rKTs


J538b

(e-text produced by ADARSHA)

see text in transliteration
97.263a
༄#། །རྒྱ་གར་སྐད་དུ། ་ཨཱརྱ་ཏ་ཐཱ་ག་ཏོ་ཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཨ་པ་རཱ་ཛཱི་ཏ་ནཱ་མ་དྷཱ་ར་ཎི། ་བོད་སྐད་དུ། ་འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལོ། །
97.263b
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལོ། །ཆོས་ལ་ཕྱག་འཚལོ། །དགེ་འདུན་ལ་ཕྱག་འཚལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་བྱེ་བ་ཕྲག་བདུན་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་རྣཾས་ལ་ཕྱག་འཚལོ། །འཇིག་རྟེན་ན་དགྲ་བཅོམ་པ་རྣཾས་ལ་ཕྱག་འཚལོ། །རྒྱུན་ཏུ་ཞུགས་པ་རྣཾས་ལ་ཕྱག་འཚལོ། །ལན་གཅིག་ཕྱིར་འོང་བ་རྣཾས་ལ་ཕྱག་འཚལོ། །ཕྱིར་མི་འོང་བ་རྣཾས་ལ་ཕྱག་འཚལོ། །འཇིག་རྟེན་ན་ཡང་དག་པར་སོང་བ་རྣཾས་ལ་ཕྱག་འཚལོ། །ཡང་དག་པར་ཞུགས་པ་རྣཾས་ལ་ཕྱག་འཚལོ། །ལྷའི་དྲང་སྲོང་དམོད་པ་འདོར་བ་དང་ཕན་འདོགས་པ་ནུས་པ་རྣམས་ལ་ཕྱག་འཚལ་ལོ། །རིག་སྔགས་འཆང་གྲུབ་པ་རྣཾས་ལ་ཕྱག་འཚལོ། །ཚང་པ་ལ་ཕྱག་འཚལོ། །དབང་པོ་ལ་ཕྱག་འཚལ། །ལེགས་ལྡན་དྲག་པོ་དཀའ་ཐུབ་བཟློག་པའི་བདག་པོ་དང་ལྷན་ཅིག་པ་ལ་ཕྱག་འཚལོ། །ལེགས་ལྡན་སྲིད་མེད་ཀྱི་བུ་ཕྱག་རྒྱ་ཆེན་པོ་ལྔས་ཕྱག་བྱས་པ་ལ་ཕྱག་འཚལོ། །ལེགས་ལྡན་ནག་པོ་ཆེན་པོ་གྲོང་ཁྱེར་སུ་བརྩེག་འཇིག་པར་བྱེད་པ་དུར་ཁྲོད་ན་གནས་པར་མོས་པ་མ་མོའི་ཚོགས་ཀྱིས་ཕྱག་བྱས་པ་ལ་ཕྱག་འཚལོ། །བཅྡོཾས་དེ་བཞིན་གཤེགས་པའི་གདུང་ལ་ཕྱག་འཚལོ། །པད་མོའི་གདུང་ལ་ཕྱག་འཚལོ། །རྡོ་རྗེའི་གདུང་ལ་ཕྱག་འཚལོ། །ནོར་བུའི་གདུང་ལ་ཕྱག་འཚལོ། །གླང་པོའི་གདུང་ལ་ཕྱག་འཚལོ། །གཞོན་ནུའི་གདུང་ལ་ཕྱག་འཚལོ། །ཀླུའི་གདུང་ལ་ཕྱག་འཚལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དཔའ་བརྟན་པའི་སྡེ་མཚོན་ཆའི་རྒྱལ་པོ་ལ་ཕྱག་འཚལོ། །བཅྡོཾས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལོ། །བཅྡོཾས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མི་ཁྲུགཔ་ལ་ཕྱག་འཚལོ། །བཅྡོཾས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡཾ་དག་པར་རྫོགས་པའི་སངྱས
97.264a
