོར་སྤྱོད། །སྟེང་དུ་བལྟས་ན་བུད་མེད་གསོད། །གློར་བལྟས་དེ་ནི་རིགས་ངན་ཏེ། །སྣོད་ཀྱི་མཚན་ཉིད་འདི་རྣམས་སོ། །དེ་ནས་གཞན་ཡང་གཤད་བྱ་སྟེ། །དགེ་བ་སྤྲུལ་པའི་སྣོད་དག་ནི། །དུམ་བུ་གཅིག་པ་ས་ལ་དབང ། །གཉིས་པ་དེ་ནི་རྒྱལ་ཕྲན་འགྱུར། །གསུམ་པ་དེ་ཡང་ནོར་ལ་དབང ། །བཞི་པ་དེ་ཡང་སྔགས་སྒྲུབ་འགྱུར། །ལྔ་པ་དེ་ཡང་ཆོས་ཀྱང་སྒྲུབ། །དྲུག་པ་དེ་ནི་སློང་བ་ཡིན། །བདུན་པ་དེ་ནི་བརྟུལ་ཤུགས་སོ། །བརྒྱད་པ་ཡོངས་སུ་སྤང་བར་བྱ། །དུམ་བུ་གཅིག་པ་བྲམ་ཟེའི་རིགས། །གཉིས་པ་དེ་ནི་རྒྱལ་པོའི་རིགས། །གསུམ་པ་རྗེའུ་རིགས་ཡིན་པ་སྟེ། །བཞི་པ་དེ་ནི་དམངས་རིགས་སོ། །བུ་གུ་མེད་དང་མང་བ་ནི། །མཁས་པས་ཤིན་དུ་སྤང་བར་བྱ། །བོང་ཆུང་བ་དང་སྲབ་པ་དང ། །གང་དག་སེར་པོར་གྱུར་པ་ནི། །བུད་མེད་ཡིན་པར་ཤེས་པར་བྱ། །བུད་མེད་རབ་ཏུ་དམད་པས་ན། །དེ་དག་རབ་ཏུ་སྤང་བར་བྱ། །སེར་སྐྱ་དང་ནི་དཀར་བ་དང ། །ཁ་དོག་སྣ་ཚོགས་སྤང་བར་བྱ། །དུང་མེད་པ་དང་དུང་གཉིས་དག་།ལྷ་མོ་སྤྲུལ་པས་མི་བླང་ངོ ། །དུང་སྔོ་བ་དག་སྡུག་བསྔལ་ཏེ། །བྱ་རོག་རྗེས་ནི་འཐབ་རྩོད་འགྱུར། །ཉི་རིམ་གྱིས་ནི་གསོད་པར་འགྱུར། །གླང་པོ་རྒྱབ་ནི་ནད་དུ་འགྱུར། །འདི་ལས་གཞན་ཡང་བཤད་བྱ་སྟེ། །གསང་བ་སྒྲུབ་ཐོད་མཚན་ཉིད་ནི། །ཡན་ལག་ཆེ་ཕྲ་མང་བའི་བདག་།དཔག་བསམ་ཤིང་ནི་ཡོད་གྱུར་ན། །འདོད 104.171b པའི་འབྲས་བུ་ཐོབ་འགྱུར་ཏེ། །སྔགས་པ་དེ་ལ་ཐེ་ཙོམ་མེད། །དབུས་ན་གཤོང་བུ་བཞི་ཡོད་ན། །འདི་ནི་འདོད་འཇོ་བ་ཞེས་བྱ། །མདུན་ན་གཤོང་བུ་གཉིས་ཡོད་ན། །ཡིད་བཞིན་ནོར་བུ་ཞེས་བྱའོ། །དེ་ཡི་མཚན་ཉིད་ལྡན་པའི་སྣོད། །སུ་དག་རྟག་ཏུ་འཆང་བ་ནི། །ལོངས་སྤྱོད་ཐར་པ་ཐོབ་འགྱུར་ཏེ། །དེ་ལ་ལྷ་མོ་ཐེ་ཚོམ་མེད། །དེ་ནས་རིགས་ནི་རྣམ་བཤད་དེ། །སྣོད་རྣམས་ཀྱི་ནི་བྱེ་བྲག་དང ། །དུང་དང་ཀུན་ཟླ་འདྲ་བའི་མདོག་།སྣུམ་ལ་མཉམ་དུ་སྡུག་པ་ནི། །སྡགས་རྣམས་ཐམས་ཅད་འགྲུབ་སྟེར་ཡིན། །དབང་ཕྱུག་ཆེན་པོར་ཤེས་པར་བྱ། །ཐལ་བའི་མདོག་ལ་བོང་ཡང་ཆེ། །པད་མའི་དབྱིབས་སུ་འདབ་མར་བརྒྱན། །ཚངས་པའི་སྐུད་པ་གསོལ་བ་ཡོད། །འདི་དང་ཚངས་པར་རིག་པར་བྱ། །སྦྲང་རྩི་སེར་སྐྱའི་མདོག་འདྲ་བའི། །ཞི་བའི་ཐིག་ལེས་རྣམ་པར་བརྒྱན། །ཁྱབ་འཇུག་པ་ཡི་སྣོད་ཡིན་ཏེ། །ཟུག་རྔུ་དགྲ་རྣམས་འཇོམས་པར་བྱེད། །ཁ་དོག་དམར་ཞིང་ལྔ་པ་ལ། །པད་མོ་དམར་བས་བརྒྱན་པ་དང ། །ཟླུམ་པ་ཤིན་དུ་རྣམ་པ་སྟེ། །སྣོད་འདི་གཞོན་ནུ་མ་ཞེས་བྱ། །ཅུང་ཟད་སེར་ཞིང་ཟླུམ་ལ་ཟབ། །གང་དག་རྡོ་རྗེ་མཚན་ཡོད་པ། །དེ་ཡི་མཚན་ལྡན་གང་ཡིན་པ། །དབང་ཕྱུག་ཆེན་མོ་རིགས་ཆེན་ཡིན། །ཕག་མོའི་གདོང་དབྱིབས་འདྲ་བ་ལ། །རབ་ཏུ་མཁྲེགས་ཤིང་མུ་ཏིག་འཕྲོ། །ཤ་ཡི་དྲི་དག་མནམ་པ་ཡི། །སྣོད་ནི་ཕག་གདོང་མ་ཞེས་བྱ། །ཐལ་བའི་མདོག་ལ་བོང་ཡང་ཆེ། །ཐིག་ལེ་ཆེན་པོས་རྣམ་པར་བརྒྱན། །ཁྲག་འཛག་པ་ཡི་དྲི་མནམ་པ། །འཇིགས་བྱེད་མ་ཡི་སྣོད་ཅེས་བྱ། །སྣོད་ཀྱི་ཁྱད་པར་ཤེས་བྱས་ནས། །སྔགས་པས་འདི་དག་རྟག་འཆང་ན། །བདག་བཀའ་བྱེད་ནི་བཞིན་བཟངས་མ། །དེ་ལ་བགེགས་ཀྱིས་ཚུགས་མི་འགྱུར། །དེ་ནས་གཞན་ཡང་བཤད་པར་བྱ། །སྣོད་ཀྱི་དངོས་པོ་ཁྱད་པར་ནི། །ཚངས་པ་བྲམ་ཟེ་བཅང་བར་བྱ། །རྟག་ཏུ་དངོས་གྲུབ་སྦྱིན་པར་བྱེད། །སྒྲུབ་པ་ཆེན་པོའི་དུས་དག་ཏུ། །ཁྱབ་འཇུག་དང་ནི་འབྱོར་ཀུན་ལ། །རྟག་ཏུ་ལས་རྣམས་འགྲུབ་པར་བྱེད། །རྒྱལ་རིགས་ཀྱིས་ནི་གཞོན་ནུ་མ། །ཕ་རོལ་ཡུལ 104.172a ནི་རྣམ་པར་འཇོམས། །རྗེའུ་རིགས་ཀྱི་ནི་དམ་ཆེན་མོ། །བློ་དང་ལྡན་པས་བཟློག་ཕྱིར་བཤད། །གསད་དང་བསྒྲལ་དང་བསྟབས་པའི་ཕྱིར། །དམངས་རིགས་ཀྱིས་ནི་ཕག་གདོང་བཅང ། །ལས་དང་རིགས་རྣམས་ཐམས་ཅད་དང ། །འཇིགས་བྱེད་མས་ནི་དངོས་གྲུབ་སྟེར། །རེ་བ་མེད་པས་བདག་ཉིད་མས། །གྲུབ་པའི་ཁྱད་པར་འདི་ཤེས་པས། །འདུ་བ་མེད་པས་བདག་བསམས་ཏེ། །རྟག་ཏུ་འདི་དག་སྤྱད་ཅིང་བཅང ། །བདག་གི་དངོས་གྲུབ་སྐྱེ་བ་ཡི། །སྔགས་པས་དེ་ནས་བཤད་པར་བྱ། །\ུ0f00་ན་བ་བ་ཏོ། བ་དུ་བ་ཡ་སྨ་ཤ་ན། བ་སི་ནི་ཨི་ཏང་ཀ་པཱ་ལ། ཨ་བེ་ཤ་ཡ། ཨ་བེ་ཤ་ཡ། ཧཱུཾ་ཕཊ་སཝཱ་ཧཱ། ཐལ་བ་དང ། མེ་ཏོག་དང ། ཆུ་ལ་ལན་བརྒྱ་རྩ་བརྒྱད་སྣོད་ལ་བཏབ་ཏེ་བླང་བར་བྱ། རི་མོ་རྡོ་རྗེ་འཁོར་ལོ་དང ། །མཆོད་རྟེན་དང་ནི་རིན་པོ་ཆེ། །པད་མ་དང་ནི་ལྗོན་ཤིང་དང ། །དབུས་ན་བུ་ག་གཉིས་ཡོད་པ། །མདུན་ན་གཤོང་བུ་གསུམ་དང་གཉིས། །གང་དག་རྡོ་རྗེ་མཚན་ཡོད་པ། །དཔལ་དང་ལྡན་པའི་སྣོད་གནས་སོ། །སྲུབས་གཅིག་པ་དང་སྲུབས་གཉིས་དང ། །སྲུབས་གསུམ་པ་དང་སྲུབས་བཞི་པ། །ལྔ་དང་དྲུག་དང་བདུན་དང་བརྒྱད། །དགུ་དང་བཅུ་དང་བཅུ་གཉིས་དག་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །བཅུ་དྲུག་པ་དང་ཉི་ཤུ་དྲུག་།འདི་དག་རབ་ཏུ་སྤང་བར་བྱ། །བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པ་ལས་ཀུན་དུ་བཟང་པོ་ཧེ་རུ་ཀ་རོལ་པ་སྣོད་བརྟག་པའི་ལེའུ་སྟེ་བཅུ་གཅིག་པའོ།། །། དེ་ནས་དབང་ཕྱུག་ཆེན་པོ་བསྒྲལ་བའི་ཐབས་འདི་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོའི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ ། །མ་ཧཱ་རུ་དྲའི་རྒྱུད་དུར་ཁྲོད་མ་ཧཱ་རུ་དྲ་བརྒྱུད་པའི་དབང་དུ་བསྡུ་བའི་མཆོག་།ཕྱི་རོལ་ཕྱོགས་གར་བདེ་བའི་སར་ཞིང་ཆེན་སྟན་གར་འོས་པ་གཅིག་ཏུ་མཎ་ཌལ་བྱུགས་ཏེ། ་གནས་ཆེན་པོ་དུར་ཁྲོད་གྱི་བདག་པོ་ཆེན་པོའི་ཆ་ལུགས་ཅི་ལྟར་ཉམ་ཚིགས་བཅད་ལས་བྱུང་བ་བཞིན་ཚོན་གྱིས་བྲིས། ཡང་ན་ཐལ་རིས་དང ། ཡིད་ཀྱིས་བཀོད་ཀྱང་རུང ། སྟ་ནའི་དཀྱིལ་འཁོར་བཤམ། དེའི་དབུས་སུ་ཧོམ་ཁུང་གྲུ 104.172b གསུམ་པ་ཞིག་བཀོད། རྡོ་རྗེ་སློབ་དཔོན་གྱིས་ཏིང་ངེ་འཛིན་གྱི་ཕྱག་རྒྱ་བཅའ་སྟེ། མཉམ་པ་ཉིད་དུ་བསྒོམ་པའི་སྔགས་ལ། ཨ་ས་མ་ཧཱ་ཙ་ལ་དྷརྨ་དྷ་ཏུ་སཝ་བྷཱ་བ་ཨཱད་མ་ཀོ་ཧཾ་ཞེས་ཅུང་ཟད་བསྒོམས་པའི་རྗེས་ལ། མི་གཡོ་ཕྱག་རྒྱ་ཆེན་པོ་དང ། །ཆོས་ཀྱི་སྐུ་ལས་བཞེངས་པ་ཡི། །གཉིས་མེད་ཕྱག་རྒྱ་རོལ་པ་ཡིས། །དུས་ལ་བབ་པོ་ས་མ་ཡ་ཞེས་བརྗོད་ནས། །རྣལ་འབྱོར་གཞན་གྱིས་འདི་ལྟར་བྱིན་གྱིས་བརླབས་ནས་མཁས་པ་གཅིག་གིས་ལས་འདི་བགྱི། དབང་གི་གཏམ་རྒྱུད་བཤད། རྒྱུད་ཀྱི་གཙུག་ལག་ཆེན་པོ་དང་བདེན་པའི་ཚིག་གིས་བསྒྲགས་ནས། འཕགས་པ་ཐམས་ཅད་བདག་ལ་གསོན། །འབྱུང་པོ་མང་པོ་ཀུན་ཉོན་ཅིག་།ཐུགས་རྗེ་དང་ངད་ཤེས་རབ་དང ། །ཐབས་ལ་མཁས་པའི་བྱིན་བརླབས་ཀྱིས། །འགྲོ་བ་ཐམས་ཅད་སྤྱོད་པར་མཛད། །འགྲོ་བའི་བདག་པོ་ཚེ་དང་སྲོག་།གསོན་པོ་བདེ་བའི་བར་གཅོད་པ། །བདུད་དང་གཤིན་རྗེ་འཁོར་བཅས་ཀུན། །བཅོམ་ཞིང་གསད་པའི་གཉེན་པོ་ནི། །འཇམ་དཔལ་འཕྲུལ་གྱི་ཁྲོ་བོ་དེས། །སྲིད་གསུམ་མཐར་བྱེད་རྔམ་པ་དང ། །ཐོད་དབྱུག་དྲག་པོ་མི་མཛད་པས། །གཤིན་རྗེ་བཅོམ་སྟེ་བསད་ནས་ཀྱང ། །རོ་ཡང་ལྷོ་ཡི་འཛམ་གླིང་དུ། །བོར་ནས་ས་གཞི་དུར་ཁྲོད་ཀྱི། །བདག་པོ་གདོལ་པ་དྲག་པོ་ཡིས། །རོ་ཡི་ཉལ་ཐབས་གན་རྐྱལ་ཏེ། །མགོ་ནི་ལྷོ་ནུབ་མཚམས་སུ་བསྟན། །རྐང་པ་བྱང་ཤར་མཚམས་སུ་བསྟན། །དེ་ཡང་ཅུང་ཟད་བསྣོལ་བའོ། །ལག་པ་གཡས་གཡོན་འཁྲིག་མ་ལ། །ཁྱི་གཉིས་དང་ནི་བྱ་རྒོད་དོ། །ཐལ་བའི་མདོག་ལ་སྐུ་སྒྲེང་བ། །དེ་ཡི་ལུས་སྙིང་ཡན་ལག་ནི། །མ་མོ་ཆེན་མོ་རྣམས་ཀྱིས་གནས། །དུར་ཁྲོད་ཆེན་པོ་འདི་དག་གོ། །དེ་ཡི་སྙིང་ནི་མ་ཧཱའི་ལྟོ། །དུར་ཁྲོད་ཆེན་པོ་བསིལ་ཚལ་ན། །མ་མོ་ཆེན་མོ་གོའུ་རི་མ། །མཁས་མ་སྙིང་སྟོབས་ཆེ་བའི་གནས། །དེ་ཡི་མགོ་ནི་ལྷོ་ཕྱོགས་ཀྱི། །སིང་ག་ལ་ཡི་གླིང་ཕྲན་ན། །མ་མོ་ཆེན་མོ་ཙོའུ་རི་མ། །མཐོང་ཐོས་རྔམ་པའི་རྫུ་འཕྲུལ་མངའ། །ལག་པ་གཡས་ནི་ཤར་ལྷོ་མཚམས། །བལ་ཡུལ་ན་ནི་པུ་ཀ་སི། ། 104.173a འཁོར་དང་ལོངས་སྤྱོད་སྣ་ཚོགས་ལྡན། །ལྷག་པར་ཟས་ཀྱི་འབྱོར་པ་ཆེ། །ལག་པ་གཡོན་ནི་ལྷོ་ནུབ་མཚམས། །ས་ཡི་ཚལ་ན་བེ་ཏ་ལི། །ཕྱག་ན་རྡོ་རྗེ་དབང་གི་གནས། །དེ་ནས་མཐུ་དང་དབང་ཡང་ཆེ། །རྐང་པ་གཡས་པ་བྱང་ཤར་མཚམས། །ལི་ཡུལ་ན་ནི་ཙཎ་ཌ་ལི། །ཤང་ཀ་ན་ཞེས་གྲགས་པ་དེ། །དེ་ཡང་འཁོར་དང་ལོངས་སྤྱོད་ལྡན། །རྐང་པ་གཡོན་པ་ནུབ་བྱང་མཚམས། །སྐད་ནི་སྐད་སྣ་འཐུན་པས་ན། །མ་མོ་ཆེན་མོ་པྲ་མོ་ཧ། །བདེ་སྐྱིད་ལྡན་པའི་ས་ལ་གནས། །ཕོ་མཚན་སྟེང་གི་བྱང་ཕྱོགས་ན། །ུ་རྒྱན་ཡུལ་ན་གྷསྨ་རི། །སྦྱོར་བས་ལོངས་སྤྱོད་འཇུག་པས་ན། །དངོས་གྲུབ་ཅན་ཡང་དེ་ན་མང ། །དེ་ནས་སྟ་ནའི་དཀྱིལ་འཁོར་འདིར། །བྲིས་ཏེ་བསམས་ནས་དགོངས་པ་ནི། །དུར་ཁྲོད་བདག་པོས་འདུས་པ་དང ། །དབང་དུ་སྡུད་པའི་ལས་བརྩམ་གྱིས། །སངས་རྒྱས་ཀུན་གྱི་བྱིན་བརླབས་ཞེས་བརྗོད་དོ། །དེ་ནས་འགེང་ལ་རྡོ་རྗེ་ཁུ་ཚུར་དཀུ་གཡས་སུ་གཞག་ཅིང ། མིག་གིས་ཕྱོགས་བཅུར་བལྟས་ཏེ། །འཛམ་བུ་གླིང་གི་འཇིག་རྟེན་འདི། །སྐྱེ་ཤི་གནས་ནི་དུར་ཁྲོད་ཀྱི། །རང་བཞིན་ཡིན་ནོ་རྣམ་གཟིགས་ནས། །ས་བཞི་དུར་ཁྲོད་གནས་སུ་བསྟན། །བདག་གིས་ཡིད་ཆེས་པར་བྱ་ཞིང ། །སྟ་ནའི་དཀྱིལ་འཁོར་བསམས་ལ་གར་བྲིས་པའི་སར་བལྟས་ཏེ། དེའི་བདག་པོ་ལ་སྡིགས་པའི་ཕྱིར་ལྡན་པ་གཡས་བྱོ་ཞིང་སྡང་མིག་དྲག་ཏུ་བགྲད། མིག་གི་འབྲས་བུ་དྲིལ་ལ། སརྦ་པ་པ་ཀ་ར་ཧེ་རུ་ཀ་།བྱི་སྟ་ན་མ་ཧཾ་ཀ་རུ་དྲ་ཧཱུཾ་ཕཊ། །རིགས་ལྔའི་འཁོར་དང་བཅས་པ་ཁྲོ་བོའི་ངང་དུ་གྱུར་ཏེ། བདག་དང་འདྲ་བར་བསམས་ལ། དེ་ནས་འགྱིང་རྔམ་པ་ལས་རལ་པ་བསིགས་ལ། ལག་པ་གཡས་པ་བསྒྲེང་སོར་མོ་གྱེན་དུ་བགྲད་ལ་བ་ཡ་ཀེ་རྩི་ཏ་ཛ་ལ་ཧཱུཾ་ཕཊ། ཅེས་བརྗོད་ནས་ལག་པ་སྟ་ཟུར་དུ་བཞག་ཅིང་ལག་པ་གཡོན་པ་རྔམ་པ་བཞིན་དུ་སྐྲ་གྱེན་དུ་བཏེག་ལ། པྲཛྙཱ་ཀེ་ཤི་རྩི་ཏ་ཛྭ་ལ་ཧཱུཾ་ཕཊ་ཅེས་བརྗོད་ལ་རྔོམ་པའི་ང་རོ་བགྱི། མཆེ་བ་འདར་རྐན་སྒྲ་དྲག་ཏུ་གཏོགས་ལ་རྔོམ་བརྗིད་ཆེན་པོའི་ཚུལ་དང 