༄། །རྒྱ་གར་སྐད་དུ། ཨཱརྱ་སརྦ་ཨན་ཏ་རཱ་ཡི་བི་ཤོ་དྷ་ནི་ནཱ་མ་དྷཱ་ར་ཎཱི། ་་བོད་སྐད་དུ། ་འཕགས་པ་བར་དུ་གཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས། སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཀྱི་ཤར་ཕྱོགས་བྲམ་ཟེའི་གྲོང་ཤིང་ཨ་མྲའི་གནས་ཤེས་བྱ་བ་དེའི་བྱང་ཕྱོགས་ན་ལུས་འཕགས་རི་ལ་དབང་པོའི་བྲག་ཕུག་ན་བཞུགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་ལ་འཆི་འཕོའྀ་ཆོས་སུ་གྱུར་ཏེ། དེའི་ཚེ་འདུ་བྱེད་ཀྱི་ལྷག་མ་ལུས་པའི་ལྔ་ལྟས་ཁོང་དུ་ཆུད་ནས་སྐྲག་པ་སྐྱེས་ཏེ། བཙུན་མོའི་འཁོར་དང ། གཡོག་དང་བཅས 98.69b པར་བཅོམ་ལྡན་འདས་ཀྱི་གན་དུ་སོང་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བས་ཕྱག་འཚལ་ཏེ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་སྟེ། ཡང་དེའི་ཚེ་དོན་དུ་གཉེར་བ་དང ། བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། ཀཽ་ཤི་ཀ་དེའི་ཕྱིར་ཁྱོད་ཀྱི་རིག་པའི་གསང་སྔགས་གཞི་གང་དག་གིས་བདུད་ཐམས་ཅད་དང ། ཕྱིར་རྒོལ་བ་ཐམས་ཅད་དང ། ཕས་ཀྱི་རྒལ་བ་ཐཾད་ཤིན་ཏུ་ཚར་བཅད་པར་འགྱུར་བ་བར་དུ་བཅོད་པ་ཐམས་ཅད་རྣམ་པར་སྦྱོང་བ་ཞེས་བྱ་བའི་རིག་པའི་གསང་སྔགས་ཀྱི་གཞི་འདི་རྣམས་ཉོན་ཅིག་།ཏདྱ་ཐཱ། ཨ་བྷ་ཡི། བྷ་ཡ་བི་ག་ཏེ། བྷ་ཡ་པ་རི་ཤོ་དྷ་ནེ། ཨ་བྷ་ཡི། ཨ་བྷ་ཡཾ་ད་དེ། ནི་དུ་བ་ཀླིཥྚེ། ཨ་ན་ཀུ་ལེ། ཨ་ཀུ་ལ་པ་རི་ཤོ་དྷ་ནེ། ཨ་བེ་ཀལ་པ་ནེ། ཨ་ཙྱུ་ཏི། ཤུ་བྷེ་ཤུ་བྷ། ཏེ་ཛོ་ཏེ་ཛོ་བ་ཏེ། ཤ་ནི་ཨུ་པ་ཤ་མེ། མ་ཧོ་པ་ཤ་མེ། མེ་དྲི། མཻ་ཏྲྱུད་དྷི་ཏེ་ཏོ་ཤེ་།ཏོ་ཤ་ཡ་ཎེ་སཏྱེ། ས་ཏྱ་དར་ཤི་། བི་རུད་དྷི། ས་ཧ་ཏེ། སྀ་ཧི་ཏ་ཏྭེ། ཨཪྦེ་ཨཪྠ་སིད་དྷི། ཨ་མྲྀ་ཏེ། ཨ་མྲི་ཏ་བ་ཏེ། ཨ་བྷཱི་ཏེ། བཛྲ་ས་ཏྱེ་ཨ་ཀྵ་ཡེ། ཨཀྵ་ཡ་པྲ་བྷེ། དྲན་ཏྲ་བ་རེ། ཤུད་དྷེ་ཤུད་དྷེ་པྲ་བྷེ། ཨ་བ་བྷཱ་སེ། ཨ་བ་བྷཱ་ས་བ་ཏི། ཨུ་པ་ཡོ་གེ་།ཱ་ནུཏ་ཏ་རེ། ས་མ་ཙིཏྟེ། བུད