rKTs


J608

(e-text produced by ADARSHA)

see text in transliteration
97.319b
འཕགས་པ་ལང་ཀར་གཤེགས་པ་ལ་ཕྱག་འཚལ་ལོ། །
97.320a
བློ་གྲོས་ཆེན་པོ་སྔགས་ཀྱི་ཚིག་འདི་དག་བཤད་པར་བྱའོ། །ཏདྱ་ཐཱ། ཨཱོཾ་པད་མེ་པད་མེད་དེ་བཻ་ཧ་ཧི་ནི། ཙུ་ལུ་ཙུ་ལུ། ཧུ་ལེ་ཧུ་ལེ་ཧུ་ལེ། ཡུ་ལེ་ཡུ་ལེ་ཡུ་ལེ། །པ་ལེ་པ་ལེ་པ་ལེ། མུཾ་ཙེ་ཚན་དེ། བྷིན་དྷེ་བྷན་ཛྭ། མན་དྷེ་པྲ་མ་དྷེ། དེ་ན་ཀ་རེ་སཝཱ་ཧཱ། བློ་གྲོས་ཆེན་པོ་རིགས་ཀྱི་བུའམ། རིག་ཀྱིས་བུ་མོ་གང་ལ་ལ་སྔགས་ཀྱི་ཚིག་འདི་དག་འཛིན་པ་དང ། འཆང་བ་དང ། ཀློག་པ་དང ། ཀུན་ཆུབ་པར་བྱེད་ན། ལྷ་འམ། ལྷ་མོ་འམ། ཀླུ་འམ། ཀླུ་མོ་འམ། གནོད་སྦྱིན་ནམ། གནོད་སྦྱིན་མོ་འམ། ལྷ་མ་ཡིན་ནམ། ལྷ་མ་ཡིན་མོ་འམ། ནམ་མཁའ་ལྡིང་ངམ། ནམ་མཁའ་ལྡིང་མོ་འམ། མི་འམ་ཅི་འམ། མིའམ་ཅི་མོ་འམ། ལྟོ་འཕྱེ་ཆེན་པོ་འམ། ལྟོ་འཕྱེ་ཆེན་མོ་འམ། དྲི་ཟ་འམ། དྲི་ཟ་མོ་འམ། འབྱུང་པོ་འམ། འབྱུང་མོ་དང་གྲུལ་བུམ་མམ། གྲུལ་བུམ་མོ་འམ། ཤ་ཟ་འམ། ཤ་ཟ་མོ་འམ། གནོན་པོ་འམ། གནོན་མོ་འམ། བརྗེད་བྱེད་དམ། བརྗེད་བྱེད་མོ་འམ། སྲིན་པོ་འམ། སྲིན་མོ་འམ། འཕྲ་མེན་ཕོ་འམ། འཕྲ་མེན་མོ་འམ། མདངས་འཕྲོག་པ་འམ། མདངས་འཕྲོག་མ་འམ། ལུས་སྲུལ་པོ་འམ། ལུས་སྲུལ་མོ་འམ། མིའམ་མི་མ་ཡིན་པ་དེ་དག་ཐམས་ཅད་ཀྱིས་གླགས་མི་རྙེད་དོ། །གསང་སྔགས་ཀྱི་ཚིག་འདི་དག་ཀློག་པར་བྱེད་པ་དེས་ལང་ཀར་གཤེགས་པའི་མདོ་ཐམས་ཅད་ཀླགས་པར་འགྱུར་རོ། །སྔགས་ཀྱི་ཚིག་དག་ནི་བཅོམ་ལྡན་འདས་ཀྱིས་སྲིན་པོ་ལ་སོགས་པ་རྣམས་བཟློག་པའི་ཕྱིར་གསུངས་སོ། །འཕགས་པ་ལང་ཀར་གཤེགས་པའི་མདོ་ཐམས་ཅད་ཀླགས་པར་འགྱུར་བའི་གཟུང་སྔགས་རྫོགས་སྷོ།། །། #་