rKTs


J650

(e-text produced by ADARSHA)

see text in transliteration
98.161a
༄#། །རྒྱ་གར་སྐད་དུ། ་མ་ཧཱ་ས་མཱ་ཛ་སུ་ཏྲན་ནཱ་མ་མ་ཧཱ་སཱུ་ཏྲ། ་བོད་སྐད་དུ། ་མདོ་ཆེན་པོ་འདུས་པ་ཆེན་པོའི་མདོ་ཞེས་བྱ་བ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས
98.161b
ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཤཱཀྱ་རྣམས་ཀྱི་སེར་སྐྱའི་གནས་ཀྱི་ནགས་ཚལ་ན། དགེ་སློང་ལྔ་བརྒྱ་ཐཾད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདག་གི་དོན་རྗེསུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ་ཡོངསུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་དུ་རྣམ་པར་གྲོལ་བ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་བཅྡོཾས་དགེ་སློང་གི་དགེ་འདུན་ལ་མྱ་ངན་ལས་འདས་པ་དང་ལྡན་པའི་ཆོས་ཀྱི་གཏཾ་སྟོན་པར་མཛད་དེ། དེའི་ཚེ་ན་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁཾས་དག་ནས། དབང་ཆེ་བར་གྲགས་པ་དབང་ཆེ་བར་གྲགས་པའི་ལྷ་དག་ལྷགས་ནས། བཅྡོཾས་དང་དགེ་སློང་གི་དགེ་འདུན་ལ་བསྙེན་བཀུར་བྱེད་དོ། །དེ་ནས་ཚངས་རིགས་ཀྱི་ལྷ་ཚངས་པའི་འཇིག་རྟེན་གནས་པ་བཞི་ཞིག་འདི་སྙམ་དུ་སེམས་ཏེ། སངྱས་བཅྡོཾས་དེ་ནི་ཤཱཀྱ་རྣཾས་ཀྱི་སེར་སྐྱའི་གནས་ཀྱི་ནགས་ཚལ་ན། དགེ་སློང་ལྔ་བརྒྱ་ཐཾད་ཀྱང་དགྲ་བཅོམ་པ་ཟག་པ་ཟད་པ། བྱ་བ་བྱས་པ། བྱེད་པ་བྱས་པ། ཁུར་བོར་བ། བདགི་དོན་རྗེསུ་ཐོབ་པ། སྲིད་པར་ཀུན་དུ་སྦྱོར་བ་ཡོངསུ་ཟད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ་ཤ་སྟག་དང་ཐབས་གཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་ལ་མྱ་ངན་ལས་འདས་པ་དང་ལྡན་པའི་ཆོས་ཀྱི་གཏཾ་སྟོན་པར་མཛད་དེ། དེའི་ཚེ་ན་ཕྱོགས་བཅུ་ཀུན་གྱི་འཇིག་རྟེན་གྱི་ཁམས་དག་ནས་དབང་ཆེ་བར་གྲགས་པ་དབང་ཆེ་བར་གྲགས་པའི་ལྷ་དག་ལྷག་ནས་བཅོམ་ལྡན་འདས་དང ། ་དགེ་སློང་གི་དགེ་འདུན་ལ་བསྙེན་བཀུར་བྱེད་ཀྱིས་བདག་ཅག་ཀྱང་སོང་ལ། བཅོམ་ལྡན་འདས་ལ་རེ་རེ་ནས་ཚིགསུ་བཅད་པས་མངོན་པར་བསྟོད་པར་བྱ་གོར་མ་ཆག་སྙམ་མོ། །དེ་ནས་ཚངས་རིས་ཀྱི་ལྷ་བཞི་པོ་དག་འདི་ལྟ་སྟེ། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པས་ལག་པ་བསྐུམ་པ་ལས་བརྐྱང་བ་འམ། བརྐྱང་བ་ལས་བསྐུམ་པ་ཙམ་གྱིས་ཚངས་པའི་འཇིག་རྟེན་ནས་མི་སྣང་བར་གྱུར་ཅིང ། བཅྡོཾས་ཀྱི་སྤྱན་སྔར་ལྷགས་ཏེ།
98.162a
ཕྱོགས་གཅིག་ཏུ་འཁོད་ནས། ཚངས་རིས་ཀྱི་ལྷ་གཅིག་གིས་ཚིགསུ་བཅད་དེ་གསོལ་བ། འདུས་པ་ཆེ་ལ་གཞོལ་བ་ཡི། །ལྷ་ཚོགས་ཀུན་ནས་ལྷགས་གྱུར་པས། །གཞན་གྱིས་མི་ཐུབ་དགེ་འདུན་ལ། །བལྟ་བའི་སླད་དུ་བདག་ཅག་མཆིས། །ཚངས་རིས་ཀྱི་ལྷ་གཉིས་པས་ཚིགསུ་བཅད་དེ་གསོལ་བ། དྲང་པོར་གྱུར་པའི་སེཾས་ཀྱིས་ནི། །འདི་ན་དགེ་སྦྱོང་རབ་བརྩོན་པ། །ཁ་ལོ་བ་ལྟར་མིག་བླངས་ཤིང ། །དབང་པོ་རྣམས་ནི་ལེགས་སྡོམ་བགྱིད། །ཚངས་རིས་ཀྱི་ལྷ་གསུམ་པས་ཚིགསུ་བཅད་དེ་གསོལ་བ། དབང་ཕུར་འོད་བ་འོབས་འདྲ་བའི། །ཕུར་བུ་རབ་བཅོམ་བཀྲིར་མི་ཚུགས། །དེ་དག་སྲེད་བྲལ་དག་སྤྱོད་ཅིང ། །འདྲེན་པས་གླང་པོ་གཞོན་ལྟར་བཏུལ། །ཚངས་རིས་ཀྱི་ལྷ་བཞི་པས་ཚིགསུ་བཅད་དེ་གསོལ་བ། གང་དག་སངས་རྒྱས་སྐྱབས་མཆི་བ། །དེ་དག་ངན་འགྲོར་མི་མཆི་ཞིང ། །མི་ལུས་སྤངས་པར་གྱུར་ནས་ཀྱང ། །ལྷའི་ལུས་ནི་ཐོབ་པར་འགྱུར། །ཚངས་རིས་ཀྱི་ལྷ་བཞི་པོ་དག་གིས་དེ་སྐད་ཅེས་གསོལ་ནས་དེ་ཉིད་ན་བག་བཅུམ་སྟེ་འཁོད་དོ། །དེ་ནས་བཅྡོཾས་ཀྱིས་ལྷའི་འཁོར་ཐཾད་ལ་རྣམ་པར་གཟིགས་ནས། དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་ཀྱེ་མ་ལྷ་རྣམས་ཀྱི་འདུས་པ་འདི་ནི་ཆེ་བ་ཡིན་ནོ། །དགེ་སློང་དག་ཀྱེ་མ་ལྷ་རྣཾས་ཀྱི་འདུས་པ་འདི་ནི་ཤིན་ཏུ་ཆེ་བ་ཡིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་འདས་པའི་དུས་ན་བྱུང་བར་གྱུར་པའི་སངས་རྒྱས་བཅྡོཾས་དེ་དག་ལ་ཡང་འདི་ལྟ་སྟེ། དཔེར་ན་ད་ལྟར་ངའི་ལྷ་རྣཾས་ཀྱི་འདུས་པ་ཆེན་པོ་འདི་ཁོ་ན་ལྟ་བུ་དག་འདུས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གང་དག་མ་འོངས་པའི་དུས་ན་འབྱུང་བར་འགྱུར་བའི་སངྱས་བཅྡོཾས་དེ་དག་ལ་ཡང་འདི་ལྟ་སྟེ། དཔེར་ན་ད་ལྟར་ངའི་ལྷ་རྣཾས་ཀྱི་འདུས་པ་ཆེན་པོ་འདི་ཁོ་ན་ལྟ་བུ་དག་འདུ་བར་འགྱུརོ། །དགེ་སློང་དག་ལྷ་རྣཾས་ཀྱི་མིང་དག་བརྗོད་པར་བྱས། ལྷ་རྣམས་ཀྱི་མི་དག་ཟུང་ཤིག་།གང་དག་ས་ལ་གནས་པ་དང ། །གང་དག་རི་ཁྲོད་གནས
98.162b
པ་རྣམས། །སེང་གེ་བཞིན་དུ་ཐ་དད་ལ། །སེམས་བསྡུས་མཉམ་པར་བཞག་བྱས་ཤིང ། །ཀུན་ནས་འདུས་པར་གྱུར་པ་ནི། །སྤུ་དག་ཟིང་ཞེས་བྱེད་པ་ཡིན། །གང་དག་ས་ལ་གནས་པ་དང ། །གང་དག་རི་ཁྲོད་གནས་པ་རྣམས། །སེང་གེ་བཞིན་དུ་ཐ་དད་ལ། །སེམས་བསྡུས་མཉམ་པར་བཞག་བྱས་ཤིང ། །ཀུན་ནས་འདུས་གྱུར་སྤུ་ཟིང་ཞེས། །བྱེད་པ་བདགིས་བརྗོད་པར་བྱ། །ཡིད་བྱད་དག་ཅིང་རབ་དང་ལ། །རྙོག་མེད་འཆི་བདག་སྤངས་བ་རྣམས། །ཚངས་པའི་འཇིག་རྟེན་མཐར་ཐུག་པའི། །ལྷ་དང་མི་ཡི་བར་ན་འཁོད། །སློབ་མ་ལྔ་བརྒྱ་ཕྲག་གཉིས་དང ། །གཞན་ཡང་བརྒྱ་དང་བཅུ་དག་དང ། །སྟོང་ཕྲག་དུ་མ་རྣམས་དག་གི་།ལྷ་རྣམས་འདུས་པར་གྱུར་པ་དག་།མཐའ་ནས་མཐའ་མ་མི་མཐོང་ཞིང ། །ཕྱོགས་རྣཾས་ཐཾད་ཁྱབ་གྱུར་པ། །སངས་རྒྱས་ཀྱིས་ནི་དེ་མཁྱེན་ནས། །དེ་བཞིན་གཤེགས་པས་རྣཾས་གཟིགས་ཏེ། །དེ་ནས་སྟོན་པས་བསྟན་དགའ་བའི། །ཉན་ཐོས་རྣམས་ལ་དགེ་སློང་དག་།ལྷ་ཚོགས་མངོན་པར་ལྷགས་གྱུར་ཀྱིས། །ངེས་པར་རྟོགས་ཤེས་བཀའ་སྩལ་པ། །ཚིགསུ་བཅད་པས་མཐར་ཆགས་ཀྱིས། །དེ་དག་རྣམས་ཀྱི་མིང་བརྗོད་ཀྱིས། །རྩེ་གཅིག་གྱུར་པའི་ཡིད་ཀྱིས་ནི། །ང་ཡི་བཤད་པ་མཉན་པར་གྱི། །སེར་སྐྱའི་གནས་ཀྱི་ནགས་ཚལ་གྱི། །གནོད་སྦྱིན་སྟོང་ཕྲག་བདུན་པོ་དག་།སེར་སྐྱའི་གནས་ཀྱི་ནག་ཚལ་ནི། །སྣང་བར་བྱས་ཏེ་འཁོད་པ་དང ། །གང་དག་དེ་ཡི་འཁོར་རྣམས་དང ། །དེ་དག་ཀྱང་ནི་འདུས་པར་ལྷགས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། །དགེ་སློང་རྣམས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །གསེར་ཅན་སྟོང་ཕྲག་དྲུག་པོ་ཀུན། །ཁ་དོག་སྣ་ཚོགས་ལྡན་པ་དག་།སེར་སྐྱའི་གནས་ཀྱི་ནགས་ཚལ་ནི། །སྣང་བར་བྱས་ཏེ་འཁོད་པ་དང ། །གང་དག་དེ་ཡི་འཁོར་རྣམས་དང ། །དེ་དག་ཀྱང་ནི་འདུས་པར་ལྷགས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣཾས། །དགེ་སློང་རྣམས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚུལ་དུ་མངོན་པར་ཞུགས། །ཤར་ཕྱོགས་རྣམ་རྒྱལ་ཚལ་གྱི་ནི། །རི་མཉམ་སྟོང་ཕྲག་གསུམ་པོ་དག་།སེར་སྐྱའི་གནས་ཀྱི་ནགས་ཚལ་ནི། །
98.163a
སྣང་བར་བྱས་ཏེ་འཁོད་པ་དང ། །གང་དག་དེ་ཡི་འཁོར་རྣམས་དང ། །དེ་དག་ཀྱང་ནི་འདུས་པར་ལྷགས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། །དགེ་སློང་རྣམས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །དེ་ལྟར་སྟོང་ཕྲག་བཅུ་དྲུག་ཀུན། །ཁ་དོག་སྣ་ཚོགས་ལྡན་པ་དག་།སེར་སྐྱའི་གནས་ཀྱི་ནགས་ཚལ་ནི། །སྣང་བར་བྱས་ཏེ་འཁོད་པ་དང ། །གང་དག་དེ་ཡི་འཁོར་རྣཾས་དང ། །དེ་དག་ཀྱང་ནི་འདུས་པར་ལྷགས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣཾས། །དགེ་སློང་རྣཾས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །གནོད་སྦྱིན་ཆུ་སྲིན་རྒྱལ་པོའི་ཁབ། །ཡངས་པ་ལ་ནི་རྟག་གནས་ཤིང ། །བརྒྱ་སྟོང་ཕྲག་ནི་མང་པོ་ཡི། །གནོད་སྦྱིན་བསྙེན་བཀུར་བྱེད་པ་དང ། །གང་དག་དེ་ཡི་འཁོར་རྣཾས་དང ། །དེ་ཡང་འདུས་པའི་ནང་དུ་འོངས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣཾས། །དགེ་སློང་རྣམས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །ཀུན་གྱི་བཤེས་གཉེན་ལྔ་བརྒྱ་དང ། །རྫུ་འཕྲུལ་ཆེན་པོ་ཀུན་གྱི་ལྷ། །གང་དག་དེ་ཡི་འཁོར་རྣམས་དང ། །དེ་གཉིས་ཀྱང་ནི་འདུས་པར་ལྷགས། །རྫུ་ཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣཾས། །དགེ་སློང་རྣཾས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །ཤར་ཕྱོགས་མངོན་པར་སྐྱོང་བྱེད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ནི། །དྲི་ཟའི་བདག་པོ་རྒྱལ་པོ་སྟེ། །མིང་ནི་ཡུལ་འཁོར་སྲུང་ཞེས་བྱ། །དེ་ནི་ཉེ་དུ་ལྷན་ཅིག་ཏུ། །གླུ་དང་གར་གྱིས་རྟག་ཏུ་རྩེ། །གང་དག་དེ་ཡི་འཁོར་རྣཾས་དང ། །དེ་ཡང་འདུས་པའི་ནང་དུ་འོངས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣཾས། །དགེ་སློང་རྣཾས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །དེ་ལ་བུ་ནི་མང་ཡོད་དེ། །བརྒྱད་བཅུ་དང་ནི་བཅུ་དང་གཅིག་།དེ་དག་མིང་འཐུན་གྲགས་པ་ནི། །དབང་པོ་ཞེས་བྱ་སྟོབས་པོ་ཆེ། །ལྷ་དང་ལྷ
98.163b
མིན་གཡུལ་འགྱེད་པར། །ཀུན་དུ་གཞན་གྱིས་མི་ཐུབ་པར། །གང་དག་དེ་ཡི་འཁོར་རྣཾས་དང ། །དེ་དག་ཀྱང་ནི་འདུས་པར་ལྷགས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། །དགེ་སློང་རྣམས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །ལྷོ་ཕྱོགས་མངོན་པར་སྐྱོང་བྱེད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ནི། །གྲུལ་བུམ་བདག་པོ་རྒྱལ་པོ་སྟེ། །མིང་ནི་འཕགས་སྐྱེས་པོ་ཞེས་བགྱི། །དེ་ནི་ཉེ་དུ་ལྷན་ཅིག་ཏུ། །གླུ་དང་གར་གྱིས་རྟག་ཏུ་རྩེ། །གང་དག་དེ་ཡི་འཁོར་རྣཾས་དང ། །དེ་ཡང་འདུས་པའི་ནང་དུ་འོངས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣཾས། །དགེ་སློང་རྣཾས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །དེ་ལ་བུ་ནི་མང་ཡོད་དེ། །བརྒྱད་བཅུ་དང་ནི་བཅུ་དང་གཅིག་།དེ་དག་མིང་འཐུན་གྲགས་པ་ནི། །དབང་པོ་ཞེས་བགྱི་སྟོབས་པོ་ཆེ། །ལྷ་དང་ལྷ་མིན་གཡུལ་འགྱེད་པར། །ཀུན་དུ་གཞན་གྱིས་མི་ཐུབ་པ། །གང་དག་དེ་ཡི་འཁོར་རྣམས་དང ། །དེ་དག་ཀྱང་ནི་འདུས་པར་ལྷགས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣཾས། །དགེ་སློང་རྣཾས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །ནུབ་ཕྱོགས་མངོན་པར་སྐྱོང་བྱེད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ནི། །ཀླུ་ཡི་བདག་པོ་རྒྱལ་པོ་སྟེ། །མིང་ནི་མིག་མི་བཟང་ཞེས་བགྱི། །དེ་ནི་ཉེ་དུ་ལྷན་ཅིག་ཏུ། །གླུ་དང་གར་གྱིས་རྟག་ཏུ་རྩེ། །གང་དག་དེ་ཡི་འཁོར་རྣཾས་དང ། །དེ་ཡང་འདུས་པའི་ནང་དུ་འོངས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣཾས། །དགེ་སློང་རྣམས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །དེ་ལ་བུ་ནི་མང་ཡོད་དེ། །བརྒྱད་བཅུ་དང་ནི་བཅུ་དང་གཅིག་།དེ་དག་མིང་འཐུན་གྲགས་པ་ནི། །དབང་པོ་ཞེས་བགྱི་སྟོབས་པོ་ཆེ། །ལྷ་དང་ལྷ་མིན་གཡུལ་འགྱེད་པར། །ཀུན་དུ་གཞན་གྱིས་མི་ཐུབ་པ། །གང་དག་དེ་ཡི་འཁོར་རྣམས་དང ། །དེ་དག་ཀྱང་ནི་འདུས་པར་ལྷགས། །
98.164a
རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། །དགེ་སློང་རྣམས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །བྱང་ཕྱོགས་མངོན་པར་སྐྱོང་བྱེད་པ། །རྒྱལ་ཆེན་གྲགས་དང་ལྡན་པ་ནི། །གནོད་སྦྱིན་བདག་པོ་རྒྱལ་པོ་སྟེ། །མིང་ནི་ལུས་ངན་པོ་ཞེས་བྱ། །དེ་ནི་ཉེ་དུ་ལྷན་ཅིག་ཏུ། །གླུ་དང་གར་གྱིས་རྟག་ཏུ་རྩེ། །གང་དག་དེ་ཡི་འཁོར་རྣམས་དང ། །དེ་ཡང་འདུས་པའི་ནང་དུ་འོངས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། །དགེ་སློང་རྣམས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །དེ་ལ་བུ་ནི་མང་ཡོད་དེ། །བརྒྱད་བཅུ་དང་ནི་བཅུ་དང་གཅིག་།དེ་དག་མིང་འཐུན་གྲགས་པ་ནི། །དབང་པོ་ཞེས་བྱ་སྟོབས་པོ་ཆེ། །ལྷ་དང་ལྷ་མིན་གཡུལ་འགྱེད་པར། །ཀུན་དུ་གཞན་གྱིས་མི་ཐུབ་པ། །གང་དག་དེ་ཡི་འཁོར་རྣཾས་དང ། །དེ་དག་ཀྱང་ནི་འདུས་པར་ལྷགས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། །དགེ་སློང་རྣཾས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང ། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །ནུབ་ཕྱོགས་ན་ནི་མིག་མི་བཟང ། །བྱང་ཕྱོགས་ན་ནི་ལུས་ངན་པོ། །རྒྱལ་པོ་ཆེན་པོ་དེ་བཞི་དག་།འཇིག་རྟེན་སྐྱོང་བ་གྲགས་དང་ལྡན། །རྫུ་འཕྲུལ་ཆེན་པོ་སྟོབས་པོ་ཆེ། །ཕྱོགས་བཞི་དག་ནི་སྐྱོང་བར་བྱེད། །གང་དག་དེ་ཡི་འཁོར་རྣཾས་དང ། །དེ་དག་ཀྱང་ནི་འདུས་པར་ལྷགས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། །དགེ་སློང་རྣམས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །དེ་དག་གི་ནི་ཁོལ་པོ་རྣམས། །མཆོད་རྟེན་མང་ལ་གནས་བཅས་པ། །སླུ་བྱེད་གཡོན་ཅན་སྒྱུ་མ་ཅན། །སྒྱུ་མ་ཤེས་དང་རྣཾས་ཤེས་དང ། །ངན་སྤོང་ཁྲོ་གཉེར་ལྷན་ཅིག་ཏུ། །དེ་ཚེ་རྫུ་འཕྲུལ་སྟོན་ཅིང་ལྷགས། །གང་དག་དེ་ཡི་འཁོར་རྣམས་དང ། །དེ་དག་ཀྱང་ནི་འདུས་པར་ལྷགས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །
98.164b
ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། །དགེ་སློང་རྣམས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །གནོད་སྦྱིན་དང ། གནོད་སྦྱིན་ཆེན་པོ་དང ། གནོད་སྦྱིན་གྱི་སྡེ་དཔོན་དང ། དམག་དཔོན་འདི་དག་ཀྱང་དེར་ཀུན་ནས་ལྷགས་ཏེ། འདི་ལྟ་སྟེ། དབང་པོ་ཟླ་བ་ཆུ་ལྷ་དང ། །བྷ་ར་དྭ་ཛ་སྐྱེ་དགུའི་བདག་།དབང་ལྡན་ཙན་དན་འདོད་གཙོ་དང ། །མགྲིན་ངན་དང་ནི་མགུལ་ངེས་དང ། །སྤོབས་ལྡན་ནོར་བུ་ནོར་སྤྱོད་དང ། །སྒྲ་རབ་དང་ནི་ཉེ་ལྔ་དང ། །རི་མཉམ་གསེར་ཅན་གང་པོ་དང ། །སེང་ལྡེང་བ་དང་གཡོན་ཅན་དང ། །གནོད་སྦྱིན་བ་སྐྱོང་འབྲོག་གནས་དང ། །རྒྱལ་བའི་ཁྱུ་མཆོག་མི་རྒྱལ་པོ། །དྲི་ཟ་སྣ་ཚོགས་སྡེ་དང་ནི། །ལྕགས་མདུང་རིང་དང་མ་ལྡན་དང ། །ཚིགས་ལྔ་སེར་པོ་ཡིད་དགའ་དང ། །གནོད་སྦྱིན་རིང་པོ་འཁོར་དང་བཅས། །འབྲས་བུ་གསུམ་དང་མགུལ་གསུམ་པ། །འགྲོ་གནས་ཇི་སྙེད་ཡོད་པ་ཡིན། །གང་དག་དེ་ཡི་འཁོར་རྣམས་དང ། །དེ་དག་ཀྱང་ནི་འདུས་པར་ལྷགས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། །དགེ་སློང་རྣམས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །ལྷན་ཅིག་འབྱུང་བའི་ཀླུ་དང་ནི། །འཇོག་པོ་དང་ནི་ཡངས་པ་འང་འོངས། །ལ་བ་དང་ནི་མགྱོགས་མཆོག་དག་།སྲུང་བྱེད་འགྲོ་དང་ལྷན་ཅིག་ལྷགས། །ཀླུ་བདག་བྲན་བཟང་བུ་དང་ནི། །ཡུལ་འཁོར་སྲུང་དང་གླང་པོ་ཆེ། །འཇིགས་བྱེད་ཆེ་དང་ས་སྲུང་བུ། །རྫུ་འཕྲུལ་ལྡན་པའི་ཀླུ་ཡང་འོངས། །གང་དག་དེ་ཡི་འཁོར་རྣམས་དང ། །དེ་དག་ཀྱང་ནི་འདུས་པར་ལྷགས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣཾས། །དགེ་སློང་རྣམས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །གང་ཞིག་ཀླུ་རྒྱལ་ཟིལ་མནན་ལེན། །སྟོབས་ལྡན་མིག་རྣོན་འདབ་ཆགས་བྱ། །དེ་མིན་འདབ་བཟང་ཁྲ་བོ་ཡང ། །མཁའ་ལས་ཚལ་དུ་མངོན་པར་འོངས། །དེ་ཚེ་ཀླུ་རྒྱལ་མི་འཇིགས་བྱིན། །སྟོན་པས་འདབ་བཟང་བདེ་མཛད་ཅིང ། །གསུང་འཇམ་བརྗོད་པ་དེ་ཉིད་ལ། །
98.165a
སངས་རྒྱས་སྐྱབསུ་ཉེ་བར་སོང ། །གང་དག་དེ་ཡི་འཁོར་རྣམས་དང ། །དེ་ཡང་འདུས་པའི་ནང་དུ་འོངས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། །དགེ་སློང་རྣམས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །ལག་ན་རྡོ་རྗེས་ཕམ་བྱས་ཤིང ། །རྒྱ་མཚོར་རྟེན་པའི་ལྷ་མིན་རྣམས། །ཐཾད་ནོར་ལྷས་སྐྲག་གྱུར་ཅིང ། །མཚོ་ལ་སྐྱབསུ་འདུ་ཤེས་པ། །ཐགས་ཟངས་རིས་དང་རབ་བཀྲ་དང ། །རབ་སིམ་བྱེད་དང་བཏང་ཟུང་དང ། །སྟོབས་ལྡན་བུ་ནི་རྒྱལ་པོ་ཀུན། །རྣམ་སྣང་བྱེད་པའི་བུ་རྣམས་དང ། །སྟོབས་ལྡན་སྡེ་དང་སྒྲ་གཅན་བཟང ། །དཔའ་ཆེན་ཁྱོད་ཀྱི་དུས་ལགས་ཤེས། །དགེ་སློང་འདུས་པའི་ནགས་ཚལ་དུ། །གོ་ཆ་དགོས་ཏེ་ལྷགས་པ་དང ། །གང་དག་དེ་ཡི་འཁོར་རྣམས་དང ། །དེ་དག་ཀྱང་ནི་འདུས་པར་ལྷགས། །རྫུ་འཕྲུལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། །དགེ་སློང་རྣམ་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །ཆུ་ལྷ་མོ་དང་བུ་མོ་དང ། །ཟླ་བ་མོ་ཡང་ཕྱི་བཞིན་འོངས། །མཛའ་བཤེས་མ་དང་ཆུ་ལྷ་ཅན། །ལྷ་མོ་གྲགས་ལྡན་ཉིད་ཀྱང་འོངས། །ས་དང་ཆུ་དང་རླུང་གི་དང ། །མེ་ཡི་ལྷ་མོ་འང་འོངས་གྱུར་ཏེ། །བཅུ་ཚན་ཚོགས་བཅུ་དེ་དག་ཀུན། །ཁ་དོག་སྣ་ཚོགས་ལྡན་པ་དག་།སེར་སྐྱའི་གནས་ཀྱི་ནག་ཚལ་ནི། །སྣང་བར་བྱས་ཏེ་འཁོད་པ་དང ། །གང་དག་དེ་ཡི་འཁོར་རྣམས་དང ། །དེ་དག་ཀྱང་ནི་འདུས་པར་ལྷགས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣཾས། །དགེ་སློང་རྣམས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །ཁྱབ་འཇུག་ལྷ་དང་གཤོལ་ཅན་ལྷ། །འཚེ་མ་གཉིས་ཀྱང་ལྷགས་པར་གྱུར། །ཟླ་ལ་གནས་པའི་ལྷ་རྣམས་ཀྱིས། །ཟླ་བ་ཉིད་ནི་མདུན་དུ་བདར། །ཉི་ལ་གནས་པའི་ལྷ་རྣམས་ཀྱིས། །ཉི་མ་ཉིད་ཀྱང་མདུན་བདར་ཅིང ། །ཆར་པ་འབེབས་པར་བྱེད་པ་དག་།རྒྱུ་སྐར་རྣམས་ཀྱིས་མདུན་བདར་ལགས། །ཐཾད་བཟང་པོ་རྡོ་རྗེ་ཅན། །བརྒྱ་བྱིན་ཁྱེར་འཇིག་འོངས་གྱུར་ཏེ། །བཅུ་ཚན་ཚོགས་བཅུ་དེ་དག་ཀུན། །
98.165b
ཁ་དོག་སྣ་ཚོགས་ལྡན་པ་དག་།སེར་སྐྱའི་གནས་ཀྱི་ནགས་ཚལ་ནི། །སྣང་བར་བྱས་ཏེ་འཁོད་པ་དང ། །གང་དག་དེ་ཡི་འཁོར་རྣམས་དང ། །དེ་དག་ཀྱང་ནི་འདུས་པར་ལྷགས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། །དགེ་སློང་རྣམས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །ལྷ་མོ་ཚོགས་ཅན་མ་དང་ནི། །མེ་ལྕེའི་རྩེ་འདྲ་འཆི་ལྟས་ཅན། །ཞི་བ་མོ་དང་དཀའ་བཟློག་མ། །མེ་ཏོག་གོས་ཅན་འོང་གྱུར་ཅིང ། །རྒྱུ་བ་མོ་དང་མཚན་མཆིངས་བཟང ། །འཆི་མེད་རྣམ་པ་དུ་མ་དང ། །གང་ཞིག་ཕྱོགས་སུ་ཆར་འབེབས་པ། །འདོད་ལྷའི་དབྱངས་ཅན་མ་ཡང་འོངས། །བཅུ་ཚན་ཚོགས་བཅུ་དེ་དག་ཀུན། །ཁ་དོག་སྣ་ཚོགས་ལྡན་པ་དག་།སེར་སྐྱའི་གནས་ཀྱི་ནགས་ཚལ་ནི། །སྣང་བར་བྱས་ཏེ་འཁོད་པ་དང ། །གང་དག་དེ་ཡི་འཁོར་རྣམས་དང ། །དེ་དག་ཀྱང་ནི་འདུས་པར་ལྷགས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། །དགེ་སློང་རྣམས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །སྔོ་བསངས་སྔོ་བསངས་ཆེན་མོ་དང ། །མི་འདྲ་མི་འདྲ་དམ་པ་དང ། །རྩེད་མོས་མྱོས་དང་དེ་བཞིན་དུ། །ཡིད་ཁྲུག་མ་ཡང་འོངས་གྱུར་ཅིང ། །ཕག་མོ་ཕག་མོ་ཆེན་མོ་དང ། །སློང་མ་ངེས་མ་ལྷན་ཅིག་ལྷགས། །བཅུ་ཚན་ཚོགས་བཅུ་དེ་དག་ཀུན། །ཁ་དོག་སྣ་ཚོགས་ལྡན་པ་དག་།སེར་སྐྱའི་གནས་ཀྱི་ནགས་ཚལ་ནི། །སྣང་བར་བྱས་ཏེ་འཁོད་པ་དང ། །གང་དག་དེ་ཡི་འཁོར་རྣམས་དང ། །དེ་དག་ཀྱང་ནི་འདུས་པར་ལྷགས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། །དགེ་སློང་རྣམས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །དཀར་མོ་རྒྱགས་བྱེད་སྙིང་རྗེ་དང ། །གོས་སྔོན་མོ་ཡང་འོངས་གྱུར་ཅིང ། །སྐྲ་དཀར་མོ་ལ་སོགས་པ་དང ། །གོས་སེར་མོ་ཡང་འོངས་པར་གྱུར། །འཕྲོག་མ་རྟག་ཏུ་མྱོས་པ་དང ། །སྤེལ་མ་རྣམས་པ་དུ་མ་དང ། །
98.166a
དག་པ་དང་ནི་འོད་ཅན་མ། །ལྷ་མོ་གྲགས་ལྡན་རྣམས་ཀྱང་ལྷགས། །བཅུ་ཚན་ཚོགས་བཅུ་དེ་དག་ཀུན། །ཁ་དོག་སྣ་ཚོགས་ལྡན་པ་དག་།སེར་སྐྱའི་གནས་ཀྱི་ནགས་ཚལ་ནི། །སྣང་བར་བྱས་ཏེ་འཁོད་པ་དང ། །གང་དག་དེ་ཡི་འཁོར་རྣམས་དང ། །དེ་དག་ཀྱང་ནི་འདུས་པར་ལྷགས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། །དགེ་སློང་རྣམས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །བདེ་བྱེད་དགའ་ལྡན་འཐབ་བྲལ་དང ། །ནག་པོ་བཏབ་པ་དུ་མ་དང ། །ལུམ་བི་ནི་དང་ལུམ་བི་མཆོག་།སྐར་མ་ཞེས་བྱ་ལེགས་སྨོན་དང ། །འཕྲུལ་དགའ་རྣམས་དང་དེ་བཞིན་དུ། །དབང་བསྒྱུར་རྣམས་ཀྱང་ལྷགས་པར་གྱུར། །བཅུ་ཚན་ཚོགས་བཅུ་དེ་དག་ཀུན། །ཁ་དོག་སྣ་ཚོགས་ལྡན་པ་དག་།སེར་སྐྱའི་གནས་ཀྱི་ནགས་ཚལ་ནི། །སྣང་བར་བྱས་ཏེ་འཁོད་པ་དང ། །གང་དག་དེ་ཡི་འཁོར་རྣམས་དང ། །དེ་དག་ཀྱང་ནི་འདུས་པར་ལྷགས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། །དགེ་སློང་རྣམས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །ལྷ་ཚོགས་དྲུག་བཅུ་དེ་དག་ཀུན། །ཁ་དོག་སྣ་ཚོགས་ལྡན་པ་དག་།སེར་སྐྱའི་གནས་གྱི་ནགས་ཚལ་ནི། །སྣང་བར་བྱས་ཏེ་འཁོད་པ་དང ། །གང་དག་དེ་ཡི་འཁོར་རྣམས་དང ། །དེ་དག་ཀྱང་ནི་འདུས་པར་ལྷགས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། །དགེ་སློང་རྣམས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །ཚངས་པའི་འཇིག་རྟེན་སྟོང་དག་གི་།ཚངས་པ་ཆེན་པོ་ཞེས་བྱ་བ། །ཀུན་བགེད་གཞོན་ནུ་སྐར་རྒྱལ་དེ། །སོ་སོར་དབང་བསྒྱུར་དབང་ཕྱུག་བཅུ། །རྫུ་འཕྲུལ་ལྡན་པ་དེ་དག་དང ། །ལྷན་ཅིག་འགྲོགས་ཏེ་དེར་ལྷགས་པ། །གང་དག་དེ་ཡི་འཁོར་རྣམས་དང ། །དེ་དག་ཀྱང་ནི་འདུས་པར་ལྷགས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང
98.166b
གྲགས་ལྡན་རྣམས། །དགེ་སློང་རྣམས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །དབང་བསྒྱུར་བྱེད་པའི་འཕྲོག་མ་མོ། །ཁ་དོག་གཟུགས་མཆོག་ལྡན་པ་ཡང ། །བུ་རྣམས་ཀྱིས་ནི་ཡོངས་བསྐོར་ཅིང ། །དེ་དག་རྣམས་ཀྱི་ཕྱི་བཞིན་འོངས། །གང་དག་དེ་ཡི་འཁོར་རྣམས་དང ། །དེ་ཡང་འདུས་པའི་ནང་དུ་འོངས། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་ལྡན་རྣམས། །དགེ་སློང་རྣམས་ལ་ཕྱག་འཚལ་ཞིང ། །འདུས་པའི་ཚལ་དུ་མངོན་པར་ཞུགས། །དབང་པོར་བཅས་དང་དབང་ལྡན་བཅས། །སྐྱེ་དགུའི་བདག་དང་བཅས་པ་ཡི། །ལྷ་རྣམས་དེ་དག་དེར་ལྷགས་ཤིང ། །དགེ་སློང་རྣམས་ཀྱང་དེར་ལྷགས་སོ། །ནག་པོས་སྨྲས་པའི་ཚིག་ལ་ལྟོས། །འདོད་ཆགས་ཀྱིས་ནི་འདི་ཟུང་ལ། །བཅིང་བ་གྱིས་དང་ཁྱོད་ལ་ལེགས། །འདི་དག་ཀུན་ནས་ཡོངས་བསྡུས་ལ། །འདི་དག་གསོན་པོར་མ་བཏང་ཞེས། །དེ་ན་ནག་པོ་སྡེ་བོ་ཆེ། །སྡེ་རྣམས་ལ་ནི་སྐུལ་བྱེད་ཅིང ། །ཁྲོས་ཤིང་རང་དབང་མེད་གྱུར་ནས། །རང་ཡང་མངོན་པར་ཞུགས་གྱུར་ཏེ། །ལག་པ་ས་ལ་བརྡབས་ནས་ནི། །ཤིན་དུ་འཇིགས་པའི་སྒྲ་ཕྱུང་སྟེ། །དེ་ནས་ལྷ་ཡིས་སྤྲིན་ཕྲེང་དང ། །གློག་དང་བཅས་པའི་ཆར་ཡང་ཕབ། །སངས་རྒྱས་ཀྱིས་ནི་དེ་མཁྱེན་ནས། །དེ་བཞིན་གཤེགས་པས་རྣམས་གཟིགས་ཏེ། །དེ་ནས་སྟོན་པས་བསྟན་དགའ་བའི། །ཉན་ཐོས་རྣམས་ལ་དགེ་སློང་དག་།བདུད་སྡེ་མངོན་པར་ལྷགས་གྱུར་གྱིས། །མངོན་པར་རྟོགས་ཤེས་བཀའ་སྩལ་པ། །བརྩོན་པར་བྱེད་པ་དེ་དག་གིས། །སངས་རྒྱས་གསུངས་པ་ཐོས་ནས་ནི། །དེ་དག་སྤུ་ཡང་མི་གཡོ་བས། །དེ་དག་ཆགས་བྲལ་ཡིན་པར་རྟོགས། །རྒྱལ་སྲས་ཉན་ཐོས་དེ་དག་ནི། །སློབ་མ་རྣམས་དང་ལྷན་ཅིག་དགའ། །དེ་དག་གཡུལ་ལས་རྣམ་རྒྱལ་ཞིང ། །འཇིགས་བྲལ་གྲགས་དང་ལྡན་པ་ཡིན། །བར་གྱི་སྡོམ་ནི། བདུན་སྟོང་གསེར་ཅན་རི་མཉམ་དང ། །དེ་བཞིན་གནོད་སྦྱིན་ཆུ་སྲིན་དང ། །ཀུན་གྱི་བཤེས་དང་རྒྱལ་པོ་རྣཾས། །དེ་བཞིན་ཁོལ་པོ་གནོད་སྦྱིན་དང ། །
98.167a
ཀླུ་དང་འདབ་བཟང་ལྷ་མིན་དང ། །ཆུ་ལྷ་མོ་དང་ཁྱབ་འཇུག་དང ། །ཚོགས་ཅན་མ་དང་སྔོ་བསངས་དང ། །དཀར་མོ་བདེ་བྱེད་དབང་ཕྱུག་དང ། །ཀུན་བགེད་གཞོན་དང་འཕྲོག་མ་དང ། །དབང་བཅས་བདུད་དང་དགེ་སློང་ངོ ། །དེ་ནས་གནས་གཙང་མའི་ལྷ་ཤིན་དུ་དབང་ཆེ་བར་གྲགས་པ་རྣམས་མདོ་སྡེ་བསྟན་པས་ཡིད་རངས་པར་གྱུར་ནས་དེའི་ཚེ་ཚིག་འདི་དག་གིས་འདུས་པ་ཆེན་པོའི་མདོ་བཤད་དོ། །བཅྡོཾས་བདག་ཅག་གིས་ཀྱང་ཚིག་འདི་དག་གིས་མདོ་སྡེ་འདི་ཡང་དག་པར་བསྙད་པར་བགྱི་ཞིང་ཡང་དག་པར་བརྗོད་པར་བགྱི་ལགས་སོ། །དེ་ལ་གཟུང་སྔགས་ཀྱི་ཚིག་ནི་འདི་དག་ལགསོ། །ཏདྱ་ཐཱ། ཏེ་ཛེ་ཏེ་ཛ་བ་ཏི། ཙིད་ཏྲེ་ཙིད་ཏྲ་བ་ཏི། ལ་ཏེ་ལ་ཏ་བ་ཏི། ཁ་མེ་ཁ་མ་བ་ཏི། ཀྵེ་མེ་ཀྵ་མ་བ་ཏི། བྷ་དྲེ་བྷ་དྲ་བ་ཏི། ཡ་ཤེ་ཡ་ཤ་བ་ཏི། དཱུ་ཏེ་དཱུ་ཏ་བ་ཏི། ཙ་པ་ལེ་ཙ་པ་ལ་བ་ཏི། ཁ་ཙེ་ཁ་ཙ་བ་ཏི། བཅྡོཾས་འདི་དག་ནི་གནས་གཙང་མ་པ་རྣམས་ཀྱི་གསང་སྔགས་ཀྱི་ཚིག་རྣམས་ལགས་ཏེ། བཅྡོཾས་གང་ཞིག་མདོ་སྡེ་འདི་དང ། གསང་སྔགས་ཀྱི་ཚིག་འདི་དག་རྨོངས་པ་མ་མཆིས་པར་འཛིན་པར་བགྱིད་ན་འདི་ནི་ཇི་སྲིད་འཚོའི་བར་དུ་འབྱུང་པོ་ཐཾད་ལས་བསྲུང་བ་བགྱིས་པར་འགྱུར་ལགསོ། །འབྱུང་པོ་ཐཾད་ཀྱང་དགའ་བར་འགྱུར་ལགསོ། །དེ་ལ་བྲོ་ནད་ཐཾད་ཀྱིས་མི་ཚུགས་པར་འགྱུར་ལགས་སོ། །གང་དུ་ཀློག་པ་དེར་དགེ་བར་འགྱུར་ཞིང་དེ་དག་ལ་དགུང་ལོ་བདུན་དུ་བསྲུང་བ་བགྱིས་པར་ཡང་འགྱུར་ལགསོ། །ཇི་ཙམ་འཚལ་བར་འགྱུར་བ་དེ་ཙམ་གྱིས་དགུང་ཆར་འབབ་པར་ཡང་འགྱུར། འཆད་པར་ཡང་འགྱུར། དགུང་སེར་འབབ་པར་ཡང་འགྱུར། འཆད་པར་ཡང་འགྱུར་ལགསོ། །བྲོ་ནད་ཐཾད་ལ་བྱབ་པ་བགྱིས་སམ། ཆབ་ལ་བཟླས་བརྗོད་བགྱིས་ཏེ་སྩལ་ན། དེས་དེའི་བྲོ་ནད་ཐཾད་རབ་ཏུ་ཞི་བར་འགྱུར་ལགསོ། །དེ་ནས་བཅྡོཾས་ལ་ཚངས་པས་གསོལ་པ། བཅྡོཾས་གནས་གཙང་མ་པ་དག་མ་གཏོགས་པ་གཟུགས་ན་སྤྱོད་པའི་ལྷའི་རིས་གོང་མ་རྣཾས་ཀྱི་རིག་སྔགས་ཀྱང་འདི་དག་ལགས་ལ། གསང་སྔགས་ཀྱི་ཆོ་ག
98.167b
ཞིབ་མོ་ཡང་འདི་དག་ལགས་སོ། །འདི་ནི་འདིར་མདོ་སྡེ་ཡོངསུ་འཛིན་པར་བགྱིད་པ་ལགས་སོ། །ཏདྱ་ཐཱ། བྷ་ལེ་བྷ་ལ་མ་ལེ། དུ་ར་དུ་ལེ། ཧི་མེ། ཕུ་བ་ཕེ་སེ། ཀཱ་ཙཱཀྵི་ཀུ་ཙེ་སི། མ་མི་ཎི་ཥེ་རེ་ཐོ་ར་ཎི། བམ་ཕི་བམ་ཕོ་ཊི་སྟེ་ཀེ་།ཏ་ར་ཀེ་།གུ་རུ་ག་རོ། གུ་ག་གུ་མི་ཊི། ཏཱ་རེ་རཀྵ། སཱུ་ཏྲ་མ་ནུ་པཱ་ལ་ཡ་ཐ། འདི་ནི་བདག་ཅག་གི་རིག་སྔགས་ཀྱི་ཆོ་ག་ཞིབ་མོ་ལགས་ཏེ། གང་ལ་ལ་ཞིག་མདོ་སྡེ་འདི་དང་གསང་སྔགས་ཀྱི་ཚིག་འདི་དག་དུམ་བུར་མ་གྱུར་པར་འཛིན་ཏམ། ཀློག་པར་བགྱིད་ན་དེ་ལ་མི་དང ། མི་མ་ལགས་པ་དག་མཆི་བར་མི་འགྱུར་ཞིང་གདུག་པ་ཡང་མི་མཆི། སྦྲུལ་ཡང་མི་མཆི། དུག་ཀྱང་མི་མཆི་ལ། དེའི་ལུས་ལ་གནོད་པ་དག་གིས་མི་ཚུགས་པར་འགྱུར་ལགས་སོ། །འབྱུང་པོ་ཐཾད་ཀྱང་དགའ་བར་འགྱུར་ལགསོ། །ཇི་སྲིད་འཚོའི་བར་དུ་འབྱུང་པོ་ཐཾད་ལས་བསྲུང་བ་བགྱིས་པར་ཡང་འགྱུར་ལགསོ། །གང་ཀློག་པར་བགྱིད་པ་དང ། གང་ཉན་པར་བགྱིད་པ་དེ་ལ་གུང་ལོ་བདུན་དུ་བསྲུང་བ་བགྱིས་པར་འགྱུར་ལགས་སོ། །ཆབ་ལ་བཟླས་བརྗོད་བགྱིས་ཏེ་གཏོར་ཏམ། འཚལ་དུ་སྩལ་ན། དེའི་བྲོ་ནད་ཐཾད་ཉེ་བར་ཞི་བར་འགྱུར་ལགསོ། །དེ་ནས་བཅྡོཾས་ལ་འདོད་པའི་བདག་པོ་ཐཾད་ཀྱིས་གསོལ་པ། བཅྡོཾས་འདི་ནི་བདག་ཅག་གི་ཡུལ་ཡང་ལགས་ཏེ། མདོ་སྡེ་འདི་ཡོངསུ་གཟུང་བའི་རིག་སྔགས་ནི་འདི་ལགསོ། །ཏདྱ་ཐཱ། ལིན་ཏེ། ལི་པེ། ལོ་པེ། བ་པེ། པད་ཀེ་ཀ་མེ། ཀཱ་ཙེ་ཀཱ་ཙཱ་ཀྵི། ཀཱ་ཙ་པི་ག་ལེ། དུ་མེ་དུ་མེ། ཏ་ཊེ་ཏད་ཏྲ་ཊེ། ཏྲ་ཊཱ་ཀྵི། གོ་ལ། ཀི་ལི། ཀི་ཀ་ཀོ་ལི་ཀེ་སཝཱ་དྷཱུ། སཱུ་ཏྲ་མ་ནུ་པཱ་ལ་ཡ་ཐ། ཨུད་གྲྀཧྞ་ཡ་ཙེ་ཏི། བཅོམ་ལྡན་འདས་གང་ཞིག་གསང་སྔགས་ཀྱི་ཚིག་འདི་དག་དང ། མདོ་སྡེ་ལེགས་པར་གསུངས་པ་འདི་དུམ་བུར་མ་གྱུར་པ་དང ། མཉམ་པར་བཟུང་སྟེ་བསྲུང་བར་བགྱིད་ན་དེ་ནི་ཐཾད་ལས་བསྲུང་བ་བགྱིས་པར་འགྱུར་ལགསོ། །འབྱུང་པོ་ཐཾད་ཀྱང་དགའ་བར་འགྱུར་ལགསོ། །ཇི་ཙམ་འཚལ་བར་དེ་ཙམ་གྱི་དགུང་ཆར་འབེབ་པར་ཡང་འགྱུར། འཆད་པར་ཡང་འགྱུར། དགུང་སེར་འབབ་པར་ཡང་འགྱུར།
98.168a
འཆད་པར་ཡང་འགྱུར་ལགས་སོ། །འབྱུང་པོ་དང་གདོན་རྣམས་ལས་ཡོངསུ་ཐར་བར་ཡང་འགྱུར་ལགས་སོ། །དུག་འབྱིན་པར་ཡང་འགྱུར་ལགས་སོ། །ཆབ་ལ་ལན་བདུན་བཟླས་བརྗོད་བགྱིས་ཏེ་གཏོར་ཏམ་འཚལ་དུ་སྩལ་ན་དེས་བྲོ་ནད་ཐཾད་ཉེ་བར་ཞི་བར་འགྱུར་ལགསོ། །དེ་ནས་བཅྡོཾས་ལ་ལྷའི་དབང་པོ་བརྒྱ་བྱིན་གྱིས་གསོལ་པ། བཅྡོཾས་བདག་ཅག་གི་རིག་སྔགས་འདི་ཡང་དེ་བཞིན་དུ་མདོ་སྡེ་འདི་ཡོངསུ་འཛིན་པར་བགྱིད་ཅིང ། འདོད་པ་ན་སྤྱོད་པའི་ལྷ་གོང་མ་རྣམས་ཀྱིས་ནི་རྗེསུ་ཡི་རང་བར་བགྱིས་ལ། འོག་མ་རྣམས་ཀྱིས་ཀྱང་ལེགས་པར་རྗེསུ་ཡི་རང་བར་བགྱིས་པ་ལགསོ། །ཏད་ཡ་ཐཱ། བཱི་རེ་བཱི་ར་བ་ཏི། ཏོ་ཊེ་ཏོ་ཊ་བ་ཏི། བྷ་དྲེ་བྷ་དྲ་བ་ཏི། གོ་ནྀ་གོ་ན་བ་ཏི། མེ་གྷེ་མེ་གྷ་པ་ཏི། ཛྭ་ལ་ནེ་ཛྭ་ལ་ན་པ་ཏི། བྷུ་ཏི་བྷུ་ཏ་པ་ཏི། ཁོ་ར་ཏེ་ཁོ་ར་ཏ་པ་ཏི། ཨི་དན་སཱུ་ཏྲ་མ་ནུ་གྲ་ཎྷ་ཋ། ཨ་ནུ་པཱ་ལ་ཡ་ཐ་ཙེ་ཏི། བཅྡོཾས་གང་ཞིག་མདོ་སྡེ་འདི་དང་གསང་སྔགས་ཀྱི་ཚིག་འདི་དག་དུམ་བུར་མ་གྱུར་པར་འཛིན་པར་བགྱིད་ན་དེ་ཇི་སྲིད་འཚོའི་བར་དུ་འབྱུང་པོ་ཐཾད་ལས་བསྲུང་བར་བགྱིད་པར་འགྱུར་ལགསོ། །དེ་ལ་མི་དང་མི་མ་ལགས་པ་འགའ་ཡང་འཚེ་བར་མི་འགྱུར་ལགས་སོ། །གང་དུ་ཀློག་པ་དེར་ཇི་སྲིད་འཚོའི་བར་དུ་བསྲུང་བ་བགྱིད་པར་འགྱུར་ལགས་སོ། །སེམས་ཅན་ཐཾད་ཀྱང་དགའ་བར་འགྱུར་ལགསོ། །དེ་ལ་ཟིལ་གྱིས་གནོན་པ་འགའ་ཡང་འབྱུང་བར་མི་འགྱུར་ལགས་སོ། །དེའི་ལུས་ལ་བྲོ་ནད་རྣམས་ཀྱིས་མི་ཚུགས་པར་འགྱུར་ལགསོ། །སེམས་ཅན་ཐཾད་ལ་ཕན་འདོགས་པར་ཡང་འགྱུར་ལགསོ། །གང་དུ་ཀློགས་པར་འགྱུར་བ་དེར་དགུང་ལོ་བདུན་དུ་བསྲུང་བ་བགྱིས་པར་འགྱུརོ། །འབྱུང་པོ་དང་གདོན་རྣམས་ལས་ཐར་བར་ཡང་འགྱུར་ལགས་སོ། །དུག་འཇོམས་པར་ཡང་འགྱུར་ལགསོ། །བྲོ་ནད་ཐཾད་སེལ་བར་ཡང་འགྱུར་ལགསོ། །སྐུད་པའཾ་ཆབ་ལ་བཟླས
98.168b
བརྗོད་བགྱིས་ཏེ་བཅིངས་སམ་གཏོར་ན་བྲོ་ནད་ཐཾད་དང་བྲལ་བར་ཡང་འགྱུར་ལགས་སོ། །དེ་ནས་བཅྡོཾས་ལ་རྒྱལ་པོ་ཆེན་པོ་བཞིས་གསོལ་པ། བཅྡོཾས་བདག་ཅག་རྒྱལ་པོ་ཆེན་པོ་བཞིའི་རིག་སྔགས་འདི་ཡང་མདོ་སྡེ་འདི་ཡོངསུ་འཛིན་ཅིང་གྲུབ་པར་བགྱིད་པ་ལགསོ། །རྣམ་ཐོས་ཀྱི་བུས་གསོལ་པ། ཏདྱ་ཐཱ། ཀུ་རེ་བུ་ར་ཎཱི། མོ་རེ་མོ་ར་ཎཱི། ཀཱ་ཙེ་ཀཱ་ཙ་ཎཱི། ཀྲི་མི་ཀྲི་མི་ནི། ཡུལ་འཁོར་སྲུང་གིས་གསོལ་པ། པུ་རེ་པོ་རེ་པུ་ར་ཏཱི། ཧོ་རེ་ཧོ་ར་ཎཱི། པྲ་ཧོ་རེ་པྲ་ཧོ་ར་ཎཱི། འཕགས་སྐྱེས་པོས་གསོལ་པ། ཀེ་ཤེ་ཀེ་ཤེ་བ་ཏི། ཀ་ཤ་ན་མི་ཀེ་།ཤ་ཋེ་ཏི་ཋེ་ནི་མ་རི་ཏི། མིག་མི་བཟང་གིས་གསོལ་པ། ཙཀྲེ་ཙཀྲི་ཎི། ཙཀྲ་བ་གི་ཎི། བྷི་ཏི་རིརྨི་ནི། ཤི་མི་ཤི་མྀ། ཤ་མ་ནེ་ཏི། བཅྡོཾས་གང་ཞིག་རྒྱལ་པོ་ཆེན་པོ་བཞིས་བརྗོད་པའི་རིག་སྔགས་ཀྱི་ཆོ་ག་ཞིབ་མོ་འདི་བཞི་དང ། མདོ་སྡེ་འདི་དུམ་བུར་མ་གྱུར་པ་དང ། མ་བཀོལ་བར་ལེགས་པར་བཟུང་སྟེ་བསྲུང་བར་བགྱིད་ན། དེ་ཇི་སྲིད་འཚོའི་བར་དུ་བསྲུང་བ་བགྱིས་པར་འགྱུར་ལགསོ། །དེ་ལ་འབྱུང་པོ་ཐཾད་དང ། བྲོ་ནད་ཐཾད་ཀྱང་སླར་ལྡོག་པར་འགྱུར་ལགསོ། །གདུག་པས་ཟིན་པ་དང ། དུག་ཐཾད་ལས་ཀྱང་ཐར་བར་འགྱུར་ལགས་སོ། །སྐུད་པ་འམ། ཆབ་ལ་བཟླས་བརྗོད་བགྱིས་ཏེ། བཅིངས་སམ། གཏོར་ཅིང་འཚལ་དུ་སྩལ་ན། ཆོ་ག་དེས་དེ་ལ་འགྲུབ་པར་འགྱུར་ལགས་སོ། །དེ་ནས་བཅྡོཾས་ལ་ལྷ་མ་ཡིན་དང ། རླུང་ལྷས་གསོལ་པ། བཅྡོཾས་བདག་ཅག་གི་རིག་སྔགས་འདི་ཡང་ཡོངསུ་འཛིན་པར་བགྱིད་པ་ལགས་སོ། །ཏདྱ་ཐཱ། ག་ལེ་ག་ག་ག་ལེ། ག་ལེ་ག་ནི། ཁི་ནི་ཁི་ནི། གྷུ་ཥེ་གྷུ་ཥེ་གྷུ་གྷུ་ཥྱ། ཁ་ན་ཁ་ཁ་ནེ། ཁ་ན་ཁ་ནི། ལུ་པེ་ལུ་པི། ལུ་པ་ལུ་པི་ཏི། བཅྡོཾས་གསང་སྔགས་འདི་དག་དང ། མདོ་སྡེ་འདི་དུམ་བུར་མ་གྱུར་ཅིང ། མ་བཀོལ་བར
98.169a
བཟུང་ན་ཇི་སྲིད་འཚོའི་བར་དུ་བསྲུང་བར་འགྱུར་ལགསོ། །དེའི་བྲོ་ནད་ཐཾད་ཀྱང་རབ་ཏུ་ཞི་བར་འགྱུར་ལགསོ། །ལུས་ལ་དུག་གིས་མི་ཚུགས་པར་ཡང་འགྱུར་ལགསོ། །དེ་ནས་བཅྡོཾས་ལ་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་མདོ་སྡེ་འདིའི་དགོངས་པ་ཡོངསུ་གཟུང་བའི་སླད་དུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ནས་ལྷགས་པ་རྣམས་ཀྱིས་རིག་སྔགས་དག་སྨྲས་ལགས་ན། བཅྡོཾས་ཉན་ཐོས་ཀྱི་ཚོགས་དང་བཅས་པས་ཀྱང་ཡང་དག་པར་རྗེསུ་ཡི་རང་བར་མཛད་ཅིང ། ཀུན་དུ་གཟུང་བ་དང ། བསྲུང་བ་དང ། བསྒྲུབ་པ་དག་ལེགས་པར་བཤད་དུ་གསོལ། དེ་ལྟར་ན་རིགས་ཀྱི་བུ་དེ་དག་གི་སྦྱིན་པར་བགྱི་བའི་ཆོས་ཀྱི་མདོ་སྡེ་འདི་འབྲས་བུ་དང་བཅས་པར་འགྱུར་ལགསོ། །དེ་ནས་བཅྡོཾས་ཀྱིས་བཀའ་སྩལ་པ། ཁྱེད་ཀྱིས་གསང་སྔགས་ཀུན་དུ་བཟུང་བ་འདི་ནི་གྲུབ་པ་ཡིན་ཏེ། ང་ཉན་ཐོས་ཀྱི་ཚོགས་དང་བཅས་པས་ཀྱང་མདོ་སྡེ་འདིའི་གྲུབ་པ་དང ། བསྲུང་བ་དང ། བསྒྲུབ་པ་དག་བཤད་པར་བྱས། དེ་ཉོན་ཅིག་དང་བཤད་པར་བྱའོ། །གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་བཅྡོཾས་དེ་བཞིན་ལགས་ཏེ། བཅྡོཾས་ཉན་ཐོས་ཀྱི་ཚོགས་དང་བཅས་པས་མདོ་ཆེན་པོ་འདི་གྲུབ་པར་བགྱི་བའི་སླད་དུ་བསྲུང་བ་དང ། བསྒྲུབ་པ་དག་བཤད་དུ་གསོལ། དེ་ནས་བཅྡོཾས་ཀྱིས་མདོ་སྡེ་འདི་གྲུབ་པར་བྱ་བའི་ཕྱིར་བསྲུང་བ་དང ། བསྒྲུབ་པ་དག་བཀའ་སྩལ་པ། དེ་ལ་རྒྱུན་དུ་ཞུགས་པ་རྣམས་ཀྱི་གྲུབ་པ་ནི་འདི་ཡིན་ནོ། །ཏ་ལ་ཏ་ལ། ཏ་ན་ཏ་ལ། ཏ་ཏོ་ཏ་ལེ་མ་ཏེ། ལན་ཅིག་ཕྱིར་འོང་བ་རྣམས་ཀྱི་གྲུབ་པ་ནི་འདི་ཡིན་ནོ། །ས་ལེས་ས་ལི་ཏི། ཕྱིར་མི་འོང་བ་རྣམས་ཀྱི་གྲུབ་པ་ནི་འདི་ཡིན་ནོ། །ལ་ཏེ་ལ་ཏེ་ལོ་ལ་ཏེ། དགྲ་བཅོམ་པ་རྣམས་ཀྱི་གྲུབ་པ་ནི་འདི་ཡིན་ནོ། །དྷུ་པུ་དྷུ་པུ། དྷུ་རུ་དྷུ་རུ། ཀ་ཙ་བི་ཀ་ཙི། ཀ་ཙ་བི་ཀ་ཙ་ཏི། དེ་ནས་བཅྡོཾས་ཀྱིས་གྲུབ་པ་ནི་འདི་ཡིན་ནོ། །དྷ་མེ་དྷ་མེ། དྷ་མེ་དྷ་མེ། དྷ་སེ་དྷ་སེ། དྷ་རེ་དྷ་དྷ་རེ། དྷ་རོ་དྷི་དྷི་ཏི། དེ་ལ་བསྲུང་བ་ནི་འདི་ཡིན་ནོ། །ཏི་ན་ཏི་རི་ཙ་རི་ཥ ། བིངྒ་ལ་ཀྵི་རཀྵ། མཚམས
98.169b
བཅད་པའི་ནི་འདི་ཡིན་ནོ། །བད་དྷ་བད་དྷོ་ཏི། བད་དྷ་སི་རི་མི་ཏི། བད་དྷ་ཀུ་ཥ་བད་དྷ། གྷུ་གྷུ་ཥེ་བད་དྷ། གྷུ་ཥ་ག་ཥེ་ཡཾ་བད་དྷ་བྷི། བསྒྲུབ་པ་ནི་འདི་ཡིན་ནོ། །བི་ཥེ་སཱ་དྷ་ཡ། ཏུ་ཏུ་ལེ་སཱ་དྷ་ཡེ་ཏི། ཞག་གསུམ་སྨྱུང་བ་བྱས་པས་ཚེས་བཅཝ་ལྔའི་ཉིན་པར་གསང་སྔགས་ཀྱི་ཚིག་འདི་དག་དང ། མདོ་སྡེ་འདིས་བཅྡོཾས་ལ་མཆོད་པར་བྱས་ཏེ། ཁ་ཤར་ཕྱོགསུ་བལྟས་ལ་བསྲུང་བ་ལན་བརྒྱ་བརྗོད་པར་བྱ་ཞིང ། བཟླས་བརྗོད་ལན་བརྒྱ་བྱས་ལ། མདུད་པ་རེ་རེ་པ་བརྒྱ་རྩ་བརྒྱད་བྱས་ན་བསྲུང་བ་བྱས་པ་ཡིན་ཞིང ། ལན་གསུམ་སྤུ་ཟིང་ཞེས་བྱེད་པར་ཡང་འགྱུར་ཏེ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། །ཟླ་བ་ཡར་གྱི་ངོའི་ཚེས་བཅུ་གཉིས་ལ་བཅྡོཾས་ལ་མཆོད་པ་བྱས་ལ་སྐུད་པ་དེ་ལག་ཏུ་བླངས་ཏེ་བཟླས་ཤིང་མཚམས་བཅད་པར་བྱས་ཏེ། ལན་བརྒྱ་རྩ་བརྒྱད་བརྗོད་ཅིང་མདུད་པ་བརྒྱ་རྩ་བརྒྱད་བྱས་ཏེ་མཚམས་གཅོད་པར་བྱེད་ན་ལན་བདུན་སྤུ་ཟིང་ཞེས་བྱེད་པར་ཡང་འགྱུརོ། །ལྷོ་ཕྱོགས་ནས་ཅེ་སྤྱང་མོས་ལན་གསུམ་སྒྲ་ཕྱུང་སྟེ་འདུག་པར་གྱུར་ན། དེ་ནས་མཚམས་བཅད་པར་ཤེས་པར་བྱའོ། །དེས་དེ་བཞིན་དུ་སྨྱུང་བ་བྱས་ཏེ། ཚེས་བཅཝ་ལྔའི་ཉིན་པར་ཁྲུས་བྱས་ལ། བཅྡོཾས་ལ་མཆོད་པ་བྱས་སྟེ། སྐུད་པ་བླངས་ལ། ཉན་ཐོས་ཀྱི་ཚིག་རྣམས་དང ། བཅྡོཾས་ཀྱི་ཆོ་ག་ཞིབ་མོས་ལན་བདུན་བཟླས་ཏེ། བཟླས་བརྗོད་ལན་བརྒྱ་རྩ་བརྒྱད་བརྗོད་ཅིང་མདུད་པ་བརྒྱ་རྩ་བརྒྱད་བྱས་ལ། སྐུད་པ་ལག་ཏུ་བླངས་ཏེ། རིག་སྔགས་ཐཾད་ལན་ཅིག་བཟླས་བརྗོད་བྱས་ཤིང་སྒྲུབ་པ་བྱས་ན་ཆར་པ་ཆེན་པོ་དང ། རླུང་ཆེན་པོ་ཡང་འབྱུང་སྟེ། མཚམས་ཀྱི་ཕྱི་རོལ་དུ་ལྡང་ཞིང་འབབ་པར་འགྱུར་ལ། སྐད་ཅིག་གིས་ཆད་པར་ཡང་འགྱུར་ཏེ། ལན་བདུན་གྱི་བར་དུ་ཡང་བརྗོད་པར་བྱའོ། །དེ་ནས་ལྷའི་བུ་སྤྲིན་ཆེན་ཞེས་བྱ་བ་དང ། སྤྲིན་བཟང་ཤེས་བྱ་བ་གཉིས་འོངས་ཏེ། དེའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཞིང་གྲུབ་པ་སྦྱིན་པ་དང ། རྗེསུ་ཡི་རང་བར་ཡང་འགྱུརོ། །དེ་ལ་གྲུབ་པ་ནི་འདི་དག་ཡིན་ཏེ། ཀུ་ཅུ་ཀུ་ཙ་ཞེས་བྱའོ། །སྤྲིན་བཟང
98.170a
ཀྱི་ནི་འདི་ཡིན་ཏེ། ཀ་ར་ཀ་ར་ཀཱ་ར་ར་ཞེས་བྱའོ། །ཚིག་འདི་དག་དང་སྐུད་པ་ལག་ཏུ་བླངས་པས་མདོ་སྡེ་དང ། གསང་སྔགས་རྣམས་བསམས་ན་གང་བྱ་བར་འདོད་པ་དེ་དག་ཐམས་ཅད་བྱེད་པར་འགྱུརོ། །བཅྡོཾས་ཀྱི་མདོ་སྡེ་དང ། རིག་སྔགས་འདི་དག་ཐཾད་ཀྱིས་ཆུ་འམ་སྐུད་པ་ལ་བཟླས་ན་གང་བྱེད་པར་མི་འགྱུར་བ་དེ་མེད་དེ། ལས་ཐཾད་འགྲུབ་པར་འགྱུརོ། །ཇི་སྲིད་འཚོའི་བར་དུ་བདག་དང ། གཞན་དག་བསྲུང་བའི་ཕྱིར་མདོ་སྡེ་འདི་བཟུང་བར་བྱའོ། །བཅྡོཾས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འབྱུང་པོ་གང་དག་འདིར་ནི་ལྷགས་གྱུར་ཅིང ། །ས་དང་བར་སྣང་དག་ལ་འཁོད་པ་རྣཾས། །སྐྱེ་དགུ་རྣམས་ལ་རྟག་ཏུ་བྱམས་བྱས་ཅིང ། །ཉིན་དང་མཚན་དུ་ཆོས་ཀྱང་སྤྱོད་གྱུར་ཅིག་།མདོ་ཆེན་པོ་འདུས་པ་ཆེན་པོའི་མདོ་ཞེས་བྱ་བ། རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། པྲཛྙཱ་བར་མ་དང ། ཞུ་ཆེན་གྱི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། །