rKTs


J566

(e-text produced by ADARSHA)

see text in transliteration
97.313a
།། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་རྟེན་ལ་སྔགས་འདི་ལན་རེ་བརྗོད་ཅིང་བརྐྱང་ཕྱག་རེ་བྱས་ཏེ།
97.313b
ཕྱག་གསུམ་བྱས་ན་སྡེ་སྣོད་གསུམ་ཐོས་པ་དང ། བསམས་པ་དང ། བསྒོམས་པའི་བསོད་ནམས་དང་མཉམ་པར་འགྱུར་རོ། །ཉི་མ་རེ་རེ་ཕྱག་གསུམ་གསུམ་བྱས་ན་ཚེ་འདི་ཉིད་ལ་མཐོང་བའི་ལམ་གྱི་ཡེ་ཤེས་ཀྱི་ཏིང་ངེ་འཛིན་ཐོབ་པར་འགྱུར་རོ། །དེ་མ་ཐོབ་ཀྱི་བར་དུ་མི་དང་མི་མ་ཡིན་པ་དང ། འབྱུང་པོ་དང ། ནད་རིམས་ཀྱི་གནོད་པ་འབྱུང་བར་མི་འགྱུར་རོ། །ོཾ་ན་མོ་མཉྫུ་ཤྲཱི་ཡེ། ན་མཿ སུ་ཤྲི་ཡེ། ན་མཿ ་ཨུཏྟ་མ་ཤྲི་ཡེ་སཝཱ་ཧཱ། །ཕྱག་བྱ་བའི་གཟུངས། རྫོགས་སྷོ།།