༄#། །རྒྱ་གར་སྐད་དུ། ་ཨཱརྱ་མ་ཧཱ་པྲ་ཏི་ས་རཱ་བིདྱཱ་རཱ་ཛྙཱི། ་བོད་སྐད་དུ། ་འཕགས་པ་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེའི་ལྷུན་པོ་ཆེན་པོའི་ཟོམ་ན། ཁང་པ་བརྩེགས་པ་རྡོ་རྗེ་ཆེན་པོའི་ཏིང་ངེ་འཛིན་གྱི་སའི་གནས། རྡོ་རྗེ་ཆེན་པོའི 97.126a དཔག་བསམ་གྱི་ཤིང་ལྗོན་པས་ལེགས་པར་བརྒྱན་པ། རྡོ་རྗེ་ཆེན་པོའི་རྫིང་གི་རིན་པོ་ཆེ་དང ། པད་མའི་འོད་ཀྱིས་སྣང་བར་བྱས་པ། ས་ཕྱོགས་རྡོ་རྗེ་ཆེན་པོའི་བྱེ་མ་བདལ་བ། རྡོ་རྗེ་ཆེན་པོར་བྱིན་གྱིས་བརླབས་པ། འཁོར་གྱི་ཁྱམས་རྡོ་རྗེ་ཆེན་པོ་ལས་བྱས་པ། ལྷའི་དབང་པོ་བརྒྱ་བྱིན་གྱི་རྡོ་རྗེའི་སེང་གེའི་ཁྲི་ཆེན་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གིས་རྣམ་པར་མཛེས་པ། ཆོས་བསྟན་པ་དང ། ཆོ་འཕྲུལ་ཅན་སངས་རྒྱས་ཐམས་ཅད་ཀྱི་བྱིན་གྱི་རླབས་ཀྱི་བྱིན་གྱི་བརླབས་པ་ཆོས་ཐམས་ཅད་ཀྱི་མཉམ་པ་ཉིད་ལ་འཇུག་པ་ཐམས་ཅད་མཁྱེན་པ་ཉིད་ཀྱི་ངེས་པར་འབྱུང་བ་ན། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་བཅུ་རྩ་བཞི་ཐམས་ཅད་ཀྱང་སྐྱེ་བ་གཅིག་གིས་ཐོགས་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པ། མཐུ་ཆེན་པོ་ཐོབ་པ། རྡོ་རྗེ་ཆེན་པོའི་རྣམ་པར་ཐར་པ་དང ། ཏིང་ངེ་འཛིན་གྱིས་སངས་རྒྱས་ཀྱི་ཞིང་དུ་མར་རྣམ་པར་འཕྲུལ་པ་དང ། ཆོ་ཕྲུལ་ཆེན་པོ་ཀུན་དུ་སྟོན་པ། སེམས་ཀྱི་སྐད་ཅིག་བྲང་ཅིག་ཡུད་ཙམ་ཅིག་ལ་སེམས་ཅན་ཐམས་ཅད་ཀྱི་སེམས་དང ། སྤྱོད་པའི་རྗེསུ་འཇུག་པའི་ཆོས་སྟན་པ་སྣ་ཚོགས་སྙན་ཅིང་རྒྱ་ཆེ་ལ་ཟབ་ཅིང་ཡང་བ་དང ། སྤོབས་པ་དང ། ཆོ་འཕྲུལ་དང་ལྡན་པ། སངས་རྒྱས་ཀྱི་ཞིང་དུ་མར་དེ་བཞིན་གཤེགས་པ་ལ་མཆོད་པ་ཆེན་པོའི་སྤྲིན་གྱིས་མཆོད་པ་དང ། རྣམ་པར་ཐར་པའི་སྒོ་དང ། གཟུངས་དང ། ཏིང་ངེ་འཛིན་དང ། དབང་པོ་དང ། མངོན་པར་ཤེས་པ་དང ། མ་འདྲེས་པ་དང ། བྱང་ཆུབ་ཀྱི་ཡན་ལག་དང ། ལམ་དང ། ས་དང ། ཕ་རོལ་ཏུ་ཕྱིན་པ་དང ། ཐབས་ལ་མཁས་པ་དང ། བསྡུ་བའི་དངོས་པོ་དང ། བྱམས་པ་དང ། སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་དང ། བྱམས་པའི་སྟོབས་དང ། བདེན་པ་དང ། ཡོངསུ་བྱང་བའི་སེམས་ཀྱི་རྒྱུན་དང་ལྡན་པ་ཤ་སྟག་ལ་འདི་ལྟ་སྟེ། བྱང་ཆུབ་སེཾས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་སྙིང་པོ་དང ། 97.126b རྡོ་རྗེའི་ལུས་དང ། རྡོ་རྗེའི་བློ་གྲོས་དང ། ལག་ན་རྡོ་རྗེ་དང ། རྡོ་རྗེ་འདུས་པ་དང ། རྡོ་རྗེ་མཐུ་བོ་ཆེ་དང ། རྡོ་རྗེ་རྣམ་པར་འཕྲུལ་པ་དང ། རྡོ་རྗེ་བརྩེགས་པ་དང ། རྡོ་རྗེ་ཕུང་པོ་དང ། རྡོ་རྗེ་བཟང་པོ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རྡོ་རྗེའི་ཏོག་དང ། དེ་དག་ལ་སོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་བརྒྱད་བཅུ་རྩ་བཞི་དང ། ཉན་ཐོས་ཆེན་པོ་རབ་ཏུ་མང་པོ་ཐམས་ཅད་ཀྱང་དགྲ་བཅོམ་པ། ཟག་པ་ཟད་པ། སྲིད་པར་ཀུན་དུ་སྦྱོར་བ་ཆད་པ། ཡང་དག་པའི་ཤེས་པས་སེམས་ཤིན་ཏུ་རྣམ་པར་གྲོལ་བ། རྫུ་འཕྲུལ་གྱི་སྟོབས་དང ། ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པས་རྣམ་པར་འཕྲུལ་པའི་མཐུ་ཆེན་པོ་ཐོབ་པ། ལྟ་བ་ཆགས་པ་མེད་པ། ཐམས་ཅད་ཀྱང་དྲི་མ་དང་བྲལ་བ་ཐོབ་པ། ཀུན་ནས་ཉོན་མོངས་པའི་བག་ཆགས་ཀྱི་ས་བོན་ངེས་པར་བསྲེགས་པ་ཤ་སྟག་ལ་འདི་ལྟ་སྟེ། ཚེ་དང་ལྡན་པ་ཤཱ་རིའི་བུ་དང ། ཚེ་དང་ལྡན་པ་བྱམས་མའི་བུ་གང་པོ་དང ། ཚེ་དང་ལྡན་པ་ཀ་པེ་ན་དང ། ཚེ་དང་ལྡན་པ་རབ་འབྱོར་དང ། ཚེ་དང་ལྡན་པ་མཽ་གལ་གྱི་བུ་ཆེན་པོ་དང ། ཚེ་དང་ལྡན་པ་སྐུལ་བྱེད་དང ། ཚེ་དང་ལྡན་དགའ་བྱེད་དང ། ཚེ་དང་ལྡན་པ་འོད་སྲུང་དང ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་དང ། ཚེ་དང་ལྡན་པ་ལྟེང་རྒྱས་འོད་སྲུང་དང ། དེ་དག་ལ་སོགས་པ་ཉན་ཐོས་ཆེན་པོ་རབ་ཏུ་མང་པོ་དང ། ལྷའི་བུ་དབང་ཕྱུག་ཆེན་པོ་ལ་སོགས་པ་གནས་གཙང་མའི་རིས་ཀྱི་ལྷའི་བུ་གྲངས་མེད་དཔག་ཏུ་མེད་པ། བརྗོད་དུ་མེད་པའི་ཡང་བརྗོད་དུ་མེད་པ་དག་དང ། མི་འཇེད་ཀྱི་བདག་པོ་ཚངས་པ་ལ་སོགས་པ་ཚངས་རིས་ཀྱི་ལྷའི་བུ་རྣམས་དང ། ལྷའི་བུ་རབ་འཐབ་བྲལ་གཡོག་འཐབ་བྲལ་རིས་ཀྱི་ལྷའི་བུ་དང་བཅས་པ་དང ། ཡོངསུ་དགའ་ལྡན་དང ། འཕྲུལ་དགའ་དང ། གཞན་འཕྲུལ་དབང་བྱེད་དང ། ལྷའི་དབང་པོ་བརྒྱ་བྱིན་ལྷའི 97.127a བུ་ཐམས་ཅད་ཀྱི་འཁོར་ཅན་དང ། ལྷ་མ་ཡིན་གྱི་དབང་པོ་ཐགས་ཟངས་རིས་དང ། སྟོབས་ཅན་དང ། རབ་སིམ་དང ། སྒྲ་གཅན་དང ། རྣམ་པར་སྣང་བྱེད་དང ། དེ་དག་ལ་སོགས་པ་ལྷ་མ་ཡིན་གྱི་དབང་པོ་ཚད་མེད། གྲངས་མེད། དཔག་ཏུ་མེད་པ་རྣམས་དང ། ཀླུའི་རྒྱལ་པོ་རྒྱ་མཚོ་དང ། འཇོག་པོ་དང ། ནོར་རྒྱལ་གྱི་བུ་དང ། དུང་སྐྱོང་དང ། སྟོབས་ཀྱི་རྒྱུ་དང ། པད་མ་དང ། པད་མ་ཆེན་པོ་དང ། དེ་དག་ལ་སོགས་པ་ཀླུའི་རྒྱལ་པོ་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་རྣམས་དང ། མི་འཾ་ཅིའི་རྒྱལ་པོ་ལྗོན་པ་མིའཾ་ཅིའི་རྒྱལ་པོ་གཡོག་དུ་མ་ཅན་དང ། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་དྲི་ཟའི་རྒྱལ་པོ་གཡོག་དུ་མ་ཅན་དང ། རིགས་སྔགས་འཆང་གི་རྒྱལ་པོ་དོན་ཐམས་ཅད་གྲུབ་པ་རིག་སྔགས་འཆང་གི་རྒྱལ་པོ་གཡོག་དུ་མ་ཅན་དང ། ནམཁའ་མཁའ་ལྡིང་གི་རྒྱལ་པོ་གསེར་མིག་ནམཁའ་ལྡིང་གི་རྒྱལ་པོ་གཡོག་དུ་མ་ཅན་དང ། གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་ཀྱི་བུ་དང ། ནོར་བུ་བཟང་དང ། གང་བ་བཟང་དང ། ལྔས་བརྩེན་གནོད་སྦྱིན་གྱི་རྒྱལ་པོ་གཡོག་དུ་མ་ཅན་དང ། འཕྲོག་མ་བུ་ལྔ་བརྒྱའི་གཡོག་དུ་མ་ཅན་དང ། འཇིག་རྟེན་གྱི་མ་བདུན་དང ། སྲིན་མོ་ཆེན་མོ་བདུན་དང ། དྲང་སྲོང་གི་མཆོག་ཆེན་པོ་བདུན་དང ། བར་སྣང་ལ་རྒྱུ་བའི་རྒྱུ་སྐར་དང ། གཟའ་ཐམས་ཅད་ཀྱི་ལྷ་རྣམས་དང ། ཕྱོགས་ཀྱི་ལྷ་རྣམས་དང ། ཕྱོགས་འཚམས་ཀྱི་ལྷ་རྣམས་དང ། སའི་ལྷ་དང ། དབྱངས་ཅན་དང ། འབྱུང་པོ་རྣམས་དང ། བགེགས་རྣམས་དང ། ལོག་འདྲེན་རྣམས་དང ། ཡི་དགས་རྣམས་དང ། འབྱུང་པོ་རྫུ་འཕྲུལ་ཆེན་པོ་རྣམས་དང ། རིའི་རྒྱལ་པོ་ཐམས་ཅད་དང ། འཇིག་རྟེན་སྐྱོང་བ་ཆུ་ལྷ་གཡོག་རྒྱ་མཚོའི་ལྷ་ཐམས་ཅད་དང་བཅས་པ་དང ། འཕགས་སྐྱེས་པོ་དང ། མིག་མི་བཟང་དང ། ལག་ན་བེ་ཅོན་དང ། བདེན་བྲལ་དང ། མེའི་ལྷ་དང ། རླུང་གི་ལྷ་ཆེན་པོ་བདུན་དང ། དབང་བདག་ཆུང་མ་དང་བཅས་པ་གཡོག་བྱེ་བ་ཁྲག་ཁྲིག་འབུཾ་ཕྲག་དུ་མ་ཅན་དང ། སྲེད་མེད་ཀྱི་བུ 97.127b གཡོག་དང་བཅས་པ་དང ། བྱིན་པ་པོ་དང ། ཕྲེང་བ་ཅན་དང ། ཟླ་བ་ཅན་དང ། ལྕགས་ཅན་དང ། ཚོགས་ཀྱི་བདག་པོ་ཆེན་པོ་དང ། སྤྲིན་ཏ་ལ་ལ་དང ། ལོག་འདྲེན་གྱི་དབང་པོ་བགེགས་ལོག་འདྲེན་གྱི་དབང་པོ་གཡོག་དུ་མ་ཅན་དང ། ཤིང་བསེབ་ཀྱི་ལྷ་དྲུག་བཅུ་དང ། སྲིང་མོ་བཞི་མིང་པོ་དང་བཅས་པ་དང ། རྡོ་རྗེའི་ལུ་གུ་རྒྱུད་དང ། རྡོ་རྗེའི་ཕོ་ཉ་མོ་དྲུག་བཅུ་རྩ་བཞི་དང ། རྡོ་རྗེའི་སྡེ་དང ། ལག་བཟང་དང ། གཙུག་གིས་འགྲོ་རྡོ་རྗེའི་རིས་ཀྱི་འཁོར་དུ་མ་དང་བཅས་པ་དང ། དེ་ལས་གཞན་པ་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་མངོན་པར་དད་པའི་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་ཕྱེ་ཆེན་པོ་དང ། འབྱུང་པོ་དང ། ཡི་དགས་དང ། ཤ་ཟ་དང ། གྲིབ་གནོན་དང ། སྨྱོ་བྱེད་དང ། བརྗེད་བྱེད་དང ། སྐེམ་བྱེད་དང ། སྒྲུབ་པ་དང ། སྦྲུལ་འཛིན་བཅས་པ་དང ། གནོན་པོ་ཚད་མེད་གྲངས་མེད་དཔག་ཏུ་མེད་པ་དག་དང ། ལྷའི་བུ་ཉི་མ་དང ། ལྷའི་བུ་ཟླ་བ་དང ། ནུབ་ཀའི་ལྷ་དང ། ནང་པར་གྱི་ལྷ་དང ། དུས་ཀྱི་ལྷ་ཐམས་ཅད་དང ། སའི་ལྷ་དང་ཐབས་ཅིག་ཏུ་བཞུགས་ཏེ། བཅོམ་ལྡན་འདས་དེས་ཆོས་ཀྱི་འཁོར་ལོ་ནི་ཤིན་དུ་བསྐོར། སངས་རྒྱས་ཀྱི་མཛད་པ་ནི་ཤིན་དུ་ཡོངསུ་མཐར་ཕྱིན། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ནི་ཤིན་དུ་ཡོངསུ་རྫོགས། ཐམས་ཅད་མཁྱེན་པ་ནི་ཤིན་དུ་ཡོངསུ་བཟང ། བྱང་ཆུབ་ཆེན་པོའི་ཕྱིར་ཕ་རོལ་ཏུ་ཕྱིན་པ་དང་ས་ནི་བརྙེས། སྐྱེས་བུ་ཆེན་པོའི་ཚན་སུམ་བཅུ་རྩ་གཉིས་ཀྱི་བརྒྱན་པའི་སྐུ་ནི་རབ་དུ་འབར། ཡན་ལག་དང་ཉིང་ལག་ཐམས་ཅད་ནི་དཔེ་བྱད་བཟང་པོ་བརྒྱད་བཅུས་རྣམ་པར་སྤྲས། དབུའི་གཙུག་ནི་སེཾས་ཅན་ཐཾད་ཀྱིས་བལྟར་མི་མཐོང ། བདུད་ཀྱི་ལས་ཐམས་ཅད་ལ་ནི་མཁས། སེམས་ཅན་ཐཾད་ཀྱི་སེཾས་དང་སྤྱོད་པ་ནི་ཤེས། སྤྱན་རྣཾ་པ་ལྔ་ནི་མངའ། རྣཾ་པ་ཐཾད་ཀྱི་མཆོག་དང་ནི་ལྡན། ཐཾད་མཁྱེན་པའི་ཡེ་ཤེས་དང་ནི་ལྡན། སངས་རྒྱས་ཀྱི་ཆོས་ཐམས་ཅད་དང་ནི་ལྡན། བདུད་དང་ཕས 97.128a ཀྱི་རྒོལ་བའི་ཚོགས་ཐམས་ཅད་ནི་བཅོམ། གྲགས་པ་དང ། སྒྲ་དང ། ཚིགས་སུ་བཅད་པས་ནི་འཕགས། ཁྱུ་མཆོག་དང ། སེང་གེའི་སྒྲ་ནི་སྒྲོགས། མ་རིག་པའི་མུན་པ་ནི་ཀུན་དུ་བསལ། བསྐལ་པ་བྱེ་བ་ཁྲག་ཁྲིག་འབུམ་ཕྲག་གྲངས་མེད་དཔག་ཏུ་མེད་པར་སྦྱིན་པ་དང ། ཚུལ་ཁྲིམས་དང ། བཟོད་པ་དང ། བརྩོན་འགྲུས་དང ། བསམ་གཏན་དང ། ཤེས་རབ་དང ། ཐབས་དང ། སྟོབས་དང ། སྨོན་ལམ་དང ། ཡེ་ཤེས་ཀྱི་ཕ་རོལ་ཏུ་ཕྱིན་པ་དང ། བྱ་དཀའ་བའི་སྤྱོད་པ་ལས་ནི་ཕྱིར་མ་ལོག་།སྐུ་ནི་སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་དང ། དཔེ་བྱེད་བཟང་པོ་བརྒྱད་བཅུས་བརྒྱན་ཏེ། རབ་ཏུ་མཛེས་ཤིང་རྡོ་རྗེ་རིན་པོ་ཆེའི་པད་མའི་སྙིང་པོའི་སེང་གེའི་ཁྲི་ཆེན་པོ་རྡོ་རྗེ་རིན་པོ་ཆེ་དང ། མུ་ཏིག་དང ། དྲིལ་བུ་གཡེར་ཀའི་དྲ་བ་དུ་མ་སྒྲ་འབྱུང་བ། རྩ་བའི་དྲུང་ན་རྡོ་རྗེ་རིན་པོ་ཆེའི་སྟེགས་བུ་དུ་མ་ཤིན་དུ་བརྟན་པར་གནས་པ། རྡོ་རྗེ་རིན་པོ་ཆེའི་ཆུ་སྲིན་དུ་མའི་ཁ་ནས་བྱུང་བའི་མུ་ཏིག་དམར་པོའི་ཕྲེང་བ་བྲེས་པའི་ཕང་བཤམས་པ། རིན་པོ་ཆེ་དུ་མ་པད་མའི་སྙིང་པོ་ལ་ཆགས་པ། རིན་པོ་ཆེ་ལ་ཆགས་པ། རིན་པོ་ཆེ་ཀེ་ཀེ་རུ་དང ། ཀེ་ཀེ་རུ་ཆེན་པོ་དང ། ན་ད་རྙིལ་དང ། ན་ད་རྙིལ་ཆེན་པོ་དང ། དུན་ལས་ཀྱི་འོད་ཟེར་ཆེན་པོ་འཚེར་བས་སྣང་བར་བྱས་ཏེ་ཀུན་ནས་མཛེས་པ། གདུགས་རྩ་བ་དང་བཅས་པ། རྡོ་རྗེ་རིན་པོ་ཆེའི་ཤར་བུ་དུ་མས་རྣམ་པར་བརྒྱན་པ། བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་རྣམ་པར་བརྒྱན་པ། བྱེ་བ་ཁྲག་ཁྲིག་འབུམ་ཕྲག་དུ་མས་ཀུན་ནས་བསྐྱབས་པ། དཔག་བསམ་གྱི་ཤིང་དུ་མས་རྒྱས་པར་མཛེས་པར་བྱས་པ། རྡོ་རྗེ་རིན་པོ་ཆེའི་ཁྲི་རི་རབ་ཙམ་ལ་བཞུགས་ཏེ། གསེར་གྱི་རི་བོའི་རྒྱལ་པོ་ལྟར་དཔལ་ནི་འབར། ས་ཕྱོགས་ནི་ཉི་མ་སྟོང་བས་ལྷག་པའི་འོད་ཀྱི་དཀྱིལ་འཁོར་གྱིས་རྣམ་པར་བརྒྱན། ཟླ་བ་ཉ་བ་ལྟར་འཇིག་རྟེན་ཐམས་ཅད་ལ་སྡུག་པར་ནི་སྣང ། དཔག་བསམ་གྱི་ཤིང་ལྗོན་པ་ཆེན་པོ་ལྟར། སངས་རྒྱས་ཀྱི་ཆོས་རྣམས་ནི་ཤིན་དུ་རྒྱས་ཤིང་ཆོས་སྟོན་ཏེ། ཚངས་པར་སྤྱོད་པ། ཐོག་མར་དགེ་བ། བར་དུ་དགེ་བ། ཐ་མར་དགེ་བ། 97.128b དོན་བཟང་པོ། ཚིག་འབྲུ་བཟང་པོ། མ་འདྲེས་པ། ཡོངས་སུ་རྫོགས་པ། ཡོངས་སུ་དག་པ། ཡོངས་སུ་བྱང་བ། ཡང་དག་པར་རབ་ཏུ་སྟོན་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱི་སྨིན་མཚམས་ཀྱི་མཛོད་སྤུ་ནས་འོད་ཟེར་གྱི་དྲ་བ་སངས་རྒྱས་ཐམས་ཅད་ཀྱི་ཞིང་ཀུན་དུ་སྟོན་པ་ཞེས་བྱ་བ་བཀྱེ་སྟེ། འོད་ཟེར་གྱི་དྲ་བ་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདི་སྣང་བས་ཁྱབ་པར་བྱས་པར་གྱུར་ཏོ། །སངས་ཀྱི་ཞིང་གང་དག་ན་སངས་རྒྱས་བཅོམ་ལྡན་འདས་དག་སེང་གེའི་ཁྲི་བཀོད་པ་དུ་མའི་ཁང་པ་བརྩེགས་པའི་གཞལ་མེད་ཁང་ན་ཉན་ཐོས་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དང ། དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་ཐམས་ཅད་དང་ཐབས་གཅིག་ཏུ་ཆོས་སྟོན་པའི་སངས་རྒྱས་ཀྱི་ཞིང་གང་གཱའི་ཀླུང་གི་བྱེ་མ་སྙེད་དང་མཉམ་པ་དེ་དག་ཐམས་ཅད་ཀྱང་སྣང་བ་དེས་ཁྱབ་པར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་འཁོར་ཕལ་པོ་ཆེ་ལ་བཀའ་སྩལ་པ། སེམས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ཉེས་པར་བྱས་དང་གནོད་པ་ཀུན། །རབ་འཇོམ་སོ་སོར་འབྲང་བ་ཡི། །གཟུངས་འདི་རབ་ཏུ་བཤད་པར་བྱ། །འདི་ནི་ཐོས་པ་ཙམ་གྱིས་ཀྱང ། །སྡིག་པ་ཀུན་ནི་ཟད་པར་འགྱུར། །སེམས་ཅན་ཀུན་ལ་བདེ་བ་སྦྱིན། །ནད་དོ་ཅོག་ལས་གྲོལ་བར་བྱེད། །སེམས་ཅན་ཀུན་ལ་སྙིང་བརྩེ་བས། །ལུས་ཅན་ངན་འགྲོར་འགྲོ་བ་རྣམས། །དེ་དག་ཐམས་ཅད་སྐྱབ་པའི་ཕྱིར། །འཇིག་རྟེན་དག་གི་མགོན་པོས་གསུངས། །འདི་ཡིས་བསྲུང་བ་བྱས་ན་ནི། །ལྷ་མ་ཡིན་གྱི་གནས་སུ་འཇུག་།དེ་བཞིན་ལྕང་ལོ་ཅན་དང་ནི། །སྲིན་པོའི་གནས་ཀྱི་སར་ཡང་འགྲོ། །འབྱུང་པོ་ཀླུ་དང་ཤ་ཟ་རྣམས། །མི་བཟད་འཇིགས་པའི་གཡུལ་འབྱེད་པར། །འབྱུང་པོ་ཚོགས་རྣམས་ཐམས་ཅད་དང ། །དགྲ་བོ་ཅོག་གིས་མི་ཚུགས་སོ། །མིང་ཙམ་བཟུང་སྟེ་བརྗོད་བྱས་ཀྱང ། ། 97.129a སྐེམ་བྱེད་སྨྱོ་བྱེད་བརྗེད་བྱེད་དང ། །མཁའ་འགྲོ་མ་དང་ཤ་ཟ་དང ། །གདོན་རྣམས་རབ་ཏུ་བརླག་པར་འགྱུར། །སོ་སོར་འབྲང་བའི་གཟི་བརྗིད་ཀྱིས། །གཟི་ཆེན་མདངས་རྣམས་ཟ་བ་དང ། །མི་ཡི་སྐྱེ་དགུ་རྣམས་འཚེ་བ། །དེ་དག་ཐམས་ཅད་རེངས་བྱེད་འགྱུར། །བྱད་སྟེམས་མི་བཟད་གང་ཡིན་དང ། །ཕ་རོལ་དམག་ཚོགས་ཕུང་བར་བྱེད། །སྔགས་ཀྱི་ལས་ཀྱིས་གནོད་མི་འགྱུར། །རྩ་བའི་ལས་ལས་རྣམ་པར་གྲོལ། །དུག་དང་དུག་སྦྱར་མེས་མི་ཚུགས། །མཚོན་དང་ཆུས་ཀྱང་ཚུགས་མི་འགྱུར། །ལྕེ་འབབ་གློག་གིས་མི་ཚུགས་ཏེ། །དུས་ཀྱི་རླུང་གིས་གནོད་མི་འགྱུར། །རིག་པའི་རྒྱལ་མོའི་གཟི་བརྗིད་ཀྱིས། །དགྲ་ཀུན་རབ་ཏུ་འཇོམ་པར་འགྱུར། །དེ་ཡི་དོན་རྣམས་ཐམས་ཅད་འགྲུབ། །རྟག་ཏུ་རྒྱལ་བ་ཐོབ་པར་འགྱུར། །གང་གིས་རྟག་ཏུ་མགུལ་པ་འམ། །ལག་པར་རིག་པ་བཏགས་ན་ནི། །དེ་ཡི་དགོས་པ་ཡོད་དོ་ཅོག་།འགྲུབ་འགྱུར་འདི་ལ་ཐེ་རྩོམ་མེད། །བྱང་ཆུབ་སེམས་དཔའ་ཆེན་པོ་དང ། །སངས་རྒྱས་རྣམས་དང་རང་འདྲེན་དང ། །དེ་བཞིན་ཀླུའི་རྒྱལ་པོ་དང ། །ལྷ་དབང་རྣམས་ནི་རྟག་ཏུ་བསྲུང ། །སོ་སོར་འབྲང་བའི་གཟུངས་འཛིན་ལ། །ཉན་ཐོས་སངས་རྒྱས་ཐམས་ཅད་དང ། །རིག་པའི་ལྷ་མོ་རྫུ་འཕྲུལ་ཆེ། །རྟག་ཏུ་བསྲུང་བ་བྱེད་པར་འགྱུར། །ལག་ན་རྡོ་རྗེ་གནོད་སྦྱིན་དབང ། །དེ་བཞིན་རྒྱལ་པོ་བཞི་རྣམས་ཀྱང ། །དེ་ལ་ཉིན་དང་མཚན་རྣམས་སུ། །བསྲུང་བར་བྱེད་དེ་ཐེ་ཙོམ་མེད། །བརྒྱ་བྱིན་ལྷ་དང་བཅས་པ་དང ། །ཚངས་པ་ཁྱབ་འཇུག་དབང་ཆེན་དང ། །དགའ་བའི་དབང་པོ་ནག་པོ་ཆེ། །སྨིན་དྲུག་བུ་དང་ཚོགས་ཀྱི་དབང ། །མ་མོའི་ཚོགས་རྣམས་ཐམས་ཅད་དང ། །དེ་བཞིན་བདུད་རིས་གཞན་རྣམས་དང ། །དྲང་སྲོང་གཟི་བརྗིད་ཆེ་རྣམས་དང ། །རྫུ་འཕྲུལ་ཆེན་པོའི་ལྷ་རྣམས་དང ། །དེ་ཀུན་སོ་སོར་འབྲང་བ་ཡི། །གཟུངས་འཛིན་དེ་ལ་བསྲུང་བར་བྱེད། །སངས་རྒྱས་བདག་ཉིད་ཆེ་རྣམས་དང ། །རིག་པའི་ལྷ་མོ་སྟོབས་ཆེན་དང ། །བདག་གི་མ་དང་ཁྲོ་གཉེར་དང ། །ལྷ་མོ་སྒྲོལ་མ་ལྕགས་ཀྱུ་དང ། །རྡོ་རྗེ་ལུ་གུ་རྒྱུད 97.129b དང་དཀར། །དེ་བཞིན་དཀར་མོ་ཆེན་མོ་དང ། །ནག་མོ་ཆེ་དང་ཕོ་ཉ་དང ། །དེ་བཞིན་རྡོ་རྗེ་ཕོ་ཉ་གཞན། །ཞགས་པ་བཟང་དང་རྡོ་རྗེ་ཞགས། །ལག་ན་རྡོ་རྗེ་སྟོབས་པོ་ཆེ། །རིག་པ་ལྷ་མོ་རྡོ་རྗེ་ཕྲེང ། །བདུད་རྩི་ཐབས་སྦྱོར་བྱེད་པ་དང ། །གཞན་གྱིས་མི་ཐུབ་ལྷ་མོ་ཆེ། །རྣ་བ་ནག་མོ་སྟོབས་ཆེན་མོ། །དཔལ་ཡོན་ལྡན་པ་སྐལ་ཆེན་དང ། །རྣ་ཆ་གདུབ་ཀོར་པད་མ་འདྲ། །མེ་ཏོག་སོ་ཅན་ནོར་བུ་གཙུག་།སྐྲ་མདོག་མཛེས་དང་ཁམ་པ་མོ། །ལྷ་མོ་གཟི་བརྗིད་ཆེན་མོ་དང ། །དཔལ་ཡོན་ལྡན་པ་གློག་ཕྲེང་ཅན། །སྲིན་མོ་རལ་པ་གཅིག་པ་དང ། །སངས་རྒྱས་བསྲུངས་ཤེས་བྱ་བ་དང ། །སྐལ་བ་ཆེན་པོ་མི་ཐོད་ཅན། །ལང་ཀའི་བདག་པོ་དཔལ་ཡོན་ཅན། །གཞན་ཡང་ལྷ་མོ་མང་པོ་རྣམས། །སེམས་ཅན་རྗེས་སུ་འཛིན་བྱེད་དག་།རིག་པ་གང་གི་ལག་ན་གནས། །དེ་ལ་བསྲུང་བ་བྱེད་པར་འགྱུར། །འཕྲོག་མ་དང་ནི་ལྔས་བརྩེན་དང ། །དུང་ཅན་དང་ནི་སོ་བརྩེགས་མ། །དཔལ་གྱི་ལྷ་མོ་དབྱངས་ཅན་ཡང ། །དེའི་རྗེས་འགྲོ་རྟག་ཏུ་བསྲུང ། །སོ་སོར་འབྲང་བ་ཆེན་མོ་འདི། །བུད་མེད་གང་ཞིག་རྟག་འཆང་ན། །དེའི་ཐམས་ཅད་འགྲུབ་པར་འགྱུར། །རྟག་པར་མངལ་ན་བུ་ཕོ་ཆགས། །མངལ་རྣམས་ན་ཡང་བདེ་བར་སྐྱེ། །སྦྲུམ་མ་དག་ཀྱང་བདེ་བར་འགྱུར། །ནད་དང་སྡིག་པ་ཐམས་ཅད་ཀྱང ། །འཇིག་པར་འགྱུར་ཏེ་ཐེ་ཙོམ་མེད། །བསོད་ནམས་ལྡན་ཞིང་སྟོབས་དང་ལྡན། །ནོར་དང་འབྲུ་ཡང་རྟག་ཏུ་འཕེལ། །ཚིགས་ཀྱང་གཟུང་དུ་འོས་པ་དང ། །མཆོད་པའི་འོས་སུ་འགྱུར་བ་ཡིན། །བུད་མེདང་ནི་སྐྱེས་པ་འང་རུང ། །གཙང་མ་གང་ཞིག་འཆང་བསྲེལ་ན། །དེ་ནི་སེམས་ཅན་ཐམས་ཅད་དག་།ཐར་བར་བྱ་ཕྱིར་བརྩོན་པར་འགྱུར། །རྟག་ཏུ་བདེ་བར་འགྱུར་བ་ཡིན། །ནད་དོ་ཅོག་ཀྱང་རྣམ་པར་སྤངས། །སླས་དང་སྐྱེ་བོ་མང་བཅས་པའི། །རྒྱལ་པོ་འང་དེ་ཡི་དབང་དུ་འགྱུར། །ཕུན་སུམ་ཚོགས་པ་རྟག་ཏུ་འབར། །བསོད་ནམས་ཕུང་པོ་རྣམ་པར་འཕེལ། །དེང་ཡི་བསམ་པ་ཐམས་ཅད་འགྲུབ། །དཀྱིལ་འཁོར་ཀུན་དུ 97.130a ཞུགས་པ་ཡིན། །རྒྱལ་བ་རྣམས་ཀྱི་བཀའ་བཞིན་དུ། །དེ་ནི་ཀུན་དུ་དམ་ཚིག་ཤེས། །རྨི་ལམ་ངན་པ་རྨི་མི་འགྱུར། །སྡིག་པ་ཐམས་ཅད་འཕྲོག་པའི་མཆོག་།སྡིག་པ་རྣམས་དང་དེ་བཞིན་དུ། །དགྲ་ཡང་རབ་ཏུ་ཕུང་བར་བྱེད། །གཟའ་ཀུན་རྣམ་པར་གཞིག་པའི་ཕྱིར། །ཡེ་ཤེས་དབང་ཕྱུག་ཆེན་པོས་གསུངས། །འདོད་པ་ཐམས་ཅད་སྦྱིན་པར་བྱེད། །དེ་ཕྱིར་རྟག་ཏུ་བཅང་བར་བྱ། །འབྱུང་པོའི་ཚོགས་རྣམས་ང་ལ་ཉོན། །ད་ནི་རབ་ཏུ་འདི་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང ། སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་ཕྱག་འཚལ་ལོ། །ཏདྱ་ཐཱ།[་\ུ0f00]་བི་པུ་ལ་བི་པུ་ལ། གརྦྷེ། བི་པུ་ལ་བི་མ་ལེ། བི་པུ་ལ་གརྦྷེ། བི་མ་ལེ། ཛ་ཡ་གརྦྷེ། བཛྲ་ཛྭཱ་ལཱ་གརྦྷེ། ག་ཏི་ག་ཧ་ནེ། ག་ག་ན་བི་ཤོ་དྷ་ནེ། སརྦ་པཱ་པ་བི་ཤོ་དྷ་ནེ།[་\ུ0f00]་གུ་ཎ་པ་ཏི། ག་ག་ན། པི་ཙཱ་རི་ཎི། ག་ག་རེ་ཎི། གི་གི་གི་རི། གི་རི་ཎི་གི་རི་ནི། ག་མ་རི། ག་མ་རི། ག་ཧ་ག་ཧ། གརྒ་རི་གརྒ་རི། ག་ག་རི། ག་ག་རི། གཾ་བྷ་རི། གཾ་བྷ་རི། ག་བྷི་ག་བྷི། ག་ཧི་ག་ཧི། ག་མ་ནི། ག་མ་ནི། ག་མ་ནི། ག་རི་ག་རི། གུ་བྷ་གུ་བྷ། གུ་ཧ་གུ་ཧ། གུ་རུ་གུ་རུ་གུ་རུ་ཎི། ཙ་ལེ་གུ་ཧ་ཎི། གུ་ཧ་ནི། གུ་རུ་ཎི། ཙུ་ལུ་ཙུ་ལུ། ཙ་ལེ་ཙ་ལེ། མུ་ཙེ་ལེ་མུ་ཙེ་ལེ། ཛ་ཡེ་བི་ཛ་ཡེ། སརྦ་བྷ་ཡ་བི་ག་ཏེ། སཏྭ་སརྦ་གརྦྷ་སཾ་རཀྵ་ཎི། སི་རི་སི་རི། བྷི་རི་བྷི་རི། མི་རི་མི་རི། གི་རི་གི་རི། གྷི་རི་གྷི་རི། གྷི་རི་གྷི་རི། ས་མནྟ་མརྴ་ནི། བཅོམ་ལྡན་འདས་མ་སེམས་ཅན་འདྲེན་མ་ཀུན་ནས་འདྲེན་མ། དགྲ་ཐམས་ཅད་འཇོམས་པར་མཛད་མ། བདག་འཇིགས་པ་ཐམས་ཅད་དང ། གནོད་པ་ཐམས་ཅད་དང ། ནད་འགོ་བ་ཐམས་ཅད་དང ། ནད་ཐམས་ཅད་ལས་བསྲུང་དུ་གསོལ། བསྲུང་དུ་གསལ། ཙི་རི་ཙི་རི། བི་རི་བི་རི། དྷི་རི་དྷི་རི། བི་ག་ཏ། ཨཱ་བ་ར་ཎ། བི་ཤོ་དྷ་ནེ། བི་བི་དྷ། ཨཱ་པ་ར་ཎ། བི་ནཱ་ཤ་ནི། མུ་རི་མུ་རི། མུ་ཙི་མུ་ཙི། མུ་ལི་མུ་ལི། ཙི་ལི་ཙི་ལི། ཀི་ལི་ཀི་ལི། མི་ལི་མི་ལི། ཀ་མ་ལེ། བི་མ་ལེ། ཛ་ཡེ་བི་ཛ་ཡེ། ཛ་ཡཱ། བ་ཧེ་ཛ་ཡ་བ་ཏི། བི་ཤེ 97.130b ཥ་བ་ཏི། བཅོམ་ལྡན་འདས་མ་རིག་པ་ཆེན་པོའི་ཅོད་པན་དང ། ཕྲེང་བ་མངའ་བ་ཆ་བྱད་རྣམ་པ་སྣ་ཚོགས་མང་པོ་མངའ་བ། བཅོམ་ལྡན་འདས་མ་རིག་པའི་ལྷ་མོ་ཆེན་མོ། སྡིག་པ་ཐམས་ཅད་རྣམ་པར་སྦྱོང་བ། བདག་ལ་ཐམས་ཅད་དུ་ཀུན་ནས་བསྲུང་དུ་གསོལ། བསྲུང་དུ་གསོལ། ཧུ་རུ་ཧུ་རུ། མུ་རུ་མུ་རུ། རཀྵ་རཀྵ་མ་མ། མགོན་མ་མཆིས་པ། སྐྱབས་མ་མཆིས་པ། དཔུང་གཉེན་མ་མཆིས་པ། བདག་ལ་བསྲུངས་དུ་གསོལ། བསྲུང་དུ་གསོལ། བདག་སྡུག་བསྔལ་ཐམས་ཅད་ལས་ཐར་བར་མཛད་དུ་གསོལ། ཙནྜེ་ཙནྜེ། ཙནྜེ་ཙནྜེ། ཙཎྜེ་ཎི། ཙནྜེ་ཎི། བེ་ག་བ་ཏི། སརྦ་དུཥྚ་ནི་བཱ་ར་ཎི། བི་ཛ་ཡ། བཱ་ཧི་ནི། ཧུ་རུ་ཧུ་རུ། མུ་རུ་མུ་རུ། ཙུ་རུ་ཙུ་རུ། ཏུ་རུ་ཏུ་རུ། ཨཱ་ཡུཿ པཱ་ལི་ནི། སུ་ར་བ་ར་པྲ་མ་ཐ་ནི། སརྦ་དེ་བ་ག་ཎ་པཱུ་ཛི་ཏེ། ཙི་རི་ཙི་རི། དྷི་རི་དྷི་རི། ས་མནྟ་ཨ་བ་ལོ་ཀི་ཏེ། པྲ་བྷེ་པྲ་བྷེ། སུ་པྲ་བྷེ། སུ་པྲ་བྷ། བི་ཤུད་དྷེ། སརྦ་པཱ་པ་བི་ཤོ་དྷ་ནེ། དྷུ་རུ་དྷུ་རུ། དྷ་ར་ནི། དྷ་རེ་དྷ་རེ་དྷ་ར། སུ་མུ་སུ་མུ། སུ་མུ་སུ་མུ་མུ་སུ་མུ་སུ། རུ་རུ་ཙ་ལེ། ཙཱ་ལ་ཡ། དཔལ་གྱི་སྐུ་མངའ་བ། བདག་ལ་གནོད་པར་སེམས་པ་ལས་བསྐྱབ་དུ་གསོལ། བདག་གི་བསམ་པ་རྫོགས་པར་མཛད་དུ་གསོལ། ཛ་ཡ་ཀ་མ་ལེ། ཀྵི་ཎི་ཀྵི་ནི། པ་ར་ད། ཨཾ་ཀུ་ཤེ།[་\ུ0f00]་པདྨ་བི་ཤུདེ་དྷེ། ཤོ་དྷ་ཡ་ཤོ་དྷ་ཡ། ཤུད་དྷེ་ཤུད་དྷེ། བྷ་ར་བྷ་ར། བྷི་རི་བྷི་རི། བྷུ་རུ་བྷུ་རུ། མཾ་ག་ལ་བི་ཤུད་དྷེ། པ་བི་ཏྲ་མུ་ཁི། ཁཌྒེ་ནི་ཁཌྒེ་ནི། ཁ་ར་ཁ་ར། ཛྭ་ལེ་ཏ་ཤི་ཁ་རེ། ས་མནྟ་ཨ་བ་ལོ་ཀི་ཏ་པྲ་བྷེ། སུ་པྲ་བྷ་བི་ཤུད་དྷེ། ས་མནྟ་པྲ་སཱ་རི་ཏ། ཨཱ་བཱ་བ་སི་ཏ་ཤུད་དྷ། ཛྭ་ལ་ཛྭ་ལ། སརྦ་དྷེ་བ་ག་ཎ། གྲ་ཧ་ན་ཀྵ་ཏྲ། ས་མ་ཨཱ་ཀཪྵ་ནི། ས་ཏྱ་པྲ་ཏི།[་\ུ0f00]་ཧྲཱི་ཏྲཾ་ཏ་ར་ཏ་ར། ཏཱ་ར་ཡ་ཏཱ་ར་ཡ། གླང་པོ་ཆེའི་ལྟ་ལྟངས་ཀྱིས་གཟིགས་མ། བདག་སྒྲལ་དུ་གསོལ། ལ་ཧུ་ལ་ཧུ། ཧུ་ལུ་ཧུ་ལུ། ཧུ་དུ་ཧུ་དུ། ཏུ་རུ་ཏུ་རུ། ཀི་ཎི་ཀི་ཎི། ཀྵི་ཎི་ཀྵི་ཎི། ཧུ་ཎི་ཧུ་ཎི། སརྦ་གྲ་ཧ་བྷ་ཀྵ་ཎི། པིང་ག་ལི་པིང་ག་ལི། མུ་ཙུ་མུ་ཙུ། ཙུ་མུ་ཙུ་མུ། སུ་མུ་སུ་མུ་ཙུ་མུ་ཙུ་མུ་སུ་བི་ཙ་རེ། ཏ་ར་ཏ་ར། བཅོམ་ལྡན་འདས་མ་གླང་པོ་ཆེའི 97.131a བལྟ་སྟངས་ཀྱིས་གཟིགས་མ། ཐམས་ཅད་དུ་ཀུན་ནས་ཕྱོགས་ཐམས་ཅད་བཅིང་བ་དང ། རྡོ་རྗེའི་ར་བ་དང ། རྡོ་རྗེའི་ཞགས་པའི་བཅིང་བས་བདག་འཇིགས་པ་ཆེན་པོ་བརྒྱད་ལས་བསྒྲལ་དུ་གསོལ། བཛྲ་ཛྭཱ་ལཱ་བི་ཤུད་དྷེ། བྷུ་རི་བྷུ་རི། བྷ་ག་བ་ཏི། གརྦྷ་སཾ་ཤོ་དྷ་ནི། ཀུ་ཀྵི་སམ་པཱུ་ར་ཎི། ཛྭ་ལ་ཛྭ་ལ། ཙ་ལ་ཙ་ལ། ཛྭཱ་ལི་ནི། ལྷའི་ཆུས་ཀུན་དུ་ཆར་དབབ་ཏུ་གསོལ། ཨ་མྲྀ་ཏ་བཪྵ་ཎི་དེ་བ་ཏ། ཨ་བ་ཏཱ་ར་ཎི། བདེ་བར་གཤེགས་པའི་གསུང་རབ་བདུད་རྩི་མཆོག་གི་སྐུ་དང་ལྡན་པ་བདག་ལ་དབང་བསྐུར་དུ་གསོལ། འཐབ་པ་དང ། འཐབ་མོ་དང ། རྩོད་པ་དང ། འགྱེད་པ་དང ། རྨི་ལམ་ངན་པ་དང ། ལྟས་ངན་པ་དང ། བཀྲ་མི་ཤིས་པ་དང ། སྡིག་པ་ཐམས་ཅད་རྣམ་པར་སྦྱོང་བ། གནོད་སྦྱིན་དང ། སྲིན་པོ་དང ། ཀླུ་ཐམས་ཅད་འཇོམས་པ། གནོད་པས་འཇིགས་སྐྲག་པ། བདག་འཇིགས་པ་ཐམས་ཅད་དང ། གནོད་པ་ཐམས་ཅད་དང ། ནད་འགོ་བ་ཐམས་ཅད་དང ། ནད་ཐམས་ཅད་ལས་ཐམས་ཅད་དུ་རྟག་པར་བསྲུང་དུ་གསོལ། བསྲུང་དུ་གསོལ། བ་ལ་བ་ལ། བ་ལ་བ་ཏི། ཛ་ཡ་ཛ་ཡ། བི་ཛ་ཡ། བི་ཛ་ཡ། ཐམས་ཅད་དུ་དུས་ཀུན་དུ་བདག་རྒྱལ་བར་མཛད་དུ་གསོལ། བདག་ལ་རིག་པ་ཆེན་མོ་འདི་གྲུབ་པར་མཛད་དུ་གསོལ། དཀྱིལ་འཁོར་ཆེན་པོ་བསྒྲུབ་ཏུ་གསོལ། གསང་སྔགས་རྣམས་བསྒྲུབ་ཏུ་གསོལ། བགེགས་རྣམས་གཞོམ་དུ་གསོལ། ཛ་ཡ་ཛ་ཡ། སིད་དྷྱ་སིད་དྷྱ། སིདྡྷྱ་སིདྡྷྱ། བུདྡྷ་བུདྡྷ། སའུ་ཙ་ཡ་སའུ་ཙ་ཡ། པཱུ་ར་ཎི་པཱུ་ར་ཎི། བདག་གི་བསམ་པ་རྫོགས་པར་མཛད་དུ་གསོལ། རིག་པ་ཐམས་ཅད་ལས་བྱུང་བའི་སྐུ་ཅན། རྒྱལ་བ་ལྷག་པར་རྒྱལ་བ་ཅན། དེ་བཞིན་གཤེགས་པའི་སྙིང་པོ་རྣམ་པར་དག་པ་བཅོམ་ལྡན་འདས་མ་བཞུགས་སུ་གསོལ། བཞུགས་སུ་གསོལ། དམ་ཚིག་བསྐྱང་དུ་གསོལ། འཇིགས་པ་མི་བཟད་པ་ཆེན་པོ་བརྒྱད་ལས་བདག་ལ་གཟིགས་སུ་གསོལ། ས་ར་ས་ར། པྲ་ས་ར་པྲ་ས་ར། སརྦ་ཨཱ་བ་ར་ཎ་བི་ཤོ་དྷ་ནི། ས་མནྟ་ཨཱ་ཀ 