སྨན་གྱི་བླ་བཻ་དའུ་རྱའི་འོད་ཀྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ས་ལའི་དབང་པོའི་རྒྱལ་པོ་མེ་ཏོག་ཀུན་ཏུ་རྒྱས་པ་ལ་ཕྱག་འཚལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལོ། །བཅྡོཾས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངྱས་རིན་པོ་ཆེ་ཏོག་གི་རྒྱལ་པོ་ལ་ཕྱག་འཚལོ། །བཅྡོཾས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀུན་ཏུ་བཟུང་པོ་ལ་ཕྱག་འཚལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣཾ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །བཅྡོཾས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྤྱན་རྒྱས་པ་ཨུཏྤ་ལ་གསུང་གི་ཏོག་གི་རྒྱལ་པོ་ལ་ཕྱག་འཚལོ། །དེ་རྣཾས་ལ་ཕྱག་འཚལ་ནས། བཅྡོཾས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུག་དཀར་པོ་ཅན་གཞན་གྱིས་མི་ཐུབ་པ་ཞེས་བྱ་བའི་ཕྱིར་བཟློག་པ་ཆེན་པོ་འདིས་འབྱུང་པོའི་གདོན་ཐཾད་ཚད་གཅོད་པ། གཞན་གྱི་རིག་སྔགས་ཐཾད་གཅོད་པ། དུས་མ་ཡིན་པར་འཆི་བ་ལས་ཟློག་པ། སེམས་ཅན་བཅིངས་པ་ཐཾད་འགྲོལ་བ། སྡང་བ་དང ། རྨི་ལམ་ངན་པ་དང ། ལྟས་ངན་པ་ཐཾད་ཟློག་པ། གདོན་བརྒྱད་ཁྲི་བཞི་སྟོང་འཇིག་པར་བྱེད་པ། རྒྱུ་སྐར་ཉི་ཤུ་རྩ་བརྒྱད་དགའ་བར་བྱེད་པ། གཟའ་ཆེན་པོ་བརྒྱད་འཇིག་པར་བྱེད་པ། དགྲ་ཐམས་ཅད་བཟློག་པ། མ་རུངས་པ་དང ། སྡང་བ་དང ། རྨི་ལཾ་ངན་པ་ཐཾད་འཇིག་པར་བྱེད་པ། དུག་དང་མཚོན་དང་མེ་དང་ཆུ་ལ་སྒྲོལ་བ་སྟེ། གཞན་གྱིས་མི་ཐུབ་དྲག་ཤུལ་ཆེ། །གཏུཾ་པོ་ཆེན་མོ་སྟོབས་ཆེན་མོ། །འབར་བ་ཆེན་མོ་གཟི་བརྗིད་ཆེ། །དཀར་མོ་ཆེན་མོ་སྟོབས་ཆེན་མོ། །འབར་བའི་ཕྲེང་བ་གོས་དཀར་མོ། །
97.264b
འཕགས་མ་སྒྲོལ་མ་ཁྲོ་གཉེར་ཅན། །རྒྱལ་བའི་རྡོ་རྗེ་ཕྲེང་ཞེས་གྲགས། །པད་མའི་མངོན་མཚན་རྡོ་རྗེས་མཚན། །གཞན་གྱིས་མི་ཐུབ་ཕྲེང་བ་ཅན། །རྡོ་རྗེ་མཁར་བསྣཾས་འཇོམས་པ་མོ། །ཞི་བའི་ལྷ་རྣཾས་ཀྱིས་མཆོད་པ། །གཟུགས་ཞི་གཟི་བརྗིད་ཆེན་མོ་ཅན། །འཕགས་མ་སྒྲོལ་མ་སྟོབས་ཆེན་མོ། །རྡོ་རྗེ་ལུ་གུ་རྒྱུད་གཞན་དང ། །རྡོ་རྗེ་གཞོན་ནུ་རིགས་འཛིན་མ། །ལག་ན་རྡོ་རྗེ་རིགས་གསེར་ཕྲེང ། །ལེབ་རྒན་རྩི་དང་རིན་ཆེན་མ། །སྣང་མཛད་རྡོ་རྗེ་གཙུག་ཏོར་གྲགས། །རྣཾས་པར་བསྒྱིངས་མའི་རྡོ་རྗེ་དང ། །གསེར་འོད་ལྟ་བུའི་སྤྱན་མངའ་བ། །རྡོ་རྗེ་སྒྲོས་དང་དཀར་མོ་དང ། །པད་མའི་སྤྱན་དང་ཟླ་འོད་དང ། །ཕྱག་བརྒྱའི་ཚོགས་དེ་དག་ཐམས་ཅད་ཀྱིས་བདག་ལ་བསྲུང་དུ་གསོལ། བསྲུང་བ་མཛད་དུ་གསོལ། ཨོཾ་རཱི་ཥི་ག་ཎ་པྲ་ཤ་སྟ་ཡ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་སི་ཏཱ་ཏ་པ་ཏྲེ་ཧཱུཾ་དྲཱུཾ། ཛམ་བྷ་ན་ཀ་རཱི་ཧཱུཾ་དྲཱུཾ། སྟམ་བྷ་ན་ཀ་རཱི་ཧཱུཾ་དྲཱུཾ། མ་ཧཱ་བིདྱཱ་སམ་བྷ་ཀྵ་ཎ་ཀ་རཱི་ཧཱུཾ་དྲཱུཾ། པ་ར་བིདྱཱ་སྷམྦྷ་ཀྵ་ཎ་ཀ་རཱི་ཧཱུཾ་དྲཱུཾ། སརྦ་དུཥྚཱ་ནཱཾ་སྟམྦྷ་ན་ཀ་རཱི་ཧཱུཾ་དྲཱུཾ། སརྦ་ཡཀྵ་རཱཀྵ་ས་གྲ་ཧཱ་ནཱཾ་བི་ཏྲཱུཾ་ས་ན་ཀ་རཱི་ཧཱུཾ་དྲཱུཾ། ཙ་ཏུ་ར་ཤཱི་ཏཱི་ནཱཾ་གྲ་ཧ་ས་ཧ་སྲཱ་ཎཱཾ་བི་དྷྭཱཾ་ས་ན་ཀ་རཱི་ཧཱུཾ་དྲཱུཾ། ཨཥྚ་བི་ཤ་ཏཱི་ནཱཾ་ནཀྵ་ཏྲཱ་ནཱཾ་པྲ་སཱ་ད་ནཱཾ་ཀ་རཱི་ཧཱུཾ་དྲཱུཾ། ཨཥྚ་ནཱཾ་མ་ཧཱ་གྲ་ཧཱ་ཎཱཾ་བི་དྷྭཱཾ་ས་ན་ཀ་རཱི་ཧཱུཾ་དྲཱུཾ། རཀྵ་རཀྵ་མཱཾ། བཅྡོཾས་དེ་བཞིན་གཤེགས་པའི་གཙུགས་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ། ཕྱག་སྟོང་མངའ་བ་ཆེན་མོ། དབུ་སྟོང་མངའ་བ་ཆེན་མོ། སྤྱན་བྱེ་བ་བརྒྱ་ཕྲག་སྟོང་མངའ་བ་ཆེན་མོ། མི་ཕྱེད་འབར་བའི་མཚན་རྟགས་ཅན། རྡོ་རྗེ་ཡངས་པ་ཆེན་མོས་ས་གསུཾ་གྱི་དཀྱིལ་འཁོར་ལ་མངའ་མཛད་པས་ཀུནས་བདག་ལ་བསྲུང་དུ་གསོལ། བསྲུང་དུ་གསོལ། ཨོཾ་རྒྱལ་པོའི་འཇིགས་པ་དང ། ཆོམ་རྐུན་གྱིས་འཇིགས་པ་དང ། མེའི་འཇིགས་པ་དང ། ཆུ་ཡིས་འཇིགས་པ་དང ། དུག་གིས་འཇིགས་པ་དང ། མཚོན་གྱིས་འཇིགས་པ་དང ། ཕ་རོལ་གྱིས་དམག་ཚོགས་ཀྱི་འཇིགས་པ་དང ། མུ་གེའི་འཇིགས་པ་དང ། དགྲའི་འཇིགས་པ་དང ། ལྕེ་འབབ་པའི་འཇིགས་པ་དང །
97.265a
དུས་མ་ཡིན་པར་འཆི་བའི་འཇིགས་པ་དང ། ས་གཡོ་བའི་འཇིགས་པ་དང ། སྐར་མདའ་ལྟུང་བའི་འཇིགས་པ་དང ། རྒྱལ་པོའི་ཆད་པའི་འཇིགས་པ་དང ། ལྷ་ཡི་འཇིགས་པ་དང ། ཀླུ་ཡི་འཇིགས་པ་དང ། གློག་གི་འཇིགས་པ་དང ། ནཾམཁའ་ལྡིང་གི་འཇིགས་པ་དང ། གཅན་ཟན་ཁྲཽའི་འཇིགས་པ་དང ། ལྷའི་གདོན་དང ། ཀླུའི་གདོན་དང ། ལྷ་མ་ཡིན་གྱི་གདོན་དང ། རླུང་ལྷའི་གདོན་དང ། ནཾཁའ་ལྡིང་གི་གདོན་དང ། དྲི་ཟའི་གདོན་དང ། མི་འམ་ཅིའི་གདོན་དང ། ལྟོ་འཕྱེ་ཆེན་པོའི་གདོན་དང ། གནོད་སྦྱིན་གྱི་གདོན་དང ། སྲིན་པོའི་གདོན་དང ། ཡི་དགས་ཀྱི་གདོན་དང ། ཤ་ཟའི་གདོན་དང ། འབྱུང་པོའི་གདོན་དང ། གྲུལ་བུཾ་གྱི་གདོན་དང ། སྲུལ་པོའི་གདོན་དང ། སྐེཾས་བྱེད་ཀྱི་གདོན་དང ། རྗེད་བྱེད་ཀྱི་གདོན་དང ། སྨྱོ་བྱེད་ཀྱི་གདོན་དང ། གྲིབ་གནོན་གྱི་གདོན་དང ། གནོན་པོའི་གདོན་དང ། མཁའགྲོ་མའི་གདོན་དང ། ནཾ་གྲུའི་གདོན་དང ། གདོན་དེ་དག་ཐཾད་ལས་བདག་བདེ་ལེགསུ་གྱུར་ཅིག་།མདངས་འཕྲོག་པ་དང ། ཟསུ་མངལ་ཟ་བ་དང ། ཟསུ་ཁྲག་འཐུང་བ་དང ། ཟསུ་ཞག་ཟ་བ་དང ། ཟསུ་ཤ་ཟ་བ་དང ། ཟསུ་ཚིལ་ཟ་བ་དང ། ཟསུ་རྐང་ཟ་བ་དང ། ཟསུ་བཙས་པ་ཟ་བ་དང ། སྲོག་ཕྲོག་པ་དང ། ཟསུ་སྐྱུག་པ་ཟ་བ་དང ། ཟསུ་མི་གཙང་བ་ཟ་བ་དང ། ཟསུ་གཅིན་འཐུང་བ་དང ། ཟསུ་གཏོར་ཁུང་ནས་འབབ་པ་འཐུང་བ་དང ། ཟསུ་སུ་ལྷག་མ་ཟ་བ་དང ། ཟསུ་མཆིལ་མ་འཐུང་བ་དང ། ཟསུ་སྣབས་ཟ་བ་དང ། ཟསུ་ངར་སྣབས་ཟ་བ་དང ། ཟསུ་རྣག་ཟ་བ་དང ། ཟསུ་གཏོར་མ་ཟ་བ་དང ། ཟསུ་ཕྲེང་བ་ཟ་བ་དང ། ཟསུ་དྲི་ཟ་བ་དང ། ཟསུ་བདུག་པ་ཟ་བ་དང ། སེཾས་འཕྲོག་པ་དང ། ཟསུ་མེ་ཏོག་ཟ་བ་དང ། ཟསུ་འབྲས་བུ་ཟ་བ་དང ། ཟསུ་ལོ་ཏོག་ཟ་བ་དང ། ཟསུ་སྦྱིན་སྲེགས་ཟ་བ་དེ་དག་ཐཾད་ལས་བདག་བདེ་ལེགསུ་གྱུར་ཅིག་།དེ་དག་ཐཾད་དང་གདོན་ཐཾད་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ཀུན་དུ་རྒྱུས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །མཁའགྲོ་དང
97.265b
མཁའགྲོ་མས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ཕྱུག་བདག་ཆེན་པོས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །སྲེད་མེད་ཀྱི་བུས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ནཾཁའ་ཁའ་ལྡིང་ཡང་དག་པ་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །ནག་པོ་ཆེན་པོ་དང་མ་མོའི་ཚོགས་ཀྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །མིའི་ཐོད་པ་ཅན་གྱིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུ་གདབ་བོ། །རྒྱལ་བར་བྱེད་པ་དང ། སྦྲང་རྩིར་བྱེད་པ་དང ། དོན་ཀུན་སྒྲུབ་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །སྲིང་མོ་བཞིས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །བྷྲིཾ་གི་རི་ཏི་དང ། དགའ་བྱེད་དབང་ཕྱུག་དང ། ཚོགས་ཀྱི་བདག་པོ་དང་ལྷན་ཅིག་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དགེ་སྦྱོང་གཅེར་བུས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །དགྲ་བཅོམ་པས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །འདོད་ཆགས་དང་བྲལ་བས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་པོ། །གསཾ་བའི་བདག་པོ་ལག་ན་རྡོ་རྗེས་བྱས་པའི་རིག་སྔགས་གཅད་དོ། །ཕུར་བུས་གདབ་བོ། །བཅྡོཾས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུག་དཀར་པོ་ཅན་ཁྱོད་ལ་ཕྱག་འཚལོ། །བདག་ལ་བསྲུང་དུ་གསོལ། བསྲུང་དུ་གསོལ། ཨོཾ་ཨ་སི་ཏཱ་ན་ལཱ་རྐ་པྲ་བྷཱ་སྥུ་ཊ་བི་ཀ་སི་ཏཱ་ཏ་པ་ཏྲེ། ཛྭ་ལ་ཛྭ་ལ། ཁཱ་ད་ཁཱ་ད། ད་ར་ད་ར། བི་ད་ར་བི་ད་ར། ཙྪིནྡ་ཙྪིནྡ། བྷིན་དྷ་བྷིན་དྷ། ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ། ཧེ་ཧེ་ཕཊ། ཧོ་ཧོ་ཕཊ། ཨ་མོ་གྷེ་ཕཊ། ཨ་པྲ་ཏི་ཧཱ་ཏཱ་ཕཊ། པ་ར་པྲ་ད་ཕཊ། ཨ་སུ་ར་བི་དྲཱ་པ་ཀ་ཕཊ། སརྦ་དེ་བེ་བྷྱཿ ཕཊ། སརྦ་ནཱ་གེ་བྷྱཿ ཕཊ། སརྦ་ཨ་སུ་རེ་བྷྱཿ ཕཊ། སརྦ་མ་རི་ཏེ་བྷྱཿ ཕཊ། སརྦ་ག་རུ་ཌི་བྷྱཿ ཕཊ། སརྦ་གནྡྷ་རྦེ་བྷྱཿ ཕཊ། སརྦ་ཀིནྣ་རེ། བྷྱཿ ཕཊ། སརྦ་མ་ཧོ་ར་གེ་བྷྱཿ ཕཊ། སརྦ་ཡཀྵེ་བྷྱཿ ཕཊ། སརྦ་རཱཀྵེ་སེ་བྷྱཿ ཕཊ།
97.266a
སརྦ་པྲེ་ཏེ་བྷྱཿ ཕཊ། སརྦ་པི་ཤཱ་ཙེ་བྷྱཿ ཕཊ། སརྦ་བྷུ་ཏེ་བྷྱཿ ཕཊ། སརྦ་ཀུཾ་བྷཱཎྜེ་བྷྱཿ ཕཊ། སརྦ་པཱུ་ཏ་ནི་བྷྱཿ ཕཊ། སརྦ་ཀ་ཊ་པཱུ་ཏ་ནི་བྷྱཿ ཕཊ། སརྦ་སྐནྡྷ་དྷེ་བྷྱཿ ཕཊ། སརྦ་ཨུན་མཱ་དེ་བྷྱཿ ཕཊ། སརྦ་ཙྪ་ཡེ་བྷྱཿ ཕཊ། སརྦ་ཨ་པ་སྨཱ་རེ་བྷྱཿ ཕཊ། སརྦ་ཨོ་སྟ་ར་གེ་བྷྱཿ ཕཊ། སརྦ་དུརླངྒི་ཏེ་བྷྱཿ ཕཊ། སརྦ་དུཥྛེ་ཀྵི་ཏེ་བྷྱཿ ཕཊ། སརྦ་ཛྭ་རེ་བྷྱཿ ཕཊ། སརྦ་ཀྲྀ་ཏྱ་ཀརྨ་ཎཱ་ཀ་ཁོརྡོ་བྷྱཿ ཕཊ། ཀི་ར་ཎ་བི་ཏཱ་ཌི་བྷྱཿ ཕཊ། ཙིཙྪ་པྲ་ཥེ་ཀ་དུཤྩྪ་རྡི་ཏེ་བྷྱཿ ཕཊ། དུརྦྒུ་ཀྟེ་བྷྱཿ ཕཊ། སརྦ་རྠི་ཏཱི་རྠི་ཀེ་བྷྱཿ ཕཊ། སརྦ་ཤྲ་མ་ཎི་བྷྱཿ ཕཊ། སརྦ་བིདྱཱ་དྷ་རེ་བྷྱཿ ཕཊ། ཛ་ཡ་ཀ་ར། མ་དྷུ་ཀ་ར། སརྦ་ཨརྠ་སཱངྒ་ཀོ་བྷྱོ་བིདྱཱ་ཙཱ་རེ་བྷྱཿ ཕཊ། ཙ་ཏུ་བྷྱོ་བྷ་གི་ནཱི་བྷྱཿ ཕཊ། བཛྲ་ཀཽ་མཱ་རཱི་ཡེ་བྷྱཿ ཕཊ། བཱི་ངྒཱ་བཱི་དྷཱ་བིདྱཱ་རཱ་ཛྙི་ཡེ་བྷྱཿ ཕཊ། མ་ཧཱ་པྲ་ཏྱཾ་གི་རེ་བྷྱཿ ཕཊ། བཛྲ་ཤྀ་ཥ་ལཱ་ཡ་པྲ་ཏྱཾ་གི་ར་རཱ་ཛཱ་ཡ་ཕཊ། མ་ཧཱ་ཀཱ་ལཱ་ཡ་མ་ཏྲྀ་ག་ཎ་ན་མ་སྐྲྀ་ཏཱ་ཡེ་བྷྱཿ ཕཊ། བཻཥྞ་བཱི་ཡེ་ཕཊ། བྲཱམྷ་ཎི་ཡེ་ཕཊ། ཨགྣི་ཡེ་ཕཊ། མ་ཧཱ་ཀཱ་ལཱི་ཡེ་ཕཊ། ཀཱ་ལཱ་དཾ་ཌཱི་ཡེ་ཕཊ། ཨིནྡྲ་ཡེ་ཕཊ། རཽ་དྲཱི་ཡེ་ཕཊ། ཀཽ་མ་རཱི་ཡེ་ཕཊ། བཱ་རཱ་ཧཱི་ཡེ་ཕཊ། ཙ་མུཎྜཱ་ཡེ་ཕཊ། རཱ་ཏྲཱི་ཡེ་ཕཊ། ཀཱ་ལཱ་རཱ་ཏྲཱི་ཡེ་ཕཊ། ཡ་མ་དཎྜཱི་ཡེ་ཕཊ། ཀ་པཱ་ལཱི་ཡི་ཕཊ། ཨ་དྷི་མུཀྟི་སྨ་སཱ་ན་བཱ་སི་ནཱི་ཡེ་ཕཊ། སེམས་ཅན་གང་སུ་དག་བདག་ལ་སྡང་བའི་སེམས་དང་ལྡན་པ་རྣཾས་དང ། དྲག་ཤུལ་གྱི་སེཾས་དང་ལྡན་པ་རྣཾས་དང ། མདངས་འཕྲོག་པ་རྣཾས་དང ། ཟསུ་མངལ་ཟ་བ་རྣམས་དང ། ཟསུ་ཁྲག་འཐུང་བ་རྣམས་དང ། ཟསུ་ཞག་ཟ་བ་རྣཾས་དང ། ཟསུ་ཤ་ཟ་བ་རྣམས་དང ། ཟསུ་ཚིལ་ཟ་བ་རྣཾས་དང ། ཟསུ་རྐང་ཟ་བ་རྣཾས་དང ། ཟསུ་བཙས་པ་ཟ་བ་རྣཾས་དང ། སྲོག་ཕྲོག་པ་རྣཾས་དང ། ཟསུ་སྐྱུགས་པ་ཟ་བ་རྣཾས་དང ། ཟསུ་མི་གཙང་བ་ཟ་བ་རྣཾས་དང ། ཟསུ་གཅིན་འཐུང་བ་རྣཾས་དང ། ཟསུ་གཏོར་ཁུང་ནས་འབབ་པ་འཐུང་བ་རྣཾས་དང ། ཟསུ་ལྷག་མ་ཟ་བ་རྣཾས་དང ། ཟསུ་མཆིལ་མ་འཐུང་བ་རྣཾས་དང ། ཟསུ་སྣབས་ཟ་བ་རྣཾས་དང ། ཟསུ་ངར་སྣབས་ཟ་བ་རྣཾས་དང ། ཟསུ་རྣག་ཟ་བ་རྣཾས་དང ། ཟསུ་གཏོར་མ་ཟ་བ་རྣཾས་དང ། ཟསུ་ཕྲེང་བ་ཟ་བ་རྣཾས་དང ། ཟསུ་དྲི་ཟ་བ་རྣཾས་དང །
