༄#། ་།རྒྱ་གར་སྐད་དུ། ་ཨཱ་ཊཱ་ནཱ་ཊཱི་ཡ་མ་སཱུ་ཏྲཱ་ན་ནཱ་མ་མ་ཧཱ་ཡ་སཱུ་ཏྲ། ་བོད་སྐད་དུ། མདོ་ཆེན་པོ་ཀུན་ཏུ་རྒྱུ་བ་དང ། ཀུན་དུ་རྒྱུ་བ་མ་ཡིན་པ་དང་འཐུན་པའི་མདོ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུ་ཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགསོ། །དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཁ་དོག་འཕགས་པ། གཡོག་འཁོར་གནོད་སྦྱིན་དུ་མ་དང ། གཡོག་འཁོར་གནོད་སྦྱིན་བརྒྱ་ཕྲག་དུ་མ་དང ། གཡོག་འཁོར་གནོད་སྦྱིན་སྟོང་ཕྲག་དུ་མ་དང ། གཡོག་འཁོར་གནོད་སྦྱིན་འབུམ་ཕྲག་དུ་མ་དང་ལྡན་པ་ནམ་སྲོས་པ་དང ། བཅྡོཾས་ག་ལ་བ་དེར་སོང་ཏེ་ཕྱིན་ནས་བཅྡོཾས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུགོ་།དེའི་ཚེ་རྒྱལ་པོ་ཆེན་པོ་རྣཾས 98.170b ཐོས་ཀྱི་བུའི་ཁ་དོག་གི་མཐུས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐཾད་སྣང་བ་ཆེན་པོས་གསལ་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཕྱོགས་གཅིག་ཏུ་འདུག་ནས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསོལ་ཏོ། །རྐང་གཉིས་དམ་པ་རྫོགས་སངས་རྒྱས། །བློ་ལྡན་ཁྱོད་ཀྱིས་གང་མཁྱེན་པ། །ལྷ་རྣམས་ཀྱིས་ནི་དེ་མ་འཚལ། །དཔའ་ཆེན་ཁྱོད་ལ་ཕྱག་འཚལོ། །སངས་རྒྱས་གང་དག་འདས་པ་དང ། །ད་ལྟར་བྱུང་དང་མ་བྱོན་པ། །ཐམས་ཅད་ལ་ནི་བདག་ཕྱག་འཚལ། །ཁྱོད་ལ་འང་བདག་ནི་སྐྱབསུ་མཆིས། །བཙུན་པ་བཅྡོཾས་ཀྱིས་ཉན་ཐོས་ཀྱི་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་གང་དག་གནས་མལ་དགོན་པ་དང ། ནགས་འདབ་དག་དང ། བས་མཐའ་དག་ན་གནས་པ་དག་ཀྱང་མཆིས་ལ། དེ་ལ་གནོད་སྦྱིན་དང ། མི་མ་ལགས་པ་གདུག་པ་གཉུག་མར་གནས་པ་གང་དག་བཅྡོཾས་ཀྱི་གསུང་རབ་ལ་མངོན་པར་དད་པ་དག་དང་མངོན་པར་མ་དད་པ་དག་ཀྱང་མཆིས་ཏེ། གནོད་སྦྱིན་དང ། མི་མ་ལགས་པ་གདུག་པ་གཉུག་མར་གནས་པ་གང་དག་བཅྡོཾས་ཀྱི་གསུང་རབ་ལ་མངོན་པར་དད་པ་དེ་དག་ནི་ཤིན་དུ་ཉུང་ལ། གནོད་སྦྱིན་དང ། མི་མ་ལགས་པ་གདུག་པ་གཉུག་མར་གནས་པ་གང་དག་བཅྡོཾས་ཀྱི་གསུང་རབ་ལ་མངོན་པར་མ་དད་པ་དེ་དག་ནི་ཆེས་མང་ལགས་ཏེ། བཙུན་པ་བཅྡོཾས་ཀྱི་ཉན་ཐོས་དགེ་སློང་རྣམས་དང ། དགེ་སློང་མ་རྣམས་དང ། དགེ་བསྙེན་རྣམས་དང ། དགེ་བསྙེན་མ་རྣམས་འདི་ལྟར་བདག་ཉིད་བསྲུང་བ་དང ། བསྐྱབ་པ་དང ། བདེ་བ་ལ་རེག་པར་གནས་པར་བགྱི་བ་དང ། གནོད་སྦྱིན་དང ། མི་མ་ལགས་པ་གདུག་པ་གཉུག་མར་གནས་པ་མངོན་པར་མ་དད་པ་དག་མངོན་པར་དད་པར་བགྱི་བ་དང ། མངོན་པར་དད་པ་རྣམས་ཀྱང་སླར་ཞིང་འཕེལ་བར་བགྱི་བའི་སླད་དུ་ཀུན་དུ་རྒྱུ་བ་ཀུན་དུ་རྒྱུ་བ་མ་ལགས་པ་དང་འཐུན་པའི་མདོ། རིག་སྔགས་དང ། 98.171a བསྲུང་བ་དང ། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་འཛིན་ཅིང ། ཀུན་ཆུབ་པར་བགྱིད་ན་ལེགས་སོ། ་ལེགས་སོ་ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་རྣཾ་ཐོས་ཀྱི་བུ་ལ་ཅང་མི་གསུང་བས་གནང་བར་མཛད་དོ། །དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་བཅོམ་ལྡན་འདས་ཀྱིས་ཅང་མི་གསུང་བས་གནང་བར་རིག་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། དེའི་ཚེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཀུན་ཏུ་རྒྱུ་བ་དང་ཀུན་དུ་རྒྱུ་བ་མ་ཡིན་པ་དང་འཐུན་པའི་མདོ། རིག་སྔགས་དང ། བསྲུང་བ་དང ། རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་གསོལ་ཏོ། །སྐྱེ་བོ་གང་དག་གཏོང་ཕོད་ཅིང ། །ཕྲ་མ་མ་མཆི་སེར་སྣ་བྲལ། །གང་དག་སངས་རྒྱས་སྐྱབས་མཆིས་པས། །མི་དེ་རྣམས་ཀྱི་རྙེད་པ་ལགས། །གང་གི་འཆར་ལ་བརྟེན་ནས་ནི། །དེས་ན་ཉིན་མོར་བརྗོད་པ་ཡི། །ཉི་མ་ཆེན་པོ་དཀྱིལ་འཁོར་ཅན། །ཉི་གདུགས་གང་འཆར་འགྱུར་བ་ཡི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ནི། །དྲི་ཟའི་བདག་པོ་རྒྱལ་པོ་སྟེ། །མིང་ནི་ཡུལ་འཁོར་སྲུང་ཞེས་བགྱི། །དེ་ནི་ཉེ་དུ་ལྷན་ཅིག་ཏུ། །གླུ་དང་གར་གྱིས་རྟག་ཏུ་རྩེ། །དྲི་ཟ་རྣམས་ཀྱིས་ཡོངས་བསྐོར་ཅིང ། །དྲི་ཟ་རྣམས་ཀྱིས་མདུན་གྱིས་བལྟས། །དེ་ལ་བུ་ནི་མང་མཆིས་ཏེ། །བརྒྱད་བཅུ་དང་ནི་བཅུ་དང་གཅིག་།དེ་དག་མིང་འཐུན་གྲགས་པ་ནི། །དབང་པོ་ཞེས་བགྱི་སྟོབས་པོ་ཆེ། །ལྷ་དང་ལྷ་མིན་གཡུལ་འགྱེད་པ། །ཀུན་དུ་གཞན་གྱིས་མི་ཐུབ་ལགས། །དེ་དག་རྣམས་ཀྱིས་རྫོགས་སངས་རྒྱས། །སངས་རྒྱས་ཉི་མའི་གཉེན་མཐོང་ནས། །སྐྱེས་བུ་ཅང་ཤེས་ཁྱོད་ལ་འདུད། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ཞེས། །མི་ཡིས་ཕྱག་བགྱིས་ཁྱོད་ལ་ནི། །རྒྱང་རིང་གནས་ཤིང་ཕྱག་འཚལ་ལགས། །བདག་ལ་དགེ་བས་གཟིགས་སུ 98.171b གསོལ། །ཁྱོད་ལ་མི་མིན་ཕྱག་འཚལ་བ། །དེ་སྐད་ཡང་དང་ཡང་དུ་ཐོས། །དེ་སླད་བདག་ནི་འདི་སྐད་ཅེས། །འདྲེན་པ་རྒྱལ་ལ་ཕྱག་འཚོལ་ཅིག་།གཽ་ཏམ་རྒྱལ་ལ་ཕྱག་འཚོལ་ཅིག་།སངས་རྒྱས་རིག་དང་ཞབས་ལྡན་བ། །མྱ་ངན་འདས་ལ་ཕྱག་འཚོལ་མཆི། །དེ་ལྟར་ཤར་གྱི་ཕྱོགས་དེ་ནི། །བཟང་བ་ལགས་ཤེས་སྐྱེ་བོ་མཆི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ལགས། །གང་ན་ཡི་དགས་ཞེས་བགྱི་བ། །རྒྱབ་ཀྱི་ཤ་འཚལ་ཕྲ་མ་ཅན། །སྲོག་གཅོད་བགྱིད་པ་མ་རུངས་པ། །འཇུངས་ཤིང་མི་སྙན་སྨྲ་བགྱིད་པའི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ནི། །གྲུལ་བུམ་བདག་པོ་རྒྱལ་པོ་སྟེ། །མིང་ནི་འཕགས་སྐྱེས་པོ་ཞེས་བགྱི། །དེ་ནི་ཉེ་དུ་ལྷན་ཅིག་ཏུ། །གླུ་དང་གར་གྱིས་རྟག་ཏུ་རྩེ། །གྲུལ་བུམ་རྣམས་ཀྱིས་ཡོངས་བསྐོར་ཅིང ། །གྲུལ་བུམ་རྣམས་ཀྱིས་མདུན་གྱིས་བལྟས། །དེ་ལ་བུ་ནི་མང་མཆིས་ཏེ། །བརྒྱད་བཅུ་དང་ནྀ་བཅུ་དང་གཅིག་།དེ་དག་མིང་འཐུན་གྲགས་པ་ནི། །དབང་པོ་ཞེས་བགྱི་སྟོབས་པོ་ཆེ། །ལྷ་དང་ལྷ་མིན་གཡུལ་འགྱེད་པ། །ཀུན་དུ་གཞན་གྱིས་མི་འཐུན་ལགས། །དེ་དག་རྣམས་ཀྱིས་རྫོགས་སངས་རྒྱས། །སངས་རྒྱས་ཉི་མའི་གཉེན་མཐོང་ནས། །སྐྱེས་བུ་ཅང་ཤེས་ཁྱོད་ལ་འདུད། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ཞེས། །མི་ཡིས་ཕྱག་བགྱིས་ཁྱོད་ལ་ནི། །རྒྱང་རིང་གནས་ཤིང་ཕྱག་འཚལ་ལགས། །བདག་ལ་དགེ་བས་གཟིགས་སུ་གསོལ། །ཁྱོད་ལ་མི་མིན་ཕྱག་འཚལ་བ། །དེ་སྐད་ཡང་དང་ཡང་དུ་ཐོས། །དེ་སླད་བདག་ནི་འདི་སྐད་ཅེས། །འདྲེན་པ་རྒྱལ་ལ་ཕྱག་འཚོལ་གཅིག་།གཽ་གཏམ་རྒྱལ་ལ་ཕྱག་འཚོལ་ཅིག་།སངས་རྒྱས་རིག་དང་ཞབས་ལྡན་པ། །མྱ་ངན་འདས་ལ་ཕྱག་འཚོལ་མཆི། །དེ་ལྟར་ལྷོ་ཡི་ཕྱོགས་དེ་ནི། །བཟང་བ་ལགས་ཤེས་སྐྱེ་བོ་མཆི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། ། 98.172a རྒྱལ་ཆེན་གྲགས་དང་ལྡན་པ་ལགས། །གང་ཞིག་ནུབ་པ་ཁོ་ན་ལས། །དེས་ན་མཚན་མོར་བརྗོད་པ་ཡི། །ཉི་མ་ཆེན་པོ་དཀྱིལ་འཁོར་ཅན། །ཉི་གདུགས་གང་དུ་ནུབ་འགྱུར་བ། །དེ་ན་མཚོ་ཆེན་ཟབ་མོ་ནི། །ཤིན་དུ་འདའ་བར་དཀའ་བ་སྟེ། །དེ་ནི་ཆུ་སྔོན་རྒྱ་མཚོ་ཞེས། །སྐྱེ་བོས་རྟོགས་པ་མཆིས་པ་ཡི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ནི། །ཀླུ་ཡི་བདག་པོ་རྒྱལ་པོ་སྟེ། །མིང་ནི་མིག་མི་བཟང་ཞེས་བགྱི། །དེ་ནི་ཉེ་དུ་ལྷན་ཅིག་ཏུ། །གླུ་དང་གར་གྱིས་རྟག་ཏུ་རྩེ། །ཀླུ་རྣམས་ཀྱིས་ནི་ཡོངས་བསྐོར་ཅིང ། །ཀླུ་རྣམས་ཀྱིས་ནི་མདུན་གྱིས་ལྟས། །དེ་ལ་བུ་ནི་མང་མཆིས་ཏེ། །བརྒྱད་བཅུ་དང་ནི་བཅུ་དང་གཅིག་།དེ་དག་མི་འཐུན་གྲགས་པ་ནི། །དབང་པོ་ཞེས་བགྱི་སྟོབས་པོ་ཆེ། །ལྷ་དང་ལྷ་མིན་གཡུལ་འགྱེད་པ། །ཀུན་དུ་གཞན་གྱིས་མི་ཐུབ་ལགས། །དེ་དག་རྣམས་ཀྱི་རྫོགས་སངས་རྒྱས། །སངས་རྒྱས་ཉི་མའི་གཉེན་མཐོང་ནས། །སྐྱེས་བུ་ཅང་ཤེས་ཁྱོད་ལ་འདུད། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ཞེས། །མི་ཡིས་ཕྱག་བགྱིས་ཁྱོད་ལ་ནི། །རྒྱང་རིང་གནས་ཤིང་ཕྱག་འཚལ་ལགས། །བདག་ལ་དགེ་བས་གཟིགསུ་གསོལ། །ཁྱོད་ལ་མི་མིན་ཕྱག་འཚལ་བ། །དེ་སྐད་ཡང་དང་ཡང་དུ་ཐོས། །དེ་སླད་བདག་ནི་འདི་སྐད་ཅེས། །འདྲེན་པ་རྒྱལ་ལ་ཕྱག་འཚོལ་ཅིག་།གཽ་ཏམ་ཁྱོད་ལ་ཕྱག་འཚོལ་ཅིག་།སངས་རྒྱས་རིག་དང་ཞབས་ལྡན་པ། །མྱ་ངན་འདས་ལ་ཕྱག་འཚོལ་མཆི། །དེ་ལྟར་ནུབ་ཀྱི་ཕྱོགས་དེ་ནི། །བཟང་བ་ལགས་ཤེས་སྐྱེ་བོ་མཆི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་ཅིང ། །རྒྱལ་ཆེན་གྲགས་དང་ལྡན་པ་ལགས། །གང་ན་བྱང་གི་སྒྲ་མི་སྙན། །དགའ་ཞིང་ལྷུན་ཆེན་ལྟ་མཛེས་དང ། །གང་ན་མི་རྣམས་ཚེ་ལོ་ནི། །བརྒྱ་ཕྲག་བཅུ་པ་སྐྱེ་འགྱུར་ཞིང ། །དེ་དག་མི་རྨོ་མི་འདེབས་ལ། །གཤོལ་ཡང་འཆའ་བར་མི་བགྱིད་ཅིང ། །ཚེ་རིང་མདོག་དང་ལྡན་པ་དང ། །ངེས་པར་ཡོངསུ་སྤྱོད་བགྱིད་ཅིང ། །ཟསུ་སཱ་ལུ་ཁ་དོག་དང ། ། 98.172b དྲི་དང་རོ་དང་ལྡན་པ་དང ། །དྲི་བདའ་མེ་ཏོག་ཚོགས་འདྲ་ཞིང ། །ལྷ་ཡི་བདུད་ཙི་འདྲ་བ་འཚལ། །ན་ལི་ཀེ་ར་བསྐོལ་བགྱིས་ནས། །ཚོད་མར་དེ་འཚལ་སྲན་ཚོད་མིན། །གང་ན་མེ་ལྕེའི་རྩེ་འདྲ་བའི། །སྨན་དག་འཁྲུང་བར་འགྱུར་བ་ཡི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ནི། །གནོད་སྦྱིན་བདག་པོ་རྒྱལ་པོ་ཏེ། །མིང་ནི་ལུས་ངན་པོ་ཞེས་བགྱི། །དེ་ནི་ཉེ་དུ་ལྷན་ཅིག་ཏུ། །གླུ་དང་གར་གྱི་རྟག་ཏུ་རྩེ། །གནོད་སྦྱིན་རྣཾས་ཀྱིས་ཡོངས་བསྐོར་ཅིང ། །གནོད་སྦྱིན་རྣམས་ཀྱི་མདུན་གྱིས་བལྟས། །དེ་ལ་བུ་ནི་མང་མཆིས་སྟེ། །བརྒྱད་བཅུ་དང་ནི་བཅུ་དང་གཅིག་།དེ་དག་མི་འཐུན་གྲགས་པ་ནི། །དབང་པོ་ཞེས་བགྱི་སྟོབས་པོ་ཆེ། །ལྷ་དང་ལྷ་མིན་གཡུལ་འགྱེད་པ། །ཀུན་དུ་གཞན་གྱིས་མི་ཐུབ་ལགས། །དེ་དག་རྣམས་ཀྱིས་རྫོགས་སངས་རྒྱས། །སངས་རྒྱས་ཉི་མའི་གཉེན་མཐོང་ནས། །སྐྱེས་བུ་ཅང་ཤེས་ཁྱོད་ལ་འདུད། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ཞེས། །མི་ཡིས་ཕྱག་བགྱིས་ཁྱོད་ལ་ནི། །རྒྱང་རིང་གནས་ཤིང་ཕྱག་འཚལ་ལགས། །བདག་ལ་དགེ་བས་གཟིགསུ་གསོལ། །ཁྱོད་ལ་མི་མིན་ཕྱག་འཚལ་བ། །དེ་སྐད་ཡང་དང་ཡང་དུ་ཐོས། །དེ་སླད་བདག་ནི་འདི་སྐད་ཅེས། །འདྲེན་པ་རྒྱལ་ལ་ཕྱག་འཚོལ་ཅིག་།གཽ་ཏམ་རྒྱལ་ལ་ཕྱག་འཚོལ་ཅིག་།སངས་རྒྱས་རིག་དང་ཞབས་ལྡན་པ། །མྱ་ངན་འདས་ལ་ཕྱག་འཚོལ་མཆི། །དེ་ལྟར་བྱང་གི་ཕྱོགས་དེ་ནི། །བཟང་བ་ལ་ཤེས་སྐྱེ་བོ་མཆི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ལགས། །ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང ། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །ནུབ་ཕྱོགས་ན་ནི་མིག་མི་བཟང ། །བྱང་ཕྱོགས་ན་ནི་ལུས་ངན་པོ། །རྒྱལ་པོ་ཆེན་པོ་དེ་བཞི་དག་།འཇིག་རྟེན་སྐྱོང་བ་གྲགས་དང་ལྡན། །རྫུ་འཕྲུལ་ཆེན་པོ་སྟོབས་པོ་ཆེ། །ཕྱོགས་བཞི་དག་ནི་སྐྱོང་བར་བགྱིད། །རྒྱལ་པོ་དག་གི་མངག་གཞུག་པ། ། 98.173a གནོད་སྦྱིན་འདོད་དགུར་མཆི་བ་རྣམས། །དེ་དག་གླང་པོ་ཆེ་འཚལ་ཞིང ། །ཕྱོགས་ཕྱོགས་དག་ཏུ་རྣམ་པར་རྒྱུ། །དེ་དག་ནི་ཆིབས་རྟ་དང ། རྔ་མོ་དང ། ཁྱུ་མཆོག་དང ། མ་ཧེ་དང ། ར་དང ། ལུག་དང ། སྦྲུལ་དང ། བྱ་དང ། སྐྱེས་པ་དང ། བུད་མེད་དང ། གཞོན་ནུ་དང ། གཞོན་ནུ་མ་ལ་འཚལ་ཞིང་ཕྱོགས་ཕྱོགས་དག་ཏུ་ཡང་མཆི་ལགས་སོ། །གླང་པོ་ཆེ་གཅིག་གིས་ཤིང་རྟ་དྲང་ཤིང་ཕྱོགས་ཕྱོགས་དག་ཏུ་ཡང་མཆི་ལགསོ། །ཆིབས་རྟ་དང ། རྔ་མོ་དང ། ཁྱུ་མཆོག་དང ། མ་ཧེ་དང ། ར་དང ། ལུག་དང ། སྦྲུལ་དང ། བྱ་དང ། སྐྱེས་པ་དང ། བུད་མེད་དང ། གཞོན་ནུ་དང ། གཞོན་ནུ་མ་གཅིག་གིས་ཤིང་རྟ་དྲངས་ཤིང་ཕྱོགས་ཕྱོགས་དག་ཏུ་ཡང་མཆི་ལགས་སོ། །རྫུ་འཕྲུལ་ཆེན་པོ་སྟོབས་པོ་ཆེའི། །གནོད་སྦྱིན་འདོད་དགུར་མཆི་བ་རྣམས། །བཞོན་པ་དེ་དག་འཚལ་ནས་ནི། །ཕྱོགས་བཞི་དག་ནི་སྐྱོང་བར་བགྱིད། །རྒྱལ་པོ་དག་ནི་གྲོང་ཁྱེར་དག་།སྣ་ཚོགས་མཁའ་ལ་རྒྱུ་བ་མཆིས། །འདི་ལྟ་སྟེ། ཀུན་དུ་རྒྱུ་བ་དང ། ཀུན་ཏུ་རྒྱུ་བ་མ་ལགས་པ་དང ། ས་ལ་ཀུན་ཏུ་རྒྱུ་བ་མ་ལགས་པ་དང ། གར་བཅས་ས་སྟིང་ཀུན་ཏུ་རྒྱུ་བ་དང ། སྦུབས་ཅན་དང་གྲོང་ཁྱེར་སྦུབས་ཅན་ཞེས་བགྱི་བ་དག་ལགས་སོ། །བྱང་ཕྱོགས་ན་མཚོ་ཀ་པི་བང་ཀ་ཞེས་བགྱི་བ་ཡང་མཆིས་ལགས་སོ། །ནུབ་ཕྱོགས་ན་གྲོང་ཁྱེར་སར་པ་གསར་ལྡན་དང ། གོས་ཅན་དང ། གོས་མཆོག་ཅན་དང ། པད་མ་ཅན་དང ། པད་མ་བཟང་པོ་ཅན་དང ། ས་གཞི་ཅན་ཞེས་བགྱི་བ་དག་ཀྱང་མཆི་ལགས་སོ། །ཆབ་རྒྱུན་མང་པོའི་གནས་གྱུར་པ། །འཛིན་པ་ཞེས་བགྱིའི་མཚོ་མཆིས་ཏེ། །ཆབ་རྒྱུན་ཐ་དད་དེ་ལས་བྱུང ། །དེ་ལས་དགུང་ཆར་འབབ་པར་འགྱུར། །བཙུན་པ་གྲོང་ཁྱེར་ཨུ་ཤ་རའི་སྦུབས་ཀྱི་ཕ་རོལ་ན། ལུས་གནས་དང་ནི་གནས་ཡངས་དང ། །དེ་བས་གནས་ཡང་རྒྱུན་ལུགས་ཅན། །རྒྱུན་ལུགས་མང་དང་དེ་བས་མང ། །བར་སྣང་མཁའ་ལ་བྱ་ལྟར་གདའ། །བཙུན་པ་གྲོང་ཁྱེར་སྦུབས་ཅན་གྱི 98.173b ཕ་རོལ་བྱང་ཕྱོགས་ན་མདུན་ས་བྱ་གར་ཅན་ཞེས་བགྱི་བ་དེ་མཆིས་ཏེ། དེར་ནི་གནོད་སྦྱིན་རྣམས་འདུ་ཞིང་གནས་ལགས་སོ། །རྐང་མི་སྡུག་ལ་མཆུ་འཕྱངས་དང ། །འཇིགས་རུང་ལྟོ་སྦུ་ཅན་དག་མཆིས། །དེ་ན་ལྗོན་ཤིང་འབྲས་བུ་རྟགས། །རྨ་བྱ་ཁྲུང་ཁྲུང་སྒྲ་སྙན་དང ། །ཁུ་བྱུག་སྒྲ་སྐད་ཆེན་པོ་དང ། །ཤང་ཤང་དེའུ་དག་སྒྲ་འབྱིན་ཅིང ། །རྨ་བྱ་རྣམས་ཀྱི་སྒྲ་དག་ཀྱང ། །གཽའུ་ཀུམ་བྷ་དང་ཆུན་ལག་དང ། །བྱ་རྣམས་སྣ་ཚོགས་སྐད་འབྱིན་ཅིང ། །མེ་ཏོག་སྦྲང་རྩིའི་རོ་ལ་དགའ། །ལུས་ངན་པོ་དེ་གླུ་གར་གྱིས། །པད་མ་ཅན་དང་ལྷན་ཅིག་རྩེ། །བཙུན་པ་གྲོང་ཁྱེར་ལྕང་ལོ་ཅན་གྱི་ཕ་རོལ་ན་རྒྱལ་པོ་དཔའ་བོ་ཞེས་བགྱི་བ་ཡུལ་འཁོར་མུ་ཁྱུད་ན་མཆིས་ལགས་སོ། །བདག་གང་ན་མཆིས་པའི་མདུན་ས་དེ་ནི་ཁྱུ་མཆོག་ཅན་ཞེས་བགྱི་སྟེ། བདགིས་མིང་ནི་རྣམ་ཐོས་ཀྱི་བུ་ཞེས་བགྱི་ལགས་སོ། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཨི་ལི་མི་ལི་ཨི་ལི་མི་ལི། ཀིད་ཊི་མཱུ་ལེ། ཧི་ལི་ཀིད་ཊི་མཱུ་ལེ། ཧུ་དུ་མེ། ཧུ་དུར་དུ་མེ། གཽ་རི། གན་དྷ་རི། གོ་དོ་ཧ་ནི། ཨོ་ཀེ་མོ་ཀེ་སཝཱ་ཧཱ། བཙུན་པ་བཅྡོཾས་ཀྱིས་སྤྱན་སྔར་བདགིས་དྲི་ཟ་རྣམས་དང ། དྲི་ཟ་ཆེན་པོ་རྣམས་དང ། དྲི་ཟའི་སྡེ་དཔོན་རྣམས་དང ། དམག་དཔོན་རྣམས་ཀྱི་མིང་བརྗོད་པར་བགྱི་ལགས་སོ། །འདི་ལྟ་སྟེ། འདོད་མྱོས་དགའ་བས་མྱོས་པ་དང ། །གླུ་ཡི་མྱོས་པ་སྤུན་དང་ནི། །ཕྲེང་བས་མྱོས་དང་སྦྲང་རྩིས་མྱོས། །མེ་ཏོག་མྱོས་པ་སྤུན་རྣམས་དང ། །རྟག་ཏུ་མྱོས་དང་དཔལ་གྱིས་མྱོས། །ནོར་གྱིས་མྱོས་དང་དགའ་བྱེད་དང ། །ུདཔལ་པད་མ་ཟླ་བ་དང ། །ལྔ་འཛིན་དང་ནི་ཁུ་བྱུག་སྒྲ། །ཏུ་བུ་རུ་དང་གཙུག་ལྔ་དང ། །གསེར་སྤྱོད་བུ་མོ་གསེར་ཅན་དང ། །པ་བ་སངས་དང་ཕུར་བུ་དག་།འགྲོ་གནས་ཇི་སྙེད་རྒྱལ་པོ་ལགས། །དེ་དག་བདག་གི་སྤུན་ལགས་ཏེ། དེ་དག་ལ་བདག་དྲི་ཟ་འདི་ནི་བདག་ལ་འཚེའོ། །དྲི་ཟ་འདི་ནི་བདག་མི་གཏོང་ངོ་ཞེས་མཆི་ཞིང་དེ་དག་ལ་གོ་བར་བགྱིད་ལགས་སོ། ། 98.174a བདག་ལ་འཚེ་བའི་དྲི་ཟ་དང ། །བདག་མི་གཏོང་བའི་དྲི་ཟ་ཡིས། །ལེགས་པར་སྨྲས་པ་འདི་ཐོས་ན། ། ཛ་ཀ་ཡི་དོག་པ་བཞིན། །དེ་ཡི་མགོ་ཚལ་བདུན་དུ་འགས། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཀུན་ཏུ་ལེ། ཀུན་ཏུ་ལེ། ཀུན་ཏུ་ལེ། ཀུན་ཏུ་ལེ། ཨེ་ཧི། ཨེ་ཧི། ས་དཱ་མད་ཏི་ཀེ་།ས་དཱ་བྷཎ་ཊི་ནི་ཀེ་།ཏིཥྛ་དུཥྚ་བད་དྷོ་སི་སཝཱ་ཧཱ། ཙུན་པ་བཅྡོཾས་ཀྱིས་ཉན་ཐོས་དགེ་སློང་ངམ། དགེ་སློང་མ་འཾ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་རྒྱུ་བ་དང ། ཀུན་ཏུ་རྒྱུ་བ་མ་ལགས་པ་དང་འཐུན་པའི་མདོ། །རིག་སྔགས་དང ། བསྲུང་བ་དང ། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ། གལ་ཏེ་དྲི་ཟ་འམ། དྲི་ཟ་མོ་འམ། དྲི་ཟ་རྒན་པོ་འམ། དྲི་ཟ་རྒན་མོ་འམ། དྲི་ཟའི་བུ་ཕོ་འམ། དྲི་ཟའི་བུ་མོ་འམ། དྲི་ཟའི་འཁོར་ཕོ་འམ། དྲི་ཟའི་འཁོར་མོ་འམ། དྲི་ཟའི་མངག་གཞུགས་པ་འམ། དྲི་ཟའི་མངག་གཞུག་མ་འཚེ་བར་བགྱིད་པ་གླགས་ལྟ་ཞིང་གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང ། ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་གླག་མི་རྙེད་ཅིང་གནས་མི་རྙེད་ལ། དྲི་ཟ་རྣམས་ཀྱིས་དྲི་ཟ་འདུ་བའི་ནང་དུ་མཆིར་མི་ཆུད་ཅིང ། རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་ཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་སོ། །བཙུན་པ་བཅྡོཾས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་དུ་རྒྱུ་བ་དང་ཀུན་དུ་རྒྱུ་བ་མ་ལགས་པ་དང་འཐུན་པའི་མདོ། རིག་སྔགས་དང ། བསྲུང་བ་དང ། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་རྒྱུད་པ་དེ་ལ། གལ་ཏེ་ཤ་ཟ་འམ། ཤ་ཟ་མོ་འམ། ཤ་ཟ་རྒན་པོ་འམ། ཤ་ཟ་རྒན་མོ་འམ། ཤ་ཟའི་བུ་ཕོ་འམ། ཤ་ཟའི་བུ་མོ་འམ། ཤ་ཟའི་འཁོར་ཕོ་འམ། ཤ་ཟའི་འཁོར 98.174b མོ་འམ། ཤ་ཟའི་མངག་གཞུག་པ་འམ། ཤ་ཟའི་མངག་གཞུག་མ་འཚེ་བར་བགྱིད་པ། གླགས་ལྟ་ཞིང་གླག་འཚོ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང ། ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་གླགས་མི་རྙེད་ཅིང་གནས་མི་རྙེད་ལ། ཤ་ཟ་རྣམས་ཀྱི་ཤ་ཟ་འདུ་བའི་ནང་དུ་མཆེར་མི་ཆུད་ཅིང ། རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་སོ། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཧུ་མེ་ཧུ་མེ། ཧུ་མེ་ལེ། ཧུ་མི་ལ་བཱ་ཏེ་ཡེ་སཝཱ་ཧཱ། བཙུན་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་གིས་གྲུལ་བུམ་རྣམས་དང ། གྲུལ་བུམ་ཆེན་པོ་རྣམས་དང ། གྲུལ་བུམ་གྱི་སྡེ་དཔོན་རྣམས་དང ། དམག་དཔོན་རྣམས་ཀྱི་མིང་བརྗོད་པར་བགྱི་ལགས་སོ། །འདི་ལྟ་སྟེ། བྱིན་དང་ཉེ་བྱིན་ཀྲི་མི་ཤ་།རྩིབས་ལོབས་ཆེ་དང་གསུས་པོ་ཆེ། །ལག་བཅུ་དང་ནི་ས་ལ་རྒྱུ། །གཡོན་ཕྱོགས་ནག་པོ་དམར་པོ་དང ། །སྤྲིན་མདོག་དང་ནི་དྲི་མེད་དང ། །རྣ་བ་རིང་དང་འབྲུག་སྒྲ་སྒྲོགས། །རལ་པ་ཅན་དང་སྟོབས་བཅུ་དང ། །སྲིད་སྒྲུབ་དང་ནི་འདོད་དགུར་མཆི། །འཇོག་པོ་དང་ནི་བྱ་བ་སྦེད། །ལ་བ་བཟང་ལྡན་གསུམ་པོ་དང ། །ཚོན་ཀུན་དང་ནི་མིག་བཀྲ་པོ། །འགྲོ་གནས་ཇི་སྙེད་མཆི་བ་ལགས། །དེ་དག་ནི་བདག་གི་སྤུན་ལགས་ཏེ། དེ་དག་ལ་བདག་གྲུལ་བུམ་འདི་ནི་བདག་ལ་འཚེའོ། །གྲུལ་བུམ་འདི་ནི་བདག་མི་གཏོང་ངོ་ཞེས་མཆི་ཞིང་དེ་དག་ལ་གོ་བར་བགྱིད་ལགས་སོ། །བདག་ལ་འཚེ་བའི་གྲུལ་བུམ་དང ། །བདག་མི་གཏོང་བའི་གྲུལ་བུམ་གྱིས། །ལེགས་པར་སྨྲས་པ་འདི་ཐོས་ན། །རྫ་ཀའི་རྡོག་པ་བཞིན། །དེ་མགོ་ཚལ་པ་བདུན་དུ་འགས། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགསོ། །ཏདྱ་ཐཱ། སི་ལེ་བི་སི་རེ། སི་རེ་བི་ས་རེ། ཀྲིཥྞ་ཚ་ག་ལེ། ཀ་རཱ་ཌི། པིཾ་ག་ལེ་སཝཱ་ཧཱ། བཙུན་པ་བཅྡོཾས་ཀྱི་ཉན་ཐོས་དགེ་སློང་ངམ། 98.175a དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ལགས་པ་དང་འཐུན་པའི་མདོ་རིག་སྔགས་དང ། བསྲུང་བ་དང ། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ་གལ་ཏེ་གྲུལ་བུམ་འམ། གྲུལ་བུམ་མོ་འམ། གྲུལ་བུམ་རྒན་པོ་འམ། གྲུལ་བུམ་རྒན་མོ་འམ། གྲུལ་བུམ་གྱི་བུ་ཕོ་འམ། གྲུལ་བུམ་གྱི་བུ་མོ་འམ། གྲུལ་བུམ་གྱི་འཁོར་ཕོ་འམ། གྲུལ་བུམ་གྱི་འཁོར་མོ་འམ། གྲུལ་བུམ་གྱི་མངག་གཞུག་པ་འམ། གྲུལ་བུམ་གྱི་མངག་གཞུག་མ་འཚེ་བར་བགྱིད་པ་གླགས་ལྟ་ཞིང་གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང ། ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་གླགས་མི་རྙེད་ཅིང་གནས་མི་རྙེད་ལ། གྲུལ་བུམ་རྣམས་ཀྱི་གྲུལ་བུམ་འདུས་བའི་ནང་དུ་མཆིར་མི་ཆུད་ཅིང ། རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་སོ། །བཙུན་པ་བཅྡོཾས་ཀྱི་ཉན་ཐོས་ཀྱི་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་རྒྱུ་བ་དང ། ཀུན་ཏུ་རྒྱུ་བ་མ་ལགས་པ་དང་འཐུན་པའི་མདོ། རིག་སྔགས་དང ། བསྲུང་བ་དང ། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ། གལ་ཏེ་ཡི་དགས་སམ། ཡི་དགས་མོ་འམ། ཡི་དགས་རྒན་པོ་འམ། ཡི་དགས་རྒན་མོ་འམ། ཡི་དགས་ཀྱི་བུ་ཕོ་འམ། ཡི་དགས་ཀྱི་བུ་མོ་འམ། ཡི་དགས་ཀྱི་འཁོར་ཕོའམ། ཡི་དགས་ཀྱི་འཁོར་མོ་འམ། ཡི་དགས་ཀྱི་མངག་གཞུག་མ་འམ། ཡི་དགས་ཀྱི་མངག་གཞུག་མ་འཚེ་བར་བགྱིད་པ་གླགས་ལྟ་ཞིང་གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང 98.175b ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་གླགས་མི་རྙེད་ཅིང་གནས་མི་རྙེད་ལ། ཡི་དགས་རྣམས་ཀྱི་ཡི་དགས་འདུས་བའི་ནང་དུ་མཆིར་མི་ཆུད་ཅིང་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་སོ། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཡུ་མེ་ཡུ་མེ། ཡུ་མི་ལི། ཡུ་མི་ལ་བཱ་ཏི་ཡེ་སཝཱ་ཧཱ། བཙུན་པ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་བདག་གིས་ཀླུ་རྣམས་དང ། ཀླུ་ཆེན་པོ་རྣམས་དང ། ཀླུའི་སྡེ་དཔོན་རྣམས་དང ། དམག་དཔོན་རྣམས་ཀྱི་མིང་བརྗོད་པར་བགྱི་ལགས་སོ། །འདི་ལྟ་སྟེ། དགའ་དང་ཉེ་དགའ་ཀུན་དགའ་དང ། །ནོར་རྒྱལ་དང་ནི་འཛམ་བུ་བཟང ། །སེར་པོ་དང་ནི་ཞོ་རྣ་དང ། །དབང་པོ་ལག་དང་བཀྲ་ཤིས་དང ། །མྱ་ངན་མེད་དང་མྱ་ངན་བྲལ། །རབ་གྲོལ་དང་ནི་རྒྱལ་བའི་བདག་།ངོས་ཡང་པོ་དང་ངོས་བཀྲ་དང ། །ཡང་པ་ཅན་དང་བཀྲ་འདུད་རྒྱལ། །གདེངས་ཀ་ཆེ་དང་སྐར་དགའ་དང ། །ནག་པོ་ཆེ་དང་ལག་འགྲོ་དང ། །ར་སྐྱོང་དང་ནི་འཇོག་པོ་དང ། །གཡོན་ཕྱོགས་དེ་བཞིན་ནག་པོ་དང ། །སྔོ་བསངས་དཀར་དང་འགྲོགས་པ་ནི། །འགྲོ་གནས་ཇི་སྙེད་མཆིས་པ་ལགས། །དེ་དག་ནི་བདག་གི་སྤུན་ལགས་ཏེ་དེ་དག་ལ་བདག་ཀླུ་འདི་ནི་བདག་ལ་འཚེའོ། །ཀླུ་འདི་ནི་བདག་མི་གཏོང་ངོ་ཞེས་མཆི་ཞིང་དེ་དག་ལ་གོ་བར་བགྱིད་ལགས་སོ། །བདག་ལ་འཚེ་བའི་ཀླུ་དག་དང ། བདག་མི་གཏོང་བའི་ཀླུ་རྣམས་ཀྱིས། །ལེགས་པར་སྨྲས་པ་འདི་ཐོས་ན། །རྫ་ཀའི་དོག་པ་བཞིན། །དེའི་གོ་ཚལ་པ་བདུན་དུ་འགས། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཙི་ལི་བི་ལི་ལི་ཙི་ལི་བི་ཙི་ལི། གཽ་རི། གན་དྷ་རི། མ་ཏཾ་གི། ཙཎ་ཌ་ལི་སཝཱ་ཧཱ། བཙུན་པ་བཅྡོཾས་ཀྱི་ཉན་ཐོས་དགེ 98.176a སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ལགས་པ་དང་འཐུན་པའི་མདོ། རིག་སྔགས་དང ། བསྲུང་བ་དང ། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ། གལ་ཏེ་ཀླུ་འམ། ཀླུ་མོ་འམ། ཀླུ་རྒན་པོ་འམ། ཀླུ་རྒན་མོ་འམ། ཀླུའི་བུ་ཕོ་འམ། ཀླུའི་བུ་མོ་འམ། ཀླུའི་འཁོར་ཕོ་འམ། ཀླུའི་འཁོར་མོ་འམ། ཀླུའི་མངག་གཞུག་པ་འམ། ཀླུའི་མངག་གཞུག་མ་འཚེ་བར་བགྱིད་པ། གླགས་ལྟ་ཞིང་གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་འཆི་ཞིང་ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་གླགས་མི་རྙེད་ཅིང་གནས་མི་རྙེད་ལ། ཀླུ་རྣམས་ཀྱི་ཀླུ་འདུ་བའི་ནང་མཆེར་མི་ཆུད་ཅིང་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་སོ། །བཙུན་པ་བཅྡོཾས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་དུ་རྒྱུ་བ་དང ། ཀུན་དུ་རྒྱུ་བ་མ་ལགས་པ་དང་འཐུན་པའི་མདོ། རིག་སྔགས་དང ། བསྲུང་བ་དང ། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བར་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ། གལ་ཏེ་ལུས་སྲུལ་པོ་འམ། ལུས་སྲུལ་མོ་འམ། ལུས་སྲུལ་རྒན་པོ་འམ། ལུས་སྲུལ་རྒན་མོའམ། ལུས་སྲུལ་པོའི་བུ་ཕོའཾ། ལུས་སྲུལ་པོའི་བུ་མོ་འམ། ལུས་སྲུལ་པོའི་འཁོར་ཕོ་འམ། ལུས་སྲུལ་པོའི་འཁོར་མོ་འམ། ལུས་སྲུལ་པོའི་མངག་གཞུག་པ་འམ། ལུས་སྲུལ་པོའི་མངག་གཞུག་མ་འཚེ་བར་བགྱིད་པ། གླགས་ལྟ་ཞིང་གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང ། ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་གླགས་མི་རྙེད་ཅིང་གནས་མི་རྙེད་ལ། ལུས་སྲུལ་པོ་རྣམས་ཀྱི་ལུས་སྲུལ་པོ་འདུ་བའི་ནང་དུ་མཆེར་མི་ཆུད་ཅིང་རྒྱལ་པོའི 98.176b ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་སོ། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཨ་བེ་བ་ཧ་ན་ཏི་ཡེ་སཝཱ་ཧཱ། བཙུན་པ་བཅྡོཾས་ཀྱི་སྤྱན་སྔར་བདག་གིས་གནོད་སྦྱིན་རྣམས་དང ། གནོད་སྦྱིན་ཆེན་པོ་རྣམས་དང ། གནོད་སྦྱིན་གྱི་སྡེ་དཔོན་རྣམས་དང ། དམག་དཔོན་རྣམས་ཀྱི་མིང་བརྗོད་པར་བགྱི་ལགས་སོ། །འདི་ལྟ་སྟེ། དབང་པོ་ཟླ་བ་ཆུ་ལྷ་དང ། །བྷ་ར་དྭ་ཛ་སྐྱེ་དགུའི་བདག་།དབང་ལྡན་ཙན་དན་འདོད་གཙོ་དང ། །མགྲིན་ངན་དང་ནི་མགུལ་ངེས་དང ། །སྟོབས་ལྡན་ནོར་བུ་ནོར་སྤྱོད་དང ། །སྒྲ་རབ་དང་ནི་ཉེར་ལྔ་དང ། །རི་མཉམ་གསེར་ཅན་གང་པོ་དང ། །སེང་ལྡེང་བ་དང་གཡོན་ཅན་དང ། །གནོད་སྦྱིན་བ་སྐྱོང་འབྲོག་གནས་དང ། །རྒྱལ་བ་ཁྱུ་མཆོག་མི་རྒྱལ་པོ། །དྲི་ཟ་སྣ་ཚོགས་སྡེ་དང་ནི། །ལྕགས་མདུང་རིང་དང་མ་ལྡན་དང ། །ཚིག་ལྔ་སེར་པོ་ཡིད་དགའ་དང ། །གནོད་སྦྱིན་རིང་པོ་འཁོར་དང་བཅས། །འབྲས་བུ་གསུམ་པ་མགུལ་གསུམ་པ། །འགྲོ་གནས་ཇི་སྙེད་མཆིས་པ་ལགས། །དེ་དག་ནི་བདག་གི་སྤུན་ལགས་ཏེ་དེ་དག་ལ་བདག་གནོད་སྦྱིན་འདི་ནི་བདག་ལ་འཚེའོ། །གནོད་སྦྱིན་འདི་ནི་བདག་མི་གཏོང་ངོ་ཞེས་མཆི་ཞིང་དེ་དག་ལ་བདག་གོ་བར་བགྱིད་ལགས་སོ། །བདག་ལ་འཚེ་བའི་གནོད་སྦྱིན་དང ། །བདག་མི་གཏོང་བའི་གནོད་སྦྱིན་གྱིས། །ལེགས་པར་སྨྲས་པ་འདི་ཐོས་ན། །རྫ་ཀའི་དོག་པ་བཞིན། །དེའི་མགོ་ཚལ་པ་བདུན་དུ་འགས། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཧི་ལེ་མི་ལེ། ཧི་ལེ་མི་ལེ། ཀཱིར་ཏི་མཱུ་ལི། ཧི་ལེ་ཀཱིར་ཏི་མཱུ་ལེ། ཨོ་ཏུམ་བེ་ཏུམ་བེ། ཨོ་ཏུམ་བེ། ཏུམ་བེ། ཨོ་གྷེ་མོ་གྷེ། གོ་དེ་ཧེ། བྷྲཾ་གྷ་རེ། རི་ཥེ་སད་ཏ་མེ་སཝཱ་ཧཱ། བཙུན་པ་བཅྡོཾས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མ་འཾ། དགེ་བསྙེན་ནཾ། དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ལགས་པ་དང་འཐུན་པའི 98.177a མདོ། རིག་སྔགས་དང ། བསྲུང་བ་དང ། སུག་པ་ད་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ། གལ་ཏེ་གནོད་སྦྱིན་ནམ། གནོད་སྦྱིན་མོ་འམ། གནོད་སྦྱིན་རྒན་པོ་འམ། གནོད་སྦྱིན་རྒན་མོ་འམ། གནོད་སྦྱིན་གྱི་བུ་ཕོ་འམ། གནོད་སྦྱིན་གྱི་བུ་མོའམ། གནོད་སྦྱིན་གྱི་འཁོར་ཕོ་འམ། གནོད་སྦྱིན་གྱི་འཁོར་མོ་འམ། གནོད་སྦྱིན་གྱི་མངག་གཞུག་བའམ། གནོད་སྦྱིན་གྱི་མངགཞུག་མ་འཚེ་བར་བགྱིད་པ། གླགས་ལྟ་ཞིང་གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང ། ཉེ་བར་བགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་གླགས་མི་རྙེད་ཅིང་གནས་མི་རྙེད་ལ། གནོད་སྦྱིན་རྣམས་ཀྱི་གནོད་སྦྱིན་འདུ་བའི་ནང་དུ་མཆིར་མི་ཆུད་ཅིང་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་སོ། །བཙུན་པ་བཅྡོཾས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ལགས་པ་དང་འཐུན་པའི་མདོ། རིག་སྔགས་དང ། སྲུང་བ་དང ། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ། གལ་ཏེ་སྲིན་པོ་འམ། སྲིན་མོ་འམ། སྲིན་པོ་རྒན་པོ་འམ། སྲིན་པོ་རྒན་མོ་འམ། སྲིན་པོའི་བུ་ཕོ་འམ། སྲིན་པོའི་བུ་མོའཾ། སྲིན་པོའི་འཁོར་ཕོ་འམ། སྲིན་པོའི་འཁོར་མོ་འམ། སྲིན་པོའི་མངག་གཞུག་པ་འམ། སྲིན་པོའི་མངག་གཞུག་མ་འཚེ་བར་བགྱིད་པ། གླགས་ལྟ་ཞིང་གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང ། ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་གླགས་མི་རྙེད་ཅིང་གནས་མི་རྙེད་ལ། སྲིན་པོ་རྣམས་ཀྱི་སྲིན་པོ་འདུ་བའི་ནང་དུ་མཆིར་མི་ཆུད་ཅིང་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་སོ། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགསོ། །ཏདྱ་ཐཱ། ཧི་ལི་ཧི་ལི། 98.177b ཧུ་ལུ་ཧུ་ལུ། ཡུ་མེ་ཡུ་མེ་ལེ། ཡུ་མི་ལ་བཱ་ཏི་ཡེ་སཝཱ་ཧཱ། དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཀུན་དུ་རྒྱུ་བ་དང་ཀུན་དུ་རྒྱུ་བ་མ་ཡིན་པ་དང་འཐུན་པའི་མདོ། རིག་སྔགས་དང ། སྲུང་བ་དང ། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་བརྗོད་ནས་བཅྡོཾས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དེ་ནས་བཅྡོཾས་འདས་ཀྱི་དེ་ཉིད་ཀྱི་མཚན་མོ་འདས་པ་དང ། དགེ་སློང་གི་དགེ་འདུན་གྱི་གཙོ་ལ་གདན་བཤམས་པ་དེ་ཉིད་ལ་བཞུགས་སོ། །བཞུགས་ནས་ཀྱང་བཅྡོཾས་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་མདང་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཁ་དོག་འཕགས་པ། གཡོག་འཁོར་གནོད་སྦྱིན་བརྒྱ་ཕྲག་དུ་མ་དང ། གཡོག་འཁོར་གནོད་སྦྱིན་སྟོང་ཕྲག་དུ་མ་དུང ། གཡོག་འཁོར་གནོད་སྦྱིན་འབུམ་ཕྲག་དུ་མ་དང་ལྡན་པ། ནམ་སྲོས་པ་དང ། ང་ག་ལ་བ་དེར་འོངས་ཏེ་ཕྱིན་ནས་ངའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།དེའི་ཚེ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་ཁ་དོག་གི་མཐུས་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་ཐཾད་སྣང་བ་ཆེན་པོས་གསལ་བར་གྱུར་ཏོ། །རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ཕྱོགས་གཅིག་ཏུ་འདུག་ནས་དེའི་ཚེ་ཚིགསུ་བཅད་པ་འདི་དག་གསོལ་ཏོ། །རྐང་གཉིས་དམ་པ་རྫོགསངས་རྒྱས། །བློ་ལྡན་ཁྱོད་ཀྱིས་གང་མཁྱེན་པ། །ལྷ་རྣམས་ཀྱི་ནི་དེ་མ་འཚལ། །དཔའ་ཆེན་ཁྱོད་ལ་ཕྱག་འཚལ་ལོ། །སངས་རྒྱས་གང་དག་འདས་པ་དང ། །ད་ལྟར་བྱུང་དང་མ་བྱོན་པ། །ཐཾད་ལ་ནི་བདག་ཕྱག་འཚལ། །ཁྱོད་ལའང་བདག་ནི་སྐྱབསུ་མཆི། །བཙུན་པ་བཅྡོཾས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མ་འཾ། དགེ་བསྙེན་ནམ། དགེ་བསྙེན་མ་གང་དག་གནས་མལ་དགོན་པ་དག་དང ། ནགས་འདབ་དག་དང ། བས་མཐའ་དག་ན་གནས་པ་དག་ཀྱང་མཆིས་ལ། དེ་ན་གནོད་སྦྱིན་དང་མི་མ་ལགས་པ་གདུག་པ་གཉུག་མར་གནས་པ་གང་དག་བཅྡོཾས་འདས་ཀྱི་གསུང་རབ་ལ་མངོན་པར་དད་པ་དག་དང ། མངོན་པར་མ་དད་པ་དག་ཀྱང་མཆིས་ཏེ། གནོད་སྦྱིན་དང་མི་མ 98.178a ལགས་པ་གདུག་པ་གཉུག་མར་གནས་པ་གང་དག་བཅོམ་ལྡན་འདས་ཀྱི་གསུང་རབ་ལ་མངོན་པར་དད་པ་དེ་དག་ནི་ཤིན་དུ་ཉུང་ལ། གནོད་སྦྱིན་དང ། མི་མ་ལགས་པ་གདུག་པ་གཉུག་མར་གནས་པ་གང་དག་བཅྡོཾས་འདས་ཀྱི་གསུང་རབ་ལ་མངོན་པར་མ་དད་པ་དེ་དག་ནི་ཆེས་མང་ལགས་ཏེ། བཙུན་པ་བཅྡོཾས་ཀྱི་ཉན་ཐོས་དགེ་སློང་རྣམས་དང ། དགེ་སློང་མ་རྣམས་དང ། དགེ་བསྙེན་རྣམས་དང ། དགེ་བསྙེན་མ་རྣམས་འདི་ལྟར་བདག་ཉིད་བསྲུང་བ་དང ། བསྐྱབ་པ་དང ། བདེ་བ་ལ་རེག་པར་གནས་པར་བགྱི་བ་དང ། གནོད་སྦྱིན་དང ། མི་མ་ལགས་པ་གདུག་པ་གཉུག་མར་གནས་པ་མངོན་པར་མ་དད་པ་དག་མངོན་པར་དད་པར་བགྱི་བ་དང ། མངོན་པར་དད་པ་རྣམས་ཀྱང་སླར་ཞིང་ཕེལ་བར་བགྱི་བའི་སླད་དུ། ཀུན་དུ་རྒྱུ་བ་དང་ཀུན་དུ་རྒྱུ་བ་མ་ལགས་པ་དང་འཐུན་པའི་མདོ། རིག་སྔགས་དང ། སྲུང་བ་དང ། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་བརྒྱ་ཆེར་འཛིན་ཅིང་ཀུན་ཆུབ་པར་བགྱིད་ན་ལེགསོ་ལེགསོ་ཞེས་གསོལ་པ་དང ། དགེ་སློང་དག་ངེས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་ལ་ཅང་མི་གསུང་བས་གནང་བར་མཛད་དོ། །དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་ངས་ཅང་མི་གསུང་བས་གནང་བར་རིག་ནས། ངའི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ངའི་སྤྱན་སྔར་ཀུན་དུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ཡིན་པ་དང་འཐུན་པའི་མདོ། རིག་སྔགས་དང ། སྲུང་བ་དང ། རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་གསོལ་ཏོ། །སྐྱེ་བོ་གང་དག་སྟོང་ཕོད་ཅིང ། །ཕྲ་མ་མི་མཆི་སེར་སྣ་བྲལ། །གང་དག་སངས་རྒྱས་སྐྱབས་མཆིས་པ། །མི་དེ་རྣམས་ཀྱིས་རྙེད་པ་ལགས། །གང་གི་འཆར་ལ་བརྟེན་ནས་ནི། །དེས་ན་ཉིན་མོར་བརྗོད་པ་ཡི། །ཉི་མ་ཆེན་པོ་དཀྱིལ་འཁོར་ཅན། །ཉི་གདུགས་གང་ནས་འཆར་འགྱུར་བའི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ནི། །དྲི་ཟའི་བདག་པོ་རྒྱལ་པོ་སྟེ། །མིང་ནི་ཡུལ་འཁོར་སྲུང་ཞེས་བགྱི། །དེ་ནི་ཉེ་དུ་ལྷན་ཅིག་ཏུ། །གླུ་དང་གར་གྱི་རྟག་ཏུ་རྩེ། ། 98.178b དྲི་ཟ་རྣམས་ཀྱིས་ཡོངས་བསྐོར་ཅིང ། །དྲི་ཟ་རྣམས་ཀྱིས་མདུན་གྱིས་བལྟས། །དེ་ལ་བུ་ནི་མང་མཆིས་ཏེ། །བརྒྱད་བཅུ་དང་ནི་བཅུ་དང་གཅིག་།དེ་དག་མིང་འཐུན་གྲགས་པ་ནི། །དབང་པོ་ཞེས་བགྱི་སྟོབས་པོ་ཆེ། །ལྷ་དང་ལྷ་མིན་གཡུལ་འགྱེད་པ། །ཀུན་དུ་གཞན་གྱིས་མི་ཐུབ་ལགས། །དེ་དག་རྣམས་ཀྱིས་རྫོགས་སངས་རྒྱས། །སངས་རྒྱས་ཉི་མའི་གཉེན་མཐོང་ནས། །སྐྱེས་བུ་ཅང་ཤེས་ཁྱོད་ལ་འདུད། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ཞེས། །མི་ཡིས་ཕྱག་བགྱིས་ཁྱོད་ལ་ནི། །རྒྱང་རིང་གནས་ཤིང་ཕྱག་འཚལ་ལགས། །བདག་ལ་དགེ་བས་གཟིགསུ་གསོལ། །ཁྱོད་ལ་མི་མིན་ཕྱག་འཚལ་བ། །དེ་སྐད་ཡང་དང་ཡང་དུ་ཐོས། །དེ་སླད་བདག་ནི་འདི་སྐད་ཅེས། །འདྲེན་པ་རྒྱལ་ལ་ཕྱག་འཚོལ་ཅིག་།གཽ་གཏམ་རྒྱལ་ལ་ཕྱག་འཚོལ་ཅིག་།སངས་རྒྱས་རིག་དང་ཞབས་ལྡན་པ། །མྱ་ངན་འདས་ལ་ཕྱག་འཚོལ་མཆི། །དེ་ལྟར་ཤར་གྱི་ཕྱོགས་དེ་ནི། །བཟང་བ་ལགས་ཤེས་སྐྱེ་བོ་མཆི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ལགས། །གང་ན་ཡི་དགས་ཞེས་བགྱི་བ། །རྒྱབ་ཀྱི་ཤ་འཚལ་ཕྲ་མ་ཅན། །སྲོག་གཅོད་བགྱིད་པ་མ་རུངས་པ། །འཇུངས་ཤིང་མི་སྙན་སྨྲ་བགྱིད་པའི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ནི། །གྲུལ་བུམ་བདག་པོ་རྒྱལ་པོ་སྟེ། །མིང་ནི་འཕགས་སྐྱེས་པོ་ཞེས་བགྱི། །དེ་ནི་ཉེ་དུ་ལྷན་ཅིག་ཏུ། །གླུ་དང་གར་གྱི་རྟག་ཏུ་རྩེ། །གྲུལ་བུམ་རྣམས་ཀྱི་ཡོངས་བསྐོར་ཅིང ། །གྲུལ་བུམ་རྣམས་ཀྱི་མདུན་གྱིས་བལྟས། །དེ་ལ་བུ་ནི་མང་མཆིས་ཏེ། །བརྒྱད་བཅུ་དང་ནི་བཅུ་དང་གཅིག ། དེ་དག་མིང་འཐུན་གྲགས་པ་ནི། །དབང་པོ་ཞེས་བགྱི་སྟོབས་པོ་ཆེ། །ལྷ་དང་ལྷ་མིན་གཡུལ་འགྱེད་པ། །ཀུན་དུ་གཞན་གྱིས་མི་ཐུབ་ལགས། །དེ་དག་རྣམས་ཀྱིས་རྫོགས་སངས་རྒྱས། །སངས་རྒྱས་ཉི་མའི་གཉེན་མཐོང་ནས། །སྐྱེས་བུ་ཅང་ཤེས་ཁྱོད་ལ་འདུད། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ཞེས། །མི་ཡིས་ཕྱག 98.179a བགྱིས་ཁྱོད་ལ་ནི། །རྒྱང་རིང་གནས་ཤིང་ཕྱག་འཚལ་ལགས། །བདག་ལ་དགེ་བས་གཟིགསུ་གསོལ། །ཁྱོད་ལ་མི་མིན་ཕྱག་འཚལ་བ། །དེ་སྐད་ཡང་དང་ཡང་དུ་ཐོས། །དེ་སླད་བདག་ནི་འདི་སྐད་ཅེས། །འདྲེན་པ་རྒྱལ་ལ་ཕྱག་འཚོལ་ཅིག་།གཽ་གཏམ་རྒྱལ་ལ་ཕྱག་འཚོལ་ཅིག་།སངས་རྒྱས་རིག་དང་ཞབས་ལྡན་པ། །མྱ་ངན་འདས་ལ་ཕྱག་འཚོལ་མཆི། །དེ་ལྟར་ལྷོ་ཡི་ཕྱོགས་དེ་ནི། །བཟང་བ་ལགས་ཤེས་སྐྱེ་བོ་མཆི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ལགས། །གང་ཞིག་ནུབ་པ་ཁོ་ན་ལས། །དེ་ལ་མཚན་མོར་བརྗོད་པ་ཡི། །ཉི་མ་ཆེན་པོ་དཀྱིལ་འཁོར་ཅན། །ཉི་གདུགས་གང་དུ་ནུབ་འགྱུར་བ། །དེ་ན་མཚོ་ཆེན་ཟབ་མོ་འདི། །ཤིན་དུ་འདའ་བར་དཀའ་བ་སྟེ། །དེ་ནི་ཆུ་མངོན་རྒྱ་མཚོ་ཞེས། །སྐྱེ་བོས་རྟོགས་པ་མཆིས་པ་ཡི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ནི། །ཀླུ་ཡི་བདག་པོ་རྒྱལ་པོ་སྟེ། །མིང་ནི་མིག་མི་བཟང་ཞེས་བགྱི། །དེ་ནི་ཉེ་དུ་ལྷན་ཅིག་ཏུ། །གླུ་དང་གར་གྱིས་རྟག་ཏུ་རྩེ། །ཀླུ་རྣམས་ཀྱིས་ནི་ཡོངས་བསྐོར་ཅིང ། །ཀླུ་རྣམས་ཀྱིས་ནི་མདུན་གྱིས་བལྟས། །དེ་ལ་བུ་ནི་མང་མཆིས་ཏེ། །བརྒྱད་བཅུ་དང་ནི་བཅུ་དང་ཅིག་།དེ་དག་མིང་འཐུན་གྲགས་པ་ནི། །དབང་པོ་ཞེས་བགྱི་སྟོབས་པོ་ཆེ། །ལྷ་དང་ལྷ་མིན་གཡུལ་འགྱེད་པ། །ཀུན་དུ་གཞན་གྱིས་མི་ཐུབ་ལགས། །དེ་དག་རྣམས་ཀྱི་རྫོགས་སངས་རྒྱས། །སངས་རྒྱས་ཉི་མའི་གཉེན་མཐོང་ནས། །སྐྱེས་བུ་ཅང་ཤེས་ཁྱོད་ལ་འདུད། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ཞེས། །མི་ཡིས་ཕྱག་བགྱིས་ཁྱོད་ལ་ནི། །རྒྱང་རིང་གནས་ཤིང་ཕྱག་འཚལ་ལགས། །བདག་ལ་དགེ་བས་གཟིགསུ་གསོལ། །ཁྱོད་ལ་མི་མིན་ཕྱག་འཚལ་བ། །དེ་སྐད་ཡང་དང་ཡང་དུ་ཐོས། །དེ་སླད་བདག་ནི་འདི་སྐད་ཅེས། །འདྲེན་པ་རྒྱལ་ལ་ཕྱག་འཚོལ་ཅིག་།གཽ་ཏམ་རྒྱལ་ལ་ཕྱག་འཚོལ་ཅིག་།སངྱས་རིག་དང་ཞབས་ལྡན་པ། །མྱ་ངན་འདས་ལ་ཕྱག་འཚོལ་མཆི། ། 98.179b དེ་ལྟར་ནུབ་ཀྱི་ཕྱོགས་དེ་ནི། །བཟང་བ་ལགས་ཤེས་སྐྱེ་བོ་མཆི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ལགས། །གང་ན་བྱང་གི་སྒྲ་མི་སྙན། །དགའ་ཞིང་ལྷུན་ཆེན་བལྟ་མཛེས་དང ། །གང་ན་མི་རྣམས་ཚེ་ལོ་ནི། །བརྒྱ་ཕྲག་བཅུ་པ་སྐྱེ་འགྱུར་ཞིང ། །དེ་དག་མི་རྨོ་མི་འདེབས་ལ། །གཤོལ་ཡང་འཆའ་བར་མི་བགྱིད་ཅིང ། །ཚེ་རིང་མདོག་དང་ལྡན་པ་དང ། །ངེས་པར་ཡོངསུ་སྤྱོད་བགྱིད་ཅིང ། །ཟསུ་སཱ་ལུ་ཁ་དོག་དང ། །དྲི་དང་རོ་དང་ལྡན་པ་དང ། །དྲི་གདའ་མེ་ཏོག་ཚོགས་འདྲ་ཞིང ། །ལྷ་ཡི་བདུད་རྩི་འདྲ་བ་ཚལ། །ན་ལི་ཀེ་ར་བསྐོལ་བགྱིས་ན། །ཚོད་མར་དེ་འཚལ་སྲན་ཚོད་མིན། །གང་ན་མེ་ལྕེ་རྩེ་འདྲ་བའི། །སྨན་དག་འཁྲུང་བར་འགྱུར་བ་ཡི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ནི། །གནོད་སྦྱིན་བདག་པོ་རྒྱལ་པོ་སྟེ། །མིང་ནི་ལུས་ངན་པོ་ཞེས་བགྱི། །དེ་ནི་ཉེ་དུ་ལྷན་ཅིག་ཏུ། །གླུ་དང་གར་གྱིས་རྟག་ཏུ་རྩེ། །གནོད་སྦྱིན་རྣམས་ཀྱིས་ཡོངས་བསྐོར་ཅིང ། །གནོད་སྦྱིན་རྣམས་ཀྱིས་མདུན་གྱིས་བལྟས། །དེ་ལ་བུ་ནི་མང་མཆིས་སྟེ། །བརྒྱད་བཅུ་དང་ནི་བཅུ་དང་གཅིག་།དེ་དག་མིང་འཐུན་གྲགས་པ་ནི། །དབང་པོ་ཞེས་བགྱིས་སྟོབས་པོ་ཆེ། །ལྷ་དང་ལྷ་མིན་གཡུལ་འགྱེད་པ། །ཀུན་ཏུ་གཞན་གྱིས་མི་ཐུབ་ལགས། །དེ་དག་རྣམས་ཀྱིས་རྫོགས་སངས་རྒྱས། །སངས་རྒྱས་ཉི་མའི་གཉེན་མཐོང་ནས། །སྐྱེས་བུ་ཅང་ཤེས་ཁྱོད་ལ་འདུད། །སྐྱེས་མཆོག་ཁྱོད་ལ་ཕྱག་འཚལ་ཞེས། །མི་ཡི་ཕྱག་བགྱིས་ཁྱོད་ལ་ནི། །རྒྱང་རིང་གནས་ཤིང་ཕྱག་འཚལ་ལགས། །བདག་ལ་དགེ་བས་གཟིགས་སུ་གསོལ། །ཁྱོད་ལ་མི་མིན་ཕྱག་འཚལ་བ། །དེ་སྐད་ཡང་དང་ཡང་དུ་ཐོས། །དེ་སླད་བདག་ནི་འདི་སྐད་ཅེས། །འདྲེན་པ་རྒྱལ་ལ་ཕྱག་འཚོལ་ཅིག་།གཽ་ཏམ་རྒྱལ་ལ་ཕྱག་འཚོལ་ཅིག་།སངས་རྒྱས་རིག་དང་ཞབས་ལྡན་པ། ། 98.180a མྱ་ངན་འདས་ལ་ཕྱག་འཚོལ་མཆི། །དེ་ལྟར་བྱང་ཕྱི་ཕྱོགས་དེ་ནི། །བཟང་བ་ལགས་ཤེས་སྐྱེ་བོ་མཆི། །ཕྱོགས་དེ་མངོན་པར་སྐྱོང་བགྱིད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ལགས། །ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུཾ། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །ནུབ་ཕྱོགས་ན་ནི་མིག་མི་བཟང ། །བྱང་ཕྱོགས་ན་ནི་ལུས་ངན་པོ། །རྒྱལ་པོ་ཆེན་པོ་དེ་བཞི་དག་།འཇིག་རྟེན་སྐྱོང་བ་གྲགས་དང་ལྡན། །རྫུ་འཕྲུལ་ཆེན་པོ་སྟོབས་པོ་ཆེ། །ཕྱོགས་བཞི་དག་ནི་སྐྱོང་བར་བགྱིད། །རྒྱལ་པོ་དག་གི་མངག་གཞུག་པ། །གནོད་སྦྱིན་འདོད་དགུར་མཆི་བ་རྣམས། །དེ་དག་གླང་པོ་ཆེ་འཚལ་ཞིང ། །ཕྱོགས་ཕྱོགས་དག་ཏུ་རྣམ་པར་རྒྱུ། །དེ་དག་ནི་ཆིབས་རྟ་དང ། རྔ་མོ་དང ། ཁྱུ་མཆོག་དང ། མ་ཧེ་དང ། ར་དང ། ལུག་དང ། སྦྲུལ་དང ། བྱ་དང ། སྐྱེས་པ་དང ། བུད་མེད་དང ། གཞོན་ནུ་དང ། གཞོན་ནུ་མ་ལ་འཚལ་ཞིང་ཕྱོགས་ཕྱོགས་དག་ཏུ་ཡང་མཆི་ལགས་སོ། །གླང་པོ་ཆེ་གཅིག་གིས་ཤིང་རྟ་དྲངས་ཕྱོགས་ཕྱོགས་དག་ཏུ་ཡང་མཆི་ལགས་སོ། །ཆིབས་རྟ་དང ། རྔ་མོ་དང ། ཁྱུ་མཆོག་དང ། མ་ཧེ་དང ། ར་དང ། ལུག་དང ། སྦྲུལ་དང ། བྱ་དང ། སྐྱེས་པ་དང ། བུད་མེད་དང ། གཞོན་ནུ་དང ། གཞོན་ནུ་མ་གཅིག་གིས་ཤིང་རྟ་དྲངས་ཤིང་ཕྱོགས་ཕྱོགས་དག་དུ་ཡང་མཆི་ལགས་སོ། །རྫུ་འཕྲུལ་ཆེན་པོ་སྟོབས་པོ་ཆེ། །གནོད་སྦྱིན་འདོད་དགུར་མཆུ་བ་རྣམས། །བཞོན་པ་དེ་དག་འཚལ་ནས་ནི། །ཕྱོགས་བཞི་དག་ནི་སྐྱོང་བར་བགྱིད། །རྒྱལ་པོ་དག་ནི་གྲོང་ཁྱེར་དག་།སྣ་ཚོགས་མཁའ་ལ་རྒྱུ་བ་མཆིས། །འདི་ལྟ་སྟེ། ཀུན་ཏུ་རྒྱུ་བ་དང་ཀུན་དུ་རྒྱུ་བ་མ་ལགས་པ་དང ། ས་ལ་ཀུན་དུ་རྒྱུ་བ་མ་ལགས་པ་དང ། གར་བཅས་ས་སྟེང་ཀུན་དུ་རྒྱུ་བ་དང ། སྦུབས་ཅན་དང ། གྲོང་ཁྱེར་སྦུབས་ཅན་ཞེས་བགྱི་བ་དག་ལགས་སོ། །བྱང་ཕྱོགས་ན་མཚོ་ཀ་པི་བང་ཀ་ཞེས་བགྱི་བ་དག་མཆིས་ལགས་སོ། །ནུབ་ཕྱོགས་ན་གྲོང་ཁྱེར་སར་པ་གསེར་ལྡན་དང ། གོས་ཅན་དང ། གོས་མཆོག 98.180b ཅན་དང ། པད་མ་ཅན་དང ། པད་མ་བཟང་པོ་ཅན་དང ། ས་གཞི་ཅན་ཞེས་བགྱི་བ་དག་མཆིས་ལགས་སོ། །ཆབ་རྒྱུན་མང་པོའི་གནས་གྱུར་པ། །འཛིན་པ་ཞེས་བགྱིའི་མཚོ་མཆིས་ཏེ། །ཆབ་རྒྱུན་ཐ་དད་དེ་ལས་འབྱུང ། །དེ་ལས་དགུང་ཆར་འབབ་པར་འགྱུར། །བཙུན་པ་གྲོང་ཁྱེར་ཨུ་ཤི་རའི་སྦུབས་ཀྱི་ཕ་རོལ་ན། ལུས་གནས་དང་ནི་གནས་ཡངས་དང ། །དེ་བས་གནས་ཡང་རྒྱུན་ལུགས་ཅན། །རྒྱུན་ལུགས་མང་དང་དེ་བས་མང ། །བར་སྣང་མཁའ་ལ་བྱ་བལྟར་གདའ། །བཙུན་པ་གྲོང་ཁྱེར་སྦུབས་ཅན་གྱིས་ཕ་རོལ་བྱང་ཕྱོགས་ན་མདུན་ས་བྱ་གར་ཅན་ཞེས་བགྱི་བ་ཡང་མཆིས་སྟེ། དེར་ནི་གནོད་སྦྱིན་རྣམས་འདུ་ཤིང་གནས་ལགས་སོ། །རྐང་མི་སྡུག་ལ་མཆུ་འཕྱངས་དང ། །འཇིགས་རུང་ལྟོ་སྤུ་ཅན་དག་མཆིས། །དེ་ན་ལྗོན་ཤིང་འབྲས་བུ་རྟག་།རྨ་བྱ་ཁྲུང་ཁྲུང་སྒྲ་སྙན་དང ། །ཁུ་བྱུག་སྒྲ་སྐད་ཆེན་པོ་དང ། །ཤང་ཤང་ཏེའུ་དག་སྒྲ་འབྱིན་ཅིང ། །རྨ་བྱ་རྣམས་ཀྱི་སྒྲ་དག་དང ། །ཀཽ་ཀུམ་བྷ་དང་ཆུན་ལག་དང ། །བྱ་རྣམས་སྣ་ཚོགས་སྐད་འབྱིན་ཅིང ། །མེ་ཏོག་སྦྲང་རྩིའི་རོ་ལ་དགའ། །ལུས་ངན་པོ་དེ་གླུ་གར་གྱིས། །པད་མ་ཅན་དང་ལྷན་ཅིག་རྩེ། །བཙུན་པ་གྲོང་ཁྱེར་ལྕང་ལོ་ཅན་གྱི་ཕ་རོལ་ན་རྒྱལ་པོ་དཔའ་བོ་ཞེས་བགྱི་བ་ཡུལ་འཁོར་མུ་ཁྱུད་ན་མཆིས་ལགས་སོ། །བདག་གང་ན་མཆིས་པའི་མདུན་ས་དེ་ནི་ཁྱུ་མཆོག་ཅན་ཞེས་བགྱི་སྟེ། བདགིས་མིང་ནི་རྣམ་ཐོས་ཀྱི་བུ་ཞེས་བགྱི་ལགས་སོ། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགསོ། །ཏདྱ་ཐཱ། ཨི་ལི་མི་ལི་ཨི་ལི་མི་ལི། ཀིད་ཊི་མཱུ་ལེ། ཧི་ལི་ཀིད་ཊི་མཱུ་ལེ། ཧུ་དུ་མེ་ཧུ་དུ་ར་དུ་མེ། གཽ་རི། གན་དྷ་རི། གོ་དོ་ཧ་ནི། ཨོ་ཀེ་མོ་ཀེ་སཝཱ་ཧཱ། བཙུན་པ་བཅྡོཾས་ཀྱི་སྤྱན་སྔར་བདག་གིས་དྲི་ཟ་རྣམས་དང ། དྲི་ཟ་ཆེན་པོ་རྣམས་དང ། དྲི་ཟའི་སྡེ་དཔོན་རྣམས་དང ། དམག་དཔོན་རྣམས་ཀྱི་མིང་བརྗོད་པར་བགྱི་ལགས་སོ། །འདི་ལྟ་སྟེ། འདོད་མོས་དགའ་བས་མྱོས 98.181a པ་དང ། །ཀླུ་ཡིས་མྱོས་པ་སྤུན་དང་ནི། །ཕྲེང་བས་མྱོས་དང་སྦྲང་རྩིས་མྱོས། །མེ་ཏོག་མྱོས་པ་སྤུན་རྣམས་དང ། །རྟག་ཏུ་མྱོས་དང་དཔལ་གྱིས་མྱོས། །ནོར་གྱིས་མྱོས་དང་དགའ་བྱེད་དང ། །ུད་པལ་ཟླ་བ་པད་མ་དང ། །ལྔ་འཛིན་དང་ནི་ཁུ་བྱུག་སྒྲ། །ཏུམ་བུ་རུ་དང་གཙུག་ལྔ་དང ། །གསེར་སྤྱོད་བུ་མོ་གསེར་ཅན་དང ། །པ་བ་སངས་དང་ཕུར་བུ་དག་།འགྲོ་གནས་ཇི་སྙེད་རྒྱལ་པོ་ལགས། །དེ་དག་ནི་བདག་གིས་སྤུན་ལགས་ཏེ། དེ་དག་ལ་བདག་དྲི་ཟ་འདི་བདག་ལ་འཚེའོ། །དྲི་ཟ་འདི་ནི་བདག་མི་གཏོང་ངོ་ཞེས་མཆི་ཞིང་དེ་དག་ལ་གོ་བར་བགྱིད་ལགས་སོ། །བདག་ལ་འཚེ་བའི་དྲི་ཟ་དང ། །བདག་མི་གཏོང་བའི་དྲི་ཟ་ཡིས། །ལེགས་པར་སྨྲས་པ་འདི་ཐོས་ན། །རྫ་ཀའི་དོག་པ་བཞིན། །དེའི་མགོ་ཚལ་པ་བདུན་དུ་འགས། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཀུན་ཏུ་ལེ། ཀུན་ཏུ་ལེ། ཀུན་ཏུ་ལེ། ཀུན་ཏུ་ལེ། ཨེ་ཧི་ཨེ་ཧི། ས་དཱ་མད་ཏི་ཀེ་།ས་དཱ་བྷཎ་ཊི་ནི་ཀེ་།ཏིཥྛ་དུཥྛ་བད་དྷོ་སི་སཝཱ་ཧཱ། བཙུན་པ་བཅྡོཾས་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ལགས་པ་དང་འཐུན་པའི་མདོ། །རིག་སྔགས་དང ། བསྲུང་བ་དང ། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ། གལ་ཏེ་དྲི་ཟ་འམ། དྲི་ཟ་མོ་འམ། དྲི་ཟ་རྒན་པོ་འམ། དྲི་ཟ་རྒན་མོ་འམ། དྲི་ཟའི་བུ་ཕོ་འམ། དྲི་ཟའི་བུ་མོ་འམ། དྲི་ཟའི་འཁོར་ཕོ་འམ། དྲི་ཟའི་འཁོར་མོ་འམ། དྲི་ཟའི་མངག་གཞུག་པ་འམ། དྲི་ཟའི་མངག་གཞུག་མ་འཚེ་བར་བགྱིད་པ། གླགས་ལྟ་ཞིང་གླགས་འཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང ། ཉེ་བར་འགྲེང་ངམ། ཉེ་བར་མཆི་བར་གྱུར་ན་གླགས་མི་རྙེད་ཅིང་གནས་མི་རྙེད་ལ། དྲི་ཟ་རྣཾས་ཀྱི་དྲི་ཟ་འདུ་བའི་ནང་དུ་མཆེར་མི་ཆུད་ཅིང་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་ཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་པ་བདུན་དུ་འགས་ལགསོ། །བཙུན་པ་བཅྡོཾས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མ་འམ། 98.181b དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ། ་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ལགས་པ་དང་འཐུན་པའི་མདོ། རིག་སྔགས་དང ། སྲུང་བ་དང ། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ། གལ་ཏེ་ཤ་ཟ་འམ། ཤ་ཟ་མོ་འམ། ཤ་ཟ་རྒན་པོ་འམ། ཤ་ཟ་རྒན་མོ་འམ། ཤ་ཟའི་བུ་ཕོ་འམ། ཤ་ཟའི་བུ་མོ་འམ། ཤ་ཟའི་འཁོར་ཕོ་འམ། ཤ་ཟའི་འཁོར་མོ་འམ། ཤ་ཟའི་མངག་གཞུག་པ་འམ། ཤ་ཟའི་མངག་གཞུག་མ་འཚེ་བར་བགྱིད་པ། གླགས་ལྟ་ཞིང་གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང ། ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་གླགས་མི་རྙེད་ཅིང ། གནས་མི་རྙེད་ལ། ཤ་ཟ་རྣམས་ཀྱི་ཤ་ཟ་འདུ་བའི་ནང་དུ་མཆིར་མི་ཆུད་ཅིང་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་སོ། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཧུ་མེ་ཧུ་མེ། ཧུ་མི་ལེ། ཧུ་མི་ལ་བཱ་ཏི་ཡེ་སཝཱ་ཧཱ། བཙུན་པ་བཅྡོཾས་ལྡན་འདས་ཀྱི་སྤྱན་སྔར་བདག་གིས་གྲུལ་བུམ་རྣམས་དང ། གྲུལ་བུམ་ཆེན་པོ་རྣམས་དང ། གྲུལ་བུམ་གྱི་སྡེ་དཔོན་རྣམས་དང ། དམག་དཔོན་རྣམས་ཀྱི་མིང་བརྗོད་པར་བགྱི་ལགས་སོ། །འདི་ལྟ་སྟེ། བྱིན་དང་ཉེ་བྱིན་ཀྲི་མི་ཤ་།རྩིབ་ལོགས་ཆེ་དང་གསུས་པོ་ཆེ། །ལག་བཅུ་དང་ནི་ས་ལ་རྒྱུ། གཡོན་ཕྱོགས་ནག་པོ་དམར་པོ་དང ། །སྤྲིན་མདོག་དང་ནི་དྲི་མེད་དང ། །རྣ་བ་རིང་དང་འབྲུག་སྒྲ་སྒྲོགས། །རལ་པ་ཅན་དང་སྟོབས་བཅུ་དང ། །སྲིད་སྒྲུབ་དང་ནི་འདོད་དགུར་མཆི། །འཇོག་པོ་དང་ནི་བྱ་བ་སྦེད། །ལ་བ་བཟང་ལྡན་གསུམ་པོ་དང ། །ཚོན་ཀུན་དང་ནི་མིག་བཀྲ་པོ། །འགྲོ་གནས་ཇི་སྙེད་མཆིས་པ་ལགས། །དེ་དག་ནི་བདག་གི་དཔུན་ལགས་ཏེ། དེ་དག་ལ་བདག་གྲུལ་བུམ་འདྀ་ནི་བདག་ལ་འཚེའོ། །གྲུལ་བུམ་འདི་ནི་བདག་མི་གཏོང་ངོ་ཞེས་མཆི་ཞིང་དེ་དག་ལ་གོ་བར་བགྱིད་ལགསོ། །བདག་ལ་འཚེ་བའི་གྲུལ་བུཾ་དང ། །བདག་མི་གཏོང་བའི་གྲུལ་བུམ་གྱིས། །ལེགས་པར་སྨྲས་པ་འདི་ཐོས་ནས། །རྫ་ཀའི 98.182a དོག་པ་བཞིན། །དེའི་མགོ་ཚལ་པ་བདུན་དུ་འགས། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། སི་རེ་བི་སི་རེ། སི་རེ་བི་ས་རེ། སི་རེ་བི་ས་རེ། ཀྲིཥྞ་ཚ་ག་ལེ། ཀ་རཱ་ཌི། པིཾ་ག་ལེ་སཝཱ་ཧཱ། བཙུན་པ་བཅྡོཾས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ལགས་པ་དང་འཐུན་པའི་མདོ། རིག་སྔགས་དང ། སྲུང་བ་དང ། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ། གལ་ཏེ་གྲུལ་བུམ་འམ། གྲུལ་བུམ་མོ་འམ། གྲུལ་བུམ་རྒན་པོ་འམ། གྲུལ་བུམ་རྒན་མོ་འམ། གྲུལ་བུམ་གྱི་བུ་ཕོ་འམ། གྲུལ་བུམ་གྱི་བུ་མོ་འམ། གྲུལ་བུམ་གྱི་འཁོར་ཕོ་འམ། གྲུལ་བུམ་གྱི་འཁོར་མོ་འམ། གྲུལ་བུམ་གྱི་མངག་གཞུག་པ་འམ། གྲུལ་བུམ་གྱི་མངག་གཞུག་མ་འཚེ་བར་བགྱིད་པ་གླགས་ལྟ་ཞིང་གླགས་འཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང ། ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་གླགས་མི་རྙེད་ཅིང ། ་གནས་མི་རྙེད་ལ། གྲུལ་བུམ་རྣམས་ཀྱི་གྲུལ་བུམ་འདུ་བའི་ནང་དུ་མཆིར་མི་ཆུད་ཅིང་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་སོ། །བཙུན་པ་བཅོམ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ལགས་པ་དང་འཐུན་པའི་མདོ། རིག་སྔགས་དང ། སྲུང་བ་དང ། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ། གལ་ཏེ་ཡི་དགས་སམ། ཡི་དགས་མོ་འམ། ཡི་དགས་རྒན་པོ་འམ། ཡི་དགས་རྒན་མོ་འམ། ཡི་དགས་ཀྱི་བུ་ཕོ་འམ། ཡི་དགས་ཀྱི་བུ་མོ་འམ། ཡི་དགས་ཀྱི་འཁོར་ཕོ་འམ། ཡི་དགས་ཀྱི་འཁོར་མོ་འམ། ཡི་དགས་ཀྱི་མངག་གཞུག་པ་འཾ། ཡི་དགས་ཀྱི་མངག་གཞུག་མ་འཚེ་བར་བགྱིད་པ 98.182b གླགས་ལྟ་ཞིང་གླགས་འཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང ། ཉེ་བར་འགྲེང་ངམ། ཉེ་བར་མཆི་བར་གྱུར་ན། གླགས་མི་རྙེད་ཅིང་གནས་མི་རྙེད་ལ། ཡི་དགས་རྣམས་ཀྱི་ཡི་དགས་འདུ་བའི་ནང་དུ་མཆིར་མི་ཆུད་ཅིང ། རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་སོ། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཡུ་མེ་ཡུ་མེ། ཡུ་མི་ལེ། ཡུ་མི་ལ་བཱ་ཏི་ཡི་སཝཱ་ཧཱ། བཙུན་པ་བཅྡོཾས་ཀྱི་སྤྱན་སྔར་བདག་གིས་ཀླུ་རྣམས་དང ། ཀླུ་ཆེན་པོ་རྣམས་དང ། ཀླུའི་སྡེ་དཔོན་རྣམས་དང ། དམག་དཔོན་རྣམས་ཀྱི་མིང་བརྗོད་པར་བགྱི་ལགས་སོ། །འདི་ལྟ་སྟེ། དགའ་དང་ཉེ་དགའ་ཀུན་དགའ་དང ། །ནོར་རྒྱལ་དང་ནི་འཛམ་བུ་བཟང ། །སེར་པོ་དང་ནི་ཞོ་རྣ་དང ། །དབང་པོའི་ལག་དང་བཀྲ་ཤིས་དང ། །མྱ་ངན་མེད་དང་མྱ་ངན་བྲལ། །རབ་གྲོལ་དང་ནི་རྒྱལ་བའི་བདག་།ངོས་ཡངས་པོ་དང་ངོས་བཀྲ་དང ། །ཡངས་པ་ཅན་དང་བཀྲ་འདུད་རྒྱལ། །གདེངས་ཀ་ཆེ་དང་སྐར་དགའ་དང ། །ནག་པོ་ཆེ་དང་ལག་འགྲོ་དང ། །ར་སྐྱོང་དང་ནི་འཇོག་པོ་དང ། །གཡོན་ཕྱོགས་དེ་བཞིན་ནག་པོ་དང ། །སྔོ་བསངས་དཀར་དང་འགྲོགས་པ་ནི། །འགྲོ་གནས་ཇི་སྙེད་མཆི་པ་ལགས། །དེ་དག་ནི་བདག་གི་སྤུན་ལགས་ཏེ། དེ་དག་ལ་བདག་ཀླུ་འདི་ནི་བདག་ལ་འཚེའོ། །ཀླུ་འདི་ནི་བདག་མི་གཏོང་ངོ་ཞེས་མཆི་ཞིང་དེ་དག་ལ་གོ་བར་བགྱིད་ལགས་སོ། །བདག་ལ་འཚེ་བའི་ཀླུ་དག་དང ། །བདག་མི་གཏོང་བའི་ཀླུ་རྣམས་ཀྱིས། །ལེགས་པར་སྨྲས་པ་འདི་ཐོས་ན། །རྫ་ཀའི་དོག་པ་བཞིན། །དེའི་མགོ་ཚལ་པ་བདུན་དུ་འགས། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཙི་ལེ་བི་ཙི་ལེ། ཙི་ལེ་བི་ཙི་ལེ། གཽ་རི། གན་དྷ་རི། མ་ཏངྒི ། ཙཎ་ཌ་ལི་སཝཱ་ཧཱ། བཙུན་པ་བཅོཾ་ལྡན་འདས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་དུ་རྒྱུ་བ་དང་ཀུན་དུ་རྒྱུ་བ་མ་ལགས་པ་དང་འཐུན་པའི་མདོ་རིག་སྔགས་དང ། སྲུང་བ་དང ། སུག་པ་རྐང་པ་ལ་ཕྱག 98.183a འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ་གལ་ཏེ་ཀླུ་འམ། ཀླུ་མོ་འམ། ཀླུ་རྒན་པོ་འམ། ཀླུ་རྒན་མོ་འམ། ཀླུའི་བུ་ཕོ་འམ། ཀླུའི་བུ་མོ་འམ། ཀླུའི་འཁོར་ཕོ་འམ། ཀླུའི་འཁོར་མོ་འམ། ཀླུའི་མངག་གཞུག་པ་འམ། ཀླུའི་མངག་གཞུག་མ་འཚེ་བར་བགྱིད་པ་གླགས་ལྟ་ཞིང་གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང་ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན། གླགས་མི་རྙེད་ཅིང་གནས་མི་རྙེད་ལ། ཀླུ་རྣམས་ཀྱི་ཀླུ་འདུ་བའི་ནང་དུ་ཆིར་མི་ཆུད་ཅིང་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་སོ། །བཙུན་པ་བཅྡོཾས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་དུ་རྒྱུ་བ་དང་ཀུན་དུ་རྒྱུ་བ་མ་ལགས་པ་དང་འཐུན་པའི་མདོ། རིག་སྔགས་དང ། སྲུང་བ་དང ། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ་གལ་ཏེ་ལུས་སྲུལ་པོ་འམ། ལུས་སྲུལ་མོ་འམ། ལུས་སྲུལ་རྒན་པོ་འམ། ལུས་སྲུལ་རྒན་མོ་འམ། ལུས་སྲུལ་པོའི་བུ་ཕོ་འམ། ལུས་སྲུལ་པོའི་བུ་མོ་འམ། ལུས་སྲུལ་པོའི་འཁོར་ཕོ་འམ། ལུས་སྲུལ་པོའི་འཁོར་མོ་འམ། ལུས་སྲུལ་པོའི་མངག་གཞུག་པ་འམ། ལུས་སྲུལ་པོའི་མངག་གཞུག་མ་འཚེ་བར་བགྱིད་པ་གླགས་ལྟ་ཞིང་གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆིས་ཞིང ། ཉེ་བར་འགྲེང་ངམ་ཉེ་བར་མཆིས་པར་གྱུར་ན། གླགས་མི་རྙེད་ཅིང་གནས་མི་རྙེད་ལ། ལུས་སྲུལ་པོ་རྣམས་ཀྱི་ལུས་སྲུལ་པོ་འདུ་བའི་ནང་དུ་མཆིར་མི་ཆུད་ཅིང་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་སོ། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཨ་བི་བ་ཧ་ན་ཏི་ཡེ་སཝཱ་ཧཱ། བཙུན་པ་བཅྡོཾས་ཀྱི་སྤྱན་སྔར་བདག་གིས་གནོད་སྦྱིན་རྣམས་དང ། གནོད 98.183b སྦྱིན་ཆེན་པོ་རྣམས་དང ། གནོད་སྦྱིན་གྱི་སྡེ་དཔོན་རྣམས་དང ། དམག་དཔོན་རྣམས་ཀྱི་མིང་བརྗོད་པར་བགྱི་ལགས་སོ། །འདི་ལྟ་སྟེ། དབང་པོ་ཟླ་བ་ཆུ་ལྷ་དང ། །བྷ་ར་དྭ་ཙ་སྐྱེས་དགུའི་བདག་།དབང་ལྡན་ཙན་དན་འདོད་གཙོ་དང ། །མགྲིན་ངན་དང་ནི་མགུལ་ངེས་དང ། །སྟོབས་ལྡན་ནོར་བུ་ནོར་སྤྱོད་དང ། །སྒྲ་རབ་དང་ནི་ཉེ་ལྔ་དང ། །རི་གཉམ་གསེར་ཅན་གང་པོ་དང ། །སེང་ལྡེང་པ་དང་གཡོན་ཅན་དང ། །གནོད་སྦྱིན་བ་སྐྱོང་འགྲོག་གནས་དང ། །རྒྱལ་བ་ཁྱུ་མཆོག་མིའི་རྒྱལ་པོ། །དྲི་ཟ་སྣ་ཚོགས་སྡེ་དང་ནི། །ལྕགས་མདུང་རིང་དང་མ་ལྡན་དང ། །ཚིག་ལྔ་སེར་པོ་ཡིད་དགའ་དང ། །གནོད་སྦྱིན་རིང་པོ་འཁོར་དང་བཅས། །འབྲས་བུ་གསུམ་དང་མགུལ་གསུམ་པ། །འགྲོ་གནས་ཇི་སྙེད་མཆིས་པ་ལགས། །དེ་དག་ནི་བདག་གི་སྤུན་ལགས་ཏེ། དེ་དག་ལ་བདག་གནོད་སྦྱིན་འདི་ནི་བདག་ལ་འཚེའོ། །གནོད་སྦྱིན་འདི་དག་ནི་བདག་མི་གཏོང་ངོ་ཞེས་མཆི་ཞིང་དེ་དག་ལ་གོ་བར་བགྱིད་ལགས་སོ། །བདག་ལ་འཚེ་བའི་གནོད་སྦྱིན་དང ། །བདག་མི་གཏོང་བའི་གནོད་སྦྱིན་གྱིས། །ལེགས་པར་སྨྲས་པ་འདི་ཐོས་ན། །རྫ་ཀའི་དོག་པ་བཞིན། །དེའི་མགོ་ཚལ་པ་བདུན་དུ་འགས། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཧི་ལེ་མི་ལེ། ཀཱིར་ཏི་མཱུ་ལེ་ཧི་ལི་ཀཱིར་ཏི་མཱུ་ལེ། ཨོ་ཏུམ་བེ་ཏུམ་བེ་ཨོ་ཏུམ་བེ་ཏུམ་བེ། ཨོ་གྷེ་མོ་གྷེ། གོ་དེ་ཧེ། བྷྲིཾ་གྷ་རེ། རི་ཥི་སད་ཏ་མེ་སཝཱ་ཧཱ། བཙུན་པ་བཅྡོཾས་ཀྱི་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་དུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ལགས་པ་དང་འཐུན་པའི་མདོ། རིག་སྔགས་དང ། སྲུང་བ་དང ། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ་གལ་ཏེ་གནོད་སྦྱིན་ནམ། གནོད་སྦྱིན་མོ་འམ། གནོད་སྦྱིན་རྒན་པོ་འམ། གནོད་སྦྱིན་རྒན་མོ་འམ། གནོད་སྦྱིན་གྱི་བུ་ཕོ་འམ། གནོད་སྦྱིན་གྱི་བུ་མོ་འམ། གནོད་སྦྱིན་གྱི་འཁོར་ཕོ་འཾ། གནོད་སྦྱིན་གྱི་འཁོར་མོ་འམ། 98.184a གནོད་སྦྱིན་གྱི་མངག་གཞུག་པ་འམ། གནོད་སྦྱིན་གྱི་མངག་གཞུག་མ་འཚེུ་བར་བགྱིད་པ་གླགས་ལྟ་ཞིང་གླགས་ཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིང ། ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན་གླགས་མི་རྙེད་ཅིང་གནས་མི་རྙེད་ལ། གནོད་སྦྱིན་རྣམས་ཀྱི་གནོད་སྦྱིན་འདུ་བའི་ནང་དུ་མཆིར་མི་བཆུད་ཅིང་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་སོ། །བཙུན་པ་བཅྡོཾས་ཀྱི་ཉན་ཐོས་དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མ་གང་ལ་ལ་ཀུན་ཏུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ལགས་པ་དང་འཐུན་པའི་མདོ། རིག་སྔགས་དང ། སྲུང་བ་དང ། སུག་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་རྒྱ་ཆེར་ལུང་མནོས་ཤིང་འདོན་པར་བགྱིད་པ་དེ་ལ། གལ་ཏེ་སྲིན་པོ་འམ། སྲིན་མོ་འམ། སྲིན་པོ་རྒན་པོ་འམ། སྲིན་པོ་རྒན་མོ་འམ། སྲིན་པོའི་བུ་ཕོ་འམ། སྲིན་པོའི་བུ་མོ་འམ། སྲིན་པོའི་འཁོར་ཕོའཾ། སྲིན་མོའི་འཁོར་མོ་འམ། སྲིན་པོའི་མངག་གཞུག་པ་འམ། སྲིན་པོའི་མངག་གཞུག་མ་འཚེ་བར་བགྱིད་པ་གླགས་ལྟ་ཞིང་གླགས་འཚོལ་བ་ལ་ལ་ཞིག་ཉེ་བར་མཆི་ཞིག་ཉེ་བར་འགྲེང་ངམ། ཉེ་བར་མཆིས་པར་གྱུར་ན། གླགས་མི་རྙེད་ཅིང་གནས་མི་རྙེད་ལ། སྲིན་པོ་རྣམས་ཀྱི་སྲིན་པོ་འདུ་བའི་ནང་དུ་མཆིར་མི་ཆུད་ཅིང་རྒྱལ་པོའི་ཕོ་བྲང་ལྕང་ལོ་ཅན་དུ་ཡང་གནས་མི་འཐོབ་སྟེ། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་ཚལ་པ་བདུན་དུ་འགས་ལགས་སོ། །དེ་ལ་གསང་སྔགས་ཀྱི་ཚིག་ནི་འདི་དག་ལགས་སོ། །ཏདྱ་ཐཱ། ཧི་ལི་ཧི་ལི། ཧུ་ལུ་ཧུ་ལུ། ཡུ་མེ་ཡུ་མི་ལེ། ཡུ་མི་ལ་བཱ་ཏི་ཡེ་སཝཱ་ཧཱ། ཞེས་རྒྱ་ཆེར་སྨྲས་ནས། ངའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ། དེ་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །དགེ་སློང་དག་ཁྱེད་ཀྱིས་འདི་ལྟར་བདག་ཉིད་བསྲུང་བ་དང ། བསྐྱབ་པ་དང ། བདེ་བ་ལ་རེག་པར་གནས་པར་བྱ་བ་དང ། གནོད་སྦྱིན་དང ། མི་མ་ཡིན་པ་གདུག་པ་གཉུག་མར་གནས་པ་མངོན་པར་མ་དད་པ་དག་མངོན་པར་དད་པར་བྱ་བ་དང ། 98.184b མངོན་པར་དད་པ་རྣམས་ཀྱང་ཕྱིར་ཞིང་འཕེལ་བར་བྱ་བའི་ཕྱིར་ཀུན་དུ་རྒྱུ་བ་དང་ཀུན་ཏུ་རྒྱུ་བ་མ་ཡིན་པ་དང་འཐུན་པའི་མདོ། རིག་སྔགས་དང ། སྲུང་བ་དང ། སུགས་པ་རྐང་པ་ལ་ཕྱག་འཚལ་བར་འགྱུར་བ་འདི་ཉིད་ལོང་ཤིག་།ཟུང་ཤིག་།ཆོང་ཤིག་།ལྷོགས་ཤིག་།བཅྡོཾས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །བར་སྡོམ་ནི། ཨི། ཀུ། ཧུ། སི། ཡུ། ཙི། ཨཱ། ཧི། ཧི། གསང་སྔགས་ཀྱི་ཚིག་རྣམ་པ་དགུ་སྨོས་པ་དང་གོ་རིམས་བཞིན་དུ་སྦྱར་རོ། །མདོ་ཆེན་པོ་ཀུན་ཏུ་རྒྱུ་བ་དང་ཀུན་དུ་རྒྱུ་བ་མ་ཡིན་པ་དང་འཐུན་པའི་མདོ་ཞེས་བྱ་བ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། པྲཛྙཱ་བར་མ་དང ། ཞུ་ཆེན་གྱི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། |