rKTs


J514

(e-text produced by ADARSHA)

see text in transliteration
97.1a
(ཕ)་༄#། !་།གསང་སྔགས་རྒྱུད་འབུམ་གྱི་སྐོར་བཞུགས་སོ། །[(黃)་秘密經第十四部]
97.1b
༄##། །རྒྱ་གར་སྐད་དུ། ་ཨཱརྱ་སུ་བརྣྞ་པྲ་བྷཱ་སོཏྟ་མ་སཱུ་ཏྲེནྡྲ་རཱ་ཛ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་གསེར་འོད་དམ་པ་མདོ་སྡེའྀ་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བཾ་པོ་དང་པོ། འདས་པ་དང ། མ་བྱོན་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་དང་རང་སངས་རྒྱས་དང་འཕགས་པ་ཉན་ཐོས་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བྱ་རྒོད་ཕུང་པོ་ཆོས་ཀྱི་དབྱིངས། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་ན། །དེ་བཞིན་གཤེགས་པ་བཞུགས་ནས་ནི། །དག་ཅིང་རྡུལ་རྣཾས་མེད་པ་ཡིས། །བྱང་ཆུབ་སེམས་དཔའ་མཆོག་རྣམས་ལ། །མདོ་སྡེའི་དབང་པོའི་རྒྱལ་པོ་སྟེ། །མཉན་ན་ཤིན་ཏུ་ཟབ་པ་དང ། །ཡོངས་སུ་བརྟགས་ན་ཟབ་པ་ཉིད། །གསེར་འོད་དམ་པ་འདི་འཆད་དོ། །
97.2a
ཕྱོགས་བཞིར་སངས་རྒྱས་རྣམས་ཀྱིས་ནི། །བྱིན་གྱིས་བརླབས་ཀྱིས་བྱིན་བརླབས་པ། །མི་འཁྲུགས་པས་ནི་ཤར་ཕྱོགསུ། །རིན་ཆེན་ཏོག་གིས་ལྷོ་ཕྱོགསུ། །འོད་དཔག་མེད་ཀྱིས་ནུབ་ཕྱོགསུ། །རྔ་སྒྲ་ཡིས་ནི་བྱང་ཕྱོགསུ། །སྡིག་པ་ཐམས་ཅད་བཞིག་པའི་ཕྱིར། །བཤད་པ་དམ་པ་བཀྲ་ཤིས་པ། །སྡིག་པའི་ལས་རྣམས་ཟད་བྱེད་པ། །བདེ་བ་ཐམས་ཅད་སྦྱིན་བྱེད་པ། །སྡུག་བསྔལ་ཐམས་ཅད་འཇིགས་བྱེད་པ། །ཐམས་ཅད་མཁྱེན་པ་ཉིད་ཀྱི་གཞི། །དཔལ་ཀུན་གྱིས་ནི་ལེགས་བརྒྱན་པ། །བྱིན་གྱིས་བརླབས་ཏེ་བརྗོད་པར་བྱ། །སེམས་ཅན་གང་དག་དབང་པོ་ཉམས། །ཚེ་ཟད་པ་དང་ཚེ་ཉམས་དང ། །ཕུན་སུམ་ཚོགས་མིན་གང་ཆགས་དང ། །ལྷ་རྣམས་བརྒྱབ་ཀྱིས་ཕྱོགས་པ་དང ། །མཛའ་སྡུག་སྐྱེ་བོ་སྡང་བ་དང ། །བྲན་གཟའ་ལ་སོགས་གཙེས་པ་དང ། །ཕན་ཚུན་ཐུན་པ་མ་ཡིན་དང ། །ནོར་འགྲིབས་པས་ནི་གནོད་པ་དང ། །མྱ་ངན་ངལ་དང་གནོད་པ་དང ། །འཇིགས་པ་དང་ནི་ཕོངས་པ་དང ། །གཟའ་དང་རྒྱུ་སྐར་བྱད་སྟེམ་དང ། །མི་བཟད་གདོན་གྱིས་ཉེན་པ་དང ། །མྱ་ངན་ངལ་ལས་བྱུང་བ་ཡི། །རྨི་ལམ་སྡིག་པ་མཐོང་ན་ཡང ། །དེས་ནི་རབ་བཀྲུས་གཙང་མ་ཡིན། །མདོ་སྡེ་དམ་པ་མཉན་པར་བྱ། །གང་དག་ཡིད་དགེ་སེམས་དང་ཞིང ། །གོས་གཙང་རྣམས་ཀྱིས་རབ་བརྒྱན་ཏེ། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །མདོ་སྡེ་མཉན་པར་བྱེད་ན་ནི། །མདོ་སྡེ་འདི་ཡི་གཟི་བརྗིད་ཀྱིས། །སྲོག་ཆགས་ཀུན་གྱི་གནོད་པ་དག་།ཤིན་ཏུ་མི་བཟད་འདི་འདྲ་བ། །དེ་དག་རྟག་ཏུ་ཞི་བར་འགྱུར། །འཇིག་རྟེན་སྐྱོང་བ་བདག་ཉིད་དང ། །བློན་པོ་ཚོགས་ཀྱི་དབང་ཕྱུག་བཅས། །གནོད་སྦྱིན་བྱེ་བ་དུས་མ་ཡིས། །
97.2b
དེ་དག་ལ་ནི་བསྲུང་བར་བྱེད། །ལྷ་མོ་ཆེན་མོ་དབྱངས་ཅན་དང ། །ནཻ་རཉྫ་ནར་གནས་པ་དང ། །འབྱུང་པོའི་མ་མོ་འཕྲོག་མ་དང ། །སའི་ལྷ་མོ་བརྟན་མ་དང ། །ཚངས་པའི་དབང་དང་ལྷ་དབང་དང ། །ཀླུ་དབང་མཐུ་ཆེན་རྣམས་དང་ནི། །མི་འམ་ཅི་དབང་ལྷ་མིན་དབང ། །དེ་བཞིན་ནམཁའ་ལྡིང་དབང་རྣམས། །སྡེ་དང་སྟོབས་དང་བཞོན་པ་དང ། །བཅས་ཏེ་དེ་དག་དེར་ལྷགས་ནས། །ཉིན་དང་མཚན་མོ་མི་གཡེལ་བར། །དེ་དག་ལ་ནི་བསྲུང་བར་བྱེད། །ཟབ་མོ་སངས་རྒྱས་སྤྱོད་ཡུལ་བ། །སངས་རྒྱས་ཀུན་གྱི་གསང་བ་སྟེ། །བསྐལ་པ་བྱེ་བར་རྙེད་དཀའ་བ། །མདོ་འདི་རབ་ཏུ་བཤད་པར་བྱ། །གང་དག་མདོ་འདི་ཉན་པ་དང ། །གང་དག་གཞན་ལ་ཐོས་བྱེད་དང ། །གང་སུ་རྗེསུ་ཡི་རང་དང ། །གང་དག་མཆོད་པ་བྱེད་པ་རྣམས། །དེ་དག་ལྷ་དང་ཀླུ་དག་དང ། །མི་དང་མི་འམ་ཅི་དག་དང ། །ལྷ་མིན་གནོད་སྦྱིན་དུ་མ་ཡིས། །བསྐལ་པ་བྱེ་བར་མཆོད་པར་འགྱུར། །སྲོག་ཆགས་བསོད་ནམས་མེད་པ་རྣམས། །དེ་དག་བསོད་ནམས་ཕུང་པོ་ནི། །མཐའ་ཡས་གྲངས་ཀྱང་མེད་པ་དང ། །བསམ་གྱིས་མི་ཁྱབ་སྐྱེ་བར་འགྱུར། །ཕྱོགས་བཅུའི་རྫོགས་པའི་སངས་རྒྱས་དང ། །དེ་བཞིན་ཟབ་མོར་སྤྱོད་པ་ཡིས། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང ། །ཟབ་རབ་ཏུ་བཟུང་བར་འགྱུར་བ་ཡིན། །གཙང་མའི་གོས་རྣམས་རབ་བགོས་ལ། །དྲི་ཞིམ་པ་ཡི་གོས་འཆང་ཞིང ། །བྱམས་པའི་སེམས་ནི་ཉེར་བཞག་ནས། །གཡེལ་བ་མེད་པར་མཆོད་པར་བྱ། །རང་གི་སེམས་ནི་དྲི་མེད་ཅིང ། །རྒྱ་ཆེ་བར་ཡང་རབ་བྱེད་ལ། །སེམས་ཀྱང་ཤིན་ཏུ་དང་བྱེད་ཀྱིས། །མདོ་སྡེ་དམ་པ་མཉན་པར་གྱིས། །གང་དག་མདོ་འདི་ཉན་པ་ནི། །དེ་དག་མི་ནང་ལེགས་པར་འོངས། །
97.3a
མི་ཡི་སྲིད་པ་ལེགས་པར་ཐོབ། །འཚོ་བ་བདེ་བས་འཚོ་བར་འགྱུར། །གང་གི་རྣ་བའི་བུ་གར་ཡང ། །བཤད་པ་འདི་ནི་གྲག་འགྱུར་བ། །དེ་དག་དགེ་རྩ་སྦྱངས་པ་སྟེ། །སངས་རྒྱས་མང་པོས་རབ་ཏུ་བསྔགས། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། གླེང་བཞིའི་ལེའུ་ཞེས་བྱ་སྟེ་དང་པོའོ།། །། ཡང་དེའི་ཚེ་དེའི་དུས་ན། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་མཛེས་པའི་ཏོག་ཅེས་བྱ་བ། སྔོན་གྱི་རྒྱལ་བ་ལ་བསྙེན་བཀུན་བྱས་པ། དགེ་བའི་རྩ་བ་བསྐྱེད་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ལ་རིམ་གྲོ་བྱས་པ་ཞིག་གནས་པ་དེ་འདི་སྙམ་དུ་སེམས་ཏེ། རྒྱུ་གང་དང་རྐྱེན་གང་གིས། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་ལྟ་སྟེ། ལོ་བརྒྱད་བཅུ་ཞིག་ཐུབ་སྟེ། འདི་ལྟར་སྐུ་ཚེ་ཐུང་སྙམ་ནས། དེ་ཡང་འདི་སྙམ་དུ་སེམས་ཏེ། བཅོམ་ལྡན་འདས་ཀྱི་ཀྱང་འདི་སྐད་དུ། རྒྱུ་གཉིས་དང་རྐྱེན་གཉིས་ཀྱིས་ཚེ་རིང་བར་འགྱུར་ཏེ། གཉིས་གང་ཞེ་ན་འདི་ལྟ་སྟེ། སྲོག་གཅོད་པ་སྤངས་པ་དང ། ཁ་ཟས་རབ་ཏུ་སྦྱིན་པའོ་ཞེས་གསུངས་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་ནི། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་མང་པོ་ནས། སྲོག་གཅོད་པ་སྤངས་པར་གྱུར་པ་ནས། དགེ་བ་བཅུའི་ལས་ཀྱི་ལམ་གྱི་བར་དུ་ཡང་དག་པར་བླངས་པར་གྱུར། ཟས་ཀྱང་ཕྱི་ནང་གི་དངོས་པོ་རྣམས་སེམས་ཅན་དག་ལ་ཡོངསུ་བཏང་སྟེ། ཐ་ན་རང་གི་ལུས་ཀྱི་ཤ་དང་ཁྲག་དང་རུས་པ་དང་རྐང་གིས་ཀྱང་སེམས་ཅན་ལྟོགས་པ་རྣམས་ཚིམ་པར་མཛད་ན། ཟས་གཞན་གྱིས་ལྟ་ཅི་སྨོས་སྙམ་མོ། །དེ་ནས་སྐྱེས་བུ་དམ་པ་དེ་སངས་རྒྱས་ལ་སོང་བའི་ཡིད་ལ་བྱེད་པ་དག་ལས། འདི་ལྟ་བུའི་ཚུལ་གྱིས་བསམ་པ་འདི་དག་སེམས་པ་ན། དེའི་ཁྱིམ་ཡངས་ཤིང་རྒྱ་ཆེ་ལ་བཻཌཱུརྱ་སྔོན་པོ་ལས་གྲུབ་པ།
97.3b
ལྷའི་རིན་པོ་ཆེ་དུ་མས་སྤྲས་པ། དེ་བཞིན་གཤེགས་པས་ཁ་དོག་བསྒྱུར་བ། ལྷའི་ལས་འདས་པའི་སྤོས་ཀྱིས་ཁྱབ་པར་གྱུར་ཏོ། །ཁྱིམ་དེའི་ཕྱོགས་བཞི་ནས་ལྷའི་རིན་པོ་ཆེའི་ཁྲི་བཞི་བྱུང་བར་གྱུར་ཏེ། ཁྲི་དེ་དག་ལས་ཀྱང་ལྷའི་ཁྲི་ལྷའི་རས་བཅོས་བུའི་རིན་པོ་ཆེ་ཕྲུགས་རྣམས་བཏེང་བ་དག་བྱུང་བར་གྱུར་ཏོ། །ཁྲི་དེ་དག་ལས་ཀྱང་ལྷའི་མེ་ཏོག་པད་མ་རིན་པོ་ཆེ་དུ་མ་སྤྲས་པ། དེ་བཞིན་གཤེགས་པས་ཁ་དོག་བསྒྱུར་བ་དག་བྱུང་ངོ ། །པད་མ་དེ་དག་ལས་ཀྱང་སངས་རྒྱས་བཅོམ་ལྡན་འདས་བཞི་བྱུང་བར་གྱུར་ཏེ། ཤར་ཕྱོགས་ནས་ནི་དེ་བཞིན་གཤེགས་པ་མི་འཁྲུགས་པ་བྱུང ། ལྷོ་ཕྱོགས་ནས་ནི་དེ་བཞིན་གཤེགས་པ་རིན་ཆེན་ཏོག་བྱུང ། ནུབ་ཕྱོགས་ནས་ནི་དེ་བཞིན་གཤེགས་པ་ཚེ་དཔག་མེད་བྱུང ། བྱང་ཕྱོགས་ནས་ནི་དེ་བཞིན་རྟ་སྒྲ་བྱུང་སྟེ། སེང་གེའི་ཁྲི་དེ་དག་ལས་སངས་རྒྱས་བཅོམ་ལྡན་འདས་དེ་དག་བྱུང་མ་ཐག་ཏུ། དེ་ནས་དེའི་ཚེ་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་སྣང་བ་ཆེན་པོས་ཁྱབ་པར་གྱུར་ཏོ། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཀྱི་བར་དང ། ཕྱོགས་བཅུ་ཀུན་ཏུ་འཇིག་རྟེན་གྱི་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་བར་དག་སྣང་བས་ཁྱབ་པར་གྱུར། ལྷའི་མེ་ཏོག་དག་གི་ཆར་ཡང་བབ། ལྷའི་སིལ་སྙན་གྱི་སྒྲ་ཡང་བྱུང་ངོ ། །སངས་རྒྱས་ཀྱི་མཐུས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འདིར་སེམས་ཅན་ཐམས་ཅད་ཀྱང་ལྷའི་བདེ་བ་དང་ལྡན་པར་གྱུར་ཏེ། སེམས་ཅན་དབང་པོ་མ་ཚང་བ་རྣམས་ནི་དབང་པོ་ཐམས་ཅད་དང་ལྡན་པར་གྱུར། སེམས་ཅན་དམུས་ལོང་དག་གིས་ནི་མིགིས་གཟུགས་རྣཾས་མཐོང ། སེཾན་འོན་པ་དག་ནི་རྣ་བས་སྒྲ་རྣམས་ཐོས། སེཾན་སྨྱོས་པ་དག་ནི་དྲན་པ་སོ་སོར་རྙེད། སེཾན་སེཾས་གཡེངས་བ
97.4a
དག་ནི་སེམས་མི་གཡེང་བར་གྱུར། སེམས་ཅན་སྒྲེན་མོ་དག་ནི་གོས་བགོས་པར་གྱུར། སེམས་ཅན་བཀྲེས་པ་དག་ནི་ལྟོ་འགྲངས་བར་གྱུར། སེམས་ཅན་སྐོམ་པ་དག་ནི་སྐོམ་ངོམ་པར་གྱུར། སེམས་ཅན་ནད་ཀྱིས་བཏབ་པ་དག་ནི་ནད་དང་བྲལ་བར་གྱུར། ལུས་ཀྱི་དབང་པོ་ཉམས་པ་དག་ནི་དབང་པོ་ཚང་བར་གྱུར་ཏེ། འཇིག་རྟེན་དུ་ངོ་མཚར་རྨད་དུ་བྱུང་བའི་ཆོས་རྣམས་རྒྱ་ཆེར་བྱུང་བར་གྱུར་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གིས་སངས་རྒྱས་བཅོམ་ལྡན་འདས་དེ་དག་མཐོང་ནས་ངོ་ཚར་དུ་གྱུར་ཏེ། དེ་ཚིམ་ཞིང་མགུ་ལ་ཡི་རངས་ཤིང་རབ་ཏུ་དགའ་སྟེ། དགའ་བ་དང་ཡིད་བདེ་བ་སྐྱེས་ནས། སངས་རྒྱས་བཅོམ་ལྡན་འདས་དེ་དག་ག་ལ་བ་དེ་ལོགསུ་ཐལ་མོ་སྦྱར་བ་བཏུད་ནས། སངས་རྒྱས་བཅོམ་ལྡན་འདས་དེ་དག་རྣམས་པར་རྗེས་སུ་དྲན་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་ཡོན་ཏན་རྗེསུ་དྲན་ཞིང ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་ལ་ཐེ་ཚོམ་ཟ་བར་གྱུར་ཏེ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་ལྟར་ལོ་བརྒྱད་བཅུ་ཞིག་ཐུབ་སྟེ་སྐུ་ཚེ་ཐུང་བ་འདི་ཇི་ལྟ་བུ། འདི་ཅི་ཞིག་སྙམ་དུ་བསམ་པ་དེ་སེམས་ཤིང་འདུག་པར་གྱུར་ཏོ། །དེ་སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དགོངས་ཤིང་མཁྱེན་བཞིན་དུ། བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་བུ་ཁྱོད་འདི་སྙམ་དུ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འདི་ལྟར་སྐུ་ཚེ་ཐུང་ངོ་སྙམ་དུ་མ་སེམས་ཤིག་།དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་མ་གཏོགས་པར། ལྷ་དང་བཅས་པའི་འཇིག་རྟེན་དང་བདུད་དང་བཅས་པ་དང་ཚངས་པ་དང་དགེ་སྦྱོངས་དང་བྲམ་ཟེར་བཅས་པའི་སྐྱེ་དགུ་དང་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་ནང་ན། བཅོཾས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་ཀྱི་མཐའ། ཕྱི་མའི་མཐའི་མུའི་བར
97.4b
དུ་ཡང་རྟོགས་པར་ནུས་པ་ངེད་ཀྱིསུ་ཡང་མ་མཐོང་ངོ ། །སངས་རྒྱས་བཅོམ་ལྡན་འདས་དེ་དག་གིས་དེ་བཞིན་བཞིན་གཤེགས་པའི་སྐུ་ཚེའི་ཚད་བཤད་པ་བརྗོད་མ་ཐག་ཏུ། དེ་ནས་དེའི་ཚེ་སངས་རྒྱས་ཀྱི་མཐུས་ལྷའི་བུ་འདོད་པ་ན་སྤྱོད་པ་རྣམས་དང་གཟུགས་ན་སྤྱོད་པ་རྣམས་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནམཁའ་ལྡིང་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོའི་བར་དག་དང ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་བསྟོང་ཕྲག་དུ་མ་འདུས་ནས། བྱང་ཆུབ་སེམས་དཔའ་མཛེས་པའི་རྟོག་གི་ཁྱིམ་དེར་ལྷགས་སོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་གི་ཐམས་ཅད་དང་ལྡན་པའི་འཁོར་དེ་ལ། བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་བཤད་པ་ཚིགས་སུ་བཅད་དེ་མདོར་བཀའ་སྩལ་པ། རྒྱ་མཚོ་ཆུ་རྣམས་ཐམས་ཅད་ཀྱི། །ཐིག་པ་དག་ནི་བགྲང་བར་ནུས། །ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད། །སུས་ཀྱང་བགྲང་བར་མི་ནུས་སོ། །རི་རབ་རྣམས་ནི་ཐམས་ཅད་ཀྱང ། །ཕྲ་རབ་རྡུལ་དུ་བགྲང་བར་ནུས། །ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད། །སུས་ཀྱང་བགྲང་བར་མི་ནུས་སོ། །ས་ལ་གང་དག་ཡོད་པ་ཡིས། །རབ་ཏུ་ཕྲ་རྡུལ་ཇི་ཇི་སྙེད་པ། །ཐམས་ཅད་བགྲང་བར་ནུས་སྲིད་ཀྱི། །རྒྱལ་བའི་སྐུ་ཚེའི་ཚད་མི་ནུས། །གལ་ཏེ་ལ་ལས་ནམ་མཁའ་ལ། །སྣ་འགའ་ཞིག་གིས་དཔག་འདོད་ཀྱང ། །ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད། །སུས་ཀྱང་བགྲང་བར་མི་ནུས་སོ། །རྫོགས་པའི་སངས་རྒྱས་འདི་སྲིད་བཞུགས། །བསྐད་པ་དག་ནི་འདི་སྙེད་ཅིག་།བསྐལ་པ་བྱེ་བ་བརྒྱ་དག་བཅེས། །གྲངས་ནི་རྙེད་པར་མི་རུང་ངོ ། །གང་ཕྱིར་དེ་ཡི་རྒྱུ་དང་ནི། །རྐྱེན་ཡང་རྣཾས་པ་གཉིས་ཡིན་ཏེ། །སྡིག་པའི་ཚེ་བ་སྤངས་པ་དང ། །ཁ་ཟས་མང་པོ་བྱིན་པ་སྟེ། །དེ་ཕྱིར་བདག་ཉིད་ཆེན་པོ་དེའི། །སྐུ་ཚེའི་ཚ་གྲངས་ནི་མི་རྙེད་དོ། །བསྐལ་པ་འདི་སྙེད་ཅིག་ཅེ་འཾ། །གྲངས་མེད་པའི་དེ་བཞིན་ཏེ། །དེ་བས་ཐེ་ཚོམ་མེད་པར་འགྱུར། །ཐེ་ཚོམ
97.5a
ཅུང་ཟད་མ་ཟ་ཤིག་།རྒྱལ་བའི་སྐུ་ཚེ་ཐ་མ་ཡི། །གྲངས་ནི་གང་དུ་མི་དམིགས་སོ། །དེ་ནས་དེའི་ཚེ་འཁོར་དེར་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽ་དི་ནྱ་ཞེས་བྱ་བ་དང ། བྲམ་ཟེ་སྟོང་ཕྲག་དུ་མས་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། དེ་བཞིན་གཤེགས་པ་ཡོངས་སུ་མྱ་ངན་ལས་འདས་པ་ཆེན་པོའི་སྒྲ་ཐོས་ནས་འཕྲལ་ལ་འདུས་ཏེ། བཅོམ་ལྡན་འདས་ཀྱིས་ཞབས་གཉིས་ལ་གཏུགས་ནས། བཅོམ་ལྡན་འདས་ལ་གསོལ་པ། གལ་ཏེ་བཅོམ་ལྡན་འདས་སེཾན་ཐཾད་ལ་ཐུགས་བརྩེ་བ། ཐུགས་རྗེ་ཆེན་པོ་དང་ལྡན་པ། ཕན་པར་བཞེད་པ། སེམས་ཅན་ཐམས་ཅད་ལ་ཕ་མ་ལྟ་བུ། མི་མཉམས་པ་དང་མཉམ་པར་གྱུར་པ། ཟླ་བ་ལྟ་བུ་སྣང་བར་མཛད་པ། ཤེས་རབ་དང་ཡེ་ཤེས་ཆེན་པོའི་ཉི་མ་ཤར་བ་ལྟ་བུ་ལག་ཤིང ། གལ་ཏེ་ཁྱོད་སེམས་ཅན་ཐཾད་ལ་སྒྲ་ཅན་ཟིན་བཞིན་དུ་གཟིགས་ན། བདག་ལ་དམ་པ་ཞིག་སྩལ་དུ་གསོལ། བཅོམ་ལྡན་འདས་ཅང་མི་གསུཾ་བར་གྱུར་ཏོ། །དེ་ནས་སངས་རྒྱས་ཀྱིས་མཐུས་འཁོར་དེར་ལིད་ཙ་བི་གཞོན་ནུ་འཇིག་རྟེན་ཐཾད་ཀྱིས་མཐོང་ན་དགའ་བ་ཞེས་བྱ་བ་དེ་སྤོབས་པ་སྐྱེས་ནས། སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽ་དི་ནྱ་ལ་འདི་སྐད་ཅེས་སྨྲས་སོ། །ཅི་བྲམ་ཟེ་ཆེན་པོ་ཁྱོད། བཅྡོཾས་ལ་དམ་པ་གཅིག་གསོལ་ལམ། བདག་གི་ཁྱོད་ལ་དམ་པ་ཞིག་སྦྱིན་ནོ། །བྲམ་ཟེས་སྨྲས་པ། ལིད་ཙ་བི་གཞོན་ནུ་བདག་ནི་བཅོམ་ལྡན་འདས་ལ་མཆོད་པ་དང་རིང་སྲེལ་གྱི་ཕྱེ་མ་བགོས་པའི་ཕྱིར། བཅོམ་ལྡན་འདས་ཀྱིས་རིང་བསྲེལ་ཡུང་འབྲུ་ཙམ་ལ་བསྟེན་པར་འདོད་དོ། །རིང་བསྲེལ་ཡུང་འབྲུ་ཙམ་དེ་མངོན་པར་མཆོད་ན། སུམ་བཅུ་རྩ་གསུམ་པའི་ལྷ་རྣམས་ཀྱི་བདག་པོ་འབའ་ཞིག་ཐོབ་ཅེས་གྲག་གོ། །ཀྱེ་ལིད་ཙ་བི་གཞོན་ནུ་གསེར་འོད་དམ་པའི་མདོ་ཉན་ཐོས་དང་རང་སངས་རྒྱས་ཐཾད་ཀྱིས་ཤེས་པར་བཀའ་བ། ཁོང་དུ་ཆུད་པར་དཀའ་བ་དེ་ལྟ་བུའི་མཚན་ཉིད་དང་ཡོན་ཏན་དང་ལྡན་པ་གསེར་འོད་དམ་པའི་མདོ་ཆད་ཅེས
97.5b
གྲག་གིས་ཉོན་ཅིག་།ཀྱེ་ལིད་ཙ་བི་གཞོན་ནུ་གསེར་འོད་དཾ་པའི་མདོ་ནི། དེ་ལྟར་ཤེས་པར་དཀའ་ཞིང་རྟོགས་པར་དཀའ་བས་ན། ཁོ་བོ་ཅག་མཐའ་ཁོབ་ཀྱི་གླིང་གི་བྲམ་ཟེ་རྣམས་ནི། གང་ཅངས་ན་སེམས་ཅན་རྣམས་མྱུར་དུ་སུམ་བཅུ་རྩ་གསུཾ་པའི་བདག་པོ་འཐོབ་པར་འགྱུར་བའི་རིང་བསྲེལ་ཡུངས་འབྲུ་ཙམ་ཟ་མ་ཏོག་གི་ནང་དུ་བཅུག་ལ་བཅངས་ཀྱང་རུང་ངོ ། །ཀྱེ་ལིད་རྩ་བི་གཞོན་ནུ་ཁྱོད་ཅི་དེ་བཞིན་གཤེགས་པ་ལས་རིང་བསྲེལ་ཡུང་འབྲུ་ཙམ་གསོལ་ནས། རིང་བསྲེལ་གྱི་ཟ་མ་ཏོག་ཏུ་བཅུག་ཏེ་བཅངས་པས་སེཾན་རྣམས་སུམ་བཅུ་རྩ་གསུམ་པའི་བདག་པོ་ཐོབ་པར་མི་འདོད་དམ། ཀྱེ་ལིད་ཙ་བི་གཞོན་ནུ་ཁོ་བོས་ནི་དམ་པ་དེ་ལྟ་བུ་གསོལ་ཏོ། །དེ་ནས་ལིད་ཙ་བི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བས། སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽ་དི་ནྱ་ལ་ཚིགས་སུ་བཅད་པ་དག་གི་སླར་སྨྲས་པ། ནམ་ཞིག་གང་གཱའི་ཆུ་རྒྱུན་ལ། །མེ་ཏོག་རྣམ་ནི་སྐྱེ་བ་དང ། །བྱ་རོག་དམར་པོར་འགྱུར་བ་དང ། །ཁུ་བྱུག་དུང་མདོག་འདྲར་འགྱུར་དང ། །འཛམ་བུར་ལྟ་ལའི་འབྲུ་ཆགས་དང ། །འབྲ་གོར་ཨ་མྲའི་དོག་པ་ཆགས། །དེ་ཡི་ཚེ་ན་ཡུངས་འབྲུ་ཙམ། །རིང་སྲེལ་དུ་ནི་གསལ་བར་འགྱུར། །ནམ་ཞིག་རུ་སྦལ་སྤུ་རྣམ་ལས། །གོས་སུ་ལེགས་པར་བཏག་གྱུར་ཏེ། །དགུན་གྱི་གྲང་བ་སེལ་བྱེད་པ། །དེ་ཚེ་རིང་སྲེལ་ཡོད་པར་འགྱུར། །ནམ་ཞིག་སྦྲང་བུའི་རྐང་ལགས་ལས། །ཡང་ཐོག་ལེགས་པར་བྱས་གྱུར་ཏེ། །བརྟན་ཞིང་རབ་ཏུ་མི་གཡོ་བ། །དེ་ཚེ་རིང་སྲེལ་ཡོད་པར་འགྱུར། །ནཾ་ཞིག་སྲིན་བུ་པད་མ་ཀུན། །སོ་ནི་དཀར་པོར་སྐྱེས་གྱུར་ཏེ། །རྣོ་ཞིང་ཆེན་པོར་གྱུར་པ་ན། །དེ་ཚེ་རིང་སྲེལ་ཡོད་པར་འགྱུར། །མཐོ་རིསུ་ནི་འཛེག་པའི་ཕྱིར། །ནཾ་ཞིག་རི་བོང་རཝ་རྣམས་ལས། །སྐས་ནི་ལེགས་པར་བྱས་གྱུར་པ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ནམ་ཞིག་སྐས་ནི་དེར་འཛེགས་ཏེ། །བྱི་བས་ཟླ་བ་བཟའ་བ་དང ། །
97.6a
སྒྲ་གཅན་ལ་ཡང་གནོད་བྱེད་པ། །དེ་ཚེ་རིང་སྲེལ་ཡོད་པར་འགྱུར། །གྲོང་ན་རྒྱུ་བས་སྦྲང་བུ་ཡིས། །ནམ་ཞིག་རྫ་མ་འི་ཆང་འཐུངས་ཏེ། །ཁྱིམ་ན་གནས་པར་བྱེད་འགྱུར་བ། །དེ་ཚེ་རིང་སྲེལ་ཡོད་པར་འགྱུར། །ནམ་ཞིག་བོང་བུ་བདེར་གྱུར་ལ། །མཆུ་དམར་བིམ་པ་འདྲར་གྱུར་ཅིང ། །གླུ་གར་རྣམས་ལ་མཁས་གྱུར་པ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ནམ་ཞིག་འུག་པ་བྱ་རོག་རྣམས། །དབེན་པར་དོང་ནས་བརྩེ་བ་དང ། །ཕན་ཚུན་འཐུན་པར་གྱུར་པ་ན། །དེ་ཚེ་རིང་སྲེལ་ཡོད་པར་འགྱུར། །པ་ལ་ཤ་ཡི་ལོ་མ་རྣམས། །རིན་ཆེན་སྣ་གསུམ་གདུགས་གྱུར་ཏེ། །ཆར་འབབ་སྐྱབསུ་ནམ་གྱུར་པ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །ནམ་ཞིག་རྒྱ་མཚོའི་གྲུ་བོ་ཆེ། །འཕྲུལ་འཁོར་དང་ནི་གཡོར་མོར་བཅས། །ཐང་ལ་བྱུང་ཏེ་འགྲོ་བ་ན། །དེ་ཚེ་རིང་སྲེལ་ཡོད་པར་འགྱུར། །ནམ་ཞིག་བྱ་ནི་འུག་པ་ཡིས། །རི་བོ་སྤོས་ཀྱི་ངད་ལྡང་བ། །ཆུ་ལ་ཐོགས་ཏེ་འགྲོ་འགྱུར་བ། །དེ་ཚེ་རིང་བསྲེལ་ཡོད་པར་འགྱུར། །སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽ་དི་ནྱས་ཚིགསུ་བཅད་པ་འདི་དག་ཐོས་ནས། ལིད་ཙ་བི་གཞོན་ནུ་འཇིག་རྟེན་ཐམས་ཅད་ཀྱིས་མཐོང་ན་དགའ་བ་ལ་ཚིགས་སུ་བཅད་པ་འདི་དག་སླར་སྨྲས་པ། ལེགསོ་ལེགསོ་གཞོན་ནུ་མཆོག་།རྒྱལ་བའི་སྲས་པོ་ཚིགས་པོ་ཆེ། །དཔའ་ཞིང་ཐབས་ལ་མཁས་ལྡན་པ། །ལུང་བསྟན་པ་ནི་དམ་པ་ཐོབ། །འཇིག་རྟེན་མགོན་པོ་སྐྱོབས་པ་པོ། །དེ་བཞིན་གཤེགས་པ་ཆེ་བ་ཉིད། །བསམ་གྱིས་མི་ཁྱབ་གོ་རིམ་བཞིན། །གཞོན་ནུ་བདག་ལས་མཉན་པར་གྱིས། །སངས་རྒྱས་ཡུལ་ནི་བསམ་མི་ཁྱབ། །དེ་བཞིན་གཤེགས་རྣམས་མཚུངས་པ་མེད། །སངས་རྒྱས་ཐམས་ཅད་རྟག་ཏུ་ཞི། །སངས་རྒྱས་ཐཾད་ཡང་དག་བྱུང ། །སངས་རྒྱས་ཐཾད་ཁ་དོག་མཚུངས། །འདི་ནི་སངྱས་ཆོས་ཉིད་ཡིན། །བཅྡོཾས་ནི་བཅོས་མ་མིན། །དེ་བཞིན་གཤེགས་པ་མ་སྐྱེས་ཏེ། །རྡོ་རྗེ་ལྟ་བུར་སྲ་བའི་སྐུ། །སྤྲུལ་པའི་སྐུ་ནི་སྟོན་པར་མཛད། །དྲང་སྲོང་ཆེན་པོའི་རིང་བསྲེལ་ནི། །
97.6b
ཡུངས་འབྲུ་ཙམ་ཞེས་བྱ་བ་མེད། །སྐུ་ལ་རུས་པ་ཁྲག་མེད་ན། །རིང་སྲེལ་ཡོད་པར་ག་ལ་འགྱུར། །སེམས་ཅན་རྣམས་ལ་པན་པའི་ཕྱིར། །ཐབས་ཀྱིས་རིང་བསྲེལ་བཞག་པར་མཛད། །རྫོགས་པའི་སངས་རྒྱས་ཆོས་ཀྱི་སྐུ། །དེ་བཞིན་གཤེགས་པ་ཆོས་ཀྱི་དབྱིངས། །ཆོས་སྟོན་མཛད་པ་ཅི་འདྲ་བ། །བཅྡོཾས་ཀྱིས་སྐུ་དེ་འདྲ། །བདགིས་འདི་ཐོས་ཤེས་ནས་ནི། །བདག་གིས་དམ་པ་གསོལ་བར་བྱས། །དེ་ཉིད་ཁོ་ན་ལུང་བསྟན་ཕྱིར། །གཏཾ་གླེང་བ་ནི་བདག་གིས་བྱས། །དེ་ནས་ལྷའི་བུ་སུམ་ཁྲི་ཉི་སྟོང་གིས་དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་བསྟན་པ་ཟབ་མོ་དེ་དག་ཐོས་ནས། ཐམས་ཅད་ཀྱིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དེ། དེ་དག་ཡིད་ཀྱིས་ཀུན་ཏུ་རྟོག་པ་རབ་ཏུ་དགའ་ནས་སྒྲ་དབྱངས་གཅིག་ཏུ་ཚིགསུ་བཅད་པ་འདི་དག་སྨྲས་སོ། །སངས་རྒྱས་མྱ་ངན་ཡོང་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །སེམས་ཅན་ཡོངསུ་སྨིན་མཛད་ཕྱིར། །ཡོངསུ་མྱ་ངན་འདའ་བ་སྟོན། །སངས་རྒྱས་བཅོམ་ལྡན་བསམ་མི་ཁྱབ། །དེ་བཞིན་གཤེགས་པ་རྟག་པའི་སྐུ། །སེཾན་རྣམས་ལ་ཕན་པའི་ཕྱིར། །བཀོད་པ་རྣམས་པ་སྣ་ཚོགས་སྟོན། །དེ་ནས་བྱང་ཆུབ་སེཾས་དཔའ་མཛེས་པའི་རྟོག་གིས། སངས་རྒྱས་བཅྡོཾས་དེ་དག་དང་སྐྱེས་བུ་དམ་པ་དེ་གཉིས་ལས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པའི་སྐུ་ཚེའི་ཚད་བསྟན་པ་ཐོས་ནས། ཚིམ་ཞིང་མགུལ་ལ་ཡི་རང་ཤིང་རབ་ཏུ་དགའ་སྟེ་དགའ་བ་དང་ཡིད་བདེ་བ་སྐྱེས་ནས་དགའ་བ་དང་མགུལ་བ་རྒྱ་ཆེན་པོས་ཁྱབ་པར་གྱུར་ཏོ། །དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་བསྟན་པ་འདི་བཤད་པའི་ཚེ། སེཾན་ཚད་མེད་གྲངས་མེད་པ་དག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེཾས་སྐྱེསོ། །དེ་བཞིན་གཤེགས་པ་དེ་དག་ཀྱང་མི་སྣང་བར་གྱུར་ཏོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། དེ་བཞིན་གཤེགས་པའི་སྐུ་ཚེའི་ཚད་བསྟན་པའི་ལེའུ་ཞེས་བྱ་བ་སྟེ་གཉིས་པའོ།། །། དེ་ནས་བྱུངབ་སེཾས་དཔའ་མཛེས
97.7a
པའི་ཏོག་གཉིད་ཀྱིས་ལོག་པའི་རྨི་ལམ་ན། གསེར་གྱི་རྔ་ཀུན་དུ་སྣ་བ་འདི་ལྟ་སྟེ། ཉི་མའི་དཀྱིལ་འཁོར་འདྲ་བ་ཞིག་མཐོང་ངོ ། །ཕྱོགས་ཐམས་ཅད་ན་ཡང་སངས་རྒྱས་བཅོམ་ལྡན་འདས་གྲངས་མེད་དཔག་ཏུ་མེད་པ་དག་རིན་པོ་ཆེའི་ཤིང་དྲུང་ན། རིན་པོ་ཆེ་བཻ་ཌཱུརྱའི་ཁྲི་རྣཾས་ལ་བཞུགས་ཤིང ། འཁོར་བརྒྱ་སྟོང་དུ་མས་ཡོངསུ་བསྐོར་ཏེ། མདུན་གྱིས་བལྟས་ནས་ཆོས་སྟོན་པ་མཐོང་ངོ ། །དེ་ནས་ཡང་སྐྱེས་བུ་བྲཾ་ཟེའི་གཟུགས་ལྟ་བུ་ཞིག་རྔ་དེ་རྡུང་བ་མཐོང་སྟེ། རྔའི་སྒྲ་དེ་ལས་བསྟན་པའི་ཚིགསུ་བཅད་པ་འདི་ལྟ་བུ་དག་བྱུང་བ་ཐོས་སོ། །དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་རྟོག་གཉིད་སད་མ་ཐག་ཏུ། བསྟན་པའམ་ཚིགསུ་བཅད་པ་དེ་དག་རྗེསུ་དྲན་ནོ། །རྗེསུ་དྲན་ནས་ཀྱང་དེའི་མཚན་མོ་ཟད་པ་དང ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ཆེན་པོ་ནས་བྱུང་སྟེ། སྲོག་ཆགས་སྟོང་ཕྲག་དུ་མ་དང་ལྷན་ཅིག་ཏུ་བྱ་རྒོད་ཕུང་པོའི་རི་ག་ལ་བ་དང ། བཅྡོཾས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅྡོཾས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། བཅྡོཾས་ལ་ལན་གསུམ་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་གིས། བཅོམ་ལྡན་འདས་ག་ལ་བ་དེ་ལོགསུ་ཐལ་མོ་སྦྱར་བ་བཏུད་ནས། རྨི་ལམ་ན་གང་རྔའི་སྒྲ་ལས་བསྟན་པའི་ཚིགསུ་བཅད་པ་ཐོས་པ་དེ་དག་གསོལ་ཏོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། རྨི་ལཾ་མཐོང་བའི་ལེའུ་ཞེས་བྱ་བ་སྟེ་གསུམ་པའོ།། །། ནུབ་གཅིག་གཡེལ་བ་མེད་པར་ཡང ། །བདག་གིས་རྨི་ལཾ་རྨིས་པ་ནི། །མཛེས་པའི་རྔ་ཆེན་མཐོང་བ་སྟེ། །ཐཾད་དུ་ནི་གསེར་གྱི་འོད། །ཉི་མ་ཇི་ལྟ་བཞིན་དུ་འབར། །ཀུན་ཏུ་རྣམ་པར་ལྷ་ངེ་སྟེ། །ཕྱོགས་བཅུ་རྣམསུ་སྣང་བར་གྱུར། །ཀུན་ཏུ་རིན་ཆེན་ཤིང་དྲུང་ན། །རིན་ཆེན་བཻ་ཌཱུརྱ་དག་གི་།ཁྲི་ལ་སངས་རྒྱས་རྣམས་བཞུགས་ཏེ། །