97.266b
ཟསུ་བདུག་པ་ཟ་བ་རྣམས་དང ། སེམས་འཕྲོག་པ་རྣམས་དང ། ཟསུ་མེ་ཏོག་ཟ་བ་རྣམས་དང ། ཟསུ་འབྲས་བུ་ཟ་བ་རྣམས་དང ། ཟསུ་ལོ་ཏོག་ཟ་བ་རྣམས་དང ། ཟསུ་སྦྱིན་སྲེག་ཟ་བ་རྣམས་དང ། སྡིག་པའི་སེམས་དང་ལྡན་པ་རྣམས་དང ། སྡང་བའི་སེམས་དང་ལྡན་པ་རྣམས་དང ། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང ། གནོད་སྦྱིན་གྱི་གདོན་རྣཾས་དང ། སྲིན་པོའི་གདོན་རྣཾས་དང ། ཡི་དགས་ཀྱི་གདོན་རྣམས་དང ། ཤ་ཟའི་གདོན་རྣམས་དང ། འབྱུང་པོའི་གདོན་རྣམས་དང ། གྲུལ་བུམ་གྱི་གདོན་རྣམས་དང ། སྲུལ་པོའི་གདོན་རྣམས་དང ། ལུས་སྲུལ་པོའི་གདོན་རྣམས་དང ། སྐེམ་བྱེད་ཀྱི་གདོན་རྣཾས་དང ། སྨྱོ་བྱེད་ཀྱི་གདོན་རྣམས་དང ། གྲིབ་གནོན་གྱི་གདོན་རྣམས་དང ། རྗེད་བྱེད་ཀྱི་གདོན་རྣམས་དང ། གནོན་པོའི་གདོན་རྣམས་དང ། མཁའགྲོ་མའི་གདོན་རྣམས་དང ། ནམ་གྲུའི་གདོན་རྣམས་དང ། གཤིན་རྗེའི་གདོན་རྣམས་དང ། བྱའི་གདོན་རྣམས་དང ། མ་མོ་དགའ་བར་བྱེད་པའི་གདོན་རྣམས་དང ། ཀུན་དུ་འཕྲེང་བའི་གདོན་རྣམས་དང ། ཚེར་མ་འདོན་པའི་གདོན་རྣམས་དང ། རིམས་ཉིན་གཅིག་པ་རྣམས་དང ། ཉིན་གཉིས་པ་རྣམས་དང ། ཉིན་གསུམ་པ་རྣམས་དང ། ཉིན་བཞི་པ་རྣམས་དང ། ཉིན་བདུན་པ་རྣམས་དང ། རྟག་པའི་རིམས་རྣམས་དང ། རིམས་མི་བཟད་པ་རྣམས་དང ། རིམས་ལྡང་དུབ་པ་རྣམས་དང ། འབྱུང་པོའི་རིམས་རྣམས་དང ། རླུང་ལས་གྱུར་པ་རྣམས་དང ། མཁྲིས་པ་ལས་གྱུར་པ་རྣམས་དང ། བད་ཀན་ལས་གྱུར་པ་རྣམས་དང ། འདུས་པ་ལས་གྱུར་པ་རྣམས་དང ། རིམས་ནད་ཐམས་ཅད་དང་ཀླད་པ་ན་བ་བསལ་དུ་གསོལ། གཞོག་ཕྱེད་ན་བ་དང ། ཡི་ག་འཆུས་པ་དང ། མིག་ནད་དང ། སྣ་ནད་དང ། ཁ་ནད་དང ། མགུལ
97.267a
ནད་དང ། སྙིང་ནད་དང ། ལྐོག་མའི་ལྷ་གོར་ན་བ་དང ། རྣ་བ་ན་བ་དང ། སོ་ན་བ་དང ། སྙིང་ན་བ་དང ། ཀླད་པ་ན་བ་དང ། སྐེ་ན་བ་དང ། རྩིབ་ལོགས་ན་བ་དང ། རྒྱབ་ན་བ་དང ། ལྟོ་ན་བ་དང ། རྐེད་པ་ན་བ་དང ། ཆུ་སོ་ན་བ་དང ། བརླ་ན་བ་དང ། རྗེ་ངར་ན་བ་དང ། ལག་པ་ན་བ་དང ། རྐང་པ་ན་བ་དང ། ཡན་ལག་ན་བ་དང ། ཉིང་ལག་ན་བ་བསལ་དུ་གསོལ། གདུགས་དཀར་པོ་ཅན་རྡོ་རྗེ་གཙུག་ཏོར་ཕྱིར་ཟློག་པ་ཆེན་མོ་འདིས་དཔག་ཚད་བཅུ་གཉིས་ཀྱི་ནང་ཆད་དུ་འབྱུང་པོ་དང ། རོ་ལངས་དང ། མཁའ་འགྲོ་མ་དང ། རིམས་དང ། ཤུ་བ་དང ། གཡན་པ་དང ། འབྲུམ་བུ་ཕྲ་མོ་དང ། མཛེ་དང ། ཕོལ་མིག་དང ། བས་བལྡགས་དང ། མེ་དབལ་དང ། གཡའ་བ་དང ། ལྷོག་པ་དང ། སྐེམ་པ་དང ། སྐྲག་པ་དང ། དབྱིག་དུག་དང ། དུག་སྦྱར་མ་དང ། བྱད་སྟེམས་དང ། མེ་དང ། ཆུ་དང ། མི་ངས་དང ། དགྲ་དང ། གནོད་པ་དང ། དུས་མ་ཡིན་པར་འཆི་བ་དང ། སྦྲང་བུ་ཏྲྱཾ་བུ་ཀ་དང ། ཏྲཻ་ལཱ་ཏཱ་དང ། སྡིག་པ་དང ། སྦྲུལ་དང ། སྲེ་མོ་དང ། སིང་གེ་དང ། སྟག་དང ། དོམ་དང ། དྲེད་དང ། ཆུ་སྲིན་དང ། བུང་བ་ལྟ་བུས་གཞན་གྱི་སྲོག་འཕྲོག་པ་དེ་དག་ཐམས་ཅད་ཀྱི་རིག་སྔགས་བཅིང་བར་བགྱིའོ། །གཟི་བརྗིད་བཅིང་བར་བགྱིའོ། །གཞན་གྱི་རིག་སྔགས་བཅིང་བར་བགྱིའོ། །ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། བེ་ཥ་དེ་བི་ཥ་དེ། བཻ་ར་བཻ་ར། བཛྲ་དྷ་རི་བཾ་དྷ་བཾ་དྷ་ནི། བཛྲ་པཱ་ཎི་ཕཊ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ། ཧཱུཾ་དྲཱུཾ་བན་དྷ་ཕཊ་མ་མ་རཀྵ་རཀྵ་སཝཱ་ཧཱ། སུས་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུག་དཀར་པོ་ཅན་བཞན་གྱི་མི་ཐུབ་པ་ཕྱིར་ཟློག་པ་ཆེན་པོ་འདི་གྲོ་ག་འམ། རས་སམ། ཤིང་ཤུན་ལ་བྲིས་ཏེ། ལུས་སམ་མགུལ་དུ་ཐོགས་ན། དེ་ཇི་སྲིད་འཚོའི་བར་དུ་དུག་གིས་མི་ཚུགས། མཚོན་གྱིས་མི་ཚུགས། མེ་ཡིས་མི་ཚུགས། ཆུས་མི་ཚུགས། དབྱིག་དུག་གིས་མི་ཚུགས། དུག་སྦྱར་མས་མི་ཚུག ། བྱད་ཀྱི་མི་ཚུགས། དུས་མ་ཡིན་པར་འཆི
97.267b
བའི་དུས་བྱེད་པར་མི་འགྱུར་རོ། །གདོན་ཐམས་ཅད་དང ། བགེགས་དང ། ལོག་འདྲེན་ཐམས་ཅད་ཀྱི་ཡིད་དུ་འོང་བ་དང་དགའ་བར་འགྱུར་རོ། །རྡོ་རྗེའི་རིགས་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་བཅུ་རྩ་བཞིས་ཀྱང་དེ་ལ་བསྲུང་བ་དང ། བསྐྱབ་པ་དང ། སྦེད་པར་བྱེད་དེ། དེ་རྣམས་ཀྱི་ཡིད་དུ་འོང་བ་དང་དགའ་བར་འགྱུར་རོ། །བསྐལ་པ་ཆེན་པོ་བརྒྱད་ཁྲི་བཞི་སྟོང་དུ་ཚེ་རབ་དྲན་པར་འགྱུར་རོ། །ནམ་དུ་ཡང་གནོད་སྦྱིན་དང ། སྲིན་པོ་དང ། ཡི་དག་དང ། སྲུལ་པོ་དང ། ལུས་སྲུལ་པོ་ཉིད་དུ་མི་འགྱུར་རོ། །མི་དབུལ་པོར་མི་འགྱུརོ། །སངས་རྒྱས་བཅོམ་ལྡན་འདས་གྲང་མེད་དཔག་ཏུ་མེད་པ་གང་གཱ་ཀླུང་གི་བྱེ་མ་སྙེད་ཀྱི་བསོད་ནམ་ཀྱི་ཕུང་པོ་དང་ལྡན་པར་འགྱུར་རོ། །དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱི་མི་ཐུབ་པ་ཕྱིར་ཟློག་པ་ཆེན་པོ་འདི་འཆང་ན་ཚངས་པར་མི་སྤྱོད་པ་ཡང་ཚང་པར་སྤྱོད་པར་འགྱུར་རོ། །ཐུབ་པར་མ་བྱས་པ་ཡང་ཐུབ་པར་བྱས་པར་འགྱུར་རོ། །མི་གཙང་བ་ཡང་གཙང་བར་འགྱུར་རོ། །བསྙེན་གནས་མ་བྱས་པ་ཡང་བསྙེན་གནས་བྱས་པར་འགྱུར་རོ། །བསྨྱུང་བ་མ་བྱས་པ་ཡང་བསྨྱུང་བ་བྱས་པར་འགྱུར་རོ། །མཚམས་མེད་པ་ལྔ་བྱས་པ་ཡང་སྡིག་པ་བྱང་བར་འགྱུར་རོ། །སྔོན་གྱི་ལས་ཀྱི་སྒྲིབ་པ་ཡང་མ་ལུས་པར་བྱང་བར་འགྱུར་རོ། །བུད་མེད་བུ་འདོད་པ་གང་ལ་ལ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུག་དཀར་པོ་ཅན་གཞན་གྱི་མི་ཐུབ་པ་ཆེན་པོ་འདི་འཆང་ན་བུ་འདོད་པ་དེས་དེ་རྙེད་དེ། ཚེ་དང་བསོད་ནམས་དང་སྟོབས་རྣམས་ཀྱང་རབ་ཏུ་རྙེད་པར་འགྱུརོ། །འདི་ནས་ཤི་འཕོས་ནས་ཀྱང་འཇིག་རྟེན་གྱི་ཁམས་བདེ་བ་ཅན་དུ་སྐྱེ་བར་འགྱུརོ། །མི་ནད་དང ། ཕྱུག་ནད་དང ། གནག་ནད་དང ། ཡམས་ཀྱི་ནད་དང ། འཚེ་བ་དང ། ནད་འགོ་བ་དང ། གནོད་པ་དང ། འཁྲུག་པ་དང ། ཕ་རོལ་ཀྱི་དམག་ཚོག་འོང་བ་ཐམས་ཅད་ལ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུག་དཀར་པོ་ཅན་གཞན་གྱི་མི་ཐུབ་པ་ཕྱིར
97.268a
ཟློག་པ་ཆེན་པོ་འདི་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ། རིམ་གྲོ་ཆེར་བྱས་ཏེ། མཆོད་པ་ཆེན་པོ་བྱས་ལ། གྲོང་ཁྱེར་ཐམས་ཅད་ཀྱི་སྒོ་འམ། གྲོང་ངམ། གྲོང་ཁྱེར་རམ། གྲོང་རྡལ་ལམ། ལྗོངས་སམ། དགོན་པའི་གནས་སུ་གཟུགས་སོ། །གཞན་ཀྱིས་མི་ཐུབ་པ་ཕྱིར་ཟློག་པ་ཆེན་པོ་འདི་རིམ་གྲོ་ཆེར་བྱས་ཏེ། བཙུགས་མ་ཐག་ཏུ་གཡུལ་ཞི་བར་འགྱུར་རོ། །ཡམས་ཀྱི་ནད་དང ། འཚེ་བ་དང ། ནད་འགོ་བ་དང ། གནོད་པ་དང ། འཁྲུག་པ་དང ། ཕ་རོལ་གྱི་དམག་ཚོགས་འོང་བ་རྣམས་རབ་ཏུ་ཞི་བར་འགྱུར་རོ། །ཏདྱ་ཐཱ། ཨོཾ་ཥྚཱོཾ་བན་དྷ་བན་དྷ་མ་མ་རཀྵ་རཀྵ་སཝཱ་ཧཱ། ཨཱོཾ་ཧཱུཾ་ཤྜཱོཾ་བནྷ་བནྷ་བཛྲ་མ་མ་རཀྵ་རཀྵ་བཛྲ་པཱ་ནི་ཧཱུཾ་ཧཱུཾ་ཕཊ་སཝཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཨ་ན་བ་ལོ་ཀི་ཏི་མུར་དྷ་ནི་ཏེ་ཛོ་རཱ་ཤི། ཨོཾ་ཧཱུཾ་ཛ་ལ་ཛ་ལ། དྷ་ཀ་དྷ་ཀ་།ད་ར་ད་ར། བི་ད་ར་བི་ད་ར། ཙྪིནྡ་ཙྪིནྡ། བྷིན་དྷ་བྷིན་དྷ། ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ། ཨོཾ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ཧཱུཾ་ཕཊ་སཝཱ་ཧཱ། ཏདྱ་ཐཱ། ཨོཾ་ཨ་ན་ལེ་ཨ་ན་ལེ། ཁ་ས་མེ་ཁ་ས་མེ། བཻ་རེ་བཻ་རེ། སཽ་མེ་སཽ་མེ། སརྦ་བྷུད་དྷཱ་ཨ་དྷིཥྛཱ་ན་ཨ་དྷིཥྛེ་ཏེ་སརྦ་ཏ་ཐཱ་ག་ཏོཥྞཱི་ཥ་ས་ཏ་ཏ་པ་ཏྲེ་ཧཱུཾ་ཕཊ། ཧཱུཾ་མ་མ་ཧཱུཾ་ནི་སཝཱ་ཧཱ། སངས་རྒྱས་རྣལ་འབྱོར་དུ་བྱའོ། །ཀླུའི་རྒྱལ་པོ་རྣམས་ཀྱིས་ཀྱང་དུས་དུས་སུ་ཆར་འབེབས་སོ། །འཕགས་པ་དེ་བཞིན་གཤེགས་པའི་གཙུག་ཏོར་ནས་བྱུང་བའི་གདུགས་དཀར་པོ་ཅན་གཞན་གྱི་མི་ཐུབ་པ་ཞེས་བྱ་བའི་གཟུངས་རྫོགས་སྷོ།། །།