༄#། །རྒྱ་གར་སྐད་དུ། མ་ཧཱ་མཱ་ཡཱུ་རཱི་བིདྱཱ་རཱ་ཛྙཱི། བོད་སྐད་དུ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ། འདས་པ་དང ། མ་བྱོན་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང ། ཉན་ཐོས་དང ། རང་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བདུན་པོ་དག་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་དགྲ་བཅོམ་པ་རྣམས་ལ་ཕྱག་འཚལ་ལོ། །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །ཕྱིར་མི་འོང་བ་རྣམས་ལ་ཕྱག་འཚལ་ལོ། །ལན་ཅིག་ཕྱིར་འོང་བ་རྣམས་ལ་ཕྱག་འཚལ་ལོ། །རྒྱུན་ཏུ་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །འཇིག་རྟེན་ན་ཡང་དག་པར་སོང་བ་རྣམས་ལ་ཕྱག་འཚལ་ལོ། །ཡང་དག་པར་ཞུགས་པ་རྣམས་ལ་ཕྱག་འཚལ་ལོ། །དེ་དག་ལ་ཕྱག་འཚལ་ནས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ལ་སྦྱར་བར་བྱའོ། །བདག་ལ་རིག་སྔགས་དེ་གྲུབ་པར་གྱུར་ཅིག་།འབྱུང་པོའི་ཚོགས་གང་སུ་དག་ས་ལ་རྒྱུ་བ་རྣམས་དང ། ནམ་མཁའ་ལ་བརྒྱུ་བ་རྣམས་དང ། ཆུ་ལ་རྒྱུ་བ་རྣམས་དང ། ལྷ་རྣམས་དང ། ཀླུ་རྣམས་དང ། ལྷ་མ་ཡིན་རྣམས་དང ། རླུང་ལྷ་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། དྲི་ཟ་རྣམས་དང ། མིའམ་ཅི་རྣམས་དང ། ལྟོ་ཕྱེ་ཆེན་པོ་རྣམས་དང ། གནོད་སྦྱིན་རྣམས་དང ། སྲིན་པོ་རྣམས་དང ། ཡི་དགས་རྣམས་དང ། ཤ་ཟ་རྣམས་དང ། 97.95b འབྱུང་པོ་རྣམས་དང ། གྲུལ་བུམ་རྣམས་དང ། སྲུལ་པོ་རྣམས་དང ། ལུས་སྲུལ་པོ་རྣམས་དང ། སྐེམ་བྱེད་རྣམས་དང ། སྨྱོ་བྱེད་རྣམས་དང ། གྲིབ་གནོན་རྣམས་དང ། རྗེད་བྱེད་རྣམས་དང ། གནོན་པོ་རྣམས་བདག་ལ་ཉོན་ཅིག་།འབྱུང་པོའི་ཚོགས་གཟི་བྱིན་འཕྲོག་པ་རྣམས་དང ། ཟས་སུ་མངལ་ཟ་བ་རྣམས་དང ། ཟས་སུ་ཁྲག་འཐུང་བ་རྣམས་དང ། ཟས་སུ་ཞག་ཟ་བ་རྣམས་དང ། ཟས་སུ་ཤ་ཟ་བ་རྣམས་དང ། ཟས་སུ་ཚིལ་ཟ་བ་རྣམས་དང ། ཟས་སུ་རྐང་ཟ་བ་རྣམས་དང ། ཟས་སུ་བཙས་བ་ཟ་བ་རྣམས་དང ། སྲོག་འཕྲོག་པ་རྣམས་དང ། ཟས་སུ་གཏོར་མ་ཟ་བ་རྣམས་དང ། ཟས་སུ་འཕྲེང་བ་ཟ་བ་རྣམས་དང ། ཟས་སུ་དྲི་ཟ་བ་རྣམས་དང ། ཟས་སུ་གདུག་པ་ཟ་བ་རྣམས་དང ། ཟསུ་མེ་ཏོག་ཟ་བ་རྣམས་དང ། ཟས་སུ་འབྲས་བུ་ཟ་བ་རྣམས་དང ། ཟས་སུ་ལོ་ཏོག་ཟ་བ་རྣམས་ཟས་སུ་སྦྱིན་སྲེགས་ཟ་བ་རྣམས་དང ། ཟས་སུ་རྣག་ཟ་བ་རྣམས་དང ། ཟས་སུ་ཕྱི་ས་ཟ་བ་རྣམས་དང ། ཟས་སུ་གཅིན་འཐུང་བ་རྣམས་དང ། ཟས་སུ་ལྷག་མ་ཟ་བ་རྣམས་དང ། ཟས་སུ་མཆིལ་མ་ཟ་བ་རྣམས་དང ། ཟས་སུ་ངར་སྣབས་ཟ་བ་རྣམས་དང ། ཟས་སུ་སྣབས་ཟ་བ་རྣམས་དང ། ཟས་སུ་མི་གཙང་བ་ཟ་བ་རྣམས་དང ། ཟས་སུ་སྐྱུགས་པ་ཟ་བ་རྣམས་དང ། ཟས་སུ་གཏོར་ཁུང་ནས་འབབ་པ་འཐུང་བ་རྣམས་དང ། སྡིག་པའི་སེམས་དང་ལྡན་པ་རྣམས་དང ། སྡང་བའི་སེམས་དང་ལྡན་པ་རྣམས་དང ། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང ། གཞན་གྱི་སྲོག་འཕྲོག་པ་རྣམས་བདག་ལ་ཉོན་གཅིག་།རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་བརྗོད་པར་བྱའོ། །སྤོས་དང ། མེ་ཏོག་དང ། བདུག་པ་དང ། གཏོར་མ་ཡང་སྦྱིན་ནོ། །བདག་ལ་སྡིག་པའི་སེམས་དང་ལྡན་པ་རྣམས་དང ། སྡང་བའི་སེམས 97.96a དང་ལྡན་པ་རྣམས་དང ། དྲག་ཤུལ་གྱི་སེམས་དང་ལྡན་པ་རྣམས་དང ། གཞན་གྱི་སྲོག་འཕྲོག་པ་རྣམས་དང ། ཟས་སུ་མདངས་ཟ་བའི་གདོན་ཐམས་ཅད་ནི་དེངས་ཤིག་།ཞི་བའི་སེམས་དང་ལྡན་པ་རྣམས་དང ། བྱམས་པའི་སེམས་དང་ལྡན་པ་རྣམས་དང ། དགེ་བའི་སེམས་དང་ལྡན་པ་རྣམས་ནི་བདག་ལ་ཉོན་ཅིག་།སངས་རྒྱས་དང ། ཆོས་དང་དགེ་འདུན་ལ་མངོན་པར་དད་པ་རྣམས་བདག་ལ་ཉོན་ཅིག་།འདི་ལྟ་སྟེ། ནག་མོ་བཞིན་སྒྱུར་མ། གྲུལ་བུམ་མ། དུང་ཅན་མ། མེ་ཏོག་ཀ་མ་ལ་ལྟ་བུའི་མིག་ཅན་མ། འཕྲོག་མ། སྐྲ་མདོག་ལྗང་ཁུ་མ། དཔལ་ལྡན་མ། སྤྲེའུ་ལྟར་དམར་སེར་མ། འཕྱང་མ། རབ་ཏུ་འཕྱང་མ། དུས་ཀྱི་ཞགས་པ་ཅན་མ། བུམ་ལྟོ་མ། གཤིན་རྗེའི་ཕོ་ཉ་མོ། གཤིན་རྗེའི་སྲིང་མོ། འབྱུང་པོ་ཟ་བ་མོ། མེ་ཏོག་དང ། བདུག་པ་དང ། དྲི་དང ། གཏོར་མ་འདི་དག་འབུལ་གྱིས་བཞེས་ཤིག་།འཇིགས་པ་དང ། གནོད་པ་ཐམས་ཅད་ལས་བདག་ལ་བསྲུང་དུ་གསོལ། ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་ཐོང་བར་ཤོག་ཤིག་།བདག་ལ་རིག་སྔགས་ཀྱི་ཚིགས་རྣམས་གྲུབ་པར་གྱུར་ཅིག་སཝཱ་ཧཱ། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དེའི་ཚེ་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན། དགེ་སློང་ས་རི་ཞེས་བྱ་བ་གཞོན་ནུ་ཐོར་བུ་ལང་ཚོ་ལ་བབ་པ། རབ་ཏུ་བྱུང་ནས་རིང་པོ་མ་ལོན་པ། བསྙེན་པར་རྫོགས་ནས་རིང་པོ་མ་ལོན་པ། ཆོས་འདུལ་བ་འདིར་འོངས་ནས་རིང་པོ་མ་ལོན་པ་ཞིག་གནས་པ་དེ་དགེ་འདུན་གྱི་བསྲོ་ཁང་བྱ་བའི་ཕྱིར་ཤིང་གཤགས་པ་དང ། ཤིང་རུལ་པའི་སེར་ག་ཞིག་ནས་སྦྲུལ་ནག་པོ་ཆེན་པོ་ཞིག་བྱུང་ནས་རྐང་པ་གཡས་པའི་མཐེ་བོང་ལ་ཟིན་པ་དང ། ལུས་སྦྲིད་ནས་ས་ལ་འགྱེལ་ཏེ། དབུ་བར་སྐྱུག་ཅིང་མིག་ཀྱང་གྱུར་ནས་ཉལ་བ་དང ། 97.96b ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་ས་རི་ནད་ཀྱིས་བཏབ་ཏེ་སྡུག་བསྔལ་ཞིང་ནད་ཚབས་པོ་ཆེ་ནས་ས་ལ་འགྱེལ་ཏེ། དབུ་བར་སྐྱུག་ཅིང་མིག་ཀྱང་གྱུར་ནས་ཉལ་ཞིང་འདུག་པ་མཐོང་ངོ ། །མཐོང་ནས་ཀྱང་རིངས་པ་རིངས་པར་བཅོམ་ལྡན་འདས་ག་ལ་བ་དེར་སོང་ཏེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅྡོཾས་མཉན་ཡོད་ན་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་འདི་ན་དགེ་སློང་ས་རི་ཞེས་བགྱི་བ་གཞོན་ནུ་ཐོར་བུ། ལང་ཚོ་ལ་བབ་པ། རབ་ཏུ་བྱུང་ནས་རིང་པོ་མ་ལགས་པ། བསྙེན་པར་རྫོགས་ནས་རིང་པོར་མ་ལགས་པ་ཆོས་འདུལ་བ་འདིར་མཆིས་ནས་རིང་པོ་མ་ལགས་པ་ཞིག་གནས་པ་དེ་དགེ་འདུན་གྱི་བསྲོ་ཁང་བགྱི་བའི་སླད་དུ་ཤིང་བཤགས་པ་དང ། ཤིང་རུལ་པའི་སེར་ག་ཞིག་ནས་སྦྲུལ་ནག་པོ་ཆེན་པོ་ཞིག་བྱུང་ནས་རྐང་པ་གཡས་པའི་མཐེ་འོང་ལ་ཟིན་པ་དང་ལུས་སྦྲིད་ནས་དོག་ས་ལ་འགྱེལ་ཏེ། དབུ་བར་སྐྱུག་ཅིང་མིག་ཀྱང་གྱུར་ནས་ཉལ་ཞིང་མཆིས་ན། བཙུན་པ་བཅྡོཾས་དེ་ལ་བདག་གིས་ཅི་ལྟར་ནན་ཏན་དུ་བགྱི། དེ་སྐད་ཅེས་གསོལ་པ་དང ། བཅྡོཾས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་དེ་བཞིན་གཤེགས་པའི་བཀས་ཁྱོད་སོང་ལ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་ལྷའི་གདོན་དང་ཀླུའི་གདོན་དང་ལྷ་མ་ཡིན་གྱི་གདོན་དང་རླུང་ལྷའི་གདོན་དང་ནམ་མཁའ་ལྡིང་གི་གདོན་དང་དྲི་ཟའི་གདོན་དང་མི་འམ་ཅིའི་གདོན་དང་ལྟོ་འཕྱེ་ཆེན་པོའི་གདོན་དང་གནོད་སྦྱིན་གྱི་གདོན་དང་སྲིན་པོའི་གདོན་དང་ཡི་དག་ཀྱི་གདོན་དང་ཤ་ཟའི་གདོན་དང་འབྱུང་པོའི་གདོན་དང་གྲུལ་བུཾ་གྱི་གདོན་དང་སྲུལ་པོའི་གདོན་དང་ལུས་སྲུལ་པོའི་གདོན་དང་སྐེཾ་བྱེད་ཀྱི་གདོན་དང་སྨྱོ་བྱེད་ཀྱི་གདོན་དང་གྲིབ་གནོན་གྱི་གདོན་དང་བརྗེད་བྱེད་ཀྱི་གདོན་དང་གནོན་པོའི་གདོན་དང་སྐར་མའི་གདོན་དང་གཤེད་བྱེད་དང་སྒྱུར་བའི་ལས་དང་བྱད་དང་གཡེངས་བྱེད་དང་རོ་ལང་དང་སེཾས་སྒྱུར་དང་སྦོད 97.97a གཏོང་དང ། བཟའ་ཉེས་དང ། སྐྱུག་ཉེས་དང ། གནོད་སྒྲིབ་དང་གནོད་ལྟས་དང་བྲི་ཉེས་དང་བསྒོམ་ཉེས་དང་སྨད་པ་དང་རིམ་ཉིན་ཅིག་པ་དང ། ཉིན་གཉིས་པ་དང་ཉིན་གསུཾ་པ་དང་ཉིན་བཞི་པ་དང་ཉིན་བདུན་པ་དང་ཟླ་བ་ཕྱེད་པ་དང་ཟླ་བ་ཅིག་པ་དང་ཉིན་མོ་པ་དང ། ཡུད་ཙམ་པ་དང ། རྟག་པའི་རིཾ་དང་རིམས་དྲག་པོ་དང་འབྱུང་པོའི་རིམས་དང་མིའི་རིམས་དང་མི་མ་ཡིན་པའི་རིམས་དང་རླུང་ལས་གྱུར་པ་དང་མཁྲིས་པ་ལས་གྱུར་པ་དང་བད་ཀན་ལས་གྱུར་པ་དང་འདུས་པ་ལས་གྱུར་པ་དང་རིམས་ཐཾད་ལས་དགེ་སློང་ས་རི་ལ་སྲུང་བ་གྱིས་ཤིག་།སྦ་བ་དང་ཡོངསུ་བསྐྱབ་པ་དང་ཡོང་སུ་བཟུང་བ་དང་ཡོངསུ་བསྐྱང་བ་དང་ཞི་བ་དང་བདེ་ལེགསུ་འགྱུར་བ་དང ། ཆད་པ་སྤང་བ་དང་ཚོན་ཆ་སྤང་བ་དང་དུག་གཞིལ་བ་དང་དུག་གསད་པ་དང་མཚམས་གཅད་པ་དང ། ས་བཅིང་བ་གྱིས་ཤིག་།གླད་པ་ན་བ་མེད་པར་གྱིས་ཤིག་།གཞོགས་ཕྱེད་ན་བ་དང་ཡི་ག་འཆུས་པ་དང ། མིག་ནད་དང ། སྣ་ནད་དང ། ཁ་ནད་དང ། མགུལ་ནད་དང ། སྙིང་ནད་དང ། ལྐོག་མའི་ལྷ་གོར་ན་བ་དང ། རྣ་བ་ན་བ་དང ། སོ་ན་བ་དང ། སྙིང་ན་བ་དང་རྩིབ་ལོགས་ན་བ་དང་རྒྱབ་ན་བ་དང ། ལྟོ་བ་ན་བ་དང ། མཁུར་བ་ན་བ་དང ། ཆུ་སོ་ན་བ་དང ། སྐྱེ་གནས་ན་བ་དང ། རབ་ཏུ་སྐྱེ་གནས་ན་བ་དང ། རྐེད་པ་ན་བ་དང ། བརླ་ན་བ་དང ། བྱིན་པ་ན་བ་དང ། ལག་པ་ན་བ་དང ། རྐང་པ་ན་བ་དང ། ཡན་ལག་ན་བ་དང ། ཉིང་ལག་ན་བ་མེད་པར་གྱིས་ཤིག་།མཚན་མོ་དགེ་དང་ཉིན་མོ་དགེ་།ཉི་མའི་གུང་གི་དགེ་བ་དང ། །ཉིན་མཚན་ཀུན་གྱི་དགེ་བ་དག་།སངས་རྒྱས་ཀུན་གྱིས་བདག་ལ་སྩོལ། །ཏད་ཡ་ཐཱ། ཨཱི་ཌི་བི་ཌི། ཀི་ཌི། ཧི་ཌི་མི་ཌི་ནི་ཌི། ཨཱ་ཌེ། གྷཱ་ཌེ། དུརྒྷཱ་ཌེ། ཧི་རི་ནི། བ་གུ་ཌེ། པཱ་ན་སུ། པི་ཤཱ་ཙི་ནི། ཨཱ་རོ་ཧ་ཎཱི། ཨ་རོ་ཧི་ནི། ཨེ་ལེ། མེ་ལེ་ཏེ་ལེ། ཏི་ལི་ཏི་ལི། མེ་ལེ་མེ་ལེ། ཏི་མི་ཏི་མི། དུ་མེ་དུ་མེ། དུ་དུ་མེ། ཨིཊྚི། མིཊྚི། བིཥྚ་བ་དྷེ། ཙ་པ་ལེ། བི་མ་ལི། ཧུ་ལུ་ཧུ་ལུ། ཨ་ཤྭྭ་མུ་ཁི། ཀཱ་ལི་ཀཱ་ལི། མ་ཧཱ་ཀཱ་ལི། པྲ་ཀིརྞ་ཀེ་ཤི། ཀུ་ལུ་ཀུ་ལུ། བ་ཕུ་ལུ་བ་ཕུ་ལུ། ཀོ་ལུ་ཀོ་ལུ། ཧུ་ལུ་ཧུ་ལུ། བ་ཧུ་ལུ་བ་ཧུ་ལུ། བོས་དུམྦཱ། དོ་དུམྦཱ། དུ་མ་དུམྦཱ། གོ་ལཱ་ཡཱ། བེ་ལཱ་ཡཱ། པ་རི་བཱ་ལཱ་ཡཱ། པི་ཤུ་པི་ཤུ། ཧི་ལི་ཧི་ལི། ཧི་ལི་ཧི་ལི། ཧི་ལི་ཧི་ལི། ཧི་ལི་ཧི་ལི། ཧི་ལི་ཧི་ལི། མི་ལི་མི་ལི། མི་ལི་མི་ལི། མི་ལི་མི་ལི། མི་ལི་མི་ལི། མི་ལི་མི་ལི། ཏི་ལི་ཏི་ལི། ཏི་ལི་ཏི་ལི། ཏི་ལི་ཏི་ལི། ཏི་ལི་ཏི་ལི། ཏི་ལི་ཏི་ལི། ཙུ་ལུ་ཙུ་ལུ། ཙུ་ལུ་ཙུ་ལུ། ཙུ་ལུ་ཙུ་ལུ། ཙུ་ལུ་ཙུ་ལུ། ཙུ་ལུ་ཙུ་ལུ། མུ་ཧུ་མུ་ཧུ། 97.97b མུ་ཧུ་མུ་ཧུ། མུ་ཧུ་མུ་ཧུ། མུ་ཧུ་མུ་ཧུ། མུ་ཧུ་མུ་ཧུ། མུ་ལུ་མུ་ལུ། མུ་ལུ་མུ་ལུ། མུ་ལུ་མུ་ལུ། མུ་ལུ་མུ་ལུ། མུ་ལུ་མུ་ལུ། ཧུ་ཧུ་ཧུ་ཧུ་ཧུ་ཧུ་ཧུ་ཧུ་ཧུ་ཧུ། བཱ་བཱ་བཱ་བཱ་བཱ་བཱ་བཱ་བཱ་བཱ་བཱ། པཱ་པཱ་པཱ་པཱ་པཱ་པཱ་པཱ་པཱ་པཱ་པཱ། ཛྭ་ལ་ཛྭ་ལ་ཛྭ་ལ་ཛྭ་ལ་ཛྭ་ལ་ཛྭ་ལ་ཛྭ་ལ་ཛྭ་ལ་ཛྭ་ལ་ཛྭ་ལ། ད་མ་ད་མ་ནི། པ་ཏ་པ་ཏ་ནི། ཛྭ་ལ་ཛྭ་ལ་ནི། པ་ཙ་པ་ཙ་ནི། དུནྡུ་བྷི། གརྫ་ནི། བཪྵ་ཎི། སྥོ་ཊ་ནི། ཏ་པ་ནི་ཏཱ་པ་ནི། པ་ཙ་ནི་པཱ་ཙ་ནི། ཧཱ་རི་ཎི། ཀཱ་རི་ཎི། ཀི་མི་ནི། ཀམྤ་ནི། མརྡ་ནི། མཎྜི་ཀི་ཏེ་ཀྵེ། མཾ་ཀ་རི་མ་ཀ་རི། ཤཱ་ཀ་རི། ཤཱརྐ་རི། ཀརྐ་རི། ཤ་བ་རི། ཤཾ་ཀ་རི། ཛྭ་ལ་ཛྭ་ལ་ནི། དུ་མ་དུམྦ་ནི། སུ་ཀུ་སུ་ཀུ་མེ། གོ་ལཱ་ཡཱ། བེ་ལཱ་ཡཱ། པ་རི་བེ་ལཱ་ཡཱ། ལྷས་ཀུན་དུ་ཆར་ཕོབ་ཅིག་།ི་ལི་ཀི་སི་སཝཱ་ཧཱ། ང་ནི་ཡུལ་འཁོར་སྲུང་ལ་བྱམས། །ས་སྲུང་བུ་ལ་འང་ང་བྱམས་ཏེ། །ང་ནི་མིག་མི་བཟང་ལ་བྱམས། །གཽ་ཏ་མ་ནི་ནག་པོ་དང ། །ང་ནི་ཀླུ་རྒྱལ་ནོར་བུ་དང ། །ང་ནི་ནོར་རྒྱལ་བུ་ལ་འང་བྱམས། །དབྱུག་པ་རྐང་གི་ཀླུ་དག་དང ། །གང་བ་བཟང་ལ་འང་ང་རྟག་ཏུ། །ཀླུ་གང་དགའ་བོ་ཉེ་དགའ་བོ། །ཁ་དོག་ལྡན་ཞིང་གྲགས་དང་ལྡན། །རྫུ་འཕྲུལ་ལྡན་ཞིང་ལྷ་མིན་དང ། །ལྷ་ཡི་གཡུལ་ཡང་མྱོང་བར་བྱེད། །མ་དྲོས་ཀླུ་དང་ཆུ་ལྷ་དང ། །འཛམ་པ་ལེན་པ་ལ་ཡང་བྱམས། །འཇོག་པོ་དང་ནི་མཐའ་ཡས་དང ། །དེ་བཞིན་ནོར་གྱི་སྒོ་དང་ནི། །གཞན་ལས་རྒྱལ་ལ་ང་བྱམས་ཏེ། །གཅོད་དང་ལྡན་པའི་བུ་ལ་བྱམས། །རྟག་པར་གཟི་ཅན་ཆེན་པོ་དང ། །གཟི་ཅན་ལ་ཡང་དེ་བཞིན་ནོ། །ཕུབ་མ་མེད་དང་དུང་ཅན་དང ། །ལོངས་སྤྱོད་ལྡན་དང་དགེ་ཚུལ་དང ། །ཁ་ན་ཞོ་དང་ནོར་བུ་དང ། །པད་མ་དཀར་པོ་ཕྱོགས་དག་དང ། །སྟོབས་ཀྱི་རྒྱུ་དང་དུང་སྐྱོང་དང ། །ལ་བ་དང་ནི་མགྱོགས་མཆོག་དང ། །ཀླུའི་རྒྱལ་པོ་དེ་དག་ལ། །ང་ནི་རྟག་ཏུ་བྱམས་པ་ཡིན། །གནས་བཅས་ཆུ་སྲིན་ཀུམ་བྷི་ར། །དེ་བཞིན་ཁབ་ཀྱི་སྤུ་དག་དང ། །བྲང་འགྲོ་འྀ་བདག་པོ་ནག་པོ་དང ། །དྲང་སྲོང་ལ་ཡང་ང་བྱམས་སོ། །དེ་བཞིན་རྣ་བ་ཚང་བ་དང ། །ཤིང་རྟའི་བཞིན་ལ 97.98a བྱམས་པ་སྟེ། །གཟི་ཅན་དང་ནི་རབ་དགའ་དང ། །བད་སའི་བུ་ལ་ང་རྟག་ཏུ། །ང་ནི་ཨེ་ལའི་འདབ་ལ་བྱམས། །འཕྱང་བའི་ཚུལ་ལ་འང་ང་བྱམས་ཏེ། །མི་མིན་ཀླུ་ནི་གང་དག་དང ། །དེ་བཞིན་མིའི་བླ་མ་དང ། །ཀླུ་ཆེན་ཚོལ་བའི་ཚུལ་ཅན་དང ། །བཏང་བཟུང་ཞེས་ནི་གྲགས་པ་དང ། །ཀླུ་གང་ས་ལ་རྒྱུ་དག་དང ། །དེ་བཞིན་ཆུ་ལ་གནས་རྣམས་དང ། །གང་དག་བར་སྣང་རྒྱུ་བ་དང ། །གང་དག་ལྷུན་པོར་གནས་པ་དང ། །མགོ་གཅིག་པ་དང་མགོ་གཉིས་པ། །དེ་དག་ལ་ནི་ང་རྟག་བྱམས། །རྐང་པ་མེད་ལ་ང་བྱམས་ཏེ། །རྐང་གཉིས་པ་ལ་འང་ང་བྱམསོ། །རྐང་བཞི་པ་ལ་འང་ང་བྱམས་སོ། །རྐང་མངས་ལ་ཡང་ང་བྱམས་སོ། །རྐང་མེད་ང་ལ་གནོད་མ་བྱེད། །རྐང་གཉིས་ང་ལ་གནོད་མ་བྱེད། །རྐང་བཞི་ང་ལ་གནོད་མ་བྱེད། །རྐང་མངས་ང་ལ་གནོད་མ་བྱེད། །གང་དག་ཆུ་ལ་གནས་ཡི། །ཀླུ་རྣམས་ཀུན་ལ་ང་བྱམས་སོ། །གང་སུ་ས་ལ་གནས་པའི། །འབྱུང་པོ་ཀུན་ལ་ང་བྱམས་སོ། །སེམས་ཅན་གང་དག་གནས་པར་བཅས། །སེམས་ཅན་ཀུན་ལ་ང་བྱམསོ། །སེམས་ཅན་ཀུན་དང་སྲོག་ཆགས་ཀུན། །འབྱུང་པོ་དག་ནི་ཐམས་ཅད་ཀྱང ། །ཐམས་ཅད་བདེ་བ་འབའ་ཞིག་ཤོག་།ཐམས་ཅད་ནད་ནི་མེད་གྱུར་ཅིག་།ཀུན་གྱི་བཟང་པོ་མཐོང་བར་ཤོག་།གང་ཡང་སྡིག་པར་མ་གྱུར་ཅིག་།བྱམས་པའི་སེམས་ལ་གནས་ནས་སུ། །དུག་ནི་རབ་ཏུ་བསད་པར་བྱ། །བསྲུང་དང་ཡོངས་སུ་བཟུང་བ་དང ། །དེ་བཞིན་ཡོངས་སུ་བསྐྱངས་བར་བྱ། །སངས་རྒྱས་ཕྱག་འཚལ་བྱང་ཆུབ་ཕྱག་འཚལ་ལོ། །གྲོལ་གྱུར་ཕྱག་འཚལ་གྲོལ་ལ་ཕྱག་འཚལ་ལོ། །ཞི་གྱུར་ཕྱག་འཚལ་ཞི་ལ་ཕྱག་འཚལ་ལོ། །རྣམ་གྲོལ་ཕྱག་འཚལ་གྲོལ་ལ་ཕྱག་འཚལ་ལོ། །བྲམ་ཟེ་གང་དག་སྡིག་པའི་ཆོས་རྣམས་བསལ་བར་གྱུར་པ་དེ་དག་ལ་ཡང་ཕྱག་འཚལ་ལོ། །དེ་དག་གིས་བདག་ལ་བསྲུང་བར་གྱིས་ཤིག་།འཇིག་པ་ཐམས་ཅད་དང ། གནོད་པ་ཐམས་ཅད་དང ། ནད་འགོ་བ་དང ། འཁྲུགས་པ་ཐམས་ཅད་དང ། རིམས་ཐམས་ཅད་དང ། ནད་ཐམས་ཅད་དང ། གདོན་ཐམས་ཅད་དང ། དུག་ཐམས་ཅད་ལས་བསྲུང་བ་གྱིས་ཤིག་།ལོ་བགྱ་འཚོ་བར 97.98b གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཀུན་དགའ་བོ་སྔོན་བྱུང་བ་རིའི་རྒྱལ་པོ་གངས་རིའི་ལྷོ་ཕྱོགས་ཀྱི་ངོས་ལ་རྨྱ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཞེས་བྱ་བ་ཞིག་གནས་སྟེ། དེ་ནང་པར་རིགས་སྔགས་ཀྱི་རྒྱལ་མོ་རྨྱ་བྱའི་ཆེན་མོ་འདིས་བདེ་ལེགས་སུ་གྱུར་པར་བྱས་ཏེ་ཉིན་མོ་དགེ་བར་གནས། ནུབ་ཀར་བདེ་ལེགས་སུ་འགྱུར་བར་བྱས་ཏེ་མཚན་མོ་དགེ་བར་གནས་སོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །རིགས་སྔགས་ཀྱི་རྒྱལ་མོ་རྨྱ་ཆེན་མོ་ལ་ཕྱག་འཚལ་ལོ། །ཏད་ཡ་ཐཱ། ཧུ་ཧུ། ཧུ་ཧུ། ཧུ་ཧུ། ནཱལྒེ་ལེ་ལེ། དུམྦ་ལེ་ལེ་ལེ། ནཱ་ག་ལེ་ལེ་ལེ། ཧུ་ཡ་ཧུ་ཡ་བི་ཛ་བི་ཛ། ཐུ་སུ་ཐུ་སུ། གུ་ལུ་གུ་ལུ། ཧུ་རྩེ་ཛི་ནི་ཙེ་ཛི་ནི། ཨ་གུ་ལུ་ཨེ་ལཱ་མེ་ལཱ་ཨེ་ལཱ་མེ་ལཱ་ཏི་ལཱི་མེ་ལཱ་ཨི་ལི་མིཏྟེ། ཨི་ལཱེ་ཏི་ལི་མིཏྟེ་དུམ་བེ་སུ་དུམྦེ་ཏོ་སུ་ཏོ་སུ་གོ་ལཱ་བེ་ལཱ། ཙ་པ་ལཱ་བེ་མ་ལཱ་ཨེཊྚི་རི་བྷིཊྚི་རི། རིཊྚི་རི་ན་མོ་བྷུདྷ་ནན། ཙི་ལི་ཀི་སི་གོ་དོ་ཧི་ཀཱ་ན་མོ་ཨ་ར་ཧ་ཏཱན་ཧ་ལ་ཧཱ་ལ། ལྷས་ཕྱོགས་བཅུ་ཀུན་དུ་ཆར་ཕོབ་ཤིག་།སངས་རྒྱས་རྣམས་ལ་ཕྱག་འཚལ་ལོ་སཝཧཱ། དེས་དུས་གཞན་ཞིག་ན་རིགས་སྔགས་ཀྱི་རྒྱལ་མོ་རྨྱ་ཆེན་མོ་འདིས་བསང་བ་དང ། བདེ་ལེགས་སུ་འགྱུར་བ་མ་བྱས་པར་འདོད་པ་རྣམས་ལ་ཞེན་ཅིང་ཆགས་ཏེ་རྒྱགས་པས་མྱོས་ནས་རབ་ཏུ་རྨོངས་ཤིང་བརྒྱལ་བ་དང་འདྲ་བར་གྱུར་ནས་རབ་ཏུ་ཞེན་ཏེ་ནགས་ཀྱི་རྨ་བྱ་གཞོན་ནུ་མང་པོ་དང་ལྷན་གཅིག་ཏུ་ཀུན་དགའ་ར་བ་ནས་ཀུན་དགའ་ར་བར་སྐྱེད་མོས་ཚལ་ནས་སྐྱེད་མོས་ཚལ་དུ་རིའི་ངོས་ནས་རིའི་ངོས་སུ་རྒྱུ་ཞིང་སོང་སོང་བ་ལས་དེ་བག་མེད་པར་གྱུར་ནས་རིའི་སེར་ག་ཞིག་ཏུ་ཆུད་ནས། དེ་དེར་རིགས་ངན་གཞོན་ནུ་ཡུན་རིང་དུ་ཕྱིར་རྒོལ་བ་དགྲར་གྱུར་པ་འཚེ་བར་གྱུར་པ། གླགས་ལྟ་བ་རྣམས་ཀྱིས་རྨ་བྱ་སྙི་བཟུང་སྟེ། དེ་མི་འཇལ་བའི་ནང་དུ་སོན་པ་དང་དྲན་པ་སླར་རྙེད་ནས་རིགས་སྔག་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ཉིད་ཡིད་ལ་བྱས་སོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །རིགས་སྔགས་ཀྱིས་རྒྱལ་མོ་རྨྱ་བྱ་ཆེན་མོ་ལ་ཕྱག་འཚལ་ལོ། །ཏད་ཡ་ཐཱ། ཧཱུ་ཧཱུ། ཧཱུ་ཧཱུ་ཧཱུ། ནཱ་ག་ལེ་ལེ་ལེ། 97.99a དུམ་ས་སད་མཱ་བ་ལེ་ལེ་ལེ། ནཱ་ག་ལེ་ལེ་ལེ། ཧུ་ཡ་ཧུ་ཡ། བི་ཛ་བི་ཛ། ཐུ་སུ་ཐུ་སུ། གུ་ལུ་གུ་ལུ། ཧུ་ཙེ་ཛི་ནི། ཙེ་ཛི་ནི། ཨ་གུ་ལུ། ཨི་ལཱ་མེ་ལཱ། ཨི་ལེ་མི་མེ་ལཱ། ཏི་ལི་མེ་ལཱ། ཨི་ལི་མིཏྟེ། ཨི་ལི་ཏི་ལི་མིཏྟ། དུམྦེ། སུ་དུམྦེ། ཏོ་སུ་ཏོ་སུ། གོ་ལཱ་བེ་ལཱ། ཙ་པ་ལཱ། བི་མ་ལཱ། ཨིཊྚི་རི། བྷིཊྚི་རི། ན་མོ་བུད་དྷཱ་ནཱན། ཙི་ལི་ཀི་སི། གོ་དོ་ཧི་ཀཱ། ན་མོ་ཨ་ར་ཧ་ཏཱན། ཧཱ་ལ་དཱ་ལ། ལྷས་ཕྱོགས་བཅུ་ཀུན་དུ་ཆར་ཕོབ་ཅིག་།སངས་རྒྱས་ལ་ཕྱག་འཚལོ། །དེ་ནས་དེ་སྡུག་བསྔལ་དེ་ལས་ཐར་ཏེ་དགེ་བ་དང ། བདེ་བར་བདག་གི་ཡུལ་དུ་ཕྱིན་ནས་གསང་སྔགས་ཀྱི་ཚིག་འདི་དག་ཀྱང་བཟླས་སོ། །སངས་རྒྱས་ལ་ཕྱག་འཚལོ། །ཆོས་ལ་ཕྱག་འཚལོ། །དགེ་འདུན་ལ་ཕྱག་འཚལོ། །རྨ་བྱའི་རྒྱལ་མོ་གསེར་དུ་སྣང་བ་ལ་ཕྱག་འཚལོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལ་ཕྱག་འཚལོ། །ཏདྱ་ཐཱ། སིད་དྷེ། སུ་སིད་དྷེ། མོ་ཙ་ནི། མོ་ཀྵ་ནི། མུཀ་ཏེ་བི་མུཀྟེ། ཨ་མ་ལེ། བི་མ་ལེ། ནིརྨ་ལེ། ཨཎྜ་རེ། པཎྜ་རེ། མཾ་ག་ལྱེ། མཾ་ག་ལྱེ། ཧི་ར་ཎྱེ། ཧི་ར་ཎྱེ་གརྦྷེ་རཏྣེ། རཏྣ་གརྦྷེ། བྷ་དྲེ། སུ་བྷ་དྲེ། ས་མན་ཏ་བྷ་དྲེ། ཤྲི་བྷ་དྲེ། སརྦ་ཨརྠ་སཱ་དྷ་ནི། པ་རམཱ་རྠ་སཱ་དྷ་ནི། སརྦ་ཨ་ནརྠ་པྲ་བཱ་དྷ་ནི། སརྦ་མཾ་ག་ལ་སཱ་དྷ་ནི། སརྦ་ཨ་མཾ་ག་ལ་བཱ་དྷ་ནི། མ་ན་སི། མཱ་ན་སི། མ་ཧཱ་མཱ་ན་སཱི། ཨ་ཙྱུ་ཏེ། ཨད་བྷུ་ཏེ། ཨད་དྱན་བྷུ་ཏེ། མུཀྟེ། བི་མུཀྟེ། མོ་ཙ་ནི། མོ་ཤ་ཀྵ་ནི། བྲམྷེ། ཨ་ར་ཛེ། བི་ར་ཛེ། བི་མ་ལེ། ཨ་མྲི་ཏི། ཨ་མྲྀ་ཏ་བཪྵ་ཎི། ཨ་མ་རེ། ཨ་མ་རི་ཎི་བྲཧྨེ་བྲཧྨ་སཝ་རེ། པཱུ་མ་ཨ་མྲྀ་ཏེ། ཨ་མྲྀ་ཏ་སན་ཛཱི་བ་ན་ཛཱི་བ་ནི། ཤྲཱི་བྷ་དྲེ། ཙནྡྲེ་ཙནྡྲེ་བྲ་བྷེ། སཱུརྱེ་སཱུརྱ་ཀཱན་ཏེ། བཱིཏ་བྷ་ཡེ། སརྦ་སུ་བརྞ། སུ་བརྞ་པྲཔྟེ། བྲཧྨ་གྷོ་ཥེ། བྲཧྨ་ཛུཥྚི། སརྦ་ཏྲ། ཨ་པྲ་ཏི་ཧ་ཏི་སཝཱཧཱ། སངས་རྒྱས་ཐཾད་ལ་ཕྱག་འཚལོ། །བདག་ལ་དགེ་བ་དང་བསྲུང་བ་མཛད་དུ་གསོལ། །ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཏདྱ་ཐཱ། ཧུ་ཙི། ཤུ་ཙི་གྷུ་ཙི། མུ་ཙི་སཝཱཧཱ། ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་རྨ་བྱའི་རྒྱལ་མོ་གསེར་དུ་སྣང་བ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་སྙམ་དུ་སེམས་ན་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་ང་ཉིད 97.99b དེའི་ཚེ་དེའི་དུས་ན་རྨ་བྱའི་རྒྱལ་པོ་གསེར་དུ་སྣང་བ་ཞེས་བྱ་བར་འགྱུར་རོ། །ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་སྙིང་པོ་འདི་ཡང་བཟླས་པར་བྱའོ། །ཏདྱ་ཐཱ། ཨི་ལི་མི་ཏེ། ཏི་ལི་མིཏྟེ། ཏི་ལི་མིཏྟེ། ཏི་ལི་མི་ལི། མི་ལི་ཏི་ལི། ནི་ལི་མི་ཏི། བི་ལི་མི་ལི་མིཏ་ཏི། བི་ལི་མི་ལི་མི་ལི་ཏི་ལི་མི་ལི། སུ་དུམྦཱ། དུམྦཱ། སུ་བ་ཙ། ཙི་རི་ཀི་སི་ཡ། བྷིནྣ་མེ་ཊི། ན་མོ་བུད་དྷཱ་ནཱན། ཙི་ལི་ཀི་སི། པྲཱན་ཏ་མཱུ་ལེ། ཨི་དི་ལོ་ཧི་ཏ་མཱུ་ལེ། དུམྦཱ། སུ་དུམ་བཱ། ཀུཊ་ཊི། ཀུ་ནཊ་ཊི། ཀུ་ཀུ་ནཊ་ཊི། ཏི་ལི་ཀུཉྫ། ནཱཊ་ཊི། ལྕང་ལོ་ཅན་དུ་ལྷས་ཟླ་བ་དགུ་འམ། ཟླ་བ་བཅུར་ཆར་ཕོབ་ཤིག་།ི་ལི་མི་ལི། ཀི་ལི་མི་ལི། ཀི་ལི་མི་ལི། ཀེ་ཏུ་མཱུ་ལེ། དུ་དུམྦཱེ། སུ་དུ་མོ་ཌེ། ད་ལི་མེ་སན་དུ་བཊྚེ། བུ་ས་བཊྚེ། བུ་ས་ར། བུ་ས་ར། དྷ་ན་བསྟ་ར་ཀེ་།ནརྐྐ་ལ། ནརྐྐ་ལི་མེ། ཁ་ལི་མ་གྷོ་ཥེ། ར་ཁི་ལེ། ཨི་ཏི་སཛྫ་ལེ། དུམྦེ། སུ་དུམྦེ། ཨཊྚེ། ནཊྚེ། པྲ་ནཊྚེ། ཨ་ན་ཎཊྚེ། ཨ་ན་མོ་ལེ། ལྷས་ཀུན་ནས་ཆུ་སར་པའི་ཆར་ཕོབ་ཅིག་།ནཱ་རཱ་ཡ་ཎི། པཱ་རཱ་ཡ་ཎི། ཧ་རི་ཏཱ་ལི། ཀུན་ཏཱ་ལི། ཀུ་བྷཎྜི། ཨི་ལ་མི་སྟི། ཀི་ལི་མི་སྟི། ཀི་ལི་ཏི་ལི་མི་སྟི། འགྲོ་ལྡིང་བའི་གསང་སྔགས་ཀྱི་ཚིག་འདི་དག་གྲུབ་པར་གྱུར་ཅིག་སཝཱཧཱ། ཀུན་དགའ་བོ་འདི་ནི་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་སྙིང་པོ་ཡིན་ནོ། །ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་གྲོང་ན་འདུག་པ་ན་ཡང་ཡིད་ལ་བྱའོ། །དགོན་པ་ན་འདུག་གམ། ལམ་ན་འདུག་གམ། ལམ་གོལ་བ་ན་འདུག་གམ། རྒྱལ་པོའི་ཕོ་བྲང་འཁོར་ན་འདུག་གམ། ཆོམ་རྐུན་གྱི་ནང་ན་འདུག་གམ། མེའི་ནང་ན་འདུག་གམ། ཆུའི་ནང་ན་འདུག་གམ། དགྲའི་ནང་ན་འདུག་གམ། ཕྱིར་རྒོལ་བ་དང ། དགྲ་བོའི་ནང་ན་འདུག་གཾ་།འཁོར་གྱི་ནང་ན་འདུགཾ་།གམ། རྩོད་པའི་ནང་ན་འདུགཾ་།གམ། སྦྲུལ་གྱིས་ཟིན་ཏམ། དུག་འཐུངས་སམ། འཇིགས་པ་ཐམས་ཅད་འདུས་པ་ན་ཡང་ཡིད་ལ་བྱའོ། །རླུང་ལས་གྱུར་པ་དང ། མཁྲིས་པ་ལས་གྱུར་པ་དང ། བད་ཀན་ལས་གྱུར་པ་དང ། འདུས་པ་ལས་གྱུར་པ་དང ། ནད་བཞི་བརྒྱ་རྩ་བཞི་ལས་ནད་གང་ཡང་རུང་བས་བཏབ་པར་གྱུར་པ་དང ། ཕོངས་པར་གྱུར་ན་ཡང་ཤིན་ཏུ་ཡིད་ལ་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཀུན་དགའ་བོ་གསད 97.100a པའི་རིགས་པ་ནི་ཆད་པས་བྲལ་བར་འགྱུར་རོ། །ཆད་པས་གཅད་པའི་རིགས་པ་ནི་གཞུ་བཙོག་གིས་སོ། །གཞུ་བཙོག་པའི་རིགས་པ་ནི་སྤྱོ་བོས་སོ། །སྤྱོ་བའི་རིགས་པ་ནི་དམ་བཅས་པས་སོ། །དམ་བཅས་པའི་རིགས་པ་ནི་སྤུ་ཟིང་ཞེས་བྱ་བས་སོ། །སྤུ་ཟིང་ཞེས་བྱ་བའི་རིགས་པ་ནི་དེ་བཞིན་དུ་ཐར་བར་འགྱུར་ཏེ། དེའི་ནད་ཐམས་ཅད་ཀྱང་ལྡོག་པར་འགྱུར་རོ། །ཀུན་དགའ་བོ་རིག་སྔགས་དང ། གསང་སྔགས་ཀྱི་ཚིག་འདི་ཡང་ཡིད་ལ་བྱའོ། །ཏད་ཡ་ཐཱ། ཙི་ལི། མི་ལི། ཀི་ལི་མི་ལི། ཀེ་ཏུ་མཱུ་ལེ། བུ་ས་བཊྚ། བུ་ས་ར་ཎེ། བུ་ད་ར་ནི། ཀེ་བཊྚ་ཀ་།མཱུ་ལེ། ཨི་ཏི་ཤ་བ་ལེ། ཏུམྦེ་བ་ཏུམྦ། དུ། པྲི་ཡཾ་ཀ་རེ། ཨཱ་བཊྚེ། པ་རི་བཊྚེ། ལྷས་ཀུན་དུ་ཆུ་སར་པའི་ཆར་ཕོབ་ཅིག་།ན་མོ་བྷ་ག་བ་ཏེ། ཨིཊ་ཊི་ཊ་ཊཱ་ཡ། ཨིནྡྲ་གོ་མི་སི་ཀཱ་ཡ། བྷྀངྒ་རི་ཀཱ་ཡ། ཨཱ་ཤ་ནེ། བཱ་ཤ་ནེ། པཱ་པ་ནི་ཀཱུ་ལེ། ཀ་པེ་ལ་མིཏྟེ། ཨི་ལི་མིཏྟེ། སངས་རྒྱས་བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །གསང་སྔགས་ཀྱི་ཚིགས་རྣམས་གྲུབ་པར་གྱུར་ཅིག་སཝཱཧཱ། ཀུན་དགའ་བོ་དེ་བཞིན་གཤེགས་པས་གསུངས་པའི་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བསྲུང་བར་གྱིས་ཤིག་།ཡོངས་སུ་སྐྱབ་པ་དང ། ཡོངས་སུ་གཟུང་བ་དང ། ཡོངས་སུ་བསྐྱང་བ་དང ། ཞི་བ་དང ། བདེ་ལེགས་སུ་འགྱུར་བ་དང ། ཆད་པ་སྤང་བ་དང ། མཚོན་ཆ་སྤང་བ་དང ། དུག་གཞིལ་བ་དང ། དུག་གསད་པ་དང ། མཚམས་གཅད་པ་དང ། ས་བཅིང་བ་གྱིས་ཤིག་།ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བསྲུང་བ་བྱས་ཤིང་སྦ་བ་དང ། ཡོངས་སུ་བསྐྱབ་པ་དང ། ཡོངས་སུ་གཟུང་བ་དང ། ཡོངས་སུ་བསྐྱང་བ་དང ། ཞི་བ་དང ། བདེ་ལེགས་སུ་འགྱུར་བ་དང ། ཆད་པ་སྤང་བ་དང ། མཚོན་ཆ་སྤང་བ་དང ། 97.100b དུག་གཞིལ་བ་དང ། དུག་གསད་པ་དང ། མཚམས་བཅད་པ་དང ། ས་བཅིང་བ་བྱས་པ་ལ་རྣམ་པར་འཚེ་བའི་ཕྱིར་འོང་བ། ལྷ་འམ། ལྷ་མོ་འམ། ལྷའི་བུ་ཕོ་འམ། ལྷའི་བུ་མོ་འམ། ལྷའི་རྒན་པོ་འམ། ལྷའི་རྒན་མོ་འམ། ལྷའི་འཁོར་ཕོ་འམ། ལྷའི་འཁོར་མོ་འམ། ཀླུ་འམ། ཀླུ་མོ་འམ། ཀླུའི་བུ་ཕོ་འམ། ཀླུའི་བུ་མོ་འམ། ཀླུ་རྒན་པོ་འམ། ཀླུ་རྒན་མོ་འམ། ཀླུའི་འཁོར་ཕོ་འམ། ཀླུའི་འཁོར་མོ་འམ། ལྷ་མ་ཡིན་ནམ། ལྷ་མ་ཡིན་མོ་འམ། ལྷ་མ་ཡིན་གྱི་བུ་ཕོ་འམ། ལྷ་མ་ཡིན་གྱི་བུ་མོ་འམ། ལྷ་མ་ཡིན་རྒན་པོ་འམ། ལྷ་མ་ཡིན་རྒན་མོ་འམ། ལྷ་མ་ཡིན་གྱི་འཁོར་ཕོ་འམ། ལྷ་མ་ཡིན་གྱི་འཁོར་མོ་འམ། རླུང་ལྷ་འམ། རླུང་ལྷ་མོ་འམ། རླུང་ལྷའི་བུ་ཕོ་འམ། རླུང་ལྷའི་བུ་མོ་འམ། རླུང་ལྷའི་རྒན་པོ་འམ། རླུང་ལྷའི་རྒན་མོ་འམ། རླུང་ལྷའི་འཁོར་ཕོ་འམ། རླུང་ལྷའི་འཁོར་མོ་འམ། ནམ་མཁའ་ལྡིང་ངམ། ནམ་མཁའ་ལྡིང་མོ་འམ། ནམ་མཁའ་ལྡིང་གི་བུ་ཕོ་འམ། ནམ་མཁའ་ལྡིང་གི་བུ་མོ་འམ། ནམ་མཁའ་ལྡིང་གི་རྒན་པོ་འམ། ནམ་མཁའ་ལྡིང་གི་རྒན་མོ་འམ། ནམ་མཁའ་ལྡིང་གི་འཁོར་ཕོ་འམ། ནམ་མཁའ་ལྡིང་གི་འཁོར་མོ་འམ། དྲི་ཟ་འམ། དྲི་ཟ་མོ་འམ། དྲི་ཟའི་བུ་ཕོ་འམ། དྲི་ཟའི་བུ་མོ་འམ། དྲི་ཟའི་རྒན་པོ་འམ། དྲི་ཟའི་རྒན་མོ་འམ། དྲི་ཟའི་འཁོར་ཕོ་འམ། དྲི་ཟའི་འཁོར་མོ་འམ། མི་འམ་ཅི་འམ། མི་འམ་ཅི་མོ་འམ། མི་འམ་ཅིའི་བུ་ཕོ་འམ། མི་འམ་ཅིའི་བུ་མོ་འམ། མི་འམ་ཅིའི་རྒན་པོ་འམ། མི་འམ་ཅིའི་རྒན་མོ་འམ། མི་འམ་ཅིའི་འཁོར་ཕོ་འམ། མི་འམ་ཅིའི་འཁོར་མོ་འམ། ལྟོ་འཕྱེ་ཆེན་པོ་འམ། ལྟོ་འཕྱེ་ཆེན་མོ་འམ། ལྟོ་འཕྱེ་ཆེན་པོའི་བུ་ཕོ་འམ། ལྟོ་འཕྱེ་ཆེན་པོའི་བུ་མོ་འམ། ལྟོ་འཕྱེ་ཆེན་པོའི་རྒན་ཕོ་འམ། ལྟོ་འཕྱེ་ཆེན་པོའི་རྒན་མོ་འམ། ལྟོ་འཕྱེ 97.101a ཆེན་པོའི་འཁོར་ཕོ་འམ། ལྟོ་འཕྱེ་ཆེན་པོའི་འཁོར་མོ་འམ། གནོད་སྦྱིན་ནམ། གནོད་སྦྱིན་མོ་འམ། གནོད་སྦྱིན་གྱི་བུ་ཕོ་འམ། གནོད་སྦྱིན་གྱི་བུ་མོ་འམ། གནོད་སྦྱིན་རྒན་པོ་འམ། གནོད་སྦྱིན་རྒན་མོ་འམ། གནོད་སྦྱིན་གྱི་འཁོར་ཕོ་འམ། གནོད་སྦྱིན་གྱི་འཁོར་མོ་འམ། སྲིན་པོ་འམ། སྲིན་མོ་འམ། སྲིན་པོའི་བུ་ཕོ་འམ། སྲིན་པོའི་བུ་མོ་འམ། སྲིན་པོ་རྒན་པོ་འམ། སྲིན་པོ་རྒན་མོ་འམ། སྲིན་པོའི་འཁོར་ཕོ་འམ། སྲིན་པོའི་འཁོར་མོ་འམ། ཡི་དགས་སམ། ཡི་དགས་མོ་འམ། ཡི་དགས་ཀྱི་བུ་ཕོ་འམ། ཡི་དགས་ཀྱི་བུ་མོ་འམ། ཡི་དགས་རྒན་པོ་འམ། ཡི་དགས་རྒན་མོ་འམ། ཡི་དགས་ཀྱི་འཁོར་ཕོ་འམ། ཡི་དགས་ཀྱི་འཁོར་མོ་འམ། ཤ་ཟ་འམ། ཤ་ཟ་མོའམ། ཤ་ཟའི་བུ་ཕོ་འམ་ཤ་ཟའི་བུ་མོ་འམ། ཤ་ཟ་རྒན་པོ་འམ། ཤ་ཟ་རྒན་མོ་འམ། ཤ་ཟའི་འཁོར་ཕོ་འམ། ཤ་ཟའི་འཁོར་མོ་འམ། འབྱུང་པོ་འམ། འབྱུང་པོ་མོ་འམ། འབྱུང་པོའི་བུ་ཕོ་འམ། འབྱུང་པོའི་བུ་མོ་འམ། འབྱུང་པོའི་རྒན་པོ་འམ། འབྱུང་པོའི་རྒན་མོ་འམ། འབྱུང་པོའི་འཁོར་ཕོ་འམ། འབྱུང་པོའི་འཁོར་མོ་འམ། གྲུལ་བུམ་འམ། གྲུལ་བུམ་མོ་འམ། གྲུལ་བུམ་གྱི་བུ་ཕོ་འམ། གྲུལ་བུམ་གྱི་བུ་མོ་འམ། གྲུལ་བུམ་རྒན་པོ་འམ། གྲུལ་བུམ་རྒན་མོ་འམ། གྲུལ་བུམ་གྱི་འཁོར་ཕོ་འམ། གྲུལ་བུམ་གྱི་འཁོར་མོ་འམ། སྲུལ་པོ་འམ། སྲུལ་པོ་མོ་འམ། སྲུལ་པོའི་བུ་ཕོ་འམ། སྲུལ་པོའི་བུ་མོ་འམ། སྲུལ་པོའི་རྒན་པོ་འམ། སྲུལ་པོའི་རྒན་མོ་འམ། སྲུལ་པོའི་འཁོར་ཕོ་འམ། སྲུལ་པོའི་འཁོར་མོ་འམ། ལུས་སྲུལ་པོ་འམ། ལུས་སྲུལ་པོ་མོ་འམ། ལུས་སྲུལ་པོའི་བུ་ཕོ་འམ། ལུས་སྲུལ་པོའི་བུ་མོ་འམ། ལུས་སྲུལ་པོའི་རྒན་པོ་འམ། ལུས་སྲུལ་པོའི་རྒན་མོ་འམ། ལུས་སྲུལ་པོའི་འཁོར་ཕོ་འམ། ལུས་སྲུལ་པོའི་འཁོར་མོ་འམ། སྐེམ་བྱེད་དམ། སྐེམ་བྱེད་མོ་འམ། སྐེམ་བྱེད་ཀྱི་བུ་ཕོ་འམ། སྐེམ་བྱེད་ཀྱི་བུ་མོ་འམ། སྐེམ་བྱེད་རྒན་པོ་འམ། 97.101b སྐེམ་བྱེད་རྒན་མོ་འམ། སྐེམ་བྱེད་ཀྱི་འཁོར་ཕོ་འམ། སྐེམ་བྱེད་ཀྱི་འཁོར་མོ་འམ། སྨྱོ་བྱེད་དམ། སྨྱོ་བྱེད་མོ་འམ། སྨྱོ་བྱེད་ཀྱི་བུ་ཕོ་འམ། སྨྱོ་བྱེད་ཀྱི་བུ་མོ་འམ། སྨྱོ་བྱེད་རྒན་པོ་འམ། སྨྱོ་བྱེད་རྒན་མོ་འམ། སྨྱོ་བྱེད་ཀྱི་འཁོར་ཕོ་འམ། སྨྱོ་བྱེད་ཀྱི་འཁོར་མོ་འམ། གྲིབ་གནོན་ནམ། གྲིབ་གནོན་མོ་འམ། གྲིབ་གནོན་གྱི་བུ་ཕོ་འམ། གྲིབ་གནོན་གྱི་བུ་མོ་འམ། གྲིབ་གནོན་རྒན་པོ་འམ། གྲིབ་གནོན་རྒན་མོ་འམ། གྲིབ་གནོན་གྱི་འཁོར་ཕོ་འམ། གྲིབ་གནོན་གྱི་འཁོར་མོ་འམ། རྗེད་བྱེད་དམ། རྗེད་བྱེད་མོ་འམ། རྗེད་བྱེད་ཀྱི་བུ་ཕོ་འམ། རྗེད་བྱེད་ཀྱི་བུ་མོ་འམ། རྗེད་བྱེད་རྒན་པོ་འམ། རྗེད་བྱེད་རྒན་མོ་འམ། རྗེད་བྱེད་ཀྱི་འཁོར་ཕོ་འམ། རྗེད་བྱེད་ཀྱི་འཁོར་མོ་འམ། གནོན་པོ་འམ། གནོན་པོ་མོ་འམ། གནོན་པོའི་བུ་ཕོ་འམ། གནོན་པོའི་བུ་མོ་འམ། གནོན་པོའི་རྒན་པོ་འམ། གནོན་པོའི་རྒན་མོ་འམ། གནོན་པོའི་འཁོར་ཕོ་འམ། གནོན་པོའི་འཁོར་མོ་འམ། འགའ་ཡང་འོང་བར་ངེས་ལྷ་དང་བཅས་པ། བདུད་དང་བཅས་པ། ཚངས་པ་དང་བཅས་པ། དགེ་སྦྱོང་དང་བཅས་པ། བྲམ་ཟེའི་སྐྱེ་དགུ་དང་བཅས་པ། ལྷ་དང་མི་དང ། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་མ་མཐོང་ངོ ། །གླགས་ཚོལ་བར་འདོད་ཅིང་གླགས་ལྟ་ན་ཡང་གླགས་མི་རྙེད་དེ། ལྷ་ནི་ལྷ་འདུ་བའི་གནས་སུ་མ་ཡིན། ཀླུ་ནི་ཀླུ་འདུ་བའི་གནས་སུ་མ་ཡིན། ལྷ་མ་ཡིན་ནི་ལྷ་མ་ཡིན་འདུ་བའི་གནས་སུ་མ་ཡིན། རླུང་ལྷ་ནི་རླུང་ལྷ་འདུ་བའི་གནས་སུ་མ་ཡིན། ནམ་མཁའ་ལྡིང་ནི་ནམ་མཁའ་ལྡིང་འདུ་བའི་གནས་སུ་མ་ཡིན། དྲི་ཟ་ནི་དྲི་ཟ་འདུ་བའི་གནས་སུ་མ་ཡིན། མི་འམ་ཅི་ནི་མི་འམ་ཅི་འདུ་བའི་གནས་སུ་མ་ཡིན། ལྟོ་འཕྱེ་ཆེན་པོ་ནི་ལྟོ་འཕྱེ་ཆེན་པོ་འདུ་བའི་གནས་སུ་མ་ཡིན། གནོད་སྦྱིན་ནི་གནོད་སྦྱིན་འདུ་བའི་གནས་སུ་མ་ཡིན། སྲིན་པོ་ནི་སྲིན་པོ་འདུ་བའི་གནས་སུ་མ་ཡིན། ཡི་དགས་ནི་ཡི་དགས་འདུ་བའི་གནས་སུ་མ་ཡིན། ཤ་ཟ་ནི་ཤ་ཟ་འདུ་བའི་གནསུ་མ་ཡིན། འབྱུང་པོ་ནི་འབྱུང་པོ་འདུ་བའི་གནས་སུ་མ་ཡིན། གྲུལ་བུམ་ནི་གྲུལ་བུམ་འདུ་བའི་གནསུ་མ་ཡིན། སྲུལ་པོ་ནི་སྲུལ་པོ་འདུ 97.102a བའི་གནས་སུ་མ་ཡིན། ལུས་སྲུལ་པོ་ནི་ལུས་སྲུལ་པོ་འདུ་བའི་གནས་སུ་མ་ཡིན། སྐེམ་བྱེད་ནི་སྐེམ་བྱེད་འདུ་བའི་གནས་སུ་མ་ཡིན། སྨྱོ་བྱེད་ནི་སྨྱོ་བྱེད་འདུ་བའི་གནས་སུ་མ་ཡིན། གྲིབ་གནོན་ནི་གྲིབ་གནོན་འདུ་བའི་གནས་སུ་མ་ཡིན། རྗེད་བྱེད་ནི་རྗེད་བྱེད་འདུ་བའི་གནས་སུ་མ་ཡིན་ཏེ། གནོན་པོ་ནི་གནོན་པོ་འདུ་བའི་གནས་སུ་མི་ཆུད་དོ། །གང་ལ་ལ་ཞིག་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལས་འགལ་བར་བྱེད་ན་དེའི་མགོ་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་པ་བདུན་དུ་འགས་སོ། །གསང་སྔགས་ཀྱི་ཚིག་འདི་དག་ཀྱང་ཡིད་ལ་བྱའོ། །ཏད་ཡ་ཐཱ། ཨི་ལི་མི་ལི། ཀི་ལི་མི་ལི། ཀིན་དུག་དྷེ། མུཀྟེ། སུ་མུཀྟེ། ཨཱ་ཌ། ནཱ་ཌེ། སུ་ཎཱ་ཌ། ལྕང་ལོ་ཅན་དུ་མཆོག་ཏུ་ལྷས་ཆར་ཕོབ་ཤིག་།ཱ་རཱ་པཱ་རཱ། གོ་དོ་ཧི་ཀཱ། ཨི་ལི་མི་ལི། བྷི་ཛི་ལི་ཀཱ། ཨུ་དུ་ཀཱ། དུནྡུ་ཀ་།ཀཱ་ཊུ་ཊུ་ཀཱ། ཨི་ལི་མི་ལི། ཏི་ལི་མི་ལི། ས་མན་ཏ་ཏ། ཀྲི་ཏྭཱ། ཧུ་ལུ་ཧུ་ལུ། ཧི་ལི་ཧི་ལི། མི་ལི་མི་ལི། པི་ལི་པི་ལི། ཀི་ལི་ཀི་ལི། ཤཱིཪྵེ་ཎ། བཪྵ་མ། ཙའུ་ལུ་ཙའུ་ལུ། ཙ་ལ་ཙ་ལ། ཙི་ལི་ཙི་ལི། ཙའུ་ལུ་ཙའུ་ལུ། ཙི་ཊི་ཙི་ཊི། ཤི་ཁི་ཤི་ཁི་ཤི་ཁི་ཤི་ཁི། ཨི་ཊི་བི་ཊི་ཁི་ཁི་ཁི། ཛུ་ཧུ་ཛུ་ཧུ་ཛུ་ཧུ་ཛུ་ཧུ་ཛུ་ཧུ་ཛུ་ཧུ་ཛུ་ཧུ་ཛུ་ཧུ་ཛུ་ཧུ་ཛུ་ཧུ། ཧ་ར་ཧ་ར། ཧ་ར་ནི། ཛམ་བྷེ། པྲ་ཛམ་བྷེ། སརྦ་དུཥྚ་པྲ་དུཥྚ་ནཱཾ། ཛམ་བྷེ་མི། སྟམ་བྷེ་མི། བདག་ལ་བསྲུང་བ་གྱིས་ཤིག་།སྦ་བ་དང ། ཡོངས་སུ་སྐྱབ་པ་དང ། ཡོངས་སུ་བཟུང་བ་དང ། ཡོངས་སུ་བསྐྱང་བ་དང ། ཞི་བ་དང ། བདེ་ལེགས་སུ་འགྱུར་བ་དང ། ཆད་པ་སྤང་བ་དང ། མཚོན་ཆ་སྤང་བ་དང ། དུག་གཞིལ་བ་དང ། དུག་བསད་པ་དང ། མཚམས་གཅད་པ་དང ། ས་བཅིང་བ་གྱིས་ཤིག་།ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཏད་ཡ་ཐཱ། ཙི་ཙི་ཏྲ་མཱུ་ལེ། ཙི་ཏྲེ་ཙི་ཏྲ་མཱ་ལེ། ཧ་ལེ་ཧ་ལེ་མཱ་ལེ། ཕ་ལེ་ཕ་ལ་མཱ་ལེ། ཁུ་རུ་ཁུ་རུ། བ་རུ། བ་རུ་ཎེ། བི་རོ་དྷ་ཡེ། སུ་རུ་སུ་རུ། མུ་རུ་མུ་རུ། སངས་རྒྱས་ཐམས་ཅད་ཀྱི་གཟི་བརྗིད་ཀྱིས་སྡང་བ་དང ། རབ་ཏུ་སྡང་བ་རྣམས་ཀྱི་དུག་དང ། མཆེ་བའི་དུག་དང ། རྩ་བའི་དུག་དང ། ཁ་ཟས་ཀྱི་དུག་བཅོམ་མོ། །སུ་རུ་སུ་རུ་ཀེ་། 97.102b བ་ར་བ་ར་ཀེ་།བཀྐེ། པི་ཧི་རི། ཡང་དག་པར་རྫོགས་པའི་སངས་རྒྱས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བདུན་པོ་དག་གི་གཟི་བརྗིད་ཀྱིས་དུག་བཅོམ་མོ། །དུག་ངེས་པར་བཅོམ་མོ། །དུག་མེད་དོ། །ེ་ལཱ་མེ་ལཱ། ཨི་ལི་མི་ལཱ། ཏི་ལི་ཏི་ལི་མེ་ལཱ། ཏི་ཧ་དུ་ཧ། ཏི་ལི་མཱ། ཏི་མཱ། དུ་མཱ། དྷཱི་མཱ། དྷུ་སུ་ཀུམ་བྷཱ་ཏུམྦཱ། ས་མཱ་ཨཱ་ཌེ་ནཱ་ཌེ། ཏི་ལ། ཀུཉྫ་ཎཱ་ཌེ། ཨི་ལི་ཀི་སི། ང་སེམས་ཅན་ཐམས་ཅད་ལ་བྱམས་པས་ལྟས་ཟླ་བ་དགུ་འམ། ཟླ་བ་བཅུར་ཀུན་དུ་ཆར་ཕོབ་ཅིག་།བུ་ཥ་ཌེ། ཤ་བ་རི་ཎི། བུ་དཱ་རི་ཎི། ཀེ་བཊ་ཊེ། ཀེ་བཊ་ཊ། ཀེ་མཱུ་ལེ། ཨི་ཏི་ཤ་བ་རི། ཏུམ་བེ། ཏུམ་བེ། པྲི་ཡཾ་ཀ་རེ། ཨ་བཱཊ་ཊེ། པ་རི་བཊ་ཊི། ལྷས་ཀུན་ནས་ཆུ་སར་པའི་ཆར་ཕོབ་ཅིག་།ན་མོ་བྷ་ག་བ་ཏེ། ཨིན་དྲ་གོ་མི། སི་ཀཱ་ཡ། ཨི་ཊིཊ་ནཱ་ཡ། གོ་དོ་ཧི་ཀཱ་ཡ། བྷྲིང་གཱ་རི་ཀཱ་ཡ། ཨ་ལེ་ཏ་ལེ། ཀུན་ཏ་ལེ། ཨཊ་ཊེ། ནཊ་ཊེ། ཀུ་ནཊ་ཊེ། ཨ་ཤ་ནེ། པཱ་ཤ་ནེ། པཱ་པ་ནི། ཀུ་ལེ། པྲ་ཏི་ཀུ་ལེ། སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཕྱག་འཚལ་ལོ་སཝཱ་ཧཱ། རྒྱལ་བ་རྣམ་གཟིགས་མྱ་ངན་འཚང་ལ་གནས། །རྒྱལ་བ་གཙུག་ཏོར་པད་མ་དཀར་པོའི་དྲུང ། །ཐམས་ཅད་སྐྱོབ་པ་སཱ་ལའི་དྲུང་ན་གནས། །བྲམ་ཟེ་འཁོར་བ་འཇིག་ནི་ཤཪྵའི་དྲུང ། །སངས་རྒྱས་གསེར་ཐུབ་ཨུ་དུམ་བཱ་རིའི་དྲུང ། །འོད་སྲུང་ནྱ་གྲོ་དྷ་ཡི་དྲུང་ན་གནས། །ཤཱཀྱ་ཐུབ་མཆོག་ཁྱད་པར་གནས་དྲུང་དུ། །ཕྱིན་ནས་བྱང་ཆུབ་ཐོབ་གྱུར་གཽ་ཏ་མ། །སངས་རྒྱས་རྫུ་འཕྲུལ་ཆེན་པོ་དེ་དག་ལ། །མངོན་པར་དད་པའི་ལྷ་གང་འཁོད་པ་དག་།ལྷ་རྣམས་དེ་དག་ཡིད་དགའ་མགུ་གྱུར་ནས། །རྟག་ཏུ་དགེ་དང་ཞི་བར་འགྱུར་བར་བྱས། །ཏད་ཡ་ཐཱ། ཨི་ལི་མི་ལི། ཀི་ལི་མི་ལི། ཀི་ལི་ཅི་ལི། ཀི་ལི་བོ་ལི། ཨུ་དུ་རཱ། སུ་དུ་མོ་དེ། བུ་ས་ར། བུ་ས་ར། ཧུ་ཧུ། ཀ་རཾ་ཛེ། ཀ་རཾ་ཛེ། ཀ་རཉྫ་མཱུ་ལེ། ཨི་ཧི་ས། ན་ཏཱ། ཀུཎ་ཌ་ལི། ཀུན་ཏཱ་ལི། ནཱ་རཱ་ཡ་ནི། པཱ་རཱ་ཡ་ནི། པཱ་ཤྱ་ནི། པཱ་ཤྱ་པཱ་ཤྱ་ནི། ཀི་པི་ལ་བཱསྟུ་ནི། ཨི་རི་བཱ་སི། འགྲོ་ལྡིང་བའི་སྔགས་ཀྱི་ཚིགས་རྣམས་གྲུབ་པར་གྱུར་ཅིག་སཝཱ་ཧཱ། ཀུན་དགའ་བོ་སྨན་ཆེན་པོ་འདི་དག་ནི་མི་འཇེད་ཀྱི་བདག་པོ་ཚངས་པ་དང ། ལྷ་རྣམས 97.103a ཀྱི་དབང་པོ་བརྒྱ་བྱིན་དང ། རྒྱལ་པོ་ཆེན་པོ་བཞི་དང ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་ཀྱིས་བཤད་པ་སྟེ། ཀུན་དགའ་བོ་གང་སྨན་ཆེན་པོ་འདི་དག་གི་མིང་འཛིན་པ་ལ་འགའ་ཞིག་རབ་ཏུ་སྡང་བའི་སེམས་ཀྱིས་འོང་ན། དེའི་མགོ་ཨརྫ་ཀའི་དོག་པ་བཞིན་དུ་ཚལ་པ་བདུན་དུ་འགས་སོ། །ཏད་ཡ་ཐཱ། ཀཱིར་ཏི་མཱུ་ལེ། ཨེ་རཎྜ་མུ་ལེ། ས་མན་ཏ་མཱུ་ལེ་ན་ཌ་ནཱ་ཌེ། ཨ་ཌེ་ནཱ་ཌེ། ཀུ་ཤ་ནཱ་ཌེ། ཨིཏ་ཏེ། མིཏ་ཏེ། མཱ་རུ། ཨ་ར་ཌ་ཀཱ། མ་ར་ཌ་ཀཱ། ཨི་ལི་ཀི་ཤི། གོ་དོ་ཧི་ཀ་།ུད་དྷུཾ་དུ་མ། བྷིན་ན། མེ་ཌཱ། སངས་རྒྱས་རྣཾས་ལ་ཕྱག་འཚལ་ལོ། །རྐང་གཉིས་ཁྱེད་ཅག་བདེ་ལེགས་ཤོག་།རྐང་བཞི་ཁྱེད་ཅག་བདེ་ལེགས་ཤོག་།ལམ་དུ་ཞུགས་རྣམས་བདེ་ལེགས་ཤོག་།ཕྱིར་འོང་དག་ཀྱང་བདེ་ལེགས་ཤོག་།མཚན་མོ་བདེ་ལེགས་ཉིན་བདེ་ལེགས། །ཉི་མའི་གང་ལའང་བདེ་ལེགས་ཤིང ། །ཁྱེད་ཅག་ཀུན་དུ་བདེ་ལེགས་ཤོག་།དེ་དག་སྡིག་པར་མ་གྱུར་ཅིག་།ཉི་མ་ཐམས་ཅད་དགེ་བ་ཡིན། །རྒྱུ་སྐར་ཐམས་ཅད་བཟང་པོ་ཡིན། །སངས་རྒྱས་ཐཾད་རྫུ་འཕྲུལ་ཆེ། །དགྲ་བཅོམ་ཐམས་ཅད་ཟག་པ་མེད། །བདེན་པའི་ཚིག་འདིས་ཀུན་དུ་བདེ་ལེགས་སུ་གྱུར་ཅིག་།དེ་བཞིན་གཤེགས་པས་གསུངས་པའི་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བར་གྱིས་ཤིག་།སྦ་བ་དང ། ཡོངས་སུ་བསྐྱབ་པ་དང ། ཡོངསུ་བཟུང་བ་དང ། ཡོངས་སུ་བསྐྱང་བ་དང ། ཞི་བ་དང ། བདེ་ལེགས་སུ་འགྱུར་བ་དང ། ཆད་པ་སྤང་བ་དང ། མཚོན་ཆ་སྤང་བ་དང ། དུག་གཞིལ་བ་དང ། དུག་བསད་པ་དང ། མཚམས་བཅད་པ་དང ། ས་བཅིང་བ་གྱིས་ཤིག་།ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཀུན་དགའ་བོ་གནོད་སྦྱིན་གང་དག་རྒྱ་མཚོ་ལ་གནས་པའི་གནོད་སྦྱིན་ཆེན་པོ་དག་དང ། གང་དག་རིའི་རྒྱལ་པོ་རི་རབ་དང ། གང་དག་རིའྀ་རྒྱལ་པོ་གཞན་རྣཾས་དང ། འབྲོག་རྣམས་དང ། འབྲོག་ཆེན་པོ་རྣམས་དང ། ཀླུང་རྣམས་དང ། ཀླུང་ཆེན་པོ་རྣཾས་དང ། སྨན་ལྗོང་རྣཾས་དང ། འབབ་ཆུ 97.103b རྣམས་དང ། ལྟེང་ཀ་རྣམས་དང ། ལུ་མ་རྣམས་དང ། རིའྀ་ཕུག་རྣམས་དང ། དུར་ཁྲོད་རྣམས་དང ། དུར་ཁྲོད་ཆེན་པོ་རྣཾས་དང ། བཞི་མདོ་རྣམས་དང ། གྲོང་རྣམས་དང ། གྲོང་ཁྱེར་རྣམས་དང ། ལྷས་རྣམས་དང ། སྐྱེད་མོས་ཚལ་རྣཾས་དང ། ནག་རྣཾས་དང ། ནག་འཚལ་རྣཾས་དང ། ལམ་གོལ་བ་དག་ན་གནས་པ་དང ། ཀུན་དགའ་བོ་གནོད་སྦྱིན་གང་དག་ཅང་ལོ་ཅན་གྱི་ཕོ་བྲང་འཁོར་ན་གནས་པ་དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག་།ལོ་རྒྱ་ཚོ་བར་གྱུར་ཅིག་།སྟོན་རྒྱ་མཐོང་བར་ཤོག་ཤིག་།ཏད་ཡ་ཐཱ། ཧ་རི་ཧཱ་རི་ཎི། ཙ་ལི་ཙཱ་ལི་ནི། བྷྲ་མ་ཎི་བྷྲ་མ་ནི། མོ་ཧ་ནི། སྟམྦྷ་ནི། ཛམྦྷ་ནི། སཝ་ཡམ་བྷུ་བེ་སཝཱ་ཧཱ། ཀུན་དགའ་བོ་ཤར་ཕྱོགས་ན་དྲི་ཟའི་རྒྱལ་པོ་ཡུལ་འཁོར་བསྲུང་ཞེས་བྱ་བ་དྲི་ཟ་ཐམས་ཅད་ཀྱི་བདག་པོ་འཁོར་དྲི་ཟ་འབུམ་ཕྲག་དུ་མ་ཡོད་པ་དྲི་ཟ་རྣཾས་ལ་དབང་བྱེད་དུ་འཇུག་པ་གནས་ཏེ། གང་ཤར་ཕྱོགས་བསྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་དེ་ཡང་བུ་དང་བཅས། ཚ་བོ་དང་བཅས། སྤུན་དང་བཅས། བློན་པོ་དང་བཅས། སྡེ་དཔོན་དང་བཅས། མངག་པ་དང་བཅས། ཕོ་ཉ་དང་བཅས། གཡོག་དང་བཅས། འཁོར་དང་བཅས་བའི་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་བདག་ལ་བསྲུང་བ་གྱིས་ཤིག་།སྦ་བ་དང ། ཡོངས་སུ་སྐྱབ་པ་དང ། ཡོངས་སུ་བཟུང་བ་དང ། ཡོངས་སུ་བསྐྱང་བ་དང ། ཞི་བ་དང ། བདེ་ལེགས་སུ་འགྱུར་བ་དང ། ཆད་པ་སྤོང་བ་དང ། མཚོན་ཆ་སྤང་བ་དང ། དུག་གཞིལ་བ་དང ། དུག་བསད་པ་དང ། མཚམས་བཅད་པ་དང ། ས་བཅིང་བ་གྱིས་ཤིག་།ལོ་རྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཏད་ཡ་ཐཱ། ཛྷུ་ཛྷུ་རུ། ཛྷུ་ཛྷུ་རུ། ཛྷུ་ཛྷུ་རུ། ཛྷུ་རུ། ཛྷུ་རུ། ཛྷུ་རུ་མེ་སཝཱ་ཧཱ། ཀུན་དགའ་བོ་ལྷོ་ཕྱོགས་ན་གྲུལ་བུམ་གྱི་རྒྱལ་པོ་འཕགས་སྐྱེས་པོ་ཞེས་བྱ་བ་གྲུལ་བུཾ་གྱི་བདག་པོ་འཁོར་གྲུལ་བུམ་བརྒྱ་སྟོང་དུ་མ་ཡོད་པ། གྲུལ་བུམ་རྣམས་ལ་དབང་བྱེད་དུ་འཇུག་པ་གནས་ཏེ། གང་ལྷོ་ཕྱོགས་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་དེ་ཡང་བུ 97.104a དང་བཅས། ཚ་བོ་དང་བཅས། སྤུན་དང་བཅས། བློན་པོ་དང་བཅས། སྡེ་དཔོན་དང་བཅས། མངག་པ་དང་བཅས། ཕོ་ཉ་དང་བཅས། གཡོག་དང་བཅས། འཁོར་དང་བཅས་པས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག་།སྦ་བ་དང ། ཡོངས་སུ་བསྐྱབ་པ་དང ། ཡོངས་སུ་བཟང་བ་དང ། ཡོངས་སུ་བསྐྱང་བ་དང ། ཞི་བ་དང ། བདེ་ལེགས་སུ་འགྱུར་བ་དང ། ཆད་པ་སྤང་བ་དང ། མཚོན་ཆ་སྤང་བ་དང ། དུག་གཞིལ་བ་དང ། དུག་བསད་པ་དང ། མཚམས་གཅད་པ་དང ། ས་བཅིང་བ་གྱིས་ཤིག་།ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཏད་ཡ་ཐཱ། བེ་ལུ་ཀེ་།བེ་ལུ་ཀེ་། མྲྀ་ཏ་གྷཱ་ཏ་ནི། བ་རུ་ན་བ་ཏེ། སོ་མ་བ་ཏེ། བེ་ཎུ་མཱ་ལི་ནི། བེ་ལུ་ནི། པུ་ཏྲི་ཀེ་།ཙོ་ཙུ་ཙི་ཙུ་སཝཱ་ཧཱ། ཀུན་དགའ་བོ་ནུབ་ཕྱོགས་ན་ཀླུའི་རྒྱལ་པོ་མིག་མི་བཟང་ཞེས་བྱ་བ་ཀླུ་ཐམས་ཅད་ཀྱི་བདག་པོ་འཁོར་ཀླུ་རྒྱ་བསྟོང་དུ་མ་ཡོད་པ། ཀླུ་རྣམས་ལ་དབང་བྱེད་དུ་འཇུག་པ་གནས་ཏེ། གང་ནུབ་ཕྱོགས་བསྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་དེ་ཡང་བུ་དང་བཅས་ཚ་བོ་དང་བཅས། སྤུན་དང་བཅས། བློན་པོ་དང་བཅས། སྡེ་དཔོན་དང་བཅས། མངག་པ་དང་བཅས། ཕོ་ཉ་དང་བཅས། གཡོག་དང་བཅས། འཁོར་དང་བཅས་པས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག་།སྦ་བ་དང ། ཡོངས་སུ་བསྐྱབ་པ་དང ། ཡོངས་སུ་བཟང་བ་དང ། ཡོངས་སུ་སྐྱང་བ་དང ། ཞི་བ་དང ། བདེ་ལེགས་སུ་འགྱུར་བ་དང ། ཆད་པ་སྤང་བ་དང ། མཚོན་ཆ་སྤང་བ་དང ། དུག་གཞིལ་བ་དང ། དུག་བསད་པ་དང ། མཚམས་བཅད་པ་དང ། ས་བཅིང་བ་གྱིས་ཤིག་།ལོ་རྒྱ་འཚོ་བར་གྱུར་ཅིག་།སྟོན་རྒྱ་མཐོང་བར་ཤོག་ཤིག་།ཏད་ཡ་ཐཱ། བེ་དུ་རི་བེ་དུ་རི། བེ་དཱུ་རཱི། བེ་དཱུ་རཱི། མཊྚི་ཏེ། མཊྚ་ཏེ། ཀོ་ཊི། ཀོ་ཊི། བེ་དྱུ་མ་ཏི་བེ་དྱུ་མ་ཏི། ཧུ་ཧུ་ཧུ་ཧུ་ཧུ་ཧུ་ཧུ་ཧུ། རུ་རུ་རུ་རུ། རུ་རུ་རུ་རུ། ཙུ་ཙུ་ཙུ་ཙུ། ཙུ་ཙུ་ཙུ་ཙུ། ཙ་ཙ་ཙ་ཙ་ཙ་ཙ་ཙ་ཙ་ཛུ་སཝཱ་ཧཱ། ཀུན་དགའ་བོ་བྱང་ཕྱོགས་ན་གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་ཀྱི་བུ 97.104b ཞེས་བྱ་བ་གནོད་སྦྱིན་ཐམས་ཅད་ཀྱི་བདག་པོ་འཁོར་གནོད་སྦྱིན་རྒྱ་སྟོང་དུ་མ་ཡོད་པ་གནོད་སྦྱིན་རྣམས་ལ་དབང་བྱེད་དུ་འཇུག་པ་གནས་ཏེ། གང་བྱང་ཕྱོགས་བསྲུང་ཞིང་ཡོངས་སྐྱོང་བར་བྱེད་པ་དེ་ཡང་བུ་དང་བཅས། ཚ་བོ་དང་བཅས། སྤུན་དང་བཅས། བློན་པོ་དང་བཅས། སྡེ་དཔོན་དང་བཅས། མངག་པ་དང་བཅས། ཕོ་ཉ་དང་བཅས། གཡོག་དང་བཅས། འཁོར་དང་བཅས་པས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག་།སྦ་བ་དང ། ཡོངས་སུ་སྐྱབ་པ་དང ། ཡོངས་སུ་བཟུང་བ་དང ། ཡོངས་སུ་བསྐྱང་བ་དང ། ཞི་བ་དང་བདེ་ལེགས་སུ་འགྱུར་བ་དང ། ཆད་པ་སྤང་བ་དང ། མཚོན་ཆ་སྤང་བ་དང ། དུག་གཞིལ་བ་དང་དུག་བསད་པ་དང ། མཚམས་བཅད་པ་དང ། ས་བཅིང་བ་གྱིས་ཤིག་།ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཏད་ཡ་ཐཱ། སཽ་རི་སཽ་རི། ཤི་རི་ཤི་རི། མ་ཏི་མ་ཏི། ཧི་རི་ཧི་རི ། རི་ཧི་རི། མ་ཏི། ཀི་རི་ཀི་རི། ཧི་རི་ཧི་རི་པེ་ལུ་པེ་ལུ་བིངྒ་ལེ་ཙུ་ལུ་ཙུ་ལུ་ཧ་ཏཾ་པི་ཥ་མ་བན་དྷུ་མ་ཏེ་ནི་ཧ་ཏཾ་བེ་ཥ་མ། བན་དྷུ་མ་ཏེ་སཝཱ་ཧཱ། ཤར་ཕྱོགས་ན་ནི་ཡུལ་འཁོར་སྲུང ། །ལྷོ་ཕྱོགས་ན་ནི་འཕགས་སྐྱེས་པོ། །ནུབ་ཕྱོགས་ན་ནི་མིག་མི་བཟང ། །བྱང་ཕྱོགས་ན་ནི་ལུས་ངན་པོ། །རྒྱལ་པོ་ཆེན་པོ་འདི་བཞི་དག་།འཇིག་རྟེན་སྐྱོང་བ་གྲགས་དང་ལྡན། །ཕྱོགས་བཞི་དག་ནི་སྐྱོང་བར་བྱེད། །སྡེ་པོ་ཆེ་ལ་སྟོབས་པོ་ཆེ། །ཕ་རོལ་དགྲ་རྣཾས་རབ་ཏུ་འཇོམས། །བཞན་གྱིས་མི་ཐུབ་ཐུལ་བར་དཀའ། །རྫུ་འཕྲུལ་ལྡན་ཞིང་འོད་དང་ལྡན། །ཁ་དོག་ལྡན་ཞིང་གྲགས་དང་ལྡན། །རྫུ་འཕྲུལ་ཆེ་ཞིང་ལྷ་མིན་དང ། །ལྷའི་གཡུལ་ཡང་མྱོང་བར་བྱེད། །དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་བདག་ལ་བསྲུང་བ་གྱིས་ཤིག་།སྦ་བ་དང ། ཡོངས་སུ་བསྐྱབ་པ་དང ། ཡོངས་སུ་བཟུང་བ་དང ། ཡོངས་སུ་བསྐྱང་བ་དང ། ཞི་བ་དང ། བདེ་ལེགས་སུ་འགྱུར་བ་དང ། ཆད་པ་སྤང་བ་དང ། མཚོན་ཆ་སྤང་བ་དང ། 97.105a དུག་གཞིལ་བ་དང ། དུག་བསད་པ་དང ། མཚམས་བཅད་པ་དང ། ས་བཅིང་བ་གྱིས་ཤིག་།ལོ་བརྒྱ་འཚོ་བར་ཤོག་ཤིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཏད་ཡ་ཐཱ། ཨེ་ལེ་མེ་ལེ། ཀེ་ལེ་ཏེ་ལེ། མེ་ལེ། ཤེ་ལེ། བཱ་ཤེ། དུམྦེ། དུ་དུམྦེ། ལྷས་ཀུན་དུ་ཆར་ཕོབ་ཤིག་།ཏི་ལི། མི་ལི། དུམྦེ། དུ་དུམྦེ། ཨཊྚེ། བཊྚེ། བ་ར་མ་དུ་བཊྚེ། ལྷས་འུར་འུར་ཀུན་དུ་ཆར་ཕོབ་ཤིག་།གུ་ཊུ་གུ་ཊུ་ན་ཏ། ཨ་ཌ་ཀ་བདྡཱ་ཡཾ། ཨཎྜེ་ནཎྜེ། ཏུཎྜེ། ཙུཀྐེ། བུཀྐེ། མུཀྐེ། ཨི་རི་ཌི། མི་རི་ཌི། ནི་རི་ཌི། པི་རི་ཌི། ཧི་རི་ཌི། ཧི་རི་ཧི་ལི། ཧི་ལི། ཧུ་ལུ་ཧུ་ལུ། མི་ལི་མི་ལི། ཏུ་ལེ། ཏ་ཏ་ལེ་སཝཱ་ཧཱ། ཀུན་དགའ་བོ་ཁྱོད་ཀྱིས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྣམས་ཀྱི་མིང་ཟུང་ཤིག་།འདི་ལྟ་སྟེ། ལུས་ངན་གྱི་ནི་བུ་ཐུ་བོ། །ཀུན་དུ་རྒྱལ་བ་མི་ལ་ཞོན། །ཕྲུགས་སུ་ལྡན་ན་གནས་པ་སྟེ། །ལྷ་ཡི་བདེན་པ་གསོལ་བ་པོ། །དེས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག་།ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཏད་ཡ་ཐཱ། བ་ལེ་བ་ལེ། བལྐ་ལེ། མཱ་ཏཾ་གི་ཙཎྜ་ལེ། པུ་རུ་ཤ་ཎི། བི་ཙི་ལི་ནི། གཽ་རི། གན་དྷཱ་རི། མ་ཏཾ་གི། ཙནྜཱ་ལེ། མཱ་ལི་ནི། ཧི་ལི་ཧི་ཁི། ཨཱ་ག་ཏེ། གཽ་རི། གན་དྷཱ་རི། གོཥྛི་ཀ་བ་ཙ་རི། བི་ཧཱ་རི། ཧི་ལི་ཧི་ལི། ཀུ་བྱེ་སཝཱ་ཧཱ། སྐྱ་སྣར་བུ་ན་འཁོར་བ་འཇིག་།གཞན་གྱི་མི་ཐུབ་ཀ་བ་ན། །གྲོང་ཁྱེར་བཟུང་ན་གནོད་སྦྱིན་བྲག་།ཤེད་ཀྱི་བུ་ནི་བྱང་ཕྱོགས་ན། །ལག་ན་རྡོ་རྗེ་རྒྱལ་པོའི་ཁབ། །བྱ་རྒོད་ཕུང་པོར་གནས་བཅས་པ། །རྒྱ་མཚོའྀ་མཐའ་ཡི་བར་གྱི་སར། །ལན་གསུམ་བར་དུ་འགྲོ་བྱེད་པ། །སྟོབས་ཆེ་ཞིང་ནི་གཟི་བརྗིད་ཆེ། །དཔག་ཚད་བཅུར་ནི་རྣམ་པར་གནོན། །གནོད་སྦྱིན་མཁའ་ལྡིང་རྒྱལ་བ་ན། །སྣ་ཚོགས་སྦེད་པ་གནས་སྒོ་ན། །གནོད་སྦྱིན་བཀྐུ་ལ་རྒྱལ་ཁབ་ན། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །གནོད་སྦྱིན་ནག་པོ་ཉེ་གནག་པོ། །སེར་སྐྱའི་ནི་གནས་ན་གནས། །ཐུབ་པ་ཆེན་པོ་ཤཱཀྱའི་ཏོག་།སངས་རྒྱས་ཐུབ་པ་གར་བལྟམ་པ། །རྐང་བཀྲ་པོ་ནི་དགྲག་ཅན་ན། །ཙི་ར་ཏ་ན་དབང་ཕྱུག་ཆེ། །མཉན་ཡ་ན་ནི་ཕུར་བུ་བོ། །གནས་བཅེས་ན་ནི་རྒྱ་མཚོ་གནས། ། 97.105b ཡངས་པ་ཅན་ན་རྡོ་རྗེ་མཚོན། །སྤྲེའུ་ལྟར་དམར་སེར་གྱད་ཡུལ་ན། །བཱ་རཱ་ན་སཱེར་ནག་པོ་ཆེ། །བལྟ་ན་སྡུག་པ་ཙམ་པ་ན། །གནོད་སྦྱིན་ཁྱབ་འཇུག་སྒོ་ཅན་ན། །འཛིན་པ་པོ་ནི་སྒོ་དྲུང་ན། །འཇིགས་བྱེད་ཟངས་ཀྱི་འདབ་མ་ན། །བྲང་གི་འགྲོ་ན་འཇོམ་པ་པོ། །འབྲོག་ན་གནོད་སྦྱིན་འབྲོག་གནས་པོ། །སེར་སྐྱ་པོ་ནི་འབྲུ་མངས་ན། །འཕགས་རྒྱལ་ན་ནི་ནོར་སྲུང་བ། །སྲུང་བྱེད་ན་ནི་ནོར་འབྱོར་པ། །གསོ་བའི་མཐའ་ན་གསོ་བ་པོ། །དགའ་བོ་ཉེ་དགའ་གྲོང་ཁྱེར་གནས། །ཕྲེང་བ་འཛིན་པ་ཆུ་མཆོག་ན། །ཀུན་དགའ་འཆི་མེད་ས་ཞག་ན། །མཆེ་བ་དཀར་པོ་དངོས་བཟང་ན། །མི་བརྟན་པ་ནི་གཟི་ཅན་ན། །རིན་ཆེན་རི་ལྡན་གྲོང་ཁྱེར་ན། །ནོར་གྱི་བུ་ནི་ཕྱོགས་འཚམས་གནས། །སྨིན་དྲུག་བུ་ནི་གཞོན་ནུ་ཞེས། །འཇིག་རྟེན་གྲག་པ་སྐྱེ་ཡོད་ན། །འོད་མའི་འགྲམ་ན་ལག་བརྒྱ་པ། །ཀ་ལིང་ཀ་ན་ཤིང་རྟ་ཆེ། །ཐུལ་བར་དཀའ་ནི་འགྲོ་འཇོམས་ན། །སྲིད་སྒྲུབ་ནགས་ན་སྲིད་སྒྲུབ་པ། །གནོད་སྦྱིན་འཇོམ་པ་འདུན་ཁང་ན། །ཕྲེང་བ་སྲུང་ན་རི་བརྩེགས་པ། །རྟ་དམར་ན་ནི་བཟང་པོ་པ། །མ་རྫོགས་པ་ནི་ཐམས་ཅད་བཟང ། །སྙེམས་པ་ཅན་ན་སྐྱོང་བ་པོ། །དེད་དཔོན་ནོར་གྱི་དབང་ཕྱུག་གོ་།མ་རྒྱལ་རྒྱལ་ན་མཆེ་བ་གཙིགས། །གནས་ཅན་ན་ནི་ནོར་བཟང་པོ། །ཞི་བ་ཞི་བ་འི་གྲོང་ལེན་ན། །ཞི་བ་བཟང་པོ་འཇིགས་བྱེད་ན། །གནོད་སྦྱིན་དབང་པོ་དབང་འགྲོ་ན། །མེ་ཏོག་ཏོག་ནི་རྡོ་གྲོང་ན། །ཤིང་པ་ཤིང་གིས་གྲོང་ཁྱིར་ན། །ཁ་དོག་ཅན་ན་སེར་སྐྱ་གནས། །ནོར་བུ་བཟང་དང་གང་བ་བཟང ། །སྤུན་གཉིས་ཚངས་པ་ལྡན་པ་ན། །བ་ལང་འཛིན་ན་འཇོམ་པ་པོ། །རབ་ཏུ་འཇོམ་པ་རྡོ་འཇོག་ན། །གནོད་སྦྱིན་ཆེན་པོ་བོང་སྲུང་སེལ། །སྐྱུག་པ་ཡི་ནི་རི་ལ་གནས། །གསུཾ་སྦས་འགྲམ་པ་ལྡན་ངོགས་ན། །ཧོ་ནུ་ན་ནི་འོད་བྱེད་པ། །དགའ་བ་ཅན་དང་འཕེལ་བྱེད་པ། །དགའ་བ་འཕེལ་བྱེད་གྲོང་ཁྱེར་ན། །རླུང་གི་ས་ནི་རླུང་ལྡན་པ། །འཕྱང་བར་གྱུར་ན་འཐབ་དགའ་བ། །བཅོམ་བརླག་ན་ནི་བོང་བུ་པ། །ལང་ཀ་ན་ནི་བུམ་པའི་ལྟོ། །གནོད་སྦྱིན་ཉི་འོད་རབ་ཉམས་ན། །ཀོ་ས་ལ་ནི་རི་མགོ་བོ། ། 97.106a རྣམ་པར་རྒྱལ་དང་རྣམ་རྒྱལ་ལྡན། །དཀར་པོ་བཅོམ་བརླག་ཡུལ་ན་གནས། །གནོད་སྦྱིན་གང་བ་མ་ལ་ཡར། །ཏི་སེ་གངས་ན་མི་འམ་ཅི། །སྤྲིན་གྱི་ཕྲེང་ཅན་པོནྟྲ་ན། །རབ་ཏུ་གནས་ན་དུམ་བུ་པ། །པི་ཏང་ག་ལྱར་ཡང་དག་བྱད། །རླངས་དང་ལྡན་ན་བདེ་བྱེད་པ། །སྣ་ནས་བྱུང་ན་གནོད་སྦྱིན་མཛེས། །གསོ་བའི་མཐའ་ན་མ་ཆགས་པ། །དགའ་བྱེད་དང་ནི་ཕ་དགའ་དང ། །དཔའ་དང་གསེར་གྱི་ལག་པ་དང ། །ཀ་ལིངྐ་ན་ལྟོ་འཕྱང་པོ། །ཀོ་ས་ལ་ན་ནག་པོ་ཆེ། །དགེ་བ་དགེ་བའི་ཕོ་བྲང་ན། །བཱ་རཱ་ན་སེར་སྐྱོང་བ་པོ། །འགྲམ་ལྡན་ཕུང་པོ་རྣ་བ་བཟང ། །གྲོང་ཁྱེར་དྲུག་ན་ནོར་གཞན་པོ། །གནོད་སྦྱིན་སྟོབས་ཅན་མཐའ་མ་ན། །སྲུང་བ་ཅན་ན་མཐོང་དགའ་བ། །བ་ལཾང་འཟོམས་འཇོམས་ན་གཙུག་ཕུད་ཅན། །ཕྱོགས་འཚམས་ན་ནི་ཐལ་མོ་དགའ། །གདུགས་འདྲ་ན་ནི་དཀྲིས་པ་པོ། །གྲོང་ཁྱེར་དྲུག་ན་ཆུ་སྲིན་འདུལ། །ཚང་ཚིང་གཅིག་ན་མིག་ཡངས་པ། །ུ་དུམྦ་རར་སྒོ་ངའི་འོད། །ཀཽ་ཤམྦི་ན་ལྷུན་གྱིས་གྲུབ། །རྣམ་པར་སྣང་བྱེད་ཞི་ལྡན་ན། །སྦྲུལ་གྱི་གདུགས་ན་དགའ་བ་པོ། །གཡོ་བ་འཛིན་ན་སེར་སྐྱའོ། །གྱེན་དུ་འགྲོ་ན་བཀྐུ་ལ། །གང་པོ་སྙིང་པོ་ཐོབས་བྱེད་ན། །གྲོང་རྡལ་ཚོལ་བ་ལྔ་མངས་ན། །གླང་ཆེན་བརྗོད་པ་འདུ་བ་མཆོག་།ཆུ་ལྷའི་ཡུལ་ན་གཞུ་བརྟན་པོ། །གཡུལ་འགྱེད་ལྡན་པར་གྲོང་ཁྱིར་རྒྱལ། །སྒྲ་ངན་ཞིང་ན་གནོད་སྦྱིན་དབང ། །གཉི་དང་རྒྱལ་ངན་རྒྱལ་གཉི་ན། །གནོད་སྦྱིན་མོར་གྲགས་དེ་ཉིད་ན། །གཏུམ་ཆེན་གསེར་ཀྱི་འོག་པག་ཅན། །གནོད་པར་བྱེད་དང་དོན་གྲུབ་དང ། །འབྱུང་བར་བྱེད་པ་ནགས་ན་གནས། །འགྲོ་བ་དྲུག་པ་འགྲོ་འཇོམས་ན། །ཀ་བ་ན་ནི་ཀ་བ་ཉིད། །སེང་གེའི་སྟོབས་ན་གནོད་སྦྱིན་གང ། །སེང་གེ་སྟག་སྟོབས་མེད་བྱེད་གཉིས། །བྱེ་བ་འབབ་ན་སྡེ་བོ་ཆེ། །དེ་བཞིན་གཞན་གྱི་གྲོང་ལས་རྒྱལ། །མེ་ཏོག་སོ་ནི་ཙམ་པ་ན། །མཉམ་དགའ་བ་ནི་རི་མངས་ན། །བ་ལངས་སྦྱོར་ན་གནོད་སྦྱིན་རི། །གྲོང་ཁྱེར་ན་ནི་སྡེ་བཟང་པོ། །གནས་དང་བཅས་ན་ལགས་པ་དཔའ། །ཁ་ལ་བྱིན་ན་བདེ་བྱེད་པ། །ཀཽ་ཤམྦི་ན་ཚེགས་མེད་པ། །བཟང་པོ 97.106b ཅན་ན་བཟང་པོ་པ། །སྐྱ་སྣར་ཅན་གྱི་བུ་ན་ནི། །གནོད་སྦྱིན་འབྱུང་པོའི་གདོང་ཞེས་བྱ། །འཆིང་བུ་ན་ནི་མྱ་ངན་མེད། །མ་ལ་གནས་ན་ཤ་ཐུང་བ། །ཚང་ཚིང་གཅིག་ན་དོན་གྲུབ་པ། །མ་རྒྱལ་རྒྱལ་ན་དམན་པ་པོ། །ཆུ་མཆོག་ན་ནི་མུཉྫ་འི་སྐྲ། །སེན་ད་བ་ན་ནོར་བུའི་གནས། །གནོད་སྦྱིན་མི་བཟད་འགྲོ་ལྡན་དག་།སེར་སྐྱ་ཡི་ནི་གནས་ན་གནས། །བ་ལང་འཛིན་དང་གཞན་བརྙས་དང ། །སྒོ་བ་གནས་ཅན་རྟག་པ་དང ། །དབུ་མ་པའི་གནོད་སྦྱིན་དག་།གྲགས་པ་ཆེན་པོ་བཟང་མཛེས་ན། །གྲོང་ཁྱེར་སྙིང་པོར་དགྲས་དོགས་པ། །མྱ་ངན་ས་ན་རྨོངས་བྱེད་པ། །ཁྱུ་འགྲོ་ན་ནི་གནོད་སྦྱིན་གྲགས། །མ་རུང་པ་ཡང་དེ་བཞིན་ཏེ། །ང་རྒྱལ་བྲལ་དང་ལྷ་ཙེ་བ། །འཇིགས་བྱིན་ན་ནི་ཡིད་འཇིགས་པ། །ཁ་ཆེའི་ཡུལ་ན་འོད་བྱེད་པ། །གཏུམ་པོ་རལ་པ་ཅན་གྲོང་ན། །ཁ་ཆེའི་ཡུལ་གྱི་ས་མཚམས་ན། །ལྔས་རྩེན་ཞེས་ནི་བྱ་བ་གནས། །དེ་ལ་བུ་ནི་ལྔ་བརྒྱ་སྟེ། །སྡེ་བོ་ཆེ་ལ་སྟོབས་པོ་ཆེ། །ལྔས་རྩེན་གྱི་ནི་བུ་ཐུ་བོ། །རྒྱ་ཡུལ་གྱི་ནི་ས་ལ་གནས། །ཕྲག་པའི་མིག་ཅེས་བྱ་བ་ནི། །མཛོད་ལྡན་ན་ནི་སྤུན་དང་བཅས། །ཀ་ལིངྐ་ན་མཆེ་བ་རྐང ། །དཀྱིལ་འཁོར་སྟན་ན་དཀྱིལ་འཁོར་རོ། །ཀ་བུ་ཤ་ན་ལང་ཀའི་བདག་།འོད་ཅན་དགའ་བའི་ཚང་ཚིང་ན། །ནམ་མཁའ་སྲུང་ན་ཆོས་སྐྱོང་བ། །ལག་པ་ཆེན་པོ་ངན་པ་ན། །རྣམ་ཐོས་བུ་ཡི་བུ་དཔལ་ལྡན། །རྒྱལ་བ་ཁྱུ་མཆོག་རྒྱལ་པོའི་བུ། །གནོད་སྦྱིན་བྱེ་བས་ཡོངས་སྐོར་ཅིང ། །ཐོ་གར་གྱི་ནི་ཡུལ་ན་གནས། །འགྲོར་བཅས་རི་དང་གངས་ཅན་དག་།སིན་དྷུ་ཡི་ནི་རྒྱ་མཚོར་གནས། །གྲོང་ཁྱེར་གསུམ་ན་རྩེ་གསུམ་ལག་།ཀ་ལིངྐ་ན་རབ་འཇོམས་པ། །ཚིགས་ལྔ་སེར་པོ་འགྲོ་ལྡིང་ན། །སིང་ཧ་ལ་ན་ནོར་གྱི་བདག་།ནེ་ཙོའི་བཞིན་ནི་འབྲོག་ན་སྟེ། །འགྲོ་འམ་ཅི་ནི་འོག་ན་གནས། །པད་མ་དཀར་པོའི་འོད་བསལ་བ། །གྲོང་ཁྱེར་ཆེ་ན་བརྩེ་བ་ཅན། །འཇིགས་པ་སྦྱིན་ན་རབ་འཇིགས་པ། །ཆུ་དང་ལྡན་ན་དམར་སེར་གནས། །བབྦ་ད་བསྐྱེད་བབྦ་ཌ། །འདོད་པ་སྦྱིན་ན་མ་དད་ལྡན། །བུ་མོ་འཇུག་ན་རབ་སད་པ། ། 97.107a ཀ་པུ་ཤ་ན་ནལ་ཀུ་བར། །ཕ་རོལ་མཐའ་མེད་དངུལ་ཆུ་ན། །ནུས་པའི་གནས་ན་ཞི་བྱེད་པ། །པ་ལྷ་པ་ན་ཐག་བཟང་རིས། །ཀེ་ཏ་ཀ་ན་དམར་སེར་པོ། །འཕྲལ་རིས་འཕེལ་ན་བཞིན་རྒྱས་པ། །ུ་ཊྱན་ཡུལ་ན་མ་རུང་པ། །ཐོང་ཤོལ་ངན་ན་བུམ་ལྟོ་བོ། །ཆུ་སྲིན་རྒྱལ་མཚན་མྱ་ངམ་ན། །སྣ་ཚོགས་སྡེ་ནི་པོ་ཀ་ན། །དགའ་དང་ལྡན་ན་སྒྲ་སྒྲོགས་བུ། །ཕུང་པོའི་བདག་པོར་དམར་སེར་པོ། །ཆུང་མ་ཅན་ན་མཐོང་དགའ་བོ། །གནོད་སྦྱིན་ཆུ་སྲིན་རྒྱལ་པོའི་ཁབ། །ཡངས་པ་ན་ནི་གནས་པ་སྟེ། །བརྒྱ་སྟོང་ཕྲག་ནི་མང་པོ་ཡི། །གནོད་སྦྱིན་རྣམས་ཀྱིས་བསྙེན་བཀུར་བྱས། །བ་ལང་སྐྱོང་བ་སྦྲུལ་གདུག་ཅན། །ཅང་ལོའི་གྲོང་ན་ལྕང་ལོ་པ། །དགའ་བའི་གྲོང་ན་དགའ་བ་ཅན། །གྲོང་གི་ལྷས་ན་སྟོབས་ཆེན་གནས། །ལྷ་ལས་བབས་ན་རྣམ་ཐོས་བུ། །རང་གི་སྡེ་ནི་ཡོངས་སུ་སྐྱོང ། །ལྕང་ལོ་ཅན་ན་གནས་པ་སྟེ། །གནོད་སྦྱིན་བྱེ་བས་ཡོངས་སུ་བསྐོར། །གནོད་སྦྱིན་དེ་དག་ནི་རྫུ་འཕྲུལ་ཆེ་བ། སྡེ་ཆེ་བ། སྟོབས་ཆེ་བ། ཕ་རོལ་གྱི་དགྲ་རབ་ཏུ་འཇོམས་པ། ཐུབ་པར་དཀའ་ཞིང་གཞན་གྱིས་མི་ཐུབ་པ། རྫུ་འཕྲུལ་དང་ལྡན་པ་འོད་དང་ལྡན་པ། ཁ་དོག་དང་ལྡན་པ་གྲགས་པ་དང་ལྡན་པ། ལྷ་དང ། ལྷ་མ་ཡིན་གྱི་གཡུལ་དག་ཀྱང་མྱོང་བར་བྱེད་པ། རྫུ་འཕྲུལ་ཆེ་བ་དག་སྟེ། དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག་།སྦ་བ་དང ། ཡོངས་སུ་བསྐྱབས་པ་དང ། ཡོངས་སུ་གཟུང་བ་དང ། ཡོངས་སུ་སྐྱང་བ་དང ། ཞི་བ་དང ། བདེ་ལེགས་སུ་འགྱུར་བ་དང ། ཆད་པ་སྤང་བ་དང ། མཚོན་ཆ་སྤང་བ་དང ། དུག་གཞིལ་བ་དང ། དུག་བསད་པ་དང ། མཚམས་བཅད་པ་དང ། ས་བཅིང་བ་གྱིས་ཤིག་།ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཏད་ཡ་ཐཱ། ཨ་ཀ་ཊི། བེ་ཀ་ཊེ། ཧ་རི་ནི། ཧཱ་རི་ཎི། དྷ་ར་ཎི། དྷཱ་ར་ཎི། ཧུཀྐ། ཧུཀྐ་བུཀྐ་བུཀྐེ་བདགི་མི་མཛའ་བ་རྣམས། ཧ་ན་ཧ་ན། ཧ་ན་ཧ་ན། ཧ་ན་ཧ་ན། ཧ་ན་ཧ་ན། ཧ་ན་ཧ་ན། བདག་ལ་མི་ཕན་པར་འདོད་པ་རྣམས། ད་ཧ་ད་ཧ། ད་ཧ་ད་ཧ། ད་ཧ་ད་ཧ། ད་ཧ་ད་ཧ། ད་ཧ་ད་ཧ། བདག་ལ་ཕྱིར་རྒོལ་བ་རྣམས། པ་ཙ་པ་ཙ་པ་ཙ་པ་ཙ་པ་ཙ་པ་ཙ། 97.107b པ་ཙ་པ་ཙ། པ་ཙ་པ་ཙ། དྷུ་དྷུ། དྷུ་དྷུ། དྷུ་དྷུ། དྷུ་དྷུ། དྷུ་དྷུ། བདག་ལ་མི་ཕན་པར་འདོད་པ་རྣམས། ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ་ཧ། ཛི་ཊི་ཛི་ཊི། ཛི་ཊི་ཛི་ཊི། ཛི་ཊི་ཛི་ཊི། ཛི་ཊི་ཛི་ཊི། ཛི་ཊི་ཛི་ཊི། བདག་གི་དགྲ་བོ་རྣམས། ནཱ་ཤ་ཡ། ཙུ་ལུ་ཙུ་ལུ། ཙུ་ལུ་ཙུ་ལུ། ཙུ་ལུ་ཙུ་ལུ། ཙུ་ལུ་ཙུ་ལུ། ཙུ་ལུ་ཙུ་ལུ། ཧི་ལི་ཧི་ལི། ཧི་ལི་ཧི་ལི། ཧི་ལི་ཧི་ལི། ཧི་ལི་ཧི་ལི། མི་ལི་མི་ལི། མི་ལི་མི་ལི། མི་ལི་མི་ལི། མི་ལི་མི་ལི། མི་ལི་མི་ལི། ཕུ་རུ་ཕུ་རུ། ཕུ་རུ་ཕུ་རུ། ཕུ་རུ་ཕུ་རུ། ཕུ་རུ་ཕུ་རུ། ཕུ་རུ་ཕུ་རུ། ཙི་ཊི་ཙི་ཊི། ཙི་ཊི་ཙི་ཊི། ཙི་ཊི་ཙི་ཊི། ཙི་ཊི་ཙི་ཊི། ཙི་ཊི་ཙི་ཊི། བདག་གི་དགྲ་རྣཾས། ནཱ་ཤ་ཡ། ཧིཀྐ། མིཀྐ། ཙིཀྐ། དུཀྐ། ཤྲཱི་བྷ་དྲེ། མངྒ་ལྱེ། ས་མན་ཏ་བྷ་དྲེ། ཧེ་ར་ཎྱ་གརྦྷེ་སརྦ་ཨརྠ་སཱ་དྷ་ནི། ཨ་མ་ལེ། བི་མ་ལེ། ཙན་དྲེ། ཙནྡྲ། པྲ་བྷེ་སཱུརྱེ། སཱུརྱ། ཀཱན་ཏེ། དུརྦཾ། ཛྙེ་ཡེ། དུ་མྦེ་དུམྦེ་དོ་དུམྦེ། པྲྀ་ཡཾ་ཀ་རེ། བདག་ལ་བསྲུང་བ་གྱིས་ཤིག་།ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཀུན་དགའ་བོ་ཁྱོད་ཀྱི་གང་དག་ཕྱོགས་བཅུ་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་པོ་དག་གི་མིང་ཟུང་ཤིག་།ཀུན་དགའ་བོ་ཤར་ཕྱོགས་ན་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གང་དག་ཤར་ཕྱོགས་སྲུང་ཞིང་ཡོངསུ་སྐྱོང་བར་བྱེད་པ་བཞི་གནས་ཏེ། འདི་ལྟ་སྟེ། རིང་པོ་དང ། མིག་བཟང་དང ། གང་པོ་དང ། སེར་སྐྱའོ། །དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག་།ལོ་རྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཀུན་དགའ་བོ་ལྷོ་ཕྱོགས་ན་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གང་དག་ལྷོ་ཕྱོགས་བསྲུང་ཞིང་ཡོངསུ་སྐྱོང་བར་བྱེད་པ་བཞི་གནས་སྟེ། ་འདི་ལྟ་སྟེ། སེང་གེ་དང ། ཉེ་བའི་སེང་གེ་དང ། དུང་ཅན་དང ། དགའ་བོའོ། །དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག་།ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཀུན་དགའ་བོ་ནུབ་ཕྱོགས་ན་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གང་དག་ནུབ་ཕྱོགས་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་བཞི་གནས་སྟེ། འདི་ལྟ་སྟེ། སེང་གེ་དང་སེང་གེ་རལ་པ་དང་བ་ལང་དང་སེར་སྐྱའོ། ། 97.108a དེ་དག་གིས་ཀྱང་རིགས་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་པོ་འདིས་བདག་ལ་བསྲུང་བ་གྱིས་ཤིག་།ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཀུན་དགའ་བོ་བྱང་ཕྱོགས་ན་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གང་དག་བྱང་ཕྱོགས་སྲུང་ཞིང་ཡོངསུ་སྐྱོང་བར་བྱེད་པ་བཞི་གནས་ཏེ། འདི་ལྟ་སྟེ། འཛིན་པ་དང ། འཛིན་དགའ་དང ། བརྩོན་སྐྱོང་དང ། ཁྱབ་འཇུགོ་།དེ་དག་གིས་ཀྱང་རིགས་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བར་གྱིས་ཤིག་།ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཀུན་དགའ་བོ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གང་དག་ཕྱོགས་འཚམས་ན་གནས་ཏེ། གང་དག་ཕྱོགས་འཚཾས་སྲུང་ཞིང་ཡོངསུ་སྐྱོང་བར་བྱེད་པ་བཞི་པོ་འདི་དག་།འདི་ལྟ་སྟེ། ལྔ་སྤྱོད་དང ། ཚིགས་ལྔ་སེར་པོ་དང ། རི་མཉམ་དང ། གསེར་ཅན་ནོ། །དེ་དག་གིས་ཀྱང་རིགས་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་།ལོ་བརྒྱ་ཚོ་བར་གྱུར་ཅིག་།སྟོང་བརྒྱ་མཐོང་བར་ཤོག་ཤིག་།ཀུན་དགའ་བོ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གང་དག་ས་ལ་གནས་ཏེ། གང་དག་ས་སྲུང་ཞིང་ཡོངསུ་སྐྱོང་བར་བྱེད་པ་བཞི་པོ་འདི་དག་འདི་ལྟ་སྟེ། ས་པ་དང ། ཤིན་ཏུ་ས་པ་དང ། ནག་པོ་དང ། ཉེ་གནག་གོ་།དེ་དག་གིས་ཀྱང་རིགས་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག་།ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཀུན་དགའ་བོ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གང་དག་བར་སྣ་ལ་གནས་ཏེ། གང་དག་བར་སྣང་བསྲུང་ཞིང་ཡོངསུ་སྐྱོང་བར་བྱེད་པ་བཞི་པོ་འདི་དག་འདི་ལྟ་སྟེ། ཉི་མ་དང ། ཟླ་བ་དང ། མེ་དང ། རླུང་ངོ ། །དེ་དག་གིས་ཀྱང་རིགས་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཀུན་དགའ་བོ་ཁྱོད་ཀྱིས་རྣམ་ཐོས་ཀྱི་བུའི་ཆོས་ཀྱི་སྤུན་གང་དག་སེཾན་རྣཾས་སྲུང་ཞིང་ཡོངསུ་སྐྱོང་བར་བྱེད་པ། འཇིག་རྟེན་གྱི་ 97.108b ཡམས་ཀྱི་ནད་དང ། གནོད་པ་དང ། འཁྲུག་པ་རྣམས་མེད་པར་བྱེད་པ། འཇིག་རྟེན་ལ་ཕན་གདགས་པའི་ཕྱིར་འཇིག་རྟེན་ན་རྒྱུ་བ་རྣམས་ཀྱི་མིང་ཟུང་ཤིག་།འདི་ལྟ་སྟེ། དབང་པོ་དང ། ཟླ་བ་དང ། སྐྱེ་དགུའི་བདག་པོ་དང ། ཆུ་ལྷ་དང ། བྷ་ར་དྷྭ་ཛ་དང ། དབང་ལྡན་དང ། ཙན་དན་དང ། འདོད་པའི་གཙོ་བོ་དང ། མགྲིན་ངན་དང ། མགུལ་ངེས་དང ། བ་ཌི་དང ། ནོར་བུ་དང ། ནོར་བུ་སྤྱོད་དང ། སྒྲ་རབ་དང ། ཉེ་ལྔ་པོ་དང ། རི་མཉཾ་དང ། གསེར་ཅན་དང ། གང་པོ་དང ། སེང་ལྡེང་པ་དང ། གཡོན་ཅན་དང ། གནོད་སྦྱིན་བ་ལང་སྐྱོང་དང ། འབྲོག་གནས་དང ། མིའི་རྒྱལ་པོ་དང ། རྒྱལ་བའི་ཁྱུ་མཆོག་དང ། ཚིགས་ལྔ་སེར་པོ་དང ། བཞིན་བཟངས་དང ། གནོད་སྦྱིན་རིང་པོ་འཁོར་དང་བཅས་པ་དང ། དྲི་ཟ་སྣ་ཚོགས་སྡེ་དང ། འབྲས་བུ་གསུམ་པ་དང ། མགུལ་གསུཾ་པ་དང ། ལྕགས་མདུང་རིང་པོ་དང་མ་ལྡན་ཏེ། གནོད་སྦྱིན་དེ་དག་ནི་གནོད་སྦྱིན་ཆེན་པོའོ། །སྡེ་རྣམས་ཀྱི་ཡོངསུ་འདྲེན་པ། རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པ་དག་སྟེ། རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུའི་སྤུན་ཏེ། རྒྱལ་པོ་ཆེན་པོ་རྣཾ་ཐོས་ཀྱི་བུས་གནོད་སྦྱིན་འདི་ནི་ང་ལ་རྣཾ་པར་འཚེའོ། །གནོད་སྦྱིན་འདི་ནི་ང་མི་གཏོང་ངོ ། །ཞེས་གང་དག་ལ་གོ་བར་བྱེད་པ་དེ་དག་ནི་རྒྱལ་པོ་ཆེན་པོ་རྣཾ་ཐོས་ཀྱི་བུའི་སྤུན་ཏེ། དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག་།ལོ་བརྒྱ་ཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།འཐབ་པ་དང ། རྩོད་པ་དང ། ཚངས་འདྲུ་བ་དང ། འཐབ་མོ་དང ། འགྱེད་པ་ལས་ཡོངསུ་སྐྱོབས་ཤིག་མིའི་གདོན་དང ། མི་མ་ཡིན་པའི་གདོན་དང ། ལྷའི་གདོན་དང ། ཀླུའི་གདོན་དང ། ལྷ་མ་ཡིན་གྱི་གདོན་དང ། རླུང་ལྷའི་གདོན་དང ། ནམ་མཁའ་ལྡིང་གི་གདོན་དང ། དྲི་ཟའི་གདོན་དང ། མིའཾ་ཅིའི་གདོན་དང ། ལྟོ་འཕྱེ་ཆེན་པོའི་གདོན་དང ། གནོད་སྦྱིན་གྱི་གདོན་དང ། སྲིན་པོའི་གདོན་དང ། ཡི་དགས་ཀྱི་གདོན་དང ། ཤ་ཟའི་གདོན་དང ། འབྱུང་པོའི་གདོན་དང ། གྲུལ་བུཾ་གྱི་གདོན་དང ། སྲུལ་པོའི་གདོན་དང ། ལུས་སྲུལ་པོའི་གདོན་དང ། སྐེམ་བྱེད་ཀྱི་གདོན་དང ། སྨྱོ་བྱེད་ཀྱི་གདོན་དང ། གྲིབ་གནོན 97.109a གྱི་གདོན་དང ། བརྗེད་བྱེད་ཀྱི་གདོན་དང ། གནོན་པོའི་གདོན་དང ། རྒྱུ་སྐར་གྱི་གདོན་དང ། འབྱུང་པོའི་གདོན་ལས་ཡོངསུ་སྐྱོབས་ཤིག་།ཟསུ་མདངས་ཟ་བ་དང ། ཟསུ་མངལ་ཟ་བ་དང ། ཟསུ་ཤ་ཟ་བ་དང ། ཟསུ་ཁྲག་འཐུང་བ་དང ། ཟསུ་ཞག་ཟ་བ་དང ། ཟསུ་ཚིལ་ཟ་བ་དང ། ཟསུ་རྐང་ཟ་བ་དང ། ཟསུ་བཙས་པ་ཟ་བ་དང ། སྲོག་འཕྲོག་པ་དང ། ཟསུ་གཏོར་མ་ཟ་བ་དང ། ཟསུ་ཕྲེང་བ་ཟ་བ་དང ། ཟསུ་དྲི་ཟ་བ་དང ། ཟསུ་བདུག་པ་ཟ་བ་དང ། ཟསུ་མེ་ཏོག་ཟ་བ་དང ། ཟསུ་འབྲས་བུ་ཟ་བ་དང ། ཟསུ་ལོ་ཏོག་ཟ་བ་དང ། ཟསུ་སྦྱིན་སྲེག་ཟ་བ་དང ། ཟསུ་རྣག་འཐུང་བ་དང ། ཟསུ་ཕྱི་ས་ཟ་བ་དང ། ཟསུ་གཅིན་འཐུང་བ་དང ། ཟསུ་མཆིལ་མ་ཟ་བ་དང ། ཟསུ་ངར་སྣབས་ཟ་བ་དང ། ཟསུ་སྣབས་ཟ་བ་དང ། ཟསུ་སྐྱུགས་པ་ཟ་བ་དང ། ཟསུ་མི་གཙང་བ་ཟ་བ་དང ། ཟསུ་གཏོར་ཁུང་ནས་འབབ་པ་འཐུང་བ་ལས་བསྲུང་བ་གྱིས་ཤིག་།ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།གཤེད་བྱེད་དང ། སྒྱུར་བའི་ལས་དང ། བྱད་དང ། གཡེངས་བྱེད་དང ། སྦྱིན་སྲེག་གི་ཡོ་བྱད་དང ། སྦྱིན་སྲེག་དང ། འཇོམ་པ་དང ། ཕོ་ཉ་དང ། རོ་ལངས་དང ། སེམས་སྒྱུར་བ་དང ། སྦོད་སྟོང་དང ། བཟའ་ཉེས་དང ། སྐྱུག་ཉེས་དང ། གནོད་སྒྲིབ་དང ། གནོད་བལྟས་དང ། བྲི་ཉེས་དང ། བསྒོམ་ཉེས་དང ། སྨད་པ་དང ། སྐྲག་པ་དང ། རྒྱལ་པོའི་འཇིགས་པ་དང ། ཆོམ་རྐུན་གྱི་འཇིགས་པ་དང ། མེའི་འཇིགས་པ་དང ། ཆུའི་འཇིགས་པ་དང ། ཕ་རོལ་གྱི་དམག་ཚོགས་ཀྱི་འཇིགས་པ་དང ། མུ་གེའི་འཇིགས་པ་དང ། དུས་མ་ཡིན་པར་འཆི་བས་འཇིགས་པ་དང ། ས་གཡོ་བས་འཇིགས་པ་དང ། ཡུལ་བདགིས་འཇིགས་པ་དང ། གཅན་ཟན་ཁྲོ་བོའི་འཇིགས་པ་དང ། མི་མཛའ་བའི་འཇིགས་པ་དང ། འཆི་བའི་འཇིགས་པ་དང ། འཇིགས་པ་ཐཾད་ལས་བདག་ལ་བསྲུང་གྱིས་ཤིག་།ཤུ་བ་དང ། གཡའ་བ་དང ། མཛེ་དང ། འབྲུཾ་བུ་ཕྲ་མོ་དང ། མཚན་པར་རྡོལ་བ་དང ། ཕོལ་མིག་དང ། གཡན་པ་དང ། མེ་དབལ་དང ། ལྷོག་པའི་འཇིགས་པ་ལས་བསྲུང་བ་གྱི་ཤིག་།གླད་པ་ན་བ་དང ། གཞོག་ཕྱེད་ན་བ་དང ། 97.109b ཡི་ག་འཆུས་པ་དང ། མིག་ནད་དང ། སྣ་ནད་དང ། ཁ་ནད་དང ། མགུལ་ནད་དང ། སྙིང་ནད་དང ། ལྐོག་མའི་ལྷ་གོར་ན་བ་དང ། རྣ་བ་ན་བ་དང ། སོ་ན་བ་དང ། སྙིང་ན་བ་དང ། རྩིབ་ལོགས་ན་བ་དང ། རྒྱབ་ན་བ་དང ། ལྟོ་ན་བ་དང ། མཁུར་བ་ན་བ་དང ། ཆུ་སོ་ན་བ་དང ། སྐྱེ་གནས་ན་བ་དང ། རབ་ཏུ་རྐེད་པ་ན་བ་དང ། བརླ་ན་བ་དང ། བྱིན་པ་ན་བ་དང ། ལག་པ་ན་བ་དང ། རྐང་པ་ན་བ་དང ། ཡན་ལག་ན་བ་དང ། ཉིང་ལག་ན་བ་མེད་པར་གྱིས་ཤིག་།རིམ་ནད་མེད་པར་གྱིས་ཤིག་།ཉིན་གཅིག་པ་དང ། ཉིན་གཉིས་པ་དང ། ཉིན་གསུམ་པ་དང ། ཉིན་བཞི་པ་དང ། ཉིན་བདུན་པ་དང ། ཟླ་བ་ཕྱེད་པ་དང ། ཟླ་བ་གཅིག་པ་དང ། ཟླ་བ་གཉིས་པ་དང ། ཡུད་ཙམ་པ་དང ། རྟག་པའི་རིམས་དང ། རིམས་དྲག་པོ་དང ། འབྱུང་པོའི་རིམས་དང ། རླུང་ལས་གྱུར་པ་དང ། མཁྲིས་པ་ལས་གྱུར་པ་དང ། བད་ཀན་ལས་གྱུར་པ་དང ། འདུས་པ་ལས་གྱུར་པ་དང ། རིམས་ཐཾད་དང ། ནད་ཐཾད་དང ། གདོན་ཐཾད་དང ། དུག་ཐཾད་དང ། སྡིག་པ་ཐཾད་དང ། སྡུག་བསྔལ་ཐཾད་དང ། འཇིགས་པ་ཐཾད་བདག་ལ་མེད་པར་གྱིས་ཤིག་སཝཱ་ཧཱ། ཀུན་དགའ་བོ་ཤ་ཟ་ཆེན་མོ་བཅུ་གཉིས་པོ་འདི་དག་ནི་གང་དག་བྱང་ཆུབ་སེམས་དཔའ་མའི་རུམ་དུ་ཞུགས་པ་ན་ཡང་སྲུང ། བཙའ་ཁ་དང ། བཙས་པ་ན་ཡང་བསྲུང་བ་དག་གོ་།བཅུ་གཉིས་གང་ཞེ་ན། འདི་ལྟ་སྟེ། འཕྱང་མ་དང ། རྣཾ་པར་འཕྱང་མ་དང ། རབ་ཏུ་འཕྱང་མ་དང ། ཀུན་དུ་འཕྱང་མ་དང ། འཕྲོག་མ་དང ། སེང་གེའི་རལ་པ་དང ། སྤྲེའུ་ལྟར་དམར་སེར་དང ། ནག་མོ་དང ། མི་བཟད་མ་དང ། དུང་མགྲིན་མ་དང ། བྱ་རོག་མ་དང ། བུཾ་ལྟོ་མ་སྟེ། ཤ་ཟ་ཆེན་མོ་བཅུ་གཉིས་པོ་འདི་དག་ནི་རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པ། རྫུ་འཕྲུལ་ཆེ་བ་ལྷ་དང ། ལྷ་མ་ཡིན་གྱི་གཡུལ་དག་ཀྱང་མྱོང་བར་བྱེད་པ་དག་གོ་།དེ་དག་གིས་ཀྱང་རིགས་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།དེ་ལ་སྔགས་ཀྱི་ཚིག་ནི་འདི་རྣཾས་ཡིན་ནོ། །ཏད་ཡ་ཐཱ། ཧ་རེ། ཁ་རེ། ཁུ་རེ། 97.110a མ་ལེ་མི་ལེ་མུ་ལེ། མ་དེནྟི། མཏྟེ་མཎྜི་ཏི་ཀེ་ཧུ་ལུ་ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ་ཧུ་ལུ། ལུ་ལུ་ལུ་ལུ། མེ་ཌི། མེ་ཌི། མེ་ཌི་མེ་ཌི་སིདྷི་སིདྷི་སིདྷི་སིདྷི། བདག་ལ་བསྲུང་བ་གྱིས་ཤིག་སཝཱ་ཧཱ། སཝ་སྟི་སཝ་སྟི་སཝ་སྟི་སཝ་སྟི། བདག་ལ་དགེ་བར་གྱུར་ཅིག་སཝཱ་ཧཱ། ཀུན་དགའ་བོ་ཤ་ཟ་ཆེན་མོ་བརྒྱད་པོ་འདི་དག་ནི། གང་དག་བྱང་ཆུབ་སེམས་དཔའ་མའི་རུམ་དུ་ཞུགས་པ་ན་ཡང་བསྲུང་བསྲུང ། བཙའ་ཁ་དང ། བཙས་པ་ན་ཡང་བསྲུང་སྲུང་བ་དག་གོ་།དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། རྒྱགས་མ་དང ། རྒྱགས་བྱེད་མ་དང ། རྒྱགས་བྱེད་མའི་ཤས་ཆེ་མ་དང ། ཉེ་རྒྱགས་མ་དང ། ཡི་དགས་མོ་དང ། མདངས་ཟ་བ་དང ། ཟ་བ་མོ་དང ། འཆའ་བ་མོ་སྟེ། ཤ་ཟ་མོ་བརྒྱད་པོ་འདི་དག་ནི་རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པ། རྫུ་འཕྲུལ་ཆེ་བ། ལྷ་དང ། ལྷ་མ་ཡིན་གྱི་གཡུལ་དག་ཀྱང་མྱོང་བར་བྱེད་པ་དག་གོ་།དེ་དག་གིས་ཀྱང་རིགས་བསྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག་།ཡོངསུ་སྐྱབ་པ་དང ། ཡོངསུ་བཟུང་བ་དང ། ཡོངསུ་བསྐྱང་བ་དང ། ཞི་བ་དང ། བདེ་ལེགསུ་འགྱུར་བ་དང ། ཆད་པ་སྤང་བ་དང ། མཚོན་ཆ་སྤངས་བ་དང ། དུག་གཞིལ་བ་དང ། དུག་བསད་པ་དང ། མཚམས་བཅད་པ་དང ། ས་བཅིང་བ་གྱིས་ཤིག་།ལོ་བརྒྱ་མཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཏད་ཡ་ཐཱ། ཧ་རེ། ཁ་རེ། ཁུ་རེ། མ་ལྱ། མི་ལྱ། མུ་ལེ། མ་དེནྟི། མེཏྟི། མཎྜི། ཏི་ཀེ་ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ལུ་ལུ་ལུ་ལུ། མེ་ཌི། མེ་ཌི། མེ་ཌི། མེ་ཌི། སིདྷི། སིདྷི། སིདྷི། སིདྷི། བདག་ལ་བསྲུང་བ་གྱིས་ཤིག་སཝ་སྟི། སཝ་སྟི་སཝ་སྟི་སཝ་སྟི། བདག་ལ་དགེ་བར་གྱུར་ཅིག་སཝཱ་ཧཱ། ཀུན་དགའ་བོ་ཤ་ཟ་ཆེན་མོ་ཤ་དང་ཁྲག་ཟ་བ་མི་དག་ལ་རྣམ་པར་འཚེ་བ་བདུན་པོ་འདི་དག་ནི་གང་དག་བྱང་ཆུབ་སེམས་དཔའ་མའི་རུམ་དུ་ཞུགས་པ་ན་ཡང་བསྲུང་བསྲུང ། 97.110b བཙའ་ཁ་དང ། བཙས་པ་ན་ཡང་བསྲུང་བསྲུང་དག་གོ་།དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། རབ་འཆར་ལྡན་དང ། བསྲུང་བ་མོ་དང ། ཤ་ཟ་ཕྲ་མོ་དང ། གང་བ་བཟང་མ་དང ། མེ་སྲུང་མ་དང ། མཛའ་མོ་ནག་མོ་དང ། དྲང་སྲོང་བསྲུང་མ་སྟེ། ཤ་ཟ་མོ་བདུན་པོ་འདི་དག་ནི་རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པ། རྫུ་འཕྲུལ་ཆེ་བ། ལྷ་དང ། ལྷ་མ་ཡིན་གྱི་གཡུལ་དག་ཀྱང་མྱོང་བར་བྱེད་པ་དག་གོ་།དེ་དག་གིས་ཀྱང་རིགས་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་བདག་ལ་བསྲུང་བ་གྱིས་ཤིག་ལོ་བརྒྱ་ཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཏད་ཡ་ཐཱ། ཧ་རེ། ཁ་རེ། ཁུ་རེ། མ་ལེ། མི་ལེ། མུ་ལེ། མ་དེནྟེ། མཏྟ། མཎྜི། ཏི་ཀི། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ལུ་ལུ་ལུ་ལུ། མེ་ཌི། མེ་ཌི། མེ་ཌི། མེ་ཌི། སིདྡྷི། སིདྡྷི། སིདྡྷི། སིདྡྷི། བདག་ལ་བསྲུང་བ་གྱིས་ཤིག་སཝསྟི་སཝསྟི་སཝསྟི་སཝསྟི། བདག་ལ་དགེ་བར་གྱུར་ཅིག་སཝཱ་ཧཱ། ཀུན་དགའ་བོ་སྲིན་མོ་གང་དག་བྱང་ཆུབ་སེམས་དཔའ་མའི་རུམ་དུ་ཞུགས་པ་ན་ཡང་བསྲུང་བསྲུང་བཙའ་ཁ་དང ། བཙས་པ་ན་ཡང་བསྲུང་བ་བསྲུང་དག་གོ་།དེ་དག་ཀྱང་གཾ་ཞེ་ན། འདི་ལྟ་སྟེ། གཏུཾ་མོ་དང ། ངེས་གཏུམ་མོ་དང་དགའ་མོ་དང་ཁྱབ་འཇུག་ལེན་དང ། སེར་སྐྱ་མོ་སྟེ། སྲིན་མོ་ལྔ་པོ་འདི་དག་ནི་རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པ། རྫུ་འཕྲུལ་ཆེ་བ། ལྷ་དང ། ལྷ་མ་ཡིན་གྱི་གཡུལ་དག་ཀྱང་མྱོང་བར་བྱེད་པ་དག་གོ་།དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་བདག་ལ་བསྲུང་བ་གྱིས་ཤིག་ལོ་བརྒྱ་ཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཏད་ཡ་ཐཱ། ཧ་རེ་ཁ་རེ། ཁུ་རེ། མ་ལེ། མི་ལེ། མུ་ལེ། མ་དེནྟི། མཏྟེ། མཎྜེ། ཏི་ཀེ་ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ལུ་ལུ་ལུ་ལུ། མེ་ཌི། མེ་ཌི། མེ་ཌི། མེ་ཌི། སིདྷི། སིདྷི། སིདྷི། སིདྷི། བདག་ལ་བསྲུང་བར་གྱིས་ཤིག་སཝཱ་ཧཱ། 97.111a སཝསྟི་སཝསྟི་སཝསྟི་སཝསྟི། བདག་ལ་དགེ་བར་གྱུར་ཅིག་སཝཱ་ཧཱ། ང་ཀུན་དགའ་བོ་སྲིན་མོ་ཆེན་མོ་ཤ་དང་ཁྲག་ཟ་བ་མི་རྣམས་ལ་རྣམ་པར་འཚེ་བ་བརྒྱད་པོ་འདི་དག་ནི་གང་དག་བྱང་ཆུབ་སེམས་དཔའ་མའི་རུམ་དུ་ཞུགས་པ་ན་ཡང་བསྲུང་བསྲུང ། བཙའ་ཁ་དང ། བཙས་པ་ན་ཡང་བསྲུང་བསྲུང་བ་དག་གོ་།དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། གླེན་མ་དང ། མཚམས་བཟང་མ་དང ། ཀུ་ཤ་ལྟ་བུའི་མིག་ཅན་མ་དང ། སྐྲ་ཅན་དང ། ཀམ་པོ་ཛི་དང ། རབ་མཛའ་མ་དང ། མིག་དམར་མོ་དང ། མི་བཟད་མ་སྟེ། དེ་དག་ནི་ཤ་དང་ཁྲག་ཟ་བ། སྐྱེས་པ་དང ། བུད་མེད་དང ། ཁྱེའུ་དང ། བུ་མོ་དག་ཀྱང་འཕྲོག་པ། པང་དུ་བཞུགས་པའི་ཁྱིམ་དག་དང ། ཁང་སྟོང་ལ་བརྟེན་པ། མུན་པའི་འོད་འགྲོ་བའི་རྗེསུ་འགྲོ་བ། སྒྲ་འབྱིན་པ། མི་རྣཾས་ཀྱི་མདངས་ཕྲོག་པར་བྱེད་པ་ཆེན་པོའོ། །དེ་དག་ནི་སྙིང་རྗེ་མེད་ཅིང་མིའི་སྐྱེ་དགུ་སྐྲག་པར་བྱེད་པ་སྟེ། སྲིན་མོ་ཆེན་མོ་བརྒྱད་པོ་འདི་དག་ནི་རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པ། རྫུ་འཕྲུལ་ཆེ་བ། ལྷ་དང ། ལྷ་མ་ཡིན་གྱི་ཡུལ་དག་ཀྱང་མྱོང་བར་བྱེད་པ་དག་གོ་།དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཏད་ཡ་ཐཱ། ཧ་རེ། ཁ་རེ། ཁུ་རེ། མ་ལེ། མི་ལེ། མུ་ལེ། མ་དེནྟི། མཏྟེ། མཎྜི། ཏི་ཀེ་།ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ལུ་ལུ་ལུ་ལུ། མེ་ཌི། མེ་ཌི། མེ་ཌི། མེ་ཌི། སིདྡྷི། སིདྡྷི། སིདྡྷི། སིདྡྷི། བདག་ལ་བསྲུང་བ་གྱི་ཤིག་སཝཱཧཱ། སཝསྟི་སཝསྟི་སཝསྟི་སཝསྟི། བདག་ལ་དགེ་བར་གྱུར་ཅིག་སཝཱ་ཧཱ། ཀུན་དགའ་བོ་སྲིན་མོ་ཆེན་མོ་བཅུ་པོ་འདི་དག་ནི་གཾ་དག་བྱང་ཆུབ་སེཾས་དཔའ་མའི་རུམ་དུ་ཞུགས་པ་ན་ཡང་བསྲུང་བསྲུང ། བཙའ་ཁ་དང ། བཙས་པ་ན་ཡང་བསྲུང་བསྲུང་བ་དག་གོ་།དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྲིན་མོ་འཕྲོག་མ་དང ། སྲིན་མོ་དགའ་མོ་དང ། སྲིན་མོ་དམར་སེར་མོ་དང ། 97.111b སྲིན་མོ་དུང་ཅན་མ་དང ། སྲིན་མོ་ལུས་ལས་བྱུང་མ་དང ། སྲིན་མོ་ལྷ་བཤོས་མ་དང ། སྲིན་མོ་བུམ་པ་མ་དང ། སྲིན་མོ་མེ་ཏོག་ཀུན་དའི་མཆེ་བ་ཅན་དང ། སྲིན་མོ་འཕྱང་མ་དང ། སྲིན་མོ་མེ་སྟེ། སྲིན་མོ་ཆེན་མོ་བཅུ་པོ་འདི་དག་ནི་རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པ། རྫུ་འཕྲུལ་ཆེ་བ། ལྷ་དང ། ལྷ་མ་ཡིན་གྱི་གཡུལ་དག་ཀྱཾང་མྱོང་བར་བྱེད་པ་དག་གོ་།དེ་དག་གིས་ཀྱཾང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱི་ཤིག་།ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཏད་ཡ་ཐཱ། ཧ་རེ། ཁ་རེ། ཁུ་རེ། མ་ལེ། མི་ལེ། མུ་ལེ། མ་དེནྟི། མཏྟི། མཎྜི་ཏི་ཀེ་།ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ལུ་ལུ་ལུ་ལུ། མེ་ཌི་མེ་ཌི། མེ་ཌི། མེ་ཌི། སིདྡྷི་སིདྡྷི་སིདྡྷི་སིདྡྷི། སཝཱ་ཧཱ། སཝསྟི་སཝསྟི་སཝསྟི་སཝསྟི། བདག་ལ་བདེ་ལེགསུ་གྱུར་ཅིག་སཝཱ་ཧཱ། ཀུན་དགའ་བོ་སྲིན་མོ་ཆེན་མོ་བཅུ་གཉིས་པོ་འདི་དག་ནི་གང་དག་བྱང་ཆུབ་སེཾས་དཔའ་མའི་རུཾ་དུ་ཞུགས་ན་ཡང་བསྲུང་བསྲུང་བཙའ་ཁ་དང་བཙས་པ་ན་ཡང་བསྲུང་བསྲུང་བ་དག་གོ་།དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། སྲིན་མོ་མགོན་མེད་མ་དང ། སྲིན་མོ་རྒྱ་མཚོ་མ་དང ། སྲིན་མོ་དྲག་མོ་དང ། སྲིན་མོ་སྲོག་འཕྲོག་མ་དང ། སྲིན་མོ་རིག་མ་དང ། སྲིན་མོ་གཞུ་འཛིན་མ་དང ། སྲིན་མོ་མདའ་འཛིན་མ་དང ། སྲིན་མོ་རལ་གྲི་འཛིན་མ་དང ། སྲིན་མོ་གཤོལ་འཛིན་མ་དང ། སྲིན་མོ་འཁོར་ལོ་འཛིན་མ་དང ། སྲིན་མོ་ཁོར་ཡུག་མ་དང ། སྲིན་མོ་འཇིགས་བྱེད་མ་སྟེ། སྲིན་མོ་ཆེན་མོ་བཅུ་གཉིས་པོ་འདི་དག་ནི་རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པ། རྫུ་འཕྲུལ་ཆེ་བ། ལྷ་དང ། ལྷ་མ་ཡིན་གྱི་གཡུལ་དག་ཀྱང་མྱོང་བར་བྱེད་པ་དག་གོ་།དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག་།ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཏད་ཡ་ཐཱ། ཧ་རེ། ཁ་རེ། ཁུ་རེ། མ་ལེ། མི་ལེ། མུ་ལེ། མ་དནྟི། མཏྟེ། མཎྜི་ཏི་ཀེ་།ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ལུ་ལུ་ལུ་ལུ། མེ་ཌི། མེ་ཌི། མེ་ཌི། 97.112a མེ་ཌི། སིདྡྷི། སིདྡྷི། སིདྡྷི། སིདྡྷི། སཝཱ་ཧཱ། སཝ་སྟི་སཝ་སྟི་སཝ་སྟི་སཝ་སྟི། བདག་ལ་བདེ་ལེགསུ་གྱུར་ཅིག་སཝཱ་ཧཱ། ཀུན་དགའ་བོ་མ་མོ་ཆེན་མོ་བཅུ་གཉིས་པོ་འདི་དག་ནི་གང་དག་བྱང་ཆུབ་སེམས་དཔའ་མའི་རུམ་དུ་ཞུགས་པ་ན་ཡང་བསྲུང་བསྲུང ། བཙའ་ཁ་དང ། བཙས་པ་ན་ཡང་བསྲུང་བསྲུང་ཞིང ། གང་དག་སེཾན་ལ་གནོད་པར་བྱེད་པ། སྐྲག་པར་བྱེད་པ། རྣམ་པར་མཚེ་བར་བྱེད་པ་དག་གོ་།དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ཚངས་པའི་ཆུང་མ་དང ། དྲག་པོའི་ཆུང་མ་དང ། གཞོན་ནུའི་ཆུང་མ་དང ། ཁྱབ་འཇུག་གི་ཆུང་མ་དང ། དབང་པོའི་ཆུང་མ་དང ། ཕག་གི་ཆུང་མ་དང ། ལུས་ངན་གྱི་ཆུང་མ་དང ། རླུང་ལྷའི་ཆུང་མ་དང ། གཤིན་རྗེའི་ཆུང་མ་དང ། རླུང་གི་ཆུང་མ་དང ། མེའི་ཆུང་མ་དང ། ནག་མོ་ཆེན་མོ་སྟེ། དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག་།ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཏད་ཡ་ཐཱ། ཧ་རེ། ཁ་རེ། ཁུ་རེ། མ་ལེ། མི་ལེ། མུ་ལེ། མ་དེནྟི། མཏྟི། མཎྜི་ཏི་ཀེ་།ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ལུ་ལུ་ལུ་ལུ། མེ་ཌི། མེ་ཌི། མེ་ཌི། མེ་ཌི། སིདྡྷི། སིདྡྷི། སིདྡྷི། སིདྡྷི་སཝཱ་ཧཱ། སཝསྟི་སཝསྟི་སཝསྟི་སཝསྟི། བདག་ལ་བདེ་ལེགསུ་གྱུར་ཅིག་སཝཱ་ཧཱ། ཀུན་དགའ་བོ་སྲིན་པོའི་ཆུང་མ་ཤ་ཟ་མོ་རལ་པ་གཅིག་པ་ཞེས་བྱ་བ་རྒྱ་མཚོའི་ངོགས་ན་གནས་པ་ཁྲགི་དྲི་ཚོར་ན་མཚན་གཅིག་ལ་དཔག་ཚད་བརྒྱད་ཁྲིར་འགྲོ་བ་ཡོད་དེ། དེ་ཡང་བྱང་ཆུབ་སེཾས་དཔའ་མའི་རུམ་དུ་ཞུགས་པ་ན་ཡང་བསྲུང་བསྲུང ། བཙའ་ཁ་དང ། བཙས་པ་ན་ཡང་བསྲུང་བསྲུང་བའོ། །དེས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག་།ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཏད་ཡ་ཐཱ། ཧ་རེ། ཁ་རེ། ཁུ་རེ། མ་ལེ། མི་ལེ། མུ་ལེ། མ་དེནྟི། མཏྟི། མཎྜི་ཏི་ཀེ་།ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ལུ་ལུ་ལུ་ལུ། མེ་ཌི། མེ་ཌི། མེ་ཌི། མེ་ཌི། སིདྡྷི། སིདྡྷི། སིདྡྷི། སིདྡྷི་སཝཱ་ཧཱ། སཝསྟི་སཝསྟི་སཝསྟི་སཝསྟི། བདག 97.112b ལ་བདེ་ལེགསུ་གྱུར་ཅིག་སཝཱ་ཧཱ། ཀུན་དགའ་བོ་ཁྱོད་ཀྱིས་སྲིན་མོ་རྣམས་ཀྱི་མིང་ཟུང་ཤིག་།འདི་ལྟ་སྟེ། སྲིན་མོ་སེར་སྐྱ་མོ་ཞེས་བྱ་བ་དང ། སྲིན་མོ་པད་མ་ཞེས་བྱ་བ་དང ། སྲིན་མོ་མ་ཧེ་མོ་ཞེས་བྱ་བ་དང ། སྲིན་མོ་དཀར་མོ་ཞེས་བྱ་བ་དང ། སྲིན་མོ་དབུ་བ་ཅན་ཞེས་བྱ་བ་དང ། སྲིན་མོ་འབར་མ་ཞེས་བྱ་བ་དང ། སྲིན་མོ་གདུང་མ་ཞེས་བྱ་བ་དང ། སྲིན་མོ་བུམ་པ་ཅན་ཞེས་བྱ་བ་དང ། སྲིན་མོ་དྲི་མེད་ཅེས་བྱ་བ་དང ། སྲིན་མོ་ས་ཞེས་བྱ་བ་དང ། སྲིན་མོ་སེང་གེའི་ཟླ་བ་ཞེས་བྱ་བ་དང ། སྲིན་མོ་སྣར་མ་ཞེས་བྱ་བ་དང ། སྲིན་མོ་འོད་ཟེར་དང ། སྲིན་མོ་སྦྱིན་སྲེག་ཟ་བ་དང ། སྲིན་མོ་ཆུ་ལྷའི་ཆུང་མ་དང ། སྲིན་མོ་ནག་མོ་དང ། སྲིན་མོ་གླང་ཆེན་མ་དང ། སྲིན་མོ་སྟོབས་ཆེན་མ་དང ། སྲིན་མོ་ཟ་བ་མོ་དང ། སྲིན་མོ་ལག་འགྲོ་མ་དང ། སྲིན་མོ་པ་ཏང་གི་དང ། སྲིན་མོ་དམར་སེར་མོ་དང ། སྲིན་མོ་ཐིགས་པ་འཛིན་དང ། སྲིན་མོ་གཏུམ་མོ་དང ། སྲིན་མོ་རི་འཛིན་དང ། སྲིན་མོ་གྲུལ་བུམ་དང ། སྲིན་མོ་ཚོན་ངན་དང ། སྲིན་མོ་ཟློག་བྱེད་མ་དང ། སྲིན་མོ་རྒྱགས་མ་དང ། སྲིན་མོ་མངལ་ཟ་མ་དང ། སྲིན་མོ་ཁྲག་ཟ་མ་དང ། སྲིན་མོ་སོ་སྟོ་མ་དང ། སྲིན་མོ་དངངས་བྱེད་མ་དང ། སྲིན་མོ་ཚངས་པ་མ་དང ། སྲིན་མོ་ལྡོང་ཀ་སྐྱོང་དང ། སྲིན་མོ་རྡོ་རྗེ་འཛིན་དང ། སྲིན་མོ་སྐེམ་བྱེད་མ་དང ། སྲིན་མོ་མུན་པ་དང ། སྲིན་མོ་ཆར་འབེབས་དང ། སྲིན་མོ་འབྲུག་སྒྲོགས་དང ། སྲིན་མོ་འགེམས་མ་དང ། སྲིན་མོ་སྣང་བྱེད་མ་དང ། སྲིན་མོ་འགྲོ་མ་དང ། སྲིན་མོ་སྒྲོན་མ་ཁ་དང ། སྲིན་མོ་ནོར་འཛིན་དང ། སྲིན་མོ་མཚན་མོ་ནག་མོ་དང ། སྲིན་མོ་གཤིན་རྗེའི་ཕོ་ཉ་མོ་དང ། སྲིན་མོ་མཆེ་བ་མ་དང ། སྲིན་མོ་ཡཱ་མ་དང ། སྲིན་མོ་དྲི་མ་མེད་དང ། སྲིན་མོ་སྟོབས་བཟང་མ་དང ། སྲིན་མོ་རལ་པ་འགྲེང་དང ། སྲིན་མོ་མགོ་རྒྱ་མ་དང ། སྲིན་མོ་ལག་བརྒྱ་མ་དང ། སྲིན་མོ་མིག་རྒྱ་མ་དང ། སྲིན་མོ་གནོད་བྱེད་མ་དང ། སྲིན་མོ་འཇོམ་དང ། སྲིན་མོ་བྱི་ལ་མོ་དང ། སྲིན་མོ་ཟླ་བ་དང ། སྲིན་མོ་ཚན་མོ་རྒྱུ་དང ། སྲིན་མོ་ཉིན་མོ་རྒྱུ་དང ། 97.113a སྲིན་མོ་ཞག་མ་དང ། སྲིན་མོ་ཁྲོ་མོ་དང ། སྲིན་མོ་རྣམ་པར་འཚེ་དང ། སྲིན་མོ་རལ་གྲི་ཅན་དང ། སྲིན་མོ་ལག་ན་གཏུན་ཤིང་འཛིན་དང ། སྲིན་མོ་ལག་ན་རྩེ་གསུམ་མ་དང ། སྲིན་མོ་སོ་བྲོད་མ་དང ། སྲིན་མོ་ཡིད་དུ་འོང་དང ། སྲིན་མོ་དེས་མ་དང ། སྲིན་མོ་གཏུམ་མོ་དང ། སྲིན་མོ་སོ་དང ། སྲིན་མོ་འགྲོ་འཁྲུག་མ་དང ། སྲིན་མོ་སྔོན་མོ་དང ། སྲིན་མོ་ཁྲ་མོ་དང ། སྲིན་མོ་ཆེན་མོ་བདུན་བཅུ་རྩ་བཞི་པོ་འདི་དག་ནི་རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པ། རྫུ་འཕྲུལ་ཆེ་བ། ལྷ་དང ། ལྷ་མ་ཡིན་གྱི་གཡུལ་དག་ཀྱང་མྱོང་བར་བྱེད་པ་དག་གོ་།དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བར་གྱིས་ཤིག་།ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོ་བརྒྱ་མཐོང་བར་ཤོག་ཤིག་།ཏད་ཡ་ཐཱ། ཧི་ལི་ཧི་ལི། ཧི་ལི་ཧི་ལི། མི་ལི་མི་ལི། མི་ལི་མི་ལི། མི་ལི་མི་ལི་མི་ལི། མི་ལི། ཧུ་རུ་ཧུ་རུ་ཧུ་རུ་ཧུ་རུ་ཧུ་རུ་ཧུ་རུ་ཧུ་རུ་ཧུ་རུ་ཧུ་རུ་ཧཱུ་རུ། ཙི་ཊི་ཙི་ཊི་ཙི་ཊི་ཙི་ཊི་ཙི་ཊི་ཙི་ཊི་ཙི་ཊི་ཙི་ཊི་ཙི་ཊི་ཙི་ཊི། ཧིཀ་ཀེ་ཧིཀ་ཀེ་ཧིཀ་ཀེ་ཧིཀ་ཀེ་།ཧ་ཌ་ཧ་བ་ཊོ། བཀྵེ། བཀྵེ། ཧོ་རེ། ཧོ་རེ། དྷ་ར་དྷ་ར། ཧ་ར་ཧ་ར། ཙ་ལ་ཙ་ལ། ཙུ་ལུ་ཙུ་ལུ། སཝཱཧཱ། སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ་སཝཱཧཱ། རང་སངས་རྒྱས་རྣམས་ལ་སཝཱ་ཧཱ། དགྲ་བཅོམ་པ་རྣམས་ལ་སཝཱཧཱ། བྱང་ཆུབ་སེམས་དཔའ་བྱམས་པ་ལ་སཝཱཧཱ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སཝཱཧཱ། ཕྱིར་མི་འོང་བ་རྣམས་ལ་སཝཱཧཱ། ལན་ཅིག་ཕྱིར་འོང་བ་རྣམས་ལ་སཝཱ་ཧཱ། རྒྱུན་དུ་ཞུགས་པ་རྣམས་ལ་སཝཱ་ཧཱ། ཡང་དག་པར་སོང་བ་རྣམས་ལ་སཝཱ་ཧཱ། ཡང་དག་པར་ཞུགས་པ་རྣམས་ལ་སཝཱ་ཧཱ། ཚངས་པ་ལ་སཝཱ་ཧཱ། དབང་པོ་ལ་སཝཱཧཱ། སྐྱེ་དགུའི་བདག་མོ་རྣམས་ལ་སཝཱ་ཧཱ། དབང་ལྡན་ལ་སཝཱ་ཧཱ། མེ་ལྷ་ལ་སཝཱ་ཧཱ། རླུང་ལྷ་ལ་སཝཱཧཱ། ཆུ་ལྷ་ལ་སཝཱཧཱ། ལུས་ངན་ལ་སཝཱ་ཧཱ། གཤིན་རྗེ་ལ་སཝཱཧཱ། ཉེ་བའི་དབང་པོ་ལ་སཝཱ་ཧཱ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་རྣམས་ཐོས་ཀྱི་བུ་ལ་སཝཱ་ཧཱ། དྲི་ཟའི་བདག་པོ་ཡུལ་འཁོར་སྲུང་ལ་སཝཱཧཱ། གྲུལ་བུམ་གྱི་བདག་པོ་འཕགས་སྐྱེས་པོ་ལ་སཝཱ་ཧཱ། ཀླུའི་བདག་པོ་མིག་མི་བཟང་ལ་སཝཱ་ཧཱ། ལྷ་རྣམས་ལ་སཝཱ་ཧཱ། ཀླུ་རྣམས་ལ 97.113b སཝཱ་ཧཱ། ལྷ་མ་ཡིན་རྣམས་ལ་སཝཱ་ཧཱ། རླུང་ལྷ་རྣམས་ལ་སཝཱ་ཧཱ། ནམ་མཁའ་ལྡིང་རྣམས་ལ་སཝཱ་ཧཱ། དྲི་ཟ་རྣམས་ལ་སཝཱ་ཧཱ། མི་འམ་ཅི་རྣམས་ལ་སཝཱ་ཧཱ། ལྟོ་འཕྱེ་ཆེན་པོ་རྣམས་ལ་སཝཱ་ཧཱ། གནོད་སྦྱིན་རྣམས་ལ་སཝཱ་ཧཱ། སྲིན་པོ་རྣམས་ལ་སཝཱ་ཧཱ། ཡི་དག་རྣམས་ལ་སཝཱ་ཧཱ། ཤ་ཟ་རྣམས་ལ་སཝཱ་ཧཱ། འབྱུང་པོ་རྣམས་ལ་སཝཱ་ཧཱ། གྲུལ་བུམ་རྣམས་ལ་སཝཱ་ཧཱ། སྲུལ་པོ་རྣམས་ལ་སཝཱ་ཧཱ། ལུས་སྲུལ་པོ་རྣམས་ལ་སཝཱ་ཧཱ། སྐེམ་བྱེད་རྣམས་ལ་སཝཱ་ཧཱ། སྨྱོ་བྱེད་རྣམས་ལ་སཝཱ་ཧཱ། གྲིབ་གནོན་རྣམས་ལ་སཝཱ་ཧཱ། བརྗེད་བྱེད་རྣམས་ལ་སཝཱཧཱ། གནོན་པོ་རྣམས་ལ་སཝཱ་ཧཱ། ཟླ་བ་དང་ཉི་མ་ལ་སཝཱ་ཧཱ། རྒྱུ་སྐར་རྣམས་ལ་སཝཱ་ཧཱ། གཟའ་རྣམས་ལ་སཝཱ་ཧཱ། སྐར་མ་རྣམས་ལ་སཝཱ་ཧཱ། དྲོང་སྲོང་རྣམས་ལ་སཝཱ་ཧཱ། བརྟུལ་ཞུགས་གྲུབ་པ་རྣམས་ལ་སཝཱ་ཧཱ། རིག་སྔགས་འཆང་གྲུབ་པ་རྣམས་ལ་སཝཱ་ཧཱ། དཀར་མོ་ལ་སཝཱ་ཧཱ། ས་འཛིན་ལ་སཝཱ་ཧཱ། དུག་སེལ་ལ་སཝཱ་ཧཱ། འཆི་མེད་ལ་སཝཱ་ཧཱ། རྨུགས་བྱེད་ལ་སཝཱ་ཧཱ། ཐལ་མོ་རྡེག་ལ་སཝཱ་ཧཱ། འགྲོ་ལྡིང་བ་ལ་སཝཱ་ཧཱ། ཤ་བ་རི་ལ་སཝཱ་ཧཱ། ཨ་ཐ་ཤ་བ་རི་ལ་སཝཱ་ཧཱ། གཏུམ་མོ་ལ་སཝཱ་ཧཱ། བན་གླང་ཆེན་པོ་ལ་སཝཱ་ཧཱ། ཀླུའི་སྙིང་པོ་ལ་སཝཱ་ཧཱ། ནམ་མཁའ་ལྡིང་གི་སྙིང་པོ་ལ་སཝཱ་ཧཱ། ཡིད་ལས་བྱུང་བ་ལ་སཝཱ་ཧཱ། ཡིད་ལས་བྱུང་ཆེན་པོ་ལ་སཝཱ་ཧཱ། ཡི་གེ་དྲུག་མ་ལ་སཝཱ་ཧཱ། ནོར་བུ་བཟང་ལ་སཝཱ་ཧཱ། ཀུན་དུ་བཟང་པོ་ལ་སཝཱ་ཧཱ། ཀུན་དུ་བཟང་པོ་ཆེན་པོ་ལ་སཝཱ་ཧཱ། དམ་ཚིག་ཆེན་པོ་ལ་སཝཱ་ཧཱ། ཟླ་བ་ཆེན་པོ་ལ་སཝཱ་ཧཱ། སོ་སོར་འབྲང་བ་ཆེན་མོ་ལ་སཝཱ་ཧཱ། བསིལ་བའི་ནགས་ཚལ་ལ་སཝཱ་ཧཱ། བསིལ་བའི་ནགས་ཚལ་ཆེན་པོ་ལ་སཝཱ་ཧཱ། བེ་ཅོན་འཛིན་ལ་སཝཱ་ཧཱ། བེ་ཅོན་འཛིན་ཆེན་པོ་ལ་སཝཱ་ཧཱ། བསྟང་བཟུང་ལ་སཝཱ་ཧཱ། བཏང་བཟུང་ཆེན་པོ་ལ་སཝཱ་ཧཱ། རྒྱལ་བྱེད་མ་ལ་སཝཱ་ཧཱ། ཞི་བ་ལ་སཝཱ་ཧཱ། ལྔས་བཙན་ལ་སཝཱ་ཧཱ། གཞན་གྱི་མི་ཐུབ་མ་ལ་སཝཱ་ཧཱ། རྨ་བྱའི་རྒྱལ་མོ་གསེར་དུ་སྣང་བ་ལ་སཝཱ་ཧཱ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་ལ་སཝཱ་ཧཱ། རིག་སྔགས་ཆེན་མོ་དང ། གསང་སྔགས་ཆེན་མོ་དང ། སོ་སོར་འབྲང་མ་ཆེན་མོ་དང ། བསྲུང་བ་ཆེན་མོ་འདི་དག་གིས་གཤེད་བྱེད་རྣམས་བཅོམ་མོ། །སྒྱུར་བའི 97.114a ལས་རྣམས་དང ། བྱད་དང ། གཡེངས་བྱེད་རྣམས་དང ། རོ་ལངས་རྣམས་དང ། སེམས་སྒྱུར་བ་རྣམས་དང ། སྦོད་སྟོང་རྣམས་བཅོམ་མོ། །སྐེམ་བྱེད་རྣམས་དང ། སྨྱོ་བྱེད་རྣམས་དང ། གྲིབ་གནོན་རྣམས་དང ། བརྗེད་བྱེད་རྣམས་བཅོམ་མོ། །སྐེམ་བ་རྣམས་དང ། སྐྲག་པ་རྣམས་དང ། དབྱིག་དུག་རྣམས་དང ། དུག་རྣམས་བཅོམ་མོ། །བཟའ་ཉེས་རྣམས་དང ། སྐྱུག་ཉེས་རྣམས་དང ། གནོད་སྒྲིབ་རྣམས་དང ། གནོད་ལྟས་རྣམས་དང ། བྲི་ཉེས་རྣམས་དང ། བསྒོམ་ཉེས་རྣམས་དང ། སྨད་པ་རྣམས་བཅོམ་མོ། །རིམས་ཉིན་གཅིག་པ་རྣམས་དང ། ཉིན་གཉིས་པ་རྣམས་དང ། ཉིན་གསུམ་པ་རྣམས་དང ། ཉིན་བཞི་པ་རྣམས་དང ། ཉིན་བདུན་པ་རྣམས་དང ། ཟླ་བ་ཕྱེད་པ་རྣམས་དང ། ཟླ་བ་གཅིག་པ་རྣམས་དང ། ཉིན་མོ་པ་རྣམས་དང ། མཚན་མོ་པ་རྣམས་དང ། ཡུད་ཙམ་པ་རྣམས་དང ། རྟག་པའི་རིམས་རྣམས་དང ། རིམས་དྲག་པོ་རྣམས་དང ། རླུང་ལས་གྱུར་པ་རྣམས་དང ། མཁྲིས་པ་ལས་གྱུར་བ་རྣམས་དང ། བད་ཀན་ལས་གྱུར་པ་རྣམས་དང ། འདུས་པ་ལས་གྱུར་པ་རྣམས་དང ། མིའི་རིམས་རྣམས་དང ། མི་མ་ཡིན་པའི་རིམས་རྣམས་བཅོམ་མོ། །རིམས་ཐམས་ཅད་བཅོམ་མོ། །ཤུ་བ་དང ། གཡའ་བ་དང ། འབྲུམ་མོ་ཕྲ་མོ་དང ། མཛེ་དང ། ཕོལ་མིག་དང ། གཡན་པ་དང ། མེ་དབལ་དང ། ལྷོག་པ་རྣམས་བཅོམ་མོ། །གླད་པ་ན་བ་དང ། གཞོགས་ཕྱེད་ན་བ་དང ། ཡི་ག་འཆུས་པ་དང ། མིག་ནད་དང ། སྣ་ནད་དང ། ཁ་ནད་ནད་དང ། མགུལ་ནད་དང ། སྙིང་ནད་དང ། ལྐོག་མའི་ལྷ་གོར་ན་བ་དང ། རྣ་བ་ན་བ་དང ། སོ་ན་བ་དང ། སྙིང་ན་བ་དང ། རྩིབ་ལོགས་ན་བ་དང ། རྒྱབ་ན་བ་དང ། ལྟོ་བ་ན་བ་དང ། མཁུར་བ་ན་བ་དང ། མཚན་བར་རྡོལ་བ་དང ། སྐྱེ་གནས་ན་བ་དང ། རབ་ཏུ་རྐེད་པ་ན་བ་དང ། བརླ་ན་བ་དང ། བྱིན་པ་ན་བ་དང ། ལག་པ་ན་བ་དང ། རྐང་པ་ན་བ་དང ། ཡན་ལག་ན་བ་དང ། ཉིང་ལག་ན་བ་བཅོམ་མོ། །གདོན་ཐམས་ཅད་དང ། དུག་ཐམས་ཅད་དང ། ནད་ཐམས་ཅད་བཅོམ་མོ། །བདག་བདེ་ལེགས་སུ་གྱུར་ཅིག་།མཚན་མོ་བདེ་ལེགས་ཉིན་བདེ་ལེགས། །ཉི་མའི་གུང་གི་བདེ 97.114b ལེགས་དང ། །ཉིན་མཚན་ཀུན་གྱི་བདེ་ལེགས་དག་།སངས་རྒྱས་ཀུན་གྱིས་བདག་ལ་སྩོལ། །སངས་རྒྱས་ཕྱག་འཚལ་བྱང་ཆུབ་ཕྱག་འཚལ་ལོ། །གྲོལ་གྱུར་ཕྱག་འཚལ་གྲོལ་ལ་ཕྱག་འཚལ་ལོ། །ཞི་གྱུར་ཕྱག་འཚལ་ཞི་ལ་ཕྱག་འཚལ་ལོ། །རྣམ་གྲོལ་ཕྱག་འཚལ་གྲོལ་ལ་ཕྱག་འཚལ་ལོ། །བྲམ་ཟེ་གང་དག་སྡིག་པའི་ཆོས་རྣམས་གསལ་བར་གྱུར་པ་དེ་དག་ལ་ཡང་ཕྱག་འཚལ་ལོ། །དེ་དག་གིས་ཀྱང་བདག་ལ་བསྲུང་བ་གྱིས་ཤིག་།ཕ་བདེ་ལེགས་སུ་གྱུར་ཅིག་།མ་བདེ་ལེགས་སུ་གྱུར་ཅིག་།མངལ་བདེ་ལེགས་སུ་གྱུར་ཅིག་།རྐང་གཉིས་པ་རྣམས་བདེ་ལེགས་སུ་གྱུར་ཅིག་།རྐང་བཞི་པ་རྣམས་བདེ་ལེགས་སུ་གྱུར་ཅིག་།རྐང་མངས་རྣམས་བདེ་ལེགས་སུ་གྱུར་ཅིག་།སྲིད་པ་གསུམ་དུ་གཏོགས་པའི་སེམས་ཅན་ཐམས་ཅད་བདེ་ལེགས་སུ་གྱུར་ཅིག་སཝཱ་ཧཱ། ཀུན་དགའ་བོ་ཁྱོད་ཀྱིས་ཀླུའི་རྒྱལ་པོ་རྣམས་ཀྱི་མིང་ཟུང་ཤིག་།འདི་ལྟ་སྟེ། ཀླུའི་རྒྱལ་པོ་སངས་རྒྱས་བཅོམ་ལྡན་འདས་དང ། ཀླུའི་རྒྱལ་པོ་ཚངས་པ་དང ། ཀླུའི་རྒྱལ་པོ་ཚངས་ཆེན་དང ། ཀླུའི་རྒྱལ་པོ་དབང་པོ་དང ། ཀླུའི་རྒྱལ་པོ་ཉེ་བའི་དབང་པོ་དང ། ཀླུའི་རྒྱལ་པོ་རྒྱ་མཚོ་དང ། ཀླུའི་རྒྱལ་པོ་རྒྱ་མཚོའི་བུ་དང ། ཀླུའི་རྒྱལ་པོ་དུག་མེད་བཅས་དང ། ཀླུའི་རྒྱལ་པོ་མཚོ་ཆེན་དང ། ཀླུའི་རྒྱལ་པོ་མཚོ་ཆེན་བུ་དང ། ཀླུའི་རྒྱལ་པོ་ཆུ་སྲིན་དང ། ཀླུའི་རྒྱལ་པོ་དགའ་བོ་དང ། ཀླུའི་རྒྱལ་པོ་ཉེ་དགའ་བོ་དང ། ཀླུའི་རྒྱལ་པོ་མི་ཞུམ་པ་དང ། ཀླུའི་རྒྱལ་པོ་ཉེ་བར་མ་ཞུམ་པ་དང ། ཀླུའི་རྒྱལ་པོ་བལྟ་ན་མཛེས་དང ། ཀླུའི་རྒྱལ་པོ་ནོར་རྒྱས་ཀྱི་བུ་དང ། ཀླུའི་རྒྱལ་པོ་འཇོག་པོ་དང ། ཀླུའི་རྒྱལ་པོ་སྐྱ་རེང་དང ། ཀླུའི་རྒྱལ་པོ་ཆུ་ལྷ་དང ། ཀླུའི་རྒྱལ་པོ་པཎྜ་ཀ་དང ། ཀླུའི་རྒྱལ་པོ་སོར་མོ་དྲུག་པ་དང ། ཀླུའི་རྒྱལ་པོ་སྙིང་པོར་འགྲོ་དང ། ཀླུའི་རྒྱལ་པོ་དཔལ་ལྡན་དང ། ཀླུའི་རྒྱལ་པོ་དཔལ་མགྲིན་དང ། ཀླུའི་རྒྱལ་པོ་དཔལ་འཕེལ་དང ། ཀླུའི་རྒྱལ་པོ་དཔལ་བཟང་དང ། ཀླུའི་རྒྱལ་པོ་སྟོབས་བཟང་དང ། །ཀླུའི་རྒྱལོ་ཆུ་སྐྱེས་དང ། ཀླུའི་རྒྱལ་པོ་སྟག་རེ་དང ། ཀླུའི་རྒྱལ་པོ་ལག 97.115a བཟང་དང ། ཀླུའི་རྒྱལ་པོ་རི་རབ་དང ། ཀླུའི་རྒྱལ་པོ་ཉི་འོད་དང ། ཀླུའི་རྒྱལ་པོ་ཟླ་འོད་དང ། ཀླུའི་རྒྱལ་པོ་བཟང་སྡུག་དང ། ཀླུའི་རྒྱལ་པོ་ངར་བ་དང ། ཀླུའི་རྒྱལ་པོ་འབྲུག་སྒྲོགས་དང ། ཀླུའི་རྒྱལ་པོ་གློག་འབྱིན་དང ། ཀླུའི་རྒྱལ་པོ་རྒྱས་བྱེད་དང ། ཀླུའི་རྒྱལ་པོ་ཆར་འབེབས་དང ། ཀླུའི་རྒྱལ་པོ་དྲི་མེད་དང ། ཀླུའི་རྒྱལ་པོ་སྟོབས་ཆེན་མགོ་དང ། ཀླུའི་རྒྱལ་པོ་ལྕང་ལོ་ཅན་གྱི་མགོ་དང ། ཀླུའི་རྒྱལ་པོ་རྟ་མགོ་དང ། ཀླུའི་རྒྱལ་པོ་བལ་ལང་མགོ་དང ། ཀླུའི་རྒྱལ་པོ་རི་དགས་མགོ་དང ། ཀླུའི་རྒྱལ་པོ་གླང་པོ་ཆེའི་མགོ་དང ། ཀླུའི་རྒྱལ་པོ་རླན་སྟོབས་ཅན་དང ། ཀླུའི་རྒྱལ་པོ་སྐྱེ་བོ་འཚེ་དང ། ཀླུའི་རྒྱལ་པོ་རིས་བཀྲ་དང ། ཀླུའི་རྒྱལ་པོ་མིག་བཀྲ་དང ། ཀླུའི་རྒྱལ་པོ་སྣ་ཚོགས་སྡེ་དང ། ཀླུའི་རྒྱལ་པོ་མི་གཏོང་བ་དང ། ཀླུའི་རྒྱལ་པོ་གཏོང་པོ་དང ། ཀླུའི་རྒྱལ་པོ་གཏང་བཟུང་དང ། ཀླུའི་རྒྱལ་པོ་སྒྲ་སྒྲོགས་ཀྱི་བུ་དང ། ཀླུའི་རྒྱལ་པོ་རྟོགས་པའི་བུ་དང ། ཀླུའི་རྒྱལ་པོ་དཔལ་དང ། ཀླུའི་རྒྱལ་པོ་དཔལ་ཅན་དང ། ཀླུའི་རྒྱལ་པོ་འཕྱང་བ་དང ། ཀླུའི་རྒྱལ་པོ་སྲིན་བུ་དང ། ཀླུའི་རྒྱལ་པོ་མཐའ་ཡས་དང ། ཀླུའི་རྒྱལ་པོ་གསེར་དང ། ཀླུའི་རྒྱལ་པོ་གླང་པོའི་རྩལ་དང ། ཀླུའི་རྒྱལ་པོ་དཀར་གསལ་དང ། ཀླུའི་རྒྱལ་པོ་སེར་སྐྱ་དང ། ཀླུའི་རྒྱལ་པོ་ཨེ་ལའི་འདབ་དང ། ཀླུའི་རྒྱལ་པོ་དཀར་པོ་དང ། ཀླུའི་རྒྱལ་པོ་དུང་དང ། ཀླུའི་རྒྱལ་པོ་སོག་མ་མེད་དང ། ཀླུའི་རྒྱལ་པོ་ནག་པོ་དང ། ཀླུའི་རྒྱལ་པོ་ཉེ་གཉག་དང ། ཀླུའི་རྒྱལ་པོ་སྟོབས་ལྷ་དང ། ཀླུའི་རྒྱལ་པོ་སྲེད་མེད་ཀྱི་བུ་དང ། ཀླུའི་རྒྱལ་པོ་ལ་བ་དང ། ཀླུའི་རྒྱལ་པོ་སྐྲག་བྱེད་དང ། ཀླུའི་རྒྱལ་པོ་སྲིན་པོ་དང ། ཀླུའི་རྒྱལ་པོ་བྲག་ལག་དང ། ཀླུའི་རྒྱལ་པོ་གང་གཱ་དང ། ཀླུའི་རྒྱལ་པོ་སིན་དྷུ་དང ། ཀླུའི་རྒྱལ་པོ་པཀྵུ་དང ། ཀླུའི་རྒྱལ་པོ་སཱི་ཏ་དང ། ཀླུའི་རྒྱལ་པོ་བཀྲ་ཤིས་དང ། ཀླུའི་རྒྱལ་པོ་མ་དྲོས་པ་དང ། ཀླུའི་རྒྱལ་པོ་རབ་བརྟན་དང ། ཀླུའི་རྒྱལ་པོ་ས་བསྲུང་གི་བུ་དང ། ཀླུའི་རྒྱལ་པོ་ས་འཛིན་དང ། ཀླུའི་རྒྱལ་པོ་མུ་ཁྱུད་འཛིན་དང ། ཀླུའི་རྒྱལ་པོ་མདོག་འཛིན་དང ། ཀླུའི་རྒྱལ་པོ་བཟང་པོ་དང ། ཀླུའི 97.115b རྒྱལ་པོ་རབ་ཏུ་བཟང་དང ། ཀླུའི་རྒྱལ་པོ་ནོར་བཟང་དང ། ཀླུའི་རྒྱལ་པོ་སྟོབས་བཟང་དང ། ཀླུའི་རྒྱལ་པོ་ནོར་བུ་དང ། ཀླུའི་རྒྱལ་པོ་ནོར་བུ་འགུལ་དང ། ཀླུའི་རྒྱལ་པོ་ནག་པོ་གཉིས་དང ། ཀླུའི་རྒྱལ་པོ་སེར་པོ་གཉིས་དང ། ཀླུའི་རྒྱལ་པོ་དམར་པོ་གཉིས་དང ། ཀླུའི་རྒྱལ་པོ་དཀར་པོ་གཉིས་དང ། ཀླུའི་རྒྱལ་པོ་ཕྲེང་ལྡན་དང ། ཀླུའི་རྒྱལ་པོ་དམར་ཕྲེང་ཅན་དང ། ཀླུའི་རྒྱལ་པོ་བེའུ་དང ། ཀླུའི་རྒྱལ་པོ་ཁྲུམས་སྟོད་དང ། ཀླུའི་རྒྱལ་པོ་རྔ་དང ། ཀླུའི་རྒྱལ་པོ་ཉེ་རྔ་དང ། ཀླུའི་རྒྱལ་པོ་ཨ་མྲ་མུ་སྟེགས་པ་དང ། ཀླུའི་རྒྱལ་པོ་ནོར་བུའི་བུ་དང ། ཀླུའི་རྒྱལ་པོ་ཡུལ་འཁོར་བསྲུང་དང ། ཀླུའི་རྒྱལ་པོ་འཕགས་སྐྱེས་པོ་དང ། ཀླུའི་རྒྱལ་པོ་མིག་མི་བཟང་དང ། ཀླུའི་རྒྱལ་པོ་རྣམ་ཐོས་ཀྱི་བུ་དང ། ཀླུའི་རྒྱལ་པོ་ཤིང་རྟའི་བཞིན་དང ། ཀླུའི་རྒྱལ་པོ་ཙམ་པར་སྐྱེས་དང ། ཀླུའི་རྒྱལ་པོ་གཽ་ཏ་མ་དང ། ཀླུའི་རྒྱལ་པོ་ལྔ་ལེན་དང ། ཀླུའི་རྒྱལ་པོ་གཙུག་ཕུད་ལྷ་དང ། ཀླུའི་རྒྱལ་པོ་བདུད་དང ། ཀླུའི་རྒྱལ་པོ་ཐིགས་པ་དང ། ཀླུའི་རྒྱལ་པོ་ཉེ་བའི་ཐིགས་པ་དང ། ཀླུའི་རྒྱལ་པོ་བུང་བ་དང ། ཀླུའི་རྒྱལ་པོ་དུས་ལས་བྱུང་བ་དང ། ཀླུའི་རྒྱལ་པོ་སྟོབས་ཅན་དང ། ཀླུའི་རྒྱལ་པོ་ཅུང་ཟད་ཅན་དང ། ཀླུའི་རྒྱལ་པོ་ཅུང་ཟད་པ་དང ། ཀླུའི་རྒྱལ་པོ་ཙམ་པ་ཀ་དང ། ཀླུའི་རྒྱལ་པོ་གཽ་ཏ་མ་ནག་མོ་དང ། ཀླུའི་རྒྱལ་པོ་ཡིད་བཟང་དང ། ཀླུའི་རྒྱལ་པོ་མེ་དང ། ཀླུའི་རྒྱལ་པོ་མིའི་རྩ་བ་དང ། ཀླུའི་རྒྱལ་པོ་མིའི་བླ་མ་དང ། ཀླུའི་རྒྱལ་པོ་གླང་པོ་ཆེ་དང ། ཀླུའི་རྒྱལ་པོ་མི་མ་ཡིན་པ་དང ། ཀླུའི་རྒྱལ་པོ་གཟིངས་དང ། ཀླུའི་རྒྱལ་པོ་མཆོག་དང ། ཀླུའི་རྒྱལ་པོ་བ་ལུ་ཀ་དང ། ཀླུའི་རྒྱལ་པོ་ཨ་ལུ་ཀ་དང ། ཀླུའི་རྒྱལ་པོ་ཧཱུ་ལུ་དང ། ཀླུའི་རྒྱལ་པོ་ཨེ་ལ་དང ། ཀླུའི་རྒྱལ་པོ་ཨེ་ལའི་ལོ་མ་དང ། ཀླུའི་རྒྱལ་པོ་འགྲོ་སྒྲ་དང ། ཀླུའི་རྒྱལ་པོ་འཆི་སྒྲ་དང ། ཀླུའི་རྒྱལ་པོ་གཟི་ཅན་དང ། ཀླུའི་རྒྱལ་པོ་སྟོབས་ཀྱི་རྒྱུ་དང ། ཀླུའི་རྒྱལ་པོ་སེར་སྐྱ་དང ། ཀླུའི་རྒྱལ་པོ་ཞི་བ་འཛིན་དང ། ཀླུའི་རྒྱལ་པོ་མེ་ཏོག་ཨུཏྤ་ལ་དང ། ཀླུའི་རྒྱལ་པོ་སེན་མོ་ཅན་དང ། ཀླུའི་རྒྱལ་པོ་འཕེལ་བ་དང ། ཀླུའི་རྒྱལ་པོ་ཐར་པ་དང ། ཀླུའི་རྒྱལ་པོ་བློ་ཅན་དང ། ཀླུའི 97.116a རྒྱལ་པོ་རབ་ཐར་དང ། ཀླུའི་རྒྱལ་པོ་ལ་བ་དང ། ཀླུའི་རྒྱལ་པོ་མགྱོགས་རབ་དགའ་དང ། ཀླུའི་རྒྱལ་པོ་ཨེ་ལ་དང ། འདུས་པ་དག་དང ། ཀླུའི་རྒྱལ་པོ་དགའ་བོ་དང ། ཉེ་དགའ་བོ་དག་དང ། ཀླུའི་རྒྱལ་པོ་གསལ་བ་ཅན་དང ། ཀླུའི་རྒྱལ་པོ་བལྟ་མཛེས་ཆེན་པོ་དང ། ཀླུའི་རྒྱལ་པོ་མཆོག་ཅན་དང ། ཀླུའི་རྒྱལ་པོ་མཆོག་ལྡན་གྲོག་མ་དང ། ཀླུའི་རྒྱལ་པོ་བཞིན་བཟང་དང ། ཀླུའི་རྒྱལ་པོ་མེ་ལོང་གདོང་ཅན་དང ། ཀླུའི་རྒྱལ་པོ་ས་འཛིན་དང ། ཀླུའི་རྒྱལ་པོ་སེང་གེ་འཛིན་དང ། ཀླུའི་རྒྱལ་པོ་འགྲོ་ལྡིང་དང ། ཀླུའི་རྒྱལ་པོ་ནག་པོ་གཉིས་དང ། ཀླུའི་རྒྱལ་པོ་དཀར་པོ་གཉིས་དང ། ཀླུའི་རྒྱལ་པོ་ཉེ་དཀར་གཉིས་དང ། ཀླུའི་རྒྱལ་པོ་དེ་དག་དང ། གཞན་ཡང་གང་དག་སའི་དཀྱིལ་འཁོར་འདིར་དུས་དུས་སུ་འབྲུག་སྒྲོགས་པ། དུས་དུས་སུ་གློག་འབྱིན་པ། དུས་དུས་སུ་ཆར་འབེབས་པ། དུས་དུས་སུ་ལོ་ཏོག་བསྒྲུབ་པ། སངས་རྒྱས་མཐོང་བ། བསླབ་པའི་གཞི་བཟུང་བ། གསུམ་ལ་སྐྱབས་སུ་དོང་བ། ནམ་མཁའ་ལྡིང་གི་འཇིགས་པ་དང ། མེ་དང་མྱེ་མའི་འཇིགས་པ་དང ། རྒྱལ་པོའི་ལས་ཀྱི་འཇིགས་པ་ལས་ཐར་བ། ས་འཛིན་པ། རིན་པོ་ཆེའི་གཞལ་མེད་ཁང་ཆེན་པོ་ན་གནས་པ། ཚེ་རིང་བ་བསྐལ་པར་གནས་པ། དབང་ཆེ་བར་གྲགས་པ། རྫུ་འཕྲུལ་ཆེ་བ། ལོངས་སྤྱོད་ཆེ་བ། འཁོར་ཕལ་ཆེ་བ། དགྲའི་དཔུང་རབ་ཏུ་འཇོམས་པ། རྫུ་འཕྲུལ་དང་ལྡན་པ། འོད་དང་ལྡན་པ། ཁ་དོག་དང་ལྡན་པ། གྲགས་པ་དང་ལྡན་པ། རྫུ་འཕྲུལ་ཆེ་བ། ལྷ་དང ། ལྷ་མ་ཡིན་གྱི་གཡུལ་དག་ཀྱང་མྱོང་བར་བྱེད་པ་དག་སྟེ། ཀླུའི་རྒྱལ་པོ་བུ་དང་བཅས་པ། ཚ་བོ་དང་བཅས་པ། སྤུན་དང་བཅས་པ། བློན་པོ་དང་བཅས་པ། སྡེ་དཔོན་དང་བཅས་པ། ཕོ་ཉ་དང་བཅས་པ། མངག་པ་དང་བཅས་པ། གཡོག་དང་བཅས་པ། འཁོར་དང་བཅས་པ་དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུངང་བ་གྱིས་ཤིག་།ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།གཙང་སྦྲ་མ་བྱས་པ་དང ། གཙང་སྦྲ་བྱས་པ་དང ། མྱོས་པ་དང ། རབ་ཏུ་མྱོས་པ་དང ། འགྲོ་བ་དང ། འགྲེང་བ་དང ། འདུག་པ་དང ། ཉལ་བ་དང ། མི་ཉལ་བ་དང ། འོངས་པ་དང ། མ་འོངས 97.116b པ་དགེ་བར་གྱུར་ཅིག་།རྒྱལ་པོའི་འཇིགས་པ་དང ། ཆོམ་རྐུན་གྱི་འཇིག་པ་དང ། མེའི་འཇིགས་པ་དང ། ཆུའི་འཇིགས་པ་དང ། མི་མཛའ་བའི་འཇིགས་པ་དང ། གསོད་པའི་འཇིགས་པ་དང ། ཕྱིར་རྒོལ་བ་དང ། དགྲའི་འཇིགས་པ་དང ། འཇོམས་པའི་འཇིགས་པ་དང ། ཕ་རོལ་གྱི་དགྲའི་ཚོགས་ཀྱི་འཇིགས་པ་དང ། མུ་གེའི་འཇིགས་པ་དང ། དུས་མ་ཡིན་པར་འཆི་བའི་འཇིགས་པ་དང ། ས་གཡོ་བའི་འཇིགས་པ་དང ། གཅན་ཟན་ཁྲོ་བོའི་འཇིགས་པ་ལས་བདག་བདེ་ལེགས་སུ་གྱུར་ཅིག་།ལྷའི་འཇིགས་པ་དང ། ཀླུའི་འཇིགས་པ་དང ། ལྷ་མ་ཡིན་གྱི་འཇིགས་པ་དང ། རླུང་ལྷའི་འཇིགས་པ་དང ། ནམ་མཁའ་ལྡིང་གི་འཇིགས་པ་དང ། དྲི་ཟའི་འཇིགས་པ་དང ། མི་འམ་ཅིའི་འཇིགས་པ་དང ། ལྟོ་འཕྱེ་ཆེན་པོའི་འཇིགས་པ་དང ། གནོད་སྦྱིན་གྱི་འཇིགས་པ་དང ། སྲིན་པོའི་འཇིགས་པ་དང ། ཡི་དགས་ཀྱི་འཇིགས་པ་དང ། ཤ་ཟའི་འཇིགས་པ་དང ། འབྱུང་པོའི་འཇིགས་པ་དང ། གྲུལ་བུམ་གྱི་འཇིགས་པ་དང ། སྲུལ་པོའི་འཇིགས་པ་དང ། ལུས་སྲུལ་པོའི་འཇིགས་པ་དང ། སྐེམ་བྱེད་ཀྱི་འཇིགས་པ་དང ། སྨྱོ་བྱེད་ཀྱི་འཇིགས་པ་དང ། གྲིབ་གནོན་གྱི་འཇིགས་པ་དང ། རྗེད་བྱེད་ཀྱི་འཇིགས་པ་དང ། གནོན་པོའི་འཇིགས་པ་ལས་བདག་བདེ་ལེགས་སུ་གྱུར་ཅིག་།གཤེད་བྱེད་དང ། སྒྱུར་བའི་ལས་དང ། བྱད་དང ། གཡེངས་བྱེད་དང ། རོ་ལངས་དང ། སེམས་སྒྱུར་བ་དང ། སྦོད་སྟོང་དང ། བཟའ་ཉེས་དང ། སྐྱུག་ཉེས་དང ། གནོད་སྒྲིབ་དང ། གནོད་ལྟས་དང ། བྲི་ཉེས་དང ། བསྒོམ་ཉེས་དང ། སྨད་པའི་འཇིགས་པ་ལས་བདག་བདེ་ལེགས་སུ་གྱུར་ཅིག་།ཤུ་བ་དང ། གཡའ་བ་དང ། མཛེ་དང ། འབྲུམ་བུ་ཕྲ་མོ་དང ། ཕོལ་མིག་དང ། གཡན་པ་དང ། མེ་དབལ་དང ། ལྷོག་པའི་འཇིགས་པ་ལས་བདག་བདེ་ལེགས་སུ་གྱུར་ཅིག་།མཚན་མོ་བདེ་ལེགས་ཉིན་བདེ་ལེགས། །ཉི་མའི་གུང་གི་བདེ་ལེགས་དང ། །ཉིན་མཚན་ཀུན་གྱི་བདེ་ལེགས་དག་།སངས་རྒྱས་ཀུན་གྱི་བདག་ལ་རྩོལ། །སངས་རྒྱས་ཕྱག་འཚལ 97.117a བྱང་ཆུབ་ཕྱག་འཚལ་ལོ། །གྲོལ་གྱུར་ཕྱག་འཚལ་གྲོལ་ལ་ཕྱག་འཚལ་ལོ། །ཞི་གྱུར་ཕྱག་འཚལ་ཞི་ལ་ཕྱག་འཚལ་ལོ། །རྣམ་གྲོལ་ཕྱག་འཚལ་གྲོལ་ལ་ཕྱག་འཚལ་ལོ། །བྲམ་ཟེ་གང་དག་སྡིག་པའི་ཆོས་རྣམས་བསལ་བར་གྱུར་པ་དེ་དག་ལ་ཡང་ཕྱག་འཚལ་ལོ། །དེ་དག་གིས་ཀྱང་བདག་ལ་བསྲུང་བ་དང ། བསྐྱབ་པ་གྱིས་ཤིག་སཝཱ་ཧཱ། ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམ་པར་གཟིགས་ཀྱིས་གསུངས་པའོ། །ཏད་ཡ་ཐཱ། ཨ་ར་ཌེ། ཀ་ར་ཌེ། མ་དེ། མ་ད་བར་དྷ་ནི། ཨ་བ་རེ་ཤ་བ་རེ། ཏུ་རེ་ཏུ་རེ། ཙུ་རེ་ཙུ་རེ། ཤ་བ་རེ། པརྞ་ཤ་བ་རེ། ཧུ་ཙི་ཧུ་ཙི་མུ་ཙི་མུ་ཙི་སཝཱཧཱ། ཀུན་དགའ་བོ་རིགས་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་གཙུག་ཏོར་ཅན་གྱིས་གསུངས་པའོ། །ཏད་ཡ་ཐཱ། ཨིཊྚེ། མིཊྚ། ཁུ་རེ་བི་ཁུ་རེ། ཧི་ལི་ཧི་ལི། མི་ལི་མི་ལི། ཀེ་ཏུ་མཱུ་ལེ། ཨམྦ། རེ། ཨམྦ་རཱ། བ་ཏི། དུམྦེ། དོ་དུམྦེ། ཧི་ལི་ཧི་ལི། ཀུ་ཙི་ཀུ་ཙི། མུ་ཙི་མུ་ཙི་སཝཱ་ཧཱ། ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་སྐྱོབ་ཀྱིས་གསུངས་པའོ། །ཏད་ཡ་ཐཱ། མོ་རི་མོ་རི། ཀེ་བཊྚེ། མཎྜི། མཎྜ། ཏི་ཀེ་།ཧ་རེ་ཧ་རེ། གྷ་རེ་གྷ་རེ། ཁ་རེ་ཁ་རེ། ཕ་ལེ་ཕ་ལེ། ཕ་ལི་ནི། དནྟེ། དནྟི་ནི། དནྟི་ལེ། ཤ་ཀ་ཊི། མ་ཀ་ཊི། ན་ཌེ། ན་ཌི་ནི། ཤི་རི་ཤི་རི། ཤི་རི་ཤི་རི་ཤི་རི་ཤི་རི་སཝཱ་ཧཱ། ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འཁོར་བ་འཇིག་གིས་གསུངས་པའོ། །ཏད་ཡ་ཐཱ། ཧི་ཌི་མི་ཌི། ཀུ་ཌི། མུ་ཌི། ཏུ་ཌི། ཨཱ་ཌི། དནྟི། དནྟི་ལེ། ཤ་ཀ་རི། ཙ་ཀ་རི། ཐ་ག་རི། ཏ་ག་རི། ཀཱཉྩི་ནི། ཀཉྩ་ནཱ་བ་ཏི། བ་རེ་བ་རེ། བ་རེ་བ་རེ་དནྟེ་སིདྷེ་སཝཱ་ཧཱ། ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་ཐུབ་ཀྱིས་གསུངས་པའོ། །ཏད་ཡ་ཐཱ། ཏཏྟ་ལེ། ཏ་ཏ་ལེ། ཏ་ལ་ཏོ་ཏ་ལེ། བཱི་རེ། བི་ཛ་ཡེ། བིཛྫ་དྷ་རེ། ཨ་ར་ཛེ། བེ་ར་ཛེ། བེ་རཱ་ཛཱ་མ་སི། 97.117b མ་ཏི། མཱ་ལི་ནི། མུཎྚི། ཤྲཱི་མུཎྜི། ཛྭ་ལེ་ཛྭ་ལེ། ཛྭ་ལེ་ཛྭ་ལེ། བྷ་ག་བ་ཏི། སིདྷི་སཝཱ་ཧཱ། ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་གསུངས་པའོ། །ཏད་ཡ་ཐཱ། ཨཎྜ་རེ། ཀཎྜ་རེ། མཎྜ་རེ། ཁཎྜ་རེ། ཛམྦུ། ཛམྦུ་ན་ཏི། ཛམྦུ་བ་ཏི། མཏྟ་ཏེ། མཎྚི་ཏི་ཀེ་། མ་རེ། སིདྷེ། ཧ་ར་ཧ་ར། ཧ་ར་ཧ་ར། པ་ཤུ་པ་ཤུ། པ་ཤུ་པ་ཤུ། པ་ཤུ་པ་ཏི་སིདྡྷི་སཝཱ་ཧཱ། ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ངས་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ད་ལྟར་བཤད་པའོ། །ཏད་ཡ་ཐཱ། ཧི་ལི་མི་ལི། ཀི་ལི་མི་ལི། ཨི་ལི་ལེ། ཀ་ཏ་ལེ། ཀེ་ཏཱུ་མཱུ་ལེ། ཨ་ཊ་མ་ལི། ཊབྥེ། ཌཀྡཻ། བུ་ས་ར་ཀེ་།བུ་ས་ཊེ། ན་ར་ཀནྟེ། ཀཱ་མི་ཎི། ཀམྦུ། ད་ར་ཀི་རུ་རུ་ཏ་ར། བ་ར་ཎི། པྲ་ཀྲྀ་ཏི། དཱཾཥྚེ། མི་ལི་ཏ་ལེ། ཧི་ཏི་ཧཱ་སེ། ཨ་བ་ལེ་ཏུ་བ་ལེ། པི་ལཾ་ཀེ་།བཊྚི་བཊྚི་ཏི་ཀེ་། ཌནྷུ་བེ། བ་ཊི་ཏུམྨེ། ཕྱོགས་བཅུ་ཀུན་དུ་ལྷས་ཆར་ཕོབ་ཤིག་།བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །ས་ལ་དགའ་བས་ཆུ་དབབ་ཏུ་གསོལ། བཅོམ་ལྡན་འདས་ལ་ཕྱག་འཚལ་ལོ། །ི་རི་ཛ་ཡེ། གོ་དོ་ཧི་ཀཱ་ཡེ། བྷྲིངྒ་རི་ཀཱ་ཡེ། ཨ་རུ་ཙི། ན་རུ་ཙི། ནཊྚེ། བཛྲེ་བཛྲེ་ནཊྚེ། ཨུ་ད་ཡ་ན། པྲི་ཡེ། ཨ་ལེ་ཏ་ལེ། ཀུ་ལ་ཏཱ་ལེ། ནཱ་རཱ་ཡ་ཎི། པཱ་རཱ་ཡ་ཎི། པ་ཤྱ་ནི། སྤརྴ་ནི། འགྲོ་ལྡིང་བའི་གསང་སྔགས་ཀྱི་ཚིག་རྣམས་གྲུབ་པར་གྱུར་ཅིག་།སཝཱ་ཧཱ། ཅི་ལྟར་དེ་བཞིན་གཤེགས་པ་ངས་བསྟན་ཅིང་རྗེས་སུ་ཡི་རང་ནས་དགེ་སློང་ཀུན་དགའ་བོས་དགེ་སློང་ས་རི་ལ་བདེ་ལེགས་སུ་འགྱུར་བར་བྱས་པ་དེ་བཞིན་དུ་བདག་ལ་བསྲུང་བ་གྱིས་ཤིག་།སྦ་བ་དང ། ཡོངས་སུ་བསྐྱབ་པ་དང ། ཡོངས་སུ་བཟུང་བ་དང ། ཡོངས་སུ་བསྐྱང་བ་དང ། ཞི་བ་དང ། བདེ་ལེགས་སུ་འགྱུར་བ་དང ། ཆད་པ་སྤང་བ་དང ། མཚོན་ཆ་སྤང་བ་དང ། དུག་གཞིལ་བ་དང ། དུག་བསད་པ་དང ། མཚམས་བཅད་པ་དང ། ས་བཅིང་བ་གྱིས་ཤིག་།ལོ་བརྒྱ་འཚོ་བར་གྱུར་ཅིག་། 97.118a སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་བྱང་ཆུབ་སེམས་དཔའ་བྱམས་པས་བཤད་ཅིང་རྗེས་སུ་ཡི་རང་བའོ། །ཏད་ཡ་ཐཱ། ཤི་རི་ཤི་རི་ཤི་རི། བྷ་དྲེ། ཛྱོ་ཏི་ཛྱོ་ཏི། ཛྱོ་ཏི་བྷ་དྲེ། ཧ་རེ་ཧ་རེ་ཧ་རེ། ཧ་རི་ནི། དནྟེ་ཤ་བ་རེ་ཤི་བེ། ཤཱུ་ལ་པཱ་ཎི་ནི་བོ་དྷི་བོ་དྷི། བོ་དྷི་བོ་དྷི་བོ་དྷི། ས་ཏྭེ་བོ་དྷི། པ་རི་ཙཱ་ར་ནི་ཡེ་སཝཱ་ཧཱ། ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་མི་མཇེད་ཀྱི་བདག་པོ་ཚངས་པས་སྨྲས་ཤིང་རྗེསུ་ཡི་རང་བའོ། །ཏད་ཡ་ཐཱ། ཧི་ལི་ཧི་ལི། མི་ལི་མི་ལི་མི་ལི་ནི། ཙཾ་ཀ་རི། ཀི་རི་ཀི་རི་ཀི་རི་ཀི་རི་ཀི་རི་ཀི་རི་ཡི། བྲཧྨཱ་རཏྣ། ཀ་རཎྜ་ཀེ་།བེ་ཌོ་ཧུ་ཕུསྶ། དྷ་ར་དྷ་ར། ཧ་ར་ཧ་ར། ཕུ་རུ་ཕུ་རུ་ཕུ་རུ་ཕུ་རུ་ཕུ་རུ་ཕུ་རུ་སཝཱཧཱ། དུག་བཅོཾ་མོ། །དུག་ངེས་པར་བཅོཾ་མོ། །སངྱས་ཀྱི་གཟི་བརྗིད་ཀྱིས་དུག་ངེས་པར་བཅོཾ་མོ། །རང་སངྱས་ཀྱི་བཟི་བརྗིད་ཀྱིས་དུག་བཅོཾ་མོ། །དགྲ་བཅོཾ་པའི་གཟི་བརྗིད་ཀྱིས་དུག་བཅོཾ་མོ། །ཕྱིར་མི་འོང་བའི་གཟི་བརྗིད་ཀྱི་དུག་བཅོཾ་མོ། །ལན་ཅིག་ཕྱིར་འོང་བའི་གཟི་བརྗིད་ཀྱི་དུག་བཅོཾ་མོ། །རྒྱུན་ཏུ་ཞུགས་པའི་གཟི་བརྗིད་ཀྱི་དུག་བཅོཾ་མོ། །བདེན་པར་སྨྲས་བའི་གཟི་རྗིད་ཀྱིས་དུག་བཅོཾ་མོ། །ཚངས་པའི་མེ་དབལ་གྱི་གཟི་བརྗིད་ཀྱིས་དུག་བཅོཾ་མོ། །དབང་པོ་རྡོ་རྗེའི་གཟི་བརྗིད་ཀྱིས་དུག་བཅོཾ་མོ། །ཁྱབ་འཇུག་གི་འཁོར་ལོས་དུག་བཅོཾ་མོ། །གཤིན་རྗེའི་བེ་བཅོན་གྱི་དུག་བཅོཾ་མོ། །ཆུ་ལྷའི་ཞགས་པས་དུག་བཅོཾ་མོ། །ལྷ་མ་ཡིན་གྱི་སྒྱུས་དུག་བཅོཾ་མོ། །ཀླུའི་རིག་སྔགས་ཀྱི་དུག་བཅོཾ་མོ། །དྲག་པོའི་མདུང་ཙེས་དུག་བཅོཾ་མོ། །སྐེམ་བྱེད་ཀྱི་མདུང་ཐུང་གིས་དུག་བཅོཾ་མོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོས་དུག་བཅོམ་མོ། །དུག་ངེས་པར་བཅོཾ་མོ། །དུག་སའི་ནང་དུ་སོང་ཤིག་།བདག་དུག་ཐམས་ཅད་དང ། བེའུ་ལྟ་བུའི་དུག་དང ། ཧ་ལ་ཧ་ལའི་དུག་དང ། ནག་པོ་བརྩེག་པའི་དུག་དང ། མཆེ་བའི་དུག་དང ། རྩ་བའི་དུག་དང ། ཁ་ཟས་ཀྱི་དུག་དང ། ཕྱེ་མའི་དུག་དང ། ལྟ་བའི་དུག་དང ། གློག་གི་དུག་དང ། སྤྲིན་གྱི་དུག་དང ། སྦྲུལ་དང ། བྱི་བ་དང ། སྲིན་བུ་ཀི་ཏ་དང ། ལུ་ཏ་དང ། ཀ་ན་བྷ་དང ། སྦལ་པ་དང ། སྦྲང་བུ་དང ། བུང་བ་དང ། བ་ཏ་རི་དང ། ཏྲེ་མ་བུ་ག་དང ། ཏྲེ་ལ་ཏའི་དུག་དང ། 97.118b མིའི་དུག་དང ། སྡིག་པའི་དུག་དང ། མི་མ་ཡིན་པའི་དུག་དང ། དོགས་པའི་དུག་དང ། སྨན་པའི་དུག་དང ། རིག་སྔགས་ཀྱི་དུག་ལས་བདེ་ལེགས་སུ་གྱུར་ཅིག་།དུག་ཐམས་ཅད་ལས་བདག་བདེ་ལེགས་སུ་གྱུར་ཅིག་།ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ལྷ་རྣམས་ཀྱི་དབང་པོ་རྒྱ་བྱིན་གྱིས་སྨྲས་ཤིང་རྗེས་སུ་ཡི་རང་བའོ། །ཏད་ཡ་ཐཱ། ཛ་ལཱ། ཛནྟུ་ལེ་མཱ་ལཱ། ཛནྟུ་ལེ། ཙ་པེ་ཊི། ཛནྟུ་ལེ། མ་ཐ་ནི། གྷ་ཏ་ནི། གྲ་ས་ནི། ཧ་རི་ཤི་རི་ཧུ་ཏི་ཤི་རི། ཏ་རུ་ཏ་རུ་ཎ་བ་ཏི། ཧ་ཧ་ཧ་ཧ་ཧ། སིང་ཧེ། དྷི་ཏི་དྷི་ཏི། ཀུ་རུ་ཀུ་རུ། བ་ས་རེ་བཛྲེ། ཏུ་ཊ་ཏུ་ཊ་སི། བ་ཊ་བ་ཊ་སི། སི་ལི་སི་ལི། ཀ་པི་ལི། ཀ་པི་ལི། མཱུ་ལེ། ཧཱ་ཧཱི་ཧཱུ། སྡང་བ་དང ། རབ་ཏུ་སྡང་བ་ཐམས་ཅད་རབ་ཏུ་རྨུགས་པར་བྱའོ། །ལགས་པ་དང ། རྐང་པ་དང ། ཡན་ལག་དང ། ཉིང་ལག་དང ། སུམ་བཅུ་པའི་ལྷ་དང་བཅས་ཏེ་ཆད་པས་བཅད་པར་བྱའོ། །ུཥྚི་གི་ནི། སུ་ར་པ་ཏེ། བརྟི། བཛྲ་བཛྲ་བཛྲ་བཛྲ་བཛྲ་པ་ཏ་ཡེ་སཝཱ་ཧཱ། ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་རྒྱལ་པོ་ཆེན་པོ་བཞིས་སྨྲས་ཤིང་རྗེས་སུ་ཡི་རང་བའོ། །ཏད་ཡ་ཐཱ། ཛྭ་ལ་ཛྭ་ལ་ཎ། ཏ་པ་ཏ་པ་ན། དྷ་མ་དྷ་མ་ན། ས་ར་ས་ར་ཎ། ཀུ་ཊི་ཀུ་ཊི། མུ་ཊི་མུ་ཊི། མི་ཊི་མི་ཊི། ས་ར་ས་ར། མ་ར་མ་ར། ཧ་ར་ཧ་ར། ཏ་ར་ཏ་ར། ཏི་རི་ཏི་རི། ཊ་ཊ་ཊ་ཊ་ཊ། དཱ་དཱ་དཱ་དཱ་དཱ། བཱ་བཱ་བཱ་བཱ་བཱ། ཧ་ལ་ཧ་ལ་ཧ་ལ་ཧ་ལ་ཧ་ལ། སིདྷི། སིདྷི། སིདྷི། སིདྷི། སིདྷི། སཝསྟི། སཝསྟི། སཝསྟི། སཝསྟི། སཝསྟི། སྦོད་གཏོང་དང ། གཤིན་བརྗེའི་ཕོ་ཉ་དང ། མཚན་མོ་ནག་མོ་དང ། དུས་ཀྱི་ཞགས་པ་དང ། འཆི་བདག་གི་ཆད་པ་དང ། ཚངས་པའི་ཆད་པ་དང ། དབང་པོའི་ཆད་པ་དང ། དྲང་སྲོང་གི་ཆད་པ་དང ། ལྷའི་ཆད་པ་དང ། ཀླུའི་ཆད་པ་དང ། ལྷ་མ་ཡིན་གྱི་ཆད་པ་དང ། རླུང་ལྷའི་ཆད་པ་དང ། ནམ་མཁའ་ལྡིང་གི་ཆད་པ་དང ། དྲི་ཟའི་ཆད་པ་དང ། མི་འམ་ཅིའི་ཆད་པ་དང ། ལྟོ་ཕྱེ་ཆེན་པོའི་ཆད་པ་དང ། གནོད་སྦྱིན་གྱི་ཆད་པ་དང ། སྲིན་པོའི་ཆད་པ་དང ། ཡི་དགས་ཀྱི་ཆད་པ་དང ། ཤ་ཟའི་ཆད་པ་དང ། འབྱུང་པོའི་ཆད་པ་དང ། གྲུལ་བུམ་གྱི་ཆད་པ་དང ། སྲུལ་པོའི་ཆད་པ་དང ། ལུས་སྲུལ་པོའི་ཆད་པ་དང ། སྐེམ་བྱེད་ཀྱི་ཆད་པ་དང ། སྨྱོ་བྱེད་ཀྱི་ཆད་པ་དང ། གྲིབ་གནོན་ཀྱི་ཆད་པ་དང ། བརྗེད་བྱེད 97.119a ཀྱི་ཆད་པ་དང ། གནོན་པོའི་ཆད་པ་དང ། རོ་ལངས་ཀྱི་ཆད་པ་དང ། རྒྱལ་པོའི་ཆད་པ་དང ། ཆོམ་རྐུན་གྱི་ཆད་པ་དང ། མེའི་ཆད་པ་དང ། ཆུའི་ཆད་པ་དང ། ཆད་པ་ཐམས་ཅད་ལས་བདག་ལ་བསྲུང་བ་གྱིས་ཤིག་།ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཀུན་དགའ་བོ་ཁྱོད་ཀྱིས་ཀླུཾ་གི་རྒྱལ་པོ་རྣམས་ཀྱི་མིང་ཟུང་ཤིག་།འདི་ལྟ་སྟེ། ཀླུང་གི་རྒྱལ་པོ་གང་གཱ་དང ། ཀླུང་གི་རྒྱལ་པོ་སིད་དྷུ་དང ། ཀླུང་གི་རྒྱལ་པོ་པཀྵུ་དང ། ཀླུང་གི་རྒྱལ་པོ་སཱི་ཏ་དང ། ཀླུང་གི་རྒྱལ་པོ་མདའ་འབྱུང་དང ། ཀླུང་གི་རྒྱལ་པོ་ཁྱིམ་ལྡན་དང ། ཀླུང་གི་རྒྱལ་པོ་གཤིན་རྗེ་སེལ་དང ། ཀླུང་གི་རྒྱལ་པོ་གྱ་གྱུ་དང ། ཀླུང་གི་རྒྱལ་པོ་རྒྱས་འབབ་དང ། ཀླུང་གི་རྒྱལ་པོ་ཞག་བྲལ་དང ། ཀླུང་གི་རྒྱལ་པོ་ཞི་བ་འཛིན་དང ། ཀླུང་གི་རྒྱལ་པོ་ས་ལྡན་དང ། ཀླུང་གི་རྒྱལ་པོ་ཟླ་བའི་ཆ་དང ། ཀླུང་གི་རྒྱལ་པོ་དབྱངས་ཅན་དང ། ཀླུང་གི་རྒྱལ་པོ་རུ་སྦལ་ཅན་དང ། ཀླུང་གི་རྒྱལ་པོ་ཆུ་དྲོན་ཅན་དང ། ཀླུང་གི་རྒྱལ་པོ་ཆུ་མཆོག་ཅན་དང ། ཀླུང་གི་རྒྱལ་པོ་ཟང་འདབ་དང ། ཀླུང་གི་རྒྱལ་པོ་སྦྲང་རྩི་ཅན་དང ། ཀླུང་གི་རྒྱལ་པོ་སྤ་ལྡན་དང ། ཀླུང་གི་རྒྱལ་པོ་བུ་རམ་ཤིང་ལྡན་དང ། ཀླུང་གི་རྒྱལ་པོ་བ་གླང་ལྡན་དང ། ཀླུང་གི་རྒྱལ་པོ་འཕགས་པ་ཅན་དང ། ཀླུང་གི་རྒྱལ་པོ་རྩེ་སྦྱིན་དང ། ཀླུང་གི་རྒྱལ་པོ་མཛའ་བཟང་དང ། ཀླུང་གི་རྒྱལ་པོ་ཀུན་གྱི་བཤེས་དང ། ཀླུང་གི་རྒྱལ་པོ་འཆི་མེད་དང ། ཀླུང་གི་རྒྱལ་པོ་མེ་ཏོག་པད་མ་དང ། ཀླུང་གི་རྒྱལ་པོ་རྔ་ལེན་དང ། ཀླུང་གི་རྒྱལ་པོ་དངོས་བཟང་དང ། ཀླུང་གི་རྒྱལ་པོ་རབ་བཟང་དང ། ཀླུང་གི་རྒྱལ་པོ་དཀའ་ཐུབ་སྦྱིན་དང ། ཀླུང་གི་རྒྱལ་པོ་དྲི་བྲལ་དང ། ཀླུང་གི་རྒྱལ་པོ་སྐྱོན་བྲལ་དང ། ཀླུང་གི་རྒྱལ་པོ་ཀླུང་ཆེན་དང ། ཀླུང་གི་རྒྱལ་པོ་གསེར་ལྡན་དང ། ཀླུང་གི་རྒྱལ་པོ་བ་ལང་སྦྱིན་མཆོག་ཅན་དང ། ཀླུང་གི་རྒྱལ་པོ་གསང་སྲུང་དང ། ཀླུང་གི་རྒྱལ་པོ་བ་ལང་ཅན་དང ། དེ་དག་དང ། གཞན་ཡང་གང་དག་སའི་དཀྱིལ་འཁོར་འདིར་འབབ་པའི་ཆུ་ཀླུང་དེ་དག་ཐམས་ཅད་ལ་གང་དག་རྒྱུན་དུ་གནས་པ། གཟུགས་ཐ་དད་པ། གཟུགས་མི་སྡུག་པ། གཟུགས་མང་བ། གཟུགས་མཐའ་ཡས་པ། འདོད་དགུར་སྒྱུར་བའི་གཟུགས་ཅན། གཟུགས་སྣ 97.119b ཚོགས་པའི་ལྷ་རྣམས་དང ། ཀླུ་རྣམས་དང ། ལྷ་མ་ཡིན་རྣམས་དང ། རླུང་ལྷ་རྣམས་དང ། ནམ་མཁའ་ལྡིང་རྣམས་དང ། དྲི་ཟ་རྣམས་དང ། ལྟོ་འཕྱེ་ཆེན་པོ་རྣམས་དང ། མི་འམ་ཅི་རྣམས་དང ། གནོད་སྦྱིན་རྣམས་དང ། སྲིན་པོ་རྣམས་དང ། ཡི་དགས་རྣམས་དང ། ཤ་ཟ་རྣམས་དང ། འབྱུང་པོ་རྣམས་དང ། གྲུལ་བུམ་རྣམས་དང ། སྲུལ་པོ་རྣམས་དང ། ལུས་སྲུལ་པོ་རྣམས་དང ། སྐེམ་བྱེད་རྣམས་དང ། སྨྱོ་བྱེད་རྣམས་དང ། གྲིབ་གནོན་རྣམས་དང ། བརྗེད་བྱེད་རྣམས་དང ། གནོན་པོ་རྣམས་དང ། ཟས་སུ་མདངས་ཟ་བ་རྣམས་དང ། ཟས་སུ་མངལ་ཟ་བ་རྣམས་དང ། ཟས་སུ་ཁྲག་འཐུང་བ་རྣམས་དང ། ཟས་སུ་ཤ་ཟ་བ་རྣམས་དང ། ཟས་སུ་ཚིལ་ཟ་བ་རྣམས་དང ། ཟས་སུ་ཞག་ཟ་བ་རྣམས་དང ། ཟས་སུ་རྐང་ཟ་བ་རྣམས་དང ། ཟས་སུ་བཙས་པ་ཟ་བ་རྣམས་དང ། ཟས་སུ་སྲོག་འཕྲོག་པ་རྣམས་དང ། ཟས་སུ་གཏོར་མ་ཟ་བ་རྣམས་དང ། ཟས་སུ་ཕྲེང་བ་ཟ་བ་རྣམས་དང ། ཟས་སུ་འབྲས་བུ་ཟ་བ་རྣམས་དང ། ཟས་སུ་མེ་ཏོག་ཟ་བ་རྣཾས་དང ། ཟས་སུ་དྲི་ཟ་བ་རྣམས་དང ། ཟས་སུ་གདུག་པ་ཟ་བ་རྣམས་དང ། ཟས་སུ་ལོ་ཏོག་ཟ་བ་རྣམས་དང ། ཟས་སུ་སྦྱིན་སྲེག་ཟ་བ་རྣམས་དང ། ཟས་སུ་རྣག་འཐུང་བ་རྣམས་དང ། ཟས་སུ་ཕྱི་ས་ཟ་བ་རྣམས་དང ། ཟས་སུ་གཅིན་འཐུང་བ་རྣམས་དང ། ཟས་སུ་མཆིལ་མ་ཟ་བ་རྣམས་དང ། ཟས་སུ་ངར་སྣབས་ཟ་བ་རྣམས་དང ། ཟས་སུ་སྣབས་ཟ་བ་རྣམས་དང ། ཟས་སུ་ལྷག་མ་ཟ་བ་རྣམས་དང ། ཟས་སུ་སྐྱུགས་པ་ཟ་བ་རྣམས་དང ། ཟས་སུ་མི་གཙང་བ་ཟ་བ་རྣཾས་དང ། ཟས་སུ་གཏོར་ཁུང་ནས་འབབ་པ་འཐུང་བ་དེ་དག་གིས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག་།ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཀུན་དགའ་བོ་ཁྱོད་ཀྱིས་རིའྀ་རྒྱལ་པོ་རྣམས་ཀྱི་མིང་ཟུང་ཤིག་།འདི་ལྟ་སྟེ། རིའྀ་རྒྱལ་པོ་རི་རབ་དང ། རིའི་རྒྱལ་པོ་གངས་ཅན་དང ། རིའི་རྒྱལ་པོ་སྤོས་ཀྱི་ངད་ལྡན་དང ། རིའི་རྒྱལ་པོ་རྩེ་བརྒྱ་པ་དང ། རིའི་རྒྱལ་པོ་སེང་ལྡེང་ཅན་དང ། རིའི་རྒྱལ་པོ་གསེར་ལོགས 97.120a དང ། རིའི་རྒྱལ་པོ་འོད་འཛིན་དང ། རིའི་རྒྱལ་པོ་མུ་ཁྱུད་འཛིན་དང ། རིའི་རྒྱལ་པོ་ཁོར་ཡུག་དང ། རིའི་རྒྱལ་པོ་ཁོར་ཡུག་ཆེན་པོ་དང ། རིའི་རྒྱལ་པོ་དབང་པོའི་བྲག་དང ། རིའི་རྒྱལ་པོ་ཚངས་པ་ལྡན་དང ། རིའི་རྒྱལ་པོ་དཔལ་ལྡན་དང ། རིའི་རྒྱལ་པོ་བལྟ་ན་སྡུག་དང ། རིའི་རྒྱལ་པོ་ཤིན་དུ་རྒྱས་དང ། རིའི་རྒྱལ་པོ་རིན་ཆེན་འབྱུང་གནས་དང ། རིའི་རྒྱལ་པོ་སྲིན་བུ་ཅན་དང ། རིའི་རྒྱལ་པོ་ནོར་བུ་རྫ་དང ། རིའི་རྒྱལ་པོ་ཐགས་བཟང་རིས་དང ། རིའི་རྒྱལ་པོ་རྡོ་རྗེ་འབྱུང་གནས་དང ། རིའྀ་རྒྱལ་པོ་འགྲམ་པ་ལྡན་དང ། རིའི་རྒྱལ་པོ་ལྷ་མིན་འབབ་དང ། རིའི་རྒྱལ་པོ་གློག་འོད་དང ། རིའི་རྒྱལ་པོ་ཁྱབ་གནས་དང ། རིའི་རྒྱལ་པོ་ཟླ་འོད་དང ། རིའི་རྒྱལ་པོ་བྲག་བཟང་དང ། རིའི་རྒྱལ་པོ་ཉི་མ་མཛེས་དང ། རིའི་རྒྱལ་པོ་ཐིགས་པ་དང ། རིའི་རྒྱལ་པོ་འབིགས་བྱེད་དང ། རིའི་རྒྱལ་པོ་ཟླ་བའི་བྲག་དང ། རིའི་རྒྱལ་པོ་སྣ་ཚོགས་བརྩེགས་དང ། རིའི་རྒྱལ་པོ་མ་ལ་ཡ་དང ། རིའི་རྒྱལ་པོ་གསེར་གྱི་རྩེ་མོ་དང ། རིའི་རྒྱལ་པོ་ཀུན་ནས་འགྲོ་དང ། རིའི་རྒྱལ་པོ་ལག་བཟང་དང ། རིའི་རྒྱལ་པོ་ནོར་བུ་ལྡན་དང ། རིའི་རྒྱལ་པོ་སྡེ་བཟང་དང ། རིའི་རྒྱལ་པོ་ཚངས་པའི་མཆུ་དང ། རིའི་རྒྱལ་པོ་རིག་བྱེད་སྲུང་དང ། རིའི་རྒྱལ་པོ་བ་ལང་རྣོ་དང ། རིའི་རྒྱལ་པོ་སྣ་ཚོགས་ཕྲེང་དང ། རིའི་རྒྱལ་པོ་མི་འཇིགས་སྣ་ཚོགས་དང ། རིའི་རྒྱལ་པོ་རལ་གྲི་དང ། རིའི་རྒྱལ་པོ་གདུང་བ་དང ། རིའི་རྒྱལ་པོ་མིག་བསྐུ་དང ། རིའྀ་རྒྱལ་པོ་མུ་ཛ་དང ། རིའི་རྒྱལ་པོ་རི་དགས་ཅན་དང ། རིའི་རྒྱལ་པོ་འཇོམས་བྱེད་དང ། རིའི་རྒྱལ་པོ་ཏི་སེ་དང ། རིའི་རྒྱལ་པོ་མི་མཇེད་དང ། རིའི་རྒྱལ་པོ་ཉེ་དཀར་དང ། རིའི་རྒྱལ་པོ་ཙན་དན་ཕྲེང་དང ། རིའི་རྒྱལ་པོ་སྟོབས་འཛིན་དང ། རིའི་རྒྱལ་པོ་དབང་ཆེན་དང ། རིའི་རྒྱལ་པོ་དུས་འབྲི་བྱེད་དང ། རིའི་རྒྱལ་པོ་སྐེམ་བྱེད་དང ། རིའི་རྒྱལ་པོ་བ་ལང་སྲུང་དང ། རིའི་རྒྱལ་པོ་བྱ་རོག་སྒྲ་དང ། རིའི་རྒྱལ་པོ་བསྟན་པ་འཛིན་དང ། སའི་དཀྱིལ་འཁོར་འདིས་ནི་རིའི་རྒྱལ་པོ་འདི་དག་དང ། བཞན་དག་ཀྱང་ཡོད་པ་དེ་ལ་ལྷ་རྣམས་དང ། ཀླུ་རྣཾས་དང ། ལྷ་མ་ཡིན་རྣཾས་དང ། རླུང་ལྷ་རྣམས་དང ། ནཾ་མཁའ་ལྡིང་རྣཾས་དང ། དྲི་ཟ་རྣམས་དང ། མི་འཾ་ཅི་རྣཾས་དང ། ལྟོ་འཕྱེ་ཆེན་པོ་རྣམས་དང ། གནོད་སྦྱིན 97.120b རྣམས་དང ། སྲིན་པོ་རྣམས་དང ། ཡི་དགས་རྣཾས་དང ། ཤ་ཟ་རྣཾས་དང ། འབྱུང་པོ་རྣམས་དང ། གྲུལ་བུམ་རྣམས་དང ། སྲུལ་པོ་རྣཾས་དང ། ལུས་སྲུལ་པོ་རྣཾས་དང ། སྐེམ་བྱེད་རྣམ་དང ། སྨྱོ་བྱེད་རྣམས་དང ། གྲིབ་གནོན་རྣཾས་དང ། བརྗེད་བྱེད་རྣཾས་དང ། གནོན་པོ་རྣམས་དང ། རིག་སྔགས་འཆང་གྲུབ་པ་རྣམས་དང ། རྒྱལ་པོ་འཁོར་དང་བཅས་པ་གང་དག་རྒྱུན་ཏུ་གནས་པ་དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་།ལོ་རྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།སྡིག་པ་ཐམས་ཅད་སོལ་ཅིག་།དགེ་བ་རྣཾས་སྣང་བར་གྱུར་ཅིག་།མི་དགེ་བ་སོལ་ཅིག་།དོན་རྣཾས་ལ་སྣང་བར་གྱིས་ཤིག་།གནོད་པ་རྣཾས་སོལ་ཅིག་།མཚན་མོ་བདེ་ལེགས་ཉིན་བདེ་ལེགས། །ཉི་མའི་གུང་གི་བདེ་ལེགས་དང ། །ཉིན་མཚན་ཀུན་གྱི་བདེ་ལེགས་དག་།སངས་རྒྱས་ཀུན་གྱིས་བདག་ལ་སྩོལ་སཝཱ་ཧཱ། ཀུན་དགའ་བོ་ཁྱོད་ཀྱི་རྒྱུ་སྐར་གང་དག་ནཾ་མཁའ་ལ་རྒྱུ་ཞིང་སྣང་བར་བྱེད་པ་རྣཾས་ཀྱི་མིང་ཟུང་ཤིག་།འདི་ལྟ་སྟེ། སྨིན་དྲུག་དང་ནི་སྣར་མ་དང ། །མགོ་དང་ལག་དང་ནམ་སོ་དང ། །རྒྱལ་ནི་བཀྲ་ཤིས་ཕུན་སུམ་ཚོགས། །དེ་བཞིན་སྐག་སྟེ་བདུན་པོ་ཡིན། །དེ་ལྟར་རྒྱུ་སྐར་བདུན་པོ་འདི་དག་ནི་ཤར་གྱི་སྒོ་ན་གནས་པ་དག་སྟེ། གང་དག་ཤར་ཕྱོག་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་དག་གོ་།དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་བདག་ལ་བསྲུང་བ་གྱིས་ཤིག་།ལོ་རྒྱ་འཚོ་བར་གྱུར་ཅིག་།སྟོན་རྒྱ་མཐོང་བར་ཤོག་ཤིག་།མཆུ་ནི་མི་འཛའ་འཇོམས་པ་དང ། །དེ་བཞིན་གྲེ་དང་དབོ་གཉིས་དང ། །མེ་བཞི་ནག་པ་ས་རི་དང ། །ས་ག་སྟེ་ནི་བདུན་པ་ཡིན། །དེ་ལྟར་རྒྱུ་སྐར་བདུན་པོ་འདི་དག་ནི། ལྷོ་ཕྱོགས་ཀྱི་སྒོ་ན་གནས་པ་དག་སྟེ། གང་དག་ལྷོ་ཕྱོགས་སྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་དག་གོ་།དེ་དག་གི་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་བདག་ལ་སྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་རྒྱ་མཐོང་བར་ཤོག་ཤིག་།ལྷ་འཚམ་གཟི་རྗིད་ཆེན་མོ་དང ། །དེ་བཞིན་སྣརོན་དང་སྣརུམས་དང་ནི། །ཆུ་སྟོད་དང་ནི་ཆུ་སྨད་དང ། ། 97.121a དེ་ལྟར་བྱི་ཞིན་གྲོ་ཞིན་ནོ། །དེ་ལྟར་རྒྱུ་སྐར་བདུན་པོ་འདི་དག་ནི་ནུབ་ཕྱོགས་ཀྱི་སྒོ་ན་གནས་པ་དག་སྟེ། གང་དག་ནུབ་ཕྱོགས་བསྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་དག་གོ་།དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག་ལོ་བརྒྱ་ཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།མོན་གྲུ་དང་ནི་མོན་གྲེ་དང ། །དེ་བཞིན་ཁྲུམས་སྟོད་ཁྲུམས་སྨད་དང ། །ནམ་གྲུ་དང་ནི་ཐ་སྐར་དང ། །བྲ་ཉེ་སྟེ་ནི་བདུན་པ་ཡིན། །དེ་ལྟར་རྒྱུ་སྐར་བདུན་པོ་འདི་དག་ནི་བྱང་ཕྱོགས་ན་གནས་པ་དག་སྟེ། གང་དག་བྱང་ཕྱོགས་བསྲུང་ཞིང་ཡོངས་སུ་སྐྱོང་བར་བྱེད་པ་དག་གོ་།དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག་ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཀུན་དགའ་བོ་ཁྱོད་ཀྱིས་གཟའ་གང་དག་རྒྱུ་སྐར་རྣཾས་ཀྱི་ཁྲོད་ན་རྒྱུ་ཞིང་འགྲིབ་པ་དང ། འཕེལ་བ་དང་བདེ་བ་དང ། སྡུག་བསྔལ་བ་དང ། ལོ་ལེགས་པ་དང ། ལོ་ཉེས་པ་དག་ཀྱང་སྟོན་པ་རྣམས་ཀྱི་མིང་ཟུང་ཤིག་།འདི་ལྟ་སྟེ། གཟའ་ཉི་མ་དང ། གཟའ་ཟླ་བ་དང ། གཟའ་ཕུར་བུ་དང ། གཟའ་བ་བ་སངས་དང ། གཟའ་སྤེན་པ་དང ། གཟའ་མིག་དམར་དང ། གཟའ་གཟའ་ལྷག་དང ། གཟའ་ལྷ་མིན་དབང་པོ་སྒྲ་གཅན་དང ། གཟའ་དུ་བ་འཇུག་རིངས་སོ། །རྒྱུ་སྐར་ཉི་ཤུ་རྩ་བརྒྱད་ནི། །དེ་ལྟར་ཕྱོགས་ན་བདུན་བདུན་ནོ། །སྐར་མ་གཟའ་བདུན་དེ་བཞིན་ཏེ། །རྫུ་འཕྲུལ་ཆེ་ཞིང་དཀའ་ཐུབ་ཆེ། །ཉི་མ་དང་ནི་ཟླ་བ་དང ། །སུམ་བཅུ་ཙ་བདུན་ཚང་བ་དག་།འཆར་བ་དང་ནི་ནུབ་པ་ན། །འཁོར་ལོ་མཚོན་ཆ་བཞིན་དུ་རྒྱུ། །འཇིག་རྟེན་དུ་ནི་ཟད་འཕེལ་བྱེད། །གཟི་ཆེ་རྫུ་འཕྲུ་ལ་ཆེན་པོ་དག་།རབ་ཏུ་དང་བའི་སེཾས་ཀྱིས་སུ། །རིགས་སྔགས་རྗེས་སུ་ཡི་རང་བྱོས། །དེ་དག་གིས་ཀྱང་རིགས་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་།ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཀུན་དགའ་བོ་དྲང་སྲོང་རྙིང་པ་བརྟུལ་ཞུགས་གྲུབ་པ། རིག་སྔགས་གྲུབ་པ། གྲགས་པ་འབར་བ། ཀླུང་དང་རི་ལ་གནས་པ། དམོད་པའི་མཚོན་ཆ་ཅན། དཀའ་ཐུབ་གྲགས་པ། རྫུ་འཕྲུལ་དང་ལྡན་པ། མངོན་པར་ཤེས་པ་ལྔ་དང་ལྡན་པ། ནམ་མཁའ་ལ་འགྲོ་བ་དེ་དག་གི 97.121b མིང་བརྗོད་ཀྱིས་ཁྱོད་ཀྱིས་ཟུང་ཤིག་།འདི་ལྟ་སྟེ། དྲང་སྲོང་ཆེན་པོ་བརྒྱད་པ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་གཡོན་ཕྱོགས་པ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་གཡོན་ཕྱོགས་ལྷ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་ལྷ་སྐྱབས་ཀྱི་བུ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་འོད་ཟེར་ཅན་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་ཀུན་གྱི་བཤེས་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་གནས་འཇོག་ཅེས་བྱ་བ་དང ། དྲང་སྲོང་ཆེན་པོ་གྲོག་མཁར་བ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་འབྲོག་སྐྱོང་གི་བུ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་འདྲོབ་སྐྱོང་གི་བུ་རྒན་པོ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་ངན་སྤོང་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་ངན་སྤོང་དགའ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་འགྲོ་འཛིན་ཅེས་བྱ་བ་དང ། དྲང་སྲོང་ཆེན་པོ་འགྲོ་དགའ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་འཇིགས་ཅན་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་སྐལ་ལྡན་ཤིང་རྟ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་རྒྱུན་ཤེས་ཀྱི་བུ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་མདུན་དུ་བདར་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་མགོ་བོ་ཆེ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་གཤིན་རྗེའི་མེ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་གཉིས་འཐུང་གི་བུ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་གཉིས་འཐུང་ནག་པོའི་བུ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་ལྗང་སྔོའི་བུ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་ལྗང་སྔོའི་ཚ་བོ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་ངག་མཉམ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་འཕགས་པོ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་ཡང་དག་འཕགས་པོ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་བཟོད་པ་སྨྲ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་གྲགས་པ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་རབ་གྲགས་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་བླ་མ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་གྲུབ་པ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་གྲུ་འཛིན་ཅེས་བྱ་བ་དང ། དྲང་སྲོང་ཆེན་པོ་རྟ་བུ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་གང་ཅན་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་མིག་དམར་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་ཆ་བྱད་འཛིན་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་གོས་ངན་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་མདའ་ལྟར་སྣང་བ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་རྒྱགས་པ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་འོད 97.122a ཅེས་བྱ་བ་དང ། དྲང་སྲོང་ཆེན་པོ་པ་བ་སངས་ཤེས་བྱ་བ་དང ། དྲང་སྲོང་ཆེན་པོ་ཕུར་བུ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་རྩིབས་ཀྱི་མུ་ཁྱུད་ཅེས་བྱ་བ་དང ། དྲང་སྲོང་ཆེན་པོ་སྤེན་པ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་གཟའ་ལྷག་ཅེས་བྱ་བ་དང ། དྲང་སྲོང་ཆེན་པོ་དུག་སེལ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་ས་འཛིན་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་རཝ་གཅིག་པ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་དྲང་སྲོང་ར་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་གྱུར་མིད་ཀྱི་བུ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་གར་ལྡན་གྱི་བུ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་སྒྲའི་བུ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་འཇིགས་བྱེད་ཅེས་བྱ་བ་དང ། དྲང་སྲོང་ཆེན་པོ་འཇིགས་བྱེད་གླང་པོ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་སེར་སྐྱ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་གཽ་ཏ་མ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་རྟ་དམར་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་བྱིས་པ་རྩེ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་མིས་བྱིན་གྱི་བུ་བྱ་བ་དང ། དྲང་སྲོང་ཆེན་པོ་རི་བོ་ཞེས་བྱ་བ་དང ། དྲང་སྲོང་ཆེན་པོ་སྲིན་བུ་འཛིན་ཅེས་བྱ་བ་སྟེ། ཀུན་དགའ་བོ་དྲང་སྲོང་ཆེན་པོ་རྙིང་པ་འདི་དག་ནི་རིག་བྱེད་རྣཾས་བྱེད་པ། གསང་སྔགས་རྣམས་བྱེད་པ། དམོད་པ་འདོར་བ། བརྟུལ་ཞུགས་གྲུབ་པ། གཟི་བརྗིད་ཆེ་བ་གྲུབ་པ། ཕ་རོལ་གནོན་པ་གྲུབ་པ་དག་སྟེ། དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་བདག་ལ་སྲུང་བ་གྱིས་ཤིག་།ལོ་རྒྱ་ཚོ་བར་གྱུར་ཅིག་།སྟོན་རྒྱ་ཐོང་བར་ཤོག་ཤིག་།ཏད་ཡ་ཐཱ། ཧི་རི། ཧི་རི། ཁི་རི། ཁི་རི། མི་རི། མི་རི། ཕུ་རི་ཕུ་རི། སུ་རི་སུ་རི། ཧི་ལི་ཧི་ལི། མི་ལི་མི་ལི། སི་རི་སི་རི། ཌབྥུ། ཌ་ཌབྥུ། གྲ་ས་ནི། མ་ཐ་ནི། ད་མ་ནི། ད་ཧ་ནི། གྷཱ་ཏ་ནི། པ་ཙ་ནི། པ་ཙ་ནི། ཏ་པ་ནི། ཏཱ་པ་ནི། ཧ་ན་ནི། ད་ཧ་ནི། དཱ་ཧ་ནི། ད་ཧཱ་ད་ཧཱ། ད་ཧཱ། ད་ལ་ད་ལ་དཱ་ལ་ནི། པཱ་ཊ་ནི་མོ་ཧ་ནི། སྟམྦྷ་ནི། ཛམྦྷ་ནི། སཝ་ཡམྦྷུ་སཝཱ་ཧཱ། ཀུན་དགའ་བོ་ཁྱོད་ཀྱིས་སྐྱེ་དགུའི་བདག་པོ་ཆེན་པོ་གང་དག་ལྷ་རྣམས་དང ། ཀླུ་རྣམས་དང ། རླུང་ལྷ་རྣཾས་དང ། ལྷ་མ་ཡིན་རྣཾས་དང ། ནམ་ལྡིང་རྣཾས་དང ། དྲི་ཟ་རྣཾས་དང ། མི་འཾ་ཅི་རྣཾས་དང ། ལྟོ་ཕྱེ་ཆེན་པོ་རྣཾས་དང ། གནོན་སྦྱིན་རྣཾས་དང ། སྲིན་པོ་རྣཾས་དང ། མི་དང ། དུད་འགྲོའི་སྐྱེ་གནས་པ་དང ། 97.122b སེཾན་དམྱལ་བ་རྣཾས་ཀྱི་དགེ་བ་དང ། མི་དགེ་བ་ལ་སོགས་པའི་དགེ་བའི་ཁྱད་པར་གྲངས་མེད་པ་དག་གིས་འཇིག་རྟེན་གསུམ་དུ་རྣཾ་པར་གཞག་པ་རྣཾས་ཀྱི་མི་ཟུང་ཤིག་འདི་ལྟ་སྟེ། སྐྱེ་དགུའི་བདག་པོ་ཚངས་པ་དང་སྐྱེ་དགུའི་བདག་པོ་བུ་ཅན་དང ། སྐྱེ་དགུའི་བདག་པོ་ཟ་ཚུལ་གྱི་བུ་དང ། སྐྱེ་དགུའི་བདག་པོ་མེ་དང ། སྐྱེ་དགུའི་བདག་པོ་གསོ་བ་དང ། སྐྱེ་དགུའི་བདག་པོ་མདུན་དུ་བདར་དང ། སྐྱེ་དགུའི་བདག་པོ་སྤུ་ཟིང་སེལ་དང ། སྐྱེ་དགུའི་བདག་པོ་གོ་བྱེད་དང ། སྐྱེ་དགུའི་བདག་པོ་མཛེས་གནས་དང ། སྐྱེ་དགུའི་བདག་པོ་ཟིན་པོ་དང་སྐྱེ་དགུའི་བདག་པོ་ལུས་མཛེས་དང ། སྐྱེ་དགུའི་བདག་པོ་རབ་དགའ་དང་སྐྱེ་དགུའི་བདག་པོ་མཁས་པ་དང ། སྐྱེ་དགུའི་བདག་པོ་གུས་ཡོད་དེ། ཀུན་དགའོ་སྐྱེ་དགུའི་བདག་པོ་བདག་ཉིད་ཆེན་པོ་འདི་དག་ནི་གནས་པ་དང ། འགྲོ་བའི་འབྱུང་པོའི་ཚོགས་སྲུང་བའི་ཕྱིར་གནས་པ་དག་གོ་།དེ་དག་གིས་ཀྱང་རིག་སྔག་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་སྲུང་བ་གྱིས་ཤིག་།ལོ་རྒྱ་ཚོ་བར་གྱུར་ཅིག་སྟོན་བརྒྱ་ཐོང་བར་ཤོག་ཤིག་།ཐོགས་པ་མེད་པའི་གསང་སྔགས་འདི་དག་གིས་ཀྱང་བསྲུང་བ་གྱིས་ཤིག་།ཏད་ཡ་ཐཱ། ཧི་རི་ཧི་རི། ཁི་རི། ཁི་རི། མི་རི་མི་རི། ཕུ་རི་ཕུ་རི། སུ་རི་སུ་རི། ཧི་ལི་ཧི་ལི། མི་ལི་མི་ལི། སི་རི་སི་རི། ཌབྥུ། ཌ་ཌབྥུ། ཌབྥུ། གྲ་ས་ནི་མ་ཐ་ནི། ད་མ་ནི། ད་ཧ་ནི། གྷཱ་ཏ་ནི། པ་ཅ་ནི། པཱ་ཙ་ནི། ཏ་པ་ནི། ཏཱ་པ་ནི། ཧ་ན་ནི། ད་ཧ་ནི། དཱ་ཧ་ནི། ད་ཧ་ད་ཧ་ད་ཧ། ད་ལ་ད་ལ་དཱ་ལ་ནི་པཱ་ཊ་ནི་མོ་ཧ་ནི། སྟམྦྷ་ནི། ཛམྦྷ་ནི་སཝཱ་ཧཱ། ཀུན་དགའ་བོ་ཁྱོད་ཀྱི་དུག་ཆེན་པོ་རྣམ་ཀྱི་མིང་ཟུང་ཤིག་ཏད་ཡ་ཐཱ་ཨཎྜ་རཱ་པཎྜ་རཱ། ཀ་ར་ཌཱ་ཀེ་ཡཱུ་རཱ། བྷཱུ་ཏཾ་ག་མཱ། བྷུ་ཏ་པ་ཏེ། བིནྡུ་པ་ཏི། སི་རི་པ་ཏི། ཏེ་ཛ་པ་ཏི། ཏེ་ཛོ་གྲ་པ་ཏེ། ཡ་ཤོ་བ་ཏེ། ཡ་ཤོ་གྲ་བ་ཏེ། ཨ་ར་ཌཱ། ཏ་ར་ཌཱ། ཏ་ར་ཏ་ར་ཌཱ། དནྟཱ། ཛ་ཧཱ་ཛོ་ཧཱ། ཛ་ལཱ། མི་ལཱ་ཧ་ལཱ་ཕ་ལཱ། གུ་ཧཱ། རུ་ཙི་རཱ། དན་དུ་རཱ། ཨི་རི་ཀི་ཙི་ཀཱ། ཀམྦཱ། ཤ་ཏ་དནྡུ་རཱ་བེ་པུ་ལེ། ན་ཀུ་ལེ། ཀི་རི་པི། ཏ་རཾ་གྡ་རྀ་ཥྚ། ཨ་མྲ་མ་ཏེ་ཛཱམ་བའུ་མ་ཏི། མ་དྷུ་མ་ཏི། ཀ་མ་ལི། བི་མ་ལེ་ཀུནྜ་ལེ། ཨ་ཧི། ཏུ་ཧི། དུ་ཧེ། བགྐ་བགྐ་དཱུ་དེ་བད་ས་ནཱ་བྷེ། མ་ཧཱ་ག་རེ། ཏུ་ལམྦེ་ལམྦ། སུ་ལམྦེ། སཝཱ་ཧཱ། ཀུན་དགའ་བོ་འདི་དག་ནི་དུག་ཆེན་པོ་དག་སྟེ། དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བདག་ལ་བསྲུང་བ་གྱིས་ཤིག་།སྦ་བ་དང ། ཡོངས་སུ་སྐྱབ་པ་དང ། ཡོངས་སུ་བཟུང་བ་དང ། ཡོངས་སུ་བསྐྱང་བ་དང ། ཞི་བ་དང 97.123a བདེ་ལེགསུ་འགྱུར་བ་དང ། ཆད་པ་སྤང་བ་དང ། མཚོན་ཆ་སྤང་བ་དང ། དུག་གཞིལ་བ་དང ། དུག་གསད་པ་དང ། མཚམས་བཅད་པ་དང ། ས་ཅིང་བ་གྱིས་ཤིག་།ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཀུན་དགའ་བོ་ཁྱོད་ཀྱིས་ཤིང་ལྗོན་པ་རྣཾས་ཀྱི་མིང་ཟུང་ཤིག་།འདི་ལྟ་སྟེ། ཤིང་ལྗོན་པ་ཆེན་པོ་གསེར་ཞེས་བྱ་བ་དང ། ཤིང་ལྗོན་པ་ཆེན་པོ་སེར་སྐྱ་ཞེས་བྱ་བ་དང ། ཤིང་ལྗོན་པ་ཆེན་པོ་ཁྱབ་གནས་ཞེས་བྱ་བ་དང ། ཤིང་ལྗོན་པ་ཆེན་པོ་སྤྲེའུ་གནས་ཞེས་བྱ་བ་དང ། ཤིང་ལྗོན་པ་ཆེན་པོ་པད་མ་དཀར་པོ་ཞེས་བྱ་བ་དང ། ཤིང་ལྗོན་པ་ཆེན་པོ་སེར་པོ་ཞེས་བྱ་བ་དང ། ཤིང་ལྗོན་པ་ཆེན་པོ་མྱ་ངན་ཚངས་ཞེས་བྱ་བ་དང ། ཤིང་ལྗོན་པ་ཆེན་པོ་རྣ་ལྡན་ཅེས་བྱ་བ་དང ། ཤིང་ལྗོན་པ་ཆེན་པོ་རྒྱས་བྱེད་ཅེས་བྱ་བ་དང ། ཤིང་ལྗོན་པ་ཆེན་པོ་བིལ་བ་ཞེས་བྱ་བ་དང ། ཤིང་ལྗོན་པ་ཆེན་པོ་ཙའུ་ཏ་ཞེས་བྱ་བ་དང ། ཤིང་ལྗོན་པ་ཆེན་པོ་དེ་དག་དང་གཞན་དག་ལ་ལྷ་གང་དག་གནས་པ་དེ་དག་གིས་ཀྱང་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་བདག་ལ་བསྲུང་བ་གྱིས་ཤིག་།ལོ་བརྒྱ་འཚོ་བར་གྱུར་ཅིག་།སྟོན་བརྒྱ་མཐོང་བར་ཤོག་ཤིག་།ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ཡང་དག་པར་རྫོགས་པའི་སངས་རྒྱས་བདུན་གྱིས་གསུངས་ཤིང་རྗེསུ་ཡི་རང་བ་སྟེ། འདི་ལྟ་སྟེ། ཡང་དག་པར་རྫོགས་པའི་སངས་རྒྱས་རྣཾ་པར་གཟིགས་ཀྱིས་གསུངས་ཤིང་རྗེསུ་ཡི་རང་བའོ། །ཡང་དག་པར་རྫོགས་པའི་སངྱས་གཙུག་ཏོར་ཅན་གྱིས་གསུངས་ཤིང་རྗེསུ་ཡི་རང་བའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཐཾད་སྐྱོབ་ཀྱིས་གསུངས་ཤིང་རྗེསུ་ཡི་རང་བའོ། །ཡང་དག་པར་རྫོགས་པའི་སངྱས་འཁོར་བ་འཇིག་གིས་གསུངས་ཤིང་རྗེསུ་ཡི་རང་བའོ། །ཡང་དག་པར་རྫོགས་པའི་སངྱས་གསེར་ཐུབ་ཀྱིས་གསུངས་ཤིང་རྗེསུ་ཡི་རང་བའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གིས་གསུངས་ཤིང་རྗེསུ་ཡི་རང་བའོ། །ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ངས་ཀྱང་ད་ལྟར་བསྟན་ཅིང་རྗེསུ་ཡི་རང་བའོ། །ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་བྱང་ཆུབ་སེཾས་དཔའ་བྱཾས་པས་ཀྱང་བཤད་ཅིང་རྗེསུ་ཡི་རང་བའོ། །མི་འཇེད་ཀྱི་བདག་པོ 97.123b ཚངས་པས་ཀྱང་སྨས་ཤིང་རྗེསུ་ཡི་རང་བའོ། །ལྷ་རྣཾས་ཀྱི་དབང་པོ་བརྒྱ་བྱིན་གྱིས་ཀྱང་སྨྲས་ཤིང་རྗེསུ་ཡི་རང་བའོ། །རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་ཀྱང་སྨྲས་ཤིང་རྗེསུ་ཡི་རང་བ་སྟེ། དྲི་ཟའི་རྒྱལ་པོ་ཡུལ་འཁོར་སྲུང་གིས་ཀྱང་སྨྲས་ཤིང་རྗེསུ་ཡི་རང་བའོ། །གྲུལ་བུམ་གྱི་བདག་པོ་འཕགས་སྐྱེས་པོས་ཀྱང་སྨྲས་ཤིང་རྗེསུ་ཡིད་རང་བའོ། །ཀླུའི་རྒྱལ་པོ་མིག་མི་བཟང་གིས་ཀྱང་སྨྲས་ཤིང་རྗེསུ་ཡིད་རང་བའོ། །གནོད་སྦྱིན་གྱི་རྒྱལ་པོ་རྣམ་ཐོས་ཀྱི་བུས་ཀྱང་སྨྲས་ཤིང་རྗེསུ་ཡི་རང་བའོ། །དྲི་ཟའི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དག་དང ། གྲུལ་བུཾ་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དག་དང ། ཀླུའི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དག་དང ། གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དག་དང ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལྔས་རྩེན་དང ། འཕྲོག་མ་བུ་ལྔ་བརྒྱའི་འཁོར་ཅན་གྱིས་ཀྱང་སྨྲས་ཤིང་རྗེསུ་ཡི་རང་བའོ། །ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ལྷའི་གདོན་དང ། ཀླུའི་གདོན་དང ། རླུང་ལྷའི་གདོན་དང ། ལྷ་མ་ཡིན་གྱི་གདོན་དང ། ནཾཁའ་ལྡིང་གི་གདོན་དང ། དྲི་ཟའི་གདོན་དང ། མི་འཾ་ཅིའི་གདོན་དང ། ལྟོ་འཕྱེ་ཆེན་པོའི་གདོན་དང ། གནོད་སྦྱིན་གྱི་གདོན་དང ། སྲིན་པོའི་གདོན་དང ། ཡི་དགས་ཀྱི་གདོན་དང ། ཤ་ཟའི་གདོན་དང ། འབྱུང་པོའི་གདོན་དང ། གྲུལ་བུཾ་གྱི་གདོན་དང ། སྲུལ་པོའི་གདོན་དང ། ལུས་སྲུལ་པོའི་གདོན་དང ། སྐེཾ་བྱེད་ཀྱི་གདོན་དང ། སྨྱོ་བྱེད་ཀྱི་གདོན་དང ། གྲིབ་གནོན་གྱི་གདོན་དང ། བརྗེད་བྱེད་ཀྱི་གདོན་དང ། གནོན་པོའི་གདོན་གྱིས་འགལ་བར་བྱ་བ་མ་ཡིན་ནོ། །གདོན་ཐཾད་ཀྱིས་འགལ་བར་བྱ་བ་མ་ཡིན་པའོ། །མདངས་འཕྲོགས་པ་རྣཾས་དང ། ཟསུ་མངལ་ཟ་བ་རྣཾས་དང ། སྲོག་འཕྲོག་པ་རྣཾ་དང ། ཟསུ་གཏོར་མ་ཟ་བ་རྣཾ་དང ། ཟསུ་ཤ་ཟ་བ་རྣཾས་དང ། ཟསུ་ཁྲག་འཐུང་བ་རྣཾས་དང ། ཟསུ་ཞག་ཟ་བ་རྣཾས་དང ། ཟསུ་ཚིལ་ཟ་བ་རྣཾས་དང ། ཟསུ་རྐང་ཟ་བ་རྣཾས་དང ། ཟསུ་བཙས་པ་ཟ་བ་རྣཾས་དང ། ཟསུ་དྲི་ཟ་བ་རྣཾས་དང ། ཟསུ་མེ་ཏོག་ཟ་བ་རྣཾས་དང ། ཟསུ་འབྲས་བུ་ཟ་བ་རྣཾས་དང ། ཟསུ་ལོ་ཏོག་ཟ་བ་རྣཾས་དང ། ཟསུ་སྦྱིན་སྲེག་ཟ་བ་རྣཾས་དང ། ཟསུ་རྣག་འཐུང་བ་རྣཾས་དང ། ཟསུ་ཕྱི་ས་ཟ་བ་རྣཾས་དང ། ཟསུ་གཅིན་འཐུང་བ་རྣཾས་དང ། ཟསུ་མཆིལ་མ་ཟ་བ་རྣཾས་དང ། ཟསུ་ངར་སྣབ་ཟ་བ་རྣཾས་དང ། ཟསུ་སྣབ་ཟ་བ་རྣཾས་དང ། 97.124a ཟསུ་ལྷག་མ་ཟ་བ་རྣམས་དང ། ཟསུ་སྐྱུག་པ་ཟ་བ་རྣམས་དང ། ཟསུ་མི་གཙང་བ་ཟ་བ་རྣམས་དང ། ཟསུ་གཏོར་ཁུང་ནས་འབབ་པ་འཐུང་བ་རྣམས་ཀྱིས་འགལ་བར་བྱ་བ་མ་ཡིན་ནོ། །གཤེད་བྱེད་དང ། བསྒྱུར་བའི་ལས་དང་བྱད་དང ། གཡེང་བྱེད་དང ། རོ་ལངས་དང ། སེམས་སྒྱུར་བ་དང ། སྦོད་སྟོར་དང ། བཟའ་ཉེས་དང ། སྐྱུག་ཉེས་དང ། གནོད་སྒྲིབ་དང ། གནོད་བལྟས་དང ། བྲི་ཉེས་དང ། བསྒོམ་ཉེས་དང ། གནོད་པ་རྣཾས་ཀྱིས་འགལ་བར་བྱ་བ་མ་ཡིན་པའོ། །རིམས་ཉིན་ཅིག་པ་དང ། ཉིན་གཉིས་པ་དང ། ཉིན་གསུམ་པ་དང ། ཉིན་བཞི་པ་དང ། ཉིན་བདུན་པ་དང ། ཟླ་བ་ཕྱེད་པ་དང ། ཟླ་བ་གཅིག་པ་དང ། ཉི་མ་ཕྱེད་པ་དང ། ཉིན་མོ་པ་དང ། ཡུད་ཙམ་པ་དང ། རྟག་པའི་རིམས་དང ། རམས་དྲག་པོ་དང ། འབྱུང་པོའི་རིམས་དང ། རླུང་ལས་གྱུར་པ་དང ། མཁྲིས་པ་ལས་གྱུར་པ་དང ། བད་ཀན་ལས་གྱུར་པ་དང ། འདུས་པ་ལས་གྱུར་པས་འགལ་བར་བྱ་བ་མ་ཡིན་པའོ། །རིམས་ཐམས་ཅད་ཀྱིས་འགལ་བར་བྱ་བ་མ་ཡིན་པའོ། །གླད་པ་ན་བ་དང ། གཞོགས་ཕྱེད་ན་བ་དང ། ཡི་ག་འཆིས་པ་དང ། མིག་ནད་དང ། སྣ་ནད་དང ། ཁ་ནད་དང ། མགུལ་ནད་དང ། སྙིང་ནད་དང ། ལྐོག་མའི་ལྷ་གོར་ན་བ་དང ། རྣ་བ་ན་བ་དང ། སོ་ན་བ་དང ། སྙིང་ན་བ་དང ། རྩིབ་ལོགས་ན་བ་དང ། རྒྱབ་ན་བ་དང ། ལྟོ་ན་བ་དང ། མཁུར་བ་ན་བ་དང ། ཆུ་སོ་ན་བ་དང ། སྐྱེ་གནས་ན་བ་དང ། རབ་ཏུ་རྐེད་པ་ན་བ་དང ། བརླ་ན་བ་དང ། བྱིན་པ་ན་བ་དང ། ལག་པ་ན་བ་དང ། རྐང་པ་ན་བ་དང ། ཡན་ལག་ན་བ་དང ། ཉིང་ལག་ན་བས་འགལ་བར་བྱ་བ་མ་ཡིན་ནོ། །ཤུ་བ་དང ། གཡའ་བ་དང ། འབྲུམ་བུ་ཕྲ་མོ་དང ། མཛེ་དང ། འབྲས་དང ། ཕོལ་མིག་དང ། གཡན་པ་དང ། མེ་དབལ་དང ། ལྷོག་པ་རྣཾས་ཀྱིས་འགལ་བར་བྱ་བ་མ་ཡིན་པའོ། །ནད་ཐཾད་དང ། དུག་ཐཾད་དང ། སྡང་བ་ཐཾད་དང ། འཇིགས་པ་ཐཾད་དང ། ཡམས་ཀྱི་ནད་ཐཾད་དང ། འཐབ་པ་དང ། རྩོད་པ་ཐཾད་དང ། གནོད་པ་དང ། ནད་འགོ་བ་དང ། འཁྲུག་པ་ཐཾད་ཀྱིས་འགལ་བར་བྱ་བ་མ་ཡིན་པའོ། །ཀུན་དགའ་བོ་གང་གིས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ལས་འགལ་བར་བྱས་ན་ལག་ན་རྡོ་རྗེས་དེའི་མགོ་བོ་ཚལ་པ་བདུན་དུ་འགེམས་པར་འགྱུརོ། །རོ། །སངས་རྒྱས་དང ། བྱང་ཆུབ་སེཾས་དཔའ་དང ། རང་སངས་རྒྱས་དང ། ཉན་ཐོས་ཐཾད་ཀྱི་གཟི 97.124b བརྗིད་ཀྱིས་དེའི་སྣང་བ་མ་རུང་བར་འགྱུརོ། །སེཾས་མ་རུང་བར་འགྱུརོ། །འཕགས་པའི་གང་ཟག་རྣཾས་བསླུས་པར་འགྱུརོ། །རྒྱལ་པོ་ཆེན་པོ་བཞི་པོ་དག་གིས་ཀྱང་གཤུར་ཞེས་བྱ་བ་ལ་ཐུག་གི་བར་གྱི་གསང་སྔགས་རྣཾས་ཀྱིས་དེ་ལ་སྡུག་བསྔལ་ཆེན་པོ་བྱེད་པར་འགྱུརོ། །ལྷ་རྣཾས་ཀྱི་དབང་པོ་རྒྱ་བྱིན་ཡང་སུཾ་བཅུ་རྩ་གསུཾ་པའི་ཚོགས་ཀྱིས་བསྐོར་ཏེ། རྡོ་རྗེས་དེའི་མགོ་འགེཾས་པར་འགྱུརོ། །ཚངས་པའི་གཟི་བརྗིད་ཀྱིས་ཀྱང་དེའི་འབྱོར་པ་ཐལ་བར་རློག་པར་འགྱུརོ། །ཀུན་དགའ་བོ་སུ་ཞིག་གིས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་བསྲུང་བ་བྱས་སཾ། སྐུད་པ་བཏགས་ན་དེས་བསྲུང་བའི་པའི་རིག་པ་ནི་ཆད་པས་བྲལ་བར་འགྱུརོ། །ཆད་པས་བཅད་པའི་རིགས་པ་ནི་གཞུ་གཙོག་པས་སོ། །གཞུ་གཙོག་པའི་རིགས་པ་ནི་སྤྱོ་བས་སོ། །སྤྱོ་བའི་རིགས་པ་ནི་དམ་བཅའ་བས་སོ། །དམ་བཅའ་བའི་རིགས་པ་ནི་སྤུ་ཟིང་ཞེས་བྱ་བས་སོ། །སྤུ་ཟིང་ཞེས་བྱ་བའི་རིགས་པ་ནི་དེ་བཞིན་དུ་ཐར་བར་འགྱུརོ། །དེ་ལ་རྒྱལ་པོའི་འཇིགས་པ་འབྱུང་བར་མི་འགྱུར་ཏེ། ཆོམ་རྐུན་གྱི་འཇིགས་པ་མི་འབྱུང ། མེའི་འཇིགས་པ་མི་འབྱུང་ངོ ། །ཆུས་འཆི་བའི་དུས་བྱེད་པར་མི་འགྱུརོ། །དེའི་ལུས་ལ་དུགིས་མི་ཚུགས་ཏེ། མཚོན་གྱིས་ཀྱང་མ་ཡིན་ནོ། །བདེ་བར་གཉིད་ཀྱིས་ལོག་ཅིང་བདེ་བར་སད་པར་འགྱུར་རོ། །བདེ་བ་དང ། གནོད་པ་མེད་པ་དང ། འཇིགས་པ་མེད་པར་འགྱུརོ། །ཕྱིར་རྒོལ་བ་བཅོམ་པ་དང ། དགྲ་ཆོམས་པར་འགྱུརོ། །རྨས་པ་མེད་པར་འགྱུརོ། །འཇིགས་པ་ཐཾད་ལས་ཐར་བར་འགྱུརོ། །བདེ་བར་ཡུན་རིང་དུ་འཚོ་བར་འགྱུར་ཏེ། ཀུན་དགའ་བོ་སྔོན་གྱི་ལས་ཀྱི་རྣཾ་པར་སྨིས་པ་ནི་མ་གཏོགས་སོ། །ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ནི་ཧ་ཅང་ཆར་ཆེ་བའཾ། ཆར་དཀོན་པའི་ཚེ་བཀླག་པར་བྱའོ། །དེས་ནི་ཀླུ་ཐཾད་སྤྲོ་བར་འགྱུར་ཏེ། ཆར་ཆེན་པོ་ནི་གཅོད་པར་བྱེད། ཆར་དཀོན་པའི་ཚེ་ནི་རིགས་ཀྱི་བུའཾ། འཾ། རིག་ཀྱི་བུ་མོ་དེའི་བསཾ་པ་ཅི་སྲིད་པར་ཆར་འབེབས་པར་འགྱུརོ། །ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་དྲན་པས་ཀྱང་འཇིགས་པ་དང་དགྲ་ཐཾད་ཞི་བར་འགྱུར་ན་སུ་དུམ་བུར་མ་གྱུར་ཅིང་རྫོགས་པར་འཆང་བའཾ། བདེ་ལེགསུ་འགྱུར་བ་བྱས་པ་ལྟ་སྨོས་ཀྱང་ཅི་དགོས། ཀུན་དགའོ་ཁྱོད་ཀྱི་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ཟུང་ཤིག་། 97.125a འཁོར་བཞི་པོ་དགེ་སློང་དང ། དགེ་སློང་མ་དང ། དགེ་སྙེན་དང ། དགེ་སྙེན་མ་རྣམས་བསྲུང་བ་དང ། བསྐྱབ་པ་དང ། སྦ་བའི་ཕྱིར་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་དགྲ་ཐཾད་རབ་ཏུ་ཞི་བར་བྱེད་པ་འདི་ཀུན་ཆུབ་པར་གྱིས་ཤིག་ཆོངས་ཤིག་ལྷོགས་ཤིག་ཏད་ཡ་ཐཱ་ཡཱ་བ་ཏི། དྷཱ་བ་ཏི། དྷ་ར་ཀི་ལ་ཧུ་ལུ་ཧུ་ལུ་མེ་སཝཱ་ཧཱ། འདོད་ཆགས་ཞེ་སྡང་གཏི་མུག་རྣཾས། །དེ་དག་འཇིག་རྟེན་དུག་གསུཾ་ཏེ། །སངྱས་བཅྡོཾན་དུག་མེད་པ། །སངྱས་བདེན་པས་དུག་བཅོཾ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་རྣཾས། །དེ་དག་འཇིག་རྟེན་དུག་གསུཾ་སྟེ། །བཅྡོཾན་ཆོས་ནི་དུག་མེད་པ། །ཆོས་ཀྱི་བདེན་པས་དུག་བཅོཾ་མོ། །འདོད་ཆགས་ཞེ་སྡང་གཏི་མུག་རྣཾས། །དེ་དག་འཇིག་རྟེན་དུག་གསུཾ་སྟེ། །བཅྡོཾན་དགེ་འདུན་དུག་མེད་པ། །དགེ་འདུན་བདེན་པས་དུག་བཅོཾ་མོ། །སངྱས་ཀུན་གྱི་སྟོབས་གང་དང ། །དགྲ་བཅོམ་རྣཾས་ཀྱི་གྲགས་གཾང་དང་དེ་བཞིན་གཤེགས་པའི་གཟི་བརྗིད་ཀྱིས། །ངེས་ནི་བདེ་ལེགས་འགྱུར་བར་བྱས། །ཀུན་དགའ་བོ་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོས་དུག་བཅོཾ་མོ། །དགེ་སློང་ས་རི་བདེ་ལེགསུ་གྱུར་ཅིག་།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅྡོཾས་ལ་ལེགསོ་ཞེས་གསོལ་ཏེ། བཅྡོཾས་ཀྱི་ལྟར་མཉན་ནས་བཅྡོཾས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ལན་གསུཾ་བསྐོར་བ་བྱས་ནས་དགེ་སློང་ས་རི་ག་ལ་བ་དེར་སོང་ཏེ་ཕྱིན་པ་དང ། རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིས་དགེ་སློང་ས་རི་ལ་ཆད་པ་སྤང་བར་བྱས་ཏེ། ཡོངསུ་བསྐྱབ་པ་དང ། ཡོངསུ་བཟུང་བ་དང ། ཡོངས་སུ་སྐྱང་བ་དང ། ཞི་བ་དང་བདེ་ལེགསུ་འགྱུར་བ་དང ། ཆད་པ་སྤང་བ་དང ། མཚོན་ཆ་སྤང་བ་དང ། དུག་གཞིལ་བ་དང ། དུག་གསད་པ་དང ། མཚམས་བཅད་པ་དང ། ས་བཅིང་བ་བྱས་སྟེ། ཚེ་དང་ལྡན་པ་ཀུན་དགའ་བོས་བསྲུང་བ་དང ། བདེ་ལེགསུ་འགྱུར་བ་བྱས་པས་ཚེ་དང་ལྡན་པ་དགེ་སློང་ས་རི་ནད་དེ་ལས་སོས་སོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་དང ། ཚེ་དང་ལྡན་པ་དགེ་སློང་ས་རི་བཅྡོཾས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅྡོཾས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཅི་ལྟར་གྱུར་པ་ཐཾད་བཅྡོཾས་ལ་གསོལ་ནས། བཅྡོཾས་ཀྱིས་གནང་སྟེ་ཕྱོགས་ཅིག་ཏུ་འཁོད་དོ། །དེ་ནས་བཅྡོཾས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ཁྱོད་ཀྱིས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདིའི་མཐུ་མཐོང་ངམ། ཀུན་དགའ་བོས་བཅྡོཾས 97.125b དེ་བཞིན་དུ་གསུང་བ་དེ་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཅིའི་སླད་དུ་མ་འཚལ། བཅྡོཾས་ཀྱིས་ཡང་བཀའ་སྩལ་པ། ཀུན་དགའ་བོ་འདི་ལྟར་རྒྱ་མཚོ་ཆེན་པོ་བཞི་ནི་སྐཾམ་ཡང་སྲིད། ས་ནི་ནཾཁའ་ལ་འཕགས་ཀྱང་སྲིད། ཟླ་བ་དང་ཉི་མ་ནི་ས་ལ་ལྷུང་ཡང་སྲིད། ཀླུང་ནི་རྒྱུན་ལས་ལྡོག་ཀྱང་སྲིད་ཀྱི། དེ་བཞིན་གཤེགས་པའི་བཀའ་ནི་གཞན་དུ་འགྱུར་མི་སྲིད་དོ། །དེ་ནས་བཅྡོཾས་ཀྱིས་ཚེ་དང་ལྡན་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་དེ་ལྟ་བས་ན་རིགས་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ལ་འཁོར་བཞི་པོ་དགེ་སློང་དང ། དགེ་སློང་མ་དང ། དགེ་སྙེན་དང ། དགེ་སྙེན་མ་རྣཾས་མོས་པར་གྱི་ཤིག་ཚེ་དང་ལྡན་པ་ཀུན་དགའ་བོས་བཅྡོཾས་ལ་ལེགསོ་ཞེས་བྱ་བ་གསོལ་ཏེ། བཅྡོཾས་ཀྱི་ལྟར་མཉནས་འཁོར་བཞི་པོ་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་རྣཾས་རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོ་འདི་ལ་མོས་པར་བྱསོ། །བཅྡོཾས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང ། ཚེ་དང་ལྡན་པ་ས་རི་དང་ལྷ་དང ། ལྷ་མ་ཡིན་དང ། རླུང་ལྷ་དང ། ནམཁའ་ལྡིང་དང ། དྲི་ཟ་དང ། མི་འཾ་ཅི་དང ། ལྟོ་ཕྱེ་ཆེན་པོ་དང ། གནོད་སྦྱིན་དང ། སྲིན་པོ་དང ། མི་དང ། མི་མ་ཡིན་པ་གང་དག་འཁོར་དེར་འདུས་ཏེ་ཁོད་པ་དེ་དག་ཐཾད་ཡི་རང་ཏེ། བཅོམ་ལྡན་འདས་ཀྱིས་གསུངསཾ་པ་ལ་མངོན་པར་བསྟོད་དོ། །རིག་སྔགས་ཀྱི་རྒྱལ་མོ་རྨ་བྱ་ཆེན་མོའི་གཟུངས། རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཤཱི་ལེན་དྲ་བོ་དྷི་དང ། ཛྙཱ་ན་སིད་དྷི་དང ། ཤཱཀྱ་པྲ་བྷ་དང ། ཞུ་ཆེན་གྱི་ལོཙྪ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་སྐད་གསར་ཆད་ཀྱིས་ཀྱང་བཅོས་ནས་གཏན་ལ་ཕབ་པ། ཞུས་དག་གོ། ། |