rKTs


J570

(e-text produced by ADARSHA)

see text in transliteration
97.314a
༄#། ། བཅོམ་ལྡན་འདས་ངན་སོང་ཐཾད་ཡོངསུ་སེལ་བའི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ། ཨོཾ་ཤོ་དྷ་ནི། བི་ཤོ་དྷ་ནེ་མ་མ་སརྦ་པཱ་པཾ་བི་ཤོ་དྷ་ནེ། ཤུདྡྷེ་བི་ཤུདྡྷེ། སརྦ་ཀརྨ་ཨཱ་བ་ར་ཎ་བི་ཤུདྷེ་སཝཱ་ཧཱ། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གིས་གཟུངས་འདིའི་ཡི་གེ་འམ། ཚིག་གམ། མིང་ངམ། ཐཾད་ཆུབ་པར་འཛིན་ན་མི་དེ་བསྐལ་བ་འབུམ་ཕྲག་བཅུ་བཞིར་ཚེ་རབས་དྲན་པར་འགྱུརོ། །ལས་ཀྱི་སྒྲིབ་པ་ཐཾད་ཀྱང་འབྱང་ལ་མྱུར་དུ་ཕྱིར་མི་ལྡོག་པ་ཉིད་ཀྱང་ཐོབ་པར་འགྱུར། བྱང་ཆུབ་ཀྱི་སྙིང་པོའི་བར་དུ་བསོད་ནམས་ཟད་པར་མི་འགྱུརོ། །ངན་སོང་ཐཾད་ཡོངསུ་སྦྱོང་བ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།