༄#། །རྒྱ་གར་སྐད་དུ། ་ཨཱཪྱ་ཨཱཥྚ་དེ་བི་དྷཱ་རཱ་ཎཱི། ་བོད་སྐད་དུ། ་འཕགས་པ་ལྷ་མོ་བརྒྱད་ཀྱི་གཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལོ། །དེ་ནས་ཕྱག་ན་རྡོ་རྗེས་དེ་བཞིན་གཤེགས་པའི་ཡུམ་སྡིག་པ་ཐམས་ཅད་བྱང་བར་མཛད་མ། ནད་ཐཾད་རབ་ཏུ་ཞི་བར་མཛད་མ། བགེགས་ཐམས་ཅད་རབ་ཏུ་འཇིག་པར་མཛད་མ། ཕུན་སུམ་ཚོགས་པ་ཐཾད་མཛད་མ། གཟུངས་སྔགས་ཆེན་མོའི་རྒྱལ་མོའི་མཆོག་འདི་གསུངསོ། །ན་མཿ སརྦ་ཏ་ཐཱ་ག་ཏ། བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ་ཧེ་བུདྡྷ་མཱ་ཏ་རི། སརྦ་པཱ་པ་ན་ཤ་ནི། གརྫ་གརྫ། བྷཉྫ། བྷཉྫ། མརྡ་མརྡ། ག་མ་རི། ག་མ་བྷ་རི། ཧ་ས་ཧ་ས། ད་མ་ད་མ། མ་ཐ་མ་ཐ། བི་དྷ་ན་ས་ཡ། བི་དྷ་ན་ས་ཡ། ་སརྦ་ཤ་ཏྲུ་ན་ཏ་ར་མ་ཏི། བི་མ་ལེ། པཱུ་ར་ཡ་པཱུ་ར་ཡ། པྲ་ཏི་ཛྙཱ་ན། སརྦ་བུདྡྷ་པཪྱུ་པ་སི་ཏི། བྷ་ག་བ་ཏི། ག་ན་ག་ན། ཛ་ཧི་ཛ་ཧི། བི་མ་ས་ནི། ཀྲ་མ་ཎི། དྷ་བ་ནི། ར་མ་ཎི། མཱ་ཏཾ་གི་སཝཱ་ཧཱ། བཅོམ་ལྡན་འདས་ཡེ་ཤེས་ཆེན་པོར་དབང་བསྐུར་ལྡན་པ་ཞེས་བྱ་བའི་གཟུངས་སོ། །ནམཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ། ཨ་མ་རི། ཨ་མ་རི། ཏ་ཊ། བྷཉྫ། བྷཉྫ། ཛྷ་ཛྷ། མི་ཙི་མི་ཙི། སྥོ་ཊ་ཡ་སྥོ་ཊ་ཡ། མ་ཐ་མ་ཐ། དུར་དཱ་ན་ཏ་ད་མ་ཀ་སཝཱ་ཧཱ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ། ཧེ་ཧེ། ཀ་ནི་དེ། སརྦ་ཏ་ཐཱ་ག་ཏ་བྷ་ནེ་ཀེ་།བྷོ་དྷི་ན་དད། ཏྲཱ་ཊ་ཏྲཱ་ཊ། ཧཱུཾ་ཕཊ་ཧཱུཾ་ཕཊ། གརྫ་གརྫ། པ་ར་མ་ཏི། བི་ཧཱུ་རི་ཀེ་སཝཱ་ཧཱ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ། བྷ་ག་བ་ཏི་པྲ་ཛྙཱ་པཱ་ར་མི་ཏེ་ཨ། སརྦ་པཱ་པ་ཡཾ་ཀ་རི་ཛྙཱ་ན་ཨརྩི་སྥ་ར་ཎི། བྷཉྫ། བྷཉྫ། མ་ཐ་མ་ཐ། ད་མ་ད་མ། ཨཱ་ན་ཡ་ཨཱ་ན་ཡ། ས་ར་ས་ར། མཱ་ར་ཡ་མཱ་ར་ཡ། སརྦ་བུདྡྷེ་ཛ་ནེ་ཏྲེ་ཡེ་སཝཱ་ཧཱ། ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ། གརྫ་གརྫ། མ་ཐ་མ་ཐ། ད་མ་ད་མ། བྷཉྫ་བྷཉྫ། 97.226a