rKTs


J662

(e-text produced by ADARSHA)

see text in transliteration
98.228a
༄#། །རྒྱ་གར་སྐད་དུ། ་ཤྲཱི་མ་ཧཱ་ཀཱ་ལ་ནཱ་མ་དྷཱ་ར་ཎཱི། ་བོད་སྐད་དུ། ་དཔལ་མགོན་པོ་ནག་པོ་ཞེས་བྱ་བའི་གཟུངས། ་།སངྱས་དང་བྱང་ཆུབ་སེམས་དཔའ་ཐཾད་ལ་ཕྱག་འཚལོ། །འདི་སྐད་བདགིས་ཐོས་པ་དུས་གཅིག་ན། བཅྡོཾས་རྡོ་རྗེའི་གདན་ལ་བདུད་བརྟུལ་ཏེ་མངོན་པར་རྫོགས་པར་སངས་རྒྱས་ནས་རིང་པོ་མ་ལོན་པ་ཞིག་ན་བྱང་ཆུབ་ཀྱི་ཤིང་དྲུང་ལ་བཞུགས་སོ། །བཅྡོཾས་ག་ལ་བ་དེ་ལོགསུ་ལྷའི་སྡེ་དཔོན་ཆེན་པོ་ཚོགས་ཀྱི་བདག་པོ་མ་ཧཱ་ཀཱ་ལ་འདོད་པའི་ཁམས་ཀྱི་དབང་ཕྱུག་ལ་དབང་སྒྱུར་བ་དཔལ་མགོན་པོ་ནག་པོ་ཆེན་པོས། བཅྡོཾས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅྡོཾས་བདགི་རིག་པ་འབུལ་གྱིས་བཞེསུ་གསོལ། །\ུ0f00་ཤྲཱི་མ་ཧཱ་ཀཱ་ལ་ག་ཎ་གུ་ཏི་སཝཱ་ཧཱ། ན་མཿ ཤྲཱི་མ་ཧཱ་ཀཱ་ལ་ག་ཎེ་གུ་ཏི་ཤཱ་ཡ། ན་མོ་ཡོ་ཀི་ན་ཎཱི་ན། ཏདྱ་ཐཱ།[་\ུ0f00]་ཧི་ལེ་ཧི་ལེ། ཀི་ཏེ་ཀི་ཏེ་ནི། ཙིད་དེ་ཙིད་དེ་ནི་སཝཱ་ཧཱ། འདི་བཏོན་པས་ནད་ཐཾད་དང ། རིམས་ཐཾད་དང ། གདོན་ཐཾད་དང ། མིངས་ཐཾད་དང ། འབྱུང་པོ་ཐཾད་དང ། ཉེས་པར་བསྒོམས་པ་ཐཾད་དང ། ཉེས་པར་བལྟས་པ་རྣམས་སྟེང་དུ་གཞན་འཕྲུལ་དབང་བྱེད་ལ་ཐུག་པ་མན་ཆད་བཅིང་ངོ ། །འོག་ཏུ་ནི་སེམས་ཅན་དམྱལ་བ་ལ་ཐུག་པ་ཡན་ཆད་བཅིང་ངོ ། །ཐད་ཀ་ཁོ་ར་ཁོར་ཡུག་ཏུ་ནི་རི་ལ་ཐུག་པ་ཚུན་ཆད་བཅིང་ངོ ། །གཞན་ཡང་གཙུག་ཁང་དང་དཀྱིལ་འཁོར་གྱི་བསྲུངས་མ། དུག་གསུམ་ནད་ཀྱི་སྨན་པ། རིག་འཛིན་ཡོངས་ཀྱི་སྲོག་ཤིང ། རྣལ་འབྱོར་ཀུན་གྱི་དགྲ་བླ། བདུད་འདུལ་རྣམས་ཀྱི་དབང་ཕྱུག་།སྲིན་པོ་ལང་ཀ་པུ་རིའི་གྲོང་ཁྱེར་གཏན་ནས་རློག་པ། གནོད་སྦྱིན་གྱི་བུ་མོ་ནམཁའི་གློག་མ་སྲིན་རྡུལ་དུ་རློག་པ། དཀོན་མཆོག་གསུཾ་གྱི་བསྟན་པ་བསྲུང་བར་ཁས་བླངས་ཤིང་དམ་བཅས་པའོ། །འཕགས་པ་དཔལ་མགོན་པོ་ནག་པོ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།