rKTs


J623

(e-text produced by ADARSHA)

see text in transliteration
98.70b
༄། །རྒྱ་གར་སྐད་དུ། ཨརྱ་དྲ་མི་དྲ་བིདྱ་རཱ་ཛ། ་་བོད་སྐད་དུ། འཕགས་པ་འགྲོ་ལྡིང་བའི་རིག་སྔགས་ཀྱི་རྒྱལ་པོ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན་སྨིག་མའི་མྱུ་གུའི་འཁོར་གྱི་ཁྱམས་ན་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་ཀྱི་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་གློག་ཐཾད་ཟློག་པ། སོ་སོར་འབྲང་བ་སྔོན་གྱི
98.71a
ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱི་གསུངས་པ་ང་ཡང་ད་ལྟར་འཆད་ཀྱིས་ཟུང་ཤིག་།ཀུན་དགའ་བོ་ཤར་ཕྱོགས་ན་འོང་བ་ཞེས་བྱ་བའི་གློག་ཡོད། ཀུན་དགའ་བོ་ལྷོ་ཕྱོགས་ན་སྐད་བརྒྱ་ཞེས་བྱ་བའི་གློག་ཡོད། ཀུན་དགའ་བོ་ནུབ་ཕྱོགས་ན་འོད་ཉམ་པ་ཞེས་བྱ་བའི་གློག་ཡོད། ཀུན་དགའ་བོ་བྱང་ཕྱོགས་ན་རྒྱུན་གྱི་བདག་པོ་ཞེས་བྱ་བའི་གློག་ཡོད་དོ། །ཀུན་དགའ་བོ་གང་ལ་ལ་གློག་འདི་རྣམས་ཀྱི་མིང་ཤེས་པ་དང ། ཕྱོགས་རྣམས་པར་གནས་པ་ཤེས་པ་དེ་ལ་གློག་གིས་འཇིགས་པ་ཐམས་ཅད་དུ་མི་འབྱུང་བར་ཤེས་པར་བྱའོ། །གློག་གི་མྀང་འདི་དག་ཡི་གེར་བྲིས་ཏེ། གནས་གང་དག་ཏུ་བཞག་པའི་གནས་དེ་དག་ཏུ་གློག་ཐམས་ཅད་མི་འབབ་བོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་འགྲོ་ལྡིང་བའི་གསང་སྔགས་གཞི་འདི་དག་བཀའ་སྩལ་ཏོ། །ཏདྱ་ཐཱ། ནི་མི་ནི་ནི་མི་མི་ནི་མི་ནི་ནི་མི་ན་དྷ་རེ། འཇིག་རྟེན་གསུམ་སྣ་བར་བྱེད་པ། ལག་ན་རྩེ་གསུམ་པས་ཕྱོགས་འདིར་གློག་ཐམས་ཅད་ལས་བདག་ལ་སྲུང་ཤིག་བསྲུང་ཤིག་སཝཱ་ཧཱ། ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིག་དབང་ཕྱུགས་འཁོར་དེ་ཉིད་དུ་འདུས་པར་གྱུར་ཏེ་འདུག་པ་དེས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་རྣམས་གྲངས་འདི་ལ། འགྲོ་ལྡིང་བའི་གསང་སྔགས་གཞི་འདི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། ཧ་དེ། བི་ཧ་ཏེ། ནི་ཧ་ཏེ། པྲ་ཏྱརྠི་ཀེ་།པྲ་ཏྱ་མི་ཏྲེ། ཤུད་དྷེ། མུཀ་ཀེ་།བི་མ་ལེ། པྲ་བྷ་སཝ་རེ། ཨཎ་ཌ་རེ། པཎ་ཌ་རེ། ཤཝེ་ཏེ། བན་དྷ་ར་བཱ་སི་ནི། ཧ་རི་ཀ་ར་དེ། པིང་ག་ལ་ཀཱི་དནྟི་མུ་ཁི། དུས་མ་ཡིན་པར་འཆི་བ་ཐམས་ཅད
98.71b
