rKTs


J663

(e-text produced by ADARSHA)

see text in transliteration
98.228b
༄#། །རྒྱ་གར་སྐད་དུ། དེ་བི་མ་ཧཱ་ཀཱ་ལི་ནཱ་མ་དྷཱ་ར་ཎཱི། ་བོད་སྐད་དུ། ལྷ་མོ་ནག་མོ་ཆེན་མོའི་གཟུངས། སངྱཾས་དང་བྱང་ཆུབ་སེམས་དཔའ་ཐཾད་ལ་ཕྱག་འཚལོ། །འདི་སྐད་བདགིས་ཐོས་པ་དུས་གཅིག་ན། བཅྡོཾས་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པ་ཞིག་ན་བྱང་ཆུབ་ཀྱི་ཤིང་དྲུང་ན་བཞུགས་སོ། །དེ་ནས་འདོད་པའི་ཁམས་ཀྱི་དབང་ཕྱུག་མ། བདུད་ཀྱི་ཡུམ། གཤིན་རྗེའི་ལྕམ་མོ་ལྷ་མོ་ནག་མོ་ཆེན་མོས་བཅྡོཾས་ལ་ལན་གསུམ་བསྐོར་བ་བྱས་ཏེ་ཕྱོགས་གཅིག་ཏུ་འདུགོ། ་་དེ་ནས་བཅྡོཾས་ལ་ལྷ་མོ་ནག་མོ་ཆེན་མོས་གསོལ་པ། བཙུན་པ་བཅྡོཾས་ཀྱི་ཞབས་ལ་ཕྱག་འཚལ་བའི་རིག་པ་འབུལ་ན། བདགི་དེ་བཅྡོཾས་ཀྱིས་བཞེསུ་གསོལ། དེ་ནས་བཅྡོཾས་ཀྱིས་བཀའ་སྩལ་པ། བདུད་ཀྱི་ཡུམ་གཤིན་རྗེའི་ལྕམ་མོ་ལྷ་མོ་ནག་མོ་ཆེན་མོས་སྟེང་དུ་ནི་གཞན་འཕྲུལ་དབང་བྱེད་ལ་ཐུག་པ་མན་ཆད་བཅིང་བར་བྱའོ། །འོག་དུ་ནི་སེམས་ཅན་དམྱལ་བ་ལ་ཐུག་པ་ཡན་ཆད་བཅིང་པར་བྱའོ། །ཐད་ཀ་ཁོ་ར་ཁོར་ཡུག་ཏུ་ནི་རི་ལ་ཐུག་པ་ཚུན་ཆད་བཅིང་བར་བྱའོ། །དེའི་སྔགས་འདི་དག་ཀྱང་བཟླས་པར་བྱ་སྟེ། ཏདྱ་ཐཱ།[་\ུ0f00]་རུ་རུ་བྷེ་ཏིཥྛ་བད་དྷོ་སི་རུ་རུ་རོ་རུ་བྷེ་ཏིཥྚ་བད་དྷོ་སི་སཝཱ་ཧཱ། འདི་བཏོན་པས་རིམས་དང ། ནད་དང ། མི་ངས་དང ། ཉེས་པ་ཐཾད་དང ། མཛེ་དང ། ཕོལ་མིག་དང ། གཡན་པ་ལ་སོགས་པའི་ནད་ཐཾད་ཞི་བར་འགྱུར་རོ་སཝཱ་ཧཱ། ལྷ་མོ་ནག་མོ་ཆེན་མོའི་གཟུངས། ་རྫོགས་སྷོ།། །།