rKTs


J701

(e-text produced by ADARSHA)

see text in transliteration
100.56a
༄#། ་།རྒྱ་གར་སྐད་དུ། ་ཨཱརྱ་ཀཱ་རུ་ཎ་ཨ་ན་བི་ལཾ་ནཱ་མ་དྷཱ་ར་ཎཱི། ་བོད་སྐད་དུ། ་འཕགས་པ་སྙིང་རྗེས་མི་བཤོལ་བ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་མངའ་བ་གནོད་པ་ཐམས་ཅད་ལས་རབ་ཏུ་ཐར་བར་མཛད་པ་ནད་ཐམས་ཅད་རབ་ཏུ་ཞི་བར་མཛད་པ་འབྱུང་པོ་ཐམས་ཅད་ངེས་པར་བཟློག་པ་སེམས་ཅན་མི་ཁོམ་པ་བརྒྱད་དུ་ལྷུང་བ་རྣམས་ཡང་དག་པར་སྒྲོལ་བ་ལ་ཕྱག་འཚལ་ལོ། །དེ་ལ་ཕྱག་འཚལ་ནས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་བཤད་པའི་གཟུངས་སྙིང་རྗེ་ཆེན་པོ་མི་བཤོལ་བ་ཞེས་བྱ་བ་འདི་བརྗོད་ཀྱིས་ཐུགས་རྗེ་ཆེན་པོ་མངའ་བ་བདག་ལ་དགོངས་སུ་གསོས། དགོངས་སུ་གསོལ། ཏདྱ་ཐཱ། ཨོཾ་ཛ་ཏ་ཛ་ཏ། ཛི་ཏི་ཛི་ཏི། ཛུ་ཏུ་ཛུ་ཏུ། ཏ་ར་ཏ་ར། ཏི་རི་ཏི་རི། ཏུ་རུ་ཏུ་རུ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། ཐུགས་རྗེ་ཆེན་པོ་མངའ་བ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་འདུས་པ་ཆེན་པོ་རྗེས་སུ་དགོངས་ཏེ་གཤེགས་སུ་གསོལ། གཤེགས་སུ་གསོལ། ཙ་ཏ་ཙ་ཏ། ཙི་ཏི་ཙི་ཏི། ཙུ་ཏུ་ཙུ་ཏུ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་སྨོན་ལམ་གྱི་རྗེས་ཀྱི་སྤྲིན་གྱི་རྗེས་སུ་དགོངས་ཏེ་ཐུགས་རྗེ་ཆེན་པོ་མངའ་བ་མྱུར་དུ་གཤེགས་སུ་གསོལ། མྱུར་དུ་གཤེགས་སུ་གསོལ། ར་ལ་ར་ལ། རི་ལི་རི་ལི། རུ་ལུ་རུ་ལུ།
100.56b
བསམ་གཏན་དང་རྣམ་པར་ཐར་པ་དང ། ཏིང་ངེ་འཛིན་དང་སྙོམས་པར་འཇུག་པའི་གཞི་ལས་བཞེངས་སུ་གསོལབཞེངས་སུ་གསོལ། ཙ་ལ་ཙ་ལ། ཙི་ལི་ཙི་ལི། ཙུ་ལུ་ཙུ་ལུ། བོ་དྷི་བོ་དྷི། ཨེ་ཧི་ཨེ་ཧི། བུ་དྷ་བུ་དྷ། སངས་རྒྱས་ཀྱི་བདེན་པ་དང ། ཆོས་ཀྱི་བདེན་པ་དང ། དགེ་འདུན་གྱི་བདེན་པས་བཞེངས་སུ་གསོལ། བཞེངས་སུ་གསོལ། བྱམས་པ་ཆེན་པོས་འབྱུང་པོ་ཐམས་ཅད་བཟློག་ཏུ་གསོལ། ཐུགས་རྗེ་ཆེན་པོའི་སྤྲིན་གྱིས་བདག་གི་ནད་ཐམས་ཅད་རབ་ཏུ་ཞི་བར་མཛད་དུ་གསོལ། བྷུ་ན་བྷུ་ན། བི་བྷུ་ན་བི་བྷུ་ན། མ་ཐཱ་མ་ཐཱ། པྲ་མ་ཐ་པྲ་མ་ཐ། བཞེངས་སུ་གསོལ་བཞེངས་སུ་གསོལ། ཚུར་གཤེགས་ཚུར་གཤེགས། བསམ་པ་རྫོགས་པར་མཛད་དུ་གསོལ། ལས་སྦྱང་དུ་གསོལ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ་སཝཱ་ཧཱ། མ་ཧཱ་པད་མ་ཧསྟཱ་ཡ་སཝཱ་ཧཱ། པད་མ་ཨཱ་ས་ན་ཡ་སཝཱ་ཧཱ། ཤ་ཏཱ་ཛྙཱ་ཨུ་པ་བཱི་ཏི་ཡ་སཝཱ་ཧཱ། ཀི་རི་ཏ་ནི་སཝཱ་ཧཱ། ཤཱུ་ལ་ནེ་སཝཱ་ཧཱ། ཙཀྲ་ནེ་སཝཱ་ཧཱ། བཛྲ་ནེ་སཝཱ་ཧཱ། ཏྲ་ན་ཏྲེ་ཡ་ཕྲ་ཧཾ་རཱུ་པཱ་ཡ་སཝཱ་ཧཱ། ཨཱ་ཀཱ་ཤཱ་ཡ་སཝཱ་ཧཱ། ཤི་ནི་ཤི་ནི་སཝཱ་ཧཱ། པྲ་ཙ་བ་ཏ་ཡེ་སཝཱ་ཧཱ། ཡ་མ་ཡེ་སཝཱ་ཧཱ། ཡ་མ་བྷུ་ད་ཡ་སཝཱ་ཧཱ། ཨཱཏ་ཛེ་བྷྱོ་བྷུ་ཏེ་བྷྱཿ སཝཱ་ཧཱ། ཛ་ར་ཡུ་ཛེ་བྷྱོ་བྷུ་ཏེ་བྷྱཿ སཝཱ་ཧཱ། སཾ་སཝ་ད་ཚེ་བྷྱོ་བྷུ་དེ་བྷྱཿ སཝཱ་ཧཱ། ཨ་པ་ཡུ་པ་པ་དུཿ ཁ་བྷྱོ་བྷུ་ཏེ་བྷྱཿ སཝཱ་ཧཱ། བི་ཏི་ཀ་བྷྱོ་བྷྱ་དྷྱི་བྷྱཿ སཝཱ་ཧཱ། བཻ་དྷི་ཏ་ཀེ་བྷྱོ་བྷྱ་དྷྱི་བྷྱཿ ་སཝཱ་ཧཱ། ཥྥ་ཥྞ་ཀེ་བྷྱོ་བྷྱ་དྷྱི་བྷྱཿ སཝཱ་ཧཱ། ས་ན་ནི་པ་ཏི་ཀེ་བྷྱོ་བྷྱ་བྷྱི་བྷྱཿ སཝཱ་ཧཱ། སརྦ་བུདྡྷོ་སཝཱ་ཧཱ། སརྦ་བྷྱ་ཏི་བྷྱཿ སཝཱ་ཧཱ། བྷུ་མེ་ཨན་ཏ་རི་ཥ་ཙརྱེ་བྷྱོ་བྷྱཿ སཝཱ་ཧཱ། ཏདྱ་ཐཱ། ཨོཾ་ཏྲ་ཊ་ཏྲ་ཊ། ཏྲི་ཊི་ཏྲི་ཊི། ཏྲུ་ཊུ་ཏྲུ་ཊུ། བདག་འཇིགས་པ་ཐམས་ཅད་དང ། འཚེ་བ་ཐམས་ཅད་དང ། ནད་ཐམས་ཅད་ལས་བསྲུངས་ཤིག་བསྲུངས་ཤིག་སཝཱ་ཧཱ། གྲ་ས་གྲ་ས། མ་ཐ་མ་ཐ། པྲ་མ་ཐ་པྲ་མ་ཐ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ན་མཿ ཱརྱཱ་བ་ལོ་ཀི་ཏེ་ཤཝ་ར་ཨཱཛྙ་པ་ཡ་ཏི་སཝཱ་ཧཱ། འཕགས་པ་སྤྱན་རས་གཟིགས་ཀྱི་དབང་པོ་ཐུགས་རྗེ་ཆེན་པོ་མི་བཤོལ་བ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།ཡང་ཞུས་བྱང ། སྟག་ལུང་རྒྱུད་འབུམ་ལ་གཏུགས་དག་གཉེར་ཡང་དག་པར་བྱས་སོ། །