97.7b
བརྒྱ་སྟོང་ཕྲག་ནི་དུ་མ་ཡི། །འཁོར་དབུས་མདུན་གྱིས་བལྟས་པ་མཐོང ། །བྲམ་ཟེའི་གཟུགས་ནི་འདྲ་བ་ཞིག་།རྔ་ཆེན་རབ་དུ་བརྡུང་བ་མཐོང ། །དེ་ཡིས་དེ་ལ་བརྡུང་བ་དང ། །ཚིགསུ་བཅད་པ་འདི་དག་བྱུང ། །གསེར་འོད་དམ་པའི་རྔ་ཆེན་སྒྲ་ཡིས་ནི། །སྟོང་གསུམ་འཇིག་རྟེན་འཇིག་རྟེན་གསུམ་འདི་ན། །ངན་སོང་སྡུག་བསྔལ་གཤིན་རྗེའི་སྡུག་བསྔལ་དང ། །དབུལ་བའི་སྡུག་བསྔལ་མ་ལུས་ཞི་བར་ཤོག་།རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །འཇིག་རྟེན་རྨོངས་པ་ཐཾད་ཞི་གྱུར་ཅིག་།ཇི་ལྟར་ཐུབ་དབང་འཇིགས་མེད་འཇིགས་ཞི་ལྟར། །སེམས་ཅན་འཇིགས་མེད་འཇིགས་དང་བྲལ་བར་ཤོག་།ཇི་ལྟར་འཁོར་བར་ཀུན་མཁྱེན་ཐུབ་དབང་པོ། །འཕགས་པའི་ཡོན་ཏན་ཀུན་དང་ལྡན་པ་ལྟར། །སྐྱེ་དགུ་ཏིང་འཛིན་བྱང་ཆུབ་ཡན་ལག་གི་།ཡོན་ཏན་ལྡན་ཞིང་ཡོན་ཏན་རྒྱ་མཚོར་གྱུར། །རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །སེམས་ཅན་ཐཾད་ཚངས་པའི་དབྱངས་ལྡན་གྱུར། །སངས་རྒྱས་བྱང་ཆུབ་དམ་པ་མཆོག་རིག་ཤོག་།ཆོས་ཀྱིས་འཁོར་ལོ་དགེ་བ་བསྐོར་གྱུར་ཅིག་།བསྐལ་པ་བསམ་གྱིས་མི་ཁྱབ་བཞུགས་པར་ཤོག་།འགྲོ་ལ་ཕན་ཕྱིར་ཆོས་ཀྱང་སྟོན་གྱུར་ཅིག་།ཉོན་མོངས་འཇོམས་གྱུར་སྡུག་བསྔལ་སེལ་བར་ཤོག་།འདོད་ཆགས་ཞེ་སྡང་གཏི་མུག་ཞི་གྱུར་ཅིག་།སེམས་ཅན་གང་དག་ངན་སོང་སར་གནས་ཏེ། །རུས་པའི་ལུས་ལ་མེ་ལྕེ་རབ་འབར་བ། །དེ་དག་རྔ་ཆེན་སྒྲགས་པ་ཐོས་གྱུར་ཅིག་།སངས་རྒྱས་ཕྱག་འཚལ་ལོ་ཞེས་ཚིག་ཐོས་ཤོག་།སེམས་ཅན་ཀུན་གྱིས་ཚེ་རབས་བརྒྱ་དག་དང ། །སྐྱེ་བ་སྟོང་ཕྲག་བྱེ་བར་སྐྱེ་དྲན་ཤོག་།ཐུབ་པའི་དབང་པོ་རྟག་དུ་དུ་གྱུར་ཅིང ། །དེ་དག་གི་ནི་རྒྱ་ཆེན་གསུང་ཐོས་ཤོག་།རྔ་བོ་ཆེ་ཡིས་སྒྲ་སྐད་འདི་ཡི་ནི། །སངས་རྒྱས་རྣམས་དང་རྟག་ཏུ་འགྲོགས་རྙེད་གྱུར། །
97.8a
སྡིག་པའི་ལས་རྣམས་རྣམ་པར་སྤོངས་པར་ཤོག་།བྱ་བ་དགེ་བ་རྣམས་ནི་སྤྱོད་གྱུར་ཅིག་།མི་དང་ལྷ་དང་སྲོག་ཆགས་ཐམས་ཅད་ཀྱིས། །དེ་དག་བསམ་དང་སྨོན་ལམ་གང་ཡིན་པ། །རྔ་བོ་ཆེ་ཡི་སྒྲ་སྒྲ་སྐད་འདི་ཡི་ནི། །དེ་དག་རྣམས་ཀྱི་དེ་ཀུན་རྫོགས་གྱུར་ཅིག་།སེཾན་གང་དག་སེམས་དམྱལ་མི་བཟད་སྐྱེས། །ལུས་ལ་མེ་ལྕེ་ཀུན་ཏུ་རབ་ཏུ་འབར། །སྐྱབས་མེད་མྱ་ངན་བཅས་ཤིང་ཡོངས་འཁྱམ་པ། །མེ་རྣམས་དེ་དག་རབ་ཏུ་ཞི་བར་ཤོག་།སེམས་དམྱལ་ཡི་དགས་མི་ཡི་འཇིག་རྟེན་ན། །སེམས་ཅན་སྡུག་བསྔལ་མི་བཟད་དྲག་པོ་གང ། །རྔ་བོ་ཆེ་ཡི་སྒྲ་སྐད་འདི་ཡིས་ནི། །དེ་དག་རྣམས་ཀྱི་སྡུག་བསྔལ་ཀུན་ཞི་ཤོག་།རྟེན་མེད་དཔུང་གཉེན་མེད་པ་དང ། །སྐྱབས་མེད་པར་ཡང་གྱུར་པ་དག་།དེ་རྣམས་ལ་ནི་སྐྱོབ་པ་དང ། །དཔུང་གཉེན་རྟེན་མཆོག་བདག་གྱུར་ཅིག་།སངས་རྒྱས་རྐང་གཉིས་དམ་པ་དག་།ཐུགས་བརྩེ་ཐུགས་རྗེ་ལྡན་པའི་ཐུགས། །གང་དག་ཕྱོགས་བཅུའི་འཇིག་རྟེན་ན། །བཞུགས་པ་བདག་ལ་དགོངས་སུ་གསོལ། །བདགིས་སྔོན་ཅད་སྡིག་པའི་ལས། །ཤིན་ཏུ་མི་བཟད་གང་བགྱིས་པ། །སྟོབས་བཅུའི་སྤྱན་བསྔར་བདག་མཆིས་ཏེ། །དེ་དག་ཐམས་ཅད་བཤགགས་པར་བགྱིས། །ཕ་མ་དག་ཏུ་མི་འཛིན་དང ། །སངས་རྒྱས་རྣམསུ་མི་འཛིན་དང ། །དགེ་བ་དག་ཏུ་མི་འཛིན་པས། །སྡིག་པ་བདག་གིས་གང་བགྱི་དང ། །ཕྱུག་པའི་རྒྱགས་པས་དྲེགས་པ་དང ། །རིགས་དང་ལོངས་སྤྱོད་རྒྱགས་པ་དང ། །གཞོན་པའི་རྒྱགས་པས་དྲེགས་པ་ཡིས། །བདག་གིས་སྡིག་པ་གང་བགྱི་དང ། །ཉེས་བསཾས་ཉེས་པར་སྨྲས་པ་དང ། །ཉེས་པར་བགྱི་པའི་ལས་རྣམས་དང ། །ཉེས་པའི་དམིགསུ་མ་ལྟས་པས། །བདག་གིས་སྡིག་པ་གང་བགྱིས་དང ། །བྱིས་པའི་བློའི་འཇུག་པ་དང ། །མི་ཤེས་མུན་པའི་སེཾས་དང་ནི། །སྡིག་པའི་གྲོགས་པོའི་དབང་གྱུར་དང ། །
97.8b
ཉོན་མོངས་རྣམ་པར་འཁྲུག་སེམས་དང ། །རྩེད་མོ་དགའ་བའི་དབང་ཉིད་དང ། །མྱ་ངན་དང་ནི་ནད་དབང་དང ། །ནོར་གྱིས་མི་ཆོག་ཉེས་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང ། །འཕགས་མིན་སྐྱེ་བོ་འདྲེ་བ་དང ། །ཕྲག་དོག་སེར་སྣའི་རྒྱུ་དང་ནི། །གཡོ་དང་དབུལ་བའི་ཉེས་པ་ཡིས། །བདགིས་སྡིག་པ་གང་བགྱི་དང ། །ཕོངས་པ་བྱུང་བའི་དུས་ཀྱི་ཚེ། །འདོད་པ་རྣམས་ཀྱི་འཇིགས་རྒྱུ་དང ། །ཕྱུག་པོ་མ་ཡིན་གྱུར་པ་ཡིས། །བདག་གིས་སྡིག་པ་གང་བགྱིས་དང ། །གཡོ་བའི་སེམས་ཀྱིས་དབང་ཉིད་དང ། །འདོད་དང་ཁྲོ་བའི་དབང་དག་དང ། །བཀྲེས་དང་སྐོམ་གྱི་ཉེན་པ་ཡིས། །བདགིས་སྡིག་པ་གང་བགྱིས་དང ། །བཟའ་བ་དག་དང་བཏུང་བ་དང ། །བུད་མེད་རྒྱུ་དང་གོས་ཀྱི་ཕྱིར། །ཉོན་མོངས་གདུང་བ་སྣ་ཚོགས་ཀྱིས། །བདགིས་སྡིག་པ་གང་བགྱི་དང ། །ལུས་དང་ངག་དང་ཡིད་ཀྱིས་སྡིག་།ཉེས་པར་སྤྱད་པ་རྣཾས་གསུམ་བསགས། །འདི་འདྲའི་ཚུལ་གྱིས་གང་བགྱིས་པ། །དེ་དག་ཐཾད་བདག་འཆགསོ། །སངས་རྒྱས་རྣམས་དང་ཆོས་རྣམ་དང ། །དེ་བཞིན་ཉན་ཐོས་རྣམས་ལ་ཡང ། །གུས་པ་མ་ལགས་གང་བགྱིས་པ། །དེ་དག་ཐམས་ཅད་བདག་ཆགས་སོ། །གང་ཡང་རང་སངས་རྒྱས་རྣམས་དང ། །བྱང་ཆུབ་སེམས་དཔའ་རྣམས་ལ་ཡང ། །གུས་པ་མ་ལགས་བགྱིས་པ་རྣམས། །དེ་དག་ཐཾད་བདག་ཆགས་སོ། །དམ་ཆོས་སྨྲ་བ་རྣཾས་ལ་ཡང ། །གུས་པ་མ་ལགས་བགྱིས་པ་དང ། །ཆོས་ལའང་གུས་པར་མ་བགྱིས་པ། །དེ་དག་ཐམས་ཅད་བདག་འཆགསོ། །བདགིས་རྟག་ཏུ་མི་ཤེས་པས། །དམ་པའི་ཆོས་ནི་སྤངས་པ་དང ། །ཕ་མ་རྣཾས་ལ་མ་གུས་དང ། །དེ་དག་ཐཾད་བདག་ཆགསོ། །བླུན་པ་དང་ནི་བྱིས་པ་དང ། །འདོད་ཆགས་ཞེ་སྡང་གཏི་མུག་དང ། །ང་རྒྱལ་དྲེགས་པ་བསྒྲིབས་བགྱིས་པ། །དེ་དག་ཐཾད་བདག་ཆགས་སོ། །
97.9a
བདག་ནི་ཕྱོགས་བཅུའི་འཇིག་རྟེན་དུ། །སྟོབས་བཅུ་རྣམས་ལ་མཆོད་པར་ཤོག་།བདག་གིས་ཕྱོགས་བཅུར་སེམས་ཅན་རྣམས། །བསྡུག་བསྔལ་ཀུན་ལས་འདོན་གྱུར་ཅིག་།སེམས་ཅན་བཾས་གྱི་མི་ཁྱབ་ཀུན། །ས་ཅུ་ལ་ནི་དགོད་པར་བགྱི། །ས་བཅུ་ལ་ནི་གནས་ནས་ཀྱང ། །ཐམས་ཅད་དེ་བཞིན་གཤེགས་གྱུར་ཅིག་།ཇི་སྲིད་སྡུག་བསྔལ་རྒྱ་མཚོ་ལས། །དེ་ཀུན་མཐར་བགྱི་ནུས་སྲིད་དུ། །སེམས་ཅན་རེ་རེའི་ཕྱིར་ཡང་ནི། །བསྐལ་པ་བྱེ་བར་སྤྱད་པར་བགྱི། །གསེར་འོད་དམ་པ་ཞེས་བགྱི་བ། །ལས་རྣམས་ཐམས་ཅད་བྱང་བགྱིད་པ། །ཟབ་མོ་དག་ནི་སྟོན་པ་ནི། །སེཾན་དེ་དག་བསྟན་པར་བགྱི། །གང་གིས་བསྐལ་པ་སྟོང་རྣཾསུ། །སྡིག་པ་ཤིན་ཏུ་མི་བཟད་བགྱིས། །ལན་ཅིག་རབ་ཏུ་བཤགས་པ་ཡིས། །དེ་དག་ཐཾད་བྱུང་བར་འགྱུར། །གང་གིས་ལས་ཀྱི་སྒྲིབ་པ་རྣཾས། །མྱུར་དུ་ཡང་དག་ཟད་འགྱུར་བ། །གསེར་འོད་དམ་པ་དགེ་བ་ཡི། །བཤགས་པ་འདི་དག་བཤགས་ནས་ནི། །རིན་ཆེན་འབྱུང་གནས་མཆོག་བཅུ་པོ། །ས་བཅུ་ལ་ནི་གནས་པར་བགྱི། །སངས་རྒྱས་ཡོན་ཏན་སྣང་བར་བགྱི། །སྲིད་པའི་མཚོ་ལས་སྒྲལ་བར་བགྱི། །སངས་རྒྱས་རྒྱ་མཚོ་ཆུ་བོ་དང ། །ཡོན་ཏན་རྒྱ་མཚོ་ཟབ་མོ་དེ། །སངས་རྒྱས་ཡོན་ཏན་བསཾ་ཡས་ཀྱིས། །ཐཾད་མཁྱེན་དུ་རྫོགས་པར་བགྱི། །ཏིང་འཛིན་བརྒྱ་ཕྲག་སྟོང་རྣཾས་དང ། །གཟུངས་རྣཾས་བསཾ་གྱིས་མི་ཁྱབ་དང ། །དབང་སྟོབས་བྱང་ཆུབ་ཡན་ལགིས། །སྟོབས་བཅུ་དམ་པར་འགྱུར་བར་བགྱི། །དགོངས་པའི་ཐུགས་ཀྱིས་སངས་རྒྱས་རྣཾས། །བདག་ལ་རྣཾས་པར་གཟིགས་སུ་གསོལ། །ཐུགས་རྗེ་ལྡན་པའི་ཐུགས་ཀྱིས་ནི། །ནོངས་པར་རབ་ཏུ་གཟུང་དུ་གསོལ། །བདག་གིས་བསྐལ་པ་བརྒྱ་རྣཾསུ། །སྔོན་ཆད་སྡིག་པ་གང་བགྱིས་པ། །དེ་ཕྱིར་བདག་ནི་མྱ་ངན་སེཾས། །ཕོངས་དང་མྱ་ངན་འཇིགས་པས་གཟིར། །སྡིག་པའི་ལས་ལ་འཇིག་པར་བགྱིད། །ཡིད་ནི་རྟག་ཏུ་དམན་པར་འགྱུར། །གང་དང་གང་དུ་སྤྱོད་བགྱིད་པ། །
97.9b
བདག་ནི་གང་དུ་འང་དགའ་མ་མཆིས། །སངས་རྒྱས་ཐམས་ཅད་ཐུགས་རྗེ་ལྡན། །འགྲོ་བ་ཀུན་གྱི་འཇིགས་སེལ་བས། །ནོངས་པར་རབ་ཏུ་གཟུང་དུ་གསོལ། །འཇིགས་པ་དག་ལས་བདག་ཐར་མཛོད། །བདག་གི་ཉོན་མོངས་ལས་རྣམས་ཀྱི། །དྲི་མ་དེ་བཞིན་གཤེགས་པས་ཤོལ། །སངས་རྒྱས་རྣཾས་ཀྱིས་བདག་ལ་ནི། །སྙིང་རྗེའི་ཆུ་ཡིས་བཀྲུ་བར་གསོལ། །སྡིག་པ་ཐཾད་བཤགས་པར་བགྱི། །སྔོན་ཆད་བདགིས་གང་བགྱིས་དང ། །ད་ལྟར་བདགི་སྡིག་པ་གང ། །དེ་དག་ཐམས་ཅད་བདག་ཆགསོ། །ནོངས་པར་བགྱིས་པའི་ལས་རྣཾས་ཀུན། །སླན་ཆད་མི་བགྱིད་བསྡཾ་པར་བགྱི། །བདགིས་ནོངས་པར་བགྱིས་པ་གང ། །སྡིག་དེ་བཅས་པར་མི་བྱའོ། །ལུས་ཀྱི་ལས་ནི་རྣཾས་གསུཾ་དང ། །ངག་གི་རྣམ་པ་བཞི་དག་དང ། །ཡིད་ཀྱི་རྣམ་པ་གསུམ་པོ་རྣམས། །དེ་དག་ཐམས་ཅད་བདག་ཆགསོ། །ལུས་ཀྱི་བགྱིས་དང་ངག་གི་ལས། །ཡིད་ཀྱིས་རྣམ་པར་བསམས་པ་དང ། །ལས་རྣཾས་གསུམ་པོ་བགྱིས་པ་དག་།དེ་དག་ཐམས་ཅད་བདག་ཆགསོ། །མི་དགེ་ལས་བཅུ་སྤངས་ནསུ། །དགེ་བ་བཅུ་པོ་རྟེན་བགྱིས་ཏེ། །ས་བཅུ་ལ་བདག་གནས་པར་བགྱི། །སྟོབས་བཅུ་མཆོག་ཏུ་འགྱུར་བར་བགྱི། །བདགིས་སྡིག་པའི་ལས་གང་དག་།མི་འདོད་འབྲས་བུ་ཐོབ་བགྱིད་པ། །སངས་རྒྱས་སྤྱན་སྔར་མཆིས་ནས་ནི། །དེ་དག་ཐམས་ཅད་བཤགས་པར་བགྱི། །འཛམ་བུ་གླིང་འདིར་གང་དག་དང ། །འཇིག་རྟེན་ཁམས་ནི་གཞན་དག་ཏུ། །གང་རྣམས་དགེ་བའི་ལས་བགྱིད་ན། །དེ་དག་ཀུན་ལ་ཡིད་རང་ངོ ། །ལུས་དང་ངག་དང་ཡིད་ཀྱིས་ཀྱང ། །བདགིས་བསོད་ནམས་གང་བསྒྲུབས་པ། །བདགིས་དགེ་བའི་རྩ་བ་དེས། །བྱང་ཆུབ་མཆོག་ལ་རེག་པར་བགྱི། །སྲིད་འགྲོ་ཉམ་ངར་བྱིས་པའི་བློ་ཡིས་ནི། །ཤིན་ཏུ་མི་ཟད་སྡིག་པ་གང་བགྱིས་པ། །
97.10a
སྟོབས་བཅུ་མི་མཉམ་སྤྱན་སྔར་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །སྐྱེ་བ་ཉམ་ང་སྲིད་པ་ཉམ་ང་དང ། །འཇིག་རྟེན་ཉམ་ང་གཡོ་སེམས་ཉམ་ང་དང ། །ལུས་ཀྱི་སྤྱོད་པ་ཉམ་ང་སྣ་ཚོགས་ཀྱིས། །བདགིས་སྡིག་པ་གང་བསགས་དེ་ཆགསོ། །བྱིས་པ་བླུན་བྱས་ཉོན་མོངས་ཉམ་ང་དང ། །སྡིག་པའི་གྲོགས་དང་ཕྲད་པ་ཉམ་ང་དང ། །སྲིད་པ་ཉམ་ང་འདོད་ཆགས་ཉཾ་ང་དང ། །ཞེ་སྡང་ཉམ་ང་གཏི་མུག་ཉམ་ང་དང ། །ངལ་བའི་ཉམ་ང་དུས་ཀྱི་ཉམ་ང་དང ། །བསོད་ནམས་བསྒྲུབས་པ་ཉམ་ང་དག་གིས་ཀྱང ། །རྒྱལ་བ་མི་མཉམ་མངོན་སུམ་མཆིས་ནས་ནི། །སྡིག་པ་དེ་ཀུན་སོ་སོར་བཤགས་པར་བགྱི། །སངས་རྒྱས་གསེར་མདོག་རི་སྣ་རི་རབ་འདྲ། །ཡོན་ཏན་རྒྱ་མཚོ་འདྲ་ལ་ཕྱག་འཚལ་ལོ། །རྒྱལ་བ་དེ་དག་རྣམ་ལ་སྐྱབསུ་མཆི། །རྒྱལ་བ་དེ་དག་ཀུན་ལ་མགོས་ཕྱག་འཚལ། །གསེར་མདོག་གསེར་ནི་དྲི་མ་མེད་པ་གསེར་གྱི་འོད། །དྲི་མེད་རྣམ་དག་བཻ་དཱུརྱའི་ཡན་ལག་སྤྱན། །སངས་རྒྱས་ཉི་མ་དཔལ་གཟི་གྲགས་འབར་འབྱུང་བའི་གནས། །ཐུགས་རྗེའི་འོད་ཟེར་དག་གིས་མུན་པ་མུན་ནག་བསལ། །ཡན་ལག་རབ་ཏུ་དྲི་མེད་རབ་བཟང་རྣམ་པར་མཛེས། །སངས་རྒྱས་ཉི་མ་ཡན་ལག་དྲི་མེད་གསེར་འདྲས་ཁྱབ། །ཉོན་མོངས་མེས་གདུངས་ཡིད་ཅན་འབར་བའི་མེ་འདྲ་བ། །ཐུབ་པའི་ཟླ་བའི་འོད་ཟེར་དྲ་བས་ཚིམ་པར་མཛད། །མཚན་མཆོག་སུཾ་བཅུ་གཉིས་ཀྱིས་དབང་པོ་ཡན་ལག་མཛེས། །དཔེ་བྱད་བཟང་པོ་དག་གིས་ཡན་ལག་རྣམ་པར་མཛེས། །དཔལ་གཟི་བསོད་ནམས་འབར་འཁྲུགས་འོད་ཟེར་དྲ་བ་ཡིས། །འཇིག་རྟེན་གསུམ་ན་མུན་ཁྲོད་ཉི་མ་བཞིན་དུ་བཞུགས། །དྲི་མེད་རྒྱ་ཆེན་ཁ་དོག་སྣ་ཚོགས་བཻ་དཱུརྱ། །སྐྱ་རེང་དམར་དང་དངུལ་དང་ཤེལ་བཞིན་ཡན་ལག་དམར། །
97.10b
འོད་ཟེར་དྲ་བ་རྣམ་པ་སྣ་ཚོགས་ལེགས་བརྒྱན་པས། །ཐུབ་ཆེན་ཁྱོད་ནི་ཉི་མ་བཞིན་དུ་དེ་བཞིན་མཛེས། །མྱ་ངན་འཁྲུག་པ་འཆི་ཆུ་རྒ་བའི་དབའ་རླབས་ཅན། །འཁོར་བའི་ཀླུང་ཆེན་ཕུངས་པའི་ཆུ་བོར་ལྷུང་བ་ལ། །སྡུག་བསྔལ་རྒྱ་མཚོ་མཆོག་ཏུ་རྩུབ་ཅིང་ཤུག་དྲག་པ། །བདེ་གཤེགས་ཉི་མའི་འོད་ཟེར་མང་པོ་རྣམས་ཀྱི་སྐེམས། །ཡན་ལག་གསེར་གྱི་མདོག་ཏུ་རྣམ་པར་སྣང ། །ཡེ་ཤེས་འབྱུཾ་གནས་འཇིག་རྟེན་གསུམ་ཀུན་མཆོག་།རབ་མཛེས་མཚན་གྱིས་ཡན་ལག་རྣམས་སྤྲས་པ། །སངས་རྒྱས་གསེར་སྐུ་འབར་ལ་ཕྱག་འཚལ་ལོ། །ཇི་ལྟར་རྒྱ་མཚོའི་ཆུ་ནི་དཔག་མེད་དང ། །ཇི་ལྟར་ས་ལ་ས་རྡུལ་མཐའ་ཡས་དང ། །ཇི་ལྟར་རི་རབ་རྡོ་མཐའ་ཚུངས་མེད་དང ། །ཇི་ལྟར་ནམཁའི་མཐའ་ལ་མཐའ་ཡས་པ། །དེ་བཞིན་སངས་རྒྱས་ཡོན་ཏན་མཐའ་ཡས་ཏེ། །སེམས་ཅན་ཀུན་གྱིས་ཤེས་པར་མི་ནུས་སོ། །བསྐལ་པ་དུ་མར་གཞལ་ཅིང་བསམས་ཀྱང་ནི། །ཡོན་ཏན་མཐའ་མ་ཤེས་པར་མི་ནུསོ། །ཆུ་ནི་སྐྲ་ཡི་རྩེ་མོའི་ཚད་ཙམ་དང ། །རྡོར་བཅས་རིར་བཅས་རྒྱ་མཚོར་བཅས་པ་ནི། །བསྐལ་པ་བགྲངས་ན་ཤེས་པར་ནུས་ཀྱང་སྲིད། །སངས་རྒྱས་ཡོན་ཏན་ཕ་མཐར་ཤེས་མི་ནུས། །ཡོན་ཏན་ཁ་དོག་སྙན་དང་གྲགས་པ་དང ། །དགེ་བའི་མཚན་གྱིས་བརྒྱན་པའི་སྐུ་ལུས་དང ། །དཔེ་འབྱད་བཟང་པོ་བརྒྱད་བཅུས་བརྒྱན་པ་ཡིས། །སེམས་ཅན་ཐམས་ཅད་དེ་འདྲར་གྱུར་པར་ཤོག་།བདག་གིས་དགེ་བའི་ལས་རྣམས་འདི་དག་གིས། །འཇིག་རྟེན་མི་རིང་སངས་རྒྱས་འགྱུར་བར་བགྱི། །འགྲོ་ལ་ཕྱན་ཕྱིར་ཆོས་ཀྱང་བསྟན་པར་བགྱི། །སེམས་ཅན་སྡུག་བསྔལ
97.11a
མང་གཟིར་ཐར་བར་བགྱི། །སྟོབས་བཅས་སྡེར་བཅས་བདུད་ལས་རྒྱལ་བར་བགྱི། །ཆོས་ཀྱི་འཁོར་ལོ་དགེ་བ་བསྐོར་བར་བགྱི། །བསྐལ་པ་བསམ་གྱིས་མི་ཁྱབ་གནས་པར་བགྱི། །བདུད་རྩིའི་ཆུ་ཡིས་སེམས་ཅན་ཚིམ་པར་བགྱི། །ཇི་ལྟར་སྔོན་གྱི་རྒྱལ་བའི་རྫོགས་པ་ལྟར། །ཕ་རོལ་ཕྱིན་དྲུག་བླ་མེད་རྫོགས་པར་བགྱི། །ཉོན་མོངས་གཞོམ་ཞིང་སྡུག་བསྔལ་བསལ་བར་བགྱི། །འདོད་ཆགས་ཞེ་སྡང་གཏི་མུག་ཞི་བར་བགྱི། །སྐྱེ་བ་བརྒྱ་དང་སྐྱེ་བ་བྱེ་བ་སྟོང ། །བདག་ནི་རྟག་ཏུ་སྐྱེ་བ་དྲན་པར་བགྱི། །ཐུབ་པའི་དབང་པོ་རྟག་ཏུ་དྲན་པར་བགྱི། །དེ་ཡི་གསུང་ནི་རྒྱ་ཆེན་ཐོས་པར་བགྱི། །བདག་ནི་དགེ་བའི་ལས་རྣམས་འདི་དག་གིས། །རྟག་ཏུ་སངས་རྒྱས་འགྲོགས་པ་རྙེད་པར་བགྱི། །སྡིག་པའི་ལས་རྣམས་རྣམ་པར་སྤང་བར་བགྱི། །དགེ་བའི་འབྱུང་གནས་དགེ་རྣམས་སྤྱད་པར་བགྱི། །ཞིང་རྣམས་ཀུན་ན་སྲོག་ཆགས་ཐམས་ཅད་ཀྱང ། །འཇིག་རྟེན་དག་ན་སྡུག་བསྔལ་ཀུན་ཞི་གྱུར། །སེམས་ཅན་དབང་པོ་མ་ཚང་ཡན་ལག་ཉམས། །དེ་ཀུན་དེའུ་རེ་དབང་པོ་ཚང་བར་ཤོག་།གང་དག་ནད་བཏབ་ཉམ་ཆུང་ལུས་ཉམས་དང ། །ཕྱོགས་བཅུ་དག་ན་སྐྱབས་མེད་གྱུར་པ་རྣམས། །དེ་ཀུན་མྱུར་དུ་ནད་ལས་ཐར་གྱུར་ཅིག་།ནད་མེད་སྟོབས་དང་དབང་པོ་རྙེད་པར་ཤོག་།གང་དག་རྒྱལ་པོ་ཆོམ་རྐུན་སྦྲེའུ་སྡིགས་བསད་ཐུག་དང ། །སྡུག་བསྔལ་རྣམ་པ་སྣ་ཚོགས་བརྒྱ་ཡི་ཕོངས་གྱུར་པ། །སེམས་ཅན་ཉམ་ཐག་གྱུར་ཅིང་སྡུག་བསྔལ་དེ་དག་ཀུན། །འཇིགས་མཆོག་མི་བཟད་བརྒྱ་པོ་དེ་ལས་ཐར་གྱུར་ཅིག་།གང་དག་བརྡེགས་ཤིང་བཅིང་བས་བཅིངས་གཟིར་བ། །ཕོངས་པ་སྣ་ཚོགས་དག་ན་གནས་གྱུར་ཅིང ། །ཉོན་མོངས་སྟོང་ཕྲག་དུ་མས་དཀྲུགས་ནས་ཀྱང ། །འཇིགས་པ་མི་བཟད་མྱ་ངན་སྣ་ཚོགས་རྙེད། །དེ་དག་ཐམས་ཅད་བཅིངས་ལས་གྲོལ་གྱུར་ཅིང ། །བརྡེག་པ་དག་ནི་བརྡེག་ལས་ཐར་བར་ཤོག་།བསད་པ་རྣམས་ཀྱང་སྲོག་དང་ལྡན་གྱུར་ཅིག་།ཕོངས་གྱུར་ཐམས
97.11b
ཅད་འཇིག་པ་མེད་པར་ཤོག་།སེམས་ཅན་གང་དག་བཀྲེས་སྲིད་སྐོམ་གྱིས་གཟིར། །དེ་དག་ཟས་སྐོམ་སྣ་ཚོགས་རྙེད་པར་ཤོག་།ལོང་བས་གཟུགས་རྣམས་སྣ་ཚོགས་མཐོང་གྱུར་ཅིག་།འོན་པས་ཡིད་འོང་སྒྲ་རྣམས་ཐོས་པར་ཤོག་།གཅེར་བུ་རྣམས་ཀྱིས་སྣ་ཚོགས་གོས་རྙེད་གྱུར། །སེམས་ཅན་དབུལ་པོས་གཏེར་རྣམས་རྙེད་པར་ཤོག་།ནོར་འབྲུ་རིན་ཆེན་སྣ་ཚོགས་མང་པོའི། །སེམས་ཅན་ཐམས་ཅད་བདེ་དང་ལྡན་པར་ཤོག་།གང་ཡང་སྡུག་བསྔལ་ཚོག་བར་ནོན་མ་གྱུར། །སེམས་ཅན་ཐམས་ཅད་བལྟ་ན་སྡུགས་པ་དང ། །གཟུགས་བཟང་མཛེས་ཤིང་ཚུལ་དུ་ཤིས་པར་ཤོག་།རྟག་ཏུ་བདེ་བ་དུ་མ་རྫོགས་གྱུར་ཅིག་།ཡིད་ཀྱིས་ཟས་སྐོམ་རབ་འབྱོར་བསོད་ནམ་དག་།བསམས་མ་ཐག་ཏུ་དེ་དག་གྲུབ་གྱུར་ཅིག་།རྫ་རྔ་ཅང་ཏེའུ་པི་བང་སྒྲ་སྙན་དང ། །ཆུ་མིག་མཚེའུ་དང་རྫིང་བུ་ལྟེང་ཁ་དང ། །གསེར་གྱི་པད་མ་ཨུད་པལ་པད་མ་ཅན། །ཟས་སྐོམ་གོས་ནོར་མུ་ཏིག་ནོར་བུ་དབྱིག་།རྒྱན་གསེར་རིན་ཆེན་སྣ་ཚོགས་བཻ་དཱུ་རྱ། །དེ་དག་བསམས་མ་ཐག་དུ་གྲུབ་གྱུར་ཅིག་།འཇིག་རྟེན་གང་ནའང་སྡུག་བསྔལ་སྒྲ་མ་བྱུང ། །སེམས་ཅན་གཅིག་ཀྱང་མི་འཕྲོད་མཐོང་མ་གྱུར། །དེ་དག་ཐམས་ཅད་ཁ་དོག་རྒྱ་ཆེན་དང ། །ཕན་ཚུན་དུ་ནི་འོད་བྱེད་གྱུར་པར་ཤོག་།མི་ཡི་འཇིག་རྟེན་ཕུན་སུམ་ཚོགས་གང་ཡོད། །དེ་དག་གང་དུ་བསམས་པར་སྐྱེ་བར་གྱུར། །བསམ་པ་ཐམས་ཅད་བསམ་མ་ཐག་ཏུ་ཡང ། །བསོད་ནམས་འབྲས་བུ་ཡོངསུ་རྫོགས་པར་ཤོག་།སྤོས་དང་ཕྲེང་བ་དག་དང་བྱུག་པ་དང ། །གོས་དང་ཕྱེ་མ་མེ་ཏོག་སྣ་ཚོགས་དག་།ལྗོན་ཤིང་དག་ལས་དུས་གསུམ་འབབ་པར་ཤོག་།སེམས་ཅན་དེ་དག་ལེན་ཅིང་དགར་གྱུར་ཅིག་།དེ་བཞིན་གཤེགས་པ་བསམ་ཡས་ཐམས་ཅད་དང ། །
97.12a
རྫོགས་པའི་བྱང་ཆུབ་སེམས་དཔའ་ཉན་ཐོས་དང ། །རྡུལ་བྲལ་དྲི་མེད་བསྟེན་པའི་ཆོས་ལ་ཡང ། །ཕྱོགས་བཅུ་རྣམས་སུ་མཆོད་པ་བྱེད་པར་ཤོག་།འགྲོ་བ་དམན་པ་ཐམས་ཅད་སྤོང་གྱུར་ཅིག་།མི་ཁོམ་བརྒྱད་པོ་དག་ལས་འདས་པར་ཤོག་།དལ་བའི་རྒྱལ་པོ་དམ་པ་ཐོབ་གྱུར་ཅིག་།རྟག་ཏུ་སངས་རྒྱས་འགྲོགས་པ་ཐོབས་པར་ཤོག་།རྟག་ཏུ་མཐོན་པོའི་རིགསུ་སྐྱེ་བར་ཤོག་།ནོར་དང་འབྲུ་ཡི་མཛོད་རྣམས་འབྱོར་གྱུར་ཅིག་།སྙན་དང་གྲགས་དང་གཟུགས་དང་ཁ་དོག་གིས། །བསྐལ་པ་དུ་མར་ལེགས་པར་བརྒྱན་པར་ཤོག་།བུད་མེད་ཐམས་ཅད་རྟག་ཏུ་ཕོར་གྱུར་ཏེ། །དཔའ་ཞིང་རྟུལ་ཕོད་མགས་ཤིང་གསལ་བར་ཤོག་།དེ་ཀུན་རྟག་ཏུ་བྱང་ཆུབ་ཕྱིར་སྤྱོད་གྱུར། །ཕ་རོལ་ཕྱིན་པ་དྲུག་ལ་སྤྱོད་པར་ཤོག་།ཕྱོགས་བཅུ་དག་ན་རིན་ཆེན་ཤིང་དབང་དྲུང ། །སངས་རྒྱས་བདེ་བཞུགས་རིན་ཆེན་བཻ་དཱུ་རྱའི། །ཁྲི་ལ་བཞུགས་པ་དག་ནི་མཐོང་གྱུར་ཅིག་།ཆོས་བསྟན་པ་ཡང་དེ་དག་ཐོས་གྱུར་ཤོག་།བདག་གིས་སྡིག་པའི་ལས་རྣམས་བསྒྲུབ་པ་ནི། །སྲིད་པ་ཉམ་ངར་སྔོན་ཆད་གང་བསྒྲུབས་པ། །སྡིག་ལས་གང་དག་མི་འདོད་འབྲས་ཐོབ་པ། །དེ་དག་ཐམས་ཅད་མ་ལུས་ཟད་གྱུར་ཅིག་།སེམས་ཅན་གང་དག་སྲིད་པར་བཅིངས་ནས་སུ། །འཁོར་བའི་ཞགས་པའི་ཐགས་པས་དམ་བཅིང་པ། །ཤེས་རབ་ལག་གིས་བཅིངས་པ་བཀྲོལ་བར་ཤོག་།སྡུག་བསྔལ་རྣམས་ལས་མྱུར་དུ་ཐར་ཅིག་།སེམས་ཅན་གང་དག་འཛམ་བུའི་གླིང་འདི་དང ། །གང་དག་འཇིག་རྟེན་ཁམས་ནི་གཞན་རྣམས་ན། །བསོད་ནམས་སྣ་ཚོགས་ཟབ་མོ་རྣམས་བྱེད་པ། །དེ་དག་ཀུན་ལ་རྗེས་སུ་ཡི་རང་ངོ ། །ལུས་དང་ངག་དང་ཡིད་ཀྱིས་བསྒྲུབས་པ་ཡི། །བདག་གིས་རྗེས་སུ་ཡི་རང་བསོད་ནམས་དེ། །བདག་ནི་སྨོན་གྲུབ་འབྲས་བུ་ཡོད་པར་ཤོག་།བྱང་ཆུབ་རྡུལ་བྲལ་བླ་མེད་ཐོབ་གྱུར་ཅིག་།གང་དག་རྟག་དང་དྲི་མ་བྲལ་བ་དང ། །དྲི་མེད་ཡིད་ཀྱིས་ཕྱག་འཚལ་བསྟོད་པ་དང ། །ཡོངས
97.12b
སུ་བསྔོ་བ་བརྗོད་པ་འདི་ཡིས་ནི། །བསྐལ་པ་དྲུག་བཅུར་ངན་སོང་སྤོང་བར་གྱུར། །ཚིགས་སུ་བཅད་པ་བརྗོད་པ་འདི་དག་གིས། །སྐྱེས་པ་བུད་མེད་བྲམ་ཟེ་རྒྱལ་རིགས་ལས། །ཐལ་སྦྱར་འདུག་སྟེ་རྒྱལ་བ་གང་བསྟོད་པ། །ཚེ་རབས་ཀུན་ཏུ་སྐྱེ་བ་དྲན་པར་འགྱུར། །ཡན་ལག་དབང་པོ་ཀུན་གྱིས་ཡན་ལག་བརྒྱན། །བསོད་ནམས་ཡོན་ཏན་སྣ་ཚོགས་རྣམས་དང་ལྡན། །མི་དབང་རྒྱལ་པོས་རྟག་དུ་དེ་མཆོད་དེ། །དེ་དང་དེ་དག་ཏུ་ནི་དེ་འདྲར་འགྱུར། །གང་དག་རྣ་བའི་བུ་གར་བཤགས་པ་འདི་ནི་གྲག་འགྱུར་བ། །དེ་དག་སངས་རྒྱས་གཅིག་གིས་གན་ནས་དགེ་བ་བྱས་མ་ཡིན། །གཉིས་ལ་མ་ཡིན་བཞི་ལ་མ་ཡིན་ལྔ་མིན་བཅུ་ལ་མིན། །དེ་ལྟར་སངས་རྒྱས་སྟོང་གིས་གན་ནས་དགེ་བ་བྱས་པ་ཡིན། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་བཤགས་པའི་ལེའུ་ཞེས་བྱ་སྟེ་བཞི་པའོ།། །། འཕགས་པ་གསེར་འོད་དམ་པའི་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་གཉིས་པ། དེ་ནས་བཅོམ་ལྡན་འདས་ཀྱིས་རིག་ཀྱིས་ལྷ་མོ་བྱང་ཆུབ་ཡང་དག་པར་བསྡུས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིག་ཀྱིས་ལྷ་མོ་དེའི་ཚེ་དེའི་དུས་ན། རྒྱལ་པོ་གསེར་གྱིས་ལག་པའི་དབང་པོ་ཞེས་བྱ་བ་དེས། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པ་པད་མའི་འབྱུང་གནས་འདིས། འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་མངོན་པར་བསྟོད་དོ། །རྒྱལ་བ་གང་དག་སྔར་གྱུར་གང་བྱུང་དང ། །ཕྱོག་བཅུའི་འཇིག་རྟེན་དག་ན་གང་བཞུགས་པ། །རྒྱལ་བ་དེ་དག་རྣམས་ལ་ཕྱགས་བགྱིའོ། །རྒྱལ་བ་དེ་དག་ཀུན་ལ་བདག་གིས་བསྟོད། །ཐུབ་དབང་ཞི་ཞིང་རབ་ཞི་རྣམས་པར་དག་།སྐུ་ནི་གསེར་གྱིས་མདོག་ཏུ་རབ་ཏུ་གདའ། །དབྱངས་རྣམས་ཀུན་གྱིས་སངས་རྒྱས་གསུངས་སྙན་ཏེ། །ཚང་པའི་སྒྲ་དབྱངས་རབ་ཏུ་བསྒྲག་པའི་གསུང ། །
97.13a
བུང་བ་རྨ་བྱ་ཨུད་པལ་སྔོན་པོའི་དབུ། །མཐོན་མཐིང་ལྕང་ལོ་བྱ་ནི་ཙ་ཤ་འདྲ། །ཁ་བ་དུང་ལྟར་རབ་ཏུ་དཀར་བའི་ཚེམས། །རྟག་ཏུ་གསེར་ལྟར་རྣམ་པར་མཛེས་པར་གདའ། །སྤྱན་ནི་རིང་ཞིང་མཐོན་མཐིང་དྲི་མ་མེད། །ུ་པལ་སྔོན་པོ་རབ་ཏུ་རྒྱས་པ་འདྲ། །ལྗགས་ནི་ཆེ་ཞིང་ལེགས་ལ་པད་མའི་མདོག་།པད་མ་འདྲར་སྣང་པད་མའི་ཟེར་བ་འདྲ། །ཞལ་གྱིས་མཛོད་སྤུ་པད་མ་དུང་དང་འདྲ། །བཻ་དཱུ་རྱའི་མདོག་འདྲ་གཡས་སུ་འཁྱིལ། །ཐུབ་པའི་ཟླ་བ་ཕྲ་ཞིང་ཟླ་བ་ཟད་པ་འདྲ། །སྐུ་ཡི་ལྟེ་བ་བུང་བ་གསལ་བ་བཞིན། །ཞལ་ལ་མཐོ་བའི་ཤངས་ནི་རྟག་ཏུ་ལྷག་གེ་སྟེ། །འཇམ་ཞིང་ས་ལའི་གསེར་ལྟར་ཁ་དོག་བཟང ། །རྟག་པར་རྒྱུན་ཏུ་རྒྱལ་བ་ཐམས་ཅད་ཀྱི། །རོ་མཆོག་འཇམ་ཞིང་དམ་པ་མཆོག་རབ་འཕགས། །སྤུ་ཡི་བུ་ག་ནས་ནི་རེ་རེ་སྐྱེས། །སྤུ་རྣམས་སྐྱེས་པ་གཡས་སུ་འཁྱིལ་བ་སྟེ། །མཐོན་མཐིང་འོད་འབར་འཚེར་ཞིང་ལྕང་ལོ་ཅན། །རྨ་བྱའི་མགྲིན་སྡུག་འདྲ་བར་སྔོ་ལ་མཛེས། །བལྟས་མ་ཐག་ཏུ་སྐུ་ཡིས་རྣམས་པར་བགྱི། །ཕྱོགས་བཅུ་འཇིག་རྟེན་དག་ནི་ཐམས་ཅད་གང ། །འཇིག་རྟེན་གསུམ་ན་སྡུག་བསྔལ་མཐའ་ཡས་ཞི། །བདེ་བ་ཀུན་ཀྱི་སེམས་ཅན་རྣམས་ཀྱང་ཚིམ། །སེམས་དམྱལ་འགྲོ་དང་དུད་འགྲོའི་འགྲོ་བ་དང ། །ཡི་དགས་ལྷ་གནས་མི་ཡི་འགྲོ་རྣམས་སུ། །སེམས་ཅན་དེ་དག་ཐམས་ཅད་བདེ་བས་ཚིམ། །ངན་སོང་འགྲོ་བ་རྣམས་ནི་ཐམས་ཅད་ཞི། །ཁ་དོག་མདོག་བཟང་གསེར་དང་འདྲ་བའི་འོད། །བཙོ་མའི་གསེར་ལྟར་རབ་ཏུ་སྣང་བའི་སྐུ། །བདེ་གཤེགས་ཟླ་བ་རབ་ཏུ་དྲི་མེད་ཞལ། །འཛུམ་ཞིང་རྣམ་མཛེས་ཤིན་ཏུ་དྲི་མེད་ཞལ། །གཞོན་ནུ་བཙས་འདྲར་སྐུ་ལུས་ཡག་ལག་འཇམ། །སེང་གེ་འདྲ་བར་རྩལ་གྱིས་གནོན་པའི་མཆོག་།ཕྱག་རིང་ཕྱག་ནི་རབ་ཏུ་རིང་བ་སྟེ། །ས་ལའི་ལྕུག་མ་རླུང་གིས་བསྐྱོད་པ་བཞིན། །འདོམ་གང་འོད་འབར་འོད་ཟེར་རབ་ཏུ་གཏོང ། །ཉི་མ་སྟོང་ལྟར་རབ་ཏུ་ལྷག་གེའོ། །ཐུབ་པའི་དབང་པོའི་སྐུ
97.13b