104.173b ལྡན་པར་བསམ།[་\ུ0f00]་པྲཛྙཱ་སུ་པ་ཡ་ན་ཧཱུཾ་ཕཊ། རྐང་པ་གཡས་པ་བསྐུམ།[་\ུ0f00]་བཛྲ་ཀྲོ་དྷ་ཨེ་ཤ་ཡ་ཧཱུཾ། དེ་ནས་སླར་གོ་ཆའི་ཕྱག་རྒྱ་སྙིང་ཀར་བཅིངས་ལ་བཏང་སྟེ།[་\ུ0f00]་བཛྲ་ཀ་བ་ཙ་ཞེས་བརྗོད་ནས་གོ་བགོ་བར་བསམས་ཏེ། གནས་ལྔར་བསྲུང་ཞིང་།[་\ུ0f00]་ན་མ་དྷུ་བ་བི། སྤྱི་བོར་ཐལ་མོ་སྦྱར་ཏེ། སརྦ་བུདྷ་མུ་དྲཝ་སཾ་ཧ་ར་ན། ཨ་བྷི་ཥིཉྩ་ཧཱུཾ་ཕཊ་ཅེས་བརྗོད་པས་སྐུ་ཅིར་ཡང་འགྱུར་བའི་ཕྱག་རྒྱ་བཅས་ཏེ། རྐང་ལག་བཞིའི་ཚོགས་བསྐུམ་མགོ་མགྲིན་འཁྲིལ་ཅིང་བསྒྲིལ་ལ་ཧཱུཾ་ཞེས་ཚིག་འབྲུ་དྲག་པོས་གཡས་གཡོན་དུ་ལྟ་བའི་ཚུལ་དྲག་པོ་རེ་རེ་བགྱི། སུམ་བྷ་ནི་སུམ་བྷ་ཧཱུཾ་ཞེས་དྲག་ཏུ་བརྗོད་དོ། །རྡོ་རྗེ་དྲིལ་བུ་བསིལ་ཏེ། བརྐྱང་བསྐུམས་བསྒྲེང་ལ་འགྱིང་ཞིང་དཀྱིལ་འཁོར་ཕྱོགས་སུ་མཆོངས་ལ། ཁམས་གསུམ་ནས་འབྱུང་སེམས་ཅན་རྣམས། །རྡོ་རྗེ་སྐུ་ཡི་ཁྱད་པར་གྱིས། །འོད་ཟེར་ཚུལ་དུ་བསྡུས་ནས་ཀྱང ། །དེ་དག་བདག་གི་ལུས་ལ་གཟུང ། །སྦྲོ་བ་རྡོ་རྗེ་ཐམས་ཅད་ཀྱི། །སྐུ་དང་ཡེ་ཤེས་མཆོག་གིས་བྱ། །ཐར་པའི་བླ་མེད་དཀྱིལ་འཁོར་འདིར། །བྲོད་པ་ཅན་རྣམས་དར་བ་ལྟར། །སྐལ་དང་ལྡན་པ་རིགས་ཀྱི་བུ། །བདེ་བར་འོངས་པ་ལེགས་པ་འོངས། །རྩེ་རྒྱལ་བསྟན་པའི་གནས་ཆེན་འདིར། །བོདྷི་ཙི་ཏིའི་གནས་ཉིད་དུ། །ཁམས་གསུམ་འཁོར་བ་ཀུན་བསྡུའོ། །ཆོས་ཉིད་སྐྱེ་འགག་མེད་པ་ལས། །དབྱིངས་སུ་ཐིམ་པས་གཉིས་སུ་མེད། །ཀུན་གྱི་ངོ་བོ་མཉམ་ཉིད་དེ། །ཐམས་ཅད་སྙིང་པོ་བྱང་ཆུབ་ལས། །མ་སྐྱེས་པས་ན་འགག་པ་འཇིག་།བདག་ཉིད་མེད་པས་མཉམ་པའི་སྐུ། །ཐུགས་རྗེ་ཆེན་པོ་ཅིར་མི་མཛད། །སེམས་ཅན་མ་རིག་རྨོངས་པའི་བློས། །བདག་དང་བདག་གིས་སོ་སོར་ཕྱེ། །ལོག་རྟོག་ཕྱིན་ཅི་ལོག་བཞིས་བཅིངས། །འཁོར་བ་རྒྱུད་ལྔ་ཡི་ཁ་བྲིམས། །མྱ་ངན་མི་འདའ་ཡུན་རིངས་ཏེ། །ཐུགས་རྗེ་ཆེན་པོའི་བྱིན་བརླབས་ཀྱིས། །སྐུ་ཡི་སྤྲུལ་པ་ཕྱོགས་བཅུར་བཀྱེ། །གསུང་གིས་མཐའ་ཡས་སེམས་ཅན་སྒྲོལ། །ཐུགས་ནི་ཚད་མེད་བཞི་དང་ལྡན། །སྐུ་གསུམ་འགྲོ་བའི་ཚུལ་སྟོན་པས། །དུས་ལ་བབ 104.174a པའི་སེམས་ཅན་དག་།ལས་ལ་བབ་པའི་རྣལ་འབྱོར་པས། །རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་དུ། །ཐུགས་རྗེ་ལྕགས་ཀྱུས་བཀུག་ནས་ནི། །ཡང་དག་ཉིད་ལ་ཡང་དག་གྲོལ། །ཡང་དག་བསྒྲོལ་ནས་བདེ་ཆེན་ཐོབ། །མི་ལྡོག་ས་ལ་ངེས་པར་ཕྱིན། །ཕྱིན་པ་ཙམ་གྱིས་དབང་ཐོབ་ནས། །རྒྱལ་བའི་ཞིང་ཁམས་དབྱིངས་ཉིད་མཐོང ། །རྒྱུད་དྲུག་གནས་སུ་མི་སྐྱེ་ཕྱིར། །དཔའ་བོ་འབྲུ་ལྔས་ལམ་ལྔ་དགག་།ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས། །འཁྲུག་པའི་བག་ཆགས་བག་ལ་ཉལ། །བདེ་འགྲོ་ལམ་ལ་སྒྲིབ་པའི་རྣམས། །ཡེ་ཤེས་འབར་པའི་མེས་བསྲེགས་ཏེ། །མཚན་ཉིད་མེད་པར་སྟོང་པར་འགྱུར། །སྦྱོར་བའི་ལྷུམས་སུ་ཕཊ་ཀྱིས་ཕཊ། །གསང་བའི་དབྱིངས་སུ་ཧཱུཾ་གིས་བསྡུ། །སྐུར་བསྐྱེད་ཡེ་ཤེས་སྐུར་བསྡུས་པས། །འོག་མིན་གནས་མཆོག་དམ་པ་རུ། །ཆོས་ཀྱི་འཁོར་ལོ་སྐོར་ཞིང་གཤེགས། །སྟོང་གསུམ་མ་ལུས་གདོན་པ་ནི། །འབུམ་གྱི་ཆར་ཡང་མི་ཕོད་དོ། །སྐྱེས་བུ་ཆེན་པོའི་རྣལ་འབྱོར་གྱིས། །བསྐལ་བ་འབར་ཞིང་སྙིང་རྗེའི་མཆོག་།ཉན་ཐོས་དགྲ་བཅོམ་རང་རྒྱལ་དང ། །ས་བཅུ་བྱང་ཆུབ་སེམས་དཔའ་དང ། །འཇིག་རྟེན་འདས་པའི་མཆོད་པས་མཆོད། །དེ་ནས་འགྱིང་ཞིང་དཀྱིལ་འཁོར་ཕྱོགས་སུ་མཆོངས་ལ། མ་ཏང་གི་གནས་དང་ལུང་གི་ཚུལ་དུ་སྨོས་པ་བཞིན་གསལ་བར་བསྒོམས་ཏེ། དེའི་འཁོར་འབྱུང་པོ་མང་པོ་ཡང་མངོན་དུ་བཀུག་པར་བསམས་ཏེ། རྐང་པ་གཉིས་བསྣོལ་བའི་དྲུང་དུ་ཕྱིན་ནས་བྱང་ཤར་མཚམས་སུ་ཁ་བལྟས་ཏེ། བདག་ཉིད་བརྐྱང་བསྐུམ་གྱི་ཚུལ་དུ་འགྲེང་ལ། འཛུབ་མོ་གཉིས་རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་བཅིངས་ལ། གནས་ཀྱི་སྒོ་འདི་སུས་བཅད། །སེམས་ཀྱི་བདག་པོས་བཅད་དམ་ཅི། །གཟུང་འཛིན་རྐ་ལག་བསྣོལ་བའི་སྒོ། །ཡུལ་ལས་འདས་པའི་ཞབས་ཀྱིས་ཕྱེ། །དེ་ནས་ཧཱུཾ་ཕཊ་པྲ་བེ་ཤ་ཧཱུཾ་ཕཊ། རྐང་པས་ཤག་གིས་ཕྱེ་བར་བསམ། །དེ་ནས་ལག་པ་གཡས་པ་རྡོ་རྗེ་གསུམ་པའི་ཕྱག་རྒྱ་བྱ། གཡོན་པའི་འཛུབ 104.174b མོ་སྙིང་གར་བསྒྲེང་སྟེ།[་\ུ0f00]་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚན་ས་མ་ཡ་མུ་དྲ་པྲ་བཉྩ་ཧཱུཾ་ཕཊ་སཝཱ་ཧཱ། ཟུང་མཐར་བྱེད་ཀྱིས་གཟུང ། ལས་མཐར་བྱེད་གང་གིས་མནན་ནས་ཁ་ལྷོ་ཕྱོགས་སུ་བལྟས་ཏེ། ་བརྐྱང་བསྐུམ་དུ་བསྒྲེང་ལ་ཨ་ཨ་ཞེས་བརྗོད་ལ། ལྕགས་ཀྱུས་སྙིང་ཀར་སྒོ་ཕྱེ་བར་བསམ། གཡས་ནས་རྒྱབ་ཏུ་བསྐོར་ཏེ། ལུས་ཀྱི་ནང་དུ་ཞུགས་མ་ཐག་ཏུ་རྐང་པ་བཤིབས་ཏེ། དམ་ཚིག་གི་ཕྱག་རྒྱ་བཅས་ཏེ། ཧཱུཾ་ཞེས་སྒོ་ཕྱེ་བར་བསམ། གཡས་རྒྱབ་ཀྱིས་བསྐོར་བས་འབོད་པར་བྱ། ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཤ་།དྲཾ་ཀརྨ་བཛྲ་ཧཱུཾ་ཕཊ། མ་ཧཱ་དེ་བ་མ་ཏ་རུ་དྲ་ཛ། ཞེས་རྡོ་རྗེ་གར་གྱི་གོམ་པ་འདོར་ཞིང་ལྟེ་བའི་ཕྱོགས་སུ་སོང་ལ། ཤིན་དུ་དམར་པོ་བཞི་ལྟེ་བའི་ཕྱོགས་བཞིར་དགོད་དོ། །ཡི་གེ་ཧཱུཾ་མཆོག་ཏུ་བརྗོད་ཅིང ། གཡས་གཡོན་དུ་ལམ་ཅིག་ཏུ་གར་གྱིས་བསྐོར་བར་བྱའོ། །དེ་ནས་སྙིང་པོ་འདི་བརྗོད་པར་བྱའོ། །དྷོ་ཙེ་ཕྱ་དྷོ་ཙེ་ཕྱ། ་མ་ནུ་དྷ་རཾ། ཨ་མ་དྷ་རཾ། ཤྲཱི་མ་ཧཱ་ཀཱ་པཱ་ལ། དྷོ་ཙ་ཕྱཾ། པད་མ་རག་ཏ་དྷ་རཾ། བཛྲ་དྷ་རཾ། བཛྲ་མ་ཧཱ་མཾ་བ་དྷ་རཾ། ཞེས་བརྗོད་དོ། །དེ་ནས་གར་གྱི་ཚུལ་དུ་སྙིང་ཀ་ཕྱོགས་སུ་སོང་ལ། དམ་ཚིག་གི་ཕྱག་རྒྱ་བཅིངས་ནས་ཅི་ལྟར་བདེ་བ་གཏོར་མ་སྦྱིན་པར་མཁྱེན་པ་ནི་ཤེས་རབ་མཁའ་དབྱིངས་དང ། མ་ཏང་གི་ལུས་སུ་དབྱེར་མེད་པར་གཞལ་ཡས་ཁང་འབར་བའི་ནང་དུ་ཁྲོ་བོ་ཧེ་རུ་ཀ་ཕྱིའི་འཕྲ་མེན་ལ་སོགས་པ་འཁོར་དང་བཅས་པ་བཀོད་དོ། །སྤྱན་དྲང་བའི་ཕྱིར་ཐབས་དང་ཤེས་རབ་ཀྱི་དབྱིངས་ནས་ཡི་གེ་ཛ་ལས་ལྕགས་ཀྱུས་གསལ་བར་ཕྱོགས་བཅུར་འཕྲོས་ཏེ། ཕྱིའི་རྣལ་འབྱོར་དགུག་ཅིང་སྤྱན་དྲང་བའི་ཕྱག་རྒྱ་གསལ་བ་ལས་འཁོར་དང་བཅས་པ་སྤྱན་དྲང་ངོ ། །མི་གསང་བའི་བསད་པ་ཆེན་པོ་ཆོས་ཉིད་ཀྱིས་བསྒྲལ་བ་དང ། སྐུ་གསུང་ཐུགས་ཆེ་བའི་ཡོན་ཏན་གྱིས་བསྒྲལ་བ་དང ། བདག་ཉིད་ཆེན་པོ་ལྷུན་གྱིས་གྲུབ་པས་བསྒྲལ་ལོ། །བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པ་གསང་བ་ཟབ་མོའི་དོན་བདུད་འདུལ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་ཧེ་རུ་ཀའི་ལས་ཀྱི་བཟླས་པ 104.175a འདི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ ། །འདས་པའི་དུས་ན་སྔོན་བྱུང་བ། །དེ་བཞིན་གཤེགས་པའི་གསུང་རབ་ལས། །འགྲོ་བའི་ཚུལ་དུ་སྔོན་འབྱུང་སྟེ། །དེ་ཚེ་སེམས་ཅན་ཐམས་ཅད་ཀུན། །ཤིན་དུ་ཁྲོ་ཞིང་གདུག་པར་གྱུར། །ཤིན་ཏུ་ཁྲོ་དྲག་གཏུམ་པ་ཡང ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ཡིས། །ཁྲོ་བས་དེ་བཞིན་གཤེགས་ཀུན་མཛད། །སངས་རྒྱས་ཐུགས་རྗེས་ཁྲོས་པ་ཡིས། །ཐམས་ཅད་འཇིགས་པའི་མཆོག་ཡིན་ཏེ། །རྡོ་རྗེ་སེམས་དཔའ་དེ་བཞིན་གཤེགས། །དམ་ཚིག་ལ་སྡང་རྣམ་སྦྱང་ཕྱིར། །དུར་ཁྲོད་གར་གྱི་ཕྱག་རྒྱར་གསལ། །ཧཱུཾ་བཞིས་ཧེ་རུ་ཀ་བསྒོམ། ཧས་ཧེ་རུ་ཀ་ལ་སོགས་པ་བསྒོམ། ཧེས་སིང་ཧ་ལ་སོགས་པ་སྒོམ། ཕཊ་ཀྱིས་སྒོ་བ་ལ་སོགས་པ་བསྒོམ། ཧཱུཾ་ཧ་ཧེ་ཕཊ་ཀྱིས་ཏིང་ངེ་འཛིན་བཟླས། སྔགས་འདིས་སྤྱན་དྲང་ངོ ། །སརྦ་དུཥྚཾ་ན་ས་མ་ཡ་མུད་ཏྲ་པྲ་བན་ཙ་ཀྲ་ཧཱུཾ་ཕཊ། ཨེ་ཧྱེ་ཧི་བྷ་ག་བན། ཛཿ ཧཱུཾ་བཾ་ཧོ:། རུ་ལུ་རུ་ལུ། ཛཿ ཧཱུཾ་བཾ་ཧོཿ ། ཨེ་ཧྱེ་ཧི་ཏྲི་ཤ་ཧོ་ས་མ་ཡ་ཧོ། ཨེ་ཧྱེ་ཧི་ཨ་ར་ལི་དྷིང་དྷིང ། དད་པ་དང་ནི་དམ་ཚིག་གིས། །ཚུར་གཤེགས་ཚུར་གཤེགས་ཧེ་རུ་ཀ་།ཆོས་སྐུ་ཞི་བའི་ངང་ལས་མ་གཡོས་ཀྱང ། །གཟུགས་སྐུ་འཇིགས་ཚུལ་བསྟན་དུ་གསོལ། །ཐུགས་རྗེ་ཆེན་པོ་ཐབས་མཁས་པས། །གདུག་པ་འདུལ་ཕྱིར་གཤེགས་སུ་གསོལ། །ཚོགས་རྗེ་ཚོགས་བདག་དཔལ་དང་ལྡན། །ཚོགས་ཀྱི་སློབ་དཔོན་གཤེགས་སུ་གསོལ། །ཡེ་ཤེས་རྟོགས་པའི་ཁྱད་པར་ལས། །སྤྲུལ་པ་མང་པོའི་ཚོགས་དང་གཤེགས། །\ུ0f00་ཤྲཱི་ཧེ་རུ་མ་ཧཱ་བཛྲ། སརྦ་དུཥྚཾ་ས་མ་ཡ་མུ་དྲ་པྲ་བེ་ཤ་ཡ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ།[་\ུ0f00]་ཛཿ ཧཱུཾ་བཾ་ཧོཿ ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཾ་ས་མ་ཡ་མུ་ཏྲ་པྲ་བན་ཙ་ཀྲ་ཧཱུཾ་ཕཊ། བདེ་གཤེགས་ཕོ་བྲང་དཀྱིལ་འཁོར་འདིར། །འགྲོ་བ་མ་ལུས་བསྒྲལ་བའི་ཕྱིར། །དོན་ཀྱི་དབང་དུ་དགོངས་ནས་ཀྱང ། །འཁོར་བཅས་རབ་འབར་གཤེགས་སུ་གསོལ། །\ུ0f00་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ས་མ་ཡ་ཧི། སརྦ་དུཥྚཾ་ཀཱ་ཡ་བཱ་ཀ་ཙིཏྟ་བཛྲ་ཧཱུཾ་ཕཊ། 104.175b སེམས་ཅན་དོན་ཕྱིར་ནན་ཏན་མཆོག་བསྐྱེད་ཅིང ། །ཡེ་ཤེས་ཐུགས་རྗེས་བདག་ལ་དགོངས་ནས་ཀྱང ། །མི་གཉིས་དོན་ཕྱིར་དངོས་གྲུབ་མཆོག་གི་རྣམས། །བདག་ཅག་སྩལ་ཅིང་བརྟན་པར་བཞུགས་སུ་གསོལ། །\ུ0f00་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཾ་ས་མ་ཡ་མུ་ཏྲ་ཨ་མ་བ་སྟམ་བྷ་ཀ་ཧཱུཾ་ཕཊ།[་\ུ0f00]་གུ་ཧྱ་ཏྲི་ཤ་ས་མ་ཡ། གུ་ཧྱ་ཏྲི་ཤ་ས་མ་ཡ་ཧོ།[་\ུ0f00]་བཛྲ་གུ་ཧྱ་ཏྲི་ཤ་ས་མ་ཡ་ཧཱུཾ། དམ་ཚིག་ས་ལ་བཞེངས་པ་ཡི། །དཔལ་ཆེན་ཁྲག་འཐུང་འཁོར་དང་བཅས། །དམ་ཚིག་ཚུལ་བཞིན་མ་གཤེགས་སམ། །གྲུབ་པ་མཆོག་དག་མ་སྩལ་ན། །སྐུ་གསུང་ཐུགས་དང་འགལ་བའོ། །ཛཿ ཧཱུཾ་བཾ་ཧོཿ ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཾ་ས་མ་ཡ་མུ་དྲ་པྲ་བན་ཙཀྲ་བཱཀྵ་ཡ་བཱཀྵ་ཡ་བི་ཏོག་ས་ཡ་བི་ཏོག་ས་ཡ། ཧེ་བྷ་ག་བན། བུདྡྷ་ཀྵེ་ཏྲཾ་པྲ་ཏི་སྟམ་བྷ་ཀ་ཧཱུཾ་ཕཊ། སྐུ་གསུངས་ཐུགས་སུ་བདག་སྦྱོར་བས། །ཕོ་བྲང་དཀྱིལ་འཁོར་རང་ལས་སྤྲུལ། །ང་ནི་བདུད་ཀྱི་བདུད་བདག་སྟེ། །མཁའ་འགྲོ་ཚོགས་བཅས་བསྡུས་པའོ། །\ུ0f00་ཤྲཱི་བཛྲ་ཀ་ར་མུ་ཀ་ཤ་ར་ཡཱ་ཡ་ན་མཿ ། \ུ0f00་བཛྲ་ར་ག་ས་མ་ཡཱ་ཡ་ན་མཿ །[་\ུ0f00]་ཤྲཱི་བཛྲ་ཁ་ཊྭཾ་ག་པྲ་མ་ཡཱ་ཡ་ན་མཿ །[་\ུ0f00]་ཤྲཱི་གན་དྷེ་ཛ་ཡཱ་ཡ་ན་མཿ ། ཨ་ཏི་པུ་ཧོ། པྲ་ཏི་པུ་ཧོ། ཏ་ཐཱ་བན་དྷ་ནཾ་ཀ་རོ་ཡ་མི་མ་ཧཱ་ཡོ་གི་ནི། ཨ་ཏི་པུ་ཧོ། པྲ་ཏི་པུ་ཧོ། བདག་མེད་ཕྱོགས་བྲལ་དོན་དམ་ཐུགས་ཆུད་ཅིང ། །བྱམས་དང་སྙིང་རྗེ་སྒྲ་ཟུན་མི་མངའ་ཡང ། །གདུག་པ་འདུལ་ཕྱིར་དུས་ལས་མི་འདའ་བའི། །འཇིགས་བྱེད་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ནམ་མཁའི་ལུས་ཅན་གར་ཡང་ཐོགས་མེད་ཅིང ། །འདོད་དགུར་སྒྱུར་བའི་གཟུགས་ཅན་འཕྲུལ་མོ་ཆེ། །མ་སྲིང་བྱམས་པའི་ཚུལ་གྱིས་འགྲོགས་མཛད་མ། །ཕྱི་ནང་མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ། །ཛཿ ཧཱུཾ་བཾ་ཧོཿ ་ཤྲཱི་ཧེ་རུ་ཀ་ཡ་ཧཱ་ཨི་དན་པུ་ཡ་ཏི་བ་ལིན་ཏ། པྲ་ཏི་ཛ་ཧོ། ཤྲཱི་བན་ཁ་ཁ་ཁཱ་ཧི་ཁཱ་ཧི། ཛཿ ཧཱུཾ་བཾ་ཧོཿ ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཨཱ་བེ་ཤ་ཡ། པྲ་བེ་ཤ་ཡ། ཧཱུཾ་ཁཱ་ཧི། ཧེ་རུ་ཀ་ཡི་གནས་བཅུ་དང ། །དུར་ཁྲོད་ཆེན་པོ་གནས་བརྒྱད་ནས། །དཔལ་ཆེན་འཁོར་བཅས་སྤྱན་དྲང་ཏེ། །དུར་ཁྲོད་མཆོག་གི་གནས་འདི་རུ། ། 104.176a ཞིང་ཆེན་གསར་སྙིང་ཏིར་ར་བཅས། །དམར་གྱི་ཨརྒྷཾ་རྒྱ་མཚོར་བསྐྱིལ། །མཁའ་འགྲོ་འབར་བའི་ཚོགས་བཅས་ཀྱིས། །མ་ལུས་གཤེགས་ཤིང་བསྣམས་སུ་གསོལ། །ཛཿ ཧཱུཾ་བཾ་ཧོཿ ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཾ་ས་མ་ཡ་མུ་དྲ་པྲ་བན་ཙཀྲ། ཁ་ཁ་ཁཱ་ཧི་ཁཱ་ཧི་ད་ཡན་བི་བ་ཧཱུཾ་ཕཊ། ང་ནི་ཟ་བྱེད་ཆེན་པོ་སྟེ། །ཁམས་གསུམ་མ་ལུས་བསྒྲལ་བར་བྱ། །གདུལ་དཀའ་མ་ལུས་འདུལ་བའི་ཕྱིར། །ཤ་རུས་ལ་སོགས་བཟའ་བར་བྱ། །ཛཿ ཧཱུཾ་བཾ་ཧོཿ ་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་སརྦ་དུཥྚཾ་ན་ས་མ་ཡ། མ་ཧཱ་མཾ་ས་མ་ཧཱ་རཀྟ། མ་ཧཱ་ཙིཏ་ཏ། མ་ཧཱ་བ་སུ་ཏ། མ་ཧཱ་པཉ་ཙ་ཨ་མྲྀ་ཏ་ཁ་ཁ་ལེ་ལེ་ཧཱུཾ་བྷྱོ་ཧཱུཾ་བྷྱོ་ཧཱུཾ། རང་འབྱུང་གདོད་ནས་དག་པའོ། །རྩ་བརྒྱད་སྟོང་ལ་སྦྱར་བའི་སྨན། །རིགས་ལྔ་དམ་ཚིག་ལྔ་ཡི་དངོས། །ཡེ་ཤེས་ལྔ་རྫོགས་གྲུབ་པའི་རྫས། །རྒྱུད་ལྔའི་སེམས་ཅན་ཀུན་སྒྲོལ་བའི། །དུག་ལྔ་སེལ་བའི་བདུད་རྩི་སྟེ། །ཕྱོགས་བཅུ་སངས་རྒྱས་ཐམས་ཅད་དང ། །བྱང་ཆུབ་སེམས་དཔའི་ཚོགས་ཆེན་གྱིས། །ཐུགས་དམ་དབྱིངས་ཉིད་བསྐུལ་བའི་མཆོག་།སྐུ་གསུང་ཐུགས་ཀྱི་ངང་ཉིད་འདི། །བདག་ཅག་དད་པས་འབུལ་ལགས་ན། །བཞེས་ཏེ་ཀུན་དུ་དགྱེས་མཛོད་ལ། །འཕྲུལ་གྱི་དངོས་གྲུབ་བདག་ལ་སྩོལ། །\ུ0f00་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ཨརྒྷཾ་པྲ་ཏི་ཛ་ཧོ། དཔལ་ལྡན་ཤྲཱི་ཧེ་རུ་ཀ་དང ། །ཡུམ་ཆེན་ཀྲོདྷི་ཤཝ་རི་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །བཞེས་ཏེ་ཀུན་དུ་དགེས་མཛད་ལ། །འཕྲུལ་གྱི་དངོས་གྲུབ་བདག་ལ་སྩོལ། །\ུ0f00་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ཨརྒྷམ་པྲ་ཏི་ཛ་ཧོ། དཔལ་ཆེན་བཛྲ་ཧེ་རུ་དང ། །བཛྲ་ཀྲོ་དྷི་ཤཝ་རི་ལ། །དམ་ཚིག་གི་ནི་མཆོད་པ་འབུལ། །དཔལ་ཆེན་རཏ་ན་ཧེ་རུ་དང ། །རད་ན་ཀྲོ་དྷི་ཤཝ་རི་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །དཔལ་ཆེན་པད་མ་ཧེ་རུ་དང ། །པད་མ་ཀྲོ་དྷི་ཤཝ་རི་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །དཔལ་ཆེན་ཀརྨ་ཧེ་རུ་དང ། །ཀརྨ་ཀྲོ་དྷི་ཤཝ་རི་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །\ུ0f00་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ཨརྒྷམ་པྲ་ཏི་ཛ་ཧོ། །དཔལ་ཆེན་མི 104.176b ཕམ་རྡོ་རྗེ་དང ། །མ་ཚོགས་དབང་ཕྱུག་འཁོར་གྱི་རྐྱེན། །གོའུ་རི་ལ་སོགས་བརྒྱད་རྣམས་དང ། །སིང་ཧ་ལ་སོགས་བརྒྱད་རྣམས་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །མ་མོ་ཆེན་མོ་བདུན་རྣམས་དང ། །སྲིང་མོ་ཆེན་མོ་བཞི་རྣམས་དང ། །མཁའ་འགྲོ་འཁོར་བཅས་ཐམས་ཅད་ལ། །དམ་ཚིག་མཆོག་གི་མཆོད་པ་འབུལ། །བཞེས་ཏེ་ཀུན་དུ་དགྱེས་མཛོད་ལ། །འཕྲུལ་གྱི་དངོས་གྲུབ་བདག་ལ་སྩོལ། །\ུ0f00་སརྦ་ཏ་ཐཱ་ག་ཏཱ་མ་ཧཱ་ཨརྒྷམ་པྲ་ཏི་ཛ་ཧོ། ཤྲཱི་བན་ཁ་ཧི། དཔལ་ཆེན་སེམས་དཔའ་འཁོར་རྒྱ་མཚོ་དང་བཅས་པ་དང ། དཔལ་ཆེན་པོ་ཤྲཱི་ཧེ་རུ་ཀ་།བཛྲ་ཌཱ་ཀི་ནཱི་འཁོར་རྒྱ་མཚོ་དང་བཅས་པ་དང ། གཞན་ཡང་རྡོ་རྗེ་རྣལ་འབྱོར་གྱི་དབང་ཕྱུག་ཆེན་མོ་མཆེད་ལྕམ་དྲལ་འཁོར་རྒྱ་མཚོ་དང་བཅས་པ་ཐམས་ཅད་དགོངས་སུ་གསོལ་ལོ། །དིང་གནས་མཆོག་དམ་པ་འདིར་འཕགས་པ་ཐམས་ཅད་མཆོད་པ་དང ། རྡོ་རྗེ་མཆེད་ལྕམ་དྲལ་ཕྱོགས་བཅུ་ན་བཞུགས་པ་དང ། ་ད་ལྟར་བཞུགས་པའི་ཐུགས་དམ་བཀང་བ་དང ། སེམས་ཅན་ཐམས་ཅད་བླ་ན་མེད་པའི་གནས་སུ་བསྒྲལ་བའི་ཕྱིར་རྒྱུ་མཆོག་རྐང་བཞི་པ་ཞིག་ཡོན་དུ་འབུལ་ཞིང་མཆིས་ན། ཐུགས་རྗེས་བཟུང་ཞིང་བསྒྲལ་དུ་གསོལ་ལོ། །རྒྱུ་མཆོག་འདི་ཐུགས་རྗེས་བཟུང་ནས་མ་བསྒྲལ་ན། འདི་ལ་སྤྱོད་པ་ཞིག་མཆིས་ཏེ། རྣལ་འབྱོར་ཐེག་པའི་གཞུང་ལས་ཀྱང་ཚུལ་བཞིན་དུ་མ་བགྱིས་ཏེ། དེ་བཞིན་གཤེགས་པའི་ཚད་མ་ཁྱད་དུ་བསད་པ་དང ། རྡོ་རྗེ་སློབ་དཔོན་དང ། ་མཆེད་དང་ལྕམ་དྲལ་ལ་ངན་སེམས་དང་དཔྱད་སེམས་བསྐྱེད་པ་དང ། མཆེད་ལ་འཁུས་པ་དང ། དམ་ལས་འདས་པ་དང ། སྤ་ལོ་དང་སྒྱུ་གསོག་།བརྫུན་དང་ཁ་གསག་།ཕྱི་ཚུལ་དང་རྒྱབ་ཉན་བགྱིས་ནས་རྡོ་རྗེ་སློབ་དཔོན་སྙིང་ནས་དམོད་ཅིང་བླ་མ་ལ་དབང་ཟོས་པ་དང་མཉམ་པའི་སྤྱོད་ཡུལ་སུན་ཕྱུང་སྟེ། སྦྱོར་སྒྲོལ་སྒོ་བཀག་པ་དང ། དད་པ་ཅན་གྱི་ཚོགས་བཅག་སྟེ། གདུང་སེམས་ཀྱི་རྒྱུན་བཅད་པས་ཕྲག་དོག་དབང་གིས་སྐུ་གསུང་ཐུགས་ཀྱི་གདུང་འཚོབ་བའི་བར་ཆད་ཀྱིས་ད་ལྟར་ངན་སོང་གི་གནས་ན་འཁྱམས 104.177a ཞིང་རྟོག་པའི་དྲ་བས་ནི་བཅིངས། འཁོར་བའི་སྙིས་ནི་ཟིན་ནས་དམྱལ་ཁམས་གྱི་གཏིང་བརྒྱུད་པར་ངེས་ཏེ། ཞིང་བཅུ་དང་ལྡན་པ་འདི་དམ་ཚིག་ཚུལ་བཞིན་དུ་བསྒྲལ་བས། འདིའི་རྣམ་པར་ཤེས་པ་བླ་ན་མེད་པའི་གནས་སུ་བསྒྲལ་བ་ཡང་གནས་སྟོབས་པར་བྱིན་གྱིས་བརླབ་ཏུ་གསོལ། ལྔ་ཕུང་གི་ཡན་ལག་ནི་ཀུན་དུ་བཟང་པོ་མཆོད་པའི་སྤྲིན་ཕུང་དུ་གྱུར་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་དགྱེས་པའི་ངང་དུ་ཐིམ་པར་སྨོན་ཏོ། །སྨོན་ལམ་བརྗོད་དེ་བསྒྲལ་བར་བྱའོ། །སྤྱི་གཙུག་ཏུ་\ུ0f00། ལག་པ་གཡས་པར་སཝཱ། གཡོན་པ་ལ་ཧཱ། སྙིང་གར་ཧཱུཾ། ལུས་ལ་\ུ0f00།[་\ུ0f00]་མ་ཧཱ་སུ་ར་ཏ་སྟྭཾ། ཛཿ ཧཱུཾ་བཾ་ཧོ:། ས་མ་ཡ་སྟྭཾ། \ུ0f00་བཛྲ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཨ་ཨ་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཀྲོ་དྷ་གཛ་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཀྲོ་དྷ་ཡཀྵ་ཧ་ན་ཧ་ན་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཀྲོ་དྷ་ནཱི་ལ་དཎྞ་ད་ཧ་ད་ཧ་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཀྲོ་དྷ་ཡ་མན་ཏ་ཀ་པ་ཙ་པ་ཙ་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་བཾ་དྷ་བཾ་དྷ་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཀྲོ་དྷ་ཧ་ཡ་གྲི་བ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཀྲོ་དྷ་ཨ་པ་ར་ཙིཏ་སྟིཥྛ་སྟིཥྛ་ཏིཥྛ་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎ་ཌ་ལི་ཙིཚནྡ་ཙྪིནྡ་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཀྲོ་དྷ་ཏྲི་ལོ་ཀྱ་བི་ཛ་ཡ་བྷིན་ད་བྷིན་ད་ཧཱུཾ་ཕཊ།[་\ུ0f00]་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་སྤོ་ཊ་སྤོ་ཊ་ཧཱུཾ་ཕཊ། མ་མ་མ་མ། བོ་བོ་བོ་བོ། ཛཿ ཛཿ ཛཿ ཛཿ ། མི་འགྱུར་ནམ་མཁའི་རང་བཞིན་ལས། །གཟུགས་སྣང་རྟོག་པ་རྣམ་པར་བསྒྲིབས། །བག་ཆགས་མ་ལུས་སྦྱོང་བའི་ཕྱིར། །ཁམས་གསུམ་མ་ལུས་བསྒྲལ་བར་བྱ། །ང་ནི་ཟ་བྱེད་ཆེན་པོ་སྟེ། །སེམས་ཅན་ཐམས་ཅད་གསད་པར་བྱ། །མ་སྐྱེས་ཕྱིར་ཡང་གསད་པར་བྱ། །རྣམ་ཤེས་ཧཱུཾ་གི་བསྡུས་ནས་ཀྱང ། །ཤ་རུས་ལ་སོགས་བཟའ་བར་བྱ། །ང་ནི་ཁྲག་འཐུང་ཆེན་པོ་སྟེ། །འཁོར་བའི་དྲ་བས་ཆགས་པ་ཡི། །དམར་ཆེན་དག་གི་རྒྱ་མཚོ་ལ། །འཁོར་གྱི་མཁའ་འགྲོ་ཚོགས་དང་རོལ། །མ་རུངས་གདུག་པས་མ་ཆགས་ཤིང ། །དམ་ཚིག་ལ་སྡང་དགྲ་ཆེན་རྣམས། །ཐུགས་རྗེ་བྱམས་སེམས་ལྡན་པ་ཡིས། ། 104.177b ངོ་མཐོན་སྟོབས་ཀྱིས་བསྒྲལ་བར་བྱ། །པྲ་བེ་ཤ་ཡ་ཕཊ། ཙི་ཏ་ཟུཾ། སུམ་བྷ་ནི་སུམ་བྷ་ཧཱུཾ། གྲི་ཧ་ན་པ་ཡ་གྲི་ཧ་ན་པ་ཡ་ཧཱུཾ། ཨཱ་ན་ཡ་ཧོ་བྷ་ག་བན་བི་དྱ་རཱ་ཛ་ཡ་ཧཱུཾ། ཨཱ་ན་ཡ་ཧོ། །བཛྲ་ཌཱ་ཀི་ནི། ཨ་ཡང ། སྥ་ར་ན་ཕཊ། བཛྲ་ཡུ་ཏི་ཛ། དྲག་པོ་ལས་ཀྱིས་བསྒྲལ་བའི་རྣམས། །འཁོར་བའི་ལམ་ལྔ་སྒོ་ཡང་གཅད། །རྣམ་ཤེས་ཧཱུཾ་གིས་བསྡུས་བརྔུབས་ནས། འོག་མིན་གནས་མཆོག་བླ་མེད་འདིར། །གཙོ་བོ་ལྔ་དང་གཙོ་མོ་ལྔ། །སེམས་པ་དང་ནི་སེམས་མ་དང ། །ཁྲོ་བོ་དང་ནི་ཁྲོ་མོ་ཡི། །སྦྱོར་བའི་ལྷུམས་སུ་ཕཊ་ཀྱིས་འཕང ། །ཞེ་སྡང་རྡོ་རྗེ་འཁོར་བཅས་པས། འཇིག་རྟེན་ཁམས་ནི་རབ་འབྱམས་ཀུན། །སྐད་ཅིག་ཡུད་ལ་བརླག་མཛད་དེ། །བརླག་པར་མ་གྱུར་གང་ཡང་མེད། །འདོད་ཆགས་རྡོ་རྗེ་འཁོར་བཅས་རྣམས། །འཇིག་རྟེན་ཁམས་ནི་རབ་འབྱམ་ཀུན། །ཡུད་ཙམ་གྱིས་ནི་དབང་མཛད་དེ། །དབང་དུ་མ་གྱུར་གང་ཡང་མེད། །ང་རྒྱལ་རྡོ་རྗེ་འཁོར་བཅས་རྣམས། །འཇིག་རྟེན་ཁམས་ནི་རབ་འབྱམ་ཀུན། །དཔལ་ལྡན་གཟི་བརྗིད་ཆེན་པོ་རྣམས། །ཡུད་ཙམ་གྱིས་ནི་རྒྱས་པར་མཛོད། །གཏི་མུག་རྡོ་རྗེ་འཁོར་བཅས་རྣམས། །འཇིག་རྟེན་ཁམས་ནི་རབ་འབྱམ་ཀུན། །ཡུད་ཙམ་གྱིས་ནི་ཞི་མཛད་དེ། །ཞི་བར་གྱུར་པས་དབྱིངས་ལ་རོལ། །བདག་ཅག་མཆེད་ལྕམ་དྲལ་རྣམས་ཀྱིས་རྡོ་རྗེ་སློབ་དཔོན་དབང་ཟོས་པ་དང ། ཕྲག་དོག་གི་དབང་གིས་མཆེད་ལྕམ་དྲལ་མངན་སེམས་དང་དབྱེ་སེམས་བགྱིས་པ་དང ། གཉིད་དབང་གིས་ལེ་ལོར་གྱུར་པ་དང ། སེམས་གཡེངས་པས་སྔགས་དང་ཕྱག་རྒྱ་ཟུར་ཆག་པ་དང ། དམ་ཚིག་དང་དུ་ལེན་རྔོ་མ་ཐོག་པས་སྨད་པའི་དམ་ཚིག་ཉམས་སོ་འཚལ་ཐམས་ཅད་མཐོལ་ཞིང་བཤགས་སོ། །རྒྱུ་མཆོག་རྐང་བཞི་པ་འདི་ཕྲིན་ལས་རྣམ་བཞིས་བསྒྲལ་བ་ཡང་གནས་སྟོབས་པར་སྨོན་ཏོ། །བདག་ཅག་མཆེད་ལྕམ་དྲལ་འདི་ཚོགས་པ་རྣམས་ཀྱིས་ཡིད་ལ་རྟག་པའི་དངོས་གྲུབ་ཐོབ་པར་གྱུར་ཅིག་།ཤྲཱི་ཧེ་རུ་ཀ་བྱ་ཤན། བཛྲ་བེ་ར་བ་ན་ཤན། བཛྲ་ཀ་ར་ཛ་ལི་ཏ།[་\ུ0f00]་བཛྲ་ཀྲོ་དྷ་རུ་ལུ 104.178a རུ་ལུ་ཧཱུཾ་ཕཊ། ཨུར་ཏ་ཀེ་ཤ་པྲ་ལ་བན། ཤ་ཏ་ཤ་པྲ་དྲ། ཤ་མ་བ་ར་ན་ཤྲ་མ་ལ་ཧ་ཧ་ཧ་ཧཱུཾ། ཀ་ར་བཾ། བཛྲ་ཀ་ར་བཾ། བཛྲ་ཀ་ར་ན་ཏ། ཏྲི་ཤའུ་ལ་ཨ་གུ་ཛ། པ་ར་ཤ་ར་ན་སུ་ཤོ་མ་མ། པྲ་ཡོ་མ་ཧཱ་ཙན་ཌ། སུ་རེ་པ་རུ་ན། ཀུ་བེ་ར་ན། ནི་ར་བ་བྲི་ཙི་ཏི་མ་ཧཱ་ཀུ་རུ་ནན། ཤྲཱི་ཧེ་རུ་ཀ་ཏ་ན་ཏི། ལ་ལ་གན་དུ་ས་ཏ་མ་ཧང་ཡ་ཀུ་ར་ཀ་ཏེ། ཀུ་ཤ་ལ་ཛི་མོ་ཏ། བ་ར་མོ། གན་ཏ་གན་ཏ། ཀར་ཏ་ཀ་།ག་བོ་ཛ་ལ་ནི། བ་པུ་ར་ཏི་བ་ཏ། ཀོ་ཤ་བི་ཤ་ལ། ཨི་སན་པད་མ་ཙན་དྲི་ན་ཀ་།མང་གུ་ན་ད་རེ། ཙི་རི་ཀ་ཏ། ཙི་ཏ་སྟི། ཛ་བི་སྟྲ། བྷན་དྷ་ཧེ་རུ་ཀ་།བཛྲ་མ་རང་ས་ན་ས་རང ། བ་མུན་ཀ་ན། ཏིག་ཤྣ། ཏྲཾ་སྟང་ག་ཡ། ཛ་ཡ་བ་ཀེ་དོང ། བི་ཀ་ར་བེ་ར། མ་ར་མ་ཧཱ། རི་ཙ་ཡང་སང་ས་ར། མ་ཧཱ་རུ་ན། ཛཱ་ལ་པ་ནི། ཧོ་ཧོ་ཧ། རོ་ན་རོ་ཧཱུཾ་ཧཱུཾ། རེ་ན་རོ་དེ་ན། ཧེ་ཧེ་ར་ན་རོ། བཞི་ལ་བསྟོད། ཐ་མེད་ཏང་བཏིང ། ་བ་བ་ཏི་ཀ་བ་ར་མཉ་ཛུ། གྲི་ན་ཛ་ལ་པ་ར་ཧོ། ཧེ་ཧེ་རོ་ན་རོ།[་\ུ0f00]་ཕུར་བུ་སྲ་སྟི་སྲ་ཧོ།[་\ུ0f00]་ཕུར་བུ་ཤ་ཏ་ཤཾ་ཀ་།ཕུར་བུ་བ་ཏ་བ་ཏི་ཧོ། ཕུར་བུ་བ་སཱ་ས་ར་ཧཱུཾ། བྱིན་གྱིས་བརླབས་པ།[་\ུ0f00]་ཨེ་ཤ་ཧཱུཾ་བེ་ཤེ་ཧཱུཾ་ས་མ་ཡ་བཀྵ་ཧཱུཾ། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། ཁ་རཾ་པྲ་ཏི་ཛ་ཧོ། མཆོད་པ་འབུལ། བཤགས་པ་བྱ། སྨོན་ལམ་གདབ། ཕྱོགས་བཅུ་མཐས་ཀླས་མུ་མེད་པའི་སངས་རྒྱས་བཅོམ་ལྡན་འདས་ཡེ་ཤེས་སེམས་དཔའི་འཁོར་རྒྱ་མཚོ་དང་བཅས་པ་དང ། དཔལ་ཆེན་པོ་ཤྲཱི་ཧེ་རུ་ཀ་བཛྲ་ཌཱ་ཀི་ནཱི་ཚོགས་ཀྱིས་དམ་ཚིག་གིས་ས་ལ་གཞེས་པའི་ནང་གི་རྣལ་འབྱོར་དང ། ཕྱིའི་གྲུབ་པ་ལ་སོགས་ཏེ། འཕྲ་མེན་གྱི་འཁོར་བསམ་གྱིས་མི་ཁྱབ་པ་ལ་སོགས་པ་རྡོ་རྗེ་ཐེག་པ་བསྲུང་བར་ཞལ་འཆེས་པའི་འཕགས་པ་ཐམས་ཅད་དང ། རིག་འཛིན་སྩལ་འཆང་དུ་གྱུར་པའི་མི་ལ་སོགས་ཏེ། སྤྲུལ་པ་སྣ་ཚོགས་སུ་སྐུ་བཞེངས་ནས་སློབ་དཔོན་གྱི་ས་ལ་བཞེངས་ཤིང་སེམས་ཅན་གྱི་དོན་མཛད་པ་ལ། བདག་ཅག་མཆེད་ལྕམ་དྲལ་འདིར་ཚོགས་པ་རྣམས་ཀྱིས་མཆོད་པའི་ཞལ་ཟས་འདི་དག་ཚུལ་བཞིན་དུ་བྱིན་གྱིས་བརླབས་ནས་འབུལ་བས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཡེ་ཤེས་བླ་མའི་ས་ནོན། དམ་ཚིག་ཉམས་པ 104.178b ཐམས་ཅད་སྐོངས་པར་གྱུར་ནས་སོ་སོའི་ཐུགས་དམ་སྐོངས་པར་སྨོན་ཏོ། །རྣལ་འབྱོར་སྔ་རབས་སྐུ་ཚེ་འདས་པ་རྣམས་ཀྱང་སྒྲིབ་པ་རྣམ་གཉིས་ནི་བྱང ། ཚོགས་གཉིས་ནི་རྫོགས། བདག་ཅག་གི་སྟོང་གྲོགས་སུ་གྱུར་ཅིག་།བདག་གིས་སྔ་སླད་དམ་རྫས་བསྒྲལ་བ་དང ། སེམས་ཅན་གྱི་སྲོག་བཀུམ་མོ་འཚལ་ཐམས་ཅད་ཀྱང་ཡེ་ཤེས་ངང་གིས་བསྒྲོལ་ཞིང་རྣལ་འབྱོར་གྱི་སྐལ་པ་ཅན་དུ་གྱུར་ཅིག་།བདག་ཅག་རྣམས་ཀྱི་ཚེ་སྔ་མ་ནས་ད་ལྟར་གྱི་སློབ་དཔོན་དུ་གྱུར་པ་དང ། རྒྱུད་གཅིག་ཅིང་ཡི་དམ་གཅིག་པའི་ཐུགས་དམ་ལ་མ་གཉེས་པར་ཕོག་པ་དང ། བདག་གི་སྙིང་རྗེ་ཆུངས་བའི་རྐྱེན་གྱིས་འཕགས་པ་ཐུགས་དམ་བསྐུལ་བའི་སྩལ་འཕང་དམས་པ་དང ། གནང་བའི་དབང་ལས་ཕམ་པར་གྱུར་པ་དང ། གཏི་མུག་མ་ཚོར་བའི་རྐྱེན་གྱིས་བདེ་བ་དང་སྡུག་བསྔལ་གྱི་རྐྱེན་མི་བཟོད་དེ། ལུས་ངག་ཡིད་གསུམ་གྱིས་སེམས་དཀྲུགས་ནས་མ་ཡིན་པའི་ཆོས་སྨྲ་བ་དང ། སྤྱོད་ལམ་མི་མཁས་པའི་རྐྱེན་གྱིས་དམ་ཚིག་གི་ལྷ་དང ། སློབ་དཔོན་དང ། དགེ་བའི་བཤེས་གཉེན་དང ། རྡོ་རྗེ་མཆེད་ལྕམ་དྲལ་ཐུགས་དམ་གྱི་ལྷ་ཡལ་བར་བཞག་ནས་དངོས་གྲུབ་ཐམས་ཅད་འཕང་བར་གྱུར་པ་དང ། མཁྱེན་གསལ་གོང་མ་རྣམས་དང་བྲལ་བའི་རྐྱེན་གྱིས་མཆོད་པའི་ཡོ་བྱད་རྒྱུན་མི་གཅིག་པ་དང ། མཆོད་པ་མ་ཡིན་པའི་གྲོགས་པོ་ལ་བརྟེན་ནས་རྒྱུན་མི་གཅིག་པ་དང ། བསོད་ནམས་འདྲེས་པས་རྩལ་ཚད་མར་གྱུར་ཏེ། ལེ་ལོ་དང ། ་བཏང་སྙོམས་ཀྱི་དབང་དུ་གྱུར་ནས་ཐུགས་རྗེའི་གནས་སུ་མ་གྱུར་ཏེ། ཡེ་ཤེས་ལྷ་དང་སྲུང་མ་རྣམས་འཕང་བར་གྱུར་པ་དང ། རྒྱང་ཕན་གྱི་ཆོས་ཀྱིས་གདུངས་ནས་བདེ་བའི་ཡོ་བྱད་དང་བྲལ་ཏེ། ཉེས་པ་བསགས་པའི་ཆ་ཤས་དང ། མཆོད་སྦྱིན་མི་ཆུང་བའི་སྒྲིབ་པ་དང ། བླ་ན་མེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་པ་ལས་ཐེ་ཚོམ་གཅོད་པའི་བསམ་པ་མ་ཡིན་པ་བྱུང་བ་དང ། ཤིན་དུ་སྡུག་བསྔལ་བར་གྱུར་པ་རྣམས་རྗེསུ་དྲན་ཞིང་གནོང་བའི་སེམས་ཀྱིས་མཐོལ་ཞིང་བཤགས་སོ། །བཤགས་བྱ་འདི་ནི་བརྗོད་པ་ཙམ་གྱིས་ཚོར་བ་དང་མ་ཚོར་བ་དང་བག་ཆགས་བྱང་བར་སྨོན་ཏོ། ། 104.179a གནས་ཐོབ་པ་དང་རྒྱུད་བྱང་བས་ཕྱིར་མི་ལྡོག་པའི་ས་ཐོབ་པར་གྱུར་ཅིག་།ལྷ་དང་སློབ་དཔོན་གྱི་དབང་དང་སྔོན་ཅི་ལྟར་དཀྱིལ་འཁོར་གནང་བ་དང ། མི་སྐྱོལ་ཞིང་དངོས་གྲུབ་རྣམ་བཞི་ཡང་ཐོབ་པར་གྱུར་ཅིག་།སྐྱོན་བརྗོད་པ་ཐམས་ཅད་དང་བྲལ་ཞིང་དགེ་བའི་རྩ་བ་བསགས་པ་རྣམས་ཡོན་ཏན་ཚད་མ་བཞིན་ཐོབ་པར་གྱུར་ཅིག་།དེ་ནས་ཚོགས་ཀྱི་གཏོར་མ་གཏང་།[་\ུ0f00]་ཤྲཱི་ཧེ་རུ་ཀ་མ་ཧཱ་བཛྲ་ཌཱ་ཀི་ནཱི་ནཱཾ། ་བཛྲ་གོའུ་རི་ཧ། བཛྲ་ཙོའུ་རི་ཧ། བཛྲ་པྲ་མོ་ཧ། བཛྲ་པེ་ཏ་ལི། བཛྲ་པུཀྐ་སི། བཛྲ་གྷསྨ་རི། བཛྲ་ཙན་ཌ་ལི། བཛྲ་སྨ་ཤ་ནི། བཛྲ་ཧེ་རུ་ཀ་ས་མ་ཡ་ཡོ་གི་ཤཝ་རི། སརྦ་ཌཱ་ཀི་ནན། རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། དབྱུག་པའི་བརྡ་ཡིས་མཚོན་ནས་ཀྱང ། །མ་ཚོགས་དབང་ཕྱུག་སྤྱན་འདྲེན་གྱིས། །དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །ཐལ་མོ་བརྡ་ཡིས་མཚོན་ནས་ཀྱང ། །མ་ཚོགས་དབང་ཕྱུག་སྤྱན་འདྲེན་གྱིས། །དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །གླུ་ཡི་བརྡ་ཡིས་མཚོན་ནས་ཀྱང ། །མ་ཚོགས་དབང་ཕྱུག་སྤྱན་འདྲེན་གྱིས། །དམ་ཚིག་ཚུལ་བཞིན་གཤེགས་སུ་གསོལ། །བསྐལ་པ་མེ་ལྟར་འབར་བ་ཡིས། །འོད་ཟེར་འདུ་འཕྲོ་ཀློང་དཀྱིལ་ན། །སྐུ་ནི་དུད་ཁ་ཆེན་པོ་ལ། །ཞལ་གསུམ་པོ་ལ་ཕྱག་དྲུག་སྟེ། །གནག་དང་མཐིང་ག་དམར་བའི་དབུ། །གཡས་ཀྱི་གསུམ་ན་ཐོགས་པ་ནི། །རྡོ་རྗེས་བཀུག་ཅིང་ཞལ་དུ་གསོལ། །ཁྱུང་གི་ཁྲ་ཆེན་འབར་བའོ། །གཡོན་པ་གསུམ་ན་ཐོགས་པ་ནི། །སྟི་རའི་རྒྱུ་མའི་ཞགས་པ་དང ། །ཐོད་རློན་དམར་གྱིས་བཀང་བ་དང ། །སྟི་ར་ཕྲ་མོ་གསུས་པ་ནས། །གློ་སྙིང་ནང་གྲོལ་འབྱིན་ཅིང་ཟ། །གླང་ཆེན་ཀོ་རློན་གོས་སུ་གྱོན། །ཞིང་ལྤགས་གཡང་གཞི་ཤམ་ཐབས་ཅན། །ཐོད་རློན་ཕྲེང་བས་རྒྱན་དུ་བྱས། །མ་ལུས་པ་དག་གསན་དུ་གསོལ། །རྒྱུ་ལས་བྱུང་བས་དེ་བཞིན་གཤེགས། །སྟོན་ནི་མ་ནོར་དོན་མཛད་པ། །མངག་པའི་གནས་སུ་ཡུད་ཙམ་གྱིས། །ཐམས་ཅད་ཁོ་ནར་དབང་མཛད་མཛོད། །སྲུངས་ཤིག་མྱུར་དུ་རྣམ་རྒྱལ་དཔལ། །ཐལ་བ་བཞིན་དུ་རབ་ཏུ་ལྷོགས། ། 104.179b རོལ་ཅིག་དགོངས་ཅིག་དེ་བཞིན་གཤེགས། །མཱ་ར་ན་ཏ་ཐ། འབྱུང་པོའི་ཤ་ནི་ཟན་པས་ཞིམ། །འབྱུང་པོའི་ཁྲག་ནི་ཆང་བས་ཞིམ། །འབྱུང་པོའི་རུས་པ་ཞིམ་པ་སྟེ། །ཐམས་ཅད་གསོལ་ཏེ་དགྱེས་པར་མཛོད། །དཔལ་ཆེན་ཧེ་རུ་ཀ་།མཁའ་འགྲོ་འབར་བའི་ཚོགས་ཆེན་པོ། །ཤིན་དུ་མི་བཟད་འཇིགས་པའི་གཟུགས། །ནམ་མཁའི་ཁམས་ཀུན་ཁྱབ་པར་སྤྲུལ། །ལྷིང་ནག་གཅེར་བུ་རལ་པ་ཅན། །མི་ལྤགས་རློན་པ་གོས་སུ་གྱོན། །ཐལ་བའི་མཚན་མས་བྱུགས་པ་སྟེ། །ཁྲག་དང་ཞག་གི་ཐིག་ལེས་བརྒྱན། །ཕྲེང་བ་མང་པོས་རྒྱན་དུ་བྱས། །ལག་ན་ཏྲི་ཤའུལ་ཐོད་པ་ཐོགས། །དུག་གསུམ་བཤིགས་པར་དམ་བཅས་པའི། །རྡོ་རྗེ་མེ་ཕུང་འཁྲུག་པའི་ཚུལ། །རེ་བ་ཐམས་ཅད་སྐོངས་མཛད་པའི། །ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །ཐེག་ཆེན་རྣལ་འབྱོར་སྤྱོད་པ་ལ། །གནོད་པའི་དགྲ་བགེགས་གཏན་ནས་ཕྱུང ། །ཐམས་ཅད་གཅིག་ཏུ་བསྡུས་ནས་ཀྱང ། །རྡུལ་ཕྲན་བཞིན་དུ་བརླག་པ་དང ། །སེམས་ཉིད་ཐེག་པ་ཆེན་པོ་ཡི། །རྣམ་ཐར་ལ་ནི་དགོད་པར་མཛོད། །རྣལ་འབྱོར་བདེ་མཆོག་སྒྱུ་མས་སྤྲུལ། །དམ་ཚིག་དག་ལ་འཇུག་དུ་གསོལ། །ཉོན་མོངས་ཀུན་ལས་རྒྱལ་བར་མཛོད། །མ་ལུས་པ་དག་བསྣམས་སུ་གསོལ། །རྣམ་པ་སྣ་ཚོགས་འདོད་ཆགས་རྒྱུད་ཀྱིས་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་ཀྱི་མཁའ་འགྲོ་བདེ་མཆོག་སྒྱུ་མས་ཐམས་ཅད་རབ་སྤྲུལ་རྣམ་པར་སྤྲུལ། །དེ་ན་ཏེ་ཐེ་ཧཱུཾ། རྣམ་པ་སྣ་ཚོགས་དག་པའི་རྒྱུད་ཀྱིས་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་སྒྱུ་མའི་བདེ་མཆོག་ཐམས་ཅད་རབ་སྤྲུལ་རྣམ་པར་སྤྲུལ། །ཧཱུཾ་ཧཱུཾ་ཧཱུཾ། རྣམ་པ་སྣ་ཚོགས་ཁྲོ་བོ་རྒྱུད་ཀྱིས་སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་སྒྱུ་མས་ཐམས་ཅད་རབ་སྤྲུལ་རྣམ་པར་སྤྲུལ། །རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ། རྣམ་པ་སྣ་ཚོགས་ཐབས་ཀྱི་རྒྱུད་ཀྱིས 104.180a སེམས་ཅན་མ་ལུས་ལུས་པ་མེད་པར་འདུལ་མཁས་པ། །དེ་བཞིན་གཤེགས་པ་ཀུན་གྱི་མཁའ་འགྲོ་སྒྱུ་མས་ཐམས་ཅད་རབ་སྤྲུལ་རྣམ་པར་སྤྲུལ། །ཧཱུཾ་ཨེ་ཤ་ཧཱུཾ་བེ་ཤ་ཧཱུཾ། ན་མོ་རད་ནཏྲ་ཡཱ་ཡ། ན་མ་ཤྩཎྜ་དྷ་བཛྲ་བཱ་ཎ་ཡེ། མ་ཧཱ་ཡཀྵ་སེ་ན་པཱ་ཏ་ཡེ། ཏདྱ་ཐཱ། ཨེ་ཧྱེ་ཧི་ས་མ་ཡ། ཨཱ་ན་ཡ་བཛྲ་ཤན་ཏིང ། བཛྲ་ཀྲོ་དྷ་ན། བཛྲ་ཙཀྲི་བཛྲ་གན། བཛྲ་མུ་སྟིང ། བཛྲ་ཏི་བ་ཏི། བཛྲ་གན་ཏི། བཛྲ་གན་ད། བཛྲ་ཨ་ཀྲིང ། བཛྲ་རཀྵ། བཛྲ་དང་ཥྚཱཾ། བཛྲ་ཤན་ཏིང ། བཛྲ་ཨེ་ཀ་ར་ཙ་མ། བཛྲ་མ་ནོ་ཧ་ར་མ། བཛྲ་དུན་ཏིང ། བཛྲ་ནཱི་ལམ། བཛྲ་ན་ལམ། བཛྲ་གྲི་ཏ། བཛྲ་མུ་ཀྲིང ། བཛྲ་ཀི་ལམ། བཛྲ་ཨུ་སསྨ། བཛྲ་མ་ཀ་རད་ཝ། བཛྲ་བི་དྱ་ཙ་ར་ཙ་ནི་ཀ་།ཁ་ན་ཁ། ཏུ་ཏ་ཁ། སརྦ་ཨ། ཤ་ས་ཁ། སརྦ་མ་ཨཱ་ཀཪྵ་ཡ། པྲ་བེ་ཤ་ཡ། བན་དྷ་ཡ་བན་དྷ་ཡ། སརྦ་ཌཱ་ཀི་ནི་ནན། ཨེ་ཨ་ར་ལི་མ་ནུ་སྨ་ར་ཡ་ཕཊ། མི་ཡི་སྲིན་མོ་ཚངས་མ་དང ། །ཁྲོ་བོ་དང་ནི་འཇུག་སྲེད་མོ། །གཞོན་ནུ་མོ་དང་དབང་པོ་དང ། །རྡོ་རྗེ་དམར་མོ་བདུད་རྩི་མོ། །ཞི་བ་མ་དང་བེ་ཅོན་མོ། །ཟིན་མོ་དང་ནི་ཟ་བ་མོ། །རྡོ་རྗེ་དགའ་བ་མོ་དང་ནི། །ཤིན་དུ་ཁྲག་འཐུང་མོ། །གཅིག་པུ་སྦྱོང་དང་ཡིད་འཕྲོག་མོ། །གྲུབ་མོ་དང་ནི་རླུང་མོ་དང ། །རྡོ་རྗེ་ཡང་ནི་གསོད་ཆེན་མོ། །མེ་མོ་ཕག་མོ་རྒན་བྱད་མོ། །སྣ་ཆེན་མོ་དང་ཆུ་ལྷ་མོ། །རྡོ་རྗེ་ནག་མོ་ཆེན་མོ་དང ། །རྡོ་རྗེ་ར་སྟེ་དམར་སེར་མོ། །རྡོ་རྗེ་སྔོ་ནག་བུམ་རྣ་མོ། །རྡོ་རྗེ་དམར་སེར་དྲིལ་འཁྲོལ་མ། །མ་མོ་ཆེན་མོ་ཁྱེད་རྣམས་ཀྱིས། །ཇི་ལྟར་ཁས་བླངས་དམ་བཅས་པའི། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །ཡེ་ཤེས་ཐོབ་པར་བྱ་བ་དང ། །བསྒྲུབ་པ་རྣམས་ཀྱི་ལས་བྱ་ཞེས། །རྡོ་རྗེ་བྱིན་ནས་མིང་བཏགས་ཏེ། །དམ་བཅས་བཞིན་དུ་ཧེ་རུ་ཀ་།ད་ལྟར་ཁྱོད་ཀྱིས་གཟུགས་མཆོག་རྣམས། །མངོན་པར་སྟོན་ལ་གྲུབ་པ་འཕྲུལ། །ཅི་སྙེད་གྲུབ་མཆོག་མ་ཕུལ་ཞིང ། །ཁྱེད་རྣམས་མངོན་དུ་མ་གྱུར་ན། །རབ་ཏུ་སྟ་ནའི་དཀྱིལ་འཁོར་འདིར། །གདུག་ལ་ལས་རྣམས་ཀུན་གྱིས་ཤིག་། 104.180b \ུ0f00་པད་མ་བ་ད་མུ་མུ་ཀ་།ཱ་ཀཪྵ་ཡ། ཨཱ་ཀཪྵ་ཡ། པྲ་བེ་ཤ་ཡ། པྲ་བེ་ཤ་ཡ། བན་དྷ་ཡ། བན་དྷཡ། ཏོ་ཤ་ཡ་ཏོ་ཤ་ཡ། བཛྲ་ཌཱ་ཀི་ནཱི་ཧྲི་ད་ཡན།[་\ུ0f00]་\ུ0f00་ཧཱུཾ། གཏོར་མ་དཀྱིལ་འཁོར་གྱི་ཕྱི་རོལ་དུ་བསྒྱུར་ལ་ཁ་བན་དྷ་དང་རས་ཆེན་གྱིས་བཅད་ལ་རྟ་མགྲིན་དབང་གི་ཕྱག་རྒྱ་བཅས་ལ་མཆོད་དོ། །བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པ་ལས་ཁྲོ་བོ་བསྐྱེད་རྫོགས་ལས་ཀྱིས་བཟླས་པའི་ལེའུ་སྟེ་བཅུ་གསུམ་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་དུ་བཟང་པོ་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ ། །ཞི་བའི་མཆོག་གཏན་ཕྲེང་བའི་ཕྲིན་ལས་རབ་བསྡུས་པ། ཚད་མེད་སྙིང་རྗེ་སྐྱེད་པ་དང ། །བྱང་ཆུབ་སེམས་དཔའ་དག་ལ་ནི། །སྔོན་དུ་འགྲོ་བའི་ལམ་མཆོག་སྟེ། །སྒྲུབ་པ་པོས་ནི་ནན་ཏན་བྱ། །ཁྲག་འཐུང་ཐུགས་སུ་གནས་པ་ནི། །ཡེ་ཤེས་གཙོ་མོ་མཆོག་ཉིད་དེ། །གསུམ་པ་ལས་ནི་འདས་པའི་ཕྱིར། །རྩེ་མོ་མེད་པའི་ལས་སུ་བསྟན། །དེ་ནི་གཟུགས་དང་བྱིན་བརླབས་དང ། །བཟླས་བརྗོད་དང་ནི་ཕྲིན་ལས་དང ། །དུས་དང་གནས་དང་བདག་ཉིད་དག་།ཕུན་སུམ་ཚོགས་པ་བདུན་པོ་སྟེ། །བཏབ་ན་ཅི་འདོད་སྦྱིན་ནོ་ཞེས། །དམ་ཚིག་བདག་པོས་རབ་ཏུ་གསུངས། །འདས་ན་ལྷ་ཡང་བརླགས་པའི་ཕྱིར། །རང་གི་བཀའ་ལས་རང་མི་འདའ། །གཟུགས་ནི་ཐུགས་ཀྱི་ཕྱག་རྒྱ་དབྱིངས་ལ་སྟེ། །ལྕགས་དང་ལྕགས་ལྔ་སེང་ལྡེང་ལ་སོགས་པ་ཚེར་མ་ཅན་གྱི་ཤིང་ལས་སོར་བརྒྱད་དམ་བཅུ་གཉིས་པར་བྱས་པ་མགོ་འཇུག་མ་ནོར་བར་ཤིང་རྩ་བ་ཕྱོགས་སུ་མགོ་བྱས་ལ། སོར་བརྒྱད་ལ་སོར་གཅིག་ལ་རྒྱ་མདུད། །རྐེད་པར་སོར་གཅིག་ལ་རྒྱ་མདུད་སྟོད་ཟུར་བརྒྱད། །སྨད་ཟུར་གསུམ་དུ་བྱས་ལ། རི་རབ་ལྟར་བརྗིད་པ་འདུག་པ་ནི་གཟུགས་སོ། །བྱིན་བརླབས་ནི་ཐོག་མ་ཉིད་སྐུ་གསུམ་དུ་བྱིན་གྱི་བརླབ་པར་བྱ་སྟེ། །དེའི་འོག་ཏུ་རྒྱ་མདུད་གཞལ་མེད་ཁང་དུ་དམིགས་ཏེ། ཕྱོགས་བཞི་དབུས་དང་ལྔར། ཧཱུཾ་བསྒྲིལ་མ་ལྔ་བཞག་སྟེ། དབུས་སུ་ཧེ་རུ་ཀ་།ཤར་དུ་ཁམས་གསུམ་རྣམ་པར་རྒྱལ་བ། ལྷོར་གཤིན་རྗེ་གཤེད། ནུབ་དུ་རྟ་མགྲིན། བྱང་དུ་སྟོབས་པོ་ཆེ། འདི་རྣམས་སོ་སོའི་སྙིང་པོ་དྲན་པ་ཙམ་གྱིས་བསྐུལ 104.181a ཏེ་ཕྱི་ནང་གི་མཆོད་པ་ཅི་འབྱོར་པ་ཕུལ་ཏེ། དམ་ཚིག་རྗེས་སུ་བཀུག་ནས་གཉིས་སུ་མེད་པའི་རྒྱན་རྫོགས་པར་མཛད་པ་ནི་ལོངས་སྤྱོད་རྫོགས་པའི་སྐུར་བྱིན་གྱིས་བརླབ་པོ། །དེ་ནས་སྲས་ཕུར་བུའི་ཁྲོ་བོ་བསྐྱེད་པ་ནི།[་\ུ0f00]་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་མན་ཕཊ། ཅེས་བརྗོད་པའི་ལྟེ་བ་ཡན་ཆད་མཐིང་ནག་ལ་དབུ་ཁམ་པ་ཟུར་གསུམ་པའི་ཐབས་སུ་བསྒྲེང་ལ། བྲང་གིས་འགྲོ་ཆེན་པོ་དང ། ཐོད་རློན་གྱིས་བཅིངས་ཤིང་བཤམས་ལ། སྤྱན་གསུམ་སྡང་མིག་ཏུ་བགྲད་དེ། ཕྱག་གཡོན་པའི་ཕུར་བུ་ལ་གཟིགས། མཆེ་བ་བཙིགས་པ། རབ་ཏུ་རྔམ་པ། དུར་ཁྲོད་ཀྱི་མེ་ཕུང་གི་ནང་དུ་ལྟེ་བ་མན་ཆད་ལྕགས་ཀྱི་ཕུར་པ་ཟུར་གསུམ་པ། ཨེའི་ནང་དུ་སུམ་ཆ་ཙམ་ནུབ་པ་ལ་ཕྱག་བཞི་ལ་གཡས་ཀྱི་གོང་མ་སྟ་རི་ཁ་ཡར་བསྟན་ཏེ་བརྡེག་པར་བྱ་སྟེ། གཡོན་པ་རི་རབ་ཀྱིས་གནོན་པའི་སྟོབས་སུ་འཛིན་པ། གཡོན་དང་པོས་རྡོ་རྗེ་ཁ་ཊྭཱཾ་ག་འཁྲོལ་ཞིང་བདུད་ཀྱི་ཁམས་འཇིགས་པ། འོག་མ་ཕུར་བུ་ཟུར་གསུམ་འདེབས་པའི་སྟབས་སུ་གཟས་ཤིང ། ངན་སོང་གསུམ་དུ་འཇིགས་པ། སྟོབས་དང་མཐུ་ལ་སོགས་པ་ཁྲོ་བོ་ཐམས་ཅད་འདུས་པས་ཀྱང་ཆེ་བ་གཅིག་ཕྱུང་སྟེ། རྟག་པ་ཆེན་པོ་བཞུགས་པར་བསྟན་པ་ནི་སྤྲུལ་པའི་སྐུར་བྱིན་གྱིས་བརླབ་པོ། །དེ་ལ་རིགས་ལྔར་བྱིན་གྱིས་བརླབ་པར་བྱ་སྟེ། འབྲུ་ལྔས་གནས་ལྔ་བྱིན་གྱིས་བརླབ་པོ། །སྐུ་གསུང་ཐུགས་སུ་བྱིན་གྱིས་བརླབ་པར་བྱ་སྟེ། སྤྱི་གཙུག་ཏུ་ཨོཾ། རྐེད་པར་ཧྲི། རྩེ་མོར་ཕཊ་བསམ་མོ། །དེའི་འོག་ཏུ་ཐུགས་ཀྱི་ཡེ་ཤེས་རྩེ་གཅིག་པར་བྱིན་གྱིས་བརླབ་པར་བྱ་སྟེ། ཟུར་གསུམ་དུ་ཕཊ་གསུམ། ངོས་གསུམ་དུ་ཧཱུཾ་གཞག་གོ་།ད་ནས་སྐུ་བལྟས་པ་དང ། རིགས་སོ་སོའི་ཁྲོ་བོ་ཐམས་ཅད་ཀྱིས་དབང་བསྐུར་བར་བྱ་སྟེ། ཁྲོ་བོ་དཀྱིལ་འཁོར་དེ་དག་ཉིད་ཕྱོགས་བཅུར་འཕྲོས་པ་སླར་འདུས་ནས། ཧཱུཾ་ཧཱུཾ་ཕཊ་ཕཊ་ཀྱིས་སྒྲ་འབྱིན་ཅིང་དེའི་སྐུ་ལ་བསྟིམས་ཏེ། དབང་དང་བྱིན་བརླབས་ཐམས་ཅད་བརླན་པར་བྱའོ། །དེ་ནས་འགྲོ་བའི་དོན་ལ་གཤེགས་ནས་ཕྱོགས་བཅུའི་བདེ་བར་གཤེགས་ཐམས་ཅད་དང ། སྔོན་ཐུགས་དམ་དུ་ཞལ་གྱིས་བཞེས་པ་ལགས་པས་དེས་གྲོས་མཛད་ཅིང་བསྐུལ་བ་ལ་བཞུགས་པ་དང ། བདག་ཉིད་ཀྱང་བདག་ཉིད་ཆེན་པོ་ཡིན་པས་ཕུར་པ་ཡང་བདག་ཉིད་ཆེན་པོ་ཉིད་དུ་དབང་བསྐུར་ཞིང་བྱིན་གྱིས་བརླབ་པར་བྱ་བའི་ཕྱིར། ལག་པར་མ་ལས་ཉི་མའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་ཧཱུཾ། གཡོན་པའི 104.181b སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱུར་པའི་སྟེང་དུ་ཏ་བསམ་མོ། །གུང་མོ་ལ་ཨོཾ། མཐེ་བོ་ལ་ཧཱུཾ། མཛུབ་མོ་ལ་ཏྲཾ། སྲིན་ལག་ལ་ཧྲི། མཐེའུ་ཆུང་ལ་ཧ། འདི་རྣམས་ཟླ་བའི་དཀྱིལ་འཁོར་དུ་གྱུར་པའི་སྟེང་དུ་གཞག་སྟེ། སུ་ར་ད་སྟྭཾ་ཞེས་བརྗོད་པས་ཐལ་མོ་མཉམ་པར་སྦྱར་ལ།[་\ུ0f00]་བཛྲ་ཨ་ཛ་ལི་ཧཱུཾ། ཞེས་བརྗོད་པས་སོར་མོ་ཅུང་ཟད་བསྣོལ་ལོ། །\ུ0f00་བཛྲ་བན་དྷ་ཧཱུཾ་ཞེས་བརྗོད་པས་སོར་མོ་རྒྱབ་ཏུ་བསྣོལ་ལ་བསྡམ་མོ། །ས་མ་ཡ་སྟྭཾ་ཞེས་བརྗོད་པས་ཕུར་པ་བླངས་ཏེ་འཆང་བའི་ནང་དུ་བཅུག་ལ། ལག་པ་ཆང་པ་ཕྱེ་ལ་མཐེ་བོ་དང་སྲིན་ལག་དང་མཐེའུ་ཆུང་དང་གཉིས་ཀྱི་བར་དུ་ཡང་གཞུག་།མཐེ་བོས་ཆུང་ཟད་བསྒུལ་ཞིང་དྲུད་དོ། །ོཾ་བཛྲ་ཨཱ་བེ་ཤ་ཡ། ཨ་ཨ་ཞེས་བརྗོད་པས་ཕྱོགས་བཅུ་དུས་གསུམ་དུ་གཤེགས་པ་ཡབ་ཡུམ་སྲས་དང་བཅས་པ་ཐམས་ཅད་ཞེ་སྡང་རྗེས་སུ་དྲན་པའི་སྐུ་ཡུངས་འབྲུ་ཙམ་བར་མཚམས་མེད་པར་ཕུར་པ་ལ་བསྡུ་ཞིང་བསྟིམ་མོ། །སྐུ་གསུང་ཐུགས་ཀྱི་བདག་པོ་ཆེན་པོ་ཉིད་དུ་རྫོགས་པའི་བྱིན་གྱིས་བརླབ་ཅིང་དབང་བསྐུར་བར་བྱ་སྟེ། སོར་མོ་རྒྱབ་ཏུ་བསྣོལ་ལ་གུང་མོ་བཤིབས་ཏེ། བསྒྲེང་བའི་བར་དུ་ཕུར་བུ་བཅུག་ལ། ཨོཾ་བཛྲ་ས་ཏྭ་ར་ཛ་ཧཱུཾ་ཕཊ་ཞེས་བརྗོད་པས་བཟླས་སོ། །དེ་ནས་སོར་མོ་པུག་པུག་བྱས་ཏེ། ་་ལག་པས་ཕུར་པ་བཟུང་ལ། ཨོཾ་ཧཱུཾ་ཧྲི:ཕུར་བུ་བ་ཕཊ་ཞེས་བརྗོད་པས་དེ་ནས་སོར་མོ་རྒྱབ་ཏུ་བསྣོལ་ལ་ཐེ་བོང་གཉིས་བཤིབས་པའི་ཆང་བར་བཅུག་ནས། ཨོཾ་ཙྪིན་ད་ཙྪིན་ད། ཧ་ན་ཧ་ན། ཏི་བ་ཏ་ཙཀྲ་ཧཱུཾ་ཕཊ་ཅེས་བརྗོད་ནས་དྲིལ་ཏེ། བདག་ཉིད་ཆེན་པོ་ཐམས་ཅད་གཉིས་སུ་མེད་པའི་སྦྱོར་བ་མཛད་པའི་གཟི་བྱིན་ཐམས་ཅད་ཕུར་པའི་སྐུ་ལ་བསྟིམས་པས་སྟོང་གསུམ་གང་བར་མེ་སྟག་འཕྲོ་ཞིང་དམིགས་པ་ཐམས་ཅད་སྒྲུབ་པའི་བྱིན་དང ། དབང་དང་ལྡན་པར་གྱུར་ཏེ། མདུན་གྱི་ནམ་མཁའ་ལ་ཨེའི་གདན་ལ་བཞུགས་པར་གསོལ་ནས་ཡུངས་ཀར་གྱི་རྒྱལ་པོས་བྲབ་ཅིང་གུ་གུལ་སྦྱར་བས་བདུགས་ལ། ཕྱི་ནང་གི་མཆོད་པ་ཐམས་ཅད་མཆོད་པར་བྱའོ། །དེ་ནས་ཡིད་ལ་བརྣག་པའི་ཕྲིན་ལས་བཅོལ་ཏེ་དེའི་བྱིན་བརླབས་སོ། །བཟླས་བརྗོད་ནི་བདག་ཉིད་ལས་ཀྱི་ལྷའི་ཏིང་ངེ་འཛིན་དུ་བཞུགས་ལ་སྙིང་གར་ཉི་མའི་དཀྱིལ་འཁོར་ལ་ཧཱུཾ་མཐིང་ནག་པ་གཅིག་བསམས་ལ། ཨོཾ་བཛྲ་ཀྲོ་དྷ་ཀཱི་ལི་ཀཱི་ལ་ཡ་མཱ་ར་ཡ་ཕཊ་ཅེས་བརྗོད་པས་ཕུར་བུའི་ཁྲོ་བོ་ཅི་འདྲ་བ་ཞིག་དེ་ལས་བྱུང་སྟེ་ཕྱོགས་བཅུ་ཐམས་ཅད་དུ་སེམས་ཅན་གྱི་དོན་བྱས་ནས་ཕུར་བུ་ལ་བསྟིམ་མོ། ། 104.182a འདི་འབུམ་འམ། བདུན་འབུམ་འམ། ས་ཡ་བྱེ་བ་སྙེད་བྱ་སྟེ་བསྙེན་པ་གཏོང་པར་འདོད་ན་ཕུར་བུ་ཉིད་སྙིང་ག་ལ་བསྡུ་སྟེ། འདི་ནི་བཟླས་བརྗོད་དོ། །ཕྲིན་ལས་ནི་ཐོག་མ་ཉིད་བརྟག་པའི་ས་རྙེད་ནས་བསྐྲད་པ་དང་མཚམས་གཅད་པ་ལ་སོགས་པ་བྱས་ནས་སྐད་ཅིག་མའི་ཏིང་ངེ་འཛིན་གྱིས་ཁྲོ་བོའི་སྡང་མིག་དང ། མཚོན་ཆའི་ཆར་དང ། རྡོ་རྗེ་གནོད་སྦྱིན་ལ་སོགས་པས་བསྐྲད་ནས་ཕུར་པ་བཅུ་ཁྲོ་བོ་བཅུར་བྱིན་གྱིས་བརླབས་ཏེ་ཕྱོགས་བཅུར་བཏབ་ནས་ཅི་ཙམ་འདོད་པ་ཐམས་ཅད་མཚམས་གཅད་དོ། །རིགས་ལྔའི་ལྷ་མཉེས་པར་བྱ་ཏེ། དེ་ནས་ལས་ཀྱི་ལྷ་མཉེས་པར་བྱས་ནས་དེ་ནས་ཏིང་ངེ་འཛིན་གོང་ནས་བྱུང་བ་དང ། བསྙེན་པ་ཚང་ནས་གནས་ཆེན་པོར་དཀྱིལ་འཁོར་གྲུ་གསུམ་ལ་རྩེ་མོ་ལྷོ་ཕྱོགསུ་བསྟན་ཏེ། ཞིང་ཆེན་གྱི་ཐལ་བ་དང ། སྐེ་ཚེ་དང ། ལན་ཚཝ་དང་ཞིང་ཆེན་གྱི་རག་ཏ་དང ། སྲུབ་མའི་ལོ་མའི་ལོ་མ་དང ། ཁྲེ་དང་ཙི་ཙེ་དང ། སུམ་མ་དང ། གྲོག་མཁར་གྱི་ས་དང ། བོང་བུའི་བདུད་རྩི་ལས་སྦྲུས་ཏེ། ཞིང་ཆེན་གྱི་ཐལ་བ་མ་རྙེད་ན་ཏིལ་ནག་པོ་ལས་གཞི་བླངས་ཏེ་གཟུགས་བྱས་ཀྱང་རུང ། རི་མོ་བྲིས་ལ་མདོག་སྨུག་ནག་ཏུ་བགྱིས་ཏེ་ཤུལ་བ་ལ་སོགས་པ་ལ་ཞིང་ཆེན་གྱི་རག་ཏས་ཧཱུཾ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་བྲིས་ཏེ། སྙིང་གར་གླན་ཏེ་དཀྱིལ་འཁོར་གྱི་སྟེང་དུ་གན་རྒྱལ་དུ་བཞག་སྟེ། ་མགོ་བོ་ལྷོ་ཕྱོགས་སུ་བསྟན་ཏེ། གདོན་དེ་ཉིད་དགུག་པ་ནི་མངག་གཞུག་གམ། ཁྲོ་བོ་སུམ་བྷ་ནི་སྦྱོར་བ་ཡང་རུང་སྟེ། གསང་བའི་ཐུགས་ཁ་འམ་སྙིང་གར་ཟླ་བའི་དཀྱིལ་འཁོར་དམར་པོ་ཞིག་བཞག་ལ་ཛཿ ཧཱུཾ་བཾ་ཧོཿ བཛྲ་ཨཾ་ཀུ་ཤ་ཆེ་གེ་མོ་ཞིག་ཧཱུཾ་ཞེས་བརྗོད་ནས་ཁྲོ་བོ་ལྕགས་ཀྱུ་ཅན་གྲངས་མེད་པ་རྒྱུད་མ་ཤ་སྟག་བྱུང་བས་བགེགས་ཀྱི་སྙིང་ག་ནས་བཟུང་སྟེ། དེར་འོངས་པ་དང ། ཛཿ ཧཱུཾ་བཾ་ཧོཿ ཆེ་གེ་མོ་མཱ་ར་ཡ་པྲ་པེ་ཤ་ཕཊ་རན་ཙམ་དུ་བརྗོད་ལ། གཟུགས་སམ་རི་མོ་ལ་ཕབ་ལ་ལྕགས་ཀྱུ་དང ། ཞགས་པ་དང ། ལྕགས་སྒྲོགས་གི་ཕྱག་རྒྱ་བཅིངས་པ་དང ། བསྡམས་པ་དང ། དེའི་སེམས་མ་འཁྲུགས་པར་དག་པར་བྱས་ནས་ཨེའི་ནང་དུ་རྩེ་མོ་འོག་ཏུ་སོང་བར་བསམ། དེ་ནས་ཕུར་པ་བླངས་ཏེ། ་ལས་ཀྱི་ལྷའི་སྙིང་པོ་དང་བཅས་པས་དྲག་ཏུ་ཆུང་ཟད་བསྐུལ་ལོ། །ཐལ་མོ་སྦྱར་ཕུར་བུ་ཐབས་ཀྱིས་གསོར་ལ་རྡོ་རྗེ་སྡེར་མོའི་སྔགས་བཟླས་ནས་ཏིང་ངེ་འཛིན་གསལ་བར་མ་ཁུགས་ཀྱི་བར་དུ་དྲིལ་ན་ཏིང་ངེ་འཛིན་ལ་ཞུགས་པ་དང ། གདན་གྱི་སྟེང་དུ་རྩེ་མོ་ནས་གང་ཙམ་མ་རེག་པར་གཟས་ལ་ཁྲོ་བོའི་སྐྱེའམ་མ་རྐེད་པ་ནས་ལག་པ་གཡོན་པས་བཟུང་སྟེ། རྡོ་རྗེ་ཐོ་བའི་སྟ་རེ 104.182b ལག་པས་རྡོག་ཅིང་རྡོ་རྗེ་སྡེར་མོའི་སྔགས་ལན་གསུམ་དང་ཉི་ཤུ་རྩ་གཅིག་གདབ་ཅིང་བཟླས་ཏེ། སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་གཅིག་སྙིང་གར་བཏབ་དཔྲལ་བར་གཅིག་གདབ། དཔུང་མགོ་གཉིས་དང་བརླའི་ནང་རོལ་གཉིས་སུ་ཡང་གདབ། ལྟེ་བ་ཁུང་དུ་ཡང་གདབ། སྡེར་མོའི་སྔགས། ན་མཿ ས་མན་ཏ་ཀཱ་ཡ་བཱ་ཀ་ཙི་ཏ་བཛྲ་ནན། ཨོཾ་གྷ་གྷ་གྷཱ་ཏ་ཡ། སརྦ་དུཤྚན། མཱ་ར་ཡ་ཕཊ། ཀི་ལི་ཀི་ལཱ་ཡ་སརྦ་པཱ་པམ་ཕཊ། ཧཱུཾ་ཧཱུཾ་བཛྲ་ཀི་ལི་ཀི་ལཱ་ཡ་བཛྲ་དྷ་རོད། ཨཱ་ཛྙ་པ་ཡ་ཏི་ཀཱ་ཡ་བཱ་ཀ་ཙི་ཏ་བཛྲ་ཀི་ལ་ཡ་ཧཱུཾ་ཕཊ་དྲག་ཏུ་བརྗོད། ཕུར་པ་དེ་བཏབ་ཟིན་ནས་དེའི་སྟེང་དུ་ལས་ཀྱི་ལྷ་ཕྱག་རྒྱ་དང་སྔགས་ཀྱིས་མནན་ཏེ་ལག་པ་གཉིས་སོར་མོ་བསྣོལ་བ་མཐེ་བོ་དང་མཐེའུ་ཆུང་རྩེ་སྦྱར་བརྐྱང་ནས་གཞན་ནི་དྲག་པོར་རྒྱབ་ཏུ་བསྐྱེད་དེ་དེའི་སྔགས། ཨོཾ་བཛྲ་ཀརྨ་ཀྲོ་དྷ་ཧཱུཾ་ཕཊ། ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་གཡས་ཕྱོགས་སུ་བསྐོར་ཏེ་ཀཱི་ལ་ཡའི་མགོ་ལ་ལན་གསུམ་བདུག་གོ་།དེ་ནས་ཕུར་པ་སླར་མི་འབྱུང་བ་དང ། སུས་ཀྱང་མི་ཕྱིན་པ་དང ། ལྷག་པར་ཡང་ཟད་ཅིང་ཐལ་ཕྱིན་པར་བསམ་མོ། །དེ་ནས་དམ་ཚིག་གི་ཕྱག་རྒྱ་བསྟན་ཏེ། ་སོར་མོ་རྣམས་རྒྱབ་ཏུ་བསྣོལ་ལ་བཅངས་ནས་གུང་མོ་གཉིས་རྒྱབ་སྦྱར་རྩེ་མོ་རྣོན་པོར་བསྒྲེང་ལ་ཕུར་པའི་ཀླད་དུ་གནོན། ཕུར་པའི་ལྷ་དང་བགེགས་ཆེ་གེ་མོ་ཁྱོད་དམ་ཚིག་འདི་ལས་མ་འདའ་ཞིག་པར་བསྒོ་ཞིང་སྔགས་འདིས་ལན་བདུན་བཟླས་སོ། །ོཾ་སརྦ་ཏ་ཐཱ་ག་ཏཱ་ས་མ་ཡ་ཧཱུཾ་ཕཊ་ཅེས་བྱའོ། །འདི་ནི་སེམས་མ་དམ་ཚིག་གི་སྔགས་དང་ཕྱག་རྒྱ་སྟེ། བསྒོ་བ་ཐམས་ཅད་ཉན་པར་བསམ་སོར་མོ་གཉིས་ནང་དུ་བསྣོལ་ཏེ། མཐེའུ་བོ་དང་མཐེའུ་ཆུང་ངོ་སྦྱར་ལ་བསྒྲེང ། ཁུ་ཚུར་མི་བཅང་བར་སོར་མོ་རྣམས་ཕྱིར་བསྐྱེད་དེ་ཕུར་པའི་སྟེང་དུ་མནན་ཅིང་སྔགས་འདི་བརྗོད་དོ། །ོཾ་བཛྲ་ཀྲོ་དྷ་ཧ་ན་ཧ་ན། ད་ཧ་ད་ཧ། པཱ་ཙ་པཱ་ཙ། བན་དྷ་བན་དྷ། ཙྪིན་ད་ཙྪིན་ད། རྦ་ན་རྦ་ན་ཕཊ། ཉི་ཤུ་རྩ་གཅིག་བཟླས་སོ། །སྟོབས་པོ་ཆེའི་སྔགས་དང་ཕྱག་རྒྱ་སྟེ། གོང་དུ་བཀའ་ཉན་པས་བདག་གི་དབང་དུ་གྱུར་ནས་ཅི་བསྒོ་བ་ཐམས་ཅད་བྲན་བཞིན་དུ་ལས་བྱེད་པར་འགྱུར་རོ། །ཡུངས་ཀར་གྱི་རྒྱལ་པོས་བརྡེག་།གུར་གུམ་སྦྱར་མས་བདུགས་ལ་གཞག་གོ་།དེ་ནས་ལག་པ་གཉིས་སྦྱར་ལ། མཐེའུ་ཆུང་གཉིས་གཅིག་ལ་གཅིག་ཁྱུད་མཛུབ་མོ་གཉིས་སྦྱར་ཏེ་མཐེའུ་ཆུང་གཉིས་གཅིག་ལ་གཅིག་འཁྱུད། མཛུབ་མོ་གཉིས་ཁ་གྲམ་ལ་གཡས་གཡོན་དུ་སྒྲེང ། ཡིད་ཙམ་དགུ་བར་བྱ་ལྷག་མ་རྣམས་ནང་དུ་བཅངས་ལ་མཛུབ་མོ་གཉིས་མཆེ་བར་བསམས་ཏེ་རྐང་པ་གཡོན་པས་བགེགས་ཀྱི་སྙིང་གར་མནན་ཏེ་ལན་བདུན་བཟླས། ཨོཾ་བཛྲ་ཀྲོ་དྷ་ཡཀྵ་ཁ་ཁ། ཁཱ་ཧི་ཁཱ་ཧི། ཧཱུཾ་ཧཱུཾ་ཕཊ་ཕཊ་ཅེས་བརྗོད་དེ། །དེ་ནས་རྡོ་རྗེ་བེ་ཅོན་གྱི་སྔགས་དང་ཕྱག་རྒྱ་སྟེ། 104.183a ལག་པ་གཉིས་རྡོ་རྗེ་ལུ་གུ་རྒྱུད་དུ་སྦྲེལ་ལ་མཐེ་བོང་གཡོན་པའི་སྟེང་དུ་བཞག་།མཛུབ་མོ་གཉིས་ངོ་སྦྱར་ཏེ་བསྒྲེང་ནས་སྡང་མིག་ཏུ་བགྲད་ལ་རྡེག་ཅིང་སྔགས་འདི་ལན་བདུན་གསུམ་ཉི་ཤུ་རྩ་གཅིག་གམ་བརྒྱ་རྩ་བརྒྱད་བཟླས་སོ། །ོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ། ཧ་ན་ཧ་ན་ད་ཧ་བ་ཙ་བི་དྷྭཾ་ས་ཡ་ཛ་ཊི་ལམ་པོ་དྷཱ་ར་ཨུཙྪུས་མ་ཀྲོ་དྷ་ཧཱུཾ་ཕཊ་ཅེས་བརྗོད་དོ། །དེ་ནས་ཡུངས་ཀར་གྱི་རྒྱལ་པོ་བརྡེག་ཅིང་ལས་འདི་ཤིན་ཏུ་བརྟན་ཞིང་གྲུབ་པར་བཅོལ་ལོ། །རྡོ་རྗེ་བརྗིད་གནོན་གྱི་བསམ་གཏན་གྱིས་མནན་པར་བྱའོ། །ཁྲོ་བོ་རྣམས་ཀྱི་སྤྱི་བོ་ནས་འདུས་པའི་སྟེང་དུ་ཧཱུཾ་མཐིང་ནག་ལ་རྡོ་རྗེ་ལྕགས་ཀྱུའི་རྒྱ་གྲམ་མེ་ལྕེའི་ཕྲེང་བས་བསྐོར་བའི་རྒྱ་གྲམ་གྱི་དཀྱིལ་འཁོར་ཡི་གེ་གསུམ་གསེར་བཙོ་མའི་མདོག་འདྲ་བ་ཞིག་ཏུ་གནས་པ་ལས། ཨོཾ་བཛྲ་བཛྲ་མེརྟ་ཧཱུཾ་ས་མ་ཡ་སྟྭཾ་ཞེས་བརྗོད་པ་ལས་གསེར་གྱི་རི་རབ་དཔག་ཚད་བྱེ་བ་གྲུ་བཞི་པ་གཅིག་ཏུ་གྱུར་ལ་དེའི་སྟེང་ན་བཅོམ་ལྡན་འདས་དོན་ཡོད་གྲུབ་པ་སྐུ་མདོག་ལྗང་ཁུ་དབུ་གསུམ་ཕྱག་དྲུག་ལ། ཕྱག་གཡས་དང་པོ་རྡོ་རྗེ་འབར་བ་ཕྱར་ཏེ་བསྣམས། གཡོན་དང་པོ་རྡོ་རྗེ་རྒྱ་གྲམ་ཐུགས་ཀར་བསྟན། འཁོར་དཔག་ཏུ་མེད་པས་ཕོ་བྲང་གཏམས་པ་ཁྲོ་བོ་རྣམས་ཀྱིས་ཤིན་དུ་གཟིར་ཞིང་མི་གཡོ་བ་དང ། ལས་མ་གྲུབ་ན་བསྐལ་པ་མཐར་ཐུག་ན་ཡང་གནས་པར་བསམ། ཕྲིན་ལས་ཀྱང་དེ་བཞིན་དུ་བཅོལ་ཏེ་གཞག་གོ་།ཡོ་བྱད་ཐམས་ཅད་ཀྱང་ནག་པོར་བསམ། གཏོར་མ་ནག་པོ་ཆ་གཅིག་བཤམས་ཏེ་དམ་ཚིག་ཅན་གྱི་འཁོར་དང་བཅས་པ་དང ། འཇིག་རྟེན་ཐམས་ཅད་ལ་བསྔོ་ཞིང་དབུལ་ལོ། །དྲག་པོའི་གཏོར་མ་ཆ་གཅིག་གནོད་བྱེད་དེ་ཉིད་བཀུག་སྟེ་ཟར་གཞུག་གོ་།ཕྲིན་ལས་འདིའི་དུས་སུ་འཕྲ་མེན་མ་དང ། གནོད་སྦྱིན་མོ་དང ། སྲིན་མོ་རྣམས་ཀྱང་སྤྱན་དྲངས། གཏོར་མ་དབུལ་ལོ། །ཛཿ ཧཱུཾ་བཾ་ཧོ:། ཨེ་ཧྱེ་ཧི་བྷ་ག་བཱན། བྱ་ད་ཡཀྵ་ཛ། བྷྱོ་རུ་ལུ་རུ་ལུ་ཧཱུཾ་ཞེས་ལན་གསུམ་བརྗོད་དེ་སྤྱན་དྲང ། པྲ་ཏིཙྪ་ཧོ་ཞེས་བརྗོད་ལ་གཏོང ། ོཾ་ས་མ་ཡ་ཨརྒྷཾ་པྲ་ཏཱི་ཙྪ་ཧཱུཾ་སཝཱ་ཧཱ་ཞེས་ལན་གསུམ་བརྗོད་ལ་ཨ་མྲྀ་ཏ་ཕུལ་ལ་ལས་བཅོལ་ལོ། །འདིའི་ཕྲིན་ལས་སོ། །དུས་ནི་ཚེས་བཅུ་བདུན་ནམ་མར་གྱི་ངོ་ལ་ཉིན་མཚན་གྱི་གུང་དུ་གཟའ་དང་སྦྱར་བ་དང ། བསྙེན་པ་ཚང་བ་དང ། རྟགས་བྱུང་བ་ལ་སོགས་ཏེ་འདི་ནི་དུས་སོ། །གནས་ནི་ཤིང་རྐང་གཅིག་པ་དང་གནོད་པར་ངེས་པ་ཏེ། འདི་ནི་གནས་སོ། །བདག་ཉིད་བྱང་ཆུབ་སེམས་ལ་གཞོལ་ཞིང་མང་དུ་ཐོས་པ་དང ། ལས་ལ་མཁས་པ་དང ། ལྷ་ཉེ་བར་གྱུར་པ་དང ། 104.183b མི་ཕྱེད་པའི་དད་པ་ཐོབ་པ་དང ། དྲག་ཅིང་ལྟོས་པ་མེད་པའི་སེམས་དང་ལྡན་པ་དང ། ཕྲག་དོག་མེད་པ་དང ། གཞན་ལ་རེ་བ་མེད་པ་དང ། དམ་ཚིག་མ་ཉམས་པའོ། །འདི་ནི་བདག་ཉིད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ ། །ཞི་རྒྱས་དབང་དང་མངོན་སྤྱོད་དང ། མནན་བཟློག་དྲུག་ཏུ་བཀའ་སྩལ་ཏོ། །ཞི་བའི་ཞི་བ་ཆེན་པོ་ནི་དཀྱིལ་འཁོར་འདོམ་གང་ཐབ་ཁུང་ཟླུམ་པོ་ཆག་གང་ཐབ་ཀྱི་དཀྱིལ་དུ་འཁོར་ལོ་རྩིབས་བཞི་མཐོ་གང་ཟླུམ་པོ་ཕར་སོར་གཅིག་།འཇིམ་པ་འམ་བོང་བ་ལ་འབུར་དུ་བརྐོས་ཏེ་གཞག་།ཐབ་ཀྱི་ཁ་ཁྱེར་རྡོ་རྗེ་ར་བས་བསྐོར། དེའི་ཕྱི་རིམ་ཟླུམ་པོ་ལ་པད་མ་འདབ་བརྒྱད་བྲི། བཀྲ་ཤིས་ཀྱི་ལྷ་མོ་དང ། མཆོད་པའི་ལྷ་མོ་དགོད། བསྲེག་པའི་རྫས་ཤུ་གུ་ཤུག་ཤགས། མར་དཀར། ཁ་ར། སྦྲང་རྩི། འབྲས་ཅན། འབྲས་ཐུག་།འབྲས་ཡོས། ཏིལ་ཞོ། ནས་ཐུག་སོ་བ། གྲོ་སོ་བ། ཏིལ་སོ་བ། སྲན་མ་ཤ་།ཡུངས་ཀར། འབྲས་ཀྱི་ལག་པ་ན། གཏོར་མ་དཀར་པོ། འབྲས་ལ་བགྱི། ཡོ་བྱད་ཐམས་ཅད་དཀར་པོ། མཚོན་དཀར་པོས་བྲི། ཆས་གོས་གསུམ་དཀར་པོ། ལྷའི་སྐུ་མདོག་ཀྱང་དཀར་པོ། ་གྲངས་དང་སྦྱར་ནས་མཆོད་པར་བྱའོ། །རྒྱས་པའི་དཀྱིལ་འཁོར་འདོམ་གང་གྲུ་བཞི། ལྷ་ནི་སྔ་མའི་སྟེང་དུ་གནོད་སྦྱིན་མོ་བརྒྱད་ཀྱིས་བསྣན། ཕོ་ཉ་ཡང་འབྱུང་ངོ ། །ཡོ་བྱད་ཐམས་ཅད་ཀྱང་སེར་པོ། དགང་གཟར་སེར་པོ། ཕྲུགས་སུ་བཅས་པ་གྲངས་བཞིན་དུ་དབུལ་ལོ། །དབང་གི་དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། དཀྱིལ་འཁོར་གྱི་སྟེང་དུ་ཟླ་གམ་ཕྱེད་པར་བཅད་པའི་ཚུལ་དུ་བྱ། ལས་ཀྱི་ལྷ་པད་མ་གར་གྱི་དབང་ཕྱུག་དགོད། བསྲེག་རྫས་དམར་པོ། གཏོར་མ་དམར་པོ། ཆོས་གོས་དམར་པོ། ལྷའི་གྲངས་བཞིན་དུ་དབུལ། དྲག་པོའི་དཀྱིལ་འཁོར་འདོམ་གང་གྲུ་བཞི་དབུས་སུ་གྲུ་གསུམ། ཟབས་སུ་ཁྲུ་ཕྱེད། གྲུ་གསུམ་དུ་མདའ་གཞུ། མཐའ་ཐོད་པ་གསར་སྙིང་གིས་བསྐོར། དཔལ་ཆེན་མོ་དང་ཁྲོ་བཅུ་དགོད་ཡོ་བྱད་ཐམས་ཅད་ནག་པོ། བསྲེག་རྫས་ནག་པོ། དཀྱིལ་འཁོར་ཡང་ནག་པོ། གཏོར་མ་ཡང་ནག་པོ། ལས་ཀྱི་ཁྲོ་བོ་བཅུ་དང ། འཕྲ་མེན་མ་ཆས་གོས་ནག་པོ། སྦྱིན་སྲེག་ལྷའི་གྲངས་བཞིན་ཏུ་དབུལ་ལོ། །ོཾ་ཤན་ཏིང་གན་ཏིང་ཏི་ཀར་པྲ་ཤ་མ་ནི་རཱ་ཙ་ཏ། ཨ་བ་བ་སཝ་བ་བ། ཨ་མུ་ཀ་སི། སཝ་སྟི་ཤི་བཾ། ཀུ་རུ་སཝཱ་ཧཱ། ཞི་བའོ། །བ་ཤང་ཀུ་རུ་པྲ་ཤ་མ་ན་ཡེ་ཧོ། པུཥྟྀཾ་ཀུ་རུ་སཝཱ་ཧཱ། སུམ་བྷ་ནི་སུམ་བྷ་ནི་ཧཱུཾ། བཅོམ 104.184a ལྡན་འདས་དཔལ་ཀུན་དུ་བཟང་པོ་ཧེ་རུ་ཀ་རོལ་པ་ལས་ཁྲོ་བོ་མནན་བཟློག་གི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་ནས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཐུགས་གསང་བའི་དཀྱིལ་འཁོར་འདི་ཕྱུང་ངོ ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་ཐིག་བཞི་གདབ་པས་རེའུ་ཆ་དགུ། དབུས་སུ་ཟླ་བ་ཕྱེད་པར་བཅས་པའི་ཚུལ་དུ་བྱ། དེའི་ཕྱི་རིམ་འཕྲ་མེན་མ་བཅུ་དྲུག་།སྒོ་བ་བཞི། ཁམ་ཕོར་རི་མོར་བྲིས་པ་དགུ་།སྣང་བའི་འོད་བཅས་པ་འགྲམ། ཚིལ་ཆེན་དང་ནི་ཙིད་ཏའི་ཏོག ། རས་ཆེན་འཕན་གདུགས་ལ་སོགས་པ། །དཀྱིལ་འཁོར་རྒྱུན་ཏུ་བྲི་བར་བྱ། །བན་དྷའི་གནམ་ཡོལ། ཞིང་གི་རྒྱལ་མཚན། །ཐོད་པའི་ཕྲེང་བ་ལ་སོགས་པ་དགོད། ་རག་ཏ་དྲི་ཆེན་གྱི་མཎ་ཌལ་བྱ། ཡོ་བྱད་ཐམས་ཅད་ཚང་བར་བསོགས་ལ། ་འཕགས་པ་མཆོད་ཅིང་བདག་ཀྱང་བཟའོ། །དམ་མ་འདྲེས་ཤིང་མི་གཅིག་པ། སྤྱོད་ལམ་ཡན་ཆད་ཅིའི་སྒོ་ནས་ཀྱང་སྒྲུབ་པའི་ཞལ་ཟས་དང ། ཚོགས་རྣམས་ཕྱི་རོལ་ཏུ་བྱུང་ངོ ། །བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྒྲུབ་པ་པོ་ཉིད་ཏིང་ངེ་འཛིན་གཉིད་དབང་དུ་མི་གཏང ། སྤྱོད་པའི་རྣལ་འབྱོར་པས་སྐུ་གསུང་ཐུགས་དངོས་གྲུབ་ཀྱི་དབྱིག་བསྒྲུབ་པ་དང ། སྲིད་པ་གསུམ་གྱི་སེམས་ཅན་རྒྱུའི་སྡུག་བསྔལ་གྱིས་གདུངས་པ་རྣམས་གྲོལ་བར་མཛད་པའི་ཕྱིར་ཚུལ་མཁས་པ་དང ། སྤྱོད་པ་གཟོབ་པས་རྣལ་འབྱོར་བསྒྲུབ་པ་ལ་འཇུག་པར་བྱའོ། །དེ་ལ་དང་པོར་སྒྲུབ་པ་ལ་བགེགས་མི་འཇུག་པར་བྱ་བའི་ཕྱིར་མཚམས་གཅད་དོ། །ཏིང་ངེ་འཛིན་དང་ལྟ་བ་དང ། སྔགས་དང་ཕྱག་རྒྱ་དང ། རྒྱལ་མཚན་དང་རྫས་འདི་དག་གིས་རབ་ཏུ་གཅད་པར་བྱའོ། །བསྙེན་པ་ཉེ་བསྙེན་དབང་ཡང་རྫོགས། །རྫོགས་ནས་དངོས་གྲུབ་བླང་བར་བྱ། །ལྷའི་གྲངས་བཞིན་བསྙེན་པ་དབུལ་བར་བྱའོ། །སྙིང་པོ་ནི། ཨོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་ཧཱུཾ་ཞེས་དྲང་ངོ ། །དེ་ནས་བསྙེན་བསྒྲུབ་ལགས་པ་དང ། ཡོ་བྱད་རྣམས་ཕྱི་རོལ་དུ་མི་འབྱུང ། གནས་སུ་མི་བགྱེར། ལྷ་དང་བདག་མཆོད་ལ་སོགས་པའི་རྗེས་ལ་ལྷག་མ་དཀྱིལ་འཁོར་སའི་འོག་ཏུ་རིན་པོ་ཆེས་ཁ་བཅད་ལ་སྦ་བར་བྱའོ། །དོན་དེ་ལྟར་བྱས་ནས་སངས་རྒྱས་དང ། བྱང་ཆུབ་སེམས་དཔའི་སྲས་སུ་སྐྱེའོ། །དེ་ལྟར་མ་བྱས་ན་དམྱལ་བར་ལྟུང་བར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཕྲ་མེན་མའི་བསྒྲུབ་པ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ངོ ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་གོའུ་རི། 104.184b དེའི་ཕྱི་རིམ་པདྨ་མདབ་མ་བརྒྱད་ལ་ཤར་དུ་སྟག་གི་མགོ་ཅན་ལྷོ་རུ་གཡག་གི་མགོ་ཅན། ནུབ་ཏུ་སེང་གེའི་མགོ་ཅན། བྱང་དུ་གཟིག་གི་མགོ་ཅན། ཤར་ལྷོར་ཕ་བང་གི་མགོ་ཅན། ལྷོ་ནུབ་ཏུ་ཕུག་ཤུད་ཀྱི་མགོ་ཅན། ནུབ་བྱང་དུ་སྲིན་བྱའི་མགོ་ཅན། བྱང་ཤར་དུ་སྐེ་གའི་མགོ་ཅན། སྒོ་བ་བཞི་དགོད། ་དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་ཙོའུ་རི། དེའི་ཕྱི་རིམ་པད་མ་འདབ་མ་བཞི་ལ། ཤར་དུ་སྨིགས་བུའི་མགོ་ཅན། ལྷོར་བྱ་རྒོད་ཀྱི་མགོ་ཅན། ནུབ་ཏུ་ཤ་བའི་མགོ་ཅན། བྱང་དུ་ཁུ་བྱུག་གི་མགོ་ཅན། མཚམས་བཞིར་ཕ་ཝང་གི་མགོ་ཅན། ཁྲ་མགོ་ཅན་དང ། བྱན་ལག་གི་མགོ་ཅན་དང ། ཕོ་རོག་གི་མགོ་ཅན་དང་རྣམས་སོ། །བསྒོ་བ་བཞི་དགོད་དོ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་པྲ་མོ་ཧ། དེའི་ཕྱི་རིམ་འཁོར་ལོའི་རྩིབས་བཞི་ལ་ཤར་དུ་འུག་པའི་མགོ་ཅན་དང ། ལྷོར་སྤྱང་ཀིའི་མགོ་ཅན་དང ། ནུབ་ཏུ་སྦྲུལ་གྱི་མགོ་ཅན་དང་བྱང་དུ་གཟིག་གི་མགོ་ཅན་མཚམས་བཞིར་སྲེ་མོའི་མགོ་ཅན། དྲེད་མགོ་ཅན་དང ། སྡིག་པའི་མགོ་ཅན་དང ། ཝའི་མགོ་ཅན་རྣམས་སོ། །སྒོ་བ་བཞི་དགོད་དོ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་བེ་ཏ་ལི། པདྨ་འདབ་མ་བཅུ་དྲུག་ལ་ཡེ་ཤེས་ཀྱི་ཁྲོ་མོ་བཅུ་དྲུག་དགོད་དོ། །མཚམས་བཞིར་ཡེ་ཤེས་ཀྱི་ཁྲོ་མོ་བཞིན་དགོད་དོ། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་བུ་ཀ་སི། དེའི་ཕྱི་རིམ་པདྨ་འདབ་མ་བཞི་ལ་ཤར་དུ་རྟའི་མགོ་ཅན། ལྷོར་ནམ་མཁའ་ལྡིང་གི་མགོ་ཅན། ནུབ་ཏུ་ཁྱིའི་མགོ་ཅན། བྱང་དུ་སྤང་ཏིའི་མགོ་ཅན། མཚམས་བཞིར་ཡང་སྤྲུལ་བཞི་དགོད་དོ། །དེའི་ཕྱི་རིམ་སྒོ་བ་བཞི་དགོད་དོ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་གྷསྨ་རི། དེའི་ཕྱི་རིམ་པདྨ་འདབ་མ་བཞི་ལ་ཤར་དུ་རྡོ་རྗེ་དབྱིངས་ཕྱུག་མ། ལྷོར་རིན་ཆེན་དབྱིངས་ཕྱུག་མ། ནུབ་ཏུ་པདྨ་དབྱིངས་ཕྱུག་མ། བྱང་དུ་ལས་ཀྱི་དབྱིངས་ཕྱུག་མ། ནུབ་ཏུ་ཁྱིའི་མགོ་ཅན། མཚམས་བཞིར་ཕག་གི་མགོ་ཅན་མ། བྱི་ལའི་མགོ་ཅན། ཆུ་སྲིན་གྱི་མགོ་ཅན། རའི་མགོ་ཅན་རྣམས་སོ། །སྒོ་བཞི་དགོད་དོ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་སྨ་ཤ་ནི། དེའི་ཕྱི་རིམ་པདྨ་འདབ་བརྒྱད་ལ་ཤར་དུ་སྟི་རའི་གནས་ཉུལ་མ། ལྷོར་རྡོ་རྗེ་ཕུང་ཉུལ་མ། ནུབ་ཏུ་མཆོད་པའི་ཚོགས་ཉུལ་མ། བྱང་དུ་དེ་བའི་སྦྱོར་ཉུལ་མ། ཤར་ལྷོར་དམ་ཚིག་རྗེས་གཅོད་མ། ལྷོ་ནུབ་ཏུ་ཕྱི་ནང་གི་མཚམས་མྱུལ་མ། དུར་ཁྲོད་གནས 104.185a ཕྱུག་མའི་ལྷག་མྱུལ་མ། དེའི་མཚམས་བཞིར་རྡོ་རྗེ་སྒྲོལ་མྱུལ་མ། བསྙེན་པའི་མཚམས་མྱུལ་མ། དགོངས་པའི་དོན་མྱུལ་མ། དུར་ཁྲོད་གནས་མྱུལ་མ་དགོད་དོ། །དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་ཙཎ་ཌ་ལི། པདྨ་འདབ་མ་བཞི་ལ། ཤར་དུ་རྡོ་རྗེ་སྡེར་མོ། ལྷོར་རྡོ་རྗེ་གཏུམ་མོ། ནུབ་ཏུ་དུར་ཁྲོད་བདག་མོ། བྱང་དུ་རྡོ་རྗེ་སྒྲོལ་མ། དེའི་མཚམས་བཞིར་རྡོ་རྗེ་ཏིབ་ཏིབ་དང ། རྡོ་རྗེ་ཏེག་ཏེག་དང ། རྡོ་རྗེ་འཛིན་མ་དང ། རྡོ་རྗེ་ཡིད་གཡོ་མ་དང ། སྒོ་བཞི་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། དབུས་སུ་སིང་ཧ་མུ་ཁ། པདྨ་འདབ་མ་བརྒྱད་ལ། ཆུ་སྲིན་གྱི་ལུས་ལ་སེང་གེའི་མགོ་ཅན་བརྒྱད་ཀྱིས་བསྐོར། སྒོ་བཞི་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། དབུས་སུ་བྱཱ་གྷྲི་མུ་ཁ། པདྨ་འདབ་མ་བརྒྱད་ལ། ་ཀང་ཀའི་ལུས་ལ་སྟག་གི་མགོ་ཅན་བརྒྱད་ཀྱིས་བསྐོར། སྒོ་བཞི་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། དབུས་སུ་སྲི་ལ་མུ་ཁ། པདྨ་འདབ་མ་བརྒྱད་ལ་སེང་གེའི་ལུས་ལ་ཝའི་མགོ་ཅན་བརྒྱད་ཀྱིས་བསྐོར། སྒོ་བཞི་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ། དབུས་སུ་ཤཝ་ན་མུ་ཁ། པདྨ་འདབ་མ་བརྒྱད་ལ་ཕོ་རོག་གི་ལུས་ལ་ཁྱིའི་མགོ་ཅན་བརྒྱད་ཀྱིས་བསྐོར། སྒོ་བཞི་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་གྲྀ་དྷ་མུ་ཁ། ་པདྨ་འདབ་མ་བརྒྱད་ལ་ཀང་ཀའི་ལུས་ལ་བྱ་རྒོད་ཀྱི་མགོ་ཅན་བརྒྱད་ཀྱིས་བསྐོར། སྒོ་བཞི་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་ཀང་ཀ་མུ་ཁ། པདྨ་འདབ་མ་བརྒྱད་ལ། སྤྱང་ཀུའི་ལུས་ལ་ཀང་ཀའི་མགོ་ཅན་བརྒྱད་ཀྱིས་བསྐོར། སྒོ་བཞི་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་ཀང་ཀ་མུ་ཁ། པདྨ་འདབ་མ་བརྒྱད་ལ་འུག་པའི་ལུས་ལ་ཕོ་རོག་གི་མགོ་བཏགས་པ་བརྒྱད་ཀྱིས་བསྐོར། སྒོ་བཞི་དགོད། དཀྱིལ་འཁོར་འདོམ་གང་གྲུ་བཞི་ལ་དབུས་སུ་ཨུ་ལུ་མུ་ཁ། པདྨ་འདབ་མ་བརྒྱད་པ་ལ་ཕོ་རོག་གི་ལུས་ལ་འུག་པའི་མགོ་བཏགས་པ་བརྒྱད་ཀྱིས་བསྐོར། སྒོ་བཞི་དགོད། དེ་ནས་བཅོམ་ལྡན་འདས་འཕྲ་མེན་མའི་ཏིང་ངེ་འཛིན་དུ་བཞུགས་ནས་འགྲོ་བ་རྣམས་ཀྱི་དོན་མཛད་དོ། །བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་རོལ་པ་ལས་འཕྲ་མེན་མ་བསྒྲུབ་པའི་ལེའུ་སྟེ་བཅཝ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་སྐུ་དང་གསུང་དང་ཐུགས་དངོས་གྲུབ་ཀྱི་ཏིང་ངེ་འཛིན་དུ་ཞུགས་ཏེ། ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ ། །སྐུ་དང 104.185b གསུང་དང་ཐུགས་ལས་སྤྲུལ་པའི་ཧེ་རུ་ཀ་།ཆོས་དབྱིངས་དོན་དམ་རིག་པའི་དབྱིངས་ན་བཞུགས། །ཕྱག་རྒྱ་ཡུམ་གྱི་མཁའ་ལ་བཞུགས་ནས་ཀྱང ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བདག་ལ་སྩོལ། །ཡེ་ཤེས་ཁྲོ་རྒྱལ་སྤྲུལ་པ་མང་པོ་འཕྲོ། །ཕྱག་མཚན་སྣ་ཚོགས་འགྲོ་དོན་མང་པོར་མཛད། །ལས་བྱེད་མཁའ་འགྲོ་ཆོས་དབྱིངས་སྐུ་ལ་འཁྲིལ། །ཡེ་ཤེས་ཁྲོ་རྒྱལ་དངོས་གྲུབ་བདག་ལ་སྩོལ། །འཕྲ་མེན་ཟ་བྱེད་མཆེ་གཤོག་འབར་བའི་ཚོགས། །དབང་ཕྱུག་འཇུག་བྱེད་ཡིད་འཕྲོག་ནུ་མ་ཅན། །རྡོ་རྗེ་མཆུ་ཅན་སྡེར་ཆེན་གཤོག་པ་ཅན། །འཕྲ་མེན་ཟ་བྱེད་ཆེན་མོ་དངོས་གྲུབ་བདག་ལ་སྩོལ། །རྡོ་རྗེ་ཡང་སྤྲུལ་ཆེན་པོ་ཆོས་དབྱིངས་མཁའ་ལ་ཤར། །མཚོན་ཐོགས་སྤྲུལ་པ་སྣ་ཚོགས་འགྲོ་དོན་མཛད། །རྟག་ཏུ་དོན་མཛད་ཐུགས་རྗེ་ཤུགས་ལས་བྱུང ། །འཕྲ་མེན་ཡང་སྤྲུལ་ཆེན་པོ་དངོས་གྲུབ་སྩོལ། །སྨོན་ལམ་གྲུབ་པ་འགག་པ་མེད་པའི་ཆོས་ཉིད་ཅན། །འགྲོ་བའི་དོན་སྒྲུབ་རབ་ཏུ་བརྩོན་པ་མཐའ་ཡས་པ། །སེམས་ཅན་རྣམས་ལ་དངོས་གྲུབ་མཆོག་རྣམས་ངེས་པར་སྩོལ། །ཡེ་ཤེས་ཆོས་དབྱིངས་སྐད་ཚོགས་ཟླ་ཉིའི་ཞལ། །ལས་མཛད་ཡེ་ཤེས་ནན་ཏན་དོན་ལ་བཞུགས། །རྒྱུ་འབྲས་གཉིས་ཀྱིས་འགྲོ་བའི་དོན་མཛད་པ། །སྒོ་བ་ཡབ་ཡུམ་དངོས་གྲུབ་སྩལ་དུ་གསོལ། །རྡོ་རྗེ་མཁའ་འགྲོ་དབྱིངས་ཀྱི་ཡེ་ཤེས་ཡུམ། །ལས་བྱེད་མ་མོ་ཀུན་ལ་དབང་མཛད་མ། །ཕྱག་བརྙན་སྤྲུལ་པ་སྣ་ཚོགས་འགྲོ་དོན་མཛད། །རྡོ་རྗེ་མཁའ་འགྲོའི་དངོས་གྲུབ་བདག་ལ་སྩོལ། །རྡོ་རྗེ་གཤོག་པ་ཐོགས་པའི་ཡིད་འཕྲོག་མ། །རྡོ་རྗེ་སྡེར་མོ་ཕྱོགས་བཅུར་སྤྲུལ་པ་འཕྲོ། །རྡོ་རྗེ་ལས་བྱེད་མ་མོ་བརྒྱ་ཡང་འགྱེད། །དབང་ཕྱུག་ཕོ་ཉའི་དངོས་གྲུབ་བདག་ལ་སྩོལ། །མི་མཉམ་པ་ཡི་ལྷ་ཁྱོད་རྟག་ཏུ་ནི། །ཐུགས་རྗེ་ཅན་གྱིས་གཟིགས་ཤིང་འགྲོ་བའི་དཔལ། །བླ་མེད་བྱང་ཆུབ་བསྒྲུབ་པར་དམ་བཅས་པ། །བདག་ཅག་ལས་ཀྱི་འབྲས་བུ་མཆིས་པར་མཛོད། །དེ་ནས་བཅོམ་ལྡན་འདས་ལ་འཁོར་རྣམས་འདུས་ནས་གསོལ་པ། སྔོན་ཚེ་ཡེ་ཤེས་བརྙེས་པའི་ལྷ། །དེ་ཡི་འཁོར་དུ་གཏོགས་པ་མ་དང་མཁའ་འགྲོ་མ། །རྩེ་གཅིག་བསྙེན་ཀྱང་ཡེ་ཤེས་ལྷ་དང་འཕྲ་མེན་ཁྱོད་བསྙེན་བསྙེན། །བསྙེན་པའི་དུས་ན་རྒྱང་མ་རིང ། །བསྒྲུབ་པའི་དུས་ན་མཐུ་མ་ཆུང ། །ཡང་བསྙེན་ནི་ཡང་ཡང་བསྙེན་ན། །དཔལ་ཆེན་འཕྲ་མེན་ཁྱེད་ལྟར་མ་ལགས་ཀྱི། །ལང་ཀའི་ཚོགས་ཀྱི་སྲིན་མོ་ཡང ། །ཕ་བས་བྱམས་ཤིང་ཁུ་བས་གདུང ། ། 104.186a ཡང་བསྒྲུབ་པ་ནི་ཡང་བསྒྲུབས་ན། །ལང་ཀའི་ཚོགས་ཀྱི་སྲིན་མོ་ཡང ། །མ་བས་བྱམས་ཤིང་སྲིད་པས་གདུང ། །གདུངས་པས་མཆི་མའི་ཚུལ་དུ་དཀུ། །ཡེ་ཤེས་ལྷའི་ཐུགས་ཀྱིས་བཟོད་ལགས་སམ། །དངོས་གྲུབ་སྐལ་དང་ལྡན་པར་མི་དམིགས་ཀྱང ། །སྔོན་གྱི་ཐུགས་དམ་དབང་གིས་དངོས་གྲུབ་སྩོལ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱི་སྐུ་གསུང་ཐུགས་ཀྱི་སྤྲུལ་པའི་དངོས་གྲུབ་འཁོར་རྣམས་ལ་སྩལ་ཏོ། །འཁོར་རྣམས་ཀྱིས་ཀྱང་རྡོ་རྗེ་ཆོས་ཀྱི་སྡུད་པ་པོ་དངོས་གྲུབ་སྩལ་ཏོ། །བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པ་ལས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་དབྱིག་བསྒྲུབ་པའི་ལེའུ་སྟེ་བཅུ་དྲུག་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་བཀའི་དམ་པའི་དོན་གྱི་གསང་བ་ཟབ་མོ་འདི་ཉིད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ལས་ཕྱུང་ནས་སྤྲུལ་པ་ལྕམ་དྲལ་འདི་མགོ་འཇུག་གི་དོན་རྒྱུ་དང་འབྲས་བུ་གཉིས། དབྱིངས་དང་ཡེ་ཤེས་གཉིས། ཐབས་དང་ཤེས་རབ་གཉིས། ་ཀུན་རྫོབ་དང་དོན་དམ་གཉིས། མདོར་བསྡུས་ན་དོན་དམ་ལ་ལྷུན་གྱིས་གྲུབ་པའི་བྱང་ཆུབ་སེམས་སུ་བསྡུའོ། །རྒྱུད་འདིའི་མགོ་འཇུག་གི་དོན་དཔལ་ཀུན་དུ་བཟང་པོར་འདུས་སོ། །ཀུན་དུ་བཟང་པོ་སྐུ་མི་ཟད་རྒྱན་གྱི་འཁོར་ལོ་དང ། གསུང་མི་ཟད་རྒྱན་གྱི་འཁོར་ལོ་དང ། ཐུགས་མི་ཟད་རྒྱན་གྱི་འཁོར་ལོ་དང ། སྐུ་གསུང་ཐུགས་བདེ་བ་ཆེན་པོ་ཡེ་ཤེས་ཀྱི་དཀྱིལ་འཁོར་ཉིད་ཀྱང་བྱང་ཆུབ་ཀྱི་སེམས་ཀྱང་འདུས་སོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཀུན་ཏུ་བཟང་པོར་འདུས་པའི་དོན་ནི་བཅོམ་ལྡན་འདས་ཀྱིས་སྡུད་པ་པོ་རྡོ་རྗེ་ཆོས་ལ་གཏད་དོ། །སྐུ་གསུང་ཐུགས་ཀྱི་དོན་གསང་བ་ཟབ་མོ་འདི་རྡོ་རྗེ་ཆོས་ཀྱི་སྡུད་པ་པོ་ལ་གཏད་དོ། །དེ་ནས་བཅོམ་ལྡན་འདས་ལ་རྡོ་རྗེ་ཆོས་ཀྱི་སྡུད་པ་པོས་ལུས་ངག་ཡིད་གསུམ་རྗེས་སུ་ཡི་རང་སྐྱེས་ཏེ། བཅོམ་ལྡན་འདས་ལ་བསྟོད་པ། ཀུན་གཞི་རྣལ་འབྱོར་རྫོགས་པའི་དཀྱིལ་འཁོར་ན། །ཟབ་ཅིང་གཏིང་དཔག་དཀའ་བ་རྒྱལ་བའི་སྐུ་བཞུགས་སོ། །སྤྲུལ་པ་མང་པོས་འགྲོ་དོན་རྫོགས་པར་མཛད། །དཔལ་ཆེན་ཀུན་བཟང་ཁྱོད་ལ་ཕྱག་འཚལ་ལོ། །ཡེ་ཤེས་ཁྲོ་བོ་ཆོས་ཉིད་དབྱིངས་ན་བཞུགས། །སྤྲུལ་པའི་ཁྲོ་བོས་ལས་རྣམས་རྫོགས་པར་མཛད། །འཕྲ་མེན་ཡང་སྤྲུལ་ཡེ་ཤེས་དབྱིངས་སུ་འཁྱིལ། །ཁྲོ་བོ་འཁོར་མོའི་ཚོགས་ལ་ཕྱག་འཚལ་ལོ། །སྐུ་གསུང་དངོས་གྲུབ་ཡ་མཚན་ཆོ་འཕྲུལ་ཅན། ། 104.186b སྐུ་གསུང་ཐུགས་ལ་སྤྲུལ་པ་མང་པོ་འཕྲོ། །མཁའ་འགྲོ་ཟ་བྱེད་འཕྲ་མེན་ཕོ་ཉ་མ། །མགྱོགས་པའི་ཚོགས་ལ་ཕྱག་འཚལ་ལོ། །ལས་རྣམས་དྲག་ཤུལ་མཛད་པའི་ཁྲོ་རྒྱལ་སྐུ། །དེ་བཞིན་གཤེགས་པའི་མན་ངག་གསང་ཆེན་རྣམས། །ཀླུང་ནས་གྲོལ་བར་མཛད་པ་ཡེ་ཤེས་ཡུམ། །སྒོ་བ་སྒོ་མའི་ཚོགས་ལ་ཕྱག་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་རྗེས་སུ་ཡི་རང་སྟེ། ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བཀའ་དམ་པ་གསང་བ་ཟབ་མོའི་ཏན་ཏྲ་འདི་སྡུད་པ་པོ་རྡོ་རྗེ་ཆོས་ལ་གཏད་དོ། །དེ་ནས་སྡུད་པ་པོ་རྡོ་རྗེ་ཆོས་ཀྱིས་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ཧེ་རུ་ཀ་འཁོར་དང་བཅས་པ་རྣམས་ལ་སྐུ་གསུང་ཐུགས་ཀྱི་བཤགས་པ་ཕུལ་ལོ། །འདོད་ཆགས་ཞེ་སྡང་གཏི་མུག་དབང་དུ་གྱུར་པས་ན། །ལུས་ངག་སེམས་ཀྱིས་སྡིག་བགྱིས་མཐོལ་ཞིང་བཤགས། །ཐེག་པ་དམན་པའི་དབང་དུ་གྱུར་པས་ན། །ཐབས་ཆེན་སྤྱད་དང་མ་སྤྱད་མཐོལ་ཞིང་བཤགས། །མ་རིག་ལོག་པའི་དབང་དུ་གྱུར་པས་ན། །ཡང་དག་དོན་མ་རྟོགས་པ་མཐོལ་ཞིང་བཤགས། །སྙིང་རྗེ་ཆུངས་ཤིང་ཞེ་སྡང་དབང་དུ་གྱུར་པས་ན། །འགྲོ་བའི་དོན་མ་བགྱིས་པ་མཐོལ་ཞིང་བཤགས། །ལེ་ལོ་གཉིད་ཀྱི་དབང་དུ་གྱུར་པས་ན། །བསྒོམ་དང་བསྒྲུབ་ལ་གཡེལ་བ་མཐོལ་ཞིང་བཤགས། །སེར་སྣ་འཇུར་འགེགས་དབང་དུ་གྱུར་པས་ན། །མཆོད་པ་ལོ་ཟླ་འདས་པ་མཐོལ་ཞིང་བཤགས། །ང་རྒྱལ་ཁེངས་སེམས་དབང་དུ་བསྡུས་པ་ན། །སློབ་དཔོན་སྐུ་མ་མཉེས་པ་མཐོལ་ཞིང་བཤགས། །བརྩེ་གདུང་ཆུང་བའི་དབང་དུ་གྱུར་པས་ན། །གྲོགས་མཆེད་ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །ཟ་རོག་ངན་པའི་དབང་དུ་གྱུར་པས་ན། །ཕུད་དང་ལྷག་མར་གྱུར་པ་མཐོལ་ཞིང་བཤགས། །ཕུད་དང་ལྷག་མ་ཉམས་པའི་སྐྱོན་དབང་གིས། །ཕུད་ལ་ཐུགས་དང་འགལ་བ་མཐོལ་ཞིང་བཤགས། །ཕུད་ལ་ཐུགས་དང་འགལ་བའི་སྐྱོན་དབང་གིས། །མཁའ་འགྲོ་བཀའ་ཆད་གནས་སུ་གྱུར་པ་མཐོལ་ཞིང་བཤགས། །སྒྲོལ་བའི་དུས་སུ་སྙིང་རྗེ་ཆུངས་བ་ཡིས། །སེམས་ཅན་གནས་མ་སྟོབས་པ་མཐོལ་ཞིང་བཤགས། །ཉོན་མོངས་གནས་མ་སྟོབས་པའི་སྐྱོན་དབང་གིས། །ཡུན་གྱི་སྒྲིབ་པར་གྱུར་པ་མཐོལ་ཞིང་བཤགས། །སྦྱོར་བའི་དུས་སུ་ཏིང་འཛིན་མ་གསལ་བས། །གཟུངས 104.187a མ་ཐུགས་དང་འགལ་བའི་སྐྱོན་དབང་གིས། །ཆགས་ཤིང་འཁོར་བའི་གནས་སུ་མཐོལ་ཞིང་བཤགས། །བཤགས་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །དེ་སྐད་ཅེས་བཟོད་པ་ཕུལ་ནས་བཅོམ་ལྡན་འདས་ཀྱིས་ཀྱང་ཚངས་པ་གནང་སྟེ། བཀའ་དམ་པ་འདི་ཡང་ནས་ཡང་དུ་རྡོ་རྗེ་ཆོས་ཀྱི་སྡུད་པ་པོ་ལ་གཏད་དོ། །དེ་ནས་རྡོ་རྗེ་ཆོས་ཀྱིས་བཀའ་དམ་པ་འདི་མ་ཆགས་པའི་དབང་གིས་བཀའ་བཞིན་བྱས་སོ། །དེ་ནས་འཁོར་དེ་དག་ཐལ་མོ་སྦྱར་ནས་རྗེས་སུ་ཡིད་རང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་གསུང་པ་ལ་མངོན་པར་བསྟོད་དོ། །བཅོམ་ལྡན་འདས་ཧེ་རུ་ཀ་རོལ་པ་ལས་ཡོངས་སུ་གཏད་པའི་ལེའུ་སྟེ་བཅུ་བདུན་པའོ། །དེ་ནས་བྱང་ཆུབ་སེམས་དཔའ་དེ་དག་དང ། ལྷ་དང ། ཀླུ་དང ། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གསང་བའི་སྙིང་པོ་ཟབ་མོ་མཆོག་དཔལ་སྙིང་རྗེ་རོལ་པའི་རྒྱུད་རྫོགས་སྷོ།། །།རྒྱ་གར་གྱི་ལོ་ཙྪ་བ་མཁས་པར་ལོབས་པ་བལ་པོ་ཤྲི་ཀིར་ཏིས་གཏན་ལ་ཕབ་སྟེ། སྐད་གསར་པས་བསྒྱུར་ནས་སོག་པོ་མཆོག་གི་སྙིང་པོ་དང ། ན་བཀྲ་ཤིས་དང ། བལ་པོ་བཟང་བཀྲ་ཤིས་རྒྱ་མཚོས་ཡོན་བདག་བགྱིས་ནས་མང་ཡུལ་བྱམས་སྤྲིན་གཙུག་ལག་ཁང་གི་ཡ་ཐོག་གི་དབུ་རྩེར་ཤིན་དུ་གསང་སྟེ། སྐད་གསལ་བར་བསྒྱུར་རོ། ། བམ་པོ་ཆེན་པོ་བརྒྱད་པ། |