97.131b ར་མནྜ་ལ་བི་ཤུད་དྷེ། བི་ག་ཏེ་བི་ག་ཏི། བི་ག་ཏ་མ་ལེ། སརྦ་མ་ལ་བི་ཤོ་དྷ་ནི། ཀྵི་ཎི་ཀྵི་ཎི། སརྦ་པཱ་པ་བི་ཤུད་དྷེ། མ་ལ་བི་ག་ཏི། ཛ་ཡ་བ་ཏི། ཏེ་ཛོ་ཏེ་ཛོ་བ་ཏི། བཛྲ་བཛྲ་བ་ཏི། འཇིག་རྟེན་གསུམ་དུ་བྱིན་གྱིས་བརླབས་པ་ལ་སཝཱ་ཧཱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་སྤྱི་བོ་ནས་དབང་བསྐུར་བ་ལ་སཝཱ་ཧཱ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་དབང་བསྐུར་བ་ལ་སཝཱཧཱ། ལྷ་ཐམས་ཅད་ཀྱིས་དབང་བསྐུར་བ་ལ་སཝཱ་ཧཱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྙིང་པོས་བྱིན་གྱིས་བརླབས་པ་ལ་སཝཱ་ཧཱ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དམ་ཚིག་གྲུབ་པ་ལ་སཝཱ་ཧཱ། དབང་པོ་དང་ལྡན་པ་དབང་པོས་རྣམ་པར་བལྟས་པ་ལ་སཝཱ་ཧཱ། ཚངས་པ་དང་ཚངས་པ་གནས་པ་ལ་སཝཱ་ཧཱ། ཁྱབ་འཇུག་གིས་ཕྱག་བྱས་པ་ལ་སཝཱ་ཧཱ། དབང་ཕྱུག་ཆེན་པོས་ཕྱག་འཚལ་ཞིང་མཆོད་པ་ལ་སཝཱ་ཧཱ། རྡོ་རྗེ་འཛིན་ལག་ན་རྡོ་རྗེའི་སྟོབས་དང ། བརྩོན་འགྲུས་ཀྱིས་བྱིན་གྱིས་བརླབས་པ་ལ་སཝཱ་ཧཱ། ཡུལ་འཁོར་སྲུང་ལ་སཝཱ་ཧཱ། འཕགས་སྐྱེས་པོ་ལ་སཝཱ་ཧཱ། མིག་མི་བཟང་ལ་སཝཱ་ཧཱ། རྣམ་ཐོས་ཀྱི་བུ་ལ་སཝཱ་ཧཱ། རྒྱལ་པོ་ཆེན་པོ་བཞིས་ཕྱག་བྱས་པ་ལ་སཝཱ་ཧཱ། གཤིན་རྗེ་ལ་སཝཱ་ཧཱ། གཤིན་རྗེས་མཆོད་ཅིང་ཕྱག་བྱས་པ་ལ་སཝཱ་ཧཱ། ཆུ་ལྷ་ལ་སཝཱ་ཧཱ། རླུང་ལྷ་ལ་སཝཱ་ཧཱ། རླུང་ལ་ཆེན་པོ་ལ་སཝཱ་ཧཱ། མེ་ལྷ་ལ་སཝཱཧཱ། ཀླུས་རྣམ་པར་བལྟས་པ་ལ་སཝཱ་ཧཱ། ལྷའི་ཚོགས་རྣམས་ལ་སཝཱ་ཧཱ། ཀླུའི་ཚོགས་རྣམས་ལ་སཝཱ་ཧཱ། གནོད་སྦྱིན་གྱི་ཚོགས་རྣམས་ལ་སཝཱ་ཧཱ། གཤིན་རྗེའི་ཚོགས་རྣམས་ལ་སཝཱ་ཧཱ། སྲིན་པོའི་ཚོགས་རྣམས་ལ་སཝཱ་ཧཱ། དྲི་ཟའི་ཚོགས་རྣམས་ལ་སཝཱ་ཧཱ། ལྷ་མ་ཡིན་གྱི་ཚོགས་རྣམས་ལ་སཝཱ་ཧཱ། ནམ་མཁའ་ལྡིང་གི་ཚོགས་རྣམས་ལ་སཝཱ་ཧཱ། མི་འམ་ཅིའི་ཚོགས་རྣམས་ལ་སཝཱ་ཧཱ། ལྟོ་འཕྱེ་ཆེན་པོའི་ཚོགས་རྣམས་ལ་སཝཱ་ཧཱ། མི་རྣམས་ལ་སཝཱཧཱ། མི་མ་ཡིན་པ་རྣམས་ལ་སཝཱ་ཧཱ། གདོན་ཐམས་ཅད་ལ་སཝཱ་ཧཱ། འབྱུང་པོ་ཐམས་ཅད་ལ་སཝཱ་ཧཱ། ཡི་དགས་ལ་སཝཱ་ཧཱ། ཤ་ཟ་ལ་སཝཱ་ཧཱ། བརྗེད་བྱེད་ལ་སཝཱ་ཧཱ། གནོད་བྱེད་ལ་སཝཱ་ཧཱ། གྲུལ་བུཾ་ལ་སཝཱཧཱ།[་\ུ0f00]་དྷུ་རུ་དྷུ་རུ་སཝཱ་ཧཱ། 97.132a ཏུ་རུ་ཏུ་རུ་སཝཱ་ཧཱ། མུ་རུ་མུ་རུ་སཝཱ་ཧཱ། ཧ་ན་ཧ་ན་སརྦ་ཤ་ཏྲའུཾ་སཝཱ་ཧཱ། ད་ཧ་ད་ཧ་སརྦ་དུཥྚཱ་ནཱཾ་སཝཱ་ཧཱ། པ་ཙ་པ་ཙ་སརྦ་པྲ་ཏྱརྠི་ཀཱ་པྲ་ཏྱེ་མི་ཧྲཱ་ཏཱཾ་སཝཱ་ཧཱ། གང་དག་བདག་ལ་མི་ཕན་པར་འདོད་པ་དེ་དག་ཐམས་ཅད་ཀྱི་ལུས་ཛྭ་ལ་ཡ་སརྦ་དུཥྚཾ་ཙིཏྟཱ་ནི་སཝཱ་ཧཱ། འབར་བ་ལ་སཝཱ་ཧཱ། རབ་ཏུ་འབར་བ་ལ་སཝཱ་ཧཱ། རྡོ་རྗེ་འབར་བ་ལ་སཝཱ་ཧཱ། མེ་ལྕེ་འབར་བ་ལ་སཝཱ་ཧཱ། ཀུན་དུ་འབར་བ་ལ་སཝཱ་ཧཱ། ནོར་བུ་བཟང་ལ་སཝཱ་ཧཱ། གང་བ་བཟང་པོ་ལ་སཝཱ་ཧཱ། ནག་པོ་ཆེན་པོ་ལ་སཝཱ་ཧཱ། མ་མོའི་ཚོགས་ལ་སཝཱ་ཧཱ། གནོད་སྦྱིན་མོ་རྣམས་ལ་སཝཱ་ཧཱ། སྲིན་མོ་རྣམས་ལ་སཝཱ་ཧཱ། ནམ་མཁའི་མ་མོ་རྣམས་ལ་སཝཱ་ཧཱ། རྒྱ་མཚོ་ན་གནས་པ་རྣམས་ལ་སཝཱ་ཧཱ། མཚན་མོ་རྒྱུ་བ་རྣམས་ལ་སཝཱ་ཧཱ། ཉིན་མོ་རྒྱུ་བ་རྣམས་ལ་སཝཱ་ཧཱ། དུས་གསུམ་དུ་རྒྱུ་བ་རྣམས་ལ་སཝཱ་ཧཱ། དུས་མ་ཡིན་པར་རྒྱུ་བ་རྣམས་ལ་སཝཱ་ཧཱ། ཟས་སུ་མངལ་ཟ་བ་རྣམས་ལ་སཝཱཧཱ། མངལ་འཛིན་པ་ལ་སཝཱ་ཧཱ། ཧུ་ལུ་ཧུ་ལུ། སཝཱ་ཧཱ།[་\ུ0f00]་སཝཱ་ཧཱ། སཝཿ སཝཱ་ཧཱ། བྷུ་སཝཱ་ཧཱ། བྷུ་བ་སཝཱ་ཧཱ། བྷུར་བྷཱུ་བ་སཝཱ་ཧཱ། ཙི་ཊི་ཙི་ཙི་ཊི་སཝཱ་ཧཱ། བི་ཊི་བ་ཊི་སཝཱ་ཧཱ། དྷཱ་ར་ཎི་སཝཱ་ཧཱ། དྷཱ་ར་ནི་སཝཱ་ཧཱ། ཨགྣི་སཝཱ་ཧཱ། ཏེ་ཛོ་བ་བུ་སཝཱ་ཧཱ། ཙི་ལི་ཙི་ལི་སཝཱ་ཧཱ། མི་ལི་མི་ལི་སཝཱ་ཧཱ། སི་ལི་སི་ལི་སཝཱ་ཧཱ། བུདྡྷྱ་བུདྡྷྱ་སཝཱ་ཧཱ། སིདྡྷྱ་སིདྡྷྱེ་སཝཱ་ཧཱ། མཎྡ་ལ་བན་དྷེ་སཝཱ་ཧཱ། སཱི་མཱ་བན་དྷེ་སཝཱ་ཧཱ། དྷ་ར་ཎི་བྷན་དྷེ་སཝཱ་ཧཱ། སརྦ་ཤ་ཏྲུཾ་ཎཱཾ་བྷཉྫ་ཡ་སཝཱ་ཧཱ། ཛམྦྷ་ཡ་ཛམྦྷ་ཡ་སཝཱ་ཧཱ། སྟམྦྷ་ཡ་སྟམྦྷ་ཡ་སཝཱ་ཧཱ། ཙྪིནྡ་ཙྪིནྡ་སཝཱ་ཧཱ། བྷིནྡ་བྷིནྡ་སཝཱ་ཧཱ། བྷཉྫ་བྷཉྫ་སཝཱ་ཧཱ། བནྡྷ་བནྡྷ་སཝཱ་ཧཱ། མོ་ཧ་ཡ་མོ་ཧ་ཡ་སཝཱ་ཧཱ། མ་ཎི་བི་ཤུད་དྷེ་སཝཱ་ཧཱ། སཱུརྱེ་སཝཱ་ཧཱ། སཱུརྱ་བི་ཤུད་དྷེ་སཝཱ་ཧཱ། ཤོ་དྷ་ནི་སཝཱ་ཧཱ། བི་ཤོ་དྷ་ནི་སཝཱ་ཧཱ། ཙནྜེ་ཙནྜེ་པ་རི་པཱུ་ར་ཎ་ཙནྡྲེ་སཝཱ་ཧཱ། གྲ་ཧེ་བྷྱཿ སཝཱ་ཧཱ། ནཀྵ་ཏྲེ་བྷྱཿ སཝཱ་ཧཱ། ཤི་བི་བྷྱེ་སཝཱ་ཧཱ། ཤཱནྟི་བྷྱཿ སཝཱ་ཧཱ། པུ་ཥྚི་བྷྱཿ སཝཱ་ཧཱ། སྦ་སྟྱ་ཡ་ནེ་བྷྱཿ སཝཱ་ཧཱ། ཤི་བ་ཀ་རི་སཝཱ་ཧཱ། ཤཾ་ཀ་ར་སཝཱ་ཧཱ། ཤཱནྟི་ཀ་རི་སཝཱ་ཧཱ། པུཥྚི་ཀ་རི་སཝཱ་ཧཱ། བ་ལ་བརྡྷི་ནི་ཀ་རི་སཝཱ་ཧཱ། ཤྲཱི་ཀ་རི་སཝཱ་ཧཱ། ཤྲཱི་བརྡྷི་ནི་སཝཱ་ཧཱ། ཤྲཱི་ཛྭཱ་ལེ་ནི་སཝཱ་ཧཱ། མུ་ཙི་སཝཱ་ཧཱ། ན་མུ་ཙི་སཝཱ་ཧཱ། མ་རུ་ཙེ་སཝཱ་ཧཱ། བེ་ག་བ་ཏི་སཝཱ་ཧཱ།[་\ུ0f00]་བཅོམ་ལྡན་འདས་མ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་མཆོག་དྲི་མ་དང་བྲལ་བ། བདག་གི 97.132b སྡིག་པ་ཐམས་ཅད་ཞི་བར་མཛད་དུ་གསོལ། བདག་བདེ་ལེགས་སུ་གྱུར་ཅིག་།ོཾ་མུ་ནི་མུ་ནི། བི་མུ་ནི་བི་མུ་ནི། དྷ་རི་ཙ་ལ་ཙ་ལ་ནི། བྷ་ག་བ་ཏི། བྷ་ཡ་བི་ག་ཏེ། བྷ་ཡ་ཧ་རི་ཎི། བོ་དྷི་བོ་དྷི། བོ་དྷ་ཡ་བོ་དྷ་ཡ། བུད་དྷི་ལི་བུད་དྷི་ལི། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་ཛུཥྚེ་སཝཱ་ཧཱ།[་\ུ0f00]་མུ་ནི་མུ་ནི་མུ་ནི་བ་རེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིག་པའི་དབང་བསྐུར་བ། རྡོ་རྗེའི་གོ་ཆ་ཆེན་པོའི་ཕྱག་རྒྱས་བཏབ་པ་ཐམས་ཅད་ཀྱིས་བདག་ལ་དབང་བསྐུར་དུ་གསོལ། སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ། ཨ་དྷིཥྛཱ་ཏི་བཛྲེ་སཝཱ་ཧཱ། བྲམ་ཟེ་ཆེན་པོ་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ། ཀུན་ནས་མེ་ལྕེའི་ཕྲེང་བ་རྣམ་པར་དག་པས་རྒྱས་པ་ཡིད་བཞིན་གྱི་ནོར་བུ་ཕྱག་རྒྱ་དང ། སྙིང་པོ་གཞན་གྱིས་མི་ཐུབ་པའི་གཟུང་འདི་རིག་ཀྱི་བུ་འམ། རིགས་ཀྱི་བུ་མོས་ཐོས་མ་ཐག་ཏུ་སྡིག་པ་ཐམས་ཅད་ལས་རྣམ་པར་གྲོལ་བར་འགྱུར་རོ། །བྲམ་ཟེ་ཆེན་པོ་རིག་པ་འདི་གང་གི་སྙིང་ལ་གནས་པར་གྱུར་པ་དེའི་ལུས་རྡོ་རྗེར་རིག་པར་བྱའོ། །དེའི་ལུས་ལ་མེས་མི་ཚུགས་སོ། །ཅི་མངོན་ཞེ་ན། གང་གི་ཚེ་གྲོང་ཁྱེར་ཆེན་པོ་སེར་སྐྱའི་གནས་ན། གཞོན་ནུ་སྒྲ་གཅན་ཟིན་བཟང་པོ་མངལ་དུ་ཞུགས་པ་དེའི་ཚེ་ཤཱཀྱའི་བུ་མོ་ས་འཚོ་མ་བདག་ཉིད་མེའི་ནང་དུ་མཆོངས་པ་དང ། དེར་པད་མ་དག་བྱུང་སྟེ། དེའི་ཚེ་གཞོན་ནུ་སྒྲ་གཅན་ཟིན་བཟང་པོ་མངལ་ན་གནས་བཞིན་དུ་རིག་པ་འདི་ཡིད་ལ་བྱས་སོ། །རིག་པ་འདི་རྗེས་སུ་དྲན་པ་ཙམ་གྱིས་མེ་དེ་སྐད་ཅིག་དེ་ཉིད་ལ་བསིལ་བར་གྱུར་ཏོ། །དེ་ནས་ཤཱཀྱའི་བུ་མོ་ས་འཚོ་མའི་ལུས་ལ་མེས་མ་རེག་གོ་།དེ་ཅིའི་ཕྱིར་ཞེ་ན། རིག་པ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པའོ། །བྲམ་ཟེ་ཆེན་པོ་རྒྱུ་དེས་ན་མེས་མི་ཚིག་གོ་།དུག་གིས་ཀྱང་སྲོག་དང་འབྲལ་བར་མི་ནུས་སོ། །དེ་ཅི་ལྟ་ཞེ་ན། བྲམ་ཟེ་ཆེན་པོ་གང་གི་ཚེ་གྲོང་ཁྱེར་ཆེན་པོ་བདེ་བར་ཕ་རོལ་ཏུ་འགྲོ་བ་ཞེས་བྱ་བ་ན། ཚོང་དཔོན་མཛོད་སྟོབས་ཅན་གྱི་བུ་རིག་པ་སྨྲ་བར 97.133a གྱུར་ཏོ། །དེའི་རིག་པའི་སྟོབས་དེས་ཀླུའི་རྒྱལ་པོ་འཇོག་པོ་བཀུག་གོ་།བཀུག་ནས་ཀྱང་བག་མེད་པའི་དབང་གིས་མ་བཅིངས་པས་དེས་ཁྲོས་ནས་དེ་ལ་བཟུང་བ་དང ། དེ་ཚོར་བ་མི་བཟད་པ་མྱོང་ནས་ཇི་ལྟར་ཡང་བདག་ནི་སྲོག་དང་བྲལོ་སྙམ་དུ་ཤེསོ། །དེ་ནས་སྨྲ་བ་ཅན་མང་པོ་བོས་ཀྱང་འགའ་ཙཾ་གྱིས་ཀྱང་དུག་ལས་གསོ་བར་མ་ནུསོ། །དེ་ནས་གྲོང་ཁྱེར་ཆེན་པོ་བདེ་བར་ཕ་རོལ་ཏུ་འགྲོ་བ་ན་དགེ་སྙེན་མ་དྲི་མ་མེད་པར་དག་པ་ཞེས་བྱ་བ་སྙིང་རྗེ་ཆེན་པོ་དང་ལྡན་པ་ཞིག་གནས་པ་དེས་རིག་པའི་རྒྱལ་མོ་ཆེན་མོ་འདི་ཁ་ཏོན་དུ་ཤེསོ། །དེ་དེའི་གནསུ་སོང་ཏེ་ཕྱིན་པ་དང ། རིག་པ་ཆེན་མོ་འདི་རྗོད་དོ། །དེས་དེ་ལ་ལན་ཅིག་བརྗོད་པ་ཙམ་གྱིས་དེ་དུག་མེད་པར་བྱས་ཤིང་དེ་དྲན་པ་རྙེད་པར་བྱས་ཏེ། སྡུག་བསྔལ་ཆེན་པོ་དེ་ལས་ཡོངསུ་ཐར་བར་བྱས་ནས་རིག་པ་ཆེན་མོའི་སྙིང་པོ་འདི་ཆོ་ག་ཅི་ལྟར་བཀའ་སྩལ་བ་བཞིན་དུ་ཚོངས་དཔོན་གྱི་བུ་དེའི་སྙིང་ལ་གནས་པར་བྱསསོ། །བྲམ་ཟེ་ཆེན་པོ་གཞན་ཡང་ཅི་ལྟར་ཡོངསུ་ཤེས་ན། རྒྱལ་པོ་ཚངས་པས་བྱིན་ཞེས་བྱ་བའི་གྲངསུ་ཆུད་པ་ཞིག་གྲོང་ཁྱེར་ཆེན་པོ་བཱ་ར་ཎཱ་སི་ན་སྔོན་ཡོངསུ་རྒྱུ་བའི་ཚེ། དེའི་ཤར་ཕྱོགས་ཀྱི་འཚམས་ཀྱི་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེས་དཔུང་གི་ཚོགས་ཡན་ལག་བཞི་པ་གོ་བསྐོན་ཏེ། གྲོང་ཁྱེར་ཆེན་པོ་བཱ་ར་ཎཱ་སི་ཀུན་ནས་སྐོར་ཏེ། གཞོམ་པར་བཤམསོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་དེ་ལ་བློན་པོ་རྣམས་ཀྱིས་སྨྲས་པ། ལྷ་ཕ་རོལ་གྱི་དམག་ཚོགས་ཀྱིས་གྲོང་ཁྱེར་འཕྲོག་ལ་ཐུག་ན་ཐབས་གང་གིས་ཕ་རོལ་གྱི་དམག་ཚོགས་གཞོམ་པར་བགྱི། བཀའ་སྩལ་དུ་གསོལ་ཞེས་བྱས་པ་དང་རྒྱལ་པོས་ཁྱེད་འཚེར་འགྲིབ་ཆུང་ངུར་གྱིས་ཤིག་།རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ་ཞེས་བྱ་བ་ཡོད་དོ། ། ངས་དེས་དཔུང་གི་ཚོགས་ཡན་ལག་བཞི་པ་འདི་ཕམ་པར་བྱའོ། །ཐལ་བ་བཞིན་དུ་བྱའོ་ཞེས་བསྒོ་བ་དང ། བློན་པོ་རྣམས་ཀྱིས་མགོ་བཏུད་དེ་རྒྱལ་པོ་ཆེན་པོ་སྔོན་བདག་ཅག་གིས་ནམ 97.133b ཡང་མ་ཐོས་པ་འདི་ཅི་ཞིག་ལགས་ཤེས་སྨྲས་པ་དང ། རྒྱལ་པོས་ངས་དེ་མངོན་སུམ་དུ་བྱའོ་ཞེས་བསྒོའོ། །དེ་ནས་རྒྱལ་པོ་ཚངས་པས་བྱིན་སྤོས་ཆུ་སྣ་ཚོགས་ཀྱི་མགོ་བཀྲུས་ཏེ། གོས་གཙང་མ་བགོས་ནས་རིག་པའི་རྒྱལ་མོ་ཆེན་མོ་འདི་ཆོ་ག་བཞིན་དུ་བྲིས་ཏེ། མགོའི་གཙུགི་སྐྲའི་ནང་དུ་བཞག་ནས་རིག་པའི་རྒྱལ་མོ་ཆེན་མོ་འདི་ཉིད་ཀྱིས་གོ་ཆ་བྱས་ཏེ། གཡུལ་གྱི་ནང་དུ་ཞུགས་པ་དང ། གཅིག་པུ་དཔུང་གི་ཚོགས་ཡན་ལག་བཞི་པ་ཐཾད་ཕཾ་པར་བྱས་ཏེ། ཇི་སྲིད་སྐྱབསུ་དོང་བ་དེ་སྲིད་དུ་འདིས་ཚར་བཅད་ནས་སྟོབས་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་པོ་དེ་ཅིག་པུ་བཏང་ངོ ། །བྲཾ་ཟེ་ཆེན་པོ་དེ་ལྟར་ན་རིག་པའི་རྒྱལ་མོ་ཆེན་མོ་དེ་བཞིན་གཤེགས་པ་ཐཾད་ཀྱི་སྙིང་པོ་དང ། ཕྱག་རྒྱས་བྱིན་གྱིས་བརླབས་པ། མཐུ་ཆེན་པོ་འདི་མངོན་སུམ་དུ་གྱུར་པ་ཡིན་ཏེ། མངོན་སུམ་དུ་གྱུར་ཏོ་སྙམ་དུ་གཟུང་བར་བྱའོ། །དེ་བཞིན་གཤེགས་པ་ཐཾད་དང་མཚུངས་པ་ཉིད་དུ་བལྟ་བར་བྱའོ། །ཕྱི་མའི་ཚེ་ཕྱི་མའི་དུས་ན་སེཾས་ཚེ་ཐུང་བ་རྣམས་དང ། བསོད་ནཾས་ཆུང་བ་རྣཾས་དང ། ལོངས་སྤྱོད་ཆུང་བ་རྣཾས་ལ་ཕན་པར་འགྱུར་བལྟའོ། །བྲཾ་ཟེ་ཆེན་པོ་གང་ལ་ལ་ཞིག་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ་འདི་ཆོ་ག་བཞིན་དུ་བྲིས་ཏེ་ལག་པ་འཾ། མགུལ་དུ་གཏགས་ན་དེ་དེ་བཞིན་གཤེགས་པ་ཐཾད་ཀྱིས་བྱིན་གྱིས་བརླབས་པར་རིག་པར་བྱའོ། །དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུར་རིག་པར་བྱའོ། །རྡོ་རྗེའི་ལུས་ཡིན་པར་རིག་པར་བྱའོ། །དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རིང་བསྲེལ་གྱི་སྙིང་པོ་ཅན་ཡིན་པར་རིག་པར་བྱའོ། །དེ་དེ་བཞིན་གཤེགས་པ་ཐཾད་ཀྱི་སྤྱན་ཡིན་པར་རིག་པར་བྱའོ། །དེ་རྡོ་རྗེ་ཆེན་པོའི་ལུསུ་རིག་པར་བྱའོ། །དེ་འབར་བ་འོད་འཕྲོ་བའི་ལུས་དང་ལྡན་པར་རིག་པར་བྱའོ། །དེ་མི་ཤིག་པའི་གོ་ཆ་ཅན་དུ་རིག་པར་བྱའོ། །དེ་དགྲ་ཐམས་ཅད་རབ་ཏུ་འཇོམ་པར་རིག་པར་བྱའོ། །དེ་སྒྲིབ་པ་དང་སྡིག་པ་ཐཾད་འཇོམ་པར་རིག་པར་བྱའོ། །དེ་སེཾས་ཅན་དམྱལ་བའི 97.134a འགྲོ་བ་རྣམས་སྦྱོང་བར་རིག་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྔོན་ཡོངསུ་ཤེས་པ་ཡིན་ཏེ། བྲམ་ཟེ་ཆེན་པོ་ཕྱོགས་གཞན་ཞིག་ན་དགེ་སློང་མ་དད་པ། དེ་བཞིན་གཤེགས་པའི་རིགས་ལ་བསླབ་པ་འདྲལ་བ། མ་བྱིན་པར་ལེན་པ། བཟའ་བ་འདུ་བའི་སྒོ་འཕྲོག་པ། དགེ་འདུན་གྱི་དང ། ཕྱོགས་བཞི་དང ། ཚོགས་ཀྱི་རྫསུ་གྱུར་པ་དེ་ཐཾད་གང་དག་གིར་བྱིན་གྱིས་བརླབས་ཏེ་ཟ་བ་ཞིག་དུ་གཞན་ཞིག་ན་ནད་ཚབ་ཆེན་པོས་བཏབ་པ་དང ། བསྡུག་བསྔལ་ཆེན་པོའི་ཚོར་བ་མྱོང་ངོ ། །ཉོན་མོངས་ཏེ་སྐྱབས་མེད་དཔུང་གཉེན་མེད་ནས་ཀུ་ཅོའི་སྒྲ་ཆེན་པོ་འབྱིན་ཏོ། །བྲམ་ཟེ་ཆེན་པོ་དེ་ནས་ཕྱོགས་དེ་ན་དགེ་བསྙེན་ཞིག་གནས་པ་དེས་སྒྲ་དེ་ཐོས་སོ། །ཐོས་ནས་ཀྱང་དགེ་སློང་ག་ལ་བ་དེར་སོང་སྟེ་ཕྱིནས་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ་འདི་བྲིས་ཏེ། དགེ་སློང་དེའི་མགུལ་དུ་བཏགས་སོ། །རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ་དགེ་སློང་དེའི་མགུལ་དུ་བཏགས་མ་ཐག་དུ་ཚོར་བ་ཐཾད་ནི་རབ་ཏུ་ཞི། ནད་ཐཾད་ལས་ནི་ཡོངསུ་ཐར་ཏེ། སོས་པར་གྱུར་ནས་དེའི་མཚན་མོ་ཟད་པ་དང ། དྲན་པ་ཤིན་ཏུ་ཉེ་བར་བཞག་སྟེ་འཆི་བའི་དུས་བྱས་སོ། །ལུས་དེ་བོར་བ་དང ། སེཾན་དམྱལ་བ་ཆེན་པོ་མནར་མེད་པར་སྐྱེས་སོ། །དེའི་རོ་དེ་ཡང་དགེ་སློང་དག་གིས་སྒང་བུ་ཞིག་ལ་བཞག་གོ་།རིག་པ་ཆེན་མོ་སོ་སོར་འབྲང་བ་ཆེན་མོ་དེ་ཡང་དེའི་མགུལ་དུ་བཏགས་པ་བཞིན་དུ་གནསོ། །དགེ་སློང་དེ་མནར་མེད་པ་དེར་སྐྱེས་མ་ཐག་ཏུ་སེམས་ཅན་དམྱལ་བའི་སེམས་ཅན་དེ་དག་གིས་སྡུག་བསྔལ་གྱི་ཚོར་བ་ཐམས་ཅད་རབ་ཏུ་ཞི་ནས་སེམས་ཅན་དམྱལ་བའི་སེཾས་དེ་དག་ཐཾད་བདེ་བ་ཐཾད་ཀྱིས་ཚིམ་པར་གྱུར་ཏོ། །མཚཾས་མེད་པའི་མེ་ཕུང་པོ་ཆེན་པོ་གང་ཡིན་པ་དེ་དག་ཐཾད་ཀྱང་ཡོངསུ་ཞི་བར་གྱུར་ཏོ། །དེ་ནས་གཤིན་རྗེའི་མི་དེ་དག་ཐཾད་ངོ་མཚར་སྐྱེས་ནས་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ལ་ངེས་པའི་ཚིགས་འདི་དག་རྒྱས་པར་བརྗོད་དོ། །སེཾས་ཅན་ལས་ལས་སྐྱེས་པ་ཡི། །སྡུག་བསྔལ 97.134b མི་བཟད་རབ་ཏུ་ཞི། །ཤིན་ཏུ་ངོ་མཚར་འདི་ནི་ལྷ། །སེམས་དམྱལ་ཉམ་ང་རྣཾས་ན་གདའ། །ལུས་ཅན་ལུས་ལ་རྟག་གནས་པའི། །མེ་མ་མུར་དེ་རབ་ཏུ་ཞི། །སོག་ལེ་རྣམས་ཀྱིས་གཤེག་མ་མཆིས། །སྤུ་གྲིའི་སོས་ཡང་གཅོད་མི་བགྱིད། །ལྕགས་སྡོང་ཤལ་མ་རི་ཡང་ཆག་།ལྕགས་ཟངས་ཐཾད་རབ་ཏུ་ཞི། །རལ་གྲི་ལོ་མ་ཅན་ནགས་ན། །ལས་སྐྱེས་ལོ་མ་གནོད་མི་འགྱུར། །ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ཁྱོད། །མི་རྣཾས་ལ་ནི་ཆོས་ཀྱི་སྟོན། །རྒྱུ་འདི་མི་ཆུང་བདག་ཅག་ལ། །ཁྱོད་ཀྱིས་བརྗོད་པར་མཛད་པའི་རིགས། །དེ་ནས་ཆོས་ཀྱི་བདག་ཉིད་ཅན། །ཆོས་ངེས་ཆོས་ཀྱི་རྒྱལ་པོ་དེས། །སྙིང་རྗེའི་བསམ་པ་ཉཾས་རྣཾས་ཀྱི། །འདི་འདྲའི་ཚིག་དེ་ཐོས་གྱུར་ནས། །མྱུར་དུ་འདི་ནི་ཅི་ཡིན་སྨྲོས། །འདི་ནི་ཅི་འདྲ་ཡང་སྨྲོས་ཤིག་།དེ་ནས་མི་བཟད་གཤིན་རྗེའི་མི། །གནོད་པའི་རྒྱུན་ཅན་དེ་དག་གིས། །ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ལ། །འདི་སྐད་ཀྱི་ནི་ཚིག་སྨྲསོ། །མནར་མེད་རབ་ཏུ་ཉམ་ང་བར། །སེམས་ཅན་ཆེན་པོ་འདི་སྐྱེས་ལྷ། །གང་གི་མིང་ནི་མནར་མེད་པ། །དེས་ན་དེ་ནི་ཉམ་ངར་བརྗོད། །གང་གིས་སེམས་ཅན་བདེ་བགྱིས་པ། །རྣམ་པ་སྣ་ཚོགས་ལས་ལ་གཟིགས། །འདི་ནི་ཀུན་དུ་བདེ་གྱུར་ནས། །སླར་ཡང་ལྷའི་གནསུ་མཆིས། །ཆོས་ཀྱི་རྒྱལ་པོ་གཤིན་རྗེས་ཀྱང ། །མཐོང་ནས་ངོ་མཚར་སྨྲས་པ་ནི། །འདི་ནི་རྫུ་འཕྲུལ་ཆེ་བ་སྟེ། །འདི་ནི་ཚེ་རབས་སྔ་ལུས་ཚེ། །ཅི་ལྟར་སྐུ་གདུང་བརྒྱ་མང་པོས། །སྟོན་པའི་མཆོད་རྟེན་མཛེས་པ་ལྟར། །སོ་སོར་འབྲང་བ་མགུལ་བཏགས་པས། །དེ་ཡི་ལུས་ནི་དེ་བཞིན་མཛེས། །དེ་ནས་སེམས་ཅན་དམྱལ་བའི་བསྲུང་མ་གནོད་སྦྱིན་དེ་དག་གིས་ཆོས་ཀྱི་རྒྱལ་པོ་གཤིན་རྗེ་ལ་འདི་སྐད་ཅེས་སྨྲསོ། །ལྷ་ཅི་ལྟར་ན་འདི་སོ་སོར་འབྲང་བ་ཞེས་བགྱི། ཆོས་ཀྱི་རྒྱལ་པོས་སྨྲས་པ། གང་གི་ཚིག་རྣཾས་སོ་སོར་དྲན། །དེ་ནི་ངན་འགྲོར་འགྲོ་མི་འགྱུར། །སོ་སོར་འབྲང་བ་བསྒོཾས 97.135a པ་ཡི། །ཤེས་རབ་ཅན་དེ་བདེ་འགྲོར་འགྲོ། །སེམས་ཅན་དམྱལ་བའི་སྲུངས་མ་ཁྱེད། །རབ་ཏུ་རྒྱས་དང་ལྡན་པར་དོང ། །དེར་ནི་སྒང་བུ་མཐོན་པོ་ལ། །ལྷ་རྣམས་ཀྱིས་ནི་བསྐོར་བ་ལྟོས། །དེ་ཐོང་སེཾས་ཅན་ཐཾད་ལ། །བྱམས་པའི་སེཾས་སུ་འགྱུར་བར་གྱིས། །དེ་ནས་གཤིན་རྗེའི་མི་དེ་དག་དེ་ཉིད་ཀྱི་ནུབ་མོ་རྒྱས་པ་དང་ལྡན་པ་དོང་ངོ ། །དེ་ཚེ་དེར་ནི་དེ་དག་གིས། །རྒྱལ་པོའི་ཕོ་བྲང་ཉེ་བ་ན། །སྒང་བུ་དེ་ཡི་ཁོར་ཡུག་ན། །འབར་བ་གཅིག་གིས་གང་བར་མཐོང ། །མི་རོ་ཞིག་གི་མགུལ་པ་ན། །སོ་སོར་འབྲང་བ་བཏགས་པ་འང་མཐོང ། །ལྷ་དང་ཀླུ་དང་དྲི་ཟ་དང ། །གནོད་སྦྱིན་སྲིན་པོ་མི་འམ་ཅིས། །ཀུནས་འཁོར་བར་བསྐོར་ནས་ནི། །བླ་ན་མེད་པའི་མཆོད་པ་བྱེད། །དེ་ལ་གནོད་སྦྱིན་དེ་དག་གིས། །སོ་སོར་འབྲང་བའི་སྒང་ཞེས་བཏགས། །དེ་ནས་གནོད་སྦྱིན་དེ་དག་གིས་ཆོས་ཀྱི་རྒྱལ་པོ་གཤིན་རྗེའི་ངེས་པ་དེ་རྟོགས་ཏེ་སླར་ལོག་ནས་ལྷ་ཁྱོད་ཀྱིས་བཀའ་སྩལ་པ་བཞིནོ་ཞེས་རྒྱས་པར་བརྗོད་དོ། །དེ་སྐད་ཅེས་སྨྲས་མ་ཐག་ཏུ་ཚིགས་དེ་སྨྲས་པའི་ཐ་མ་ལ་སེཾས་ཅན་ཆེན་པོ་དེ་སེམས་ཅན་དམྱལ་བའི་ལུས་དེ་བོར་ནས་སུམ་བཅུ་རྩ་གསུཾ་པའི་ལྷ་རྣཾས་ཀྱི་ནང་དུ་སྐྱེསོ། །རྒྱུ་དེས་ན་སྔོན་སོ་སོར་འབྲང་བའི་ལྷའི་བུ་ཞེས་བྱའོ། །བྲམ་ཟེ་ཆེན་པོ་དེས་ན་སྔོན་ཆད་ཡོངསུ་ཤེསོ། །དེའི་ཕྱིར་སོ་སོར་འབྲང་བ་ཆེན་མོ་འདི་གདོན་མི་ཟ་བར་གཟུང་བར་བྱའོ། །ཡི་གེར་བྲི་བར་བྱ། བཀླག་པར་བྱའོ། །ཆོ་ག་བཞིན་དུ་རྟག་ཏུ་ལུས་ལ་བཏགས་ནས་བཅང་བར་བྱ་སྟེ། དེ་རྟག་དུ་སྡུག་བསྔལ་ཞིང་ཉམས་ཐག་པ་ཐཾད་ལས་ཡོངསུ་ཐར་བར་འགྱུར། ངན་འགྲོའི་འཇིགས་སྐྲག་པ་ཐཾད་ལས་རྒལ་བར་འགྱུརོ། །གློགིས་འགྱེལ་བར་བྱེད་མི་ནུསོ། །གློག་གིས་ཅི་ལྟར་མི་ནུས་ཞེ་ན། བྲཾ་ཟེ་ཆེན་པོ་སྔོན་ཡོངསུ་ཤེས་ཏེ། གྲོང་ཁྱེར་ཆེན་པོ་ཆོག་ཤིན་ཀུན་རྫུབ་ན། ཚོང་དཔོན་ཆེན་པོ་དྲི་མེད་དུང་ཞེས་བྱ་བ་ནོར་མང་བ། གསེར་ཤིན་ཏུ་འབྱོར་པ། མཛོད་དང ། བང་བ་ཀུན་གང་ཞིང་ཕུན་སུཾ་ཚོགས་པ་ཞིག་གནས་ཏེ། དེད་དཔོན་ཞེས་བྱ་བར 97.135b གྲགས་སོ། །དེ་ནས་དེད་དཔོན་ཆེན་པོ་དེ་གྲུ་བོ་ཆེ་དེ་རྙེད་ནས། རྒྱ་མཚོ་ཆེན་པོར་ཞུགས་པ་དང ། ཉ་མིད་རྣམས་ཀྱིས་དེའི་གྲུ་དེ་བཟུང་ནས། རྣམ་པར་གཞིག་པར་འདོད་པའི་ཀླུ་རྣམས་ཀྱང་འཁྲུགས་ཏེ། འབྲུག་སྒྲ་ཆེན་པོ་སྒྲོག་གོ་།གློག་དང་སྐར་མདའ་ཡང་གཏོང་ངོ ། །རྡོ་རྗེའི་ལྕེ་འབེབས་པར་ཡང་བཤམསོ། །དེ་ནས་ཚོང་པ་དེ་དག་སྡུག་བསྔལ་ཆེན་པོས་སེཾས་ནོན་ཏོ། །ཀླུ་འཁྲུགས་པ་ཆེན་པོ་དེ་དང ། གློག་དང་སྐར་མདའ་དང ། རྡོ་རྗེའི་ལྕེ་འབེབས་པ་དང ། ཉ་མིད་དེ་དག་གིས་ཀྱང་གྲུ་བོ་ཆེ་བཟུང་བར་མཐོང་ནས་ཀུ་ཅོའི་སྒྲ་ཆེན་པོ་བཏོན་ཏེ། དེ་དག་ལྷ་ཁྱད་པར་ཅན་རྣཾས་ལ་གསོལ་བ་བཏབ་ཀྱང་འགའ་ཙམ་ཡང་དེ་དག་གི་དཔུང་གཉེན་དུ་མ་གྱུར་ཏོ། །དེ་ནས་དེ་དག་ཚོང་དཔོན་སེམས་རབ་ཏུ་བརྟན་པའི་གན་དུ་སོང་ནས་དེ་དག་གིས་སྙིང་རྗེ་རྗེ་སྐད་དུ་ཚིག་འདི་སྐད་སྨྲསོ། །སེཾས་ཅན་ཆེན་པོ་ཁྱོད་ཀྱིས་བདག་ཅག་སྐྱབ་ཅིང་འཇིགས་པ་ཆེན་པོ་ལས་ཐར་བར་མཛད་དུ་གསོལ། དེ་ནས་དེད་དཔོན་ཆེན་པོ་སེཾས་བརྟན་པ་བློ་གྲོས་ཆེན་པོ་དེས་ཚོང་བ་ཁྲུགས་འཁྲུགས་པར་གྱུར་པ་རྣམས་ལ་ཚིག་འདི་སྐད་སྨྲས་སོ། །མ་འཇིགས་མ་འཇིགས་ཚོང་པ་རྣམས། །ཁྱེད་ཅག་བརྟན་པར་དེང་ཤིག་དང ། །ཁྱེད་རྣཾས་སྡུག་བསྔལ་ཆེན་པོ་ཡི། །རྒྱ་མཚོ་ཆེ་ལས་ངས་སྒྲལ་ལོ། །དེ་ནས་ཡིད་ནི་བརྟན་གྱུར་ནས། །ཚོང་པ་རྣམས་ཀྱིས་ཚིག་འདི་སྨྲས། །སེཾས་ཅན་ཆེན་པོ་འདི་ཅི་ལགས། །བགེགས་བྲལ་མྱུར་དུ་བཀའ་སྩོལ་ཅིག་།བློ་གྲོས་ཆེན་པོ་ཁྱོད་ཀྱི་མཐུས། །བདག་ཅག་ཇི་སྲིད་འཚོ་བའི་ཚེ། །ཡེ་ཤེས་ཆེ་བའི་བདག་ཉིད་གསུངས། །སླད་ན་ཁྱོད་ཀྱིས་ཅི་ཞིག་བགྱི། །དེ་ནས་འདྲོན་མང་བདག་པོ་ཡིས། །དེ་དག་ལ་ནི་ཚིག་འདི་བརྗོད། །ང་ལ་སོ་སོར་འབྲང་བ་ཡི། །རིག་པ་ཆེན་པོར་གྲགས་པ་ཡོད། །གནོད་བྱེད་ཐཾད་སེལ་བར་བྱེད། །སྟོབས་ཆེན་ཕ་རོལ་གནོན་བྱེད་པ། །དེས་ནི་རབ་ཏུ་སྡུག་བསྔལ་བའི། །འཇིགས་པ་ཆེ་ལས་ངས་སྒྲལ་ལོ། །དེ་ནས་དེད་དཔོན་ཆེན་པོ་དེའི་ཚེ་རིག་པའི་རྒྱལ་མོ་ཆེན་མོ་འདི་བྲིས་ནས 97.136a རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་པ་དང ། རིག་པའི་རྒྱལ་མོ་ཆེན་མོ་སོ་སོར་འབྲང་བ་ཆེན་མོ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་མ་ཐག་ཏུ་ཉ་མིད་དེ་དག་ཐམས་ཅད་ཀྱིས་གྲུ་བོ་ཆེ་དེ་མེ་ལྕེ་གཅིག་ཏུ་གྱུར་པ་མཐོང་ངོ ། །དེ་ནས་ཀླུ་དེ་དག་བྱམས་པའི་ཡིད་ཀྱིས་དེ་དག་གི་དྲུང་དུ་ལྷགས་ནས་མཆོད་པ་བྱ་བར་བཤམསོ། །ཉ་མྱིད་དེ་དག་ཀྱང་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ་འདི་ཉིད་ཀྱི་མཐུས་ཚིག་ནས་བྱེར་ཏེ་ཞི་བར་གྱུར་ཏོ། །འདྲོན་པོ་ཕལ་པོ་ཆེ་དེ་དག་ཀྱང་ཀླུ་ཆེན་པོ་དེ་དག་གིས་རིན་པོ་ཆེའི་གླིང་ཆེན་པོར་ཕྱིན་པར་བྱས་སོ། །དེ་ལྟར་ན་ཡེ་ཤེས་དང་ལྡན་པ་རིག་པ་ཆེན་མོ་སོ་སོར་འབྲང་བ་ཆེན་མོ་ནི་དེ་བཞིན་གཤེགས་པ་ཐཾད་ཀྱི་བྱིན་གྱིས་བརླབས་པ་སྟེ། བྲམ་ཟེ་ཆེན་པོ་རྒྱུ་དེས་ན་འདི་རིག་པ་ཆེན་མོ་ཞེས་གྲགསོ། །འདི་ནི་ངེས་པར་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ཏེ་བཅེང་བར་བྱའོ། །རླུང་དང ། གྲང་བ་དང ། དུས་མ་ཡིན་པའི་སྤྲིན་དང ། གློག་དང ། ལྕེ་འབབ་པ་ཐཾད་རབ་ཏུ་ཞི་བར་བྱེད་དོ། །ལྷ་དང ། མི་དང ། ལྷ་མ་ཡིན་གྱི་འཐབ་པ་དང ། བརྩོད་པ་ལས་ཡོངསུ་ཐར་བར་བྱེད་དོ། །སྦྲང་བུ་མཆུ་རིང་དང ། ཤ་སྦྲང་དང ། བྱི་བ་དང ། སྲོག་ཆགས་ཀྱི་རིགས་གཟུགས་རྣམ་པ་སྣ་ཚོགས་ལོ་ཏོག་མ་རུང་བར་བྱེད་པ་ཐཾད་མཐུ་མེད་ཅིང་རབ་ཏུ་ཞི་བར་འགྱུརོ། །རི་དགས་དང ། བྱ་དང ། གཅན་ཟན་གནོད་པར་སེམས་པ་ཐམས་ཅད་རྣམ་པར་འཇིག་པར་འགྱུརོ། །མེ་ཏོག་དང ། འབྲས་བུ་དང ། ལོ་མ་དང ། ནགས་ཚལ་དང ། སྨན་དང ། ལོ་ཏོག་ལ་སོགས་པ་ཐཾད་འཕེལ་བར་འགྱུར་ཏེ། རབ་ཏུ་བྲོ་ཞིང་ཞིམ་པ་དང ། འཇམ་པར་འགྱུརོ། །ལེགས་པར་ཡོངསུ་སྨིན་པར་འགྱུརོ། །ཧ་ཅང་ཆར་ཆེ་བ་དང ། ཆར་དཀོན་པའི་ཉེས་པ་རྣཾས་ཡོངསུ་མི་འབྱུང་ངོ ། །ཆར་དུསུ་འབབ་ཅིང ། དུས་མ་ཡིན་པར་མི་འབབ་པར་འགྱུརོ། །ཡུལ་དེའི་ཀླུ་ཆེན་པོ་གང་ཡིན་པ་དེ་དག་ཀྱང་དུས་དུསུ་ཆར་གྱི་རྒྱུན་ལེགས་པར་འབེབསོ། །ཡུལ་གང་ན་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ་ཞེས་བྱ་བ་འདི་སྤྱོད་པའི་ཡུལ་དེར་སེཾན་དེ་དག་གིས་ཤེས་པར་བྱ་ཏེ། སྤོས་སྣ་ཚོགས་དང ། བདུག་པ་སྣ་ཚོགས་དང ། མེ་ཏོག་སྣ་ཚོགས 97.136b ཀྱིས་མཆོད་ཅིང་བསྟི་སྟང་བྱས་ལ། ཚོན་སྣ་ཚོགས་གྱིས་དཀྲིས་ཏེ་རྒྱལ་མཚན་གྱི་རྩེ་མོ་ལ་བཏགས་ནས་གླུ་དབྱངས་དང ། རོལ་མོ་སིལ་སྙན་བྱས་ཏེ། བསྐོར་བ་བྱས་ནས་ལྷ་རྣམས་དང ། བརྒྱ་བྱིན་དང ། ཚངས་པ་ལ་སོགས་པས་སེམས་ཅན་ཆེན་པོ་དེ་དག་གིས་བསཾས་པ་ཇི་ལྟ་བ་བཞིན་དུ། རེ་བ་ཡོངསུ་རྫོགས་པར་བྱེད་པར་འགྱུརོ། །ཆོ་ག་ཅི་ལྟ་བ་བཞིན་དུ་དེ་ལྟ་དེ་ལྟ་བུར་འགྲུབ་སྟེ། བུ་ཕོ་འདོད་ནའང་ཁྱེའུ་འགྲུབ། །མངལ་ན་འཛིན་པ་དམ་པར་འགྱུར། །མངལ་ན་བདེ་བར་སྐྱེས་བ་དང ། །མངལ་ནས་བདེ་བར་བཙས་པར་འགྱུར། །མངལ་ན་དུས་བཞིན་སྐྱེ་བ་དང ། །དུས་བཞིན་རབ་ཏུ་བཙས་པར་འགྱུར། །ཅིས་མངོན་ཞེ་ན། བྲཾ་ཟེ་ཆེན་པོ་སྔ་མ་བཞིན་དུ་དེ་ཉོན་ཅིག་།ཡུལ་མཱ་ག་དྷ་འདི་ཉིད་ན། རྒྱལ་པོ་ལག་བརྐྱང་ཞེས་བྱ་བ་དེ་བུ་མེད་པར་གྱུར་ཏོ། །ཅིའི་ཕྱིར་ལག་བརྐྱང་ཞེས་བྱ་ཞེ་ན། རྒྱལ་པོ་དེ་བཙས་མ་ཐག་ཏུ་ལག་པ་བརྐྱང་ནས་མའི་ནུ་ཞོ་ལ་བཟུང་སྟེ། ནུ་ཞོ་ངོམས་ངོམས་སུ་འཐུངསོ། །ནུ་མ་དེ་གཉིས་ལ་རེག་མ་ཐག་ཏུ་གསེར་གྱི་ཁ་དོག་ཏུ་གྱུར་ཏོ། །དུས་ཀུན་ཏུ་ནུ་ཞོ་འཕེལ་བར་གྱུར་ཏོ། །རྒྱུ་དེས་ན་རྒྱལ་པོ་ལག་བརྐྱང་ཞེས་བྱ་བར་བཏགས་པར་གྱུར་ཏོ། །གཞན་ཡང་གང་གི་ཚེ་རྒྱལ་པོའི་གན་དུ་སྐྱེ་བོ་སློངས་མོ་པ་འོངས་པ་དེའི་ཚེ་རྒྱལ་པོ་དེ་ལག་པ་གཡས་པ་བར་སྣང་ལ་བརྐྱང་བ་དང ། རྒྱལ་པོ་བྱང་ཆུབ་སེམས་དཔའ་དེ་རྒྱུ་དེས་སངས་རྒྱས་ལ་མངོན་པར་དད་པའི་ལྷ་རྣཾས་ཀྱིས་ལྷའི་རིན་པོ་ཆེ་ཁྱད་པར་དུ་འཕགས་པ་གསེར་དང ། ནོར་བུ་རྣཾས་ཀྱིས་ལག་པ་གང་བར་བྱེད་དོ། །རྒྱལ་པོ་དེས་ཀྱང་སྐྱེ་བོ་སློང་མོ་པ་ལྷགས་པ་རྣཾས་ལ་རབ་ཏུ་བྱིན་ནོ། །བསམས་པ་ཙམ་གྱིས་སློངས་མོ་པ་ཐཾད་ལ་འདོད་པ་བཞིན་དུ་བདེ་བ་ཕུན་སུཾ་ཚོགས་པ་ཐཾད་བྱིན་ནོ། །བུ་ཕོ་འདོད་པའི་ཕྱིར་ལྷ་རྣམས་ལ་མཆོད་པ་དང ། བསྟི་སྟང་ཆེར་བྱས་ཀྱང་བུ་ཕོ་མ་རྙེད་ནས་དེ་སྔོན་གྱི་དེ་བཞིན་གཤེགས་པ་དག་གིས་མཆོད་རྟེན་རྣཾས་ཀྱི་མདུན་དུ་བསྟི་སྟང་བྱ་བར་བརྩཾས་ཏེ་མཆོད་པ་དང ། བསྟི་སྟང་ཆེན་པོ་བྱསོ། །སྦྱིན་པ་ཡང་བྱིན་ཏོ། ། 97.137a བསྙེན་གནས་ལ་ཡང་ཉེ་བར་གནས་སོ། །བསོད་ནམས་ཆེན་པོ་བྱསོ། །སྦྱིན་པ་ཆེན་པོ་དེ་དག་ཀྱང་མི་ཟད་པར་བྱིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བྲམ་ཟེ་ཆེན་པོ་སྔོན་བྱུང་བ་ཡུལ་མ་ག་དྷ་འདི་ཉིད་ན། གྱད་ཡུལ་ཞེས་བྱ་བའི་གྲོང་ཁྱེར་ཀུ་ཤའི་ཚོང་དུས་ཆེན་པོའི་མཆོག་ན་བཅྡོཾས་རིན་ཆེན་མང་གི་བསྟན་པ་ལ་ཞུགས་པ་ཚོང་དཔོན་ཆོས་ཀྱི་བློ་གྲོས་ཞེས་བྱ་བ་ཆོས་ལ་སེམས་དཔའི་སེམས་ཅན་ཆེན་པོ་ཞིག་གནས་པ་དེ་སེཾས་ཅན་ཐཾད་ལ་སྙིང་རྗེ་ཆེན་པོའི་སེཾས་ཉེ་བར་གཞག་ནས་རིག་པ་ཆེན་པོ་སོ་སོར་འབྲང་བ་འདི་ཉིད་ལས་བརྩཾས་ཏེ་ཆོས་སྟོན་ཏོ། །དེ་ནས་མི་དབུལ་པོ་ཞིག་གིས་ཆོས་དེ་ཐོས་ནས་ཚོང་དཔོན་ཆེན་པོ་དེ་ལ་ཚིག་འདི་སྐད་ཅེས་བདག་ཇོ་བོའི་ཁབ་ཏུ་གླ་བགྱིའོ། །ཆོས་ཀྱང་ཉན་ཏོ། །གང་གི་ཚེ་བདགིས་ཅུང་ཟད་རྙེད་པར་གྱུར་པ་དེའི་ཚེ་བདག་ཆོས་ལ་མཆོད་པ་བགྱིད་དོ། །ཞེས་སྨྲས་ནས། དེའི་ཁྱིམ་ན་ལས་བྱེད་ཅིང་ཆོས་ཀྱང་ཉན་ཏོ། །དུས་གཞན་ཞིག་ན། དེ་ལ་ཚོང་དཔོན་དེས་བི་ན་ར་གཅིག་བྱིན་པ་དང ། དེས་སེམས་ཅན་ཐཾད་ཡོངསུ་བསྐྱབ་པའི་ཕྱིར་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། སེཾས་ཅན་ཐཾད་དང་ཐུན་མོང་དུ་བྱས་ནས་རིན་པོ་ཆེ་སྙིམ་པས་སོ་སོར་འབྲང་བ་ཆེན་མོ་ལ་ཕུལ་ནས་སྦྱིན་པའི་འབྲས་བུ་ཆེན་པོ་འདིས་བདག་དང་སེམས་ཅན་ཐཾད་ཀྱི་དབུལ་བ་ཀུན་ཏུ་གཅོད་པར་གྱུར་ཅིག་ཅེས་སྨོན་ལམ་དེ་དག་ཀྱང་བཏབ་བོ། །རྒྱུ་དེས་ན་སྦྱིན་པ་དེ་ཡོངསུ་མི་ཟད་པར་གྱུར་ཏོ། །དེ་ལྟར་བསོད་ནཾས་མངོན་པར་འདུ་བྱ་བ་རྣམ་པ་མང་པོ་རྣམ་པ་དུ་མ་བྱས་ཏེ། ལྷ་རྣམས་ཀྱང་མཆོད་པ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་བར་དུ་མཆོད་པ་དང ། དེའི་ཚེ་གནས་གནས་གཙང་མའི་རིས་ཀྱི་ལྷ་རྣམས་ཀྱིས་རྨིས་བལྟས་སུ་བསྟན་ཏེ། འདི་སྐད་དུ། ཀྱེ་རྒྱལ་པོ་ཆེན་པོ་སོ་སོར་འབྲང་བ་ཆེན་མོ་ཞེས་བྱ་བ་ཀུན་ནས་མེ་ལྕེའི་ཕྲེང་བ་རྣམ་པར་དག་པས་རྒྱས་པ་ཡིད་བཞིན་གྱི་ནོར་བུ་ཕྱག་རྒྱ་དང ། སྙིང་པོ་གཞན་གྱིས་མི་ཐུབ་པའི 97.137b གཟུངས་ཆེན་མོ་རིག་པའི་རྒྱལ་མོ་ཆོ་ག་ལས་ཇི་སྐད་འབྱུང་བ་བཞིན་དུ་ཆོ་ག་བཞིན་བྲིས་ལ་བཙུན་མོ་དམ་པ་བསྨྱུང་བ་བྱས་ལ། ཆོ་ག་བཞིན་དུ་ལུས་ལ་བཏགས་ན་ཁྱོད་བུ་ཕོ་ཡོད་པར་འགྱུརོ་ཞེས་བསྒོའོ། །དེ་ནས་རྒྱལ་པོ་དེ་སད་དེ་མཚན་མོ་ཟད་ནས་རྩིས་དང ། ཡི་གེའི་འབྲུ་དང ། རྒྱུ་སྐར་དང ། གཟའ་རྣམ་པར་འབྱེད་པའི་བྲམ་ཟེ་རྣམས་བསོགས་ནས་ཆོ་ག་ལས་འབྱུང་བ་བཞིན་དུ་རྒྱུ་སྐར་གྱི་རྒྱལ་པོ་རྒྱལ་གྱི་ཉིན་པར་བཙུན་མོ་དམ་པ་ལུས་ཤིན་ཏུ་ལེགས་པར་བཀྲུས་ཏེ། བསྨྱུང་བ་བྱས་ནས་རིག་པའི་རྒྱལ་མོ་ཆེན་མོ་སོ་སོར་འབྲང་བ་འདི་ཡང་ཆོ་ག་བཞིན་དུ་བྲི་སྟེ་བཙུན་མོ་དམ་པའི་མགུལ་དུ་བཏགས་སོ། །སངས་རྒྱས་ཀྱི་མཆོད་རྟེན་རྣཾས་ལ་མཆོད་པ་ཆེན་པོ་བྱས་སོ། །རིན་པོ་ཆེ་ཁྱད་པར་ཅན་དུ་མ་ཡང་སེཾས་ཅན་རྣམས་ལ་སྦྱིན་པ་བྱིན་ནོ། །དེ་ནས་ཟླ་བ་དགུ་ལོན་པ་དང ། བུ་ཕོ་གཟུགས་བཟང་བ། མཛེས་པ། བལྟ་ན་སྡུག་པ། ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ་ཞིག་བཙས་སོ། །བྲམ་ཟེ་ཆེན་པོ་དེ་ལྟར་ཤེས་ནས་རིག་པའི་རྒྱལ་མོ་ཆེན་མོ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་མཆོད་པ། འདོད་པ་ཐམས་ཅད་དུ་འགྲོ་བ། གཞན་གྱིས་མི་ཐུབ་པ་སོ་སོར་འབྲང་བ་ཆེན་མོ་དཀོན་མཆོག་ཅེས་གྲགས་སོ། །འདི་ནི་རྟག་ཏུ་བརྒྱ་བྱིན་གྱི་གཙུག་གི་ནོར་བུ་ཡིན་ནོ། །གང་གི་ཚེ་ལྷའི་དབང་པོ་བརྒྱ་བྱིན་ལྷ་མ་ཡིན་རྣམས་དང ། གཡུལ་ཆེན་པོ་འགྱེད་པར་འདོད་པ་དེའི་ཚེ་འདི་ཉིད་ཀྱིས་གོ་ཆ་བྱས་ནས་སྤྱི་གཙུག་ཏུ་བཏགས་ཏེ། ལྷ་མ་ཡིན་ཐམས་ཅད་ཕམ་པར་བྱས། ཕ་རོལ་ཕམ་པར་བྱས་ནས་དགེ་བ་དང ། བདེ་བས་བདེ་བར་ལྷའི་གྲོང་ཁྱེར་དུ་འཇུག་ཏེ། ལྷ་མ་ཡིན་ཐཾད་ཀྱིས་མི་ཚུགས་པ་ཡིན་ནོ། །བྲམ་ཟེ་ཆེན་པོ་དེ་ལྟར་ན་སེཾས་དང་པོ་སྐྱེད་པ་ནས་བཟུང་སྟེ། རིག་པའི་རྒྱལ་མོ་ཆེན་མོ་སོ་སོར་འབྲང་བ་ཆེན་མོ་འདི་འཆང་བའི་བྱང་ཆུབ་སེཾས་དཔའ་ལ་བདུད་ཐཾས 97.138a ཅད་ཀྱིས་མི་ཚུགས་སོ། །འདི་གང་གི་ལུས་ལ་བཏགསམ། མགུལ་དུ་བཏགས་པ་དེ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པར་འགྱུར་རོ། །དེ་ལ་བྱང་ཆུབ་སེམས་དཔའ་ཐམས་ཅད་ཡང་དག་པར་བསྲུང་བར་འགྱུར་རོ། །ལྷ་དང ། མི་དང ། རྒྱལ་པོ་དང ། རྒྱལ་པོའི་བློན་པོ་དང ། བྲམ་ཟེ་དང ། ཁྱིམ་བདག་ཐམས་བཅད་ཀྱིས་ཀྱང་རྟག་པར་རྒྱུན་ཏུ་ཕྱག་བྱ་ཞིང་མཆོད་པ་དང ། རིམ་གྲོ་བྱེད་པར་འགྱུར་རོ། །ལྷ་དང་ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོས་རྗེད་ཅིང་མཆོད་པར་འགྱུར་རོ། །བཅོམ་ལྡན་འདས་བདུད་ཀྱི་དཔུང་རབ་ཏུ་འཇོམས་པས་ཀྱང་དེ་ལ་སེམས་ཅན་ཆེན་པོ་ཞེས་གསུངས་སོ། །ནད་ཐམས་ཅད་དང་བྲལ་བར་འགྱུར་རོ། །དེ་ལ་ཡམ་གྱི་ནད་དང ། གནོད་པ་ཐམས་ཅད་དང ། ནད་འགོ་བ་ཐམས་ཅད་རབ་ཏུ་ཞི་བར་འགྱུརོ། །སེཾན་ཆེན་པོ་དེ་མྱ་ངན་ཐཾད་དང་བྲལ་བར་འགྱུར་རོ། །དེ་ལ་ལྷ་ཐམས་ཅད་ཀྱང་རྟག་པར་རྒྱུན་ཏུ་བསྲུང་བ་དང ། བསྐྱོབས་པ་དང ། སྦེད་པར་བྱེད་པར་འགྱུར་རོ། །དེས་གཞན་གྱིས་མི་ཐུབ་པའི་གསང་སྔགས་ཆེན་པོའི་སྙིང་པོ་འདི་དག་བྲིས་ཏེ། རྟག་པར་རྒྱུན་ཏུ་ལུས་ལ་གདགས་ཤིང་བཅང་བར་བྱ། རྟག་པར་རྒྱུན་དུ་ཡིད་ལ་བྱའོ། །ཁ་ཏོན་དུ་བྱའོ། །བསམ་པ་ཐག་པ་ནས་བསྒོམས་པར་བྱའོ། །སྡུག་བསྔལ་བ་དང ། རྨི་ལམ་ངན་པ་དང ། ལྟས་ངན་པ་དང ། བཀྲ་མི་ཤིས་པའི་དངོས་པོ་ཐམས་ཅད་རྣམས་པར་འཇོམ་པར་འགྱུར་རོ། །བདེ་བ་ཕུན་སུམ་ཚོགས་པ་ཐམས་ཅད་འབྱུང་བར་འགྱུར་རོ། །འདི་ནི་གསང་སྔགས་ཀྱི་གཞི་ལས་ཐམས་ཅད་བྱེད་པ་དགེ་བ་རྣམ་གྲུབ་པའོ། །ཏད་ཡ་ཐཱ།[་\ུ0f00]་ཨ་མྲྀ་ཏེ་ཨ་མྲི་ཏ་བ་རེ། བ་ར་བ་ར། པྲ་བ་ར་བི་ཤུད་དྷེ། ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ། \ུ0f00་ཨ་མྲྀ་ཏ་བེ་ལ་ཀི་ནྀ་གརྦྷ་སཾ་རཀྵ་ཎི། ཨ་ཀཪྵ་ཎྀ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ། གཞན་གྱི་མི་ཐུབ་པའི་སྙིང་པོའོ། །\ུ0f00་བི་མ་ལེ་བི་པུ་ལེ། ཛ་ཡ་བ་རེ། ཛ་ཡ་བཱ་ཧི་ནི། ཨ་མྲི་ཏེ། བི་ར་ཛེ། ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ།[་\ུ0f00]་བྷ་ར་བྷ་ར། སཾ་བྷ་ར་སཾ་བྷ་ར། ཨིནྡྲི་ཡ་བ་ལ་བི 97.138b ཤོ་དྷ་ནི། རུ་རུ་ཙ་ལེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ། ཉེ་བའི་སྙིང་པོའི་རིག་པའོ། །\ུ0f00་མ་ཎི་དྷ་རི་བཛྲི་ཎི་མ་ཧཱ་པྲ་ཏེ་ས་རེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ། རབ་ཏུ་བསང་བའི་སྙིང་པོའོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མ་ལུས་པ་ཐམས་ཅད་ཐབས་ཅིག་ཏུ་འདུས་ནས་སྒྲ་དབྱངས་གཅིག་ཏུ་གཟུངས་ཀྱི་གསང་སྔགས་ཀྱི་གཞི་འདི་དག་གསུངས་ཏེ། གསང་སྔགས་འདི་དག་ནི་རིག་པའི་རྒྱལ་མོ་ཆེན་མོ་སོ་སོར་འབྲང་བ་ཆེན་མོའྀ་སྙིང་པོ་དང་གོ་ཆའོ། །དེ་བཞིན་གཤེགས་པ་ཐཾད་ཀྱི་ཕྱག་རྒྱས་བཏབ་པའོ། །འདི་ཐོས་པར་ཡང་རབ་ཏུ་དཀའ་ན་ཡི་གེར་བྲི་བ་དང ། ཚིག་ཏུ་འདོན་པ་དང ། ཀློག་པ་དང ། འཆང་བ་དང ། གཞན་ལ་ཡང་སྟོན་པ་ལྟ་ཅི་སྨོས་ཏེ། དེ་ནས་སངས་རྒྱས་ལ་བྱ་བ་བྱས་པར་རིག་པར་བྱའོ། །འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རབ་ཏུ་སྔགས་སོ། །རྗེས་སུ་ཡི་རང་ངོ ། །ལུང་སྟན་ཏོ། །སོ་སོར་འབྲང་བ་ཆེན་མོ་གཞན་གྱི་མི་ཐུབ་པའི་གཟུང་འདི་མཆོག་དུ་དཀོན་པའོ། །སོ་སོར་འབྲང་བ་ཆེན་མོ་འདིའྀ་མིང་ཐོས་པར་ཡང་ཤིན་ཏུ་དཀའ་སྟེ། གཟུངས་ཆེན་མོ་འདི་ནི་སྡིག་པ་ཐམས་ཅད་བྱང་བར་བྱེད་པ། སྟོབས་ཆེ་བ་ཕ་རོལ་གནོད་པ། གཟི་རྗིད་ཆེ་བ། འོད་ཆེ་བ། ཡོན་ཏན་བརྗོད་པར་ཆེ་བ། མཐུ་ཆེ་བ། བདུད་ཀྱི་རིས་ཀྱི་ལྷ་ཐཾད་རྣཾ་པར་འཇོམ་པར་བྱེད་པ། བག་ཆགས་ཀྱིས་མཚམས་སྦྱོར་བའི་བདུད་ཀྱི་ཞག་པ་གཅོད་པ། ཕ་རོལ་གྱི་སྔགས་དང ། ཕྱག་རྒྱ་དང ། དུག་དང ། བྱད་དང ། གཡེང་བྱེད་ཀྱི་སྦྱོར་བ་དང ། འཁོན་པར་བྱ་བ་དང ། དྲག་ཤུལ་ཏུ་སྤྱོད་པ་གནོད་པའི་སེཾས་དང་ལྡན་པ་རྣམས་རྣམ་པར་སྦྱོང་བར་བྱེད་པ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་དང ། འཕགས་པའི་ཚོགས་ཐམས་ཅད་ལ་མཆོད་པ་དམ་པ་བྱེད་པར་མངོན་པར་དགའ་བ་རྣམས་ལ་ཡོངས་སུ་སྦྱོང་བར་བྱེད་པ། ཐེག་པ་ཆེན་པོ་འཛིན་པ་དང ། ཡི་གེར་འདྲི་བ་དང ། ཀློག་པ་དང ། ཚིག་ཏུ་འདོན་པ་དང ། ཁ་ཏོན་བྱེད་པ་དང ། ཉན་པ་དང ། འཆང་བར་མངོན་པར་བརྩོན་པ་རྣམ་ལ་ཡོངས་སུ་སྐྱོང་བའོ། །བྲམ་ཟེ་ཆེན་པོ་སོ་སོར་འབྲང་བ་ཆེན་མོ་རིག་པའི 97.139a རྒྱལ་མོ་འདི་ནི་སངས་རྒྱས་ཀྱིས་བྱང་ཆུབ་ཀྱི་བར་དུ་ཡོངས་སུ་རྫོགས་པར་བྱེད་པ་སྟེ། གང་དུ་ཡང་ཐོག་པ་མེད་དོ། །སྟོན་པ་དགྲ་ལས་རྒྱལ་བ་ང་ཅི་ལྟ་བ་བཞིན་དུ་ཐཾད་དུ་ཡང་མཆོད་པ་ཆེན་པོ་ཐོབ་པར་འགྱུར་རོ། །ཅིས་མངོན་ཞེ་ན། རིག་པ་ཆེན་མོ་བགེགས་དང་ལོག་འདྲེན་ཐམས་ཅད་རྣམ་པར་འཇོམ་པར་བྱེད་པ་འདི་ནི་སྔོན་ཡོངས་སུ་ཤེས་ཏེ། གང་གི་ཚེ་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱ་ཆེར་རབ་ཏུ་བཞད་པའི་ཞལ་ནོར་བུ་དང ། གསེར་དང ། རིན་པོ་ཆེ་འབར་བའི་འོད་ཟེར་སྣང་བ་མངོན་པར་འཕགས་པའི་རྒྱལ་པོ་དང་པོ་མངོན་པར་སངས་རྒྱས་ནས་བྱང་ཆུབ་ཀྱི་སྙིང་པོ་ག་ལ་བ་དེར་གཤེགས་ཏེ། སངས་རྒྱས་ཐམས་ཅད་ཀྱི་བསྔགས་པའི་ཆོས་ཀྱི་འཁོར་ལོ་རབ་ཏུ་སྐོར་བར་བཞེད་པ་དེའི་ཚེ། བཅོམ་ལྡན་འདས་དེ་ལ་བདུད་གཡོག་དང་བཅས་པ་བདུད་བྱེ་བ་ཁྲག་ཁྲིག་རྒྱ་སྟོང་དུ་མས་བསྐོར་བ་གཟུགས་སྣ་ཚོགས་མི་སྡུག་པ། འཇིགས་འཇིགས་ལྟར་འདུག་པ། སྒྲ་མི་སྙན་པ། བདུད་ཀྱི་ཡུལ་རྣམ་པ་སྣ་ཚོགས་རྣམ་པར་འཕྲུལ་བར་བྱིན་གྱི་རློབ་པ། མཚོན་ཆ་རྣམ་པ་སྣ་ཚོགས་ཀྱི་ཆར་འབེབ་པ། མངོན་པར་སྤྲུལ་ནས་ལྷགས་ཏེ། ཕྱོགས་བཞི་ནས་སྐོར་ནས་བར་ཆད་བྱ་བར་བརྩཾས་པ་དང ། དེ་ནས་བཅྡོཾས་རྒྱ་ཆེར་རབ་ཏུ་གཞད་པའི་ཞལ་ནོར་བུ་དང ། གསེར་དང ། རིན་པོ་ཆེ་འབར་བའི་འོད་ཟེར་སྣང་བ་མངོན་པར་འཕགས་པའི་རྒྱལ་པོ་ཡུད་ཙམ་ཞིག་ཅང་མི་གསུང་བར་བཞུགས་ནས་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ་འདི་ཡིད་ཀྱིས་ལན་བདུན་བརྗོད་དོ། །རིག་པའི་རྒྱལ་མོ་ཆེན་མོ་སོ་སོར་འབྲང་བ་ཆེན་མོ་འདི་བརྗོད་མ་ཐག་ཏུ་སྐད་ཅིག་དེ་ཉིད་ལ་བདུད་སྡིག་ཅན་དེ་དག་ཐམས་ཅད་ཀྱི་བཅོམ་ལྡན་འདས་ཀྱི་བ་སྤུའི་བུ་ག་རེ་རེ་ནས་སྐྱེ་བུ་གོ་ཆ་གྱོན་པ་བྱེ་བ་ཁྲག་ཁྲིག་རྒྱ་སྟོང་དུ་མ་རལ་གྲི་དང ། དགྲ་སྟ་དང ། ཞགས་པ་དང ། ཐོ་བ་དང ། རྩེ་གསུམ་པ་འབར་བ་ལག་ན་ཐོགས་པ་ཤ་སྟག་ཚིག་འདི་སྐད་དུ་གང་དག་བཅོམ་ལྡན་འདས་ལ་གནོད་པར་བྱེད་པ། བདུད་གནོད་སེཾས་ཅན་རྣམས 97.139b ཟུང་ཤིག་ཟུང་ཤིག་།ཆིངས་ཤིག་ཆིངས་ཤིག་།གནོད་པར་སེམས་པ་ཐམས་ཅད་རབ་ཏུ་ཆོམ་ཤིག་།གནོད་སེཾས་ཅན་དང ། གཟའ་དང ། བགེགས་དང ། ལོག་འདྲེན་ཐམས་ཅད་ཀྱི་སྲོག་ཕྱེ་མར་གྱིས་ཤིག་ཅེས་འཛེར་ཅིང་འཐོན་པ་མཐོང་ངོ ། །དེ་ནས་བདུད་དེ་དག་ཐམས་ཅད་བྱམས་པའི་རལ་གྲིས་མངོན་པར་བཏུལ་ནས། ལ་ལས་ནི་བསླབ་པའི་གཞི་རྣམས་བཟུང་བ་ནས། ལ་ལས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་བར་དུའོ། །དེ་ལ་མཐུ་ཆེ་བ་གཞན་དག་ནི་དེ་བཞིན་གཤེགས་པའི་བ་སྤུའི་བུ་ག་ནས་འཐོན་པའི་སྐྱེས་བུ་ཆེན་པོ་དེ་དག་མཐོང་ནས། གྲོང་ཁྱེར་དེ་ཉིད་དུ་སྤ་གོང་བར་གྱུར། རྫུ་འཕྲུལ་ཡོངས་སུ་ཉམས་ཤིང་སྤོབས་པ་དང ། སྟོབས་དང་རྩལ་མེད་པར་གྱུར་ཅིང ། མདའ་གཞུ་དག་ཀྱང་ཆག་ནས་བྱེར་རོ། །དེ་ནས་བཅོམ་ལྡན་འདས་ཀྱི་བགེགས་དང ། ལོག་འདྲེན་དང ། བདུད་སྡིག་ཅན་ཐཾད་རབ་ཏུ་བཅོམ་ནས་སདྱས་བཞན་སངྱས་བ་ཞན་དག་ཇི་ལྟ་བ་བཞིན་དུ་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་རོ། །བརྒལ་ཏོ་ཕ་རོལ་དུ་རབ་ཏུ་གཤེགས་སོ། །བྲམ་ཟེ་ཆེན་པོ་དེ་ལྟར་ན་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ་སྟོབས་ཀྱི་དྲག་ཤུལ་ཆེ་བ། རྫུ་འཕྲུལ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་དྲན་པ་ཙམ་གྱིས་སེཾས་བསམ་པ་ཡོངསུ་དག་པ་རྣམས་དང ། གཞན་གནོད་སེམས་ཅན་རྣམ་ཀྱང་སྡུག་བསྔལ་བ་དང ། འཇིགས་སྐྲག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་བྱེད་དོ། །བྲམ་ཟེ་ཆེན་པོ་དེ་ལྟ་བས་ན་རྟག་པར་རྗེས་སུ་དྲན་པའི་ཡིད་ལ་བྱེད་པས་ཡིད་ལ་བྱའོ། །ཡི་གེར་བྲིས་ཏེ་རྟག་ཏུ་ལུས་ལ་གདགས་ཤིང་བཅང་བར་བྱའོ། །ཅིས་མངོན་ཞེ་ན། སྔ་མ་བཞིན་དུ་ཉོན་ཅིག་རྒྱལ་པོ་ཚང་པས་བྱིན་གྱི་ཡུལ་ན་གྲོང་ཁྱེར་ཆེན་པོ་འཕགས་རྒྱལ་དུ་མི་ཞིག་ལ་ཉེས་པ་བྱུང་ནས་རྒྱལ་པོ་ཚངས་པས་བྱིན་གྱིས་གཤེད་མའི་མི་རྣམས་ལ་ཁྱེད་ཀྱིས་མི་འདི་སོད་ཅིག་ཅེས་བསྒོའོ། །དེ་ནས་གཤེད་མའི་མི་དེ་དག་གིས་རྒྱལ་པོས་བསྒོ་བ 97.140a བཞིན་དུ་མི་དེ་ཁྲིད་དེ་རི་སུལ་ཞིག་དུ་ཕྱིན་ནས། རལ་གྲི་ཤུབ་ནས་ཕྱུང་སྟེ་བསད་པར་བཤམས་པ་དང ། དེའི་ཚེ་མི་དེས་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ་འདི་ཡིད་ལ་དྲན་ནོ། །ཡི་གེར་བྲིས་ནས་ལག་པ་གཡས་པ་ལ་བཏགས་ཤིང་འདུག་གོ་།སེམས་ཅན་ཆེན་པོར་དེའི་རིག་པ་འདིའྀ་མཐུས། རལ་གྲི་མེ་ལྕེ་གཅིག་དུ་གྱུར་ནས་རྡུལ་གཏོར་བ་བཞིན་དུ་དུམ་བུར་གྱུར་ཏོ། །དེ་ནས་གཤེད་མའི་མི་དེ་དག་གིས་ངེས་པ་འདི་རྒྱལ་པོ་ལ་ཞིབ་ཏུ་བསྙད་དོ། །དེ་ནས་རྒྱལ་པོ་དེ་རབ་ཏུ་འཁྲུགས་ནས། ཀྱེ་མི་དག་ས་ཕྱོགས་ཞིག་ན་གནོད་སྦྱིན་གྱི་ཕུག་ཡོད་དེ། དེ་ན་གནོད་སྦྱིན་རྒྱ་སྟོང་མང་པོ་ཤ་རྗེན་ཟ་བ་གནས་ཀྱིས། དེར་ཁྲིད་དེ་འོར་ཅིག་ཅེས་བསྒོའོ། །དེ་ནས་མི་དེ་གཤེད་མ་མི་དེ་དག་གིས་གནོད་སྦྱིན་གྱི་ཕུག་དེར་བོར་རོ། །གནོད་སྦྱིན་གྱི་ཕུག་དེར་བོར་མ་ཐག་ཏུ་དེ་ནས་གནོད་སྦྱིན་དེ་དག་ཐམས་ཅད་ཡིད་དགའ་སྟེ། མི་ཤ་བཟའོ་སྙམ་དུ་བརྒྱུགས་པ་དང ། དེ་དག་གིས་སོ་སོར་འབྲང་བ་འདིའི་མཐུས་མི་དེ་ལ་མེ་ལྕེ་གཅིག་ཏུ་གྱུར་པའི་འོད་འཕྲོ་བར་རབ་ཏུ་འབར་བར་མཐོང་ངོ ། །མཐོང་ནས་ཀྱང་ཐམས་ཅད་དངངས་ནས་རང་རང་གི་ལུས་ཚིག་པར་ཡང་མཐོང་ངོ ། །དེ་ནས་གནོད་སྦྱིན་དེ་དག་ངོ་ཚར་སྐྱེས་ནས་མི་དེ་ཁྲིད་དེ་སྒོའི་ཕྱི་རོལ་ཏུ་བཞག་ནས་བསྐོར་བ་བྱ་བར་བརྩམས་པ་ནས་གཤེད་མའི་མི་དེ་དག་གིས་རྒྱལ་པོ་ལ་ཞིབ་ཏུ་བསྙད་པའི་བར་དུ་སྔ་མ་བཞིན་ནོ། །དེ་ནས་རྒྱལ་པོ་ཆེར་འཁྲུགས་ཏེ་རྔམས་ནས་གལ་ཏེ་དེ་ལྟར་ན་ཁྱེད་ཅག་དེང་ལ་མི་འདི་ཆིངས་ཏེ། ཆུར་བོར་ཅིག་ཅེས་བསྒོ་བ་དང ། གཤེད་མའི་མི་དེ་དག་གིས་ཁྲིད་དེ་ཆུར་བོར་རོ། །མི་དེ་ཆུ་བོར་མ་ཐག་ཏུ་མི་དེ་ཇི་ལྟར་ཐང་ལ་འདུག་པ་བཞིན་ཏུ་ཆུ་མེད་པར་གྱུར་ཏོ། །ཆིངས་མ་དེ་དག་ཀྱང་དུམ་བུར་ཆད་དོ། །རྒྱལ་པོས་དེ་སྐད་ཐོས་པ་དང ། དེ་ནས་རྒྱལ་པོ་ངོ་མཚར་དུ་གྱུར་ནས་མིག་ཚུགས་སུ་བལྟས་ཏེ། །ེ་མ་འོ་མི་འདི་ངོ་མཚར་ཏོ། །འདི་ལ་རྒྱུ་ཅི་ཞིག་ཡོད་སྙམས་ཏུ་རྣམ་པར་རྟོག་པར་གྱུར་ཏོ། །ཞེས་སྨྲས་སོ། ། 97.140b དེ་ནས་རྒྱལ་པོ་དེས་མི་དེས་བཀུག་སྟེ། ཀྱེ་མི་ཁྱོད་ཅི་ཞིག་ཤེས་ཞེས་དེ་སྐད་སྨྲས་སོ། །མི་དེས་སྨྲས་པ་རྒྱལ་པོ་ཆེན་པོ་རིག་པ་ཆེན་མོ་སོ་སོར་འབྲང་བ་ཆེན་མོ་འཆང་བ་ལས་གཞན་ནི་ཅི་ཡང་མ་འཚལ་ཏེ། ལྷ་དེ་ནི་དེའི་མཐུས་ལགས་སོ། །རྒྱལ་པོས་སྨྲས་པ་ངོ་ཚར་ཆེའོ། །རིགས་པ་ཆེན་མོ་དགེ་བར་གསུང ། འཆི་བདག་ནན་ཏུར་རྨོངས་བྱེད་པ། །སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས། །སེམས་ཅན་ཐམས་ཅད་རབ་ཏུ་སྒྲོལ། །ནད་དང་སྡུག་བསྔལ་ཐར་བར་བྱེད། །རིག་པ་ཆེན་མོ་གཟི་རྗིད་ཆེ། །དུས་མིན་འཆི་ལས་རབ་ཏུ་སྒྲོལ། །ནད་ཆེན་རྣམ་ནི་བཟློག་བྱེད་པ། །མགོན་པོ་ཐུགས་རྗེ་ཅན་གྱིས་གསུངས། །དེ་ནས་རྒྱལ་པོ་རབ་ཏུ་དགའ་བའི་ཡིད་ཀྱི་རིག་པའི་རྒྱལ་མོ་ཆེན་མོ་སོ་སོར་འབྲང་བ་ཆེན་མོ་ལ་མཆོད་ནས་མངོན་པར་བསྟོད་དོ། །མི་དེ་ཡང་བློན་ཐབས་བྱིན་ཏེ། རང་གི་གཉེན་གྱི་མདུན་ཏུ་གྲོང་ཁྱེར་གྱི་གཙོ་བོར་དབང་བསྐུར་ཏོ། །བྲམ་ཟེ་ཆེན་པོ་དེ་ལྟར་ན་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ་འདིས་ཐམས་ཅད་ཏུ་ཡང་མཆོད་པ་ཆེན་པོ་རྙེད་དོ། །སེཾན་གནོད་སེཾས་ཅན་ཐཾད་ཀྱིས་ཀྱང་འགལ་བར་མི་བྱའོ། །དེ་ལྟར་ན་རིག་པའི་རྒྱལ་མོ་ཆེན་མོ་འདི་ཡོངས་སུ་ཤེས་ཏེ་གང་དུ་ཡང་ཐོགས་པ་མེད་དོ། །དེ་ལྟ་བས་ན་གདོན་མི་ཟ་བར་རྟག་ཏུ་ལུས་ལ་གདགས་ཤིང་བཅང་བར་བྱའོ། །བྲམ་ཟེ་ཆེན་པོ་སྐར་མ་བཟང་པོ་ལ་ཆོ་ག་ལེག་པར་བྱས་ཏེ། རིག་པའི་རྒྱལ་མོ་འདི་བྲི་བར་བྱའོ། །དེ་ནས་བྲམ་ཟེ་ཆེན་པོ་དེ་ཡིད་རབ་ཏུ་དགའ་ནས་བཅྡོཾས་ལ་ཡན་ལག་ལྔས་ཕྱག་འཚལ་ཏེ་ཞུས་པ། བཙུན་པ་བཅྡོཾས་རིག་པའི་རྒྱལ་མོ་ཆེན་མོ་འདིའྀ་ཆོ་ག་ནི་ཇི་ལྟར་བགྱིས་ཏེ་བྲི་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་ཆེན་པོ་ཁྱོད་ཉོན་ཅིག་།སེམས་ཅན་ཀུན་ལ་སྙིང་རྩེའི་ཕྱིར། །ངས་ནི་ཁྱོད་ལ་བཤད་པར་བྱ། །གང་གི་སེམས་ཅན་བདེ་བྱེད་ཅིང ། །ཉམ་ང་བའི་ལས་ལས་འགྲོལ། །ནད་རྣམས་ལས་ཀྱང་ཐར་བྱ་དང ། །བུད་མེད་སྦྲུམ་མར་འགྱུར་བ་དང ། །སེམས་ཅན 97.141a རྣམས་ཀྱི་དབུལ་བའི། །རྨ་རྣམས་གསོ་བར་བྱ་ཕྱིར་རོ། །བསྙེན་གནས་དག་ལ་གནས་གྱུར་ནས། །རྒྱུ་སྐར་རྒྱལ་དུ་ཤེས་པ་ལ། །སངས་རྒྱས་མཆོད་ལ་བརྩོན་བྱས་ཏེ། །བྱང་ཆུབ་ཕྱིར་ནི་སེཾས་ཀྱང་སྐྱེད། །སྙིང་རྗེས་ཀུན་ཏུ་བརླན་སེམས་དང ། །བྱམས་པ་དང་ཡང་ལྡན་གྱུར་ནས། །རྟག་ཏུ་སེམས་ཅན་ཐམས་ཅད་ལ། །ཕན་པ་སྐྱེད་པ་བརྩོན་པར་བྱ། །ཙན་དན་དང་ནི་གུར་གུམ་དང ། །གླ་རྩིར་བསྲེས་པའི་ཆུས་བཀྲུས་ཏེ། །བདུག་པ་རྣམས་ཀྱི་གདུག་པའི། །གོས་གཙང་རྣམས་ནི་བགོ་བར་བྱ། །ས་དང་ལྕི་བ་བསྲེས་པ་ཡི། །དེ་ཡི་འོག་ཏུ་དཀྱིལ་འཁོར་བྱ། །བུམ་པ་གང་བ་བཞི་བཞག་སྟེ། །ལྔ་པ་དཀྱིལ་འཁོར་དབུས་སུ་གཞག་།དེ་ལ་རིན་ཐང་ཆེན་པོ་ཡི། །མེ་ཏོག་བདུག་པ་སྤོས་རྣམས་གསོལ། །ཙན་དན་སྤྲི་ཀ་དེ་བཞིན་དུ། ། ཀ་རུ་དང་དུ་རུ་ཀ་།ཤ་ཁ་ར་དང་ལྔ་སྦྱར་བའི། །བདུག་པ་ཆོ་ག་བཞིན་དུ་འབུལ། །ཆོ་ག་ཅི་བཞིན་དུས་བཞིན་བྱ། །ལོ་རྟོག་རྣམ་པ་སྣ་ཚོགས་རྣཾས། །མེ་ཏོག་འབྲས་བུ་ས་བོན་དང ། །སྤོས་རྣམ་ཀུན་གྱི་ལེགས་པར་རྒྱན། །མར་དང་སྦྲང་རྩི་འོ་མ་དང ། །ནས་ཐུག་འོ་ཐུག་ལ་སོགས་པས། །གཏོར་མའི་བུམ་པ་དགང་བར་བྱ། །མཚན་མང་ཤིན་དུ་བཀྲ་ཤིས་པ། །ཕྱོགས་བཞི་རྣམས་སུ་གཞག་པར་བྱ། །ལྔ་པ་དཀྱིལ་འཁོར་དབུས་སུ་གཞག་།སྤོས་ཀྱི་བཀང་བའི་ཕོར་པ་རྣམས། །གྲཝ་བཞི་དག་ཏུ་གཞག་པར་བྱ། །དཀྱིལ་འཁོར་གྱི་ནི་འགྲམ་ལོགས་སུ། །སེང་ལྡེང་ཕུར་བུ་བཞི་བཙུགས་ལ། །ཚོན་སྐུད་ཁ་དོག་སྣ་ལྔ་ཡིས། །འཁོར་བར་དམ་དུ་བྲི་བར་བྱ། །གལ་ཏེ་བདག་འགྲུབ་འདོད་ན་ནི། །བྲམ་ཟེ་དེ་ལྟར་བྱས་ནས་བྲི། །ཁ་ཟས་དཀར་པོ་ཟོས་ནས་སུ། །ཕན་པར་འདོད་པས་བྲི་བར་བྱ། །དར་རམ་རས་སམ་གྲོ་ག་འམ། །ཅི་ཡང་རུང་བ་གཞན་ལ་བྲི། །བུད་མེད་དག་ལ་བུ་འདོད་ན། །གིའུ་ཧང་གི་ནི་ལེགས་པར་བྲི། །དབུསུ་ཁྱེའུ་ཞིག་བྲིས་ནས་ནི། །རྒྱན་རྣཾས་ཀུན་གྱི་རྣམ་པར་བརྒྱན། །དེ་བཞིན་རིན་ཆེན་གང་བའི་སྣོད། །ལག་པ་གཡོན་ན་ཐོག་པར་བྱ། །པད་མ་རབ་ཏུ་རྒྱས་གྱུར་ཅིང ། །བརྒྱན་པ་ལ 97.141b ནི་དེ་འདུག་བྱ། །ནོར་བུ་དོ་ཤལ་གསེར་དག་དང ། །རིན་ཆེན་སྣ་ཚོགས་རྣམ་ཀྱིས་བརྒྱན། །གདུལ་བར་ཤིན་དུ་དཀའ་བ་བྲི། །གྲཝ་བཞི་དག་ཏུ་རི་བོ་བྲི། །གལ་ཏེ་བདེ་བར་འཚོ་འདོད་ན། །རབ་ཏུ་བསྒྲིམས་ཏེ་དེ་ལྟར་བྲི། །བྱེ་བྲག་ཏུ་ནི་སྐྱེས་པ་རྣམས། །གུར་གུམ་གྱིས་ནི་བྲི་བར་བྱ། །དེ་ཡི་དགོས་པ་འདོད་པ་རྣཾས། །འགྲུབ་འགྱུར་འདི་ལ་ཐེ་ཙོམ་མེད། །པད་མ་གཉིས་སམ་ཡང་ན་གསུམ། །བཞི་འམ་ཡང་ན་ལྔ་བྲིས་ཏེ། །པད་མ་ལ་ནི་ཕྱག་རྒྱའི་མཚན། །རྣམ་པ་སྣཚོགས་གཟུགས་སུ་བྲིས། །དེ་བཞིན་དུ་ནི་པད་མ་རྣམས། །ཟེ་བས་ཀུན་དུ་འཁོར་བར་བྲི། །པད་མ་འདབ་མ་རབ་རྒྱས་ལ། །སྡོང་བུ་དར་གྱིས་བཅིངས་པར་བྲིས། །པད་མ་ལ་ནི་རྩེ་གསུམ་པ། །ཟུར་བརྒྱད་ལ་ནི་དར་སྤྱང་བྲི། །དེ་བཞིན་པད་མ་དགྲ་སྟར་བཅས། །འདབ་མ་བརྒྱད་དང་ལྡན་པར་བྲི། །པད་མ་བཅས་པས་རལ་གྲི་བྲི། །པད་མ་དེ་ནི་དཀར་པོར་བྱ། །པད་མའི་སྟེང་དུ་དུང་ཡང་བྲི། །ཐམས་ཅད་དུ་ཡང་རྒྱས་པར་བྱ། །ཀུན་དུ་ཆོ་གའི་མཚན་མ་རྣཾས། །མཁས་པ་དག་གིས་བྲི་བར་བྱ། །གང་ལ་གནོད་པའི་སེཾས་འབྱུང་བ། །བྱིས་པའི་གཟུགས་རྣཾས་མི་བྲིའོ། །སྣ་ཚོགས་རྒྱན་གྱིས་རྒྱན་པའི། །ལྷའི་གཟུགས་ནི་བྲི་བར་བྱ། །དགེ་སློང་ཕྱིར་ནི་རྡོ་རྗེ་འཆང ། །གནོད་སྦྱིན་བསྡེགས་པར་བརྩོན་པར་བྲི། །རྒྱལ་པོ་ཆེན་པོ་བཞི་རྣམས་ཀྱང ། །ངོས་བཞི་རྣམས་སུ་བྲི་བར་བྱ། །བྲམ་ཟེའི་ཕྱིར་ནི་དབང་ལྡན་ནོ། །རྒྱལ་རིགས་ལ་ནི་དབང་ཕྱུག་ཆེ། །དམངས་རིག་ཕྱིར་ནི་རྟག་ཞི་བ། །ཁྱབ་འཇུག་ལེགས་པར་བྲི་བར་བྱ། །རྗེའུ་རིགས་ཕྱིར་ནི་རྣམ་ཐོས་བུ། །ལྷའི་དབང་ཕྱུག་དབང་པོ་བྲི། །ཁྱེའུ་ཡི་ཕྱིར་ནི་སྐྱེ་དགུའི་བདག་།བློ་གྲོས་ཆེན་པོ་བྲི་བར་བྱ། །སྔོ་བསངས་མདོག་ནི་གང་ཡིན་པ། །དེ་ཡི་ཆེད་དུ་ཁྲོས་པ་བྲི། །དཀར་མོའི་ཕྱིར་ནི་གྲགས་ལྡན་པ། །ཕུན་སུམ་ཚོགས་པའི་གཟུགས་སུ་བྲི། །སྦོམ་མའི་ཕྱིར་ནི་ནོར་བུ་བཟང ། །རབ་ཏུ་བསྒྲིམས་ཏེ་བྲི་བར་བྱ། །སྐེམ་མོའི་ཕྱིར་ནི་གང་བ་བཟང ། །རང་འབྱུང 97.142a ང་ཡི་བསྟན་པར་བྲི། །སྦྲུམ་མའི་ཕྱིར་ནི་ནག་མོ་ཆེ། །ཚངས་ལྷ་རྣམས་ཀྱང་བྲི་བར་བྱ། །གཞན་ཡང་ཅི་ལྟར་ཆོ་ག་ལས། །གོང་དུ་བཤད་པ་བཞིན་དུ་བྲི། །ལས་ཀྱི་ཆོ་ག་མཐོང་ནས་ནི། །རབ་ཏུ་བསྒྲིཾས་ཏེ་དེ་བཞིན་བྲི། །རྟག་ཏུ་མགུལ་དུ་བཏགས་ན་ནི། །དེ་ནི་བདེ་བར་འགྱུར་བ་ཡིན། །རྒྱལ་མཚན་རྩེ་མོའི་པད་མ་ལ། །ཡིད་བཞིན་ནོར་བུ་འབར་བ་བྲི། །པད་མའི་སྙིང་པོར་ཞགས་པ་དང ། །དེ་བཞིན་འཁོར་ལོ་འང་བྲི་བར་བྱ། །པད་མའི་སྟེང་དུ་རྡོ་རྗེ་དང ། །པད་མའི་སྙིང་པོ་ཐོ་བ་བྲི། །ཆོ་ག་ལས་ནི་འབྱུང་བ་བཞིན། །པད་མའི་སྟེང་དུ་མདུང་ཐུང་བྲི། །ཆོ་ག་ལས་ནི་བརྗོད་པ་བཞིན། །ནོར་བུ་ཐམས་ཅད་རྩེ་མོ་འབར། །འོད་ཟེར་འཕྲོ་བས་རྒྱས་པ་དང ། །དར་གྱི་བཅིང་པ་བྲི་བར་བྱ། །ཀླུ་མགོ་གདེང་ཀ་དགུ་ཡོད་ལ། །ནོར་བུ་རབ་ཏུ་འབར་བ་དང ། །དེ་དག་ཀུན་གྱི་སྙིང་གར་ཡང ། །རྡོ་རྗེ་གནས་པར་བསྒྲིམས་ཏེ་བྲི། །རྒྱལ་པོ་རྣམས་ཕྱིར་སྟོབས་ཅན་དང ། །དེད་དཔོན་མཁས་པས་རྟག་ཏུ་བྲི། །རིག་པ་འཛིན་པ་ཐམས་ཅད་ཀྱི། །རིག་པའི་ལྷ་མོ་རྣམ་ཀྱང་བྲི། །ཟླ་བ་ཉི་མ་རྒྱུ་སྐར་བཅས། །སྒྲ་ཅན་འཇུག་རིངས་བཟའ་རྒྱད་བྲི། །ཆོ་ག་བཞིན་དུ་ངེས་བྲི་ལ། །བློ་གྲོས་ལྡན་པའི་མི་བསྲེལ་ན། །ཟ་མ་དང་ནི་མ་ནིང་ཡང ། །བུ་པོ་རྙེད་པར་འགྱུར་བ་ཡིན། །འདི་ནི་ཐམས་ཅད་འགྲུབ་པར་བྱེད། །ཤིས་ཤིང་སྡེག་པ་ཞི་བར་བྱེད། །རང་འབྱུང་གི་ནི་དཀའ་བཞིན་དུ། །གནས་ཀྱི་དམ་པ་ཐོབ་པར་འགྱུར། །འཇིག་རྟེན་འདི་ན་འང་མཆོག་དུ་བདེ། །འཇིག་རྟེན་ཕ་རོལ་ཤིན་དུ་བདེ། །སུམ་བཅུ་རྩ་གསུམ་གནས་ལ་སོགས། །ལྷ་གནས་དེ་ཡི་གནས་སུ་འགྱུར། །འཛམ་གླིང་བཟང་ཞིང་ཉམས་དགའ་བར། །ཁྱད་པར་རྗེ་རིག་གྲགས་པ་དང ། །རྒྱལ་རིགས་ཁྱད་པར་འཕགས་པ་དང ། །བྲམ་ཟེ་ཁྱད་པར་འཕགས་རྣཾས་སུ། །བདག་ཉིད་ཆེན་པོ་དེ་སྐྱེས 97.142b ཏེ། །རྟག་ཏུ་རིག་དང་བདེ་བར་འགྱུར། །སོ་སོར་འབྲང་བ་འཆང་བའི་མིས། །བསོད་ནམས་ཐོབ་པ་གང་ཡིན་པ། །སངས་རྒྱས་དག་ནི་ཐཾད་ཀྱི། །བསོད་ནམས་ཕུང་པོ་བརྗོད་མི་ནུས། །སེམས་ཅན་དམྱལ་བའི་སྒོ་རྣམས་བཅད། །མཐོ་རིས་སྒོ་རྣཾས་རབ་ཏུ་ཕྱེ། །བདེ་བ་ཕུན་སུཾ་ཚོགས་པ་དང ། །བློ་གྲོས་ཆེན་པོར་འགྱུར་བ་ཡིན། །སངྱས་བྱུབ་སེཾདའས་ཀྱང ། །རྟག་ཏུ་དབུགས་ནི་འབྱིན་པར་འགྱུར། །ལུས་ཀྱི་བདེ་བ་ཕུན་སུཾ་ཚོགས། །སྟོབས་ཀྱང་ཆེ་བར་འགྱུར་བ་ཡིན། །རྒྱལ་བས་ཅི་སྐད་གསུངས་པ་ལྟར། །འཁོར་ལོ་སྒྱུར་བར་འགྱུར་བ་ཡིན། །མི་དང་ལྷ་རྣམས་དབུགས་འབྱིན་ཏེ། །གནོད་པར་སེཾས་དཔའ་སྐྲག་པར་བྱེད། །གང་ཕྱིར་རིག་པ་ལེགས་བཤད་པ། །དེ་ནི་རིང་པོར་མི་ཐོགས་སོ། །དེ་ནི་མཚོན་གྱིས་མི་ཚུགས་ཏེ། །དུག་དང་མེས་ཀྱང་ཚུགས་མི་འགྱུར། །དུས་མིན་འཆི་བའི་སྡིག་པ་ཡང ། །དེ་ལས་ཐག་ནི་རིང་དུ་འགྲོ། །རྣམ་པ་ཀུན་དུ་ཉན་པ་འམ། །མཐོང་བ་དང་ནི་རེག་པ་འང་རུང ། །འབྱུང་པོ་གདོན་དང་རྩོད་པ་དང ། །ཆུ་དང་མེའི་འཇིགས་པ་དང ། །གཅན་ཟན་སྦྲུལ་དང་སེང་གེ་དང ། །ཀླུ་དང་ནད་ནི་མི་བཟད་རྣམས། །གང་ལ་རིག་པ་ལེགས་བཤད་པ། །དེ་ལ་དེ་དག་ཀུན་མི་འབྱུང ། །དེ་དག་སེམས་ཅན་ཀུན་མཆོག་འགྱུར། །བདུད་རྣམས་ཀུན་གྱིས་ཐམས་ཅད་དུ། །མཆོད་པར་འགྱུར་བའི་འོས་ཡིན་ཏེ། །ཡང་དག་བཤད་ཀྱིས་མཉན་པར་བྱོས། །རིགས་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོའི་ཆོ་ག་།རྫོགས་སོ།། །།དེ་ནས་སེམས་ཅན་ཐམས་ཅད་ལ་སྙིང་བརྩེ་བའི་ཕྱིར་རིགས་སྔགས་འཆང་བ་བསྲུང་བའི་ཚུལ་གྱི་ཆོ་ག་བཤད་པར་བྱའོ། །བསྲུང་བའི་ཆོ་ག་གང་ཞིག་གིས། །དངོས་གྲུབ་ཆེན་པོ་འགྲུབ་འགྱུར་བ། །གང་དང་གང་དུ་བསྲུང་བྱས་ན། །དོན་ཡོད་འགྱུར་ཏེ་ཐེ་ཚོམ་མེད། །འཇིགས་མེད་རིམས་ཀྱིས་མི་བཏབ་སྟེ། །གཟའ་རྣཾས་ཐམས་ཅད་བཟློག་པར་བྱེད། །རྒྱུ་སྐར་རྣམས་ཀྱང་འཐུན་པར་འགྱུར། །ལས་ཀྱི་ལུ་གུ་རྒྱུད་ཀྱང་གཅོད། །གཟའ་ཉེས་པ་དང་སྒོམ་ཉེས་དང ། །དགྲ་ཚོགས་ཀུན་གྱིས་བྱས་པ་དང ། །གནོད་པར་ལྟས་དང་བྲི་ཉེས་དང ། །བྱད་དང་གང་ཡང་མི་བཟད་དང ། ། 97.143a ཕྱེ་མ་སྔགས་ཀྱིས་བཏབ་པ་དང ། །དུག་འཐུང་བ་དང་སྦྱར་བའི་དུག་།གང་ཞིག་བསྲུང་བ་འཆང་དེ་ལ། །དེ་དག་ཐམས་ཅད་ཞི་བར་འགྱུར། །གང་ཞིག་རིག་ལས་འགལ་བྱེད་པ། །ཡན་ལག་རྣམས་ལ་རྣམ་པར་སྨིན། །སོ་སོར་འབྲང་བའི་དམོད་བསྡིགས་ན། །ཕ་རོལ་འཁོར་ནི་མི་བཟད་དང ། །འཇིགས་པ་ཆེན་པོ་དགྲ་ཡི་རྣམས། །དེ་དག་ཐམས་ཅད་རབ་ཏུ་འབྲོས། །སངས་རྒྱས་ཐམས་ཅད་མཁྱེན་པ་དང ། །བྱང་ཆུབ་སེཾས་དཔའ་དེས་བས་བསྲུང ། །ཉན་ཐོས་དཀའ་ཐུབ་ཆེན་པོ་དང ། །རང་སངས་རྒྱས་གྱིས་བསྲུང་བར་འགྱུར། །གཞན་ཡང་རྣམ་པ་མང་པོ་ཡི། །ལྷ་ཀླུ་རྫུ་འཕྲུལ་ཆེན་པོ་རྣཾས། །འདི་ལ་རྟག་ཏུ་བཙོན་བྱེད་པ། །དེ་ལ་བསྲུང་བ་བྱེད་པར་འགྱུར། །རིག་པ་ཡི་ནི་རྒྱལ་མོ་འདི། །ཐོས་པ་ཙམ་གྱིས་མི་མཆོག་རྣམས། །ཀུན་ཏུ་འཇིགས་པ་མེད་འགྱུར་ཞེས། །ཐུབ་པ་ཡི་ནི་དེ་སྐད་གསུངས། །རྨི་ལཾ་ངན་དང་ངན་བྱས་དང ། །གང་ཡང་ནད་མགོ་མི་བཟད་དང ། །ནད་ཀྱི་བཏབ་དང་ནད་ཆེན་གྱིས། །གང་དག་ཟིན་ཅིང་ཁྲག་སྐྱུག་དང ། །གཞན་ཡང་རྣམ་པ་མང་པོའི་ནད། །འབྲས་དང་ཤུ་བ་སྐེམ་པོ་དང ། །གང་ཡང་གནོད་པ་མི་བཟད་པས། །མི་ཡི་སྐྱེ་དགུ་ཟིན་པ་དང ། །མི་རྣམས་མ་རུང་བྱ་བའི་ཕྱིར། །མཆོག་ཏུ་མི་བཟད་གནོད་བྱེད་རྣམས། །བསྲུང་བ་སྟོབས་ཆེན་ག་ལ་བར། །དེ་དག་ཐམས་ཅད་མི་འབྱུང་ངོ ། །འདི་ལས་བསྲུང་བ་བྱས་ནས་ནི། །བཅིངས་པ་དག་ཀྱང་གྲོལ་བར་འགྱུར། །སོ་སོར་འབྲང་བ་བྲིས་པས་ཀྱང ། །གལ་ཏེ་དུས་ཀྱི་ཞག་པ་ཡིས། །གཟུང་ནས་གཤིན་རྗེའི་གནས་ཁྲིད་པ། །དེ་ཡི་ཚེ་ནི་རྣམ་པར་འཕེལ། །གང་ཞིག་ཚེ་ནི་ཟད་གྱུར་ཏམ། །ཞག་བདུན་ན་ནི་འཆི་འགྱུར་བ། །ཡི་གེ་བྲིས་པའི་བར་ཙམ་གྱིས། །འཚོ་བར་འགྱུར་ཏེ་ཐེ་ཚོམ་མེད། །ཆོ་ག་བཞིན་དུ་བསྲུང་བྱས་པ་འམ། །ཡང་ན་ཐོས་པ་ཙམ་གྱིས་ཀྱང ། །ཀུན་དུ་དགེ་བ་ཐོབ་པར་འགྱུར། །འདོད་པ་བཞིན་དུ་བདེ་བར་འཚོ། །གང་དག་སུམ་བཅུ་རྩ་གསུམ་ལྷ། །སྟོང་ཕྲག་དྲུག་བཅུ་རྩ་བརྒྱད་དང ། །བྱེ་བ་ཁྲག་ཁྲིག 97.143b ཕྲག་བརྒྱ་དང ། །བརྒྱ་བྱིན་མདུན་ནས་འགྲོ་བ་ཀུན། །སེམས་ཅན་དེ་ལ་བསྲུང་བའི་ཕྱིར། །ཕྱི་བཞིན་འབྲང་ཞིང་གནས་པར་བྱེད། །འཇིག་རྟེན་སྐྱོང་བ་བཞི་པོ་དང ། །ལག་ན་རྡོ་རྗེ་སྟོབས་ཆེན་ཡང ། །རིག་པའི་རིགས་ནི་བརྒྱ་དག་དང ། །ལྷན་ཅིག་རྟག་ཏུ་བསྲུང་བར་བྱེད། །ཟླ་བ་ཡིད་བཟང་ཉི་མ་དང ། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ཆེ། །ནོར་བུ་བཟང་དང་གཤིན་རྗེ་དང ། །སྟོབས་ཀྱི་ལྷ་ནི་སྟོབས་ཆེན་དང ། །གང་བ་བཟང་པོ་དཔལ་ཆེན་དང ། །འཕྲོག་མ་བུ་དང་བཅས་པ་དང ། །ལྔ་འཛིན་པ་དང་ལྔས་རྩེན་དང ། །སྨིན་དྲུག་བུ་དང་ཚོགས་དབང་དང ། །ལྷ་མོ་ཆེན་མོ་དཔལ་ཅན་དང ། །རྣམ་ཐོས་བུ་དང་དབྱངས་ཅན་དང ། །དུང་ཅན་དང་ནི་མེ་ཏོག་སོ། །དེ་བཞིན་རལ་པ་གཅིག་པ་དང ། །གནོད་སྦྱིན་ཆེན་པོ་དཔལ་ཡོན་ཅན། །རྟག་ཏུ་བསྲུང་བ་བྱེད་པར་འགྱུར། །ཟ་མ་རྣམས་ཀྱི་བུ་ཡང་སྐྱེད། །མངལ་ན་གནས་པ་བདེ་བར་བྱེད། །དེ་ནི་ཇི་སྲིད་འཚོ་བའི་བར། །འདི་ནི་བསྲུང་བ་ཆེན་པོར་འགྱུར། །འཇིགས་མེད་འཐབ་མོའི་གཡུལ་འགྱེད་པར། །དཔའ་བོ་རྣམས་ལ་རྟག་རྒྱལ་སྦྱིན། །ཆོས་ལ་ངེས་པའི་ལྷ་རྣཾས་ལ། །འདི་ནི་སྣང་བ་སྦྱིན་པར་བྱེད། །སྡིག་པ་རྣམ་པར་གཞིག་པའི་ཕྱིར། །གུས་པར་བྱེད་ཏེ་བྲིས་ན་ནི། །དེ་བཞིན་གཤེགས་དང་དེ་བཞིན་དུ། །བྱང་ཆུབ་སེམས་དཔའ་འང་བལྟ་བར་འགྱུར། །དེ་ཡི་གྲགས་པ་རྣམ་པར་འཕེལ། །བསོད་ནམས་དང་ནི་ཚེ་ཡང་འཕེལ། །ནོར་རྣཾས་དང་ནི་འབྲུ་དག་ཀྱང ། །འབྱོར་བར་འགྱུར་ཏེ་ཐེ་ཚོམ་མེད། །བདེ་བར་གཉིད་ཀྱིས་ལོག་པ་དང ། །བདེ་བར་རབ་དུ་སད་པར་འགྱུར། །འབྱུང་པོའི་ཚོགས་རྣཾས་ཐཾད་དང ། །དགྲ་ཀུན་གྱིས་ཀྱང་མི་རྫིའོ། །གཡུལ་འགྱེད་པ་ཡི་ཚེ་ན་ཡང ། །རིག་པ་སྒྲུབ་པ་བྱས་ན་ནི། །བསྲུང་བ་བླ་ན་མེད་པ་འདིས། །རྟག་ཏུ་རྒྱལ་བར་འགྱུར་བར་བྱེད། །བདེ་བར་རིག་པ་བསྒྲུབ་བྱེད་ཅིང ། །དེ་ལ་བགེགས་ནི་འབྱུང་མི་འགྱུར། །དེ་ཡི་བསཾ་པ་ཐཾད་འགྲུབ། །དཀྱིལ་འཁོར་ཀུན་དུ་ཞུགས་པ་ཡིན། །སྐྱེ་བ་དག་ནི་ཐཾད་དུ། །དེ་ནི་མྱུར་དུ་དཾ་ཚིག་ཤེས། །རྒྱལ་བའི་ཡོན་ཏན་འཛིན 97.144a པའི་ཕྱིར། །དེ་ནི་ཡིད་བརྟན་འོས་ཡིན་ནོ། །བཀྲ་ཤིས་ཐམས་ཅད་རབ་ཏུ་རྫོགས། །བསམས་པ་ཐམས་ཅད་གྲུབ་པར་བྱེད། །འདི་ནི་བྲིས་པ་ཙམ་གྱི་ཀྱང ། །བདེ་བ་ཐམས་ཅད་འབྱོར་པར་འགྱུར། །བདེ་བར་འཆི་བའི་དུས་བྱས་ནས། །མཐོ་རིསུ་ནི་འགྲོ་བར་འགྱུར། །འཐབ་པ་དང་ནི་བརྩོད་པ་དང ། །འགྱེད་པ་མཆོག་ཏུ་མི་བཟད་པར། །འཇིགས་པ་ཀུན་ལས་གྲོལ་འགྱུར་ཏེ། །རྒྱལ་བས་ཇི་སྐད་གསུངས་བཞིན་ནོ། །སྐྱེ་བ་རྣཾསུ་སྐྱེ་བ་ན། །རྟག་ཏུ་སྐྱེ་དྲན་ཐེ་ཚོམ་མེད། །རྒྱལ་པོ་བཙུན་མོ་འཁོར་བཅས་པ། །འདི་ཡི་དབང་དུ་འགྱུར་བ་ཡིན། །འཇིག་རྟེན་དགེ་བར་གྲགས་པ་ཡིན། །རྟག་ཏུ་ཐུན་མོང་འགྱུར་བ་ཡིན། །དེ་ནི་ཀུན་ལ་སྡུག་པར་འགྱུར། །ལྷ་དང་མི་ནི་གང་ཡང་རུང ། །ཉིན་དང་མཚན་རྣམས་རྟག་པར་ཡང ། །དེ་ལ་བསྲུང་བ་བྱེད་པར་འགྱུར། །ཡང་དག་རྫོགས་པའི་སངས་རྒྱས་གསུངས། །སྔགས་ཚིག་འདི་དག་འདིར་འགྲུབ་བོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལོ། །དགེ་འདུན་ལ་ཕྱག་འཚལོ། །བཅྡོཾས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡཾ་དག་པར་རྫོགས་པའི་སངས་རྒྱས་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངྱས་ཐཾད་ལ་ཕྱག་འཚལ་ལོ། །སངྱས་བསྟན་པ་འཕེལ་བྱའི་ཕྱིར། །དེ་ལ་གུས་པས་ཕྱག་འཚལ་ནས། །སེཾས་ཅན་ཀུན་ལ་སྙིང་བརྩེའི་ཕྱིར། །ད་ནི་ང་ཡིས་བརྗོད་པར་བྱ། །རིག་པ་གཟི་བརྗིད་ཆེན་པོ་འདི། །སྟོབས་ཆེན་ཕ་རོལ་གནོན་པ་ཏེ། །རྡོ་རྗེ་གདན་ལ་ཐུགས་པ་ཡིས། །འདི་ནི་གསུངས་མ་ཐག་ཏུ་ཡང ། །བདུད་དང་བདུད་ཀྱི་རིས་རྣཾས་དང ། །གཟའ་དང་ལོག་པར་འདྲེན་པ་དང ། །བགེགས་རྣཾས་ཇི་སྙེད་གང་ཡོད་པ། །ཐམས་ཅད་དེ་ཡི་མོད་ལ་བྱེར། །ཏད་ཡ་ཐཱ། ཨོཾ་གི་རི་གི་རི། གི་རི་ཎི་གི་རི་ཎི། གི་རི་བ་ཏི། གུ་ཎ་བ་ཏི། ཨཱ་ཀཱ་ཤ་བ་ཏི། ཨཱ་ཀཱ་ཤ་བི་ཤུདྷེ། སརྦ་པཱ་པ་བི་ག་ཏེ། ཨཱ་ཀཱ་ཤེ་།ག་ག་ན་ཏ་ལེ། ཨཱ་ཀཱ་ཤ་བི་ཙཱ་རི་ཎི། ཛྭཱ་ལི་ཏ་ཤི་ཁ་རེ། །མ་ཎི་མུཀྟི་ཀ་། 97.144b ཁ་ཙི་ཏ་མོ་ལི་དྷ་རེ། སུ་ཀེ་ཤེ། མེ་ཀེ་ཤེ་སུ་ཥ་སུ་བཀྟེ། སུ་ནེ་ཏྲེ། སུ་བརྞྞ་གཽ་རི། ཨ་ཏཱི་ཏེ། ཨ་ནུདྤནྣེ། ཨ་ནཱ་ག་ཏེ། པྲཏྱུཏྤནྣེ་ན་མ། ན་མཿ སརྦེ་ཥཱན། བུདྡྷཱ་ནཱ་ན་ཛྭ་ལི་ཏ། ཏེ་ཛ་སཱ་ན། བུདྷཱེ། སུ་བུདྷཱེ། བྷ་ག་བ་ཏི། སུ་རཀྵ་ཎི། སུ་ཀྵེ་མེ། སུ་པྲ་བྷེ། སུ་ད་མེ། སུ་དནྟེ་བ་རེ་བརྟེ། བྷ་ག་བ་ཏི། བྷ་དྲ་བ་ཏི། བྷ་དྲི་སུ་བྷ་དྲེ། བི་མ་ལེ། ཛ་ཡ་བྷ་དྲེ། པྲ་ཙཎྜེ། ཙཎྜེ། པྲ་ཙཎྜེ། པྲ་ཙཎྜེ། བཛྲ་ཙཎྜེ། མ་ཧཱ་ཙཎྜེ། མ་ཧཱ་ཙཎྜེ། གཽ་རི། གནྡྷཱ་རི། གཽ་རི། ཙཽ་རི། ཙཎྜ་ལི། མཱ་ཏཱཾ་གི། བརྩ་སི། པུཀྐ་སི། སུ་མ་ཏི། ཤ་བ་རི། ཤཱ་བ་རི། ཤཾ་ཀ་རི། དྲཱ་མི་ཌི། དྲཱ་མི་ཌི། རཽ་ཏྲི་ཎི། སརྦ་གྲ་ཧ་བི་དཱ་རི་ཎི། ཨརྠ་སཱ་དྷ་ནི། ཧ་ན་ཧ་ན། སརྦ་ཤ་ཏྲའུ་ཎཱཾ། ད་ཧ་ད་ཧ། སརྦ་དུཥྚན། པྲེ་ཏ་བི་ཤཱ་ཙ་ཌཱ་ཀི་ནཱི་ནཱཾ། མ་ནུ་ཥྱཱ། ཨ་མ་ནུ་ཥྱཱ་ནཱཉྩ། པ་ཙ་པ་ཙ། ཧྲི་ད་ཡན། གདོན་མ་རུང་པ་རྣཾས་ཀྱིས་སྲོག་གཞོམ་དུ་གསོལ། བཅོམ་ལྡན་འདས་མ་བདག་གི་སྡིག་པ་ཐཾད་གཞིག་དུ་གསོལ། གཞིག་དུ་གསོལ། ཐམས་ཅད་དུ་འཇིགས་པ་དང ། གནོད་པ་ཐཾད་ལས་བདག་ལ་བསྲུང་དུ་གསོལ། བསྲུང་དུ་གསོལ། མ་རུངས་པ་ཐཾད་བཅིང་དུ་གསོལ། སརྦ་ཀིལྤི་ཥ་ནཱ་ཤ་ནི། མཱརྟཎྜ། མྲི་ཏྱུ་དཎྜ་ནི་བཱ་ར་ཎི་མཱ་ན་ན། དཎྜ་མཱ་ན་ནི། མ་ཧཱ་མཱ་ནི་ནི། མ་ཧཱ་བི་ཎི་ཊི་ཙ་ལེ་ཙ་ལེ། ཙི་ཊི་ཙི་ཊི། བི་ཊི་བི་ཊི། ནི་ཊི་ནི་ཊི། ཏི་ཊི་ཏི་ཊི། ན་ཏུ་ཊི། གཽ་རི་ནི། བཱི་རི་ཎཱི། པྲ་བ་ར་ས་མ་རེ། ཙཎྜཱ་ལི། མཱ་ཏཾ་གི། རུནྡྷ་སི། ས་ར་སི། བརྩ་སི། སུ་མ་ཏི། པུཀྐ། སི་ཤ་བ་རི། ཤཱ་བ་རི། ཤཾ་ཀ་རི། དྲ་མི་ཌི། དྲཱ་མི་ཌི། ད་ཧ་ནི་པ་ཙ་ནི། མ་ཐ་ནི། མརྡ་ནི། ས་ར་ལི། ས་ར་ལེ། ས་ར་བཾ་བྷེ། ཧཱི་ན་མ་དྷྱོད་ཀྲིཥྚ། བིདྷཱ་ར་ཎི། བི་དྷཱ་རི་ཎི། མ་ཧི་ལེ། མ་ཧི་ལེ། མ་ཧཱ་མ་ཧི་ལེ། ནི་ག་ཌེ། ནི་ག་ཌ། བྷཉྫེ། མཏྟ། མཏྟི་ནི། དཱནྟི། ཙཀྲེ། ཙཀྲ་བཱ་ཀི་ནི། ཛྭ་ལེ་ཛྭ་ལེ། ཛྭཱ་ལེ་ཛྭཱ་ལེ། ཛྭཱ་ལ་ནི། ཤ་བ་རི་ཤ་བ་རི། ཤཱ་བ་རི་ཤཱ་བ་རི། སརྦ་བྱཱ་དྷི་ཧ་ར་ནི། ཙའུ་ཌི་ཙའུ་ཌི། ཙའུ་ཌ་ནི་ཙའུ་ཌ་ནི། མ་ཧཱ་ཙའུ་ཌི་ནི། ནི་མི་ནི་མི། ནི་མིནྡྷ་རི། ཏྲི་ལོ་ཀ་།ད་ཧ་ནི། ཏྲི་ལོ་ཀ་ཨཱ་ལོ་ཀ་ཀཱ་རི། ཏྲཻ་དྷཱ་ཏུ་ཀ་བྱཱ་བ་ལོ་ཀི་ནྀ། བཛྲེ། པ་ར་ཤུ། པཱ་ཤ་།མུངྒ་ར། ཁཌྒ། ཤཾ་ཁ། ཙ་ཀྲ། ཏྲི་ཤའུ་ལ། ཙིན་ཏཱ་མ་ཎི། མ་ཧཱ་བིདྱཱ་དྷ་རི་ཎི། བདག་ཐམས་ཅད་དུ་གནས་ཐཾད་ན་གནས་པ་ན་མ་རུངས་པ་ཐཾད་དང ། མི་དང་མི་མ་ཡིན་པའི་འཇིགས་པ་ཐཾད་དང ། ནད་ཐམས་དང ། 97.145a འཇིགས་པ་ཐམས་ཅད་ལས་བསྲུང་དུ་གསོལ་བསྲུང་དུ་གསོལ། བཛྲེ་བཛྲེ་བཛྲ་པ་ཏི། བཛྲ་པཱ་ཎི་དྷ་རེ། ཧི་ལི་ཧི་ལི། མི་ལི་མི་ལི། ཀི་ལི་ཀི་ལི། ཙི་ལི་ཙི་ལི། བི་ལི་བི་ལི། སི་ལི་སི་ལི། བ་ར་བ་ར། བ་ར་དེ། སརྦ་ཏྲ། ཛ་ཡ་ལ་བ་དྷེ་སཝཱ་ཧཱ། སརྦ་པཱ་པ་བི་དཱ་རི་ནི་སཝཱ་ཧཱ། སརྦ་ཏྲ། སརྦ་བྱཱ་དྷི་ཧ་ར་ཎི་སཝཱ་ཧཱ། སརྦ་ཏྲ། སརྦ་ཤ་ཏྲུཾ་བྷ་ཡ་ཧ་ར་ཎི་སཝཱ་ཧཱ། སརྦ་བྷ་ར་ཎི་སཝཱ་ཧཱ། སཝ་སྟིར་བྷ་བ་ཏུ་མ་ན་སཝཱ་ཧཱ། ཤཱནྟི་ཀ་རི་སཝཱ་ཧཱ། པུཥྚི་ཀ་རི་སཝཱ་ཧཱ། བ་ལ་བར་དྷ་རི་ཎི་སཝཱ་ཧཱ། ཛ་ཡ་ཏུ། ཛ་ཡེ་ཛ་ཡེ། ཛ་ཡ་བྷ་ཏི། ཀ་མ་ལེ། བི་མ་ལེ། བི་པུ་ལེ་སཝཱ་ཧཱ། སརྦ་ཏ་ཐཱ་ག་ཏ་མུར་ཏེ་སཝཱ་ཧཱ།[་\ུ0f00]་བྷུ་རི་མ་ཧཱ་ཤཱཾ་ཏི་སཝཱ་ཧཱ།[་\ུ0f00]་བྷུ་རི་བྷུ་རི། བཛྲ་བ་ཏི། སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡ། པུ་ར་ཎི། ཨ་ཡུཿ སན་དྷཱ་ར་ཎི། བ་ལ་བ་ལ། བ་ལ་བ་ཏི། ཛ་ཡ་བིདྱེ། ཧཱུཾ་ཧཱུཾ། ཕཊ་ཕཊ་སཝཱ་ཧཱ། བྲམ་ཟེ་ཆེན་པོ་གང་ལ་ལ་ཞིག་གིས་དེ་བཞིན་གཤེགས་པའི་སྐུ་རིགས་པའི་གསང་སྔགས་ཀྱི་གཞི་ཡིས་གཟུངས་འདིས་ཡོངསུ་བསྲུང་བ་བྱས་ཤིང་ཡོངསུ་སུ་བསྐྱབ་པ་དང ། ཡོངསུ་བཟུང་བ་དང ། ཡོངསུ་བསྐྱང་བ་དང ། ཞི་བ་དང་བཞ་བདེ་ལེགསུ་འགྱུར་བ་དང ། དབྱུག་པ་སྤང་བ་དང ། མཚོན་ཆ་སྤང་བ་བྱས་ན། དེ་ཚེ་ཡོངསུ་ཟད་པ་ལས་ཀྱང་རྣམ་པར་འཕེལ་ཏེ་རིང་དུ་བདེ་བར་འཚོ་བར་འགྱུར་རོ། །དྲན་པ་ཕུན་སུམ་ཚོགས་པར་འགྱུརོ། །བསྐྲད་པ་ཙམ་དང ། རྡོ་རྗེ་བྱབས་པ་ཙམ་གྱི་དུས་མ་ཡིན་པར་འཆི་བ་དང ། ནད་ཆེན་པོ་ལས་ཡོངསུ་ཐར་བར་འགྱུརོ། །དེའི་ནད་ཐམས་ཅད་ཀྱང་རབ་ཏུ་ཞི་བར་འགྱུརོ། །རྒྱུན་རིང་དུ་ན་བ་ལ་ཡང་བྱབས་པ་ཙམ་གྱིས་རབ་ཏུ་ཞི་བར་འགྱུར་རོ། །ཉིན་གཅིག་བཞིན་དུ་ཁ་ཏོན་དུ་བཏོན་ན་ཤེས་རབ་ཆེན་པོར་འགྱུརོ། །གཟི་བརྗིད་དང ། སྟོབས་དང ། བརྩོན་འགྲུས་དང ། སྤོབས་པ་ཕུན་སུམ་ཚོགས་པར་འགྱུར་རོ། །དེའི་སྡིག་པ་དང་ལས་ཀྱི་སྒྲིབ་པ་གདོན་མི་ཟ་བར་མྱོང་བར་འགྱུར་བ་ཐམས་ཅད་ཀྱང་མ་ལུས་པར་ཡོངསུ་སུ་ཟད་པར་འགྱུརོ། །སངས་རྒྱས་དང ། བྱང་ཆུབ་སེཾས 97.145b དཔའ་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་ལ་སོགས་པ་ཐམས་ཅད་ཀྱང་དེའི་ལུས་ལ་གཟི་བརྗིད་དང ། སྟོབས་དང ། བརྩོན་འགྲུས་སྣོན་པར་འགྱུརོ། །དགའ་བ་ཆེན་པོ་མང་བར་འགྱུར་རོ། །བྲམ་ཟེ་ཆེན་པོ་ཐ་ན་རིགས་པ་ཆེན་མོའི་གསང་སྔགས་ཀྱི་གཞི་འདི་དུད་འགྲོའི་སྐྱེ་གནས་སུ་སོང་བ་རི་དགས་དང ། བྱའི་རྣ་ལཾ་དུ་ཐོས་ན་ཡང་དེ་དག་ཐམས་ཅད་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་ན། སོ་སོར་འབྲང་བ་ཆེན་མོའི་གཟུངས་འདི་ལ་དད་པའི་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་འམ། དགེ་སློང་ངམ། དགེ་སློང་མའཾ། དགེ་བསྙེན་ནཾ། དགེ་སྙེན་མ་འམ། རྒྱལ་པོའམ། རྒྱལ་པོའི་བློན་པོ་འམ། བྲཾ་ཟེ་འམ། རྒྱལ་རིགས་སམ། དེ་ལས་གཞན་པ་འགའ་ཞིག་གིས་ལན་ཅིག་ཐོས་ཏེ། ཐོས་ནས་ཀྱང་དད་པ་ཆེན་པོ་དང ། གུས་པ་དང ། ལྷག་པའི་བསམས་པས་ཡི་གེར་འདྲི་འམ། ཡིག་གེར་འདྲིར་འཇུག་གམ། འཆང་ངམ། ཀློག་གམ། ཡིད་དྲག་པོས་སྒོ་པ་འམ། གཞན་དག་ལ་ཡང་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་ལྟ་ཅི་སྨོས་ཏེ། བྲམ་ཟེ་ཆེན་པོ་དེ་ལ་དུས་མ་ཡིན་པར་འཆི་བ་བརྒྱད་རྣམ་པ་ཐམས་ཅད་དུ་འབྱུང་དུ་མ་དོགས་ཤིག་།དེའི་ལུས་ལ་ནད་ཆེན་པོ་རྣམས་འབྱུང་བར་མི་འགྱུར་རོ། །དེའི་ལུས་ལ་མེས་མི་ཚུགས། དུག་གིས་མ་ཡིན། མཚོན་གྱིས་མ་ཡིན། དུག་སྦྱར་མས་མ་ཡིན། བྱད་ཀྱིས་མ་ཡིན། གཡེངས་བྱེད་ཀྱིས་མ་ཡིན། ཡིན། སྔགས་ཀྱི་ལས་ཀྱིས་མ་ཡིན། ཕྱེ་མས་སྦྱོར་བས་མ་ཡིན། ཡན་ལག་ན་བར་མི་འགྱུར། རིམས་ཀྱིས་བཏབ་པར་མི་འགྱུར། གླད་པ་ན་བ་དང ། ཉིན་གཅིག་པ་དང ། ཉིན་གཉིས་པ་དང ། ཉིན་གསུམ་པ་དང ། ཉིན་བཞི་པ་དང ། ཉིན་བདུན་པའི་རིམས་རྣཾས་དེའི་ལུས་ལ་འབྱུང་བར་མི་འགྱུར་རོ། །དྲན་བཞིན་དུ་བདེ་བར་གཉིད་ལོག་ཅིང་དྲན་བཞིན་དུ་བདེ་བར་སད་པར་འགྱུར་རོ། །ཡོངསུ་མྱ་ངན་ལས་འདས་པ་ཆེན་པོ་ཡང་འཐོབ 97.146a པར་འགྱུར་རོ། །ལན་གཅིག་གིས་ཆོས་དང་ལྡན་པའི་དབང་ཕྱུག་ཆེན་པོ་ཐོབ་པར་འགྱུར་རོ། །དེ་གང་དང་གང་དུ་སྐྱེ་བའི་སྐྱེ་བ་དེ་དང་དེར་སྐྱེ་བ་དྲན་པར་འགྱུར་རོ། །སེམས་ཅན་ཐམས་ཅད་ཀྱང་བྱམས་པར་འགྱུར་རོ། །ཕྱག་བྱ་བའི་གནསུ་འགྱུར་རོ། །སེམས་ཅན་དམྱལ་བ་དང ། དུད་འགྲོའི་སྐྱེ་གནས་ཀྱི་འགྲོ་བ་ཐིབས་པོ་ཀུན་དང ། ཡི་དགསུ་སྐྱེ་བ་རྣམས་ལས་ཡོངསུ་ཐར་འགྱུརོ། ཇི་ལྟར་ཉི་མའི་དཀྱིལ་འཁོར་སེཾན་ཐམས་ཅད་ལ་སྣང་བར་བྱེད་པ་དེ་བཞིན་དུ་འོད་ཟེར་གྱིས་སྣང་བ་བྱེད་པར་འགྱུརོ། །ཇི་ལྟར་ཟླ་བའི་དཀྱིལ་འཁོར་བདུད་རྩིའི་མཐུས་སེམས་ཅན་ཐམས་ཅད་ཀྱི་ལུས་སིམ་པར་བྱེད་པ་དེ་བཞིན་དུ། ཆོས་ཀྱི་བདུད་རྩིས་སེམས་ཅན་ཐཾད་ཀྱི་རྒྱུད་སིམ་པར་བྱེད་པར་འགྱུརོ། །རིག་པའི་རྒྱལ་མོ་ཆེན་མོ་སོ་སོར་འབྲང་བ་ཆེན་མོའི་མཐུས་དེ་ལ་གནོད་སྦྱིན་དང ། སྲིན་པོ་དང ། འབྱུང་པོ་དང ། ཡི་དགས་དང ། ཤ་ཟ་དང ། སྐེཾ་བྱེད་དང ། བརྗེད་བྱེད་དང ། མཁའགྲོ་མ་དང ། གདོན་མ་རུང་བ་པ་ཐམས་ཅད་དང ། བགེགས་དང ། ལོག་འདྲེན་ལ་སོགས་པ་ཐམས་ཅད་ཀྱིས་བཙེ་བར་མི་ནུས་སོ། །དེ་དག་འོངས་ན་ཡང་རིག་པའི་རྒྱལ་མོ་ཆེན་མོ་འདི་དྲན་པར་བྱའོ། །འོན་ཀྱང་འདི་ལྟ་སྟེ། རིག་པའི་རྒྱལ་མོ་ཆེན་མོ་སོ་སོར་འབྲང་བ་ཆེན་མོ་འདི་ཉིད་ཀྱི་མཐུས་མ་རུངས་པ་དེ་དག་ཐཾད་རིགས་པ་འཛིན་པའི་དབང་དུ་འགྱུར་ཏེ། བསྒོ་བ་བཞིན་དུ་ངག་ཉན་པར་འགྱུར་རོ། །དེ་ལ་དགྲའི་འཇིགས་པ་མི་འབྱུང་ངོ ། །དགྲའི་ཚོགས་ཐམས་ཅད་དང ། རྒྱལ་པོ་དང ། རྒྱལ་པོའི་བློན་པོ་ཆེན་པོ་དང ། བྲམ་ཟེ་དང ། ཁྱིམ་བདག་རྣམས་ཀྱང་འགལ་བར་བྱེད་པར་མི་འགྱུརོ། །ཐ་ན་བསད་པར་འོས་པ་ཞིག་ལ་གཤེད་མ་མི་རྣཾས་ཀྱིས་མཚོན་གདབ་པར་གཟས་ན་ཡང་མཚོན་རྣཾས་རྡུལ་བཞིན་དུཾ་བུ་དུཾ་བུར་ཆག་པར་འགྱུར་རོ། །དེག་ཉིད་ཀྱི་དུས་ན་དེ་ལ་ཆོས་ཐམས་ཅད་མངོན་སུམ་དུ་འགྱུར་རོ། །དེའི་དྲན་པའི 97.146b སྟོབས་ཀྱང་ཆེར་འགྱུར་རོ། །འདི་ནི་སྲིན་པོ་འཇོམས་པའི་མཆོག་།གཙང་ཞིང་སྡིག་པ་འཇིག་པར་བྱེད། །དཔལ་དུ་བྱེད་ཅིང་བློ་ཡང་བྱེད། །ཡོན་ཏན་ཐམས་ཅད་རྣམ་པར་འཕེལ། །འདི་ནི་བཀྲ་ཤིས་ཐམས་ཅད་བྱེད། །བཀྲ་ཤིས་མ་ཡིན་རྣམ་པར་འཇིག་།རྨི་ལམ་བཟང་པོ་རྨི་བར་བྱེད། །རྨི་ལམ་ངན་པ་རྣམ་པར་འཇིག་།རིག་པ་མཐུ་སྟོབས་ཆེན་མོ་འདི། །སྐྱེས་པ་བུད་མེད་བསྲུང་བའི་མཆོག་།འགྲོག་དགོན་དང་ནི་མྱ་ངན་ལས། །རྟག་ཏུ་དེ་ཡི་མོད་ལ་ཐར། །རྫོགས་པའི་སངས་རྒྱས་བཀའ་བཞིན་དུ། །འདོད་པ་དག་ནི་ཀུན་ཀྱང་རྙེད། །ལམ་ལས་ལམ་གོལ་ཞུགས་ན་ཡང ། །རིགས་པ་འདི་ནི་རྗེས་དྲན་ན། །མྱུར་དུ་ལམ་དང་བཟའ་བ་དང ། །བཏུང་བ་མཆོག་ཀྱང་རྙེད་པར་འགྱུར། །ལུས་དང་ངག་དང་ཡིད་རྣམས་ཀྱིས། །མི་དགེ་མང་པོ་གང་ཡང་རུང ། །ཚེ་རབས་སྔ་མར་ཅི་བྱས་པ། །དེ་དག་ཐམས་ཅད་བྱུང་བར་འགྱུར། །དྲན་པ་དང་ནི་འཆང་བ་དང ། །འཛིན་དང་ཡིག་གེར་འབྲི་བ་དང ། །ཚིག་ཏུ་འདོན་ཏམ་ཀློག་པ་དང ། །བཟླས་བརྗོད་བྱེད་དམ་གཞན་སྟོན་ན། །དེ་ནི་རིང་པོར་མི་ཐོགས་པར། །ཆོས་ཀུན་རྟོགས་པར་ཁོང་དུ་ཆུད། །དེ་ལྟར་ཆོས་ཀྱི་རོ་རྙེད་ན། །སྡིག་པ་རྣམས་ནི་ཟད་པར་འགྱུར། །ཡིད་ཀྱིས་ཅི་དང་ཅི་འདོད་པ། །དགོས་པ་ཐམས་ཅད་གྲུབ་པར་བྱེད། །འཆི་བའི་འཇིགས་པ་ཐམས་ཅད་དང ། །རྒྱལ་པོ་དང་ནི་མེ་དང་ཆུ། །གློག་དང་དེ་བཞིན་ཀུན་འཇོམས་ལས། །འདི་ནི་དེ་ལས་སྐྱོབ་པར་འགྱུར། །རིག་པ་འབུམ་དུ་བཟླས་ན་ནི། །གཡུལ་འགྱེད་པ་དང་བརྩོད་པ་དང ། །གང་ཡང་གཅན་ཟན་མ་རུངས་པ། །དེ་དག་ཐཾད་འབྲོས་པར་འགྱུར། །སངྱས་ཀུན་གྱིས་གསུངས་པ་ཡི། །དངོས་གྲུབ་མཆོག་གི་རིག་པ་འདི། །བརྗོད་ན་སྒྱིད་ལུག་མི་འགྱུར་བར། །བྱང་ཆུབ་ཚོགས་རྣཾས་རྫོགས་པར་བྱེད། །བདག་དང་གཞན་གྱི་དོན་བསྒྲུབས 97.147a ཕྱིར། །གནས་ཀྱི་རྣམ་པ་ཐམས་ཅད་དུ། །རིག་པ་འདི་ལ་སྦྱོར་ན་ནི། །འདོད་པའི་ལས་རྣམས་གང་ཡིན་པ། །བསྒྲིམ་མི་དགོས་པར་རིག་འདི་ལས། །འགྲུབ་འགྱུར་འདི་ལ་ཐེ་ཚོམ་མེད། །ནད་པ་རྣཾས་ནི་གསོ་བྱ་བ། །ད་ནི་རབ་ཏུ་བཤད་པར་བྱ། །ས་དང་ལྕི་བ་བསྲེས་པ་ཡིས། །དཀྱིལ་འཁོར་གྲུ་བཞི་ལྷམ་པར་བྱ། །ཚོན་གྱི་ཕྱེ་མ་སྣ་ལྔ་ཡིས། །དཀྱིལ་འཁོར་སྡུག་གུར་བྲི་བར་བྱ། །མཁས་པ་རྣམས་ཀྱི་ཆོ་ག་བཞིན། །བུམ་པ་གང་བ་བཞི་ཡང་བཞག་།དེ་ལ་མེ་ཏོག་སིལ་མས་གཏོར། །བདུག་པ་མཆོག་གིས་བདུག་པར་བྱ། །སེམས་ཅན་ཆེན་པོ་གདུལ་བའི་ཕྱིར། །གཏོར་མ་ཡི་ནི་ལས་ཀྱང་བྱ། །སྔ་མ་བཞིན་དུ་མེ་ཏོག་སྤོས། །ཆོ་ག་བཞིན་དུ་འདི་ལ་མཆོད། །དར་གྱིས་བཅིངས་པའི་མདའ་གཞི་ཡང ། །དཀྱིལ་འཁོར་གྲཝ་བཞིར་གཟུགས་པར་བྱ། །དེ་ཡི་འོག་དུ་ནད་པ་ཡང ། །དྲི་ཞིམ་སྤོས་ཀྱི་ལུས་བསྐུས་ཏེ། །གཙང་མའི་གོས་རྣམས་བསྐོན་ནས་ནི། །དཀྱིལ་འཁོར་དབུསུ་གཞག་པར་བྱ། །དེ་ནས་ཤར་ཕྱོགས་ཁ་སྟན་ཏེ། །རིག་པ་འདི་ནི་བརྗོད་པར་བྱ། །ལན་བདུན་བཟླས་བརྗོད་བྱས་ནས་སུ། །མཁས་པས་དེ་ལ་བསྲུང་བར་བྱ། །དེ་ནས་ནད་པའི་དོན་གྱི་ཕྱིར། །ལན་གྲངས་ཉི་ཤུ་རྩ་གཅིག་ཏུ། །རིག་པ་འདི་ནི་བརྗོད་བྱས་ན། །དེས་ནས་ནད་ཀུན་ཞི་བར་འགྱུར། །དེ་ནས་གཏོར་མའི་བུམ་པ་ལ། །ལན་བདུན་ལེགས་པར་སྔགས་ཀྱིས་གདབ། །དེ་ལན་ནས་བཤོས་ཀྱང་སྔགས་གདབ་སྟེ། །གཏོར་མ་མེ་ཏོག་ཆོ་ག་བཞིན། །དེ་ལྟར་ལྷོ་ཕྱོགས་ངོས་སུ་ནི། །ལན་བདུན་ཁོ་ནར་གཏོར་བར་བྱ། །ནུབ་ཕྱོགས་སུ་ཡང་བདུན་ཉིད་དེ། །བྱང་ཕྱོགས་སུ་ཡང་དེ་བཞིན་ནོ། །འོག་དང་སྟེང་དུའང་ལན་བདུན་ཏེ། །བསྲུང་བ་བྱས་པར་འགྱུར་བ་ཡིན། །བྲམ་ཟེ་དམ་པ་དེ་ལྟ་བུར། །བྱས་ན་སྡུག་བསྔལ་ཀུན་ལས་གྲོལ། །སྐྱོབ་པ་ཤཱཀྱ་སེང་གེ་ཡིས། །བསྲུང་བ་འདི་ནྀ་ཡང་དག་བཤད། །འདི་མ་གཏོག་པར་ཁམས་གསུཾ་ན། །བསྲུང་བའི་རིག་པ་གཞན་མེད་དོ། །དེ་ནི་མི་འཆི་མི་རྒས་ཏེ། །ནད་ཀྱིས་མི་བཏབ་མི་སྡུག་མིན། །སྡུག་པ་དང་ནི་འབྲལ་མི་འགྱུར། །རིག་པ 97.147b འདི་ནི་བདག་གི་ལུས། །ཤིན་དུ་བསྒོམ་པ་བྱས་ན་ནི། །དེ་ལ་འཆི་བདག་ཚོགས་ཀྱིས་མཆོད། །ཆོས་ཀྱི་རྒྱལ་པོ་དམ་པ་གཤིན་རྗེ་ཡང ། །གུས་དང་བཅས་པས་དེ་ལ་མཆོད་པར་འགྱུར། །སྐད་ཅིག་ངའི་སེཾས་དམྱལ་འདི་བྱོས་ལ། །ལྷའི་གྲོང་ཁྱེར་སོང་ཞེས་སྨྲ་བར་འགྱུར། །དེ་ནས་གཞལ་མེད་ཁང་པ་རྣམ་མང་པོས། །རྫུ་འཕྲུལ་ཆེན་པོ་ལྷ་གནས་བཟང་པོར་འགྲོ། །དེ་ལྟར་དེར་ནི་ལྷ་མི་གནོད་སྦྱིན་དང ། །སྲིན་པོ་རྣམས་ཀྱིས་དེ་ལ་རྟག་མཆོད་འགྱུར། །ལག་ན་རྡོ་རྗེ་གནོད་སྦྱིན་དབང ། །བདེ་སོགས་བདག་པོ་དབང་པོ་དང ། །འཕྲོག་མ་དང་ནི་ལྔས་རྩེན་དང ། །འཇིག་རྟེན་སྐྱོང་བ་འཕྲུལ་ཆེན་དང ། །ཟླ་བ་ཉི་མ་རྒྱུ་སྐར་བཅས། །མཆོག་ཏུ་མི་བཟང་བཟའ་རྣམས་དང ། །གང་ཡང་ཀླུ་ཆེན་ཐཾད་དང ། །ལྷ་དང་དེ་བཞིན་དྲང་སྲོང་དང ། །ལྷ་མིན་མཁའ་ལྡིང་དྲི་ཟ་དང ། །མི་འམ་ཅི་དང་ལྟོ་འཕྱེ་ཆེ། །བསྲུང་ཕྱིར་རྟག་ཏུ་འབྲང་བར་བྱེད། །གང་གི་རིག་པ་སྟོབས་ཆེན་མོ། །རྫུ་འཕྲུལ་ཆེན་མོ་བྲིས་ནས་ནི། །ཤེས་རབ་ཅན་གྱི་ལག་ལ་གདགས། །མཆོད་པ་ཆེན་པོ་འཐོབ་པར་འགྱུར། །རྟག་ཏུ་ཕུན་སུཾ་ཚོགས་པར་འོང ། །འཕགས་པ་རིག་པའི་རྒྱལ་མོ་སོ་སོར་འབྲང་བ་ཆེན་མོ། རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཛི་ན་མི་ཏྲ་དང ། དཱ་ན་ཤཱི་ལ་དང ། ཞུ་ཆེན་གྱི་ལོ་ཙ་བ་བན་དེ་ཡེ་ཤེས་སྡེས་ཞུས་ཏེ། སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པའོ། །སླར་ཡང་ལོ་ཙ་བ་གཞོནུ་དཔལ་གྱིས་ཆོས་རྗེ་ཕྱག་ལོའི་རྒྱ་དཔེ་དང་བསྟུནས་ཞུས་དག་པར་བགྱིསོ། ། |