མཆོག་དྲི་མ་མེད། །ཞིང་རྣམས་མཐའ་ཡས་ཐམས་ཅད་རབ་ཏུ་སྣང ། །སངས་རྒྱས་འོད་ནི་རྣམས་པར་ལྷང་ངེས་བས། །ཞིང་རྣམས་མཐའ་ཡས་བརྒྱ་སྟོང་རྣམས་སུ་ཡང ། །མཚན་བྱེད་ཟླ་བ་ཉི་མ་མང་པོ་དག་།དེ་དག་ཐམས་ཅད་འོད་ནི་མེད་པར་གྱུར། །སངས་རྒྱས་ཉི་མ་འཇིག་རྟེན་སྒྲོན་མ་སྟེ། །སངས་རྒྱས་ཉི་མ་བརྒྱ་ཕྲག་སྟོང་རྣམས་ནི། །ཞིང་རྣམས་མཐའ་ཡས་སྟོང་ཕྲག་རྒྱ་དག་ན། །དེ་བཞིན་གཤེགས་པའི་ཉི་མ་སེམས་ཅན་མཐོང ། །བསོད་ནམས་སྟོང་ཕྲག་བརྒྱ་དང་ལྡན་པའི་སྐུ། །ཡོན་ཏན་ཀུན་ཀྱིས་རབ་ཏུ་བརྒྱན་པའི་སྐུ། །གླང་ཆེན་དབང་པའི་སྣ་འདྲ་རྒྱལ་བའི་ཕྱག་།ཕྱག་དང་ཞབས་འོད་རབ་མཛེས་དྲི་མ་མེད། །ས་ཡི་སྟེང་གི་རྡུལ་དང་མཚུངས་འདྲ་སྙེད། །ཕྲ་བའི་རྡུལ་སྙེད་སངས་རྒྱས་གང་འདས་དང ། །གང་དག་ཕྲ་བའི་རྡུལ་སྙེད་བྱུང་བ་དང ། །གང་དག་རྡུལ་བའི་རྡུལ་སྙེད་བཞུགས་པའི། །རྒྱལ་བ་དེ་དག་ལ་ནི་རབ་དང་བའི། །ངག་ཡིད་ལུས་ཀྱིས་མེ་ཏོག་དབུལ་བ་དང ། །སྤོས་རྣམས་དབུལ་དང་བསྔགས་པ་བརྒྱ་དག་དང ། །དགེ་བའི་སེམས་ཀྱིས་ཀྱང་ནི་ཕྱག་འཚལ་ལོ། །རྒྱལ་བའི་ཡོན་ཏན་གང་དག་དགེར་གྱུར་པ། །སྙིང་པོ་མཆོག་རབ་སྣ་ཚོགས་དུ་མ་ཏེ། །བདག་གིས་བསྐལ་པ་སྟོང་དུ་ལྕེ་བརྒྱ་ཡིས། །སངས་རྒྱས་ཡོན་ཏན་བརྗོད་པར་མི་ནུས་སོ། །རྒྱལ་བ་གཅིག་གིས་ཡོན་ཏན་རྣམས་ཀྱང་ནི། །ལྕེ་སྟོང་གིས་ཀྱང་ཅུང་ཟད་བརྗོད་མི་ནུས། །བདག་གིས་རྒྱལ་བ་དག་ནི་ཐམས་ཅད་ནི། །ཡོན་ཏན་ལྕེ་བརྒྱས་བརྗོད་པར་ག་ལ་ནུས། །ལྷར་བཅས་འཇིག་རྟེན་ཐམས་ཅད་མཚོར་གྱུར་ཏེ། །སྲིད་པའི་རྩེ་མོ་མན་ཆད་ཆུས་གང་བ། །སྐྲ་ཡི་རྩེ་མོས་དཔག་པར་ནུས་སྲིད་ཀྱི། །བདེ་གཤེགས་རྣམས་ཀྱིས་ཡོན་ཏན་གཅིག་ལ་མིན། །ལུས་དང་ངག་ཡིད་རབ་ཏུ་དང་བ་ཡིས། །རྒྱལ་བ་ཀུན་ལ་བདག་གིས་བསྔགས་བསྟོད་པས། །བདག་གིས་བསོད་ནམ་འབྲས་བུ་མཆོག་བསགས་གང ། །དེས་ནི
97.14a
སེམས་ཅན་རྒྱལ་བ་རེག་གྱུར་ཅིག་།དེ་ལྟར་རྒྱལ་པོས་སངས་རྒྱས་རྣམས་བསྟོད་ནས། །རྒྱལ་པོ་འདི་ལྟར་སྨོན་ལམ་འདེབས་པ་ནི། །མ་འོང་བསྐལ་པ་མཐའ་ཡས་རྣམས་སུ་ཡང ། །གང་དང་གང་དུ་བདག་ནི་སྐྱེ་བ་ན། །རྨི་ལམ་དུ་ནི་འདི་འདྲའི་རྔ་བལྟ་ཞིང ། །དེར་ནི་བཤགས་པ་འདི་འདྲ་མཉན་པར་བགྱི། །རྒྱལ་བསྟོད་པད་མ་འབྱུང་རྒྱལ་འདི་འདྲ་བ། །སྐྱེ་བ་དེ་དང་དེར་ནི་རྙེད་པར་བགྱི། །སངས་རྒྱས་ཡོན་ཏན་མཐའ་ཡས་མཚུངས་མེད་དང ། །གང་ཡང་བསྐལ་པ་སྟོང་དུ་རྙེད་དཀའ་བ། །དེ་དག་རྨི་ལམ་དུ་ཡང་མཉན་པར་བགྱི། །ཉིན་གྱུར་ཚེ་ཡང་དེ་དག་བཤད་པར་བགྱི། །སེམས་ཅན་སྡུག་བསྔལ་མཚོ་ལས་ཐར་བར་བགྱི། །ཕ་རོལ་ཕྱིན་པ་དྲུག་པོ་རྫོག་པར་བགྱི། །ཕྱི་ནས་བྱང་ཆུབ་བླ་མེད་ཐོབ་པར་བགྱི། །བདག་གི་ཞིང་ནི་ལྷོད་པ་མེད་གྱུར་ཅིག་།རྔ་ཕུལ་རྣམས་པར་སྨིན་པའི་འབྲས་བུ་དང ། །རྒྱལ་བ་ཐམས་ཅད་ལ་ཡང་བསྟོད་པའི་རྒྱུས། །ཤཀྱ་ཐུབ་དབང་མངོན་དུ་བལྟ་བར་བགྱི། །དེར་ནི་བདག་གིས་ལུང་བསྟན་ཐོབ་གྱུར་ཅིག་།གསེར་གྱི་ལག་པའི་དབང་དང་གསེར་གྱི་འོད། །བདག་གི་ཁྱེའུ་ནི་གང་ཡིན་འདི་གཉིས་ཀྱང ། །དེར་ནི་བུ་ཕོ་དེ་དག་གཉི་ག་དང ། །བྱང་ཆུབ་བླ་མེད་ལུང་སྟན་ཐོབ་པར་ཤོག་།སེམས་ཅན་གང་དག་གནས་དང་རྟེན་མེད་ཅིང ། །བསྐྱབས་དང་བྲལ་ནས་ཕོངས་པར་གྱུར་པ་དག་།དེ་དག་ལ་ཡང་མ་འོང་དུས་རྣམས་དང ། །སྐྱོབ་དང་དཔུང་གཉེན་སྐྱབས་དང་རྟེན་གྱུར་ཤོག་།སྡུག་བསྔལ་ཀུན་འབྱུང་ཟད་པ་བྱེད་གྱུར་ཅིག་།དགེ་བ་ཀུན་གྱི་འབྱུང་གནས་གྱུར་པར་ཤོག་།སྔོན་མཐའ་འདས་པ་དེ་དག་ཇི་སྲིད་པ། །མ་འོངས་བསྐལ་པར་བྱང་ཆུབ་སྤྱད་པར་བགྱི། །གསེར་འོད་དམ་པ་ཡི་ནི་བཤགས་པ་ཡི། །བདག་གིས་སྡིག་པའི་རྒྱ་མཚོ་སྐམས་པར་ཤོག་།བདག་གིས་ལས་ཀྱི་རྒྱ་མཚོ་ཟད་གྱུར་ཅིག་།བདག་གི་ཉོན་མོངས་རྒྱ་མཚོ་ཟད་པར་ཤོག་།བདག་གི་བསོད་ནམས་རྒྱ་མཚོ་རྫོགས་གྱུར་ཅིག་།ཡེ་ཤེས་དྲི་མེད་སྣང་བ་དམ་པ་ཡི། །བདག་གི
97.14b
ཡེ་ཤེས་རྒྱ་མཚོ་རྣམས་དག་ཤོག་།ཡོན་ཏན་ཀུན་གྱི་རྒྱ་མཚོར་གྱུར་པར་ཤོག་།བྱང་ཆུབ་ཡོན་ཏན་རིང་ཆེན་རྫོགས་གྱུར་ཅིག་།གསེར་འོད་པའི་བཤག་པའི་སྟོབས་ཀྱིས་ནི། །བདག་གིས་བསོད་ནམས་རབ་ཏུ་སྣང་བར་ཤོག་།བདག་གིས་བྱང་ཆུབ་སྣང་བ་རྣམས་དག་གྱུར། །ཡེ་ཤེས་དྲི་མེད་སྣང་བ་དམ་པ་ཡི། །བདག་གིས་ལུས་ཀྱི་འོད་ནི་སྣང་བར་ཤོག་།བསོད་ནམ་སྣང་བ་ལྷག་གེར་བྱ་བའི་ཕྱིར། །འཇིག་རྟེན་གསུམ་ན་ཁྱད་པར་འཕགས་གྱུར་ཅིག་།བསོད་ནམས་སྟོབས་དང་རྟག་ཏུ་ལྡན་པར་ཤོག་།སྡུག་བསྔལ་རྒྱ་མཚོ་ལས་ནི་སྒྲོལ་བ་དང ། །བདེ་བ་ཀུན་གྱི་རྒྱ་མཚོ་འདྲ་བ་ཡིས། །མ་འོངས་བསྐལ་པར་བྱང་ཆུབ་སྤྱད་པར་བགྱི། །འཇིག་རྟེན་གསུམ་ན་སྔོན་མཐར་ཇི་སྙིད་གཤེགས། །དེ་དག་ཞིང་ནི་རྒྱལ་བ་ཐམས་ཅད་ཀྱི། །ཡོན་ཏན་མཐའ་ཡས་ཁྱད་འཕགས་ཅི་འདྲ་བ། །ཡོན་ཏན་མཐའ་ཡས་རྣམས་ཀྱིས་བདག་གིས་ཞིང ། །མ་འོང་དུས་ན་དེ་འདྲར་གྱུར་པར་ཤོག་།གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། འདས་པ་དང་མ་འོངས་པ་དང ། ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པ་མེད་ཏོག་པད་མའི་འབྱུང་གནས་ཞེས་བྱ་བའི་ལེའུ་སྟེ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །བསམ་གྱིས་མི་ཁྱབ་མདོ་རྣམས་གཞན་དག་དུ། །སྟོང་པའི་ཆོས་རྣམས་རབ་ཏུ་རྒྱས་བཤད་དེ། །དེ་ལྟར་བས་ན་མདོ་མཆོག་དམ་པ་འདིར། །སྟོང་པའི་ཆོས་རྣམས་མདོ་ཙམ་བཤད་པ་ཡིན། །སེམས་ཅན་བློ་ཆུང་རྣམ་པར་མི་ཤེས་པས། །ཆོས་རྣམས་ཐམས་ཅད་ཤེས་པར་མི་ནུས་ཏེ། །དེ་ལྟ་བས་ན་མདོ་མཆོག་དམ་པ་འདིར། །སྟོང་པའི་ཆོས་རྣམས་མདོ་རྩམ་བཤད་པ་ཡིན། །སེམས་ཅན་ཀུན་གྱིས་ཅི་ནས་ཤེས་འགྱུར་དང ། །སེམས་ཅན་འབྱུང་བྱའི་ཕྱིར་ནི་སྙིང་རྗེའི་དབང ། །ཐབས
97.15a
དང་ཚུལ་དང་རྒྱུ་གཞན་རྣམས་ཀྱིས་ནི། །མདོ་མཆོག་དམ་པ་དབང་པོ་འདི་བཤད་དོ། །ལུས་འདི་གྲོང་ཁྱིམ་སྟོང་པ་ཇི་བཞིན་ཏེ། །དབང་པོ་རྣམས་ནི་དམག་དང་ཆོམ་ཀུན་འདྲ། །དེ་དག་ཐམས་ཅད་གྲོང་ཅིག་གནས་མོད་ཀྱི། །དེ་དག་ཕན་ཚུན་རྣམ་པར་མི་ཤེས་སོ། །མིག་གི་དབང་པོ་གཟུགས་གྱུར་རྣམས་ལ་རྒྱུག་།རྣ་བའི་དབང་པོ་སྒྲ་ལ་རྣམ་པར་སྤྱོད། །སྣ་ཡི་དབང་པོ་སྣ་ཚོག་དྲི་རྣམས་འཕྲོག་།ལྕེ་ཡི་དབང་པོ་རྟག་ཏུ་རོ་ལ་རྒྱུག་།ལུས་ཀྱིས་དབང་པོ་རེག་པ་དག་ལ་རྒྱུག་།ཡིད་ཀྱི་དབང་པོ་ཆོས་རྣམས་རྣམ་པར་སྤྱོད། །དབང་པོ་དྲུག་པོ་འདི་དག་ཕན་ཚུན་དུ། །རང་རང་ཡུལ་ལ་རབ་ཏུ་འཇུག་པར་བྱེད། །སེམས་ནི་སྒྱུ་མ་ལྟ་བུར་གཡོ་བ་ཡིན། །དབང་པོ་དྲུག་ནི་ཡུལ་ལ་རྣམས་སྤྱོད་དེ། །ཇི་ལྟར་མི་ཞིག་གྲོང་སྟོང་རྒྱུག་པ་དང ། །དམག་དང་ཆོམ་ཀུན་དག་དང་གནས་པ་བཞིན། །ཇི་ལྟར་སེམས་ནི་ཡུལ་དྲུག་གནས་བཅས་ཤིང ། །དབང་པོའི་སྤྱོད་ཡུལ་དག་ཀྱང་རབ་ཤེས་པ། །དེ་ལྟར་སེམས་ནི་ཡུལ་དྲུག་གནས་བཅས་ཏེ། །དབང་པའི་སྤྱོད་ཡུལ་རྣམས་ཀྱང་རབ་ཏུ་ཤེས། །གཟུགས་དང་སྒྲ་དང་དེ་བཞིན་དྲི་རྣམས་དང ། །རོ་དང་རེག་བྱ་དེ་བཞིན་སྤྱོད་ཡུལ་ཆོས། །སེམས་ནི་དབང་པོ་དྲུག་པོ་ཐམས་ཅད་ལ། །དབང་པོར་བཞུགས་པ་བྱ་བཞིན་གཡོ་བར་འགྱུར། །དབང་པོ་གང་དང་གང་དུ་གནས་བཅས་པ། །དབང་པོ་དེ་ནི་ཤེས་པར་བདག་ཉིད་བྱེད། །ལུས་ནི་གཡོ་བ་མེད་ཅིང་བྱེད་པ་མེད། །སྙིང་པོ་མེད་ཅིང་རྒྱན་ལས་བྱུང་བ་ཡིན། །ཡང་དག་མ་ཡིན་ཡོངས་སུ་རྟོག་ལས་བྱུང ། །གྲོང་སྟོང་ལས་ཀྱི་འཁྲུལ་འཁོར་འདྲ་བར་གནས། །ས་དང་མེ་དང་ཆུ་དང་རླུང་རྣམས་ནི། །གཞན་ཏུ་གནས་ཏེ་ཕྱོགས་དང་ཕྱོགས་ན་གནས། །དཔེར་ན་སྦྲུལ་གདུག་གནས་གཅིག་ཇི་བཞིན་ཏེ། །རྟག་ཏུ་ཕན་ཚུན་མཐུན་པ་མ་ཡིན་བཞིན། །ཁམས་ཀྱི་སྦྲུལ་རྣམས་བཞི་པོ་དེ་དག་ཀྱང ། །གཉིས་ནི་སྟེང་འགྲོ་གཉིས་ནི་མཐུར་དུ་འགྲོ། །ཕྱོགས་དང་ཕྱོགས་མཚམས་རྣམས་སུ་གཉིས་གཉིས་ཏེ། །
97.15b
ཁམས་སྦྲུལ་དེ་དག་ཐམས་ཅད་འཇིག་པར་འགྱུར། །ས་ཡི་སྦྲུལ་དང་ཆུ་ཡི་སྦྲུལ་དག་དང ། །འདི་གཉིས་འོག་ཏུ་ཟད་པར་འགྱུར་བ་ཡིན། །མེ་ཡི་སྦྲུལ་དང་རླུང་གི་སྦྲུལ་དག་དང ། །འདི་གཉིས་སྟེང་གི་ནམ་མཁར་འགྲོ་བ་ཡིན། །ཇི་ལྟར་སྔོན་ཆད་བྱེད་པའི་ལས་རྣམས་ཀྱིས། །སེམས་དང་རྣམས་ཤེས་ཀུན་ཏུ་གནས་ནས་དོང ། །ལྷ་དང་མི་དང་ངན་སོང་གསུམ་དག་ཏུ། །ཇི་ལྟར་བྱས་པའི་ལས་ཀྱིས་སྲིད་པར་སྐྱེ། །བད་ཀན་རླུང་དང་འཁྲིས་པ་ཟད་གྱུར་ན། །ལུས་ནི་གཅིན་དང་ངན་སྐྱུགས་རྣམས་ཀྱིས་གང ། །མངོན་པར་མི་དགའ་སྲིན་བུའི་ཕུང་པོར་གྱུར། །དུར་ཁྲོད་དག་ན་མཐོར་བ་ཤིང་བཞིན་གྱུར། །ལྷ་མོ་ཁྱོད་ནི་ཆོས་འདི་རྣམས་ལ་ལྟོས། །འདི་ལ་སེམས་ཅན་དེ་བཞིན་གང་ཟག་དང ། །ཆོས་རྣམས་འདི་དག་ཐམས་ཅད་སྟོང་པ་སྟེ། །མ་རིག་པ་ཡི་རྐྱེན་ལས་བྱུང་བ་ཡིན། །འབྱུང་བ་ཆེན་པོ་འདི་དག་ཆེ་འབྱུང་མིན། །མ་བྱུང་བ་ལས་བྱུང་ཞིང་མི་འབྱུང་སྟེ། །གང་གིས་ཕྱིར་ནི་འབྱུང་བ་མི་འབྱུང་བ། །དེ་ཕྱིར་འབྱུང་བ་ཆེ་ཞེས་ངས་བརྗོད་དོ། །ཡོད་པ་མིན་ཞིང་གཞར་ཡང་ཡོད་མིན་ལ། །མ་རིག་པའི་རྐྱེན་ལས་བྱུང་བ་ཡིན། །མ་རིག་འདི་ནི་ཡོད་པ་མ་ཡིན་ཏེ། །དེ་བས་ངས་ནི་མ་རིག་འདི་བཤད་དོ། །འདུ་བྱེད་རྣམས་ཤེས་མིང་དང་གཟུགས་བཅས་དང ། །སྐྱེ་མཆེད་དྲུག་དང་རེག་དང་ཚོར་བ་དང ། །སྲིད་དང་ལེན་དང་དེ་བཞིན་སྲིད་པ་དང ། །སྐྱེ་དང་རྒ་ཤི་མྱ་ངན་གནོད་པ་རྣམས། །འཁོར་བའི་སྡུག་བསྔལ་བསམ་གྱིས་མི་ཁྱབ་པ། །འཁོར་བའི་འཁོར་ལོ་ཇི་ལྟར་གནས་པ་དག་།མ་བྱུང་བ་ལས་བྱུང་དང་མི་འབྱུང་དང ། །ཚལ་བཞིན་མ་ཡིན་སེམས་ཀྱིས་རྣམ་དཔྱད་དང ། །བདག་གིས་ལྟ་བར་གྱུར་པར་བཅད་པར་གྱིས། །ཡེ་ཤེས་རལ་གྲིས་ཉོན་མོངས་རྒྱ་མོ་གྲོལ། །ཕུང་པོའི་གནས་ལ་སྟོང་པར་གྱུར་པར་ལྟོས། །བྱང་ཆུབ་ཡོན་ཏན་རྒྱ་ཆེན་རེག་པར་བགྱིས། །ངས་ནི་བདུད་རྩི་གྲོང་ཁྱེར་སྒོ་ཡང་ཕྱེ། །བདུད་རྩི་ཁུ་བའི་སྣོད་ཀྱང་ཀུན་ཏུ་ཏན། །
97.16a
ང་ནི་བདུད་རྩིའི་གྲོང་ཁྱེར་གནས་དེར་འཇུག་།ང་ནི་བདུད་རྩིའི་ཁུ་བས་བདག་ཚིམ་བྱ། །ངས་ནི་ཆོས་ཀྱི་རྔ་ཆེན་དམ་པ་བརྡུངས། །ངས་ནི་ཆོས་ཀྱི་དུང་གི་མཆོག་ཀྱང་བུས། །ངས་ནི་ཆོས་ཀྱི་སྒྲོན་མ་མཆོག་འབར་བྱས། །ངས་ནི་ཆོས་ཀྱི་ཆར་པ་དམ་པ་ཕབ། །ང་ནི་ཉོན་མོངས་དགྲ་མཆོག་རྣམས་ལས་རྒྱལ། །ངས་ནི་ཆོས་ཀྱི་རྒྱལ་མཚན་དམ་པ་བསྒྲེང ། །སྲིད་པའི་མཚོ་ལས་སེམས་ཅན་རབ་ཏུ་བསྒྲལ། །ངས་ནི་ངན་སོང་གསུམ་གྱི་ལམ་རྣམས་བཀག་།སེམས་ཅན་ཉོན་མོང་མེ་ཡིས་གདུངས་གྱུར་པ། །རྟེན་མེད་གྱུར་ཅིང་དཔུང་གཉེན་མེད་པ་དག་།སྲོག་ཆགས་ཉོན་མོངས་མེས་གདུངས་ཞི་བྱས་ནས། །བདུད་རྩིའི་ཁུ་བ་བསོལ་བས་ཚིམ་པར་བྱེད། །གང་ཕྱིར་བསྐལ་པ་དུ་མར་སྔོན་ཆད་ངས། །འདྲེན་པ་བསམ་གྱིས་མི་ཁྱབ་མཆོད་པ་བྱས། །ཆོས་ཀྱི་སྐུ་དེ་ཡོངས་སུ་ཚོལ་བ་ན། །བརྟུལ་ཞུགས་བརྟན་པས་བྱང་ཆུབ་ཕྱིར་སྤྱད་དེ། །ལག་པ་དང་ནི་མིག་དང་རྐང་པ་དང ། །ཡན་ལག་མཆོག་དང་བུ་སྡུག་བུ་མོ་དང ། །ནོར་དབྱིག་ནོར་བུ་མུ་ཏིག་རྒྱན་དང་གསེར། །བཻ་དཱུ་རྱའི་དང་རིན་ཆེན་སྣ་ཚོགས་བཏང ། །སྟོང་གསུམ་ཤིང་ལྗོན་ཐམས་ཅདང ། །རྩ་དང་རྩ་རྣམས་ཐམས་ཅད་དང ། །ནག་ཚལ་དག་དང་ས་ལས་ནི། །སྐྱེ་བ་ཐམས་ཅད་བཅད་གཏུབས་ཏེ། །དེ་དག་ཐམས་ཅད་ཕྱེར་བླགས་ནས། །རབ་ཏུ་ཕྲ་བའི་རྡུལ་འདྲར་བྱས། །ནམ་མཁའི་དཀྱིལ་འཁོར་ཇི་ཙམ་པར། །ཕྱེ་མའི་ཕུང་པོ་སྤུངས་ནས་ནི། །འདི་ལ་ཆ་གསུམ་དབྱེ་བར་ནུས། །ས་ལ་རྡུལ་ནི་ཡོད་པ་རྣམས། །སྟོང་གསུམ་དག་ནི་ཐམས་ཅད་ཀྱི། །རྡུལ་ཁམས་བསམ་གྱི་མི་ཁྱབ་པ། །སེམས་ཅན་ཀུན་གྱི་ཤེས་པ་གང ། །དེ་ནི་སེམས་ཅན་གཅིག་གིར་གྱུར། །ཤེས་པ་དེ་ཡིས་རྡུལ་རྣམས་ཀྱི། །ཕྱེ་མ་བགྲང་བར་བྱེད་ན་ནི། །སེམས་ཅན་ཀུན་ལས་རབ་འཕགས་པ། །ཡེ་ཤེས་རབ་ལྡན་མི་རྣམས་ཀྱིས། །ཐམས་ཅད་བགྲང་བར་ནུས་སྲིད་ཀྱི། །རྒྱལ་བའི་མཁྱེན་ལ་མི་ནུས་སོ། །
97.16b
ཐུབ་པའི་ཆེན་པོའི་ཡེ་ཤེས་གང ། །སྐད་ཅིག་གཅིག་ལ་འཇུག་པ་ཡང ། །བསྐལ་པ་བྱེ་བ་དུས་མར་ནི། །གང་དུའང་བགྲང་བར་མི་ནུས་སོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོའི་ལས། སྟོང་པ་ཉིད་ཀྱི་ལེའུ་ཞེས་བྱ་བ་སྟེ་དྲུག་པའོ།། །། དེ་ནས་རྒྱལ་པོ་ཆེན་པོ་རྣམས་ཐོས་ཀྱི་བུ་དང་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་རྒྱལ་པོ་ཆེན་པོ་མིག་མི་བཟང་རྣམས་སྟན་ལས་ལངས་ཏེ། གོས་ཕྲག་པ་གཅིག་ཏུ་བགོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུག་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགསུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གསེར་འོད་དམ་པའི་མདོ་སྡེའི་དབང་པོ་རྒྱལ་པོ་འདི་ནི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གཟིགས་པ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ། བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་ཀྱི་ཡོངས་སུ་བཟུང་བ། ལྷའི་ཚོགས་ཐམས་ཅད་ཀྱིས་ཕྱག་བགྱིས་པ། ལྷའི་ཚོགས་ཐམས་ཅད་ཀྱིས་མཆོད་པ། ལྷའི་དབང་པོའི་ཚོགས་ཐམས་ཅད་ཀྱིས་མངོན་པར་བསྟོད་པ། འཇིག་རྟེན་སྐྱོང་བ་ཐམས་ཅད་ཀྱིས་མཆོད་ཅིང་བསྔགས་ཏེ། །བརྗོད་ནས་རབ་ཏུ་བཀུར་བ། ལྷའི་ཁང་ཁྱིམ་ཐམས་ཅད་སྣང་བར་བགྱིད་པ། སེམས་ཅན་ཐམས་ཅད་ལ་མཆོག་ཏུ་བདེ་བ་རབ་ཏུ་སྦྱིན་པར་བགྱིད་པ། སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་སྐེམས་པ། འཇིགས་པ་ཐམས་ཅད་ཀྱི་རྒྱུན་གཅོད་པ། ཕ་རོལ་གྱི་དམག་ཚོགས་ཐམས་ཅད་རབ་ཏུ་བཟློག་པ། མུ་གེའི་དགོན་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ། ནད་ཀྱི་དགོན་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིད་པ། གཟའ་ཐམས་ཅད་སེལ་བ། མཆོག་ཏུ་ཞི་བར་བགྱིད་པ། མྱ་ངན་དང་ཉོན་མོངས་པ་རབ་ཏུ་ཞི
97.17a
བར་བགྱིད་པ། གནོད་པ་རྣམས་པ་སྣ་ཚོགས་རབ་ཏུ་ཞི་བར་བགྱིད་པ། གནོད་པ་བརྒྱ་སྟོང་རབ་ཏུ་འཇོམ་པར་བགྱིད་པ་ལགས་སོ། །བཙུན་པ་བཅོམ་ལྡན་འདས་གསེར་འོད་དམ་པའི་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཁོར་གྱི་ནང་དུ་རྒྱ་ཆེར་ཡང་དག་པར་རབ་ཏུ་བཤད་ན། ཆོས་ཉན་པ་ཆོས་བདུད་རྩིའི་ཁུ་བ་འདིས། བདག་ཅག་རྒྱལ་པོ་ཆེན་པོ་དཔུང་དང་གཡོག་ཏུ་བཅས་པ་བཞི་ལྷའི་ལུས་འདིས་གཟི་ཆེན་པོས་རྣམས་པར་འཕེལ་བར་འགྱུར་རོ། །བདག་ཅག་གིས་ལུས་ལ་བརྩོན་པ་དང་སྟོབས་དང་མཐུ་ཡང་སྐྱེད་པར་འགྱུར། གཟི་བརྗིད་དང་དཔལ་དང་ཕུན་སུམ་ཚོགས་པ་ཡང་དེ་དག་གིས་ལུས་ལ་འཇུག་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་ནི་ཆོས་དང་ལྡན་པ་ཆོས་སྨྲ་བ་ཆོས་ཀྱི་རྒྱལ་པོ་ལགས་ཏེ། བརྩུན་པ་བཅོམ་ལྡན་འདས་བདག་ཅག་ནི་ཆོས་ཀྱིས་ལྷ་དང་ཀླུ་དང་གནོད་སྦྱིན་དང་ལྷ་མ་ཡིན་དང་ནམ་མཁའ་ལྡིང་དང་དྲི་ཟ་དང་མི་འམ་ཅི་དང་ལྟོ་འཕྱེ་ཆེན་པོ་རྣམས་ཀྱི་རྒྱལ་པོ་བགྱིའོ། །འབྱུང་པོའི་ཚོགས་མི་བཟད་པ་སྙིང་རྗེ་མ་མཆིས་པ་གཞན་གྱི་མདངས་འཕྲོག་པ་རྣམས་བཟློག་པར་བགྱིའོ། །བརྩུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་གནོད་སྦྱིན་བརྒྱ་སྟོང་ཕྲག་དུ་མ་དང་ལྷན་ཅིག་ཏུ་རྟག་པར་རྒྱུན་ཏུ་ལྷའི་མིག་རྣམ་པར་དག་པ། མི་ལས་འདས་པས་འཛམ་བུའི་གླིང་ཐམས་ཅད་ལ་བལྟ་བར་བགྱི་བསྲུང་བར་བགྱི་ཡོངས་སུ་བསྐྱང་བར་བགྱི་སྟེ། བཙུན་པ་བཅོམ་ལྡན་འདས་དེའི་སླད་དུ། བདག་ཅག་རྒྱལ་པོ་ཆེན་པོ་བཞི་འཇིག་རྟེན་སྐྱོང་ཞེས་མིང་དུ་ཆགས་སོ། །བཙུན་པ་བཅོམ་ལྡན་འདས་གང་སུ་དག་འཛམ་བུའི་གླིང་འདིར། ཕ་རོལ་གྱི་དམག་ཚོགས་ཀྱིས་ཡུལ་འཇོམ་པར་འགྱུར་རམ། མུ་གེའི་གནོད་པ་འམ་ནད་ཀྱི་གནོད་པ་འམ་གནོད་པ་སྣ་ཚོག་བརྒྱ་དང་གནོད་པ་སྟོང་དང་གནོད་པ་བརྒྱ་ཕྲག་སྟོང་དག་གིས་གཙེས་པར་འགྱུར་བ་ན། བཙུན་པ་བཅོཾ
97.17b
ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཛིན་པའི་དགེ་སློང་ཆོས་སྨྲ་བ་དེ་དག་ལ་བསྐུལ་བ་བགྱིའོ། །བཙུན་པ་བཅོམ་ལྡན་འདས་ནམ་བདག་ཅག་རྒྱལ་པོ་ཆེན་པོ་བཞི་རྫུ་འཕྲུལ་དང་བྱིན་ཀྱི་བརླབས་ཀྱིས་དགེ་སློང་ཆོས་སྨྲ་བ་དེ་དག་ལ་བཀུར་བ་ན། ཡུལ་གང་དང་གང་དུ་མཆི་བར་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཡུལ་དེ་དང་དེ་དག་ཏུ་རྒྱ་ཆེར་ཡང་དག་པར་སྟོན་པར་འགྱུར་ཏེ། གང་གནོད་པ་སྣ་ཚོགས་བརྒྱ་དང་གནོད་པ་སྟོང་ཡུལ་དུ་འབྱུང་བ་འདི་ལྟ་བུ་འདི་དག་རབ་ཏུ་ཞི་བར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་གང་གིས་ཡུལ་དུ་མདོ་སྡེའི་དབང་པོ་འཛིན་པའི་དགེ་སློང་ཆོས་སྨྲ་བ་དེ་དག་མཆི་བར་འགྱུར་བའི་ཡུལ་དེ་དག་ཏུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཡང་བསྙེན་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་ནམ་མིའི་རྒྱལ་པོས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་ཏེ་ཐོས་ནས། མདོ་སྡེའི་དབང་པོ་འཛིན་པའི་དགེ་སློང་དེ་དག་ཕྱིར་རྒོལ་བ་ཐམས་ཅད་ལས་ཀུན་ཏུ་བསྲུང་བར་བགྱིད། ཡོངས་སུ་བསྐྱབ་པ་དང་ཡོངས་སུ་འཛིན་པ་དང་ཡོངསུ་སྐྱོང་བར་བགྱིད་ན། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས། མིའི་རྒྱལ་པོའི་ཡུལ་དེ་ཐམས་ཅད་ན་གནས་པའི་སེམས་ཅན་རྣམས་ཀུན་ཏུ་བསྲུང་བར་བགྱི། ཡོངས་སུ་བསྐྱབ་པ་དང ། ཡོངས་སུ་བཟུང་བ་དང་ཡོངས་སུ་བསྐྱང་བ་དང་ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་ནམ་དགེ་སློང་ངམ་དགེ་སློང་མ་འམ་དགེ་བརྙེན་ནམ་དགེ་བསྙེན་མ་མདོ་སྡེའི་དབང་པོ་འཛིན་པ་ལ། བདེ་བར་སྦྱར་བ་ཐམས་ཅད་ཀྱི་བདེ་བར་བགྱིད་ན། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་བཞི། མིའི་རྒྱལ་པོ་དེའི་ཡུལ་ཐམས་ཅད་ན་གནས་པའི་སེམས་ཅན་རྣམས་ལ་བདེ་བའི་ཡོ
97.18a
བྱད་ཐམས་ཅད་ཀྱིས། བདེ་བ་དང་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་ནམ་མིའི་རྒྱལ་པོས་དགེ་སློང་ངམ་དགེ་སློང་མ་འམ་དགེ་བསྙེན་ནམ་དགེ་བསྙེན་མ་འམ། མདོ་སྡེའི་དབང་པོ་འཛིན་པ་ལ་སྟི་སྟང་དུ་བགྱིད་བླ་མར་བགྱིད་རིམ་གྲོར་བགྱིད་ཅིང་མཆོད་ན། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞིས། མིའི་རྒྱལ་པོ་དེ་ལ་རྒྱལ་པོ་ཐམས་ཅད་པས་ཆེ་བསྟི་སྟང་དུ་བགྱི་ཆེས་བླ་མར་བགྱི་ཆེས་རིམ་གྲོར་བགྱི་ཆེས་མཆོད་པར་བགྱི་སྟེ་ཡུལ་ཐམས་ཅད་དུ་ཡང་རབ་ཏུ་སྔགས་པར་བགྱིའོ། །དེ་ནས་བཅྡོཾས་ཀྱི་རྒྱལ་པོ་ཆེན་པོ་བཞི་ལ་ལེགསོ་ལེགསོ་ཞེས་བྱ་བ་བྱིན་ཏེ་རྒྱལ་པོ་ཆེན་པོ་དག་ལེགསོ་ལེགས་སོ། །རྒྱལ་པོ་ཆེན་པོ་ཁྱོད་ཡང་ལེགས་སོ་ལེགས་སོ། །འདི་ལྟ་སྟེ་ཁྱོད་ནི་སྔོན་གྱི་རྒྱལ་བ་ལ་ལྷག་པར་བྱ་བ་བྱས་པ། དགེ་བའི་རྩ་བ་རྣམས་བསྐྱེད་པ། སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་མང་པོ་ལ་བསྙེན་བཀུར་བྱས་པ་ཆོས་དང་ལྡན་པ་ཆོས་སྨྲ་བ་ཆོས་ཀྱིས་ལྷ་དང་མི་རྣམས་ཀྱི་རྒྱལ་པོ་བྱས་པའོ། །འདི་ལྟ་སྟེ་ཁྱེད་ཡུན་རིང་པོར་སེམས་ཅན་ཐམས་ཅད་ལ་ཕན་པའི་སེམས་དང་ལྡན་པ། བདེ་བ་དང་བྱམས་པའི་སེམས་དང་ལྡན་པ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བར་བྱ་བའི་ལྷག་པའི་བསམ་པ་ལ་ཞུགས་པ། མི་ཕན་པ་ཐམས་ཅད་འགོག་པ། སེམས་ཅན་ཐམས་ཅད་ལ་བདེ་བ་ཐམས་ཅད་ཉེ་བར་བསྒྲུབ་པར་བརྩོན་པ་ཡིན་ཏེ། རྒྱལ་པོ་ཆེན་པོ་ཁྱེད་བཞིས། མིའི་རྒྱལ་པོ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལ་མཆོད་པ་དང་རིམ་གྲོ་བྱེད་པར་བརྩོན་པ་དེ་དག་ལ་ཀུན་ཏུ་སྲུང་བར་གྱིས་ཤིག་།ཡོངསུ་བསྐྱབ་པ་དང ། ཡོང་སུ་བཟུང་བ་དང ། ཡོངས་སུ་བསྐྱང་བ་དང་ཞི་བ་དང་བདེ་ལེགས་སུ་འགྱུར་བར་གྱིས་ཤིག་།དེ་ན་རྒྱལ་པོ་ཆེན་པོ་དཔུང་དང་གཡོག་དང་གནོད་སྦྱིན་བརྒྱ་སྟོང་ཕྲ་དུ་མ་དང་བཅས་པ་ཁྱེད་བཞིས་འདས་པ་དང་མ་འོངས་པ་དང
97.18b
ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱིས་ཆོས་ཀྱི་ཚུལ་བསྲུངས་པར་འགྱུར་རོ། །ཡོངས་སུ་བསྐྱངས་བ་དང་ཡོངས་སུ་བཟུང་བར་ཡང་འགྱུར་རོ། །དེས་ནས་རྒྱལ་པོ་ཆེན་པོ་དཔུང་དང་གཡོག་དང ། གནོད་སྦྱིན་བརྒྱ་སྟོང་ཕྲག་དུ་མ་དང་བཅས་པ་ཁྱེད་བཞི་ལྷ་དང་ལྷ་མ་ཡིན་དུ་གཡུལ་འགྱེད་པ་ན་རྒྱལ་བར་འགྱུར་རོ། །ལྷ་མ་ཡིན་རྣམས་ཕམ་པར་འགྱུར་རོ། །འདི་ལྟར་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཕ་རོལ་གྱི་དམག་ཚོགས་ཐམས་ཅད་འདུལ་བར་བྱེད་པ་འདིའི་ཕྱིར། དགེ་སློང་ངམ་དགེ་སློང་མ་འམ་དགེ་བསྙེན་ནམ་དགེ་བསྙེན་མ་མདོ་སྡེའི་དབང་པོ་འཛིན་པ། དེ་དག་ལ་ཀུན་ཏུ་བསྲུང་བ་གྱིས་ཤིག་།ཡོངས་སུ་བསྐྱབ་པ་དང་ཡོངས་སུ་བཟུང་བ་དང་ཡོངས་སུ་བསྐྱང་བ་དང་ཞི་བ་དང་བདེ་ལེགས་སུ་འགྱུར་བ་གྱིས་ཤིག་།དེ་ནས་རྒྱལ་པོ་ཆེན་པོ་རྣམས་ཐོས་ཀྱིས་བུ་དང་རྒྱལ་པོ་ཡུལ་འཁོར་བསྲུང་དང ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་རྒྱལ་པོ་ཆེན་པོ་མིག་མི་བཟང་སྟན་ལས་ལངས་ཏེ། གོས་ཕྲག་པ་གཅིག་ཏུ་བགོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་མ་འོངས་པའི་དུས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི། གྲོང་ངམ་གྲོང་ཁྱེར་རམ་གྲོང་རྡལ་ལམ་ལྗོངས་སམ་ཡུལ་འཁོར་རམ་ཕོ་བྲང་འཁོར་གང་དུ་སྤྱོད་པར་འགྱུར་བ་དང ། མིའི་རྒྱལ་པོ་གང་དང་གང་གིས་ཡུལ་དུ་སྤྱོད་པར་འགྱུར་བ་དང ། བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོར་གྱུར་པ་གང་ལ་ལ་ཞིག་ལྷའི་དབང་པོའི་དམ་ཚིག་རྒྱལ་པོའི་བསྟན་བཅོས་འདིས། རྒྱལ་པོ་བགྱིད་ཅིང་རྟག་པར་རྒྱུན་དུ་གསེར་འོད་དམ་པའི་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་ཏམ་རིམ་གྲོར་བགྱིད་དམ་མཆོད་པར་བགྱིད་དམ་དགེ་སློང་ངམ་དགེ་སློང་མ་འམ་དགེ་བསྙེན་ནམ་དགེ་བསྙེན་མ་མདོ་སྡེའི་དབང་པོ་འཛིན་པ་དེ་དག་ལ་ཡང་བསྟི་སྟང
97.19a
བགྱིད་བཙུན་པར་བགྱིད་རིམ་གྲོ་བགྱིད་ཅིང་མཆོད་དེ་རྟག་པར་རྒྱུན་ཏུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཉན་ན། ཆོས་མཉན་པའི་ཆུ་འོའི་ཆུ་ཆོས་བདུད་རྩིའི་ཁུ་བ་འདིས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དང ། གཡོག་རྣམས་དང་གནོད་སྦྱིན་བརྒྱ་སྟོང་ཕྲག་དུ་མའི་ལྷའི་ལུས་འདི་དག་གཟི་བརྗིད་ཆེན་པོ་རྣམས་པར་འཕེལ་བར་འགྱུར། བདག་ཅག་ལ་བརྩོན་འགྲུས་དང་མཐུ་དང་སྟོབས་ཆེན་པོར་ཡང་བགྱིད་པར་འགྱུར། བདག་གི་གཟི་བརྗིད་དང་དཔལ་དང ། ཕུན་སུམ་ཚོགས་པ་ཡང་རྣམས་པར་འཕེལ་བར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ་གནོད་སྦྱིན་བརྒྱ་སྟོང་ཕྲག་དུ་མ་དང་ལུས་བལྟར་མི་གདའ་བར་བགྱིས་ཏེ། ད་ལྟར་དང་མ་འོང་པའི་དུས་ན་གྲོང་ངམ་གྲོང་ཁྱེར་རམ་གྲོང་རྡལ་ལམ་ཡུལ་འཁོར་རམ་ཕོ་བྲང་འཁོར་གང་ན། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་སྤྱོད་པར་འགྱུར་བ་དེ་དག་ཏུ་མཆི་བར་བགྱིའོ། །མིའི་རྒྱལ་པོ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི། རྒྱལ་པོ་འདི་མཉན་པ་དང ། རིམ་གྲོར་བགྱིད་པ་དང་མཆོད་པ་བགྱིད་པ་དེ་དག་ལ་ཀུན་ཏུ་བསྲུངས་བར་བགྱིའོ། །ཡོངས་སུ་བསྐྱབ་པ་དང་ཡོངས་སུ་གཟུང་བ་དང ། ཡོངས་སུ་བསྐྱང་བ་དང་ཆད་པ་སྤང་བ་དང་ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །རྒྱལ་པོའི་ཕོ་བྲང་འཁོར་དེ་དག་དང་ཡུལ་འཁོར་དེ་དག་དང་ཡུལ་དེ་དག་ཀྱང་ཀུན་ཏུ་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱབ་པ་དང་ཡོངས་སུ་བཟུང་བ་དང ། ཡོངས་སུ་བསྐྱང་བ་དང་ཆད་པ་སྤང་བ་དང ། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །ཡུལ་དེ་དག་ཀྱང་འཇིག་པ་དང་གནོད་པ་དང ། འཁྲུག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་བགྱིའོ། །ཕ་རོལ་གྱི་དམག་ཚོག་རྣམས་ཀྱང་སླར་བཟློག་པར་བགྱིའོ། །མིའི་རྒྱལ་པོ་གང་ལ་ལ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི
97.19b
རྒྱལ་པོ་འདི་མཉན་པ་དང་རིམ་གྲོ་བགྱིད་པ་དང ། མཆོད་པ་བགྱིད་པ་དེའི་དགྲ་ཟླ་འདབ་ཉེ་བའི་རྒྱལ་པོ་གཞན་ཞིག་མཆིས་ལ། བཙུན་པ་བཅོམ་ལྡན་འདས་ནམ་དགྲ་ཟླ་འདབ་ཉེ་བའི་རྒྱལ་པོ་དེ་འདི་སྙམ་དུ་བདག་དཔུང་གིས་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་།ཡུལ་དེར་སོང་སྟེ། ཡུལ་དེ་རྣམ་པར་གཞིག་གོ་སྙམ་དུ་སེམས་བསྐྱེད་ན། བཙུན་པ་བཅོམ་ལྡན་འདས་དེའི་ཚེ་དེའི་དུས་ན། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདིའི་གཟི་བརྗིད་ཀྱི་མཐུས་དགྲ་ཟླ་འདབ་ཉེ་བའི་རྒྱལ་པོ་དེ་རྒྱལ་པོ་གཞན་དག་དང་གཡུལ་འགྱེད་པར་འགྱུར། རང་གི་ཡུལ་དུ་ཕྱིན་ན་ཡང ། ཡུལ་འཁྲུག་པར་འགྱུར། རྒྱལ་པོའི་འཁྲུག་པར་འགྱུར། རྒྱལ་པོའི་འཁྲུག་པ་མི་བཟད་པ་ཡང་འབྱུང་བར་འགྱུར། ཡུལ་དུ་གཟའ་དང་ནད་ཀྱང་འབྱུང་བར་འགྱུར། ཡུལ་དུ་བྲེལ་བ་སྣ་ཚོག་བརྒྱ་དག་ཀྱང་འབྱུང་བར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་ནམ་དགྲ་ཟླ་འདབ་ཉེ་བའི་རྒྱལ་པོ་དེ་རང་གི་ཡུལ་དུ་ཕྱིན་པ་ན། གནོད་པ་སྣ་ཚོག་བརྒྱ་དང་བྲེལ་བ་སྣ་ཚོག་བརྒྱ་འདི་ལྟ་བུ་འབྱུང་ངོ ། །བཙུན་པ་བཅོམ་ལྡན་འདས་དགྲ་ཟླ་འདབ་ཉེ་བའི་རྒྱལ་པོ་དེ་ཡན་ལག་བཞི་པའི་དམག་བསོགས་ཏེ། ཕ་རོལ་གྱི་དམག་ཚོག་སུ་མཆི་བའི་སླད་དུ་རང་གིས་ཡུལ་ནས་བྱུང་ཏེ། དཔུང་གི་ཚོགས་ཡན་ལག་བཞི་པ་དང་ལྷན་ཅིག་ཏུ་ཡུལ་དེར་མཆི་འཚལ་བ་དང ། གང་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་གནས་པའི་ཡུལ་དེ་རྣམ་པར་གཞིག་འཚལ་བར་གྱུར་ན། བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ། གནོད་སྦྱིན་བརྒྱ་སྟོང་དུ་མ་དང་ལྡན་ཅིག་ལུས་མི་གདའ་བར་བགྱིས་ཏེ་དེར་མཆི་བར་བགྱིའོ། །ཕ་རོལ་གྱི་དམག་ཚོགས་དེ་ཤུལ་དུ་ཞུག་གསབ་པ་ཀྱང ། དེ་ཉིད་ནས་ལྡོག་པར་བགྱིའོ། །བྲེལ་བ་རྣམ་པ་སྣ་ཚོག་བརྒྱ་དག་ཀྱང་ཉེ་བར་བསྒྲུབ་པར་བགྱིའོ། །བགེགས་ཀྱང་བགྱིའོ། །འདི་ལྟ་སྟེ་ཡུལ་དེར་ཕ་རོལ་དམག་ཚོགས་དེ་མཆི
97.20a
བར་ཡང་མི་ནུས་ན། ཡུལ་གཞིག་པར་བགྱིད་པར་ལྟ་ག་ལ་འགྱུར། དེ་ནས་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་དག་ལ་ལེགས་སོ་ཞེས་བྱ་བ་བྱིན་ཏེ། རྒྱལ་པོ་ཆེན་པོ་དག་ལེགས་སོ་ལེགས་སོ། །རྒྱལ་པོ་ཆེན་པོ་དག་ཁྱེད་ཡང་ལེགས་ཏེ། ཁྱེད་བསྐལ་པ་གྲངས་མེད་པ་བྱེ་བ་ཕྲག་ཁྲིག་བརྒྱ་སྟོང་དུ་ཡང་དག་པར་བསྒྲུབ་ཏེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདིའི་ཕྱིར། མིའི་རྒྱལ་པོ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པ་དང་རིམ་གྲོ་བྱེད་པ་དང་མཆོད་པ་བྱེད་པ་དེ་དག་ལ་ཀུན་ཏུ་བསྲུང་བ་གྱིས་ཤིག་།ཡོངསུ་བསྐྱབ་པ་དང་ཡོངས་སུ་གཟུང་བ་དང་ཡོངས་སུ་བསྐྱང་བ་དང་ཆད་པ་སྤང་བ་དང་ཞི་བ་དང་བདེ་ལེགསུ་འགྱུར་བ་གྱིས་ཤིག་།རྒྱལ་པོའི་ཕོ་བྲང་འཁོར་དེ་དག་དང་གྲོང་ཁྱེར་དེ་དག་དང་ཡུལ་འཁོར་དེ་དག་དང་ཡུལ་དེ་དག་ཀྱང་ཀུན་ཏུ་བསྲུང་ཤིག་།ཡོངས་སུ་བསྐྱབ་པ་དང ། ཡོངས་སུ་གཟུང་བ་དང་ཡོངས་སུ་བསྐྱང་བ་དང་ཆད་པ་སྤང་བ་དང་ཞི་བ་དང་བདེ་ལེགསུ་འགྱུར་བར་གྱིས་ཤིག་།ཡུལ་དེ་དག་ཀྱང་འཇིགས་པ་དང་གནོད་པ་དང་འཁྲུག་པ་ཐམས་ཅད་ལས་ཡོངས་སུ་ཐར་བར་གྱིས་ཤིག་།ཕ་རོལ་གྱི་དམག་ཚོགས་རྣམས་ཀྱང་ཟློག་ཅིག་།འཛམ་བུའི་གླིང་ཐམས་ཅད་ན་གནས་པའི་མིའི་རྒྱལ་པོ་དག་མི་འཐབ་པ་དང་མཚང་མི་འདྲུ་བ་དང་མི་བརྩོད་པ་དང་མི་འགྱེད་པར་བྱ་བ་ལ་སྤྲོ་བར་གྱིས་ཤིག་།རྒྱལ་པོ་ཆེན་པོ་དཔུང་དང་གཡོག་ཏུ་བཅས་པ་ཁྱེད་བཞི་འཛམ་བུའི་གླིང་འདིར་ནམ་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་དེ་དག་ན། རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་དེ་དག་རང་རང་གི་ཡུལ་ལ་མངོན་པར་དགའ་བ་དང ། རྒྱལ་སྲིད་ཀྱི་དབང་ཕྱུག་དེས་མངོན་པར་དགའ་བ་དང ། རང་གི་ནོར་གྱི་ཕུང་པོས་ཕན་ཚུན་རྣམས་པར་མི་འཚེ་བ་དང ། ཕན་ཚུན་རྣམ་པར་འཚེ་བ་མི་བསྐྱེད་པ་དང ། རང་གིས་ཇི་ལྟར་སྔོན་གྱི་ལས་བསག་པས་རྒྱལ་པོ་ཐོབ་པའི་རང་གིས་རྒྱལ་སྲིད་ཀྱི་དབང་ཕྱུག་གིས་དགའ་བ་དང ། ཕན་ཚུན་དུ་ཡུལ་འཇིག་པར་མི་བྱེད
97.20b
པ་དང ། ཡུལ་གཞིག་པའི་ཕྱིར་ཕ་རོལ་གྱི་གནོད་པ་དང ། འཛམ་གླིང་འདིར་གྲོང་ཁྱེར་བརྒྱད་ཁྲི་བཞི་སྟོང་དག་ན་རྒྱལ་པོ་བརྒྱད་ཁྲི་བཞི་སྟོང་དེ་དག་ཕན་ཚུན་དུ་བྱམས་པའི་སེམས་སུ་འགྱུར། བྱམས་པའི་སེམས་དང་ཕན་པའི་སེམས་སུ་འགྱུར་ཏེ། ཕན་ཚུན་དུ་མི་འཐབ་མཚང་མི་འདྲུ་མི་བརྩོད་མི་འགྱེད་པར་རང་རང་གི་ཡུལ་དག་ན་དགའ་བར་འགྱུར་ན། དེའི་ཕྱིར་རྒྱལ་པོ་ཆེན་པོ་དཔུང་དང་གཡོག་ཏུ་བཅས་པ་ཁྱེད་བཞི་འཛམ་བུའི་གླིང་འདི་རྒྱལ་པར་འགྱུར། ལོ་ལེག་པར་འགྱུར་ཉམས་དགའ་བར་འགྱུར། སྐྱེ་བོ་མང་པོ་དང་མིས་གང་བར་འགྱུར། ས་ཡངས་མདངས་ཅན་དུ་འགྱུར། དུས་དང་ཟླ་བ་དང་ཟླ་བ་ཕྱེད་དང་ལོ་ཁྱུད་ཀོར་ཐམས་ཅད་ཀྱང་ཡང་དག་པའི་དུས་དང་ལྡན་པར་འགྱུར། གཟའ་དང་རྒྱུ་སྐར་དང་ཟླ་བ་དང་ཉི་མ་ཡང་ཉིན་མཚན་དུ་ལེག་པར་རྒྱུ་བར་འགྱུར། ཆར་པའི་རྒྱུན་ཡང་ས་ལ་དུས་དུས་སུ་འབབ་པར་འགྱུར། འཛམ་བུའི་གླིང་ཐམས་ཅད་ན་གནས་པའི་སེམས་ཅན་རྣམས་ཀྱང་ནོར་དང་འབྲུ་ཐམས་ཅད་འབྱོར་པར་འགྱུར། ལོང་སྤྱོད་ཆེ་བ་དང་སེར་སྣ་མེད་པར་འགྱུར། སྟོང་བ་དང་ལྡན་པ་འགྱུར། དགེ་བ་བཅུའི་ལས་ཀྱི་ལམ་དང་ལྡན་པར་འགྱུར། ཕལ་ཆེར་བདེ་འགྲོ་མཐོ་རི་ཀྱི་འཇིག་རྟེན་དུ་སྐྱེ་བར་འགྱུར། ལྷའི་ཁང་ཁྱིམ་རྣམ་ཀྱང་ལྷ་དང་ལྷའི་བུ་རྣམ་ཀྱིས་གང་བར་འགྱུརོ། །རྒྱལ་པོ་ཆེན་པོ་དག་གང་ལ་ལ་ཞིག་མིའི་རྒྱལ་པོར་གྱུར་ལ་གསེར་འོད་དམ་པའི་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པར་གྱུར་ཏེ་རིམ་གྲོ་བྱས་མཆོད་པ་བྱས་དགེ་སློང་ངམ་དགེ་སློང་མ་འམ་དགེ་བསྙེན་ནམ་དགེ་བསྙེན་མ་མདོ་སྡེའི་དབང་པོ་འཛིན་པ་དེ་དག་ལ་ཡང་བསྟི་ཏང་བྱེད་བླ་མར་བྱེད་རིམ་གྲོ་བྱེད་ཆོད་པར་བྱེད་ཅིང ། རྒྱལ་པོ་ཆེན་པོ་ཁྱེད་བཞི་དཔུང་དང་གཡོག་ཏུ་བཅས་པ་གནོད་སྦྱིན་སྟོང་ཕྲག་དུ་མ་ལ་སྙིང་བརྩེ་བའི་ཕྱིར་རྟག་པར་རྒྱུན་ཏུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་ན། ཆོས་ཉན་པའི་ཆུའི་ཀླུང་ཆོས་བདུད་ཙིའི་ཁུ་བ་འདི་ཁྱེད་ཅག་གི་ལུས་འདི་དག་ཚིམ་པར་འགྱུར་རོ། །ཁྱེད་ཀྱི་ལྷའི་ལུས་འདི་དག
97.21a
གི་གཟི་ཆེན་པོ་ཡང་རྣམ་པར་འཕེལ་ལོ། །ཁྱེད་ཀྱི་བརྩོན་འགྲུས་དང་མཐུ་དང་སྟོབས་ཀྱང་བསྐྱེད་དོ། །ཁྱེད་ཀྱི་གཟི་བརྗིད་དང་དཔལ་དང་ཕུན་སུམ་ཚོགས་པ་ཡང་རྣམ་པར་འཕེལ་ལོ། །མིའི་རྒྱལ་པོ་དེས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ང་ལ་ཡང་མཆོད་པ་བསམ་གྱིས་མི་ཁྱབ་པ་རྒྱ་ཆེན་པོ་ཡངས་པ་བྱས་པར་འགྱུར་རོ། །མིའི་རྒྱལ་པོ་དེས་འདས་པ་དང་མ་འོངས་པ་དང་ད་ལྟར་བྱུང་བའི་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ལ་ཡང་ཡོ་བྱད་བསམ་གྱིས་མི་ཁྱབ་པ་རྒྱ་ཆེ་བ་ཡངས་པ་ཐམས་ཅད་ཀྱིས་མཆོད་པ་བྱས་པར་འགྱུར་རོ། །དེས་ན་མིའི་རྒྱལ་པོ་དེ་ལ་བསྲུང་བ་ཆེན་པོ་བྱས་པར་འགྱུར་རོ། །དེས་ན་མིའི་རྒྱལ་པོ་དེ་ལ་ཀུན་ཏུ་བསྲུང་བ་དང་ཡོངསུ་བསྐྱབ་པ་དང་ཡོངསུ་གཟུང་བ་དང་ཡོངསུ་བསྐྱང་བ་དང་ཆད་པ་སྤང་བ་དང་ཞི་བ་དང་བདེ་ལེགསུ་འགྱུར་བ་བྱས་པར་འགྱུར་རོ། །བཙུན་མོ་དམ་པ་དང་རྒྱལ་བུ་རྣཾས་དང་བརྒྱལ་བཙུན་མོའི་འཁོར་ཐམས་ཅད་དང་རྒྱལ་པོའི་ཕོ་བྲང་འཁོར་ཐམས་ཅད་ཀྱང་བསྲུང་བ་ཆེན་པོ་བྱས་པར་འགྱུར། ཡོངསུ་བསྐྱབ་པ་དང་ཡོངསུ་གཟུང་བ་དང་ཡོངསུ་བསྐྱང་བ་དང་ཆད་པ་སྤང་བ་དང་ཞི་བ་དང་བདེ་ལེགས་སུ་འགྱུར་བ་བྱས་པར་འགྱུར། རྒྱལ་པོའི་ཕོ་བྲང་འཁོར་ན་གནས་པའི་ལྷ་ཐམས་ཅད་ཀྱང་ཆེས་གཟི་བརྗིད་དང་ལྡན་པ་དང་ཆེས་སྟོབས་དང་ལྡན་པ་དང་བདེ་བ་དང་ཡིད་བདེ་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར། དགའ་བ་སྣ་ཚོགས་མྱོང་བར་འགྱུར། གྲོང་ཁྱེར་དེ་དག་དང་ཡུལ་འཁོར་དེ་དག་ཀྱང་ཀུན་ཏུ་བསྲུངས་བར་འགྱུར། ཡོངསུ་བསྐྱངས་པར་འགྱུར། གནོད་པ་མེད་པར་འགྱུར། དགྲ་མེད་པར་འགྱུར། ཕ་རོལ་གྱི་དམགས་ཚོགས་ཐམས་ཅད་ཀྱིས་མི་རྫི་བ་དང་གནོད་པ་མེད་པ་དང་འཁྲུག་པ་མེད་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་དང་རྒྱལ་པོ་ཆེན
97.21b
པོ་འཕགས་སྐྱེས་པོ་དང་རྒྱལ་པོ་ཆེན་པོ་མིག་མི་བཟང་དང་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་གང་ལ་ལ་ཞིག་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཡང་ཉན་འཚལ་བར་འགྱུར། བདག་ཉིད་ལ་ཡང་བསྲུང་བ་ཆེན་པོ་བགྱིད་འཚལ་བར་འགྱུར། བཙུན་མོ་དམ་པ་དང་རྒྱལ་བུ་རྣམས་དང་རྒྱལ་པོའི་བུ་མོ་རྣམས་དང་བཙུན་མོའི་འཁོར་གྱི་ཚོགས་རྣམས་ལ་ཡང་བསྲུང་བ་ཆེན་པོ་བགྱིད་འཚལ་བར་འགྱུར། རྒྱལ་པོའི་ཕོ་བྲང་འཁོར་དེ་དག་ཐམས་ཅད་ལ་ཡང་ཞི་བ་དང་བདེ་ལེགསུ་འགྱུར་བ་ཆེན་པོ་བསམ་གྱིས་མི་ཁྱབ་པ་མཆོག་ཏུ་ཁྱད་པར་དུ་འཕགས་པ་བླ་ན་མེད་པ་བགྱིད་འཚལ་བར་འགྱུར། ཚེ་འདི་ལ་བདག་གི་རྒྱལ་སྲིད་ཀྱི་དབང་ཕྱུག་ཆེན་པོ་བསམ་གྱིས་མི་ཁྱབ་པ་རྣམ་པར་འཕེལ་བར་བགྱིད་འཚལ་བར་འགྱུར། རྒྱལ་པོ་ཉིད་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མ་མཆིས་པ་ཡོངསུ་འཛིན་འཚལ་བར་འགྱུར། བདག་གི་ཡུལ་ཐམས་ཅད་ཀྱང་ཀུན་ཏུ་བསྲུང་འཚལ་བར་འགྱུར། ཡོངསུ་བསྐྱང་འཚལ་བར་འགྱུར། རང་གི་ཡུལ་ན་གནོད་པ་མ་མཆིས་པ་དང་དགྲ་མ་མཆིས་པ་དང་ཕ་རོལ་གྱི་དམག་ཚོགས་ཀྱིས་མི་རྫི་བ་དང་ནད་འགོ་བ་མ་མཆིས་པ་དང་འཁྲུག་པ་མ་མཆིས་པར་བགྱིད་འཚལ་བར་གྱུར་ན། བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་དེས་གཡེང་བ་མ་མཆིས་པའི་སེམས་དང་གུས་པ་དང་བཅས་པ་དང་རི་མོ་དང་བཅས་པས་གསེར་འོད་དམ་པའི་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་བསྟི་སྟང་དུ་བགྱིས་ཏེ་མཉན་པར་བགྱིའོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་པའི་སླད་དུ། མིའི་རྒྱལ་པོ་དེས་རྒྱལ་པོའི་ཕོ་བྲང་ཁྱད་པར་དུ་འཕགས་པར་མཆིས་བར་བགྱིའོ། །དེར་མཆིས་ནས་ཀྱང་རྒྱལ་པོའི་ཕོ་བྲང་སྤོས་ཆབ་སྣ་ཚོགས་ཀྱིས་ཆག་ཆག་གདབ་ཅིང་མེ་ཏོག་སིལ་མ་སྣ་ཚོགས་དགྲམ་པར་བགྱིའོ། །སྤོས་ཆབ་སྣ་ཚོགས་ཀྱི་ཆག་ཆག་བཏབ་པ་དེར
97.22a
ཆོས་ཀྱི་ཁྲི་མཐོན་པོ་རྒྱན་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པ་བཤམ་པར་བགྱིའོ། །ཕྱོགས་དེར་གདུགས་དང་རྒྱལ་མཚན་དང་བ་དན་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པར་བགྱིའོ། །མིའི་རྒྱལ་པོ་དེས་ལུས་བཀྲུ་བར་བགྱིའོ། །གོས་དྲི་རབ་ཏུ་བདའ་བ་གོས་སར་པ་མཛེས་པ་བགོས་ནས་རྒྱན་སྣ་ཚོགས་ཀྱིས་རྒྱན་པར་བགྱིའོ། །བདག་གི་སྟན་རབ་ཏུ་དམའ་བ་གདིང་བར་བགྱི་སྟེ། སྟན་དེ་ལ་མཆིས་ནས་རྒྱལ་པོའི་རྒྱགས་པས་དྲེགས་པར་མི་བགྱིའོ། །དེར་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་ཆགས་པར་མི་བགྱིའོ། །རྒྱགས་པ་དང་ང་རྒྱལ་དང་དྲེགས་པ་ཐམས་ཅད་རྣམ་པར་སྤངས་པའི་སེམས་ཀྱིས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་པར་བགྱིའོ། །དགེ་སློང་ཆོས་སྨྲ་བ་དེ་ལ་ཡང་སྟོན་པར་འདུ་ཤེས་བསྐྱེད་པར་བགྱིའོ། །མིའི་རྒྱལ་པོ་དེས་དེའི་ཚེ་དེའི་དུས་ན། བཙུན་མོ་དམ་པ་དང་རྒྱལ་བུ་རྣམས་དང་རྒྱལ་པོའི་བུ་མོ་རྣམས་དང་བཙུན་མོའི་འཁོར་གྱི་ཚོགས་རྣམས་ལ་སྡུག་པ་དང་ཕན་པས་བལྟ་བར་བགྱིའོ། །བཙུན་མོ་དམ་པ་དང་རྒྱལ་བུ་རྣམས་དང་རྒྱལ་པོའི་བུ་མོ་རྣམས་ལ་ཚིགས་སྙན་པ་སྨྲ་བར་བགྱིའོ། །བཙུན་མོའི་འཁོར་གྱི་ཚོགས་ཐམས་ཅད་པ་ཚིགས་སྙན་པ་སྨྲ་བར་བགྱིའོ། །ཆོས་ཉན་པའི་མཆོད་པ་རྣམ་པ་སྣ་ཚོགས་སྦྱོར་དུ་སྩལ་བར་བགྱིའོ། །དགའ་བ་བསམ་གྱིས་མི་ཁྱབ་ཅིང་མཚུངས་པ་མ་མཆིས་པས་བདག་ཚིམས་པར་བགྱིའོ། །དགའ་བ་དང་བདེ་བ་བསམ་གྱིས་མི་ཁྱབ་པས་བདེ་བར་བགྱིའོ། །དབང་པོ་བདེ་བར་བགྱིའོ། །བདག་ཉིད་དོན་ཆེན་པོ་ཐོབ་པར་བསམ་པར་བགྱིའོ། །བདག་དགའ་བ་ཆེན་པོས་དགའ་བར་བགྱིའོ། །རབ་ཏུ་དགའ་བ་ཆེན་པོ་བསྐྱེད་ནས་ཆོས་སྨྲ་བ་བསུ་བར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ
97.22b
དག་དེའི་ཚེ་དེའི་དུས་ན་མིའི་རྒྱལ་པོ་དེས་གོས་ཐམས་ཅད་དཀར་པོ་སར་པ་མཛེས་པ་བགོ་བར་བྱའོ། །སྤུད་པ་དང་རྒྱན་སྣ་ཚོགས་ཀྱིས་བདག་ལེགས་པར་རྒྱན་པར་བྱའོ། །གདུགས་དཀར་པོ་ཡང་གཟུང་བར་བྱའོ། །རྒྱལ་པོའི་མཐུ་ཆེན་པོ་དང་རྒྱལ་པོའི་བཀོད་པ་ཆེན་པོས་བཀྲ་ཤིས་ཐ་དད་པ་སྣ་ཚོགས་ཐོགས་ཏེ། རྒྱལ་པོའི་ཕོ་བྲང་དེ་ནས་བྱུང་བ་ཆོས་སྨྲ་བ་བསུ་བའི་ཕྱིར་དེར་འགྲོ་བར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། མིའི་རྒྱལ་པོས་དེར་གོམ་པ་ཇི་སྙེད་བོར་བ་དེ་སྙེད་ཀྱི་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གི་འཁོར་བ་ཕྱིར་བསྙིལ་བར་འགྱུར། དེ་སྙེད་ཀྱི་འཁོར་ལོས་སྒྱུར་བའི་རྒྱལ་རིགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཐོབ་པར་འགྱུར། དེར་གོམ་པ་ཇི་སྙེད་བོར་བ་དེ་སྙེད་དུ་ཚེ་འདི་ལ་རྒྱལ་སྲིད་ཀྱི་དབང་ཕྱུག་ཆེན་པོ་བསམ་གྱིས་མི་ཁྱབ་པ་འཕེལ་བར་འགྱུར། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མར་གནས་ཡངས་ཤིང་རྒྱ་ཆེ་བ་ལྷའི་གཞལ་མེད་ཁང་རིན་པོ་ཆེ་སྣ་བདུན་ལས་བྱས་པ་དག་ཐོབ་པར་འགྱུར། མི་རྣམས་ཀྱི་རྒྱལ་རིགས་ལྷའི་རྒྱ་ཆེ་ཞིང་རྒྱ་ཆེ་བ་བརྒྱ་སྟོང་ཕྲག་དུ་མ་ཐོབ་པར་འགྱུར། སྐྱེ་བ་ཐམས་ཅད་དུ་དབང་ཕྱུག་ཆེན་པོ་ཐོབ་པར་འགྱུར། ཚེ་རིང་བར་འགྱུར། ཡུན་རིང་དུ་འཚོ་བར་འགྱུར། སྤོབས་པ་དང་ལྡན་པར་འགྱུར། ཚིགས་གཟུང་བར་འོས་པར་འགྱུར། གྲགས་པ་དང་ལྡན་པར་འགྱུར། བརྗོད་པ་ཤིན་ཏུ་རྒྱ་ཆེ་བར་འགྱུར། བསྔགས་པར་འོས་པར་འགྱུར། ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ལ་ཕན་པར་འགྱུར། ལྷ་དང་མི་རྣམས་ཀྱི་བདེ་བ་རྒྱ་ཆེ་ཞིང་རྒྱ་ཆེ་བ་ཐོབ་པར་འགྱུར། སྟོབས་ཆེ་བར་འགྱུར། ཚན་པོ་ཆེ་ཆེན་པོའི་སྟོབས་ཀྱི་ཤུག་དང་ལྡན་ཞིང་གཟུག་བཟང་བར་འགྱུར། མཛེས་པ་དང་ལྟ་ན་སྡུག་པ་དང ། ཁ་དོག་བཟང་པོ་རྒྱས་པ་ཆོག་དང་ལྡན་པར་འགྱུར། སྐྱེ་བ་ཐམས་ཅད་དུ་དེ་བཞིན་གཤེགས་པ་དང་ཕྲད་པར་འགྱུར། དགེ་བའི་བཤེས་གཉེན་རྣཾས་རྙེད་པར་འགྱུར། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡོངསུ་གཟུང་བར
97.23a
འགྱུར་ཏེ། རྒྱལ་པོ་ཆེན་པོ་དག་ཡོན་ཏན་གྱི་ཕན་ཡོན་འདི་ལྟ་བུ་དག་མཐོང་ནས། མིའི་རྒྱལ་པོ་དེས་དཔག་ཚད་ཙམ་དུ་ཆོས་སྨྲ་བ་བསུ་བར་བྱ། དཔག་ཚད་བརྒྱ་དང ། དཔག་ཚད་སྟོང་དུ་ཡང་བསུ་བར་བྱ། ཆོས་སྨྲ་བ་དེ་ལ་སྟོན་པར་འདུ་ཤེས་བསྐྱེད་པར་བྱའོ། །འདི་སྙམ་དུ་ཡང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་དེང་བདག་གི་རྒྱལ་པོའི་ཕོ་བྲང་འདིར་འཇུག་པར་འགྱུར་རོ། །དེང་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་བདག་གི་རྒྱལ་པོའི་ཕོ་བྲང་འདིར་བཤོས་གསོལ་བར་འགྱུར་རོ། །དེང་བདག་གིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པའི་ཆོས་འཇིག་རྟེན་ཐམས་ཅད་དང་མི་མཐུན་པ་མཉན་པར་བྱའོ། །དེང་བདགིས་ཆོས་ཉན་པ་འདིས་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱུཾབ་ལས་ཕྱིར་མི་ལྡོག་པར་བྱའོ། །དེང་བདགིས་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་མཉེས་པར་བྱས་པར་འགྱུར་རོ། །དེང་བདགིས་འདས་པ་དང་མ་འོངས་པ་དང ། ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣཾས་ལ་མཆོད་པ་ཆེན་པོ་བསམ་གྱིས་མི་ཁྱབ་པ་ཡང་ཤིང་རྒྱ་ཆེ་བ་བྱས་པར་འགྱུར་རོ། །དེང་བདགིས་སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་ཤིན་ཏུ་རྒྱུན་བཅད་པར་འགྱུར་རོ། །དེང་བདག་གིས་ཚངས་པའི་དབང་པོའི་རྒྱལ་པོ་ཉིད་ཀྱི་ལུས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་འཐོབ་པ་དེ་དག་གི་དགེ་བའི་རྩ་བའི་ས་བོན་བསྐྱེད་པར་འགྱུར་རོ། །དེང་བདགིས་བརྒྱ་བྱིན་ཉིད་ཀྱི་ལུས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུས་མ་ཐོབ་པ་དག་དགེ་བའི་རྩ་བའི་ས་བོན་བསྐྱེད་པར་འགྱུར་རོ། །དེང་བདག་གི་འཁོར་ལོས་སྒྱུར་བའི་རྒྱལ་པོ་ཉིད་ཀྱི་ལུས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་འཐོབ་པ་དག
97.23b
གི་དགེ་བའི་རྩ་བའི་ས་བོན་བསྐྱེད་པར་འགྱུར་རོ། །དེང་བདག་གིས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་འཁོར་བ་ལས་ཡོངསུ་ཐར་བར་བྱས་པར་འགྱུར་རོ། །དེང་བདག་གིས་བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མེད་པ་བླ་ན་མེད་པ་ཡངས་ཤིང་རྒྱ་ཆེ་བ་བསམ་གྱིས་མི་ཁྱབ་ད་ཡོངསུ་བཟུང་བར་འགྱུར། དེང་བདགིས་བཙུན་མོའི་འཁོར་ཀྱི་ཚོགས་ཐམས་ཅད་ལ་བསྲུང་བ་ཆེན་པོ་བྱས་པར་འགྱུར་རོ། །དེང་བདག་གིས་རྒྱལ་པོའི་ཕོ་བྲང་འདིར་ཞི་བ་དང་བདེ་ལེགསུ་འགྱུར་བ་བསམ་གྱིས་མི་ཁྱབ་པ་མཆོག་ཏུ་ཁྱད་པར་དུ་འཕགས་པ་བླ་ན་མེད་པ་བྱས་པར་འགྱུར་རོ། །དེང་བདགིས་ཡུལ་འདི་ཐམས་ཅད་ཀུན་དུ་བསྲུངས་པར་འགྱུརོ། །ཡོངསུ་བསྐྱངས་པ་དང་གནོད་པ་མེད་པ་དང་དགྲ་མེད་པ་དང་ཕ་རོལ་གྱི་དམག་ཚོགས་ཐམས་ཅད་ཀྱིས་མི་རྫི་བ་དང་ནད་འགོ་བ་མེད་པ་དང་འཁྲུག་པ་མེད་པར་འགྱུརོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །རྒྱལ་པོ་ཆེན་པོ་དག་དགེ་སློང་ངམ་དགེ་སློང་མའམ་དགེ་སྙེན་ནམ་དགེ་སྙེན་མ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འཛིན་པ་དག་ལ་མིའི་རྒྱལ་པོ་དེ་དམ་པའི་ཆོས་ལ་གུས་པ་འདི་ལྟ་བུས་བསྟི་སྟང་བྱེད་བླ་མར་བྱེད་རིམ་གྲོ་བྱེད་མཆོད་པ་བྱེད་ཅིང ། རྒྱལ་པོ་ཆེན་པོ་ཁྱེད་བཞི་དཔུང་དང་གཡོག་ཏུ་བཅས་པ་དང ། ལྷའི་ཚོགས་དེ་དག་དང་གནོད་སྦྱིན་བརྒྱ་སྟོང་དུ་མ་དག་ལ་ཤས་ཀྱི་དམ་པ་བྱིན་ན། མིའི་རྒྱལ་པོ་དེ་བསོད་ནས་མངོན་པར་འདུ་བྱེད་པ་དང་དགེ་བ་མངོན་པར་འདུ་བྱེད་པ་དེ་དང་ཚེ་འདིའི་ལུགས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་ཆེན་པོ་ཕྱུག་ཆེན་པོ་བསཾ་གྱིས་མི་ཁྱབ་པ་དེས་རྣཾས་པར་འཕེལ་བར་འགྱུར་རོ། །ཚེ་འདི་ལ་རྒྱལ་པོའི་གཟི་བརྗིད་ཆེན་པོ་བསཾ་གྱིས་མི་ཁྱབ་པ་དང་ལྡན་པར་འགྱུར་རོ། །དཔལ་དང་ཕུན་སུམ་ཚོགས་པ་དང་གཟི་བརྗིད་ཀྱིས་ཀྱང་བརྒྱན་པར་འགྱུར་རོ། །ཕྱིར་རྒོལ་བ་ཐམས་ཅད་དང་དགྲ་ཐམས་ཅད་ཆོས་དང་འཐུན་པས་ཤིན་ཏུ་ཚར་གཅོད་པར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །
97.24a
བཙུན་པ་བཅོམ་ལྡན་འདས་གང་ལ་ལ་ཞིག་མིའི་རྒྱལ་པོར་གྱུར་ལ། དེ་ཆོས་ལ་གུས་པ་དེ་ལྟ་བུས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཉན་ལ་དགེ་སློང་ངམ་དགེ་སློང་མའམ་དགེ་སྙེན་ནམ་དགེ་སྙེན་མ་མདོ་སྡེའི་དབང་པོའི་འཛིན་པ་དེ་དག་ལ་ཡང་བསྟི་སྟང་བགྱིད་བླ་མར་བགྱིད་རིམ་གྲོ་བགྱིད་མཆོད་པ་བགྱིད་ཅིང ། རྒྱལ་པོ་ཆེན་པོ་བདག་ཅག་གིས་སླད་དུ་རྒྱལ་པོའི་ཕོ་བྲང་དེ་ཤིན་ཏུ་དག་པར་ཕྱག་དར་བགྱིད། སྤོས་ཆབ་སྣ་ཚོགས་ཀྱི་ཆག་ཆག་ལེགས་པར་འདེབས་ལ། བདག་ཅག་རྒྱལ་པོ་ཆེན་པོ་བཞི་དང་ལྷན་ཅིག་ཐུན་མོང་དུ་ཆོས་ཉན་པ་དེ་ཉན་ཅིང་བདག་དང་ལྷ་ཐམས་ཅད་ཀྱི་སླད་དུ་དགེ་བའི་རྩ་བར་ཤས་ཅུང་ཟད་ཅིག་སྦྱིན་པ་བགྱིད་ན། བཙུན་པ་བཅོམ་ལྡན་འདས་དགེ་སློང་ཆོས་སྨྲ་བ་དེ་ཆོས་ཀྱི་སྟན་ལ་མཆིས་མ་ཐག་ཏུ་མིའི་རྒྱལ་པོ་དེས་བདག་ཅག་རྒྱལ་པོ་ཆེན་པོ་བཞིའི་དོན་གྱི་སླད་དུ་སྤོས་སྣ་ཚོགས་ཀྱིས་བདུག་པར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་དེ་ལ་མཆོད་པའི་སླད་དུ་བདུག་པས་བདུག་མ་ཐག་ཏུ་སྤོས་སྣ་ཚོགས་རྣམ་ལས་སྤོས་དང་བདུག་པ་སྣ་ཚོགས་ཀྱི་ཁྲི་ཤིང་དག་བྱུང་བར་གྱུར་སྟེ། དེ་དག་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་བདག་ཅག་རྒྱལ་པོ་ཆེན་པོ་བདག་ཅག་བཞིའི་རང་རང་གི་ཁང་པའི་སྟེང་གི་བར་སྣང་ལ་སྤོས་དང་བདུག་པ་སྣ་ཚོགས་ཀྱི་ཁྲི་ཤིང་དག་གི་གདུག་རྣམསུ་གནས་པར་འགྱུར། སྤོས་དྲི་རྒྱ་ཆེན་པོ་ཡང་མནམ་པར་འགྱུར། གསེར་གྱི་ཁ་དོག་ལྟ་བུའི་སྣང་བར་འབྱུང་བར་འགྱུར་ཞིང་སྣ་བ་དེས་བདག་ཅག་གི་ཁང་པ་རྣམས་ཀྱང་སྣང་བ་བགྱིས་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་སྤོས་དང་བདུག་པ་སྣ་ཚོགས་ཀྱི་ཁྲི་ཤིང་དག་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་མི་འཇེད་ཀྱི་བདག་པོ་ཚངས་པ་དང་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང ། ལྷ་མོ་ཆེན་མོ་དབྱངས་ཅན་དང་ལྷ་མོ་ཆེན་མོ་བརྟན་མ་དང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་དང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང ། ལྷའི་བུ་དབང་ཕྱུག་ཆེན་པོ་དང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟང་དང་འཕྲོག་མའི་བུ་ལྔ་བརྒྱའི་འཁོར
97.24b
དང་ལྡན་པ་དང་ཀླུའི་རྒྱལ་པོ་ཆེན་པོ་མ་དྲོས་པ་དང་ཀླུའི་རྒྱལ་པོ་ཆེན་པོ་རྒྱ་མཚོ་དང་དེ་དག་གིས་རང་རང་གི་ཁང་པའི་སྟེང་གི་བར་སྣང་ལ་བྱུང་སྟེ་སྤོས་དང་གདུག་པ་སྣ་ཚོགས་ཀྱི་ཁྲི་ཤིང་གི་གདུགས་རྣམསུ་གནས་པར་འགྱུར། སྤོས་དྲི་སྣ་ཚོགས་རྒྱ་ཆེན་པོ་ཡང་མནཾ་པར་འགྱུར། ཁང་པ་རྣཾས་ཀྱི་ནང་དུ་གསེར་དུ་སྣ་བ་འབྱུང་བར་འགྱུར་ཞིང་སྣང་བ་དེས་གནས་ཐཾད་སྣང་བགྱི་པར་འགྱུརོ། །དེ་སྐད་ཅེས་གསོལ་པ་དང་བཅྡོཾས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ་དག་རྒྱལ་པོ་ཆེན་པོ་ཁྱེད་བཞིའི་རང་གི་ཁང་པ་རྣཾས་ཀྱི་སྟེང་གི་བར་སྣ་ལ་སྤོས་དང་གདུག་པ་སྣ་ཚོགས་ཀྱི་ཁྲི་ཤིང་དེ་དག་གདུགས་རྣཾསུ་གནས་པར་མ་ཟད་དོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཆེན་པོ་དག་མིའི་རྒྱལ་པོ་དེས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལ་མཆོད་པའི་ཕྱིར། སྤོས་སྣ་ཚོགས་དེ་དག་གིས་བདུགས་མ་ཐག་ཏུ་ལག་ན་སྤོས་སྣོད་གཅིག་ཐོགས་པ་དེ་ལས་སྤོས་དང་བདུག་པ་སྣ་ཚོགས་ཀྱི་ཁྲི་ཤིང་རྣམས་འབྱུང་བར་འགྱུར་ཏེ། དེ་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁཾས་འདི་ཐམས་ཅད་ན་གང་ན་ཟླ་བ་བྱེ་བ་ཕྲག་བརྒྱ་དང་ཉི་མ་བྱེ་བ་ཕྲག་བརྒྱ་དང ། རྒྱ་མཚོ་ཆེན་པོ་བྱེ་བ་ཕྲག་རྒྱ་དང་རིའི་རྒྱལ་པོ་རི་རབ་བྱེ་བ་ཕྲག་རྒྱ་དང་རིའི་རྒྱལ་པོ་འཁོར་ཡུག་དང་འཁོར་ཡུག་ཆེན་པོ་བྱེ་བ་ཕྲག་བརྒྱ་དང་གླིང་བཞི་པ་ཆེན་པོའི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་རྒྱ་དང་རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་བྱེ་བ་ཕྲག་བརྒྱ་དང་སུམ་བཅུ་རྩ་གསུམ་བྱེ་བ་ཕྲག་བརྒྱ་ནས་འདུ་ཤེས་མེད་འདུ་ཤེས་མེད་མིན་དུ་ཉེ་བར་སོང་བའི་བར་གྱི་ལྷ་བྱེ་བ་ཕྲག་བརྒྱ་དང ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁཾས་དེ་དག་ཐམས་ཅད་དུ་སུམ་བཅུ་རྩ་གསུམ་གྱི་ལྷའི་རིས་བྱེ་བ་ཕྲག་བརྒྱ་པོ་ཐམས་ཅད་ན་ལྷ་དང་ཀླུ་དང་གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང་ནཾཁའ་ལྡིང་དང་མིའཾ་ཅི་དང་ལྟོ་ཕྱེ་ཆེན་པོའི་ཚོགས་རྣཾས་ཀྱི་རང་རང་གི་ཁཾ་པ་དག་གི་སྟེང་གི་བར་སྣང་ལ་སྤོས་དང་བདུག་པ་སྣ
