rKTs


J617b

(e-text produced by ADARSHA)

see text in transliteration
98.64b
༄། །བོད་སྐད་དུ། འཕགས་པ་གདོན་མི་ཟ་བ་ཞེས་བའི་གཟུངས། འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོཾ་ལྡན་འདས་བེ་ཤ་ལེའྀ་སྤྲེའུ་རྫིང་གིས་འགྲཾ་གྱི་ཁང་བུ་བརྩེགས་པ་ན་བཞུགས་ཏེ། དེའི་ཚེ་བརྒྱ་བྱིན་ལྷའི་དབང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོཾ་ལྡན་འདས་བདག་ལྷ་མ་ཡིན་རྣཾས་ཀྱིས་རྒོལ་ཞིང་གཙེས་ཏེ། བདག་དང་ལྷ་མ་ཡིན་དུས་ཡུན་རིང་པོར་མི་འཛའ་ཞིང་དགྲར་གྱུར་ན། བཅོཾ་ལྡན་འདས་ཀྱིས་བདག་ལ་ཅི་ནས་ཀྱང་ཡུན་རིང་པོར་ཕན་པ་དང ། བདེ་བར་འགྱུར་བའི་ཕྱིར་དེ་ལྟ་བུའི་ཆོས་བདག་ལ་བཤད་དུ་གསོལ། དེ་སྐད་ཅེས་གསོལ་པ་དང ། བཅོཾ་ལྡན་འདས་ཀྱིས་བརྒྱ་བྱིན་ལྷའི་དབང་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེའི་ཕྱིར་ཀཽ་ཤི་ཀ་ཁྱོད་ཀྱིས་ངའི་སྙིང་པོ་གདོན་མི་ཟ་བ་ཞེས་བྱ་བའི་རིག་སྔགས་འདི་ལོང་ཤིག་།ཏདྱ་ཐཱ། ཨུརྦ་པ། ནིརྦྀ་སིརྦྀ་ཨུརྤུ་རྤུ་རེ། ཧཱུ་ལེ་ཧཱུ་ལེ། དེ་ཁུ་མེ། པྲ་ཏྱཾ་ག་མ་ཨ་གཙྪ་མ་ཧཱ་མ་ཡཱུ་རི་ནཱ་མ། བདག་འཇིགས་པ་ཐཾད་དང ། འཚེ་བ་ཐཾད་དང ། འཁོར་ཐཾད་དང་བཅས་པ་ལ་སྲུངས་ཤིག་སྲུངས་ཤིག་།སརྦ་ཀཱ་ཡ་བག་མ་མོ་མོཤྩ་རི་ཏེ་སཝཱ་ཧཱ། བཅོཾ་ལྡན་འདས་དགྱེས་ཤིང་དེ་སྐད་ཅེས་བཀའ་སྩལ་པ་དང ། བརྒྱ་བྱིན་ལྷའི་དབང་པོ་ཡིད་དགའ་སྟེ། བཅོཾ་ལྡན་འདས་ཀྱིས་བཀའ་སྩལ་པ་ལ་རྗེས་སུ་ཡི་རང་ནས། བཅོཾ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་དེ་ཉིད་དུ་མི་སྣང་བར་གྱུར་ཏོ། །རྫོགས་སྷོ།།