rKTs


J522

(e-text produced by ADARSHA)

see text in transliteration
97.197b
།། རྒྱ་གར་སྐད་དུ། ་ཨཱརྱ་པརྞྞ་ཤ་བ་རི་ནཱ་མ་དྷཱ་ར་ཎཱི། ་་བོད་སྐད་དུ། ་འཕགྶ་མ་རི་ཁྲོད་ལོ་མ་གྱོན་པ་ཞེས་བྱ་བའི་གཟུངས། འཕགས་མ་རི་ཁྲོད་ལོ་མ་གྱོན་མ་ལ་ཕྱག་འཚལོ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་དཔག་མེད་ལ་ཕྱག་འཚལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་ལ་ཕྱག་འཚལོ། །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཐུ་ཆེན་པོ་ཐོབ་པ་ལ་ཕྱག་འཚལོ། །བཅོམ་ལྡན་འདས་མ་མི་ཐུང་ཤ་ཟ་མོ་རི་ཁྲོད་ལོ་མ་གྱོན་མ་དགྲ་སྟ་དང་ཞག་པ་འཛིན་མ་ཁྱོད་ལ་ཕྱག་འཚལོ། །འཇིགས་པ་གང་དག་ཅི་བྱུང་བ་དེ་དག་ཐཾད་དང་ཡཾས་ཀྱི་ནད་གང་ཅི་འབྱུང་ཡང་རུང་བ་དང ། འཆི་བྱེད་གང་དག་ཅི་ཡང་རུང་བ་དང ། འཆི་བྱེད་ཆེན་པོ་གང་དག་ཅི་ཡང་རུང་བ་དང ། གནོད་པ་གང་དག་ཅི་ཡང་རུང་བ་དང ། འཁྲུག་པ་གང་ཅི་ཡང་རུང་བ་དང ། ཁོང་དུ་གནོད་པ་གང་དག་ཅི་ཡང་རུང་བ་དང ། གང་དག་ཅི་བྱུང་བ་དེ་དག་ཐཾད་ནི་བྱིས་པ་ཁོ་ན་ལ་འབྱུང་གི་མཁས་པ་ལ་ནི་མ་ཡིནོ། །བདེན་པ་དང་བདེན་པའི་ཚིག་དང ། བདེན་པའི་ངག་གིས་སོང་ཅིག་།དེངས་ཤིག་།མཁས་པས་བྱིན་གྱིས་བརླབས་པའི་གསང་སྔགས་ཀྱི་གཞི་འདི་དག་གིས་བདག་དང་སེམས་ཅན་ཐཾད་ལ་བསྲུང་བར་མཛོད་ཅིག་།ཡོངསུ་བསྐྱབ་པར་མཛོད་ཅིག་།ཡོངསུ་གཟུང་བར་མཛོད་ཅིག་།ཡོངསུ་བསྐྱང་བར་མཛོད་ཅིག་།ཞི་བ་དང་བདེ་ལེགསུ་མཛོད་ཅིག་།ཆད་པ་སྤང་བར་མཛོད་ཅིག་།མཚོན་ཆ་སྤང་བར་མཛོད་ཅིག་།ཇི་སྲིད་དུག་གཞོམ་པའི་བར་དུ་མཛོད་ཅིག་།མེ་སྤང་བར་མཛོད་ཅིག་།ཆུའི་གནོད་པ་སྤང་བར་མཛོད་ཅིག་།བྱད་སྟེམས་གཅད་པར་མཛོད་ཅིག་།མཚཾས་བཅིང་བར་མཛོད
97.198a
ཅིག་།ས་གཞི་བཅིང་བར་མཛོད་ཅིག་།ཏདྱ་ཐཱ། ཨ་མྲྀ་ཏེ་ཨ་མྲྀ་ཏེ། ཨ་མྲི་ཏ་ཨུད་བྷ་བི། ཨ་མྲྀ་ཏེ་སཾ་བྷ་བེ། ཨ་ཤཝ་སྟེ། ཨ་ཤཝ་སྟཾགེ། མཱ་མ་ར་མཱ་མ་ར། མཱ་ས་ར་མཱ་ས་ར་ཞི་བར་མཛོད། ནད་ཐཾད་ཉེ་བར་ཞི་བར་མཛོད་དུས་དུས་མ་ཡིན་པར་འཆི་བ་ཐཾད་ཉེ་བར་ཞི་བར་མཛོད། གཟའ་དང་རྒྱུ་སྐར་གྱི་ཉེས་པ་ཐཾད་ཉེ་བར་ཞི་བར་མཛོད། མཆེ་བའི་དུག་ཐཾད་ཉེ་བར་ཞི་བར་མཛོད། བཅྡོཾས་མ་རི་ཁྲོད་ལོ་མ་ཅན། ཏུནྣ་ཏུནྣ། བི་ཏུནྣ་བི་ཏུནྣ། ཏུ་ཎ་ཏུ་ཎ། ཏུ་མུ་ལེ་སཝཱ་ཧཱ། ཨོཾ་གཽ་རི་གན་དྷཱ་རི། ཙཎྜ་ལི། མ་ཏཾ་གི། པུཀྐ་སི་སཝཱ་ཧཱ། ཨོཾ་ཨཾ་ཀུ་རེ། མཱཾ་ཀུ་རེ། ཀུ་ར་རེ། པརྞྞ་ཤ་བ་རི་སཝཱ་ཧཱ། ན་མཿ སརྦ་ཤཝ་བ་རཱི་ཎཱཾ། མ་ཧཱ་ཤ་བ་རཱི་ཎཱཾ། བྷ་ག་བ་ཏི་པི་ཤཱ་ཙི། པརྞྞ་ཤ་བ་རི་པི་ཤཱ་རྩི་སཝཱ་ཧཱ། ཨོཾ་པི་ཤཱ་ཙི་པརྞྞ་ཤ་བ་རི་ཧྲཱིཿ ཛ་ཧཱུཾ་ཕཊ་པི་ཤཱ་ཙི་སཝཱ་ཧཱ། འཕགས་མ་རི་ཁྲོད་ལོ་མ་གྱོན་མའི་གཟུངས་རྫོགསྷོ།། །།