97.25a
ཚོགས་ཀྱི་འཁྲི་ཤིང་དེ་དག་གདུགས་རྣམསུ་གནས་པར་འགྱུར། སྤོས་དྲི་རྒྱ་ཆེན་པོ་ཡང་མནམ་པར་འགྱུར། ལྷའི་ཁང་པ་རྣམསུ་གསེར་གྱི་ཁ་དོག་ལྟ་བུའི་སྣང་བ་ཡང་འབྱུང་བར་འགྱུར་ཞིང་སྣང་བ་དེས་ཀྱང་ལྷའི་ཁང་པ་རྣམས་སྣང་བ་བྱས་པར་འགྱུརོ། །རྒྱལ་པོ་ཆེན་པོ་དག་འདི་ལྟར་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ན་ལྷའི་ཁང་པ་ཐམས་ཅད་ཀྱི་སྟེང་གི་བར་སྣང་ལ་སྤོས་དང་བདུག་པའི་འཁྲི་ཤིང་དེ་དག་གདུགས་རྣཾསུ་གནས་པ་དེ་བཞིན་དུ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལ་མཆོད་པའི་ཕྱིར་མིའི་རྒྱལ་པོ་དེས་སྤོས་སྣ་ཚོགས་དེ་དག་གིས་བདུགས་མ་ཐག་ཏུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདིའི་གཟི་བརྗིད་ཀྱི་མཐུ་སྤོས་དང་བདུགསཔ་སྣ་ཚོགས་ཀྱི་ཁྲི་ཤིང་དག་འབྱུང་བར་འགྱུར་ཏེ། དེ་དག་སྐད་ཅིག་ཐང་ཅིག་ཡུད་ཙམ་དེ་ལ་ཀུན་ཏུ་ཕྱོགས་བཅུའི་འཇིག་རྟེན་གྱི་ཁཾས་དུ་མ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་རྣཾསུ། དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་གི་སྟེང་གི་བར་སྣང་ལ་སྤོས་དང་བདུག་པ་སྣ་ཚོགས་ཀྱི་འཁྲི་ཤིང་གིས་བདུགས་རྣཾསུ་གནས་པར་འགྱུར། དེ་དག་ཀྱང་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ལ་སྤོས་དང་བདུག་པ་སྣ་ཚོགས་རྒྱ་ཆེ་ཞིང་རྒྱ་ཆེ་བ་མནམ་པར་འགྱུར། གསེར་གྱི་ཁ་དོག་ལྟ་བུའི་སྣང་བ་འབྱུང་བར་འགྱུར་ཞིང་སྣ་བ་དེས་ཀྱང་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་སྟོང་ཕྲག་དུ་མ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་སྣང་བ་བྱས་པར་འགྱུརོ། །རྒྱལ་པོ་ཆེན་པོ་དག་ཆོས་འཕྲུལ་དེ་ལྟ་བུ་དེ་དག་བྱུང་མ་ཐག་ཏུ་དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་ཕྲག་དུ་མ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ཆོས་སྨྲ་བ་དེ་ལ་དགོངས་པར་འགྱུར་སྐྱེས་བུ་དཾ་པ་ལེགས་སོ་ལེགསོ། །སྐྱེས་བུ་དཾ་པ་ཁྱོད་གསེར་འོད་དཾ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཚུལ་འདི་ལྟ་བུ་ཟབ་མོར་སྣང་བ་འདི་ལྟ་བུ་ཡོན་ཏན་བསཾ་གྱི་མི་ཁྱབ་པ་དང་ལྡན་པ
97.25b
དང་འདི་ལྟ་བུ་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་འཆད་པར་འདོད་པ་ཁྱོད་ཡང་ལེགསོ་ལེགསོ་ཞེས་བྱ་བའི་སྦྱིན་པར་འགྱུར་རོ། །སུ་ཐ་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པའི་སེམས་ཅན་དེ་དག་ཀྱང་དགེ་བའི་རྩ་བ་ངན་ངོན་དང་ལྡན་པར་མི་འགྱུར་ན། གང་དག་འཛིན་པ་དང་འཆང་བ་དང་འཆད་པ་དང་ཀློག་པ་དང་ཀུན་ཆུབ་པར་བྱེད་པ་དང་འཁོར་ལ་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པ་ལྟ་སྨོས་ཀྱང་ཅི་དགོས། དེ་ཅིའི་ཕྱིར་ཞེ་ན། སྐྱེས་བུ་དམ་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཐོས་མ་ཐག་ཏུ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བའི་ཕྱིར་རོ། །འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། བམ་པོ་གསུམ་པ། དེ་ནས་ཕྱོགས་བཅུ་ཀུན་ཏུ་སངས་རྒྱས་ཀྱི་ཞིང་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་གང་གཱའི་ཀླུང་གི་བྱེ་མ་སྙེད་དག་ན། དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་རང་རང་གི་སངས་རྒྱས་ཀྱི་ཞིང་ན་བཞུགས་པ་དག་གིས་དེའི་ཚེ་དེའི་དུ་ན་ཚིག་ཅིག་དང་ངག་ཅིག་དང་སྒྲ་སྐད་གཅིག་གིས་དགེ་སློང་ཆོས་སྨྲ་བ་ཆོས་ཀྱི་སྟན་ལ་འདུག་པ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སྐྱེས་བུ་དམ་པ་ཁྱོད་མ་འོངས་པའི་དུ་ན་བྱང་ཆུབ་ཀྱི་སྙིང་པོར་འགྲོ་བར་འགྱུར། སྐྱེས་བུ་དཾ་པ་ཁྱོད་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་སོང་སྟེ། ཤིང་གི་རྒྱལ་པོའི་དྲུང་དུ་འདུག་ནས་འཇིག་རྟེན་གསུཾ་པོ་ཐཾད་ལས་ཁྱད་པར་དུ་འཕགས་པ། སེམས་ཅན་ཐཾད་ལས་རབ་ཏུ་འདས་པའི་བརྟུལ་ཞུགས་དང་དཀའ་ཐུབ་སྤྱོད་པའི་སྟོབས་སྐྱེད་པའི་བྱིན་གྱི་བརླབས་དཀའ་བ་སྤྱོད་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་སྟོན་པར་འགྱུར། སྐྱེས་བུ་དཾ་པ་ཁྱོད་བྱང་ཆུབ་ཀྱི་སྙིང་པོ་ལེགས་པར་བརྒྱན་པར་བྱེད་པར་འགྱུར། སྐྱེས་བུ་དཾ་པ་ཁྱོད་སྟོང་གསུཾ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁཾས་ཐཾད་ཡོངསུ་སྐྱོབ་པར་འགྱུར། སྐྱེས་བུ་དཾ་པ་ཁྱོད་ཤིང་གི་རྒྱལ་པོའི་དྲུང་དུ་འདུག་སྟེ་བདུད་ཀྱི
97.26a
སྡེ་བསམ་གྱིས་མི་ཁྱབ་པ་གཟུགས་རབ་ཏུ་འཇིགས་འཇིགས་ལྟར་འདུག་པ་མི་སྡུག་པ་སྟོན་པ། གཟུགས་མི་སྡུག་པ་སྣ་ཚོགས་དག་ལས་རྒྱལ་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་བྱང་ཆུབ་ཀྱི་སྙིང་པོ་མཆོག་དམ་པར་སོང་སྟེ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དཔེ་མེད་པ་རབ་ཏུ་ཞི་བ་རྡུལ་དང་བྲལ་བ་ཟབ་མོ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་རྡོ་རྗེའི་གདན་སྙིང་པོ་བརྟན་པ་ལ་འདུག་སྟེ། ཆོས་ཀྱི་འཁོར་ལོ་རྒྱལ་བ་ཐམས་ཅད་ཀྱིས་མངོན་པར་བསྟོད་པ། མཆོག་ཏུ་ཟབ་པ་བླ་ན་མེད་པ་རྣམ་པ་བཅུ་གཉིས་རབ་ཏུ་བསྐོར་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་ཆོས་ཀྱི་རྔ་ཆེན་པོ་བླ་ན་མེད་པ་རྡུང་བར་འགྱུར་སྐྱེས་བུ་དམ་པ་ཁྱོད་ཆོས་ཀྱི་དུང་བླ་ན་མེད་པ་འབུད་པར་འགྱུར། སྐྱེས་བུ་དམ་པ་ཁྱོད་ཆོས་ཀྱི་རྒྱལ་མཚན་ཆེན་པོ་བསྒྲེང་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་ཆོས་ཀྱི་སྒྲོན་མ་བླ་ན་མེད་པ་འབར་བར་བྱེད་པར་འགྱུར། སྐྱེས་བུ་དམ་པ་ཁྱོད་ཆོས་ཀྱི་ཆར་བླ་ན་མེད་པ་འདེབས་པར་འགྱུར། སྐྱེས་བུ་དམ་པ་ཁྱོད་ཉོན་མོངས་པའི་དགྲ་སྟོང་ཕྲག་དུ་མ་ལས་རྒྱལ་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ཤིན་ཏུ་འཇིགསུ་རུང་བ་འཇིགས་པ་ཆེན་པོའི་རྒྱ་མཚོ་ལས་སྒྲོལ་བར་འགྱུར། སྐྱེས་བུ་དམ་པ་ཁྱོད་སེམས་ཅན་བྱེ་བ་ཁྲག་ཁྲིག་རྒྱ་སྟོང་ཕྲག་དུ་མ་དག་འཁོར་བའི་འཁོར་ལོ་ལས་ཡོངསུ་ཐར་བར་བྱེད་པར་འགྱུར། སྐྱེས་བུ་དམ་པ་ཁྱོད་སངས་རྒྱས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་མཉེན་པར་བྱེད་པར་འགྱུརོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་རྒྱལ་པོ་ཆེན་པོ་བཞི་པོ་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོའི་ཡོན་ཏན་ཚེ་འདི་དང་མ་འོངས་པ་ན་འབྱུང་བ་འདི་ལྟ་བུ་འདི་དག་མཐོང་བ་སངས་རྒྱས་སྟོང་ཕྲག་བརྒྱ་ལ་དགེ་བའི་རྩ་བ་བསྐྱེད་པ། བསོད་ནམས
97.26b
ཀྱི་ཕུང་པོ་དཔག་ཏུ་མ་མཆིས་པ་ཡོངསུ་འཛིན་པར་མཐོང་ནས་སྙིང་བརྩེ་བའི་སླད་དུ་བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ་དང ། གནོད་སྦྱིན་བརྒྱ་སྟོང་ཕྲག་དུ་མ་རང་རང་གི་ཁང་པ་ན་མཆིས་པ་དག་སྤོས་དང་བདུག་པ་སྣ་ཚོགས་ཀྱི་ཁྲི་ཤིང་དག་གི་གདུགས་ཀྱི་བསྐུལ་མ་ཐག་ཏུ་ལུས་མི་གདའ་བར་བགྱིས་ཏེ། མིའི་རྒྱལ་པོ་དེ་ཁང་པ་བརྩེགས་པ་ཕྱག་དར་མ་མཆིས་པ་ལེགས་པར་ཕྱག་དར་བགྱིས་པ་སྤོས་ཆབ་སྣ་ཚོགས་ཀྱི་ཆག་ཆག་ལེགས་པར་བཏབ་པ། རྒྱན་སྣ་ཚོགས་ཀྱི་ལེགས་པར་བརྒྱན་པའི་རྒྱལ་པོའི་ཕོ་བྲང་ག་ལ་བ་དེར་ཆོས་མཉན་པའི་སླད་དུ་མཆི་བར་བགྱིའོ། །མི་འཇེད་ཀྱི་བདག་པོ་ཚངས་པ་དང་ལྷ་རྣམས་ཀྱི་དབང་པོ་བརྒྱ་བྱིན་དང་ལྷ་མོ་ཆེན་མོ་དབྱངས་ཅན་དང ། ལྷ་མོ་ཆེན་མོ་དཔལ་དང་སའི་ལྷ་མོ་བརྟན་མ་དང་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་དང ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང ། ལྷའི་བུ་དབང་ཕྱུག་ཆེན་པོ་དང ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ནོར་བུ་བཟུང་དང ། འཕྲོག་མའི་བུ་ལྔ་བརྒྱའི་འཁོར་ཅན་དང ། ཀླུའི་རྒྱལ་པོ་མ་དྲོས་པ་དང་ཀླུའི་རྒྱལ་པོ་རྒྱ་མཚོ་དང་ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་ལུས་མི་གདའ་བར་བགྱིས་ཏེ། མིའི་རྒྱལ་པོ་དེའི་ཕོ་བྲང་རྒྱན་སྣ་ཚོགས་ཀྱི་བརྒྱན་པ་དེ་ག་ལ་བ་དང ། ཆོས་སྨྲ་བ་དེའི་ཆོས་ཀྱི་ཁྲི་མཐོན་པོ་བརྒྱན་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པ། མེ་ཏོག་བཀྲམ་པའི་ས་ལ་བཤམས་པར་འགྱུར་བ་ག་ལ་བ་དེར་ཆོས་མཉན་པའི་སླད་དུ་མཆི་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ། གནོད་སྦྱིན་བརྒྱ་སྟོང་ཕྲག་དུ་མ་དེ་དག་ཐམས་ཅད་འཐུན་པར་བགྱིས་ཏེ་མིའི་རྒྱལ་པོ་དགེ་བའི་གྲོག་བགྱིད་པ་དགེ་བ་འཐོབ་པར་བགྱིད་པ་བླ་ན་མེད་པ་ཆོས་ཀྱི་སྦྱིན་པ་ཆེན་སྦྱིན་པ་དེ་ལ། ཆོས་བདུད་རྩིའི་ཁུ་བ་འདིས་ཚིམ་པར་གྱུར་མ་ཐག་ཏུ། མིའི་རྒྱལ་པོ་དེ་ལ་ཀུན་ཏུ་བསྲུང་བར་འགྱུར། །
97.27a
ཡོངསུ་བསྐྱབ་པ་དང་ཡོངསུ་གཟུང་བ་དང་ཡོངསུ་བསྐྱང་བ་དང་ཞི་བ་དང་བདེ་ལེགསུ་འགྱུར་བགྱིའོ། །རྒྱལ་པོའི་ཕོ་བྲང་དེ་དང་གྲོང་ཁྱེར་དེ་དང་ཡུལ་དེ་ཡང་ཀུན་ཏུ་བསྲུང་བར་བགྱིའོ། །ཡོངསུ་བསྐྱབ་པ་དང་ཡོངསུ་གཟུང་བ་དང་ཡོངསུ་བསྐྱང་བ་དང་ཞི་བ་དང་བདེ་ལེགསུ་འགྱུར་བར་བགྱིའོ། །ཆད་པ་སྤང་བར་ཡང་བགྱིའོ། །ཡུལ་དེ་ཡང་འཇིགས་པ་དང་གནོད་པ་དང་ནད་འགོ་བ་དང་འཁྲུག་པ་ཐཾད་ལས་ཡོངསུ་ཐར་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་གང་ལ་ལ་ཞིག་མིའི་རྒྱལ་པོར་གྱུར་ཏེ་མིའི་རྒྱལ་པོ་དེའི་ཡུལ་དུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་བྱུང་ལ། བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་དེ་དགེ་སློང་དང་དགེ་སློང་མའཾ་དགེ་སྙེན་ནཾ་དགེ་སྙེན་མ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཛིན་པ་དག་ལ་བསྟི་སྟང་མི་བགྱིད་བླ་མར་མི་བགྱིད་རིམ་གྲོ་མི་བགྱིད་མཆོད་པ་མི་བགྱིད་ན། བདག་ཅག་རྒྱལ་པོ་ཆེན་པོ་བཞི་དང་གནོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ཆོས་ཉན་པ་འདི་དང་ཆོས་བདུད་རྩིའི་ཁུ་བ་འདི་ཚིམ་པར་མི་བགྱིད་རིམ་གྲོ་མི་བགྱིད་ལྷའི་ལུས་འདི་དག་གི་གཟི་ཡང་རྣམ་པར་འཕེལ་བར་མི་བགྱིད། བདག་ཅག་གི་བརྩོན་འགྲུས་དང་མཐུ་དང་སྟོབས་ཀྱང་མི་བསྐྱེད། བདག་ཅག་གི་ལུས་ལ་གཟི་བརྗིད་དང་དཔལ་དང་ཕུན་སུམ་ཚོགས་པ་ཡང་རྣམ་པར་འཕེལ་བར་མི་བགྱིད་དོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ་དང ། གནོད་སྦྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་གིས་ཡུལ་དེ་ཡལ་བར་དོར་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་གི་ཡུལ་དེ་ཡལ་བར་བོར་ན་ཡུལ་ན་གནས་པའི་ལྷའི་ཚོགས་ཐཾད་ཀྱིས་ཀྱང་ཡུལ་དེ་ཡལ་བར་འདོར་བར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་ལྷ་རྣམས་ཀྱི་ཡུལ་དེ་ཡལ་བར་བོར་ན་ཡུལ་དེར་ཡུལ་རྣམ་པར་འཁྲུག་པ་སྣ་ཚོགས་འབྱུང་བར་འགྱུར། རྒྱལ་པོའི་འཁྲུག་པ་མི་བཟད་པ་དག་འབྱུང་བར་འགྱུར། ཡུལ་ན་གནས་པའི་སེཾན་ཐཾད་ཀྱང་འཐབ་པ་སྐྱེ་བ་དང་མཚང་འདྲུ་བ་སྐྱེ་བ
97.27b
དང་རྩོད་པ་སྐྱེ་བར་འགྱུར། རྫོགས་པ་དང་འགྱེད་པར་འགྱུར་བ་དང་གཟའ་དང་ནད་རྣམ་པ་སྣ་ཚོགས་ཡུལ་དུ་འབྱུང་བར་འགྱུར། ཕྱོགས་ཐ་དད་པ་ནས་སྐར་མདའ་ལྟུང་བར་འགྱུར། གཟའ་དང་རྒྱུ་སྐར་རྣམས་ཀྱང་ཕན་ཚུན་མི་འཐུན་པར་གདའ་བར་འགྱུར། དགུང་ཟླ་འཆར་བ་ན་ཉི་མ་ལྟ་བུར་གདའ་བར་འགྱུར། ཟླ་བའི་གཟའ་དང་ཉི་མའི་གཟའ་འབྱུང་བར་འགྱུར། ཉི་མ་དང་ཟླ་བ་ནམཁའ་ལ་གནས་པ་ཡང་རྟག་པར་རྒྱུན་དུ་སྒྲ་གཅན་གྱི་གནོད་པ་དང་ལྡན་པར་འགྱུར། དུས་དུས་སུ་ནམཁའ་ལ་འཇའི་ཁ་དོག་ལྟ་བུ་འཁྱིལ་བར་འགྱུར། ས་ཡང་གཡོ་བར་འགྱུར། ས་ལ་གནས་པའི་ཁྲོན་པ་ཡང་སྒྲ་འབྱིན་པར་གྲག་པར་འགྱུར། ཡུལ་དུ་རླུང་དྲག་པོ་ལྡང་བར་འགྱུར། ཆར་དྲག་པོ་འབབ་པར་འགྱུར། ཡུལ་དུ་མུ་གེའི་དགོན་པ་འབྱུང་བར་འགྱུར། ཕ་རོལ་གྱི་དམག་ཚོགས་ཀྱིས་ཡུལ་འཇོམ་པར་འགྱུར། ཡུལ་དེ་ཕུང་བར་འགྱུར། སེམས་ཅན་དེ་དག་ཀྱང་ཉོན་མོངས་པ་མངས་བར་འགྱུར། ཡུལ་དེ་ཉམས་མི་དགའ་བར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ་དང་གནོད་སྦྱིན་རྒྱ་སྟོང་ཕྲག་དུ་མ་དང་ཡུལ་ན་གནས་པའི་ལྷ་དང་ཀླུ་རྣམས་ཀྱིས་ཡུལ་དེ་ཡལ་བར་བོར་ན། ཡུལ་དེར་འདི་ལྟ་བུའི་གནོད་པ་རྣམ་པ་སྣ་ཚོགས་བརྒྱ་དང་གནོད་པ་སྣ་ཚོགས་སྟོང་འབྱུང་བར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་གང་ལ་ལ་ཞིག་མིའི་རྒྱལ་པོར་གྱུར་ལ། དེ་བདག་ཉིད་ལ་ཀུན་ཏུ་བསྲུང་བ་ཆེན་པོ་བགྱིད་འཚལ་བར་འགྱུར། རྒྱལ་པོའི་བདེ་བ་སྣ་ཚོགས་ཡུན་རིང་པོར་མྱོང་བར་འཚལ་བར་འགྱུར། བདེ་བ་ཐམས་ཅད་བསྟབས་པའི་སེམས་ཀྱིས་རྒྱལ་པོ་ཉིད་བགྱིད་འཚལ་བར་འགྱུར། ཡུལ་ན་གནས་པའི་སེམས་ཅན་ཐམས་ཅད་བདེ་བར་བགྱིད་འཚལ་བར་འགྱུར། ཕ་རོལ་གྱིས་དམགས་ཚོགས་ཐམས་ཅད་ཕམ་པར་བགྱིད་འཚལ་བར་འགྱུར། ཡུལ་ཐམས་ཅད་ཡུན་རིང་དུ་ཡོངསུ
97.28a
སྐྱོང་འཚལ་བར་འགྱུར། ཆོས་ཀྱི་རྒྱལ་པོ་ཉིད་བགྱིད་འཚིལ་བར་འགྱུར། རང་གི་ཡུལ་ཡང་འཇིགས་པ་དང་གནོད་པ་དང་ནད་འགོ་བ་དང་འཁྲུག་པ་ཐམས་ཅད་ལས་ཡོངསུ་ཐར་བར་བགྱིད་འཚལ་བར་འགྱུར་ན། བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་དེས་གདོན་མི་འཚལ་བར་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་པར་བགྱི་དགེ་སློང་ངམ་དགེ་སློང་མའཾ་དགེ་སྙེན་ནམ་དགེ་སྙེན་མ་མདོ་སྡེའི་དབང་པོའི་རྒྱལ་པོ་འཛིན་པ་དེ་དག་ལ་ཡང་བསྟི་སྟང་བགྱི། བླ་མར་བགྱི་རིམ་གྲོ་བགྱི་མཆོད་པ་བགྱི་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ་རྣཾས་ཀྱང་ཆོས་མཉན་པའི་དགེ་བའི་རྩ་བ་བསགས་པ་འདི་དང་ཆོས་བདུད་རྩིའི་ཁུ་བ་འདི་ཚིམ་པར་བགྱི། བདག་ཅག་གི་ལྷའི་ལུས་འདི་དག་གི་གཟི་ཆེན་པོ་ཡང་རྣམ་པར་འཕེལ་བར་བགྱིའོ། །དེ་ཅིའི་ཕྱིར་ཞེ་ན། བཙུན་པ་བཅོམ་ལྡན་འདས་མིའི་རྒྱལ་པོ་དེས་གདོན་མི་འཚལ་བར་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་པར་བགྱི་སྟེ། བཙུན་པ་བཅོམ་ལྡན་འདས་ཚངས་པའི་དབང་པོས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་རྣམ་པ་སྣ་ཚོགས་ཇི་སྙེད་བསྟན་པ་དག་དང ། ལྷའི་དབང་པོ་བརྒྱ་བྱིན་གྱིས་བསྟན་བཅོས་རྣམ་པ་སྣ་ཚོགས་ཇི་སྙེད་སྟན་པ་དག་དང ། དྲང་སྲོང་མངོན་པར་ཤེས་པ་ལྔ་ཅན་རྣམ་པ་སྣ་ཚོགས་དག་གིས་སེམས་ཅན་དག་གི་དོན་གྱི་སླད་དུ་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པའི་བསྟན་བཅོས་རྣམ་པ་སྣ་ཚོགས་ཇི་སྙེད་བསྟན་པ་དག་པས་ཆེས་མཆོག་ཆེས་ཁྱད་པར་དུ་འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ནི། བཙུན་པ་བཅྡོཾས་ཚངས་པའི་དབང་པོ་བརྒྱ་ཕྲག་སྟོང་དེ་དག་དང་རྒྱ་བྱིན་བྱེ་བ་ཁྲག་ཁྲིག་རྒྱ་སྟོང་ཕྲག་དུ་མ་དང་དྲང་སྲོང་མངོན་པར་ཤེས་པ་ལྔ་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་ཐཾད་པས་ཆེས་མཆོག
97.28b
ཆེས་ཁྱད་པར་དུ་འཕགས་པའི་དེ་བཞིན་གཤེགས་པས་སེམས་ཅན་རྣམས་ཀྱི་དོན་གྱི་སླད་དུ་རྒྱ་ཆེར་ཡང་དག་པར་བཤད་པ་ལགསོ། །ཇི་ལྟར་འཛམ་བུའི་གླིང་ཐམས་ཅད་ན་གནས་པའི་མིང་རྣམས་ཀྱི་རྒྱལ་པོས་རྒྱལ་པོ་ཉིད་བགྱི་བ་དང ། ཇི་ལྟར་སེཾན་ཐཾད་བདེ་བར་འགྱུར་བ་དང ། ཇི་ལྟར་རང་གི་ཡུལ་ཀུན་ཏུ་བསྲུང་བར་འགྱུར་བ་དང་ཡོངསུ་བསྐྱངས་བར་འགྱུར་བ་དང ། ཇི་ལྟར་ཡུལ་ཐམས་ཅད་ན་གནོད་པ་དང་དགྲ་མ་མཆིས་པར་འགྱུར་བ་དང ། ཇི་ལྟར་ཕ་རོལ་གྱི་དམག་ཚོགས་རྣམས་ཕམ་སྟེ་ཕྱིར་ཕྱོགས་པར་འགྱུར་བ་དང ། ཇི་ལྟར་ཡུལ་དེ་དག་ན་ནད་འགོ་བ་མ་མཆིས་ཤིང་འཁྲུག་པ་མ་མཆིས་པར་འགྱུར་བ་དང ། ཇི་ལྟར་ཡུལ་ཐཾད་ཆོས་ཀྱིས་འཁྲུག་པ་མ་མཆིས་ཤིང་མི་རྫི་བར་འགྱུར་བ་དང ། ཇི་ལྟར་མིའི་རྒྱལ་པོ་དེ་དག་གིས་རང་རང་གིས་ཡུལ་རྣམསུ་ཆོས་ཀྱི་སྒྲོན་མ་ཆེན་པོ་འབར་བར་བགྱིས་ཤིང་སྣང་བར་བགྱིས་པར་འགྱུར་བ་དང ། ཇི་ལྟར་ལྷའི་ཁང་ཁྱིམ་ཐཾད་ལྷ་དག་དང་ལྷའི་བུ་རྣམས་ཀྱིས་གང་བར་འགྱུར་བ་དང ། ཇི་ལྟར་བདག་ཅག་རྒྱལ་པོ་ཆེན་པོ་བཞི་དཔུང་དང་གཡོག་ཏུ་བཅས་པ་དང་གནོད་སྦྱིན་བརྒྱ་སྟོང་ཕྲག་དུ་མ་དང་འཛམ་བུའི་གླིང་ན་གནས་པའི་ལྷའི་ཚོགས་ཐམས་ཅད་ཚིམ་པ་དང་རིམ་གྲོ་བགྱིད་པར་འགྱུར་བ་དང ། ཇི་ལྟར་བདག་ཅག་གི་ལྷའི་ལུས་འདི་དག་གཟི་བརྗིད་ཆེན་པོ་རྣམ་པར་འཕེལ་བར་འགྱུར་བ་དང ། ཇི་ལྟར་བདག་ཅག་གིས་ལུས་ལ་བརྩོན་འགྲུས་དང་སྟོབས་དང་མཐུ་ཆེན་པོ་བསྐྱེད་པར་འགྱུར་བ་དང ། ཇི་ལྟར་བདག་ཅག་གི་ལུས་ལ་གཟི་བརྗིད་དང་དཔལ་དང་ཕུན་སུམ་ཚོགས་པ་རབ་ཏུ་འཇུག་པར་འགྱུར་བ་དང ། ཇི་ལྟར་འཛམ་བུའི་གླིང་ཐམས་ཅད་ལོ་ལེགས་ཤིང་ཉམས་དགའ་བ་དང་སྐྱེ་བོ་དང་མིས་གང་བར་འགྱུར་བ་དང ། ཇི་ལྟར་འཛམ་བུའི་གླིང་ཐམས་ཅད་ན་གནས་པའི་སེཾན་རྣམས་བདེ་བར་འགྱུར་བ་དང ། དགའ་བ་སྣ་ཚོགས་མྱོང་བར་འགྱུར་བ་དང ། ཇི་ལྟར་སེམས་ཅན་ཐམས་ཅད་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མར་ལྷ་དང་མིའི་བདེ་བ་རྒྱ་ཆེ་ཞིང་རྒྱ་ཆེ་བ་མྱོང་བར་འགྱུར་བ་དང་སངས་རྒྱས
97.29a
བཅོམ་ལྡན་འདས་རྣམས་དང་ལྷན་གཅིག་གནས་པར་འགྱུར་བ་དང ། མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་ཚངས་རྒྱ་བར་འགྱུར་བ་དེ་ཐམས་ཅད་ད་ལྟར་ན་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ཚངས་པའི་དབང་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་པས་ཆེས་འཕགས་པའི་ཐུགས་རྗེ་ཆེན་པོའི་སྟོབས་དང་ལྡན་པའི་བྱིན་གྱི་རླབས་དང་བརྒྱ་བྱིན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དག་གི་ལྷའི་ཤེས་པ་བས་ཆེས་འཕགས་པ། དེ་བཞིན་གཤེགས་པའི་མཁྱེན་པ་བླ་ན་མེད་པ་དང་དྲང་སྲོང་མངོན་པར་ཤེས་པ་ལྔ་ཅན་རྣམ་པ་སྣ་ཚོགས་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་ཐམས་ཅད་པས་ཆེས་འཕགས་པའི་བྱིན་གྱི་བརླབས་ཀྱིས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་སླད་དུ་གསེར་འོད་དམ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཛམ་བུའི་གླིང་འདིར་རྒྱ་ཆེར་ཡང་དག་པར་རབ་ཏུ་བཤད་དོ། །མིའི་རྒྱལ་པོའི་དགོས་པ་དང་རྒྱལ་པོའི་བསྟན་བཅོས་དང་རྒྱལ་པོའི་བགྱི་བ་གང་དག་འཛམ་བུའི་གླིང་ཐཾད་ན་མཆིས་པ་དང ། གང་དག་གིས་སེམས་ཅན་འདི་དག་ཐམས་ཅད་བདེ་བར་འགྱུར་བ་དེ་དག་ཐཾད་བཅྡོཾས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་འོད་དམ་པ་མདོ་སྡེའི་དབང་པོ་འདིར་ཉེ་བར་བསྟན་ཡོངསུ་བརྗོད་ཡང་དག་པར་རབ་ཏུ་བཤད་དོ། །བཙུན་པ་བཅོམ་ལྡན་འདས་རྒྱུ་དེ་དང་རྐྱེན་དེས་མིའི་རྒྱལ་པོ་དེས་གདོན་མི་ཚལ་བར་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་གུས་པར་མཉན་པར་བགྱི། གུས་པར་རིམ་གྲོ་བགྱི་གུས་པར་མཆོད་པར་བགྱིའོ། །དེ་སྐད་ཅེས་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དེའི་ཕྱིར་རྒྱལ་པོ་ཆེན་པོ་ཁྱེད་བཞི་དཔུང་དང་གཡོག་ཏུ་བཅས
97.29b
པས་གདོན་མི་ཟ་བར་མིའི་རྒྱལ་པོ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པ་དང་རིམ་གྲོ་བྱེད་པ་དང་མཆོད་པ་བྱེད་པ་དེ་དག་ཀུན་ཏུ་བསྲུང་བའི་ཕྱིར་སྤྲོ་བ་ཆེར་གྱིས་ཤིག་།རྒྱལ་པོ་ཆེན་པོ་དག་།དགེ་སློང་ངམ་དགེ་སློང་མ་འམ་དགེ་སྙེན་ནམ་དགེ་སྙེན་མ་མདོ་སྡེའི་དབང་པོ་རྒྱལ་པོ་འཛིན་པ་དེག་ཀྱང ། སངས་རྒྱས་ཀྱི་མཛད་པ་འཛིན་དུ་ཆུག་ཅིག་དང ། དེ་དག་ལྷ་དང་མི་དང་ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་འདི་ལ་སངས་རྒྱས་ཀྱི་མཛད་པ་བྱེད་པར་འགྱུར། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་རྒྱ་ཆེར་ཡང་དག་པར་འཆད་པར་འགྱུར་ཏེ་རྒྱལ་པོ་ཆེན་པོ་ཁྱེད་བཞི་ནི་ཅི་ནས་མདོ་སྡེའི་དབང་པོ་འཛིན་པའི་དགེ་སློང་དང་དགེ་སློང་མ་དང་དགེ་སྙེན་དང་དགེ་སྙེན་མ་བསྲུངས་བ་དང་གནོད་པ་མེད་པ་དང་ནད་མེད་པ་དང་འཁྲུག་པ་མེད་པ་དང་སེམས་བདེ་བར་འགྱུར་ཞིང ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་བར་དགེ་སློང་ངམ་དགེ་སློང་མ་འམ་དགེ་སྙེན་ནམ་དགེ་སྙེན་མ་མདོ་སྡེའི་དབང་པོ་འཛིན་པ་དེ་དག་ཀུན་ཏུ་བསྲུང་བར་བྱ། ཡོངསུ་བསྐྱབ་པར་བྱ་ཡོངསུ་བཟུང་བ་དང་ཡོངསུ་བསྐྱང་བ་དང་ཞི་བ་དང་བདེ་ལེགསུ་འགྱུར་བར་བྱའོ། །དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་དང་རྒྱལ་པོ་ཆེན་པོ་ཡུལ་འཁོར་བསྲུང་དང་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་དང་རྒྱལ་པོ་ཆེན་པོ་མིག་མི་བཟང་སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་ཅིག་ཏུ་བགོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགསུ་ཐལ་མོ་སྦྱར་བ་བཏུད་ནས་དེའི་ཚེ་མངོན་སུམ་དུ་འཚུལ་དང་འཐུན་པའི་ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ། །རྒྱལ་བ་ཟླ་བ་དྲི་མ་མེད་པའི་སྐུ། །རྒྱལ་བ་ཉི་མ་འོད་ཟེར་སྟོང་གི་འོད། །རྒྱལ་བ་པད་མ་དྲི་མ་མེད་པའི་སྤྱན། །རྒྱལ་བ་མེ་ཏོག་པད་རྩ་རྡུལ་མེད་ཚེམས། །རྒྱལ་བའི་ཡོན་ཏན་རྒྱ་མཚོ་ལྟ་བུ་སྟེ། །རིན་པོ་ཆེ་ནི་དུ་མའི་འབྱུང་གནས་གྱུར། །
97.30a
