rKTs


J618

(e-text produced by ADARSHA)

see text in transliteration
98.65a
༄། །རྒྱ་གར་སྐད་དུ། ཨཱརྱ་སརྦ་ཨ་བྷ་ཡ་པྲ་དཱ་ན་ནཱ་མ་དྷཱ་ར་ཎཱི། ་བོད་སྐད་དུ། ་འཕགས་པ་ཐམས་ཅད་ལ་མི་འཇིགས་པ་རབ་ཏུ་སྦྱིན་པ་ཞེས་བྱ་བའི་བཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐཾད་ལ་ཕྱག་འཚལོ། །འདི་སྐད་བདག་གིས་ཐོས་པ་དུས་ཅིག་ན། བཅོཾ་ལྡན་འདས་ཡུལ་མ་ག་དྷ་ནས་ཡུལ་རྒྱུ་ཞིང་ཨ་མྲའི་ཚལ་དུ་གཤེགས་ཏེ་བྱོན་ནས། ཨ་མྲའི་ཚལ་ལུས་འཕགས་རིའྀ་དབང་པོའི་བྲག་ཕུག་ན་བཞུགས་སོ། །དེ་ནས་ལྷའི་དབང་པོ་རྒྱ་བྱིན་བཅོཾ་ལྡན་འདས་ག་ལ་བ་དེར་སོང་ཏེ་ཕྱིན་ནས། བཅོཾ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོག་ཅིག་ཏུ་འདུག་གོ་།ཕྱོག་ཅིག་ཏུ་འདུག་ནས་ལྷའི་དབང་པོ་རྒྱ་བྱིན་གྱི་བཅོཾ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོཾ་ལྡན་འདས་ལྷ་མ་ཡིན་རྣཾས་ནི་རབ་ཏུ་གནོད་པ་བགྱིད་པ་སྟེ། བཅོཾ་ལྡན་འདས་ལྷ་མ་ཡིན་རྣཾས་ནི། བདག་ལ་ཡིན་རིང་པོར་ཕྱིར་རྒོལ་བས་དགྲ་ལགས་ན། དེ་ནས་བཅོཾ་ལྡན་འདས་ཀྱིས་བདག་ལ་ཆོས་བསྟན་ཏུ་གསོལ། དེ་སྐད་ཅེས་བསོལ་པ་དང ། བཅོཾ་ལྡན་འདས་ཀྱིས་ལྷའི་དབང་པོ་རྒྱ་བྱིན་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལྷའི་དབང་པོ་ཁྱོད་ཀྱིས་ཐཾད་ལ་མི་འཇིགས་པ་སྦྱིན་པའི་རིག་སྔགས་དོན་ཐཾད་བྱེད་པ། འཇིགས་པ་ཐཾད་རབ་ཏུ་ཞི་བར་བྱེད་པ། ནད་ཐཾད་རབ་ཏུ་ཞི་བར་བྱེད་པ། དུག་ཐཾད་འཇིལ་བ། མཚོན་ཐཾད་རེངས་པར་བྱེད་པ། རྐང་མེད་དང ། རྐང་གཉིས་དང ། རྐང་བཞི་པ་ཐཾད་རེངས་པར་བྱེད་པ། དགྲ་ཐཾད་ཕུང་བར་བྱེད་པ། ལྷ་ཡིན་དང ། ནཾ་མཁའ་ལྡིང་དང ། སྦྱིན་བྱེད་མའི་བུ་དང ། ཤ་ཟ་དང ། བརྗེད་བྱེད་དང ། སྨྱོ་བྱེད་དང ། བྲཾ་ཟེའི་སྲིན་པོ་དང ། འབྱུང་པོ་དང ། རོ་ལངས་དང ། བྱའི་གདོན་དང ། སྲུལ་པོ་དང ། ནམ་གྲུ་དང ། གནོན་པོའྀ་གདེན་དང ། བརྗེད་བྱེད
98.65b
ཀྱི་གདོན་དང ། ལྷའི་གདོན་དང ། ཀླུའི་གདོན་དང ། གནོད་སྦྱིན་གྱི་གདོན་དང ། དྲི་ཟའི་གདོན་དང ། མི་འམ་ཅིའི་གདོན་དང ། ལོག་འདྲེན་གྱི་གདོན་དང ། མ་མོའི་གདོན་ཕུང་བར་བྱེད་པ། མདངས་འཕྲོག་མ་དང ། ཟས་སུ་ཕྲེང་བ་ཟ་བ་དང ། ཟས་སུ་སྤོས་ཟ་བ་དང ། ཟས་སུ་མེ་ཏོག་ཟ་བ་དང ། ཟས་སུ་བདུག་པ་ཟ་བ་དང ། ཟས་སུ་ཁྲག་འཐུང་བ་དང ། ཟས་སུ་རྣག་འཐུང་བ་དང ། ཟས་སུ་མི་གཙང་བ་ཟ་བ་དང ། ཟས་སུ་བཅིན་འཐུང་བ་རབ་ཏུ་ཕུང་བར་བྱེད་པ། རིམས་ནད་ཐཾད་དང ། རླུང་ལས་གྱུར་པ་དང ། མཁྲིས་པ་ལས་གྱུར་པ་དང ། བད་ཀན་ལས་གྱུར་པ་དང ། འདུས་པ་ལས་གྱུར་པ་དང ། འགྲོ་བ་དྲག་ཤུལ་སྤྱོད་པ་རབ་ཏུ་འཇིགས་པར་བྱེད་པ། འཐབ་པ་དང ། རྩོད་པ་དང ། འགྱེད་པ་དང ། མཚང་འབྲུ་བ་ཐཾད་རབ་ཏུ་ཞི་བར་བྱེད་པ་འདི་ཟུང་ཤིག་།ཐཾད་ལ་མི་འཇིགས་པའི་སྦྱིན་པའི་རིག་སྔགས་བཤད་པར་བྱའོ། །ཏདྱ་ཐཱ། ཨ་ཌེ་མ་ཌེ་པྲ་མ་ཊེ། བྲ་བཾ་མ་དི་རྀ། གོ་ལེ་མ་བོ་ལྀ་བོ་སེ། མོད་དེ་བད་དེ། ཁ་རད་ཏེ། ཁ་ར་ནེ། གྲ་ཎ་གྲ་ཎེ། ག་ཎ་པྲ་ག་ཎེ་མོ་ཎེ། པྲ་ཏེ་མོ་ཎེ། ཀཱ་ལཱི་པྲ་ཀྲཱ་ལཱི། ཙཎ་ཌེ་མ་ཧཱ་ཙཎ་ཌེ། པྲ་ཏི་ཙཎ་ཌེ། བེ་གེ་ཨ་བ་གེ་སོ་ན། གོ་ན་མོ་ཧཱ། པྲ་མོ་ཧཱ། མོ་ཏ་ཏྲ་མོ་ཊཱ། ནཱ་ཤཱ་ནི། པྲ་ནཱ་ཤཱ་ནི། དྷ་བ་ནཱི། པྲ་དྷ་བ་ནཱི། བ་ལ་ག་ནཱི། པྲ་བ་ལ་ནཱི། ནརིད་ཏྱ་ནཱི། པྲ་ནརིད་ཏྱ་ནཱི། ཀྲོ་དྷ་ནི། པྲ་ཏེ་ཀྲོ་དྷ་ནི། ཧ་ན་ཧ་ན་བི་ཧ་ན་བི་ཧ་ན། སརྦ་དུཥྚ་པྲ་དུཥྚན་ནཱ་ཤ་ཡ། སརྦ་ཨ་བྷ་ཡ་པྲ་ཏེ། བདག་འཁོར་དང་བཅས་པ་འཇིགས་པ་ཐཾད་དང ། གདོན་ཐཾད་དང ། ནད་འགོ་བ་ཐཾད་ལས་སྲུངས་ཤིག་།སྲུངས་ཤིག་།གནས་འདིར་བདག་གི་དོན་ཐཾད་གྲུབ་པར་གྱུར་ཅིག་།དེ་ལྟ་བས་ན། ཁི་དི་ཁི་དི། ཙུམ་བྷེ། སརྦ་ས་ཏྭ་ཧི་ཏེ་ར་ཏེ། ན་མཿ སརྦ་བུད་དྷ་ནཱཾ་སཝཱ་ཧཱ། ལྷའི་དབང་པོ་ཐཾད་ལ། མི་འཇིགས་པ་སྦྱིན་པའི་རིག་སྔགས་ཚིག་བཞི་བཅུ་ཙ་ཅིག་པོ་འདི་སྐུད་པ་མདུད་དེ་བཅིངས་སམ། སྐྲ་ལ་མདུད་པ་བོར་རམ། བཟླས་བརྗོད་བྱས་སཾ། ཡུངས་ཀར་རམ། གིའུ་ཝང་ལ་ལན་གཅིག་སྔགས་དེ་བསྐུས་སམ། གོ་ཆ་ལ་བསྔགས་ན་མཚོན་གྱིས་མི་ཚུགས། དུག་གིས་མ་ཡིན། རིམ་ནད་ཀྱིས་མ་ཡིན། ཉིན་གཅིག་པས་མ་ཡིན། ཉིན
98.66a
གཉིས་པས་མ་ཡིན། ཉིན་གསུམ་པས་མ་ཡིན། ཉིན་བཞི་པས་མ་ཡིན། མིས་མ་ཡིན། གསང་སྔགས་ཀྱིས་མ་ཡིན། རོ་ལངས་ཀྱིས་མ་ཡིན། དུག་གིས་མ་ཡིན། ནད་ཀྱིས་མ་ཡིན་ཏེ། ཆུས་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །རིག་སྔགས་དང ། གསང་སྔགས་དང ། སྦྱོར་བ་སྒྲུབ་པ་ཐཾད་སྦྱོར་བ་རྣམས་ཀྱིས་མ་གྲུབ་པ་རྣཾས་གྲུབ་པར་བྱེད་དོ། །སྦྱར་ཏེ་གྲུབ་པ་རྣམས་གཞན་གྱི་མི་ཚུགས་པར་བྱེད་དོ། །ཕ་རོལ་གྱིས་བཅིངས་པ་ལས་གྲོལ་བར་བྱེད་དོ། །གཞན་གྱི་རིག་སྔགས་གཅོད་པར་བྱེད་དོ། །བདག་གི་རིག་སྔགས་འཕེལ་བར་བྱེད་དོ། །གདོན་ཐཾད་ཕུང་བར་བྱེད་དོ། །གདོན་གང་གིས་མི་གཏོང་ན་ཡང་དེའི་མགོ་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་པ་བདུན་དུ་འགས་སོ། །དེ་ནས་ལྷའི་དབང་པོ་བརྒྱ་བྱིན་དེ་ཉིད་དུ་མི་སྣ་བར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ལྷའི་དབང་པོ་བརྒྱ་བྱིན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་ཐམས་ཅད་ལ་རབ་ཏུ་མི་འཇིགས་པ་སྦྱིན་པ་ཞེས་བྱ་བའི་གཟུངས། རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུ་ཆེན་གྱི་ལོ་ཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། །