་དྷ་ཨདྷི་ཥྛཱ་ནེ། ཤཱི་ལེ་བི་ཤོ་དྷ་ན། ཨ་སང་ཧཱ་རྱེ། སུ་ནི་གྲི་ཏཱི། ཏམ་མ་ར་བཱ་ལཱ་ནཱ་མ། པ་ར་ཛ་ཡོ་དྲྀཥྚི་ག་ཏྲ་ནཱཾ། ཛྭ་ལ་ནཾ་དྷརྨོ་ལ་ཀཱ་ལེ། ཨུད་གྷ་ཊ་ནཱཾ། དྷརྨྨ་ནི་དྷ་ན་སྱ་སཾ་གྲ་ཧ་ནཱཾ། དྷརྨྨ་གོ་ཤ་སྱ། ཀཽ་ཤི་ཀ་ཁྱོད་ཀྱིས་རིག་པའི་གསང་བསྔགས་གཞི་དག་ནི་ཁྱོད་ཀྱི་རིག་པའི་གསང་སྔགས་གཞི་གང་དག་གིས་བདུད་ཐཾད་དང ། ཕྱིར་རྒོལ་བ་ཐམས་ཅད་དང ། ཕས་ཀྱི་རྒོལ་བ་ཐམས་ཅད་ཤིན་དུ་ཚར་བཅད་པར་འགྱུར་བ་དག་གོ་།འདི་བཟླས་བརྗོད་བྱས་ན་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་མ 98.70a གཏོགས་པར་བར་དུ་གཅོད་པ་ཐམས་ཅད་རྣམ་པར་དག་པར་འགྱུར། དོན་ཐམས་ཅད་ཀྱང་གྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང ། ལྷའི་དབང་པོ་བརྒྱ་བྱིན་ཡི་རངས་ཏེ། དེའི་ཚེ་འདི་སྐད་དུ། ཁོ་བོ་ལྷ་ལས་མ་གྱུར་ལ། །འདི་ཉིད་ན་ནི་འདུག་བཞིན་དུ། །ཁོ་བོས་ཚེ་ཡང་ཐོབ་ཟིན་གྱིས། །གྲོགས་དག་དེ་ལྟར་ཤེས་པར་གྱིས། །ཤེས་ཆེད་དུ་བརྗོད་པ་ཆེད་དུ་བརྗོད་དོ། །འདིའི་མཐུ་ཐམས་ཅད་ཀྱིས་བདག་གི་བར་དུ་གཅོད་པ་དང ། བགེགས་དང ། ལོག་འདྲེན་ཐཾད་ནི་མེད་པར་གྱུར་ཅིག་།ཕུན་སུམ་ཚོག་པ་ཐམས་ཅད་ནི་གྲུབ་པར་གྱུར་ཅིག་།ན་མོ་ཨ་ཀེ་ཏུ་ལེ་ན་གེ་ཙཎ་ཌ་ན་ཡེ་སཝཱ་ཧཱ། སརྦ་ཨརྠ་སཱ་དྷ་ནི་ཡེ་སཝཱ་ཧཱ། དྷརྨཱ་སཱ་དྷ་ནི་ཡེ་སཝཱ་ཧཱ། སརྦ་ངར་ཡེ་བི་ཤོ་དྷ་ནི་ཡེ་སཝཱ་ཧཱ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷ་རྣམས་ཀྱིས་དབང་པོ་བརྒྱ་བྱིན་བཙུན་མོའི་འཁོར་དང་བཅས་ཤིང་འཁོར་དང་བཅས་པ་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱི་གསུང་པ་ལ་མངོན་པར་བསྟོད་དོ། །འཕགས་པ་བར་དུ་གཅོད་པ་ཐཾད་རྣམ་པར་སྦྱོང་བ་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ། ཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུ་ཆེན་གྱི་ལོཙྪ་བ་བན་དྷེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ། ། |