དུན་ཏུ་བྷི། སརྦ་ནིར་གྷོ་ཥེ། ཧ་ན་ཧ་ན། བིདྷྭན་ས་ཡ། བི་དྷྭན་ས་ཡ། བི་དྷྭན་ས་ཡ། མོ་ཊ་ཡ་མོ་ཊ་ཡ། ད་ཧ་ད་ཧ། བི་ཕུ་ལ་ནིརྨ་ལ་ནིར་ཛཱ་ཏེ། ཨཱ་ཧ་ར་ཨཱ་ཧ་ར། གཙྪ་གཙྪ། སརྦ་བུདྡྷ་པརྱུ་པས་ཏི་མ། མཱ་བི་ལམྦ་སཝཱ་ཧཱ། བཅོམ་ལྡན་འདས་མ་རྡོ་རྗེའི་དབྱིངས་ཀྱི་དབང་ཕྱུག་མ་ཞེས་བྱ་བའི་གཟུངས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱཿ ་ཨོཾ་བྷ་ག་བ་ཏི། སརྦ་ཏ་ཐཱ་ག་ཏ་ཛ་ནི་ཀེ་།པཱུ་ར་ཡ་པྲ་ཏི་ཛྙཱ་ན། ཏ་ཊ་ཏ་ཊ། མརྡ་མརྡ། ཨཱ་ཧ་ར་ཨཱ་ཧ་ར། ཧཱུཾ་ཧཱུཾ། ཛ་ཏི་སཝཱ་ཧཱ། བཅོམ་ལྡན་འདས་མ་སོ་སོར་འབྲང་བ་ཆེན་མོ་ཞེས་བྱ་བའི་གཟུངསོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ། ཧཱུཾ་ཧྲི། སརྦ་བུདྡྷ་མཱ་ཏི་རི་བྷཉྫ་བྷཉྫ། མ་ཐཱ་མ་ཐཱ། ད་མ་ནི་ད་མ་ནི། གརྒ་རི་གརྒ་རི་ཧྲི་སཝཱ་ཧཱ། བཅོམ་ལྡན་འདས་མ་རྡོ་རྗེ་མི་ཕམ་མ་ཞེས་བྱ་བའི་གཟུངས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ། ཏྲཱ་ཊ་ཏྲཱ་ཊ། མུ་ཧུ་མུ་ཧུ། སརྦ་པཱ་པ་བི་ཤོ་དྷ་ནི་སཝཱ་ཧཱ། བཅོམ་ལྡན་འདས་མ་སྡིག་པ་ཐཾད་སྤོང་བ་ཞེས་བྱ་བའི་གཟུངསོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ། དྷ་ཀ་དྷ་ཀ་།མོ་ཊ་མོ་ཊ། ད་ཧ་ད་ཧ། སརྦ་ཏ་ཐཱ་ག་ཏཱ་ཛྙཱ་ན་ནིར་ཛཱ་ཏེ་སཝཱ་ཧཱ། བཅོམ་ལྡན་འདས་མ་གདུལ་དཀའ་མ་ཞེས་བྱ་བའི་གཟུངས་སོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ། ཧ་ཧ་མི་ཧུ་མི་ཧུ། ད་མ་ད་མ། ཁཱ་ཧི་ཁཱ་ཧི། དྷུ་ན་དྷུ་ན། མི་ཙི་མི་ཙི། དུར་ཏཱ་ན་ཏ་ད་མ་ནི་སཝཱ་ཧཱ། བཅྡོཾས་མ་བདུད་ཐཾད་རྣཾས་པར་འཇོམ་མ་ཞེས་བྱ་བའི་གཟུངསོ། །ན་མཿ སརྦ་ཏ་ཐཱ་ག་ཏེ་བྷྱཿ སརྦ་མུ་ཁེ་བྷྱཿ སརྦ་ཐཱ། མི་ཙི་མི་ཙི། ག་རྒ་གརྫ་གརྫ། སྥོ་ཊ་ཡ་སྥོ་ཊ་ཡ། མ་ཐ་མ་ཐ། ད་མ་ད་མ་སཝཱ་ཧཱ། བཅྡོཾས་མ་སྒོ་མཐའ་ཡས་སྒྲུབ་པ་ཞེས་བྱ་བའི་གཟུངསོ། །འཇམ་དཔལ་ཡེ་ཤེས་ཆེན་པོར་དབང་བསྐུར་བའི་དཀྱིལ་འཁོར་འདི་གང་གི་ལག་ན་གནས་པ་དེ་ཉོན་མོངས་པ་དང་བྲལ་བར་འགྱུར། འཇིགས་པ་དང 97.226b བྲལ་བར་འགྱུར། དེ་གལ་ཏེ་ཆོམ་རྐུན་གྱི་ནང་ན་འདུག་གམ། སྲིན་པོའི་ནང་ན་འདུགམ། དགྲའི་ནང་ན་འདུག་གམ། འཐབ་པའི་ནང་ན་འདུག་ཀྱང་རུང་ཏེ། དེའི་ལུས་ལ་མཚོན་གྱིས་མི་ཚུགས་པར་འགྱུར། ཆོམ་རྐུན་གྱིས་བཅོམ་པར་མི་འགྱུར། སྲིན་པོ་ལ་སོགས་པས་གཙེ་བར་མི་འགྱུར། དེ་ལ་དུས་མ་ཡིན་པའི་འཆི་བའི་འཇིགས་པ་མི་འབྱུང་བར་འགྱུར། རྟགས་ཏུ་དཔལ་དང་ལྡན་པར་འགྱུར། དེའི་སྡིག་པ་ཐམས་ཅད་ཡོངསུ་བྱང་བར་འགྱུར། སངས་རྒྱས་བྱེ་བ་ཁྲག་ཁྲིག་ཕྲག་འབུཾ་གྱིས་དགེ་བའི་རྩ་བ་བསགས་པ་ཡང་དེ་ལ་ཉིན་གཅིག་བཞིན་མངོན་དུ་འགྱུར། འཆི་བའི་དུས་ཀྱི་ཚེ་ཡང་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་རྣཾས་ཀྱིས་ཡོངསུ་ཟིན་པར་འགྱུར། ཤི་ནས་ཀྱང་བདེ་བ་ཅན་དུ་འགྲོ་བར་འགྱུར་ན། གང་འཛིན་པ་དང ། ཀློག་པ་དང ། ཡིད་ལ་བྱེད་པ་དང ། མི་གཏོང་བར་འཛིན་པ་ལྟ་ཅི་སྨོས་ཏེ། དེའི་སྒྲིབ་པ་ཐཾད་བྱང་བར་འགྱུར། དེས་ངན་སོང་གི་སྒོ་རྣཾས་བཅད་པར་འགྱུརོ། །དེ་ངན་སོང་དང ། ངན་འགྲོ་རྣམས་རྒྱང་བསྲིངས་བར་འགྱུརོ། །གང་ཞིག་ནང་པར་ལང་ནསུ། །ལན་ཅིག་ཀློག་པར་བྱེད་པའི་མི། །སྲིད་པ་ཉམ་ངར་གང་བྱས་པ། །སྡིག་པ་ཀུན་ལས་གྲོལ་བར་འགྱུར། །སྲིན་པོ་ལ་སོགས་ཆོམ་རྐུན་དང ། །མཚོན་དང་དགྲ་ཡིས་མི་ཚུགས་ཤིང ། །དུས་མིན་འཆི་ལས་རབ་ཏུ་ཐར། །རྟག་ཏུ་དཔལ་དང་ལྡན་པར་འགྱུར། །འཆི་བའི་དུས་ཀྱི་ཚེ་ན་ཡང ། །ངན་འགྲོ་རྣམས་ལས་བསྲིངས་འགྱུར་ཏེ། །སངས་རྒྱས་རྣམས་ཀྱིས་ཡོངས་བཟུང་ནས། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །དེ་སྐད་ཅེས་བཀའ་སྩལ་ནས། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་ཏེ་མངོན་པར་བསྟོད་དོ། །འཕགས་པ་ལྷ་མོ་བརྒྱད་ཀྱི་གཟུངས། རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལེན་དྲ་བོ་དྷི་དང ། ཞུ་ཆེན་གྱི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། |