རྒྱལ་བའི་རྒྱ་མཚོ་ཡེ་ཤེས་ཆུ་ཡིས་གང ། །ཏིང་འཛིན་བརྒྱ་ཕྲག་སྟོང་གིས་ཀུན་ཏུ་གང ། །རྒྱལ་བའི་ཞབས་ནི་འཁོར་ལོར་བྲིས་པ་སྟེ། །འཁོར་ཡུག་མུ་ཁྱུད་དེ་བཞིན་རྩིབ་མ་སྟོང ། །ཕྱག་དང་ཞབས་ནི་དྲ་བས་སྤྲས་པ་སྟེ། །ཞབས་ཀྱི་དྲ་བ་ངང་པའི་དབང་པོ་བཞིན། །གསེར་གྱི་རི་བོ་ལྟ་བུར་རབ་ཏུ་གདའ། །རྒྱལ་བ་དྲི་མེད་གསེར་གྱི་རི་དབང་པོ། །ཡོན་ཏན་ཐམས་ཅད་རི་རབ་འདྲ་བ་སྟེ། །སངས་རྒྱས་རི་དབང་རྒྱལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཟླ་བ་ཉ་བ་འདྲ། །ནམཁའ་དང་ཡང་མཚུངས་ཤིང་འདྲ་བ་སྟེ། །སྒྱུ་མ་སྨིག་རྒྱུ་ལྟ་བུ་ཆགས་མེད་པ། །རྒྱལ་བ་དྲི་མ་མེད་ལ་ཕྱག་འཚལ་ལོ། །དེ་ནས་བཅྡོཾས་ཀྱིས་རྒྱལ་པོ་ཆེན་པོ་བཞི་ལ་ཚིགསུ་བཅད་དེ་བཀའ་སྩལ་པ། སྟོབས་བཅུ་དག་གི་གསེར་འོད་དམ་པ་ཡིས། །མདོ་སྡེའི་དབང་པོའི་རྒྱལ་པོ་རབ་མཆོག་འདི། །འཇིག་རྟེན་སྐྱོང་བ་ཁྱེད་ཅག་རྣམས་ཀྱིས་ནི། །བརྩོན་འགྲུས་རབ་ཏུ་བརྟན་པས་བསྐྱང་བར་བྱ། །འདི་ལྟར་མདོ་སྡེ་དཀོན་མཆོག་ཟབ་མོ་འདི། །སེམས་ཅན་ཀུན་ལ་བདེ་བ་སྦྱིན་བྱེད་པ། །སེམས་ཅན་རྣམས་ལ་ཕན་དང་བདེ་བའི་ཕྱིར། །འཛམ་བུའི་གླིང་འདིར་ཡུན་རིང་གནས་པར་འགྱུར། །འདི་ལྟར་སྟོང་གསུམ་གྱི་ནི་སྟོང་ཆེན་གྱིས། །འཇིག་རྟེན་དག་ན་ངན་སོང་སྡུག་བསྔལ་དང ། །སེམས་ཅན་དམྱལ་བའི་སེམས་ཅན་རྣམས་ཀྱི་ནི། །བསྡུགསྔལ་ཐམས་ཅད་ཞི་བར་བྱེད་པའོ། །གང་དག་འཛམ་བུའི་གླིང་ནི་འདི་ན་ཡང ། །འཛམ་བུའི་གླིང་གནས་རྒྱལ་པོ་ཐམས་ཅད་ཀྱིས། །རབ་ཏུ་དགའ་བ་ཆེན་པོ་བསྐྱེད་ནས་ནི། །ཆོས་རྣཾས་ཀྱི་ནི་ཡུལ་དག་བསྐྱང་བར་གྱིས། །གཾ་གིས་འཛཾ་བུའི་གླིང་འདི་བདེ་བ་དང ། །ཤིན་ཏུ་ལོ་ལེགས་ཉཾས་ཀྱང་དགར་འགྱུར་ཞིང ། །འཛཾ་བུའི་གླིང་ནི་ཐཾད་དག་ན་ཡང ། །སེཾན་ཐཾད་བདེ་བར་འགྱུར་བར་གྱིས། །འདི་ནི་མི་ཡི་དབང་པོ་གང་རྣམས་ནི། །
97.30b
ཡུལ་ན་དགའ་དང་བདག་བདེ་དགའ་བ་དང ། །རྒྱལ་སྲིད་རྣམ་པར་འབྱོར་པ་དགའ་བ་དེས། །མདོ་སྡེའི་དབང་པོ་འདི་ནི་མཉན་པར་བྱ། །ཕ་རོལ་དགྲ་ནི་ཡང་དག་ཟད་བྱེད་པ། །ཕ་རོལ་དགྲ་ཚོགས་ཟློག་པ་དགེ་བྱེད་པ། །མཆོག་ཏུ་འཇིགས་པས་ཕོངས་པ་སེལ་བྱེད་པ། །མཆོག་ཏུ་དགེ་བྱེད་མདོ་སྡེའི་དབང་པོ་འདིའོ། །ཇི་ལྟར་རིན་ཆེན་ཤིང་ལྗོན་རབ་མཛེས་པ། །ཡོན་ཏན་ཀུན་འབྱུང་ཁྱིམ་ན་ཡོད་པ་ལྟར། །རྒྱལ་པོ་ཡོན་ཏན་འདོད་པ་རྣམས་ཀྱིས་ཀྱང ། །མདོ་སྡེའི་དབང་པོའི་མཆོག་འདི་དེ་ལྟར་བལྟ། །ཇི་ལྟར་ཆུ་གྲང་སྐོམ་པ་སེལ་བྱེད་པ། །ཚ་བས་ཉམ་ཐག་ཆེ་ན་རྙེད་པ་ལྟར། །ཡོན་ཏན་དག་གིས་སྐོམ་པའི་རྒྱལ་པོ་ལ། །མདོ་སྡེའི་རྒྱལ་པོའི་མཆོག་འདི་དེ་བཞིན་ནོ། །ཇི་ལྟར་རིན་ཆེན་ཐམས་ཅད་འབྱུང་བའི་གནས། །རིན་ཆེན་སྣོད་ནི་ལག་མཐིལ་ཡོད་པ་ལྟར། །མི་ཡི་དབང་པོའི་ཚོགས་ལ་གསེར་འོད་མཆོག་།མདོ་སྡེའི་དབང་པོའི་མཆོག་འདི་དེ་བཞིན་ནོ། །འདི་ནི་ལྷ་ཡི་ཚོགས་ཀྱིས་མངོན་མཆོད་པ། །མདོ་སྡེ་འི་དབང་པོ་ལྷ་དབང་ཕྱག་བྱེད་པ། །འཇིག་རྟེན་བསྐྱོང་བ་རྫུ་འཕྲུལ་ཆེན་པོ་ལ། །བཞི་པོ་དག་གིས་ཀུན་ཏུ་བསྲུངས་བ་ཡིན། །ཕྱོགས་བཅུ་དག་ན་སངས་རྒྱས་རྣམས་ཀྱིས་ཀྱང ། །མདོ་སྡེའི་དབང་པོ་འདི་ནི་རྟག་ཏུ་དགོངས། །མདོ་སྡེའི་དབང་པོ་འདི་ནི་བཤད་པ་ན། །སངས་རྒྱས་རྣམས་ཀྱིས་ལེགས་ཤེས་བརྗོད་པ་བྱིན། །གནོད་སྦྱིན་བྱེ་བ་སྟོང་ཕྲག་བརྒྱ་རྣམས་ཀྱིས། །ཕྱོགས་བཅུ་དག་ཏུ་ཡུལ་ཡང་བསྲུང་བར་བྱེད། །རབ་ཏུ་དགའ་ཞིང་རབ་ཏུ་མགུ་སེཾས་ཀྱིས། །མདོ་སྡེའི་དབང་པོ་འདི་ནི་ཉན་པར་བྱེད། །འཛམ་བུའི་གླིང་ན་གནས་པར་གྱུར་པ་ཡི། །ལྷ་ཡི་ཚོགས་རྣམས་བསམ་གྱིས་མི་ཁྱབ་པ། །ལྷ་ཚོགས་དེ་དག་ཀུན་ཀྱང་རབ་དགའ་བས། །མདོ་སྡེའི་དབང་པོ་འདི་ནི་ཉན་པར་བྱེད། །ཆོས་རྣམས་མཉན་པར་བྱ་བ་འདི་ཡིནི། །གཟི་རྗིད་དང་ནི་སྟོབ་དང་བརྩོན་འགྲུས་ཐོབ། །གཟི་རྗིད་ཆེན་པོ་ཡིནི་ལྷ་ཡི་ལུས། །ཤིན་ཏུ་རྒྱས་ཤིང་རྣམ་པར་འཕེལ་བར་འགྱུར། །དེ་ནས་རྒྱལ་པོ་ཆེན་པོ་བཞིས་བཅོམ་ལྡན་འདས་ལ་ཚིགས་སུ
97.31a
བཅད་པ་འདི་ལྟ་བུ་འདི་དག་ཐོས་པ་དང་ངོ་མཚར་དུ་གྱུར་རྨད་དུ་བྱུང་བར་གྱུར་དགའ་བར་གྱུར་ཏེ། དེ་དག་ཆོས་ཀྱིས་ཤུགས་ཀྱིས་ཡུད་ཙམ་ཞིག་ངུས་ནས་མཆི་མ་ཕྱིས་ཏེ། དེ་དག་ལུས་འཕར་ཡན་ལག་འདར་ཞིང་དགའ་བ་དང་བདེ་བ་དང་ཡིད་བདེ་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ནས་ཀྱང་བཅོམ་ལྡན་འདས་ལ་ལྷའི་མེ་ཏོག་མན་དཱ་ར་བ་དག་གིས་གཏོར་མངོན་པར་གཏོར་ཏོ། །གཏོར་མངོན་པར་གཏོར་ནས་ཀྱང་སྟན་རྣམས་ལས་ལངས་ཏེ་གོས་ཕྲག་པ་གཅིག་ཏུ་བགོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་བདག་ཅག་རྒྱལ་པོ་ཆེན་པོ་བཞི་རྒྱལ་པོ་ཆེན་པོ་རེ་རེ་ཡང་གནོད་སྦྱིན་ལྔ་བརྒྱ་ལྔ་བརྒྱ་དང་ཆོས་སྨྲ་བ་དེ་བསྲུང་བ་དང་ཡོངས་སུ་བསྐྱང་བའི་སླད་དུ་རྟག་ཏུ་དགེ་སློང་ཆོས་སྨྲ་བའི་སླད་བཞིན་འབྲང་བར་བགྱིའོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་རྒྱལ་པོ་ཆེན་པོ་བཞིའི་ལེའུ་ཞེས་བྱ་སྟེ་བདུན་པའོ།། །། དེ་ནས་ལྷ་མོ་ཆེན་མོ་དབྱངས་ཅན་གྱིས་གོས་ཕྲག་པ་གཅིག་ཏུ་བགོས་ཏེ་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ནས། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་དེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ལྷ་མོ་ཆེན་མོ་དབྱངས་ཅན་བདག་གིས་ཀྱང་དགེ་སློང་ཆོས་སྨྲ་བ་དེའི་ཚིག་བརྒྱན་པའི་སླད་དུ་སྤོབས་པ་ཉེ་བར་བསྒྲུབ་པར་བགྱི། གཟུངས་ཀྱང་སྩལ་བར་བགྱི། ངེས་པའི་ཚིག་གི་བརྗོད་པ་ཀུན་ཏུ་བཞག་པར་བགྱི། དགེ་སློང་ཆོས་སྨྲ་བ་དེ་ལ་ཡེ་ཤེས་ཀྱི་སྣང་བ་ཆེན་པོ་བགྱི། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་ཚིག་གམ་ཡི་གེ་གང་ཡང་རུང་བ་དག་ཅིག་ཡོངས་སུ་ཉམས་པར་གྱུར་ཏམ་བསྐྱུད་ན་བདག་གི་དགེ་སློང་ཆོས་སྨྲ་བ་དེའི་ངེས་པའི་སྒྲ་དང་ཚིག་དང་ཡི་གེ་དེ་དག་ཐམས་ཅད་བསྒྲུབ་པར་བགྱིའོ། །ཇི་ལྟར་སངས་རྒྱས་བཅོམ་ལྡན་འདས་བརྒྱ་སྟོང་དག་ལ་དགེ་བའི་རྩ་བ་བསྐྲུན་པའི་སེམས་ཅན་དེ་དག་གི་དོན་གྱི་སློད་དུ་གསེར་འོད་དམ་པའི
97.31b
མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཛམ་བུའི་གླིང་ན་ཡུན་རིང་དུ་གནས་ཤིང་མྱུར་དུ་ནུབ་པར་མི་འགྱུར་བ་དང ། སེམས་ཅན་དུ་མ་དག་གིས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཐོས་ནས་ཤེས་རབ་རྣོ་བ་བསམ་གྱིས་མི་ཁྱབ་པར་འགྱུར་བ་དང ། ཤེས་རབ་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཐོབ་པར་འགྱུར་བ་དང ། ཚེ་འདི་ལ་ཚེ་ཕུན་སུམ་ཚོགས་པ་རབ་ཏུ་ཐོབ་པར་འགྱུར་བ་དང ། སྲོག་ལ་ཕན་གདགས་པ་དང ། བསོད་ནམས་ཀྱི་ཕུང་པོ་དཔག་ཏུ་མ་མཆིས་པ་རབ་ཏུ་འཛིན་པར་འགྱུར་བ་དང ། ཐབས་སྣ་ཚོགས་རབ་ཏུ་འཚལ་བར་འགྱུར་བ་དང ། བསྟན་བཅོས་ཐམས་ཅད་ལ་མཁས་པར་འགྱུར་བ། བཟོའི་བགྱི་བ་སྣ་ཚོགས་ཕུན་སུམ་ཚོགས་པ་ཐོབ་པར་འགྱུར་བ་དང ། བསྐྱུད་པ་མ་མཆིས་པར་བགྱི་བའི་སླད་དུ་དེ་ལ་གཟུངས་ཀྱང་སྩལ་བར་བགྱིའོ། །དགེ་སློང་ཆོས་སྨྲ་བ་དེ་དང་སེམས་ཅན་ཆོས་ཉན་པ་དེ་དག་གི་དོན་གྱི་སླད་དུ་སྔགས་དང་སྨན་དང་ལྡན་པའི་ཁྲུས་ཀྱི་ལས་བརྗོད་པར་བགྱི། གཟའ་དང་རྒྱུ་སྐར་དང་སྐྱེ་བ་དང་འཆི་བའི་གནོད་པ་དང་འཐབ་པ་དང་རྙོག་པ་དང་འཁྲུག་ལོང་དང་ཁྲག་ཁྲུག་དང་རྨི་ལམ་ངན་པ་དང་ལོག་འདྲེན་གྱི་གནོད་པ་ཐམས་ཅད་དང་བྱད་དང་རོ་ལངས་ཐམས་ཅད་རབ་ཏུ་ཞི་བར་འགྱུར། གང་གིས་མཁས་པ་དང་ཁྲུས་བགྱིད་དུ་སྩལ་བའི་སྨན་དང་སྔགས་ནི་འདི་དག་སྟེ། ཤུ་དག་གིའུ་ཝང་འུ་སུ་དང ། །ཤ་མྱ་ཤ་མི་ཤི་རི་ཤ་།དབང་པོའི་ལག་དང་སྐལ་བ་ཆེ། །ཛྙ་མ་ཤིང་ཚ་ཨ་ག་རུ། །ཤི་རི་བེ་སྟ་སྲ་རྩི་དང ། །གུ་གུལ་ར་ས་ཤླལ་ཀི། །རྡོ་དྲེག་ལོ་མ་རྒྱ་སྤོས་དང ། །ཙན་དན་དང་ནི་ལྡོང་རོས་དང ། །གི་ཝང་བཅས་དང་རུ་རྟ་དང ། །གུར་གུམ་གླ་སྒང་ཡུངས་དཀར་དང ། །སྦྱི་མོ་སུག་སྨེལ་ན་ལ་ད། །ནཱ་ག་གེ་སར་ཨུ་ཤི་ར། །འདི་དག་ཆ་ནི་མཉམ་བགྱིས་ནས། །སྐར་མ་རྒྱལ་ལ་བཏག་པར་བགྱི། །ཕྱེ་མ་ལ་ནི་སྔགས་ཚིག་འདི། །ལན་རྒྱ་མངོན་པར་གདབ་པར་བགྱི། །ཏད་ཡ་ཐཱ། སུ་ཀྲྀ་ཏེ་ཀྲྀ་ཏ་ཀ་མ་ལི་ན་ལ་ཛི་ན་ཀ་ར་ཏེ། ཧཾ་ཀ་རཱ་ཏེ།
97.32a
ིནྡྲ་ཛ་ལི། ཤ་ཀད་དྲེ་བ་ཤད་དྲེ། ཨ་བརྟ་ཀ་སི་ཀེ་།ན་ཀུ་ཏྲ་ཀུ། ཀ་བི་ལ་ཀ་བི་ལ་མ་ཏི། ཤཱི་ལ་མ་ཏེ། སན་དྷི་དྷུ་དྷུ་མ་མ་བ་ཏི། ཤི་རི་ཤི་རི། སཏ་ཏྱ་སྠི་ཏེ་སཝཱ་ཧཱ། གཅི་བས་དཀྱིལ་འཁོར་བགྱིས་ནས་ནི། །མེ་ཏོག་སིལ་མ་དགྲམ་པར་བགྱི། །གསེར་གྱི་སྣོད་དང་དངུལ་སྣོད་དུ། །མངར་བའི་ཁུ་བ་གཞག་པར་བགྱི། །སྐྱེས་བུ་གོ་ཆ་བགོས་པ་ནི། །བཞི་ཞིག་དེར་ཡང་གཞག་པར་བགྱི། །རབ་ཏུ་བརྒྱན་པའི་བུ་མོ་བཞི། །བུམ་པ་ཐོགས་པ་གཞག་པར་བགྱི། །རྟག་ཏུ་གུ་གུལ་བདུག་པར་བགྱི། །སིལ་སྙན་སྣ་ལྔ་བགྱིད་དུ་སྩལ། །གདུགས་དང་རྒྱལ་མཚན་བ་དན་གྱིས། །ལྷ་མོ་དེ་ནི་ལེགས་པར་བརྒྱན། །བར་བར་དག་ཏུ་མེ་ལོང་གཞག་།མདའ་དང་མདུང་རྩེ་རྣ་བྲང་གཞག་།དེ་ནས་མཚམ་ཀྱང་གཅད་པར་བགྱི། །དེའི་འོག་ཏུ་དགོས་པ་བརྩམ། །སྔགས་ཀྱི་ལས་ནི་འདི་དག་གིས། །མཚམས་བཅད་པ་ཡང་བརྩམ་པར་བགྱི། །སྱད་ཡ་ཐེ་དན། ཨ་ར་ཀེ་།ན་ཡ་ནེ། ཧི་ལི་མི་ལེ། གི་ལེ། ཁི་ཁི་ལེ་སཝཱ་ཧཱ། བཅོམ་ལྡན་འདས་ཀྱི་གནམ་ལོགས་སུ་ཁྲུས་བགྱིས་ནས་སྔགས་འདི་བཟླས་བརྗོད་བགྱིས་ན་ཁྲུས་ཀྱི་ཞི་བར་སྦྱོར་རོ། །ཏྱད་ཡ་ཐཱ། ས་ག་ཊེ། བི་ག་ཏ་བི་ཏི་སཝཱ་ཧཱ། ཕྱོགས་བཞི་དག་ན་གང་གནས་པའི། །རྒྱུ་སྐར་དག་གིས་ཚེ་བསྲུངས་ཤིག་།བཅས་པའི་སྐར་མའི་གནོད་པ་དང ། །ཕུང་པོའི་ལས་ཀྱི་འཇིགས་འབྱུང་དང ། །འབྱུང་པོའི་ཁམས་རྣམས་འཁྲུག་བགྱིད་པ། །འཇིག་པ་མི་བཟད་ཞི་གྱུར་ཅིག་།ཤ་མེ། བི་ཤ་མེ་སཝཱ་ཧཱ། ས་ག་ཊེ། བི་ག་ཊེ། སཝཱ་ཧཱ། སུ་ཁ་ཏི་ན་ཏེ་སཝཱ་ཧཱ། སཱ་ག་ར་སཾ་བྷཱུ་ཏྲ་ཡ་སཝཱ་ཧཱ། སྐན་དྷ་མ་ཏཱ་ཡ་སཝཱ་ཧཱ། ནཱི་ལ་ཀཎྡྷཱཡ་སཝཱ་ཧཱ། ཨ་པ་ར་ཛི་ཏ་བཱི་ཡ་སཝཱ་ཧཱ། ཧི་མ་བཱད་སཾ་བྷཱུ་ཏཱ་ཡ་སཝཱ་ཧཱ། ཨ་ནི་མི་ལ་བག་ཏྲཱ་ཡ་སཝཱ་ཧཱ། ན་མོ་བ་ག་བ་ཏེ། བྲཤྤུ་ཎེ། ན་མཿ ས་ར་སཝཱ་ཏྱཻ་དེ་བཻ་དྱཾ་ཏུ་མན་ཏྲ་པད། དཾ་བྲཧྨ་ཨ་ནུ་མ་ནྱ་ཏུ་སཝཱ་ཧཱ། དགེ་སློང་ཆོས་སྨྲ་བ་དེ་བསྲུང་བ་དང་ཆོས་མཉན་པ་དེ་དག་དང ། ཡི་གེར་འདྲི་བ་དེ་དག་གི་དོན་གྱི་སླད་དུ་ཁྲུས་ཀྱི་ལས་འདིས་བདག་ཉིད་དེར་མཆིས་པར་བགྱིའོ། །ལྷའི་ཚོགས་ཐམས་ཅད་དང་ལྷན་ཅིག་ཏུ་གྲོང་ངམ་གྲོང་ཁྱེར་རམ་གྲོང་རྡལ་ལམ་གཙུག་ལག་ཁང་དེར་ནད་ཐམས་ཅད་རབ་ཏུ་ཞི
97.32b
བར་བགྱིའོ། །ཇི་ལྟར་དགེ་སློང་ངམ་དགེ་སློང་མའམ་དགེ་བསྙེན་ནམ་དགེ་བསྙེན་མ་མདོ་སྡེའི་དབང་པོ་འཛིན་པ་དེ་དག་གི་སྲོག་ལ་ཕན་གདགས་པར་འགྱུར་བ་དང ། འཁོར་བ་ལས་འབྱུང་བ་ཐོབ་པར་འགྱུར་བ་དང ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པར་འགྱུར་བ་དང ། མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བར་གཟའ་དང་འཐབ་པ་དང ། རྙོག་པ་དང་བཙས་པའི་སྐར་མའི་གནོད་པ་དང་རྨི་ལམ་ངན་པ་དང་ལོག་འདྲེན་གྱི་གནོད་པ་ཐམས་ཅད་དང་བྱད་དང་རོ་ལངས་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་མོ་དབྱངས་ཅན་ལ། ལྷ་མོ་ཆེན་མོ་དབྱངས་ཅན་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པ་དང་སྐྱེ་བོ་མང་པོ་ལ་བདེ་བའི་ཕྱིར་ཞུགས་ཏེ། ཁྱོད་ཀྱིས་སྔགས་དང་སྨན་དང་ལྡན་པའི་ཚིག་འདི་འདྲ་བ་བཤད་པ་ནི་ལེགས་སོ་ལེགས་སོ་ཞེས་བྱ་བ་བྱིན་ནོ། །ལྷ་མོ་དབྱངས་ཅན་གྱིས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ་།དེ་ནས་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽ་དིནྱས་ལྷ་མོ་དབྱངས་ཅན་དེ་བཀུག་གོ་།ལྷ་མོ་ཆེན་མོ་དབྱངས་ཅན་མཆོད་འོས་དཀའ་ཐུབ་ཆེ། །འཇིག་རྟེན་ཀུན་ཏུ་རྣམ་གྲང་མཆོག་སྦྱིན་ཡོན་ཏན་ཆེ། །རྩེར་གནས་མཛེས་མ་དར་བ་རྩཝའི་གོས་བསྐུས་པ། །དར་བ་རྩཝ་ཡི་གོས་གྱོན་རྐང་པ་གཅིག་གིས་གནས། །ལྷ་རྣམས་ཐམས་ཅད་ལྷགས་ནས་འདི་སྐད་ཅེས་སྨྲས་ཏེ། །སེམས་ཅན་རྣམས་ལ་དགེ་བའི་ཚིག་ཤོད་ལྕེ་ཁྲོལ་ཅིག་།སྱད་ཡ་ཐེ་དན། མུ་རེ། ཙི་རེ། ཨ་བ་ཛེ། ཨ་བ་ཛ་བ་ཏེ། ཧེ་གུ་ལེ། མི་གུ་ལེ། པི་ག་ལ་བ་ཏི། མ་གུ་ཤེ། མ་རི་ཙི། ས་མ་ཏི། ད་ཤ་མ་ཏི། ཨ་གྲི་མ་གྲི། ཏ་ར། རྩི་ཏ་ར། ཙ་པ་ཏི། ཙི་ཙི་རི། ཤི་རི་མི་རི། མ་རི་ཙི། པྲ་ཎ་ཡེ། ལོ་ཀཛྱེཥྠེ། ལོ་ཀ་ཤྲིཥྠ། ལོ་ཀ་པྲི་ཡེ། སིད་དྷི་པྲི་ཏེ། བི་མ་མུ་ཁི་ཤུ་ཙི་ཁ་རི། ཨ་པྲ་ཏི་ཧ་ཏེ། ཨ་ཏྲ་ཏེ་ཧ་ཏ། བུད་དྷེ། ན་མུ་ཙི། ན་མུ་ཙི། མ་ཧཱ་དེ་བཱི་པྲ་ཏི་གྲྀཧྣ་ན་མ་སྐ་རན། བདག་གི་བློ་ཐོགས་པ
97.33a
མེད་པར་གྱུར་ཅིག་།བསྟན་བཅོས་དང་ཚིགས་སུ་བཅད་པའི་རྒྱུད་དང་སྡེ་སྣོད་དང་སྙན་དངགས་ལ་སོགས་པ་བདག་གི་རིག་སྔགས་དངོས་གྲུབ་ཏུ་གྱུར་ཅིག་།ཏད་ཡ་ཐཱ། མ་ཧཱ་པྲ་བྷ་བ། ཧི་ལི་ཧི་ལི། མི་ལི་མི་ལི། བཅོམ་ལྡན་འདས་མ་ལྷ་མོ་དབྱངས་ཅན་གྱི་མཐུས་བདག་རྣམ་པར་རྒྱུ་བར་གྱུར་ཅིག་།ཀ་ར་ཊེ་ཀེ་ཡཱུ་རེ། ཀེ་ཡཱུ་ར་བ་ཏི། ཧི་ལི་མི་ལི། ཧི་ལི་མི་ལི། སངས་རྒྱས་ཀྱིས་བདེན་པ་དང་ཆོས་ཀྱི་བདེན་པ་དང་དགེ་འདུན་གྱི་བདེན་པ་དང་དབང་པོའི་བདེན་པ་དང་ཆུ་ལྷའི་བདེན་པས་ལྷ་མོ་ཆེན་མོ་དགུག་པར་བྱའོ། །གང་དག་འཇིག་རྟེན་ན་བདེན་པ་སྨྲ་བ་དེ་དག་གི་བདེན་པ་དང་བདེན་པའི་ཚིགས་གིས་ལྷ་མོ་ཆེན་མོ་དགུག་པར་བྱའོ། །ཏད་ཡ་ཐཱ། ཧི་ལི་ཧི་ལི། ཧི་ལི་མི་ལི། ཧི་ལི་མི་ལི། བདག་རྣམ་པར་རྒྱུ་བར་གྱུར་ཅིག་།བཅོམ་ལྡན་འདས་མ་ལྷ་མོ་དབྱངས་ཅན་ལ་ཕྱག་འཚལ་ལོ། །བདག་ལ་གསང་སྔགས་ཀྱི་ཚིག་རྣམས་གྲུབ་པར་གྱུར་ཅིག་སཝཱ་ཧཱ། དེ་ནས་སློབ་དཔོན་ལུང་སྟོན་པ་བྲམ་ཟེ་ཀཽ་ད་ནྱིས་ལྷ་མོ་ཆེན་མོ་དབྱངས་ཅན་ལ་ཚིགས་སུ་བཅད་པ་འདི་དག་གིས་མངོན་པར་སྟོད་དོ། །འབྱུང་པོའི་ཚོགས་རྣམས་ཐམས་ཅད་ང་ལ་ཉན་པར་གྱིས། །ལྷ་དང་དྲི་ཟ་ལྷ་དབང་བཅས་པའི་འཇིག་རྟེན་ན། །བུད་མེད་དམ་པ་ལྷ་མོ་མཆོག་གི་རབ་གང་ཡིན། །ལྷ་མོ་དམ་པ་མཆོག་ཏུ་མཛེས་པའི་ཞལ་ལ་བསྟོད། །ཡོན་ཏན་རྣམ་པ་སྣ་ཚོགས་བསགས་པས་ཡན་ལག་བརྒྱན། །དབྱངས་ཅན་ཞེས་བྱ་སྤྱན་ནི་ཡང་ཤིང་བསོད་ནམས་འབར། །དྲི་མེད་ཡེ་ཤེས་ཡོན་ཏན་རྣམས་ཀྱིས་རྣམ་པར་རྒྱས། །རིན་ཆེན་སྣ་ཚོགས་ཐ་དད་ལྟ་བུ་བལྟ་བའི་ཕྱིར། །མཆོག་རབ་ངག་གི་ཡོན་ཏན་ཁྱད་པར་དེ་སྟོད་དོ། །དམ་པ་མཆོག་གི་དངོས་གྲུབ་བྱེད་པ་དང ། །ཡང་དག་བསྔགས་དང་ཡོན་ཏན་བྱེད་པ་དང ། །དྲི་མེད་མཆོག་དང་པད་མ་འབར་བ་དང ། །མིག་མཆོག་དང་ནི་མིག་གི་དམ་པ་དང ། །དགེ་བའི་གནས་དང་དགེ་བ་མཐོང་བ་དང ། །ཡོན་ཏན་བསམ་དུ་མེད་པས་བརྒྱན་པ་དང ། །ཟླ་བ་འདྲ་དང་དྲི་མ་མེད་འོད་དང ། །ཡེ་ཤེས་འབྱུང་གནས་དྲན་པ་དམ་པ་དང ། །སེང་གེ་མཆོག་དང་མི་ལ་ཞོན་པ་དང ། །ལག་པ་བརྒྱད
97.33b
རྣམས་ཀྱིས་ནི་བརྒྱན་པ་དང ། །ཟླ་བ་ཉ་བ་ལྟ་བུར་སྣང་བ་དང ། །ཡིད་དུ་འོང་བའི་ངག་དང་དབྱངས་སྙན་དང ། །ཤེས་རབ་ཟབ་མོ་དང་ནི་ལྡན་པ་དང ། །དགོས་མཆོག་སྒྲུབ་བྱེད་སེམས་ཅན་དམ་པ་དང ། །ལྷ་དང་ལྷ་མིན་དབང་པོས་མཆོད་པ་དང ། །ལྷ་དང་ལྷ་མིན་ཚོགས་ཀུན་གནས་བརྗོད་དང ། །འབྱུང་པོའི་ཚོགས་ཀྱི་གནས་རྟག་མཆོད་པའི་ཕྱིར་སཝཱ་ཧཱ། །བདག་ཅག་ལྷ་མོ་འདི་ལ་ཕྱག་བྱའོ། །བདག་ལ་ཡོན་ཏན་ཁྱད་པར་ཀླུང་སྩོལ་ཅིག་།དགོས་པ་ཀུན་དུ་བདག་ལ་དངོས་གྲུབ་སྩོལ། །དགྲ་རྣམས་ཁྲོད་ན་བདག་ལ་རྟག་ཏུ་བསྲུངས། །ཡི་གེ་རྫོགས་ཤིང་ཚིག་རྒྱས་འདི་དག་ནི། །ནང་པར་ལངས་ནས་གཙང་མར་བརྗོད་པར་བྱ། །བསམ་པ་དང་ནི་ནོར་འབྲུ་ཐམས་ཅད་རྙེད། །དངོས་གྲུབ་དགེ་བ་རྒྱ་ཆེན་ཐོབ་པར་འགྱུར། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། དབྱངས་ཅན་གྱི་ལེའུ་ཞེས་བྱ་སྟེ་བརྒྱད་པའོ།། །། དེ་ནས་བཅོམ་ལྡན་འདས་ལ་ལྷ་མོ་ཆེན་མོ་དཔལ་གྱིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ལྷ་མོ་ཆེན་མོ་དཔལ་དེ་དག་གིས་ཀྱང ། ཅི་ནས་ཆོས་སྨྲ་བའི་དགེ་སློང་དེ་ཡོ་བྱད་ཐམས་ཅད་ཕུན་སུམ་ཚོགས་པར་འགྱུར་བ་དང་བྲེལ་ཕོང་མ་མཆིས་པ་ཐོབ་པར་འགྱུར་བ་དང་སེཾས་བརྟས་པར་འགྱུར་བ་དང་སེཾས་བདེ་བར་གདུགས་མཚན་བས་བར་འགྱུར་བ་དང་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལ་ཚིགས་དང་ཡི་གེ་རྣམ་པ་ཐ་དད་པ་དག་ཆུབ་པར་འགྱུར་བ་དང་རྣམ་པར་རྟོག་པར་འགྱུར་བ་དང་ཡང་དག་པར་བརྗོད་པར་འགྱུར་བ་དང་སངས་རྒྱས་བརྒྱ་སྟོང་དག་ལ་དགེ་བའི་རྩ་བ་བསྐྲུན་པའི་སེམས་ཅན་དེ་དག་གིས་དོན་གྱི་སླད་དུ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་བརྒྱལ་པོ་འདི་འཛམ་བུའི་གླིང་དུ་ཡུན་རིང་དུ་གནས་པར་འགྱུར་ཞིང ། མྱུར་དུ་ནུབ་པར་མི་འགྱུར་བ་དང ། སེམས་ཅན་རྣམས་ཀྱང་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པར་འགྱུར་བ་དང ། བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མར་ལྷ་དང་མིའི་བདེ་བ་མྱོང་བར་འགྱུར་བ་དང ། མུ་གེ
97.34a
མ་མཆིས་པར་འགྱུར་བ་དང་ལོ་ལེགས་པར་འགྱུར་བ་དང་སེམས་ཅན་རྣམས་ཀྱང་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བདེ་བར་འགྱུར་བ་དང ། དེ་བཞིན་གཤེགས་པ་དང་འགྲོགས་པར་འགྱུར་བ་དང་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང ། སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་ཤིན་ཏུ་ཆད་པར་འགྱུར་བ་གང་འདི་གོས་དང་ཟས་དང་མལ་ཆ་དང་ན་བའི་གསོས་སྨན་དང་ཡོ་བྱད་དང་འཚོག་ཆས་གཞན་དག་གིས་ཀྱང་དགེ་སློང་ཆོས་སྨྲ་བ་དེ་སྤྲོ་བར་བགྱིའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མེ་ཏོག་ཡོན་ཏན་རྒྱ་མཚོ་བཻདཱུརྱ་དང ། གསེར་གྱི་གི་བདོག་བཟང་པོ་གསེར་དུ་སྣང་བའི་དཔལ་ཞེས་བྱ་བ་དེ་ལ་ལྷ་མོ་ཆེན་མོ་དཔལ་གྱིས་དགེ་བའི་རྩ་བ་བསྐྱེད་དེ། དེས་ད་ལྟར་ཕྱོགས་གང་དང་གང་དུ་སེམས་པ་དང ། ཕྱོགས་གང་དང་གང་དུ་ལྟ་བ་དང་ཕྱོགས་གང་དང་གང་དུ་འགྲོ་བའི་ཕྱོགས་དེ་དང་དེར་སེམས་ཅན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་བདེ་བར་སྦྱར་བ་ཐམས་ཅད་ཀྱིས་བདེ་བར་འགྱུར། ཟས་དང་སྐོམ་དང་ནོར་དང་འབྲུ་དང་མགྲོན་བུ་དང་གསེར་དང་ནོར་བུ་དང་མུ་ཏིག་དང་བེེདཱུརྱ་དང་དུང་དང་མན་ཤེལ་དང་བྱི་རུ་དང་དངུལ་དང་ས་ལེ་སྦྲམ་དང་ཡོ་བྱད་གཞན་དག་གིས་ཀྱང་མི་ཕོངས་པར་འགྱུར། སེམས་ཅན་དེ་དག་ཡོ་བྱད་ཐམས་ཅད་ཀྱང་འབྱོར་པར་འགྱུར་རོ། །ལྷ་མོ་ཆེན་མོ་དཔལ་གྱི་མཐུས་དེ་བཞིན་གཤེགས་པ་དེ་ལ་མཆོད་པར་བྱ། སྤོས་དང་མེ་ཏོག་དང་བདུག་པ་ཡང་དབུལ་བར་བྱ། ལྷ་མོ་ཆེ་མོ་དཔལ་གྱི་མིང་ནས་ལན་གསུམ་བརྗོད་ཅིང་དེ་ལ་སྤོས་དང་བདུག་པ་དང་མེ་ཏོག་ཡང་བྱིན་ལ་རོ་སྣ་ཚོགས་ཀྱང་བྱིན་ན་དེའི་འབྲུའི་ཕུང་པོ་ཆེན་པོ་རྣམ་པར་འཕེལ་བར་འགྱུར་རོ། །དེ་ལ་འདི་སྐད་ཅེས་བྱ་སྟེ། ས་ལ་སའི་བཅུད་དག་རྣམ་པར་འཕེལ། །ལྷ་རྣམས་རྟག་པར་རབ་ཏུ་དགའ་བར་འགྱུར། །འབྲས་བུ་ལོ་ཐོག་ལྡུམ་སྡོང་ལྗོན་ལྷ་རྣམས། །ལོ་ཐོག་ཤིན་དུ་སྣ
97.34b
ཚོགས་རྣམས་ཀྱང་བསྐྱེད། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོའི་མིང་བརྗོད་པའི་སེམས་ཅན་དེ་དག་ལ་ལྷ་མོ་ཆེན་མོ་དཔལ་སེམས་པར་འགྱུར་དེ་དག་ལ་དཔལ་ཆེན་པོར་བྱེད་པར་འགྱུར་རོ། །ལྷ་མོ་ཆེན་མོ་དཔལ་ནི་ལྕང་ལོ་ཅན་གྱི་ཕོ་བྲང་འཁོར་ན་བསྐྱེད་མོས་ཚལ་དམ་པ་བསོད་ནམས་ཀྱི་མེ་ཏོག་འོད་ཅེས་བྱ་བ་ན་རིན་པོ་ཆེ་སྣ་བདུན་ལས་བྱས་པའི་ཁང་པ་དམ་པ་གསེར་གྱི་རྒྱལ་མཚན་ཞེས་བྱ་བ་ན་གནས་ཏེ། མི་གང་ལ་ལ་འབྲུའི་ཕུང་པོ་སྤེལ་བར་འདོད་པ་དེས་རང་གི་ཁྱིམ་ཕྱག་དར་ལེག་པར་བྱ་ཁྲུས་ལེགས་པར་བྱ། གོས་དཀར་པོ་གཙང་མ་བགོ་བར་བྱ། གོས་དྲི་རབ་ཏུ་ཞིམ་པ་བགོ་བར་བྱའོ། །དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མེ་ཏོག་ཡོན་ཏན་རྒྱ་མཚོ་བེེདཱུརྱ་དང ། གསེར་གྱི་རི་ཁ་དོག་བཟང་པོ་གསེར་དུ་སྣང་བའི་དཔལ་དེ་ལ་ཕྱག་འཚལ་ཞིང་མཚན་ནས་ཀྱང་ལན་གསུམ་བརྗོད། ལྷ་མོ་ཆེན་མོ་དཔལ་གྱི་ལག་ནས་དེ་བཞིན་གཤེགས་པ་ལ་མཆོད་པར་བྱེད་མེ་ཏོག་དང་བདུག་པ་དང་སྤོས་ཀྱང་དབུལ། རོ་བྲོ་བ་སྣ་ཚོགས་ཀྱང་འབུལ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོའི་མིང་ཡང་ལན་གསུམ་བརྗོད། བདེན་པའི་ཚིག་ཀྱང་བརྗོད་ལྷ་མོ་ཆེན་མོ་དཔལ་ལ་ཡང་མཆོད་ཅིང་མེ་ཏོག་དང་བདུག་པ་ཡང་འབུལ། རོ་བྲོ་བ་སྣ་ཚོགས་ཀྱང་འབུལ་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདིའི་མཐུས། དེའི་ཚེ་ལྷ་མོ་ཆེན་མོ་དཔལ་ཁྱིམ་དེ་ལ་སེམས་པར་འགྱུར། དེའི་འབྲུའི་ཕུང་པོ་ཆེན་པོ་ཡང་འཕེལ་བར་འགྱུར་རོ། །ལྷ་མོ་ཆེན་མོ་དཔལ་དགུག་པར་འདོད་པ་དེས་རིགས་པའི་གསང་སྔགས་འདི་དག་དྲན་པར་བྱའོ། །འདས་པ་དང་མ་བྱོན་པ་དང་ད་ལྟར་བྱུང་བའི་སངས་རྒྱས་ཐམས་ཅད་ལ་ཕྱག་འཚལ་ལོ། །སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བྱམས་པ་ལ་སོགས་པ་བྱང་ཆུབ་སེམས་དཔའ་རྣམས་ལ་ཕྱག་འཚལ་ལོ། །དེ་དག་ལ་ཕྱག་འཚལ་ནས་རིག་པ་འདི་དག་ལ་སྦྱོར་བར
97.35a
བྱ་སྟེ། རིག་སྔགས་འདི་རྣམས་བདག་ལ་འབྱོར་བར་གྱུར་ཅིག་།སྱད་ཡ་ཐེ་དན། པྲ་ཏེ་པཱུར་ཎ་བཱ་རེ། ས་མནྟ་དར་ཤ་ནེ། མ་ཧཱ་བི་ཧ་ར་ག་ཏེ། ས་མནྟ། བེ་ད་ན་ག་ཏེ། མ་ཧཱ་ཀཱརྱ་པྲ་ཏེ་པྲ་བ་ཎེ། སཏྭ་ཨརྠ་ས་མ་ཏ་ནུ་པྲ་པུ་རེ། ཨ་ཡཱ་ན་དྷརྨ་ཏཱ་མ་ཧ་བྷོ་གི་ནེ། མ་ཧཱ་མཻ་ཏྲེ་ཨུ་པ་སཾ་ཧི་ཧེ། ཧེ་ཏཻ་ཥི། སཾ་གྲ་ཧི་ཏེ་ཏེ་ས་མར་ཐཱ་ནུ་པུ་ལ་ནི། འདི་དག་ནི་སྤྱི་བོ་ནས་དབང་བསྐུར་བའི་ཆོས་ཉིད་ཀྱི་གསང་བསྔགས་ཀྱི་ཚིག་གཅིག་ཏུ་དེ་ཁོ་ན་ཡང་དག་པར་སྒྲུབ་པ་མི་སླུ་བའི་དོན་གྱི་ཚིག་སྟེ། སེམ་ཅན་བར་མ་ལ་སྤྱོད་པ་རྣམས་དགེ་བའི་རྩ་བ་ཁ་ན་མ་ཐོ་བ་མེད་པ་དག་གིས་ལོ་བདུན་དུ་འདོན་ཅིང་འཛིན་པ་དག་ཡན་ལག་བརྒྱད་པའི་བསྙེན་པར་གནས་པ་ལ་བསྙེན་ཏེ། བདག་དང་སེཾན་ཀུན་ཐཾད་མཁྱེན་པའི་ཡེ་ཤེས་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་སྔ་དྲོ་དང་ཕྱི་དྲོ་སངས་རྒྱས་ཐཾད་ལ་མེ་ཏོག་དང་སྤོས་རྣམས་ཀྱི་མཆོད་ནས། དེས་བདག་གི་བསམ་པ་འདི་འབྱོར་པར་གྱུར་ཅིག་།མྱུར་དུ་འབྱོར་པར་གྱུར་ཅིག་།གཙུག་ལག་ཁང་ངམ་དགོན་པའི་གནས་ཀྱང་རུང་སྟེ། ཁྱིམ་དེ་ཤིན་ཏུ་གཙང་མར་བྱས་ལ་གཅི་བས་དཀྱིལ་འཁོར་བྱས་ཏེ། སྤོས་དང་བདུག་པ་ཡང་དབུལ་བར་བྱ། སྟན་གཙང་མ་ཡང་གདིང་བར་བྱའོ། །ས་ལ་མེ་ཏོག་སིལ་མ་བཀྲམ་ནས་བསྡད་པར་བྱའོ། །དེ་ནས་སྐད་ཅིག་དེ་ཉིད་ལ་དཔལ་འོངས་ནས་དེར་གནས་པར་འགྱུར་རོ། །དེ་ཕྱིན་ཅད་ཁྱིམ་མམ་གྲོང་ངམ་གྲོང་ཁྱེར་རམ་གྲོང་རྡལ་ལམ་གཙུག་ལག་ཁང་ངམ་དགོན་པའི་གནས་སུ་ནམ་ཡང་བྲེལ་ཅིང་ཕོངས་པ་མེད་པར་བྱེད་དོ། །འགྲོན་བུ་དང་གསེར་དང་རིན་པོ་ཆེ་དང་ནོར་དང་འབྲུ་དང་ཡོ་བྱད་ཐམས་ཅད་འབྱོར་པ་དང་བདེ་བར་སྦྱར་བ་ཐཾད་ཀྱི་བདེ་བར་འགྱུར་རོ། །དགེ་བའི་རྩ་བ་གང་དག་བྱེད་པ་དེ་དག་ཐམས་ཅད་ལས་ལྷ་མོ་ཆེན་མོ་དཔལ་ལ་ཤས་ཀྱི་མཆོག་སྦྱིན་པར་བྱ་སྟེ། དེས་ན་དེ་ཇི་སྲིད་འཚོའི་བར་དུ་དེ་ན་གནས་པར་འགྱུར། འཕང་པར་མི་འགྱུར། དེ་དག་གི་བསམ་པ་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། ལྷ་མོ་ཆེན་མོ་དཔལ་གྱི་ལེའུ་ཞེས་བྱ་བ་སྟེ་དགུ
97.35b
