rKTs


J536

(e-text produced by ADARSHA)

see text in transliteration
97.247a
༄#། །རྒྱ་གར་སྐད་དུ། ་སརྦ་ཏ་ཐ་ག་ཏ་ཨུཥྞཱི་ཥ་བི་ཛ་ཡ་ན་མ་ཧ་རི་ཎི་ཀལ་པ་ས་ཧི་ཏ། ་བོད་སྐད་དུ། ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་རྟོག་པ་དང་བཅས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དཔག་ཏུ་མེད་པ་བདེ་བ་ཅན་གྱི་ཆོས་ཡང་དག་པར་སྡུད་པའི་ཁང་བཟང་མཆོག་ན་ཉེ་བར་བཞུགས་སོ། །དེ་ནས་འཁོར་ཀྱི་དཀྱིལ་འཁོར་ལ་ཉེ་བར་གཟིགས་ཏེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། ཀྱེ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རིགས་ཀྱི་བུ་དང ། རིགས་ཀྱིས་བུ་མོ་སྡུགས་བསྔལ་བ་ནད་ཀྱིས་ཡོངས་སུ་གཟིར་པའི་སེམས་ཅན་ཚེ་ཐུང་བ་རྣམ་ཡོད་དེ། དེ་རྣམ་ཀྱི་ཕྱིར་སེམས་ཅན་ཐམས་ཅད་ལ་ཀུན་དུ་གཟིགས་པའི་མཚན་གྱི་དཔལ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཙུག་ཏོར་རྣམས་པར་རྒྱལ་བ་ཞེས་བྱས་བའི་གཟུངས་འདི་ཉིད་བཅང་བ་དང་བཀླག་པ་དང ། གཞན་ལ་རྒྱ་ཆེར་ཡང་དག་པར་བསྟན
97.247b
པའི་ཕྱིར་ཡུན་རིང་བར་གནས་པར་བསྒྲུབ་པའི་ཆེད་དུ་བཅོམ་ལྡན་འདས་ཀྱིས་ཐམས་ཅད་དང་ལྡན་པའི་འཁོར་གྱི་དཀྱིལ་འཁོར་ལ་གཟིགས་ཏེ། ཀུན་དུ་གཟིག་པའི་དཔལ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམ་པར་ཞུགས་ཏེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གཙུག་རྣམ་པར་རྒྱལ་བ་ཞེས་བྱ་བའི་གཟུངས་འདི་བཀའ་སྩལ་པ། ཨོཾ་ན་མོ་བྷ་ག་ཝ་ཏེ་སརྦ་ཏྲཻ་ལོ་ཀྱ་པྲ་ཏི་བི་ཤིཥྚཱ་ཡ་བུད་དྷ་ཡ་ཏེ་ན་མ། ཏདྱ་ཐཱ། ཨོཾ་བྷྲཱུཾ་བྷྲཱུཾ་བྷྲཱུཾ། ཤོ་དྷ་ཡ་ཤོ་དྷ་ཡ། དྷ་ཡ། བྷི་ཤོ་དྷ་ཡ། བི་ཤོ་དྷ་ཡ། ཨ་ས་མ་ས་མན་ཏ་ཨ་བ་བྷཱ་ས་སྥ་ར་ཎ་ག་ཏི། ག་ག་ན་སཝ་བྷཱ་བ་བི་ཤུད་དྷེ། ཨུཥྞཱི་ཥ་བི་ཛ་ཡ་པ་རི་ཤུད་དྷེ། ཨ་བྷི་ཥིཉྩནྟུ་མཱཾ། སརྦ་ཏ་ཐ་ག་ཏ་སུ་ག་ཏ་བ་ར་བ་རྩ་ན། ཨ་མྲྀ་ཏ་ཨ་བྷི་ཥེ་ཀཻར། མ་ཧཱ་མུ་དྲཱ་མན་ཏྲ་པ་དཻ། ཨཱ་ཧ་ར་ཨཱ་ཧ་ར། མ་མ་ཨཱ་ཡུ། སན་དྷ་ར་ཎཱི། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ག་ག་ན་སཝ་བྷཱ་བ་བི་ཤུད་དྷེ། ཨུཥྞཱ་ཥ་བི་ཛ་ཡ་པ་རི་ཤུད་དྷེ། ས་ཧ་སྲ་རསྨི་སཾ་ཙོ་དི་ཏེ། སརྦ་ཏ་ཐཱ་ག་ཏ་ཨ་ཝ་ལོ་ཀི་ནི། ཥཏ་པཱ་ར་མི་ཏཱ་པ་རི་པཱུ་ར་ཎི། སརྦ་ཏ་ཐ་ག་ཏཱ་མཱ་ཏེ་ད་ཤ་བྷཱུ་མི་པྲ་ཏིཥྛི་ཏེ། སརྦ་ཏ་ཐཱ་ག་ཏཱ་ཧྲྀ་ད་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏི། མུ་དྲེ་མུ་དྲེ། མ་ཧཱ་མུ་དྲེ། མ་ཧ་མུ་དྲེ། བཛྲ་ཀཱ་ཡ་སཾ་ཧ་ཏ་ན། པ་རི་ཤུད་དྷེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤུད་དྷེ། པྲ་ཏི་ནི་བརྟ་ཡ། མ་མ་ཨཱ་ཡུར་བི་ཤུད་དྷེ། སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཨོཾ་མུ་ནི་མུ་ནི། མ་ཧཱ་མུ་ནི། བི་མུ་ནི་བི་མུ་ནི། མ་ཧ་བི་མུ་ནི། མ་ཏི་མ་ཏི། མ་ཧཱ་མ་ཏི། མ་མ་ཏི། སུ་མ་ཏི། ཏ་ཐཱ་ཏཱ་བྷུ་ཏ་ཀོ་ཊི། པ་རི་ཤུད་དྷེ། བི་སྥུ་ཊ། བུད་དྷི་ཤུད་དྷེ། ཧེ་ཧེ། ཛ་ཡ་ཛ་ཡ། བི་ཛ་ཡ་བི་ཛ་ཡ། སྨ་ར་སྨ་ར། སྥཱ་ར་སྥ་ར། སྥཱ་ར་ཡ་སྥཱ་ར་ཡ། སརྦ་བུད་དྷ་ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། ཤུད་དྷེ་ཤུད་དྷེ། བུད་དྷེ་བུད་དྷེ། བཛྲེ་བཛྲེ། མ་ཧཱ་བཛྲེ། སུ་བཛྲེ། བཛྲ་གར་བྟེ་ཛ་ཡ་གརྦྷེ། བི་ཛ་ཡ་གརྦྷེ། བི་ཛ་ཡ་གརྦྷེ། བཛྲ་ཛྭ་ལཱ་གརྦྷེ། བཛྲ་ཨུད་བྷ་བེ། བཛྲ་སཾ་བྷ་བེ། བཛྲེ་བཛྲི་ནི། བཛྲམྦྷ་བ་ཏུ། མ་མ་ཤ་རི་རཾ་སརྦ་སཏྭཱ་ནཱཉྩ་ཀཱ་ཡ་པ་རི་ཤུད་དྷིར་བྷ་བ་ཏུ། ས་དཱ་མེ་སརྦ་ག་ཏི་པ་རི་ཤུད་དྷིཤྩ། སརྦ
97.248a
ཏ་ཐཱ་ག་ཏཱཤྩ་མཱཾ་ས་མཱ་སཝཱ་ས་ཡན་དུ། བུད་དྷྱ་བུད་དྷྱ། སིད་དྷྱ་སིད་དྷྱ། བོ་དྷ་ཡ་བོ་དྷ་ཡ། བི་བོ་དྷ་ཡ་བི་བོ་དྷ་ཡ། མོ་ཙ་ཡ་མོ་ཙ་ཡ། བི་མོ་ཙ་ཡ་བི་མོ་ཙ་ཡ། ཤོ་དྷ་ཡ་ཤོ་དྷ་ཡ། བི་ཤོ་དྷ་ཡ་བི་ཤོ་དྷ་ཡ། ས་མན་ཏཱ་ན་མོ་ཙ་ཡ་མོ་ཙ་ཡ། ས་མན་ཏ་ར་སྨི་པ་རི་ཤུད་དྷེ། སརྦ་ཏ་ཐ་ག་ཏ་ཧྲྀ་ད་ཡ། ཨ་དྷིཥྛཱ་ན་ཨ་དྷིཥྛི་ཏེ། མུ་དྲེ་མུ་དྲེ། མ་ཧཱ་མུ་དྲེ་མ་ཧཱ་མུ་དྲཱ་མན་ཏྲ་པ་དེེ་སཝཱཧཱ། གཙུག་ཏོར་རྣམ་པར་རྒྱལ་བ་ཞེས་བྱ་བ་སྡིག་པ་དང་སྒྲིབ་པ་ཐམས་ཅད་རྣམ་པར་སྦྱོང་བ། ངན་སོང་ཐམས་ཅད་རྒྱུན་གཅད་པ་འདི་ཡི་གེར་བྲིས་ཏེ། མཆོད་རྟེན་གྱི་སྲོག་ཤིང་གི་སྟེང་དུ་བཞག་ལ། ཟླ་བ་ཉ་བའི་ཚེ་ཁྲུས་བྱས་ཏེ་ལན་སྟོང་རྩ་བརྒྱད་བརྗོད་ན་ཚེ་ཟད་པ་ལས་ཚེ་ཕྱིར་ནུར་བར་འགྱུར་རོ། །ངན་སོང་ལས་མྱུར་དུ་ཐར་ཏེ། སྒྲིབ་པ་རྣམས་དག་ནས་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་འགྱུར་རོ། །དུད་འགྲོ་རྣམས་ཀྱི་ཐོས་ན་ཡང་དེ་རྣམས་ངན་སོང་གི་ཐ་མ་ཡིན་ཏེ། བྱང་ཆུབ་མ་ཐོབ་ཀྱི་བར་དུ་མཐོ་རིས་རྒྱལ་པོའི་རིགས་སམ། བྲམ་ཟེའི་རིགས་སམ། ཚོང་དཔོན་གྱི་རིགས་སམ། ཁྱིམ་བདག་གི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུའི་ནང་དུ་སྐྱེ་བར་འགྱུར་རོ། །མཆོད་རྟེན་དེའི་གྲིབ་མས་ཕོག་གམ། རྡུལ་གྱིས་བཏབ་ཀྱང་རུང་སྟེ་ངན་སོང་དུ་འགྲོ་བར་མི་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཡི་རང་སྟེ་མངོན་པར་བསྟོད་དོ། །འཕགས་པ་གཙུག་ཏོར་རྣམ་པར་རྒྱལ་བའི་གཟུངས་རྟོགས་པ་དང་བཅས་པ། རྫོགས་སྷོ།། །།