ལས་བདག་ལ་བསྲུངས་ཤིག་།བསྲུངས་ཤིག་།འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གཟི་བརྗིད་ཀྱིས་བདག་གིས་དུས་མ་ཡིན་པར་འཆི་བ་ཐམས་ཅད་མཐོང་བར་མ་གྱུར་ཅིག་སཝཱ་ཧཱ། དེ་ནས་གསང་བ་པའི་བདག་པོ་ལག་ན་རྡོ་རྗེས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་རྣམས་གྲངས་འདི་ལ་གཟུངས་ཀྱི་ཚིག་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། མུ་ནི་མུ་ནི། མུ་ནི་མུ་ནི་རེ་རྀ། མ་ཏི་མ་ཏི། སུ་མ་ཏི། མ་ཧཱ་མ་ཏི། ཧཱ་ཧཱ་ཧཱ་ཧཱ། ཁྱོད་ལ་སྡིག་པ་མེད་ཀྱིས་མ་འཇིགས་ཤིག་ཅེས་ལག་ན་རྡོ་རྗེས་སྨྲས་ཀྱིས། དྷི་ཌྷ་སཝཱ་ཧཱ། བཅོམ་ལྡན་འདས་བདག་གི་བསྲུང་བ་གཞན་གྱིས་མི་ཐུབ་པ་འདི་སུའི་སྙིང་ལ་འཛིན་ཏམ། ཡི་གེར་བྲིས་ནས་དེ་ལ་བདག་གིས་རྟག་པར་རྒྱུན་དུ་འཇིགས་པ་ཐཾད་ལས་བསྲུང་བར་བགྱིའོ། །དུས་མ་ལགས་པར་འགུམ་པ་ཐམས་ཅད་ལས་ཐར་བར་བགྱིའོ། །དེ་ནས་མི་མཇེད་ཀྱི་བདག་པོ་ཚངས་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་སེམས་ཅན་ཐམས་ཅད་ཀྱི་དོན་དང ། སྨན་པ་དང ། བདེ་བ་བསྐྱེད་པའི་སླད་དུ་ཆོས་ཀྱི་རྣཾས་གྲངས་འདི་ལ་གཟུངས་ཀྱི་གསང་སྔགས་གཞི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། ཧི་ལི་མི་ལི། ཙི་ལི་སཝཱ་ཧཱ། བྲཧྨ་སཝཱ་རེ་སཝ་རེ་སཝཱ་ཧཱ། བྲཧྨ་གརྦྷེ་པུཥྤ་སཾ་སྟ་རེ་སཝཱ་ཧཱ། བཅོམ་ལྡན་འདས་འདི་ནི་བདག་གི་སྲུང་བ་ཚངས་པའི་ཆད་པ་ཞེས་བགྱི་བ་སྟེ། དུ་མ་ལགས་པར་འགུམ་པ་ཐམས་ཅད་ལས་ཡོངས་སུ་བསྐྱོབ་པ། སྡིག་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ་ལགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ
98.71c
#་བྱིན་གྱིས་བཅོམ་ལྡན་འདས་ག་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་ཆོས་ཀྱི་རྣམ་གྲངས་འདི་ལ་གཟུངས་ཀྱི་གསང་སྔགས་གཞི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། ནི་བ་ར་ནཱི་བན་དྷ་བན་དྷ་མཱ་དན་དྷ། མ་ཏི་མ་ཏི། ཏི་ཊི། གཽ་རི། གན་དྷ་རི། ཙན་ཌ་ལི། མ་ཏཾ་གི། བ་ར་ལ་ནི། ཧཱི་ན་མ་དྷྱ་མ་དྷཱ་ར་ནཱི་མ་ལ་ནི། ད་ལ་མད་ཏེ། ཙཀྲ་པ་ཀྲི། ཤ་བ་རི་ཤ་བ་རི་སཝཱ་ཧཱ། བཙུན་པ་བཅོམ་ལྡན་འདས་འདི་ནི་བདག་གི་རིག་སྔགས་རྡོ་རྗེ་ལྕེ་འབེབས་པ་ཞེས་བགྱི་སྟེ། འཇིགས་པ་ཐམས་ཅད་ལས་རྣམ་པར་ཐར་བར་བགྱིད་པ། དུས་མ་ལགས་པར་འགུམ་པ་ཐམས་ཅད་ལས་ཡོངས་སུ་སྐྱོབ་པ་ལགས་སོ། །དེ་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་བསྲུང་དང ། འཕགས་སྐྱེས་པོ་དང ། མིག་མི་བཟང་དང ། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་གིས་ཀྱང་སྐྱེ་བོ་མང་པོ་ལ་སྨན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་སྙིང་བརྩེ་བའི་སླད་དུ་ཆོས་ཀྱི་རྣམ་གྲངས་འདི་ལ་གཟུངས་ཀྱི་གསང་སྔགས་གཞི་རྣམས་བརྗོད་པར་བགྱིའོ། །ཏདྱ་ཐཱ། པུཥྤེ་པུཥྤེ། དྷརྨ་བ་རི་ཧ་རི། ཨཱརྱ་པྲ་ཤ་སྟེ། ནིར་མུག་ཏེ། མཾ་ག་ལི། སྟུ་ཏེ། སྟ་བ་སྟེ། སཝཱ་ཧཱ། བཙུན་པ་བཅོམ་ལྡན་འདས་འདི་ནི་རྒྱལ་པོ་ཆེན་པོ་བཞི་པོ་བདག་ཅག་གི་བསྲུང་བ་འཇིགས་པ་མ་མཆིས་པ་ཞེས་བྱ་སྟེ། འཇིགས་པ་ཐམས་ཅད་ལས་མི་འཇིགས་པར་བགྱིད་པ། ཚེ་སྐྱོང་བ། དུས་མ་ལགས་པར་འགུམ་པ་ཐཾད་ལས་ཡོངས་སུ་བསྐྱོབ་པ་ལགས་སོ། །དེ་ནས་ཀླུའི་རྒྱལ་པོ་བརྒྱ་མཚོ་དང ། ཀླུའི་རྒྱལ་པོ་གློག་འོད་དང ། ཀླུའི
98.71d
#་རྒྱལ་པོ་མ་དྲོས་པ་དང ། ཀླུའི་རྒྱལ་པོ་གློག་ལྕེ་དང ། ཀླུའི་རྒྱལ་པོ་འོད་ཟེར་བརྒྱ་པས་བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བདག་ཅག་གི་བསྲུང་བ་ཆེན་པོ་ཡིད་བཞིན་གྱི་ནོར་བུ་ཞེས་བགྱི་བ་གློག་ཐམས་ཅད་ཟློག་པ། དུས་མ་ལགས་པར་འགུམ་པ་ཐམས་ཅད་སེལ་བ། དུག་རྣམས་མི་གདུག་པར་བགྱིད་པ། གཤེད་བྱེད་དང ། བྱད་དང ། རོ་ལངས་དང ། བཀྲ་མི་ཤིས་པ་འཇིག་པར་བགྱིད་པ་མཆིས་ན། བཅོམ་ལྡན་འདས་བདག་ཅག་ཀླུའི་སྐྱེ་གནས་འདི་ནས་འབྱུང་བ་དང ། སེར་སྣ་སྤང་བའི་སླད་དུ་ཐུགས་བརྩེ་བར་དགོངས་ཏེ་དེ་བཞེས་སུ་གསོལ། དེ་ཅིའི་སླད་དུ་ཞེ་ན། བཅོམ་ལྡན་འདས་བདག་ཅག་ཀླུ་རྣམས་ནི་སེམས་སེར་སྣ་ཅན་སྟེ། སེམས་སེར་སྣས་ཀུན་ནས་དཀྲིས་པ་ལགས་པའི་སླད་དུའོ། །ཏདྱད་ཐཱ། ཨ་ར་ཛེ། ཨ་མ་རེ། ཨ་མྲྀ་ཏེ། ཨཀྵ་ཡེ། པུཎྱ་པརྱ་པ་ཏེ། སརྦ་པཱ་པ་པྲ་ཤ་མ་ནཱྀ་ཡེ་སཝཱ་ཧཱ། ཨཱརྱ་པུ་ནྱ་སོ་པ་ཀཱི་ཡེ་སཝཱ་ཧཱ། བཙུན་པ་བཅོམ་ལྡན་འདས་གསང་སྔགས་གཞི་འདི་དག་སྐྱེས་པ་འམ། བུད་མེད་གང་ལ་ལའི་ལྕེ་ལ་འདོན་ཏམ། ཡི་གེར་བྲིས་པ་དེ་ལ་གློག་གི་འཇིགས་པ་ཐམས་ཅད་མ་མཆིས་པར་རིག་པར་བགྱིའོ། །རྩ་བའི་དུག་གམ། མཆེ་བའི་དུག་གམ། དབྱིག་དུག་གམ། གང་དག་གཞན་ཡང་ཡན་ལག་ལས་བྱུང་བའི་དུག་དེ་དག་གིས་དེ་འགུམ་པའི་དུས་བགྱིད་པར་མི་འགྱུར་རོ། །བདག་འཇིགས་པ་ཐཾད་དང ། གནོད་པ་ཐམས་ཅད་ལས་བདེ་ལེགས་སུ་གྱུར་ཅིག་།དེ་ནས་བཅོམ་ལྡན་འདས་ཀྱིས་བརྒྱ་བྱིན་དང ། ཚངས་པ་དང ། འཇིགས་རྟེན་སྐྱོང་བ་དང །
98.72a
ཀླུའི་བདག་པོ་དེ་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། བཞིན་བཟངས་དག་ཁྱེད་སྐྱེ་བོ་མང་པོ་ལ་ཕན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་ཞུགས་ཏེ། ཆོས་ཀྱི་རྣམས་གྲངས་འདི་བརྗེས་སུ་གཟུངས་བའི་ཕྱིར་འགྲོ་ལྡིང་བའི་གསང་སྔགས་ཀྱི་ཚིག་རྣམས་བཤད་པ་ལེགས་སོ་ལེགས་སོ། །ཕྱོགས་རྣམས་ན་གཉིད་ལོག་པ་དང ། མྱོས་པ་དང ། རབ་ཏུ་མྱོས་པ་རྣཾས་བསྲུང་བར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། དགེ་སློང་དེ་དག་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་བསྐྱོང་བ་དེ་དག་དང ། ཀླུའི་དབང་པོ་དེ་དག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་འགྲོ་ལྡིང་བའི་རིག་སྔགས་ཀྱི་རྒྱལ་པོ། རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། །