པའོ།། །། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཏོར་ཅན་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དྲི་མ་མེད་པར་འབར་བ་རིན་ཆེན་གསེར་གྱི་འོད་ཟེར་སྣང་བའི་ཏོག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཛམ་བུ་གསེར་གྱི་རྒྱལ་མཚན་གསེར་དུ་སྣང་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསེར་དུ་སྣང་བའི་སྙིང་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་ཉི་མ་བརྒྱའི་འོད་ཟེར་སྣང་བའི་སྙིང་པོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསེར་རིན་ཆེན་འབྱུང་གནས་གདུགས་བརྩེགས་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསེར་གྱི་མེ་ཏོག་འབར་བའི་འོད་ཟེར་གྱི་ཏོག་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་སྒྲོན་མ་ཆེན་མོ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་རིན་ཆེན་ཏོག་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་ཅེས་བྱ་བ་དང་བྱང་ཆུབ་སེམས་དཔའ་གསེར་འོད་དམ་པ་ཞེས་བྱ་བ་དང་བྱང་ཆུབ་སེཾདའ་གསེར་གྱི་སྙིང་པོ་ཞེས་བྱ་བ་དང་བྱང་ཆུབ་སེམས་དཔའ་རྟག་ཏུ་ངུ་ཞེས་བྱ་བ་དང་བྱང་ཆུབ་སེམས་དཔའ་ཆོས་འཕགས་ཞེས་བྱ་བ་དང ། ཤར་ཕྱོགས་ན་དི་བཞིན་གཤེགས་པ་མི་འཁྲུགས་པ་ཞེས་བྱ་བ་དང ། ལྷོ་ཕྱོགས་ན་དེ་བཞིན་གཤེགས་པ་རིན་ཆེན་ཏོག་ཅེས་བྱ་བ་དང ། ནུབ་ཕྱོགས་ན་དེ་བཞིན་གཤེགས་པ་ཚེ་དཔག་མེད་ཅེས་བྱ་བ་དང ། བྱང་ཕྱོགས་ན་དེ་བཞིན་གཤེགས་པ་རྔ་སྒྲ་ཞེས་བྱ་བ་སྟེ། སུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་དེ་བཞིན་གཤེགས་པའི་མཚན་དང ། བྱང་ཆུབ་སེཾདའ་མིང་འདི་དག་འཛིན་ཏམ་ཀློག་གམ་ཁོང་དུ་ཆུད་པར་བྱེད་ན་དེ་རྟག་ཏུ་ཚེ་རབས་དྲན་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་ལ་སའི་ལྷ་མོ་བརྟན་མས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་གསེར་འོད་དམ་པ་མདོ་སྡེའི་རྒྱལ་པོ་འདི་ད་ལྟར་དང་མ་འོངས་པའི་དུས་ན་གྲོང་ངམ་གྲོང་ཁྱེར་རམ་གྲོང་རྡལ་ལམ་ལྗོངས་སམ་དགོན་པའི་ཕྱོགས་སམ། རིའི་སྨན
97.36a
ལྗོངས་སམ་ཕོ་བྲང་འཁོར་གང་དུ་གནས་པར་འགྱུར་བར་གྲོང་ངམ་གྲོང་ཁྱེར་རམ་གྲོང་རྡལ་ལམ་ལྗོངས་སམ་དགོན་པའི་ཕྱོགས་སམ་རིའི་སྨན་ལྗོངས་སམ་ཕོ་བྲང་འཁོར་དེར་བཙུན་པ་བཅོམ་ལྡན་འདས་སའི་ལྷ་མོ་བརྟན་མ་བདག་མཆི་བར་བགྱིའོ། །བཅྡོཾས་གང་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་འཆད་པར་འགྱུར་བ་དང ། ས་ཕྱོགས་གང་དང་གང་ན་དགེ་སློང་ཆོས་སྨྲ་བ་དེའི་ཆོས་ཀྱི་ཁྲི་ཤོམ་པར་འགྱུར་བ་དང ། གང་དང་གང་དུ་ཆོས་སྨྲ་བ་དེ་སྟན་ལ་མཆིས་ནས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་སྟོན་པར་འགྱུར་བ་དེར། བཙུན་པ་བཅོམ་ལྡན་འདས་སའི་ལྷ་མོ་བསྟན་མ་བདག་ས་ཕྱོགས་དེ་དང་དེ་ཉིད་དུ་མཆི་བར་བགྱི། །ལུས་འདི་མ་གདའ་བར་ཆོས་ཀྱི་ཁྲིའི་འོག་ལོགས་སུ་མཆིས་ཏེ། ཡན་ལག་གི་དམ་པ་མགོས་དགེ་སློང་ཆོས་སྨྲ་བ་དེའི་རྐང་མཐིལ་ནས་བརྟེན་པར་བགྱིའོ། །བདག་ཀྱང་ཆོས་མཉན་པ་དང་ཆོས་བདུད་རྩིའི་ཁུ་བ་འདིས་ཚིམ་པར་བགྱི། ཡང་དག་པར་རིམ་འགྲོ་བགྱི། ཡང་དག་པར་མཆོད་པར་བགྱིའོ། །བདག་ཚིམ་པར་གྱུར་རིམ་འགྲོ་བགྱི་བ་བགྱིས་པར་གྱུར་རབ་ཏུ་དགའ་བར་གྱུར་ནས། སའི་ཕུང་པོ་དཔག་ཚད་སྟོང་ཕྲག་དྲུག་བཅུ་རྩ་བརྒྱད་པོ་འདི་ནས་སའི་གཞི་རྡོ་རྗེ་ལ་ཐུག་པའི་བར་དུ་སའི་བཅུད་ཀྱི་རྣམ་པར་འཕེལ་བར་བགྱི། ཡང་དག་པར་རིམ་འགྲོ་བགྱི་བ་ཡོངས་སུ་རྫོགས་པར་བགྱིའོ། །སྟེང་དུ་ཡང་རྒྱ་མཚོའི་མཐའ་ལ་ཐུག་པའི་སའི་དཀྱིལ་འཁོར་འདི་སའི་བཅུད་ཀྱི་སྣུམ་གྱིས་བརླན་པར་བགྱིའོ། །ས་ཆེན་པོ་འདི་རབ་ཏུ་མདངས་དང་ལྡན་པར་བགྱིའོ། །དེས་ན་འཛམ་བུའི་གླིང་འདིར་རྩཝ་དང་ཤིང་གེལ་པ་དང་སྨན་དང་ནགས་ཚལ་སྣ་ཚོགས་རྣམས་མདངས་དང་རབ་ཏུ་ལྡན་པར་འཁྲུང་བར་འགྱུར། ཀུན་དགའི་ར་བ་དང་ནག་ཚལ་དང་ཤིན་ལྗོན་པ་ཐམས་ཅད་དང་ལོ་མ་དང་མེ་ཏོག་དང་འབྲས་བུ་དང་ལོ་ཐོག་རྣམ་པ་སྣ་ཚོགས་ཐམས་ཅད་ཀྱང་རབ་ཏུ་མདངས་དང་ལྡན་པར
97.36b
འགྱུར་དྲི་དང་རབ་ཏུ་ལྡན་པ་དང་སྣུམ་དང་རབ་ཏུ་ལྡན་པ་དང་རོ་ཞིམ་པོར་འགྱུར་བ་བལྟན་རབ་ཏུ་སྡུག་པ་དང་རབ་ཏུ་ཆེ་བར་འགྱུར་རོ། །སེམས་ཅན་དེ་དག་ཀྱང་བཏུང་བ་དང་བཟའ་བ་རྣམ་པ་སྣ་ཚོགས་དེ་དག་འཚལ་ནས། ཚེ་དང་སྟོབས་དང་ཁ་དོག་དང་དབང་པོ་རྣམ་པར་འཕེལ་བར་འགྱུར་རོ། །གཟི་བརྗིད་དང་སྟོབས་དང་ཁ་དོག་དང་གཟུགས་དང་ལྡན་པར་གྱུར་ནས་ཀྱང་ས་ལ་མཆིས་པའི་དགོས་པ་རྣམ་པ་སྣ་ཚོགས་ཐ་དད་པ་བརྒྱ་སྟོང་དུ་མ་དག་བགྱིད་པར་འགྱུར་བརྩོན་པར་འགྱུར། འབད་པར་འགྱུར་སྟོབས་སུ་བགྱིད་པའི་ལས་རྣམས་བགྱིད་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་རྒྱུ་དེས་འཛམ་བུའི་གླིང་ཐམས་ཅད་ཞི་བ་དང་ལོ་ལེགས་པ་དང་རྒྱས་པ་དང་ཉམས་དགའ་བར་འགྱུར། མིའི་སྐྱེ་བོ་མང་པོས་གང་བར་འགྱུར། འཛམ་བུའི་གླིང་གི་སེམས་ཅན་ཐམས་ཅད་བདེ་བར་འགྱུར། དགའ་བ་རྣམ་པར་སྣ་ཚོགས་མྱོང་བར་འགྱུར། སེམས་ཅན་དེ་དག་གཟི་བརྗིད་དང་སྟོབས་དང་ཁ་དོག་དང་གཟུགས་དང་ལྡན་པར་འགྱུར་རོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདིའི་སླད་དུ་དགེ་སློང་ངམ་དགེ་སློང་མ་འམ་དགེ་བསྙེན་ནམ་དགེ་བསྙེན་མ་མདོ་སྡེའི་དབང་པོ་འདི་འཛིན་པ་དེ་དག་ཆོས་ཀྱི་སྟན་ལ་མཆིས་པའི་གན་དུ་མཆི་བར་འགྱུར། མཆིས་ནས་ཀྱང་སེཾས་རབ་ཏུ་དང་བས་སེམས་ཅན་ཐམས་ཅད་ཀྱི་དོན་དང་ཕན་པ་དང་བདེ་བ་དང་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་རྒྱ་ཆེར་ཡང་དག་པར་རབ་ཏུ་བཤད་པར་བགྱི་བའི་སླད་དུ་ཆོས་སྨྲ་བ་དེ་དག་ལ་གསོལ་བ་འདེབས་པར་འགྱུར་རོ། །དེ་ཅིའི་སླད་དུ་ཞེ་ན། བཙུན་པ་བཅོམ་ལྡན་འདས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་རབ་ཏུ་བཤད་ན། སའི་ལྷ་མོ་བརྟན་མ་བདག་གཡོག་དང་བཅས་ཏེ། རབ་ཏུ་མདངས་དང་ལྡན་པ་དང་རབ་ཏུ་སྟོབས་དང་ལྡན་པར་འགྱུར་རོ། །བདག་ཅག་གི་ལུས་ལ་སྟོབས་དང་བརྩོན་འགྲུས་དང་མཐུ་ཆེན་པོ་བསྐྱེད་པར་འགྱུར། བདག་ཅག་གི་ལུས་ལ་གཟི་བརྗིད་དང་དཔལ་དང ། ཕུན་སུམས་ཚོགས་པ་ཡང
97.37a
འཇུག་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་སའི་ལྷ་མོ་བརྟན་མ་བདག་ཆོས་བདུད་རྩིའི་ཁུ་བ་འདིས་ཚིམ་པར་གྱུར། གཟི་བརྗིད་དང་སྟོབས་དང་བརྩོན་འགྲུས་དང་མཐུ་དང་ཤུགས་ཆེན་པོ་ཐོབ་པར་གྱུར་ན། ས་ཆེན་པོའི་དཔག་ཚད་སྟོང་ཕྲག་བདུན་པའི་འཛམ་བུའི་གླིང་འདིས་སའི་བཅུད་ཆེན་པོ་རྣམ་པར་འཕེལ་བར་འགྱུར། ས་ཆེན་པོ་མདང་དང་རབ་ཏུ་ལྡན་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་ས་ལ་བརྟེན་པའི་སེམས་ཅན་དེ་དག་ཐམས་ཅད་ཀྱང་འཕེལ་ཞིང་རྒྱས་ལ་ཡང་པར་འགྱུར་ཆེན་པོར་ཡང་འགྱུར་རོ། །ས་ལ་གནས་པའི་སེམས་ཅན་དེ་དག་ཆེན་པོར་གྱུར་ནས་ཀྱང ། ལོངས་སྤྱོད་དང་ཡོངས་སུ་སྤྱོད་པ་སྣ་ཚོགས་ལ་སྤྱོད་པར་འགྱུར། བདེ་བ་ཡང་མྱོང་བར་འགྱུར་རོ། །དེ་དག་ཐམས་ཅད་བཟའ་བ་དང་བཏུང་བ་དང་བཅའ་བ་རྣམ་པ་སྣ་ཚོགས་དང་གོས་དང་མལ་ཆ་དང་གནས་དང་ཁང་པ་དང་གཞལ་མེད་ཁང་དང་བསྐྱེད་མོས་ཚལ་དང་ཆུ་བོ་དང་རྫིང་དང་ཆུ་མིག་དང་མཚེའུ་དང་མཚོ་དང་ལྟེང་ཁ་དང ། འདི་ལྟ་བུའི་ཡོ་བྱད་བདེ་བ་རྣམ་པ་སྣ་ཚོགས་ས་ལ་གནས་པ་ས་ལས་བྱུང་བ་ས་ལ་བརྟེན་པ་འདི་དག་ལ་སྤྱོད་པར་འགྱུར་རོ། །བཙུན་པ་བཅོམ་ལྡན་འདས་རྒྱུ་དེས་སེམས་ཅན་དེ་དག་ཐམས་ཅད་ཀྱིས་བདག་ལ་བྱས་པ་གཟོ་བར་བགྱིའོ། །གདོན་མི་འཚལ་བར་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་བསྟི་སྟང་དུ་བགྱིས་ཏེ། མཉན་པར་བགྱི་བཀུར་བསྟིར་བགྱི་བླ་མར་བགྱི་རིམ་གྲོ་བགྱི་མཆོད་པར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་གང་གི་ཚེ་སེམས་ཅན་དེ་དག་ཆོས་སྨྲ་བ་དེའི་གན་དུ་མཆི་བའི་སླད་དུ། རིགས་ཐ་དད་པ་དང་ཁྱིམ་ཐ་དད་པ་དག་ནས་འབྱུང་སྟེ། མཆིས་ནས་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་པར་གྱུར་ལ། ཐོས་ནས་ཀྱང་རང་རང་གི་རིགས་དང་ཁྱིམ་དང་གྲོང་དང་གྲོང་རྡལ་ཐ་དད་པ་དག་ཏུ་ཞུགས་ནས། རང་རང་གི་ཁྱིམ་ན་གནས་པ་དག་ཕན་ཚུན་དུ་འདི་སྐད་ཅེས་བདག་ཅག་གིས་དེ་རིང་ཆོས་མཉན་པ་ཟབ་མོ་ཐོས་སོ། །དེ་རིང་བདག་ཅག་གིས་བསོད་ནམས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཡོངས
97.37b
སུ་བཟུང་ངོ ། །བདག་ཅག་གིས་ཆོས་མཉན་པ་དེས། དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་དག་མཉེན་པར་བྱས་སོ། །དེང་བདག་ཅག་ཆོས་ཉན་པ་འདིས་སེམས་ཅན་དམྱལ་བ་ལས་ཡོངས་སུ་ཐར་ཏོ། །དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་དང་ཡི་དགས་ཀྱི་ཡུལ་ལས་ཡོངས་སུ་ཐར་ཏོ། །དེང་བདག་ཅག་ཆོས་ཉན་པ་འདིས་མ་འོངས་པའི་དུས་དུ་ན། ཚེ་རབ་བརྒྱ་སྟོང་ཕྲག་དུ་མར་ལྷ་དང་མིར་སྐྱེ་བ་ཡོངས་སུ་བཟུང་བར་འགྱུར་རོ། །ཞེས་གཏམ་ཟེར་བར་འགྱུར་རོ། །ཁྱིམ་ཐ་དད་པ་ན་གནས་པར་འགྱུར་བ་དེ་དག་སེམས་ཅན་གཞན་དག་ལ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་ཐ་ན་དཔེ་གཅིག་བརྗོད་དམ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་ཐ་ན་ལེའུ་གཅིག་གམ་སྔོན་བྱུང་བ་གཅིག་གམ་ཐ་ན་བྱང་ཆུབ་སེམས་དཔའི་མིང་ངམ། དེ་བཞིན་གཤེགས་པའི་མཚན་གཅིག་གམ། ཐ་ན་ཚིག་བཞིའི་པའི་ཚིགས་སུ་བཅད་པ་གཅིག་གམ་ཚིག་གཅིག་སེམས་ཅན་གཞན་དག་ལ་ཐོས་པར་བགྱིད་དམ། ཐ་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཚན་གཞན་དག་ལ་རབ་ཏུ་སྟོན་ཏམ། བཙུན་པ་བཅོམ་ལྡན་འདས་གང་དང་གང་ན་སེམས་ཅན་རྣམ་པ་ཐ་དད་པ་དེ་དག་ས་ཕྱོགས་རྣམ་པ་ཐ་དད་པ་དག་ཏུ་མདོ་སྡེའི་གཏན་ཚིགས་རྣམ་པ་སྣ་ཚོགས་འདི་ལྟ་བུ་འདི་དག་གཅིག་ལ་གཅིག་བརྗོད་དམ་ཐོས་པར་བགྱིད་དམ་གཏམ་བརྒྱུད་བརྗོད་ན་བཙུན་པ་བཅོམ་ལྡན་འདས་ས་ཕྱོགས་དེ་དག་ཐམས་ཅད་ཤིན་ཏུ་མདངས་དང་ལྡན་པ་དང་ཤིན་ཏུ་སྣུམ་པར་འགྱུར་རོ། །ས་ཕྱོགས་དེ་དང་དེ་དག་ཏུ་སེམས་ཅན་ཐམས་ཅད་ཀྱིས་ཕྱིར། སའི་བཅུད་རྣམ་པ་སྣ་ཚོགས་དང་ཡོ་བྱད་ཐམས་ཅད་རྒྱས་པར་སྐྱེ་བར་འགྱུར། རྣམ་པར་འཕེལ་བར་འགྱུར། ཤིན་ཏུ་རྒྱས་པར་འགྱུར། སེམས་ཅན་དེ་དག་ཐམས་ཅད་ཀྱང་བདེ་བར་འགྱུར་རོ། །ནོར་ཆེ་བ་དང ། ལོངས་སྤྱོད་ཆེ་བ་དང ། སྦྱིན
97.38a
པ་ལ་མོས་པར་འགྱུར། དཀོན་མཆོག་གསུམ་ལ་མངོན་པར་དད་པར་འགྱུར་རོ། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་སའི་ལྷ་མོ་བརྟན་མ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །སའི་ལྷ་མོ་སེམས་ཅན་གང་ལ་ལ་དག་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་ཐ་ན་ཚིག་གཅིག་ཅིག་ཉན་ན། དེ་དག་མིའི་འཇིག་རྟེན་འདི་ནས་ཤི་འཕོས་ནས་སུམ་བཅུ་རྩ་གསུམ་པའི་ལྷའི་རིས་ཀྱི་ནང་དུ་ལྷའི་རིས་གང་ཡང་རུང་བ་ཞིག་ཏུ་སྐྱེ་བར་འགྱུརོ། །སའི་ལྷ་མོ་སེམས་ཅན་གང་ལ་ལ་དག་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལ་མཆོད་པའི་ཕྱིར། གནས་དེ་དག་ལེགས་པར་བརྒྱན་པར་བྱེད་དམ་ཐ་ན་གདུགས་གཅིག་གམ་བ་དན་གཅིག་གམ། རས་བཅོས་བུ་གཅིག་གི་གཡོགས་ན་སའི་ལྷ་མོ་རྟག་ཏུ་བརྒྱན་པའི་གནས་དེ་དག་འདོད་པ་ན་སྤྱོད་པའི་ལྷའི་རིས་བདུན་པོ་དེ་དག་ཏུ་ལྷའི་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་རྒྱན་ཐམས་ཅད་ཀྱིས་ལེགས་པར་བརྒྱན་པ་དག་ཏུ་གནས་པར་འགྱུར་རོ། །གང་གི་ཚེ་སེམས་ཅན་དེ་དག་མིའི་འཇིག་རྟེན་འདི་ནས་ཤི་འཕོས་ཏེ། རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་དེ་དག་ཏུ་སྐྱེ་བ་དེའི་ཚེ། སའི་ལྷ་མོ་རིན་པོ་ཆེ་སྣ་བདུན་གྱི་གཞལ་མེད་ཁང་རེ་རེར་ཡང་ལན་བདུན་བདུན་སྐྱེ་བར་འགྱུར་རོ། །ལྷའི་བདེ་བ་བསམ་གྱིས་མི་ཁྱབ་པ་ཡང་མྱོང་བར་འགྱུར་རོ། །དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་སའི་ལྷ་མོ་བརྟན་མས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་དེས་ན། སའི་ལྷ་མོ་བརྟན་མ་བདག་དགེ་སློང་ཆོས་སྨྲ་བ་ཆོས་ཀྱི་སྟན་ལ་མཆིས་པ་དེའི་ཆོས་ཀྱི་སྟན་གྱི་ལོགས་ཀྱི་ས་ཕྱོགས་དེ་དང་དེ་དག་ཏུ་གནས་པར་བགྱིའོ། །ཅི་ནས་ཀྱང་སངས་རྒྱས་བརྒྱ་སྟོང་དག་ལ་དགེ་བའི་རྩ་བ་བསྐྲུན་པའི་སེམས་ཅན་དེ་དག་གིས་དོན་གྱི་སླད་དུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཛམ་བུའི་གླིང་དུ་ཡུན་རིང་དུ་གནས་ཤིང ། མྱུར་དུ་ནུབ་པར་མི་འགྱུར་བ་དང ། སེམས་ཅན་རྣམ་ཀྱང་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པར་འགྱུར་བ་དང །
97.38b
མ་འོངས་པའི་དུས་ན་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མར་ལྷ་དང་མིའི་བདེ་བ་བསམ་གྱི་མི་ཁྱབ་པ་མྱོང་བར་འགྱུར་བ་དང ། དེ་བཞིན་གཤེགས་པ་དང་འགྲོགས་པར་འགྱུར་བ་དང་མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང ། སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་ཤིན་དུ་ཆད་པར་འགྱུར་བར་ལུས་མི་གདའ་བར་བགྱིས་ཏེ། དགེ་སློང་ཆོས་སྨྲ་བ་དེའི་རྐང་པ་ལ་ཡན་ལག་གི་དམ་པ་མགོས་བརྟེན་པར་བགྱིའོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། སའི་ལྷ་མོ་བརྟན་མའི་ལེའུ་ཞེས་བྱ་བ་སྟེ་བཅུ་པའོ།། །། དེ་ནས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་དང་ལྷན་ཅིག་ཏུ་སྟན་ལས་ལངས་ཏེ། གོས་ཕྲག་པ་གཅིག་ཏུ་བགོས་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས་ད་ལྟར་དང་མ་འོངས་པའི་དུས་ན། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་གྲོང་ངམ་གྲོང་ཁྱེར་རམ་གྲོང་རྡལ་ལམ་ལྗོན་སམ་དགོན་པའི་ཕྱོགས་སམ་རིའི་སྨན་ལྗོངས་སམ་ཕོ་བྲང་འཁོར་གང་དུ་འབྱུང་བར་འགྱུར་བ་དེར་བཙུན་པ་བཅོམ་ལྡན་འདས་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་བདག་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཉི་ཤུ་རྩ་བརྒྱད་པོ་དེ་དག་དང་ལྷན་ཅིག་ཏུ་གྲོང་ངམ་གྲོང་ཁྱེར་རམ་གྲོང་རྡལ་ལམ་ལྗོངས་སམ་དགོན་པའི་ཕྱོགས་སམ་རིའི་སྨན་ལྗོང་སམ་ཕོ་བྲང་འཁོར་དེར་མཆི་བར་བགྱིའོ། །ལུས་མི་གདའ་བར་བགྱི་སྟེ་དགེ་སློང་ཆོས་སྨྲ་བ་དེ་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱབ་པ་དང་ཡོངས་སུ་གཟུང་བ་དང་ཡོངས་སུ་བསྐྱང་བ་དང ། ཆད་པ་སྤང་བ་དང །
97.39a
ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །སྐྱེས་པ་འམ་བུད་མེད་དམ་ཁྱེའུ་འམ་བུ་མོ་ཆོས་ཉན་པ་དེ་དག་ཐམས་ཅད་དང་གང་སུ་དག་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་ཐ་ན་ཚིག་བཞི་པའི་ཚིགས་སུ་བཅད་པ་གཅིག་ཉན་པ་དང་ཐ་ན་ཚིག་གཅིག་དང་ཐ་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལས་བྱང་ཆུབ་སེམས་དཔའི་མིང་གཅིག་གམ། དེ་བཞིན་གཤེགས་པའི་མཚན་གཅིག་ཐོས་པར་གྱུར་ཏེ། གཟུང་བ་དང་ཐ་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདིའི་མིང་ཐོས་པར་འགྱུར་ཏེ། གཟུང་བ་དེ་དག་ཐམས་ཅད་ཀུན་ཏུ་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱབ་པ་དང་ཡོངས་སུ་བཟུངས་བ་དང་ཡོངས་སུ་བསྐྱང་བ་དང་ཆད་པ་སྤང་བ་དང་ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །རིགས་དེ་དག་དང་ཁྱིམ་དེ་དག་དང་གྲོང་དེ་དག་དང་གྲོང་ཁྱེར་དེ་དག་དང་གྲོང་རྡལ་དེ་དག་དང་དགོན་པ་དེ་དག་དང ། ཕོ་བྲང་འཁོར་དེ་དག་ཀྱང་ཀུན་ཏུ་བསྲུང་བར་བགྱིའོ། །ཡོངས་སུ་བསྐྱབ་པ་དང་ཡོངས་སུ་བཟུང་བ་དང་ཡོངས་སུ་བསྐྱང་བ་དང ། ཆད་པ་སྤང་བ་དང་ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །བཙུན་པ་བཅོམ་ལྡན་འདས་རྒྱུ་གང་དག་གིས། བདག་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་ཞེས་མིང་དུ་ཆགས་པར་གྱུར་ཅེ་ན། འདི་ནི་བཙུན་པ་བཅོམ་ལྡན་འདས་ཉིད་ཀྱི་མངོན་སུམ་མོ། །བཙུན་པ་བཅོམ་ལྡན་འདས་བདག་གིས་ཆོས་ཐམས་ཅད་འཚལ་ཏོ། །ཆོས་ཐམས་ཅད་ཡོངས་སུ་འཚལ་ཏོ། །ཆོས་ཐམས་ཅད་ཁོང་དུ་ཆུད་དོ། །ཆོས་ཐམས་ཅད་ཇི་སྙེད་པ་དང་ཆོས་ཐམས་ཅད་ཇི་ལྟ་བ་དང་གནས་པ་གང་ལགས་པ་དང་ཆོས་ཐམས་ཅད་ཀྱི་རིགས་གང་ལགས་པ་དང ། བཙུན་པ་བཅོམ་ལྡན་འདས་ཆོས་ཐམས་ཅད་བདག་ལ་མངོན་སུམ་མོ། །བཙུན་པ་བཅྡོཾས་ཆོས་ཐམས་ཅད་ལ་བདག་གི་ཡེ་ཤེས་སྣང་བ་བསཾ་གྱིས་མི་ཁྱབ་བོ། །ཡེ་ཤེས་ཀྱི་གསལ་བ་བསཾ་གྱིས་མི་ཁྱབ་བོ། །ཡེ་ཤེས་ཀྱི་རྒྱུ་བ་བསཾ་གྱིས
97.39b
མི་ཁྱབ་བོ། །ཡེ་ཤེས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་བོ། །བཙུན་པ་བཅོམ་ལྡན་འདས་ཆོས་ཐམས་ཅད་ལ་བདག་གི་ཡེ་ཤེས་ཀྱི་ཡུལ་འཇུག་པ་བསམ་གྱིས་མི་ཁྱབ་བོ། །བཙུན་པ་བཅོམ་ལྡན་འདས་ཇི་ལྟར་བདག་ཆོས་ཐཾད་ཡང་དག་པར་འཚལ་བ་དང་ཡང་དག་པར་ཡོངས་སུ་བརྟགས་པ་དང་ཡང་དག་པར་ཡོངས་སུ་འཚལ་བ་དང་ཡང་དག་པར་རྣམ་པར་བལྟས་པ་དང་ཡང་དག་པར་ཁོང་དུ་ཆུད་པའི་རྒྱུ་དེས་ན། བཙུན་པ་བཅོམ་ལྡན་འདས་བདག་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཡང་དག་ཤེས་ཞེས་མིང་དུ་ཆགས་སོ། །བཙུན་པ་བཅོམ་ལྡན་འདས་བདག་གི་དགེ་སློང་ཆོས་སྨྲ་བ་དེའི་ཚིག་བརྒྱན་པར་བགྱི་བའི་སླད་དུ་སྤོབ་པ་ཉེ་བར་བསྒྲུབ་པར་བགྱིའོ། །ཇི་ལྟར་ཆོས་སྨྲ་བ་དེ་ལུས་མི་ངལ་བར་འགྱུར་བ་དང་ལུས་ཀྱི་དབང་པོ་བདེ་བར་འགྱུར་བ་དང་རབ་ཏུ་དགའ་བ་སྐྱེ་བར་འགྱུར་བ་དང་གང་གི་སླད་དུ་སངས་རྒྱས་བརྒྱ་སྟོང་དག་ལ་དགེ་བའི་རྩ་བ་བསྐུན་པའི་སེཾན་རྣམས་ཀྱི་དོན་གྱི་སླད་དུ། གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་འཛམ་བུའི་གླིང་དུ་ཡུན་རིང་དུ་གནས་ཤིང་མྱུར་དུ་ནུབ་པར་མི་འགྱུར་བ་དང ། སེམས་ཅན་རྣམས་ཀྱང་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ཉན་པར་འགྱུར་བ་དང་ཡེ་ཤེས་ཀྱི་ཕུང་པོ་བསམ་གྱིས་མི་ཁྱབ་པ་ཐོབ་པར་འགྱུར་བ་དང ། ཤེས་རབ་དང་ལྡན་པར་འགྱུར་བ་དང ། བསོད་ནམས་ཀྱི་ཕུང་པོ་རབ་ཏུ་འཛིན་པར་འགྱུར་བ་དང ། མ་འོངས་པའི་དུས་ན་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུས་མར་ལྷ་དང་མིའི་བདེ་བ་བསམ་གྱིས་མི་ཁྱབ་པ་མྱོང་བར་འགྱུར་བ་དང ། དེ་བཞིན་གཤེགས་པ་དང་འགྲོགས་པར་འགྱུར་བ་དང ། མ་འོངས་པའི་དུས་ན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་དང ། སེམས་ཅན་དམྱལ་བ་དང་དུད་འགྲོའི་སྐྱེ་གནས་དང་གཤིན་རྗེའི་འཇིག་རྟེན་གྱི་སྡུག་བསྔལ་ཐམས་ཅད་ཤིན་ཏུ་ཆད་པར་འགྱུར་བར་དེའི་སྤུའི་བུ་ག་རྣམས་སུ་མདངས་སྩལ་བར་བགྱིའོ། །དེའི་ལུས
97.40a
ལ་མཐུ་དང་སྟོབས་དང་བརྩོན་འགྲུས་ཆེན་པོ་བསྐྱེད་པར་བགྱིའོ། །དེའི་ཡེ་ཤེས་ཀྱི་སྣང་བ་བསམ་གྱིས་མི་ཁྱབ་པར་བགྱིའོ། །དེའི་དྲན་པ་ཁོང་དུ་ཆུད་པར་བགྱིའོ། །དེ་ཆེར་སྤྲོ་བར་བགྱིའོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། ཡང་དག་ཤེས་ཀྱི་ལེའུ་ཞེས་བྱ་བ་སྟེ་བཅུ་གཅིག་པའོ།། །། འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བམ་པོ་བཞི་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་མེ་ཏོག་ཡོན་ཏན་རྒྱ་མཚོ་བཻདཱུརྱ་དང་གསེར་གྱི་རི་ཁ་དོག་བཟང་པོ་གསེར་དུ་སྣང་བའི་དཔལ་དེ་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོན་ཏན་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མས་སྐུ་ལེགས་པར་བརྒྱན་པ། གང་ཆོས་ཀྱི་སྒྲོན་མ་འདི་འབར་བར་མཛད་པ་ཤཱཀྱ་ཐུབ་པ་དེ་ལ་ཕྱག་འཚལ་ལོ། །ལྷ་མོ་ཆེན་མོ་དཔལ་ཡོན་ཏན་གྱི་འབྲུ་དང་བཀྲ་ཤིས་པ་དཔག་ཏུ་མེད་པ་ཕུན་སུམ་ཚོགས་པ་དེ་ལ་ཕྱག་འཚལ་ལོ། །ལྷ་མོ་ཆེན་མོ་དབྱངས་ཅན་ཤེས་རབ་ཀྱི་ཡོན་ཏན་དཔག་ཏུ་མེད་པ་འདུས་པ་དེ་ལ་ཕྱག་འཚལ་ལོ། །ཡང་དེའི་ཚེ་དེའི་དུས་ན་རྒྱལ་པོ་སྟོབས་ཀྱི་དབང་པོའི་ཏོག་གིས་བུ་རྒྱལ་པོ་མཛེས་པའི་ཏོག་དབང་བསྐུར་ནས་རིང་པོར་མ་ལོན་པ་རྒྱལ་སྲིད་གསར་དུ་གནས་པ་ལ་འདི་སྐད་ཅེས་སྨྲས་སོ། །བུ་གང་ངས་སྔོན་དབང་བསྐུར་ནས་རིང་པོར་མ་ལོན་པ་ཞིག་ན། ཡབ་མཆོག་གི་དབང་པོའི་ཏོག་ལས་བླངས་པ་རྒྱལ་པོའི་བསྟན་བཅོས་ལྷའི་དབང་པོའི་དམ་ཚིག་ཅེས་བྱ་བ་ཞིག་ཡོད་དེ། ངས་རྒྱལ་པོའི་བསྟན་བཅོས་ལྷའི་དབང་པོའི་དམ་ཚིག་དེས། ལོ་ཉི་ཁྲི་འི་བར་དུ་རྒྱལ་པོ་ཉིད་བྱས་པར་གྱུར་ཏེ། ཐ་ན་སེམས་ཀྱི་སྐད་ཅིག་གཅིག་ཙམ་གྱི་ཚོད་ཀྱང་སྔོན་ཆོས་མ་ཡིན་པས་ཕྱོགས་འགའ་ཞིག་ལ་གནས་པར་མ་ཤེས་སོ་བུ་རྒྱལ་པོའི་བསྟན་བཅོས་ལྷའི་དབང་པོའི་དམ་ཚིག་ཅེས་བྱ་བ་དེ་གང
97.40b
ཞེ་ན། དེས་ན་རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་རྒྱལ་པོ་སྟོབས་ཀྱི་དབང་པོའི་ཏོག་གིས་བུ་རྒྱལ་པོ་མཛེས་པའི་ཏོག་ལ་རྒྱལ་པོའི་སྟན་བཅོས་ལྷའི་དབང་པོའི་དམ་ཚིག་ཅེས་བྱ་བའི་ཚིགས་སུ་བཅད་པ་འདི་དག་གིས་རྒྱ་ཆེར་ཡང་དག་པར་རབ་ཏུ་བསྟན་ཏོ། །སེམས་ཅན་ཀུན་ལ་ཕན་བྱེད་པ། །ཐེ་ཚོམ་ཐམས་ཅད་གཅོད་པ་པོ། །ཉེས་བྱས་ཐམས་ཅད་འཇིག་བྱེད་པ། །རྒྱལ་པོའི་བསྟན་བཅོས་བཤད་པར་བྱ། །རྒྱལ་པོ་ཐམས་ཅད་སོ་སོ་ནས། །དགའ་བའི་སེམས་སུ་འགྱུར་བྱོས་ལ། །ལྷ་ཡི་དབང་པོའི་དམ་ཚིག་ཀུན། །ཐལ་མོ་སྦྱར་ཏེ་མཉན་པར་བྱོས། །རྡོ་རྗེའི་འབྱུང་གནས་རི་དབང་འདིར། །ལྷ་ཡི་དབང་པོ་འདུས་པ་ན། །ཚངས་དབང་ལ་ནི་དྲི་བའི་ཕྱིར། །འཇིག་རྟེན་སྐྱོང་བ་རྣམས་ཀྱང་ལངས། །ཁྱོད་ནི་ལྷ་གཙོ་ཚངས་པ་སྟེ། །ཁྱོད་ནི་ལྷ་རྣཾས་དབང་ཕྱུག་ལགས། །ཁྱོད་ནི་བདག་ཅག་ཐེ་ཚོམ་གཅོད། །བདག་ཅག་དོགས་པ་གཅད་དུ་གསོལ། །མིར་སྐྱེས་པའི་རྒྱལ་པོ་ལ། །ཇི་ལྟ་བུར་ན་ལྷ་ཞེས་བགྱི། །གང་གི་རྒྱུས་ན་རྒྱལ་པོ་ལ། །ལྷ་སྲས་ཞེས་ནི་བགྱི་བར་འགྱུར། །གལ་ཏེ་ལྷ་ནི་ཇི་ལྟ་བུར། །མི་ཡི་འཇིག་རྟེན་འདིར་སྐྱེ་ཞིང ། །མི་བདག་གྱུར་ཏེ་མི་རྣམས་ལ། །རྒྱལ་པོ་ཉིད་ནི་བགྱིད་པར་འགྱུར། །འཇིག་རྟེན་སྐྱོང་བས་ཚངས་དབང་དང ། །དེ་སྐད་ཡོངས་སུ་དྲིས་པ་དང ། །ལྷའི་གཙོ་བོ་ཚངས་པ་དེས། །འཇིག་རྟེན་སྐྱོང་ལ་འདི་སྐད་སྨྲས། །དེ་ལྟར་འཇིག་རྟེན་སྐྱོང་རྣམས་ཀྱིས། །ད་ལྟར་བདག་ལ་དྲིས་པས་ན། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །བསྟན་བཅོས་དམ་པ་ཁོ་བོས་བསྟན། །མི་ཡི་གནས་སུ་སྐྱེ་པའི། །རྒྱལ་པོ་རྣམས་ཀྱི་སྐྱེ་བ་དང ། །རྒྱུ་གང་གི་ན་ཡུལ་རྣམས་སུ། །རྒྱལ་པོར་འགྱུར་བ་བཤད་པར་བྱ། །ལྷ་དབང་རྣམས་གྱིས་བྱིན་རླབས་ཀྱིས། །མའི་རུམ་དུ་འཇུག་འགྱུར་ཏེ། །ལྷའི་སྔར་ནི་བྱིན་བརླབ་ནས། །ཕྱི་ནས་མངལ་དུ་འཇུག་པར་འགྱུར། །མིའི་འཇིག་རྟེན་སྐྱེས་ཀྱང་ནི། །མིའི་དབང་པོར་གྱུར་པ་ཡིན། །ལྷ་ལས་སྐྱེས་པར་གྱུར་པས་ན། །དེ་ནིལྷའི་སྲས་ཞེས་བྱ། །ཁྱོད་ནི་ལྷ་ཀུན་བུ
97.41a
ཡིན་ཞེས། །སུམ་བཅུ་རྩ་གསུམ་ལྷ་དབང་གིས། །རྒྱལ་པོའི་སྐལ་བ་བྱིན་ནས་ནི། །མི་རྣམས་ཀྱི་ནི་དབང་པོར་སྤྲུལ། །ཉེས་པ་བྱས་པ་རྣམ་འགོག་པ། །ཆོས་མ་ཡིན་པ་གཞིག་པ་དང ། །སེམས་ཅན་ལེགས་བྱེད་དགོད་པ་དང ། །ལྷ་ཡི་གནས་སུ་དགྱེ་བའི་ཕྱིར། །མི་ཡི་དབང་པོ་མི་ཤེས་དང ། །ལྷའི་ཤས་དང་དྲི་ཡི་ཤས། །གདོལ་པའི་ཤས་དང་སྲིན་ཤས་ཀྱིས། །ཉེས་པར་བྱེད་པ་ཟློག་པར་བྱེད། །ལེགས་པར་བྱ་བ་བྱེད་རྣམས་ལ། །མི་ཡི་དབང་པོ་ཕ་མའི་ཤས། །རྣམ་སྨིན་འབྲས་བུ་བསྟན་པའི་ཕྱིར། །ལྷའི་རྒྱལ་པོ་བྱིན་གྱིས་བརླབས། །ཚེ་འདིའི་ལེགས་པར་བྱས་པ་དང ། །ཉེས་པར་བྱེད་པའི་ལས་རྣམས་ཀྱི། །རྣམ་སྨིན་འབྲས་བུ་བསྟན་པའི་ཕྱིར། །ལྷ་ཡི་རྒྱལ་པོ་བྱིན་གྱིས་བརླབས། །ཡུལ་ན་ཉེས་བྱེད་གནས་པ་དག་།གང་ཚེ་རྒྱལ་པོས་ཡལ་བོར་ཞིང ། །སྡིག་པ་ཅན་གྱི་སྐྱེ་བོ་ལ། །འཐུན་པའི་ཆད་པས་མི་གཅོད་ཅིང ། །ཉེས་པར་བྱས་པ་ཡལ་བོར་བ། །དེ་ཚེ་ཆོས་མིན་ཤིན་ཏུ་འཕེལ། །ཐབ་མོ་དང་ནི་གཡོ་རྣམས་ཀྱང ། །ཡུལ་འཁོར་དེ་ནི་ཕྱིར་ཕྱིར་འབྱུང ། །སུམ་བཅུ་རྩ་གསུམ་ཁང་པ་ན། །ལྷ་ཡི་དབང་པོ་འཁྲུག་པར་འགྱུར། །ཡུལ་ན་ཉེས་བྱེད་གནས་པ་དག་།གང་ཚེ་རྒྱལ་པོས་ཡུལ་བོར་བ། །དེ་ཚེ་གཡོ་ནི་མི་བཟད་པ། །དྲག་པོ་རྣམས་ཀྱིས་ཡུལ་འཇོམ་འགྱུར། །ཕ་རོལ་དམག་ཚོག་ལྷག་ནས་སུ། །ཡུལ་འཁོར་དེ་ནི་རྣམ་པར་འཇིག་།ལོངས་སྤྱོད་རྣམ་དང་རིགས་ཀྱང་འཇིག་།གང་གིས་ནོར་བསགས་ཡོད་པ་ཡང ། །གཡོ་བྱེད་རྣམ་པ་མང་པོ་ཡིས། །ཕན་ཚུན་དུ་ནི་འཕྲོག་པར་འགྱུར། །བྱ་བ་གང་གིས་རྒྱལ་པོ་ཉིད། །བྱ་བ་དེ་ནི་མི་བྱེད་ན། །གླང་ཆེན་དབང་པོས་བརྫིང་བུ་བཞིན། །རང་གི་ཡུལ་འཁོར་རྣམ་པར་འཇིག་།མ་རུངས་པའི་རླུང་ལྡང་ཞིང ། །མ་རུངས་པའི་ཆར་པ་འབབ། །ཉི་མ་དང་ནི་ཟླ་བ་དང ། །གཟའ་དང་རྒྱུ
97.41b
སྐར་མ་རུངས་འབྱུང ། །རྒྱལ་པོས་ཡལ་བར་བོར་ན་དེར། །ས་བོན་ལོ་ཐོག་མེ་ཏོག་འབྲས། །ལེགས་པར་སྨིན་པར་མི་འགྱུར་ཞིང ། །མུ་གེ་དག་ཀྱང་འབྱུང་བར་འགྱུར། །ཡུལ་ན་ཉེས་བྱེད་གནས་པ་དག་།གང་ཚེ་རྒྱལ་པོས་ཡལ་བོར་བ། །དེ་ཚེ་ལྷ་རྣམ་ཁང་པ་ན། །ཡིད་ནི་དགའ་བར་མི་འགྱུར་རོ། །ལྷ་རྒྱལ་དབང་པོས་དེ་དག་ཀུན། །རྒྱལ་འདི་ཆོས་དང་མི་ལྡན་ཏེ། །ཆོས་མིན་ཕྱོགས་ལ་གནས་པ་ཞེས། །ཕན་ཚུན་དུ་ནི་སྨྲ་བར་གྱུར། །རྒྱལ་འདིས་རིངས་པོར་མི་ཐོག་པར། །ལྷ་རྣམས་འཁྲུག་པར་བྱེད་པར་འགྱུར། །ལྷ་རྣམས་རབ་ཏུ་འཁྲུགས་པས་ན། །དེ་ཡི་ཡུལ་ནི་རྣམ་པར་འཇིག་།ཡུལ་དུ་ཆོས་མིན་འབྱུང་འགྱུར་ཞིང ། །མཚོན་ཆས་ཀྱང་ནི་འཇིག་པར་འགྱུར། །གཡོ་རྣམས་དང་ནི་འཐབ་མོ་དང ། །ནད་ཀྱང་ཀུན་ཏུ་འབྱུང་བར་འགྱུར། །ལྷ་ཡི་དབང་པོ་རབ་ཁྲོས་ཞིང ། །ལྷ་རྣམ་ཀྱིས་ཀྱང་ཡལ་བར་འདོར། །ཡུལ་འཁོར་དེ་ནི་འཇིག་པར་འགྱུར། །རྒྱལ་པོ་དེ་ནི་མྱ་ངན་རྙེད། །སྤུན་ནམ་ཡང་ན་བུ་ཡང་རུང ། །སྡུག་པ་རྣམ་དང་བྲལ་བར་འགྱུར། །སྡུག་པས་ཆུང་མ་དང་ཡང་བྲལ། །ཡང་ན་བུ་མོ་འཆི་བར་འགྱུར། །སྐར་མདའ་དག་ཀྱང་ལྟུང་བར་འགྱུར། །དེ་བཞིན་ཉི་མ་འདྲ་བ་འབྱུང ། །ཕ་རོལ་གྱིས་ནི་དམགས་ཚོགས་དང ། །མུ་གེ་ཤིན་ཏུ་འབྱུང་བར་འགྱུར། །དེ་ཡི་བློན་པོ་ཕང་པ་དང ། །གླང་པོ་ཕངས་པ་འཆི་བར་འགྱུར། །དེ་ཡི་འོག་ཏུ་རྔ་མོ་ནི། །ཕངས་པ་དག་ཀྱང་འཆི་བར་འགྱུར། །ཁྱིམ་དང་ལོངས་སྤྱོད་ནོར་རྣམ་ཀྱང ། །ཕན་ཚུན་དུ་ནི་འཁྲོག་པར་འགྱུར། །ཡུལ་ཡུལ་དུ་ནི་མཚོན་ཆ་ཡིས། །ཕན་ཚུན་དག་ཏུ་འདེབས་པར་འགྱུར། །ཐབ་མོ་དག་དང་བརྩོད་དང་གཡོ། །ཡུལ་རྣམ་སུ་ནི་འབྱུང་བར་འགྱུར། །ཡུལ་འཁོར་དུ་ནི་གདོན་འཇུག་ཅིང ། །མི་བཟད་པའི་ནད་ཀྱང་འབྱུང ། །དེ་ཡི་འོག་ཏུ་སྦྱིན་གནས་ཀྱང ། །ཆོས་དང་ལྡན་པ་མ་ཡིན་འགྱུར། །དེ་ཡི་འཁོར་དང་བློན་པོ་ཡང ། །
97.42a
ཆོས་དང་ལྡན་པ་མ་ཡིན་འགྱུར། །ཆོས་དང་མི་ལྡན་སྐྱེ་བོ་ལ། །དེ་ཡི་འོག་ཏུ་མཆོད་བྱེད་འགྱུར། །ཆོས་དང་ལྡན་པའི་སེམས་ཅན་ལ། །རྟག་ཏུ་ཆད་པས་གཅོད་པར་འགྱུར། །ཆོས་དང་མི་ལྡན་སྐྱེ་བོ་བཀུར། །ཆོས་ལྡན་ཆད་པས་བཅོད་པས་ན། །དེར་ནི་ཆུ་དང་རྒྱུ་སྐར་རླུང ། །རྣམ་གསུམ་རྣམ་པར་འཁྲུག་པར་འགྱུར། །ཆོས་མིན་སྐྱེ་བོ་བཟུང་བས་ན། །དམ་ཆོས་རོ་ཡི་སྙིང་པོ་མདངས། །སེམས་ཅན་མདང་དང་ས་ཡི་བཅུད། །དངོས་པོ་རྣམ་གསུམ་རྣམ་པར་འཇིག་།སྐྱེ་བོ་ངན་པ་རབ་བཀུར་ཅིང ། །སྐྱེ་བོ་དམ་པ་སྨད་པས་ན། །འཆི་དང་ལྕེ་འབབ་མུ་གེ་དང ། །རྣམ་པ་གསུམ་ནི་དེར་འབྱུང་འགྱུར། །འབྲས་བུ་ལོ་ཐོག་རོ་དང་མདང ། །དེ་ཡི་འོག་ཏུ་མེད་པར་འགྱུར། །སེམས་ཅན་ནད་པ་མང་པོ་དག་།ཡུལ་རྣམ་སུ་ནི་འབྱུང་བར་འགྱུར། །མངར་ཞིང་ཆེ་བའི་འབྲས་བུ་དག་།ཡུལ་རྣམ་ན་ནི་ཡོད་པ་ཡང ། །ཁ་བ་དང་ནི་ཚ་བ་དང ། །ཆུང་བ་དག་ནི་ཉིད་དུ་འགྱུར། །རྩེ་དང་རྒོད་དང་དགའ་བ་དང ། །སྔན་ཆད་དགའ་བའི་དངོས་པོ་དག་།དགའ་བའི་ཉམས་ནི་མི་དགར་འགྱུར། །ཉོན་མོངས་རྒྱ་ཡི་རྣམ་པར་འཁྲུགས། །ལོ་ཐོག་རྣམ་དང་འབྲས་བུ་ཡི། །སྣུམ་དངོས་ཁུ་བ་ཟད་པས་ན། །ལུས་དང་ཁམས་དང་དབང་པོ་ལ། །དེ་ལྟར་ཚིམ་པར་མི་འགྱུར་རོ། །སེམས་ཅན་རྣམ་ནི་མདོག་ངན་ཞིང ། །མཐུ་འཆུང་ཤིན་ཏུ་རིང་པར་འགྱུར། །ཁ་ཟས་མང་པོ་ཟོས་ཀྱང་ནི། །ཚིམ་པར་འགྱུར་བ་མ་ཡིན་ནོ། །སྟོབས་དང་མཐུ་དང་བརྩོན་འགྲུས་དང ། །དེ་ཡི་འོག་ཏུ་མེད་པར་འགྱུར། །སེམས་ཅན་བརྩོན་འགྲུས་ཉམས་པ་དག་།ཡུལ་རྣམ་སུ་ནི་འབྱུང་བར་འགྱུར། །སྣ་ཚོགས་ནད་ཀྱིས་གཟིར་བའི། །སེམས་ཅན་ནད་མང་འབྱུང་བར་འགྱུར། །སྲིན་པོ་སྣ་ཚོག་ལས་གྱུར་པའི། །གཟའ་དང་རྒྱུ་སྐར་འབྱུང་བར་འགྱུར། །ཆོས་མིན་ཕྱོགས་ལ་རབ་གནས་ཏེ། །རྒྱལ་པོ་ཆོས
97.42b
དང་མི་ལྡན་པས། །འཇིག་རྟེན་གསུམ་གྱི་དཀྱིལ་འཁོར་ན། །ཁམས་གསུམ་རྣམ་པར་འཇིག་པར་འགྱུར། །གང་ཚེ་རྒྱལ་པོ་ཕྱོགས་གནས་ཏེ། །ཉེས་བྱེད་ཡལ་བར་འདོར་བའི་ཚེ། །འདི་འདྲའི་ཉེས་པ་དུ་མ་དག་།ཡུལ་རྣམས་སུ་ནི་འབྱུང་བར་འགྱུར། །དགོས་པ་གང་ཕྱིར་ལྷ་དབང་གིས། །རྒྱལ་པོ་བྱིན་གྱིས་བརླབས་པ་ཡི། །རྒྱལ་པོ་ཉིད་ནི་མི་བྱེད་ཅིང ། །ཉེས་བྱེད་ཡལ་བར་འདོར་ན་ནི། །ལེག་པར་བྱས་པས་སེམས་ཅན་རྣམས། །ལྷ་ཡི་གནས་སུ་ལྷར་ཡང་སྐྱེ། །ཉེས་པར་བྱས་པས་ཡི་དགས་དང ། །སེམས་ཅན་དམྱལ་དང་དུད་འགྲོར་སྐྱེ། །གང་ཚེ་རྒྱལ་པོ་ཡུལ་རྣམས་ན། །ཉེས་བྱེད་ཡལ་བར་འདོར་བའི་ཚེ། །སུམ་བཅུ་རྩ་གསུམ་ལྷ་གནས་ནས། །ཉེས་པ་བྱས་པས་ལྟུང་བར་འགྱུར། །རྒྱལ་པོ་ཉིད་ནི་མི་བྱེད་ན། །དེ་ནི་བུ་ཡང་མ་ཡིན་ལ། །ལྷ་ཡི་རྒྱལ་པོ་ཕ་རྣམ་ཀྱིས། །གནས་ལ་ཉེས་དང་བཅས་པར་འགྱུར། །གཡོ་ནི་ཤིན་ཏུ་མི་བཟད་པས། །གང་ཚེ་ཡུལ་འཁོར་འཇིག་འགྱུར་བ། །དེ་ཕྱིར་ལྷའི་དབང་པོ་ཡི། །མི་གནས་རྒྱལ་པོ་བྱིན་གྱིས་བརླབས། །ཉེས་པ་བྱས་ཞི་བྱ་བའི་ཕྱིར། །ལེགས་པར་བྱེད་ལ་འཛུད་པ་སྟེ། །ཚེ་འདི་ལ་ནི་སེམས་ཅན་ལ། །རྣམ་སྨིན་བསྐྱེད་པ་རྒྱལ་པོ་ཡིན། །ལེགས་བྱས་དང་ནི་ཉེས་བྱས་ཀྱི། །ལས་ཀྱི་རྣམ་པར་སྨིན་པའི་འབྲས། །རྣམ་པ་ཐ་དད་པ་བསྟན་པའི་ཕྱིར། །བྱེད་པ་གང་ཡིན་རྒྱལ་པོར་བརྗོད། །བདག་གིས་དོན་དང་གཞན་དོན་དང ། །ཡུལ་གྱི་ཆོས་ཀྱི་དོན་གྱི་ཕྱིར། །ལྷ་ཚོགས་རྣམ་ཀྱི་བྱིན་གྱིས་བརླབས། །ལྷ་རྣམ་དག་ཀྱང་རྗེས་ཡི་རང ། །ཡུལ་འཁོར་རྣམས་ན་སྐྱེ་བོ་ནི། །སྡིག་ཅན་གཡོན་ཅན་འདུལ་བ་དང ། །ཡུལ་གྱི་ཆོས་ཀྱི་དོན་གྱི་ཕྱིར། །སྲོག་དང་རྒྱལ་སྲིད་རྣམ་ཀྱང་བཏང ། །ཆོས་མ་ཡིན་པས་བཟོད་བྱེད་ཅིང ། །ཤེས་བཞིན་ཡལ་བར་འདོར
97.43a
བ་ནི། །ཡུལ་ན་འཇིག་པ་མི་བཟད་པ། །དེ་འདྲ་གཞན་ནི་ཡོད་མ་ཡིན། །ཇི་ལྟར་གཡོ་རྣམས་བྱུང་བ་ལ། །གཡོ་བྱེད་ཆད་པས་མ་གཅད་ན། །ཡུལ་དུ་ཤིན་ཏུ་མི་བཟད་པའི། །གཡོ་རྣམ་ཕྱིར་ཞིང་འབྱུང་བར་འགྱུར། །གླང་ཆེན་རྣམ་ཀྱི་རྫིང་ཆེན་བཞིན། །ཡུལ་འཁོར་དེ་ནི་རྣམ་པར་འཇིག་།ལྷ་དབང་རྣམ་ཀྱང་ཁྲོ་བར་འགྱུར། །ལྷ་ཡི་གནས་ནི་རྣམ་པར་འཇིག་།ཡུལ་དུ་དངོས་པོ་ཐམས་ཅད་ནི། །མ་རུང་བར་ཡང་འགྱུར་བས་ན། །དེ་ཕྱིར་སྡིག་པ་བྱེད་པ་རྣམས། །ཉེས་པའི་རིམ་བཞིན་གདུལ་བར་བྱ། །ཆོས་ཀྱིས་ཡུལ་འཁོར་བསྐྱང་བར་བྱ། །ཆོས་མ་ཡིན་པ་སྤྱད་མི་བྱ། །སྲོག་ཀྱང་ཡོངས་སུ་གཏང་བྱ་ཞིང ། །ཉེ་མཁོན་བྱ་བར་མི་བྱའོ། །སྐྱེ་བོ་གཉེན་དང་སྐྱེ་བོ་གཞན། །ཡུལ་འཁོར་སྐྱེ་བོ་ཐམས་ཅད་ལ། །རྒྱལ་པོས་ཕྱོགས་ཀྱང་ཅིག་བྱའི། །ཕྱོགས་སུ་ལྷུང་བར་གྱུར་ཏ་རེ། །རྒྱལ་པོ་ཆོས་དང་ལྡན་པའི། །གྲགས་པ་འཇིག་རྟེན་གསུམ་གང་སྟེ། །སུམ་བཅུ་གསུམ་གྱི་གནས་རྣམས་ན། །ལྷ་ཡི་དབང་པོ་དགར་འགྱུར་ཏེ། །འཛམ་བུའི་གླིང་ན་ངེད་ཀྱི་བུ། །འདི་ལྟར་ཆོས་ལྡན་རྒྱལ་པོ་ཡིན། །ཆོས་ཀྱི་ཡུལ་འཁོར་དེར་སྟན་ནས། །ལེགས་པར་བྱེད་ལ་སྐྱེ་བོ་བཀོད། །རྒྱལ་པོ་དེ་ནི་ལེགས་བྱེད་པས། །སྐྱེ་བོ་དག་ནི་འདིར་འགྱེད་དེ། །ལྷ་དང་ལྷའི་བུ་རྣམ་ཀྱིས། །ལྷ་གནས་གང་བར་བྱེད་སྙམ་མོ། །ཆོས་ཀྱི་ཡུལ་འཁོར་དེར་བསྟན་པས། །རྒྱལ་པོ་རྣམས་ནི་རབ་ཏུ་དགའ། །ལྷ་དབང་རབ་ཏུ་དང་གྱུར་པས། །མི་ཡི་རྒྱལ་པོ་དེ་ལ་བསྲུང ། །ཉི་ཟླ་དང་ནི་དེ་བཞིན་དུ། །རྒྱུ་སྐར་ལེགས་པར་རྒྱུ་བར་འགྱུར། །རླུང་ཡང་དུསུ་ལྡང་འགྱུར་ཞིང ། །ཆར་པ་འང་དུས་སུ་འབབ་པར་འགྱུར། །ལྷ་གནས་རྣམས་དང་དེ་བཞིན་དུ། །ཡུལ་འཁོར་རྣམ་སུ་ལོ་ལེགས་བྱེད། །ལྷ་དང་ལྷའི་བུ་རྣམ་ཀྱིས། །ལྷའི་གནས་རྣམས་གང་བར་བྱེད། །དེ་ལྟ་བས་ན་རྒྱལ་པོ་ཡི། །བདག་གིས་ཕངས་པའི་སྲོག་བཏང
97.43b
གིས། །བདག་གིས་འཇིག་རྟེན་བདེར་འགྱུར་བ། །དཀོན་མཆོག་ཆོས་ནི་མི་བཏང་སྟེ། །ཡོན་ཏན་རྣམ་ཀྱི་གང་བརྒྱན་པ། །ཆོས་དང་ལྡན་པས་བསྟེན་པར་བྱ། །རང་གིས་སྐྱེ་བོ་རྟག་དཀའ་བ། །རྟག་ཏུ་སྡིག་པ་རྣམ་པར་སྤང ། །ཆོས་ཀྱིས་ཡུལ་འཁོར་བསྐྱང་བར་བྱ། །ཆོས་ཀྱང་ཡང་དག་བསྟན་པར་བྱ། །ལེགས་པར་བྱེད་ལ་སེམས་ཅན་དགོད། །ཉེས་བྱེད་ལས་ནི་བཟློག་པར་བྱ། །གང་ཚེ་སྡིག་པ་བྱེད་པ་རྣམས། །ཚུལ་བཞིན་འདུལ་བར་བྱེད་པའི་ཚེ། །ཡུལ་འཁོར་དུ་ནི་ལོ་ལེགས་ཤིང ། །རྒྱལ་པོ་གཟི་བརྗིད་ལྡན་པར་འགྱུར། །རྒྱལ་པོ་གྲགས་དང་ལྡན་འགྱུར་ཞིང ། །སྐྱེ་དགུ་རྣམས་ཀྱང་བདེ་བར་སྐྱོང ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་རྒྱལ་པོའི་བསྟན་བཅོས་ལྷའི་དབང་པོའི་དམ་ཚིགས་ཅེས་བྱ་བའི་ལེའུ་སྟེ་བཅུ་གཉིས་པའོ།། །། གང་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོར་གྱུར། །དེ་ཚེ་རྒྱ་མཚོར་བཅས་པའི་ས་རྣམས་བཏང ། །གླིང་བཞི་རིན་ཆེན་གང་བར་བཅས་པ་ཡང ། །སྔོན་གྱིས་རྒྱལ་བ་དག་ལ་ངས་ཕུལ་ལོ། །ཆོས་ཀྱི་སྐུ་དེ་ཡོངས་སུ་བཙལ་བའི་ཕྱིར། །གང་སྔོན་ཡིད་དུ་འོང་ཞིང་ཕང་པའི། །དངོས་པོ་དེ་དག་ངས་ནི་མ་བཏང་མེད། །བསྐལ་པ་དུ་མར་ཕང་པའི་སྲོག་ཀྱང་བཏང ། །ཇི་ལྟར་སྔོན་གྱི་སྐལ་པ་བསམ་ཡས་ན། །རིན་ཆེན་གཙུག་ཏོར་ཅན་གྱི་བདེ་བར་གཤེགས། །མྱ་ངན་འདས་པའི་བདེ་བར་གཤེགས་པའི་དེའི། །བསྟན་ལ་ལེགས་བྱུང་ཞེས་པའི་རྒྱལ་པོ་བྱུང ། །དེ་ནི་གླིང་བཞིའི་དབང་པོ་འཁོར་ལོས་སྒྱུར། །རྒྱ་མཚོར་ཐུག་པའི་ས་ལ་རབ་ཏུ་སྟོན། །རྒྱལ་དབང་གསུང་ཕྱིར་རྒྱལ་པོའི་ཕོ་བྲང་ན། །དེ་ཚེ་རྒྱལ་པོ་དམ་པ་གཉིས་ཀྱིས་ལོག་།རྨི་ལམ་དུ་ནི་སངས་རྒྱས་ཡོན་ཏན་ཐོས། །ཆོས་སྨྲ་རིན་ཆེན་སོག་པ་གཉིད་དཀྱིལ་ན། །རྣམ་པར་ལྷ་ངེར་མདོ་སྡེའི་དབང་པོ་འདི། །རབ་ཏུ་འཆད་ཅིང་འདུག་པ་མཐོང་བར་གྱུར། །རྒྱལ་པོ་དེ་ནི་གཉིད་ཀྱི་ལོག་ལམ་སད། །དེའི་ལུས་ཀུན་དགའ་བས་ཁྱབ་པར་གྱུར། །མགུ་ནས་རྒྱལ་པོའི་ཁབ་ནས་མངོན་བྱུང་སྟེ། །ཉན་ཐོས་དགེ་འདུན་མཆོག་གི་གནས་སུ་སོང ། །
97.44a
རྒྱལ་བའི་ཉན་ཐོས་རྣམས་ལ་མཆོད་བྱེད་ཅིང ། །འཕགས་པའི་དགེ་འདུན་འདི་ནི་རིན་ཆེན་སོག་།ཡོན་ཏན་ལྡན་པའི་དགེ་སློང་གང་ཡོད་ཅེས། །ཆོས་སྨྲ་རིན་ཆེན་སོགས་པ་ཀུན་ཏུ་དྲིས། །དེ་ཡི་ཚེ་ན་རིན་ཆེན་སོག་པ་ནི། །ཕུག་གཞན་ཞིག་གི་ནང་ན་འདུག་གྱུར་ཏེ། །མདོ་སྡེའི་རྒྱལ་པོ་འདི་ནི་རྣམ་སེམས་ལ། །ཁ་ཏོན་བྱེད་ཅིང་བདེ་བར་རབ་ཏུ་འདུག་།དགེ་སློང་ཆོས་སྨྲ་རིན་ཆེན་སོག་པ་དེ། །ཕུན་སུམ་གཟི་བརྗིད་དཔལ་གྱི་རབ་འབར་ཞིང ། །ཕུག་གཞན་ཞིག་གིས་ནང་ན་འདུག་གྱུར་པ། །དེའི་ཚེ་ན་རྒྱལ་པོ་དེ་ལ་བསྟན། །འདི་ན་ཆོས་སྨྲ་རིན་ཆེན་སོག་པ་འདི། །རྒྱལ་པོའི་སྤྱོད་ཡུལ་ཟབ་མོ་འཛིན་པ་སྟེ། །གསེར་འོད་དམ་པ་ཞེས་ནི་བྱ་བ་ཡི། །མདོ་སྡེའི་དབང་པོའི་རྒྱལ་པོ་རྟག་ཏུ་སྟོན། །རིན་ཆེན་སོག་པའི་རྐང་ལ་ཕྱག་འཚལ་ཏེ། །རྒྱལ་པོ་ལེག་པར་བྱུང་བས་འདི་སྐད་སྨྲས། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ། །ཟླ་བ་ཉ་བའི་ཞལ་འདྲ་བཤད་དུ་གསོལ། །རྒྱལ་པོ་ལེག་པར་འབྱུང་བ་དེ་ཉིད་ལ། །རིན་ཆེན་སོག་པས་ཁས་ནི་བླངས་པས་ན། །སྟོང་གསུམ་པའི་འཇིག་རྟེན་ཐམ་ཅད་དུ། །ལྷ་རྣམས་ཐམ་ཅད་རབ་ཏུ་དགའ་བར་འགྱུར། །དེ་ཚེ་མིའི་དབང་པོས་ས་ཕྱོགས་ནི། །གཙང་ཞིང་མཆོག་ཏུ་ཁྱད་པར་འཕགས་པ་དེར། །རིན་ཆེན་ཆུ་དང་སྤོས་ཆུས་ཆག་ཆག་བཏབ། །མེ་ཏོག་སིལ་མ་བཀྲམ་སྟེ་ཁྲི་བཤམས་ནས། །རྒྱལ་པོ་ཁྲི་དེ་གདུག་དང་རྒྱལ་མཚན་དང ། །དར་ཡུག་སྟོང་ཕྲག་དུ་མས་ལེག་པར་བརྒྱན། །རྒྱལ་པོ་ཁྲི་དེ་ཙན་དན་དམ་པ་དག་།རྣམ་པ་སྣ་ཚོག་དག་ཀྱང་མངོན་པར་གཏོར། །ལྷ་དང་ཀླུ་དང་ལྷ་མིན་མི་འམ་ཅི། །གནོད་སྦྱིན་དབང་དང་གནོད་སྦྱིན་ལྟོ་འཕྱེ་ཆེས། །ལྷའི་མེ་ཏོག་མན་དཱ་ར་བའི་ཆར། །ཁྲི་དེ་ལ་ནི་མངོན་པར་རབ་ཏུ་ཕབ། །ཆོས་འདོད་ལྷ་ནི་བྱེ་བ་ཁྲག་ཁྲིག་སྟོང ། །བསམ་གྱིས་མི་ཁྱབ་གང་དག་ལྷག་གྱུར་པ། །རིན་ཆེན་སོག་པ་མངོན་པར་བྱུང་བ་ན། །ས་ལའི་མེ་ཏོག་དག་གིས་མངོན་པར་འཐོར། །ཆོས་སྨྲ་རིན་ཆེན་སོག་པ་དེ་ཉིད་ཀྱང ། །ཤིན་ཏུ་ལུས་བཀྲུས་གཙང་མའི་གོས་བགོས་ཏེ། །ཁྲི་དེར་ཉེ་བར་སོང་བ་བྱས་ནས་ནི། །ཐལ་མོ་སྦྱར་བ་བྱས་ཏེ་ཕྱག་ཀྱང་འཚལ། །ལྷ་དབང་དང་ནི་ལྷ་དང
97.44b
ལྷ་མོ་རྣམས། །བར་སྣང་འདུག་ནས་མེ་ཏོག་མན་དཱ་རའི། །ཆར་པ་འབེབས་ཤིང་སིལ་སྙན་བརྒྱ་སྟོང་ཕྲག་།བསམ་གྱི་མི་ཁྱབ་པ་དག་རབ་ཏུ་སྒྲོགས། །རིན་ཆེན་སོག་པ་དགེ་སློང་ཆོས་སྨྲ་དེས། །ཕྱོགས་བཅུ་དག་གི་སངས་རྒྱས་བྱེ་བ་སྟོང ། །བསམ་གྱིས་མི་ཁྱབ་པ་དག་དྲན་བྱས་ནས། །དེ་ནི་མངོན་པར་འཛེག་ཏེ་འདུག་པར་གྱུར། །སེམས་ཅན་ཀུན་ལ་སྙིང་བརྩེ་བསྐྱེད་ནས་ནི། །སྙིང་རྗེའི་སེམས་ཀྱང་ཡང་དག་བསྐྱེད་བྱས་ཏེ། །རྒྱལ་པོ་ལེགས་པར་བྱུང་བ་དེ་ལ་ནི། །དེ་ཚེ་ན་མདོ་སྡེ་འདི་བསྟན་ཏེ། །རྒྱལ་པོས་ཐལ་མོ་སྦྱར་བྱས་བཏུད་ནས་སུ། །ཚིག་གཅིག་གིས་ནི་རྗེས་སུ་ཡི་རང་སྟེ། །ཆོས་ཀྱི་ཤུག་ཀྱིས་མིག་ནས་མཆི་མ་ཕྱུང ། །དེའི་ལུས་ནི་དགའ་བས་ཁྱབ་པར་གྱུར། །མདོ་སྡེ་འདི་ལ་མཆོད་པ་བྱ་བའི་ཕྱིར། །དེ་ཚེ་རྒྱལ་པོ་ལེག་པར་བྱུང་བའི། །ཡིད་བཞིན་ནོར་བུ་རིན་ཆེན་རྒྱལ་པོ་བླངས། །སེམས་ཅན་རྣམས་ཕྱིར་སྨོན་ལམ་བཏབ་པ་ནི། །རིན་ཆེན་བདུན་དང་ལྡན་པའི་རྒྱན་རྣམ་དང ། །གང་ཡང་འཛམ་བུའི་གླིང་འདིར་སེམས་ཅན་རྣམས། །བདེ་བར་འགྱུར་བའི་ནོར་ནི་ཆེན་པོ་ཡི། །ཆར་པ་དེ་རིང་འཛམ་བུའི་གླིང་དུ་ཕོབ། །དེའི་ཚེ་ན་རིན་ཆེན་སྣ་བདུན་དང ། །དཔུང་རྒྱན་དང་ནི་དོ་ཤལ་རྣ་ཆ་མཆོག་།དེ་བཞིན་ཟས་དང་སྐོམ་དང་གོས་རྣམ་ཀྱང ། །གླིང་བཞི་དག་ཏུ་རབ་ཏུ་འབབ་པར་གྱུར། །རྒྱལ་པོ་ལེགས་པར་བྱུང་བས་འཛམ་གླིང་དུ། །རིན་ཆེན་ཆར་པ་འབབ་པ་དེ་མཐོང་ནས། །གླིང་བཞི་རིན་ཆེན་གང་བར་བཅས་པ་ནི། །རིན་ཆེན་གཙུག་ཏོར་ཅན་གྱི་སྟན་ལ་ཕུལ། །དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པ་ང ། །རྒྱལ་པོ་ལེགས་པར་བྱུང་ཞེས་བྱ་བར་གྱུར། །གླིང་བཞི་དག་ནི་རིན་ཆེན་གང་བཅས་ཀྱི། །ས་འདི་དེ་ཚེ་ང་ཡིས་ཡོངས་སུ་བཏང ། །གང་གིས་རྒྱལ་པོ་ལེགས་པར་བྱུང་དེ་ལ། །དེ་ཚེ་མདོ་སྡེ་འདི་ནི་རབ་བསྟན་པ། །རིན་ཆེན་བསོག་པ་ཆོས་སྨྲའི་དགེ་སློང་དེ། །དེ་བཞིན་གཤེགས་པ་མི་ཁྲུགས་དེར་གྱུར་ཏོ། །ངས་གང་དེ་ཚེ་མདོ་སྡེ་འདི་ཐོས་ཤིང ། །ཚིག་ཅིག་གིས་ནི་རྗེས་སུ་ཡི་རང་སྟེ། །ང་ནི་དགེ་བའི་ལས་ནི་དེ་ཉིད་དང ། །ཆོས་ཉན་པ་དང་རྗེས་སུ་ཡི་རང་བས། །གསེར་གྱི་མདོག་དང་བསོད་ནམས་བརྒྱ་ཡི་མཚན། །བལྟ་ན
97.45a
སྡུག་ཅིང་མིག་ཏུ་མངོན་མཛེས་ལ། །ལྷ་སྟོང་བྱེ་བ་རབ་ཏུ་དགའ་བྱེད་པ། །སྐྱེ་བོས་མཐོང་ན་དགའ་ལུས་བརྟག་ཏུ་ཐོབ། །བསྐལ་པ་དག་ནི་བྱེ་བ་བརྒྱ་སྟོང་ཕྲག་།དགུ་བཅུ་རྩ་དགུར་འཁོར་ལོས་སྒྱུར་རྒྱལ་གྱུར། །བསྐལ་པ་བརྒྱ་སྟོང་དུ་མ་མང་པོར་ཡང ། །ངས་ནི་ཁམས་ཀྱི་རྒྱལ་པོ་མྱོང་བར་གྱུར། །བསྐལ་པ་བསམ་གྱིས་མི་ཁྱབ་བརྒྱ་བྱིན་གྱུར། །ཚངས་པའི་དབང་པོ་ཡིད་བཞིན་དེ་བཞིན་ནོ། །གང་དག་ཚད་ནི་ནམ་ཡང་ཡོད་མིན་པའི། །སྟོབས་བཅུ་དཔག་མེད་ངས་ནི་བསྙེས་པར་བྱས། །ངས་གང་མདོ་ཐོས་རྗེས་སུ་ཡི་རང་བ། །བསོད་ནམས་ཕུང་པོ་དེ་ལྟར་ཚད་མེད་མང ། །བསམ་པ་ཇི་བཞིན་ངས་ནི་བྱང་ཆུབ་ཐོབ། །ཆོས་སྐུ་དམ་པ་ཡང་ནི་ངས་ཐོབ་བོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས་ལེག་པར་བྱུང་བའི་ལེའུ་ཞེས་བྱ་བ་སྟེ་བཅུ་གསུམ་པའོ།། །། དཔལ་ལྡན་ལྷ་མོ་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་།འདས་པ་དང་མ་འོང་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམ་ལ་ཡོ་བྱད་ཐམས་ཅད་ཀྱི་མཆོད་པ་ཆེན་པོ་ཤིན་ཏུ་རྒྱལ་ཤིང་རྒྱ་ཆེ་བ་བསམ་གྱི་མི་ཁྱབ་པ་བྱེད་པར་འདོད་བཅིང ། འདས་པ་དང་མ་འོང་པ་དང་ད་ལྟར་བྱུང་བའི་སངས་རྒྱས་བཅོམ་ལྡན་འདས་རྣམ་ཀྱི་སངས་རྒྱས་ཀྱི་སྤྱོད་ཡུལ་ཟབ་མོ་ཡོངས་སུ་ཤེས་པར་འདོད་པ་དེས་གཙུག་ལག་ཁང་ངམ་དགོན་པའི་ཕྱོག་ཀྱང་རུང་སྟེ། གང་ན་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་རྒྱ་ཆར་ཡང་དག་པར་རབ་ཏུ་སྟོན་པའི་ཕྱོགས་དེར། དེས་གདོན་མི་ཟ་བར་གཡེང་བ་མེད་པའི་སེམས་ཀྱི་རྣ་བླག་ཏེ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་མཉན་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱི་དོན་འདི་ཉིད་འཁོར་ལ་རྒྱ་ཆར་བརྗོད་པའི་ཕྱིར། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གསུངས་སོ། །གང་ཞིག་སངས་རྒྱས་ཐམས་ཅད་ལ། །བསམ་བྱས་མཆོད་པ་བྱེད་འདོད་ཅིང ། །སངས་རྒྱས་ཀུན་གྱི་སྤྱོད་ཡུལ་བ། །ཟབ་མོ་རབ་ཏུ་ཤེས་འདོད་པས། །གཙུག་ལག་ཁང་ངམ་གནས་ཁང་ངམ། །གང་ན་གསེར་འོད་དམ
97.45b
པའི། །མདོ་སྡེ་དམ་པ་འདི་སྟོན་པ། །ས་ཕྱོགས་དེར་ནི་འགྲོ་བར་བྱ། །མདོ་སྡེ་བསམ་གྱིས་མི་ཁྱབ་སྟེ། །ཡོན་ཏན་རྒྱ་ཚོ་མཐའ་ཡང་ཡས། །སྡུག་བསྔལ་རྒྱ་མཚོ་དུ་མ་ལས། །སེམས་ཅན་ཐམས་ཅད་ཐར་བར་བྱེད། །མདོ་སྡེ་ཡི་ནི་ཐོག་མ་དང ། །དབུས་དང་དེ་བཞིན་ཐ་མ་མཐོང ། །མདོ་སྡེའི་དབང་པོ་རབ་ཟབ་སྟེ། །འདི་ལ་དཔེའ་ནི་ཡོད་མ་ཡིན། །གང་ག་དང་ནི་ས་རྣམ་དང ། །རྒྱ་མཚོ་དང་ནི་ནམཁའ་ལ། །གནས་པའི་རྡུལ་ནི་གང་ཡང་རུང ། །དཔེར་བྱ་བ་ནི་མི་ནུས་སོ། །ཆོས་ཀྱི་དབྱིངས་ལ་འཇུག་པའི། །དེའི་ཚེ་ན་འཇུག་པར་བྱ། །ཆོས་ཀྱི་བདག་ཉིད་མཆོད་རྟེན་ནི། །ཟབ་མོ་རབ་བརྟན་གང་ཡིན་པ། །མཆོད་བརྟེན་དེའི་དབུས་ན་ནི། །རྒྱལ་བ་ཤཱཀྱ་ཐུབ་པ་མཐོང ། །ཡིད་དུ་འོང་བ་དབྱངས་ཀྱི་སུ། །མདོ་སྡེ་འདི་ནི་རབ་ཏུ་བསྟོན། །གྲངས་མེད་བསམ་གྱིས་མི་ཁྱབ་པའི། །བསྐལ་པ་བྱེ་བ་ཇི་སྙེད་པར། །ལྷའི་དང་ནི་མི་རྣམ་ཀྱིས། །བདེ་བ་དག་ནི་རྗེས་སུ་མྱོང ། །གང་ཞིག་མདོ་སྡེ་འདི་ཉན་པ། །དེ་ལྟར་བདག་གིས་བསོད་ནམས་ཀྱིས། །ཕུང་པོ་བསམ་ཡས་བསྒྲུབས་སྙམ་དུ། །དེ་ཚེ་དེ་ནི་དེ་ལྟར་ཤེས། །མིས་གང་འོབས་ཀྱི་བསྐོར་བའི། །དཔག་ཚད་བརྒྱ་དག་འདའ་བྱེད་ཅིང ། །ཚོར་བ་དྲག་པོ་བཟོད་བྱས་ནས། །མདོ་སྡེ་མཉན་པར་གང་ནུས་པ། །གཙུགས་ལག་ཁང་ངམ་གནས་ཁང་དུ། །ཞུགས་ནས་དེ་མ་ཐག་ཏུ་ནི། །སྡིག་པ་རྣམས་ནི་མེད་པར་འགྱུར། །རྨི་ངན་མཚན་ཉིད་ཐམས་ཅད་དང ། །གཟའ་དང་རྒྱུ་སྐར་གནོད་པ་དང ། །བྱད་དང་གདོན་ནི་མི་བཟད་ཀྱང ། །ཞུགས་ནས་དེ་མ་ཐག་ཏུ་ནི། །ཐམས་ཅད་གཞན་ཏུ་ཕྱོགས་པར་འགྱུར། །ཀླུའི་རྒྱལ་པོ་རྣམ་ཀྱི་ནི། །རྨི་ལམ་བསྟན་པ་ཅི་འདྲ་བར། །དེར་ནི་པད་མ་འདྲ་བའི་ཁྲི། །དེ་ལྟ་བུར་ཡང་བཤམས་པར་བྱ། །ཁྲི་དེ་ལ་ནི་འདུག་ནས་སུ། །མདོ་སྡེ་འདི་ནི་རབ་ཏུ་བསྟན། །ཡི་གེར་བྲིས་པ་བཀླག་པར་བྱ། །དེ་བཞིན་ཡོངས་སུ་ཆུབ་པར་བྱ། །ཁྲི་དེ་ལས་ནི་བབས་ནས་སུ། །ཡུལ་གཞན་སོང་བར་གྱུར་ན་ཡང ། །ཁྲི་དེ་ལ་ནི་ཡོད་པའི། །
97.46a
ཆོས་འཕྲུལ་རྣམ་ཀྱང་སྣང་བར་འགྱུར། །ཆོས་སྨྲ་བའི་གཟུགས་སུ་ཡང ། །དེ་ནི་རེས་དགའ་སྣང་བར་འགྱུར། །རེས་དགའ་སངས་རྒྱས་གཟུགསུ་སྟེ། །རེས་དགའ་བྱང་ཆུབ་སེམས་དཔར་ཡང ། །རེས་དགའ་ཀུན་ཏུ་བཟང་པོ་དང ། །དེ་བཞིན་འཇམ་དཔལ་གཟུགས་སུ་སྟེ། །རེས་དགའ་བྱམས་པའི་གཟུགས་སུ་ཡང ། །ཁྲི་དེ་ལ་ནི་སྣང་བར་འགྱུར། །རེས་དགའ་འོད་ནི་འབའ་ཞིག་སྣང ། །རེས་དགའ་ལྷ་རྣམ་སྣང་བར་འགྱུར། །ཡུད་ཙམ་ཞིག་ནི་དེ་སྣང་ནས། །དེ་ནས་མི་སྣང་བར་ཡང་འགྱུར། །སངས་རྒྱས་མཐོང་ན་བསྔག་པར་འགྱུར། །ཐམས་ཅད་དུ་ཡང་གྲུབ་པར་བྱེད། །འབྲས་དང་བཀྲ་ཤིས་ཕུན་སུམ་ཚོགས། །མཚན་མ་སངས་རྒྱས་སྤྲུལ་པ་ཡིན། །རྒྱལ་དང་དཔལ་དང་གྲགས་པར་བྱེད། །ཕྱིར་རྒོལ་བ་ཡང་ལྡོག་པར་བྱེད། །ཕ་རོལ་དགྲ་ཚོགས་རབ་ཏུ་འཇོམ། །གཡུལ་དུ་དགྲ་རྣམས་ཕུང་བར་བྱེད། །རྨི་ངན་ཐམས་ཅད་ཞི་བར་བྱེད། །སྡིག་པ་ཐམས་ཅད་རབ་ཏུ་འཇིག་།སྡིག་པ་ཐམས་ཅད་རབ་ཞི་བྱེད། །གཡུལ་འགྱེད་པ་ན་རྒྱལ་བར་བྱེད། །འཛམ་བུའི་གླིང་འདི་ཐམས་ཅད་དུ། །གྲགས་པས་རབ་ཏུ་གང་བར་འགྱུར། །དེའི་དགྲ་རྣམས་ཐམས་ཅད་ནི། །ཤིན་ཏུ་ཕམ་པ་ཉིད་དུ་འགྱུར། །རྟག་ཏུ་དགྲ་ནི་ཆོམ་པར་འགྱུར། །སྡིག་པ་ཐམས་ཅད་རྣམ་པར་སྤངས། །གཡུལ་ངོའི་རྩེ་ལས་རྣམ་པར་རྒྱལ། །དགྲ་དང་བྲལ་ཞིང་མཆོག་ཏུ་དགའ། །ཚངས་དབང་སུམ་བཅུ་རྩ་གསུམ་དབང ། །དེ་བཞིན་འཇིག་རྟེན་སྐྱོང་རྣམས་དང ། །ལག་ན་རྡོ་རྗེ་གནོད་སྦྱིན་དབང ། །རྒྱལ་བ་ཁྱུ་མཆོག་ཡང་དག་ཤེས། །ཀླུའི་དབང་པོ་མ་དྲོས་དང ། །དེ་བཞིན་དུ་ནི་རྒྱ་མཚོ་དང ། །མི་འམ་ཅི་དབང་ལྷ་མིན་དབང ། །དེ་བཞིན་ནམཁའ་ལྡིང་དབང་པོ། །དེ་དག་ལས་ནི་སོག་པ་དང ། །ལྷ་རྣམ་དེ་དག་ཐམས་ཅད་ཀྱང ། །ཆོས་ཀྱི་མཆོད་རྟེན་བསམ་ཡས་ལ། །རྟག་ཏུ་མཆོད་པ་བྱེད་པར་འགྱུར། །ཞེས་སར་བཅས་པའི་སེམས་ཅན་རྣམས། །མཐོང་ནས་ཤིན་ཏུ་དགའ་བར་འགྱུར། །
97.46b
ལྷའི་དབང་པོ་མཆོག་དེ་དག་།ཐམས་ཅད་འདི་སྙམ་སེམས་པར་འགྱུར། །ལྷ་རྣམ་དེ་དག་ཐམས་ཅད་ཀྱང ། །ཕན་ཚུན་དུ་ནི་སྨྲ་བྱེད་པ། །བསོད་ནམས་དཔལ་དང་གཟི་བརྗིད་དག་།བསགས་པ་དེ་དག་ཀུན་ལ་ལྟོས། །དགེ་བའི་རྩ་བ་སྦྱངས་པའི། །མི་རྣམ་དེ་དག་འདིར་ལྷག་ཏེ། །གང་དག་མདོ་སྡེ་ཟབ་མོ་འདི། །ཉན་པའི་ཕྱིར་ནི་འདིར་ལྷགས་པ། །དད་པ་བསམ་གྱིས་མི་ཁྱབ་པས། །ཆོས་ཀྱི་མཆོད་རྟེན་གུས་དང་བཅས། །དེ་དག་འཇིག་རྟེན་སྙིང་རྗེ་ལྡན། །དེ་དག་སེམས་ཅན་ཕན་བྱེད་པ། །དེ་དག་ཟབ་མོའི་ཆོས་རྣམ་ཀྱིས། །དམ་པའི་ཆོས་ཀྱི་རོའི་སྣོད། །ཆོས་ཀྱི་དབྱིངས་ལ་འཇུག