rKTs


J674a

(e-text produced by ADARSHA)

see text in transliteration
98.249b
༄#། ་།དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། ལུས་ཀྱི་ཟག་པ་སྦྱིན་པར་གཏང་བའི་གཟུངས་མཆིལ་མ་ལ། ཨོཾ་ཨ་སླ་མ་ཧ་རེ་བྷྱཿ སཝཱ་ཧཱ། ལུད་པ་ལ། ཨོཾ་ཨ་ཁྲོར་ཨ་ཧ་རེ་བྷྱཿ སཝཱ་ཧཱ། སྣབས་ལ། ཨོཾ་ཨཱཿ སི་གྷ་ན་ཨ་ཧ་རེ་བྷྱཿ སཝཱ་ཧཱ། ལུས་ཀྱི་དྲི་མ་ལ། ཨོཾ་ཨ་མ་ལ་ཨ་ཧ་རེ་བྷྱ་སཝཱ་ཧཱ། དྲི་ཆེན་ལ། ཨོཾ་ཨ་བྷི་སྠ་ཨ་ཧ་རེ་བྷྱ་སཝཱ་ཧཱ། དྲི་ཆུ་ལ། ཨོཾ་ཨ་ནཏྟ་ཨ་ཧ་རེ་བྷྱ་སཝཱ་ཧཱ། དེ་རྣམས་སོ་སོ་ལ་དེ་དག་ཟ་བ་རྣམས་ཀྱིས་ཐོབ་པར་གྱུར་ཅིག་ཅེས་བརྗོད་པར་བྱའོ། །སེ་གོལ་བརྡབ་བོ། །དེ་རྣམས་དེ་ལྟར་བྱིན་པའི་བསོད་ནམས་ཅི་བསགས་པ་ཐམས་ཅད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བྱང་ཆུབ་ཏུ་བསྔོ་བར་བྱའོ། །འདི་དག་ནི་བླ་མ་རྡོ་རྗེ་གདན་པས་མདོ་རྒྱུད་ནས་ཕྱུང་སྟེ། བ་རི་ལོ་ཙྪ་བས་བསྒྱུར་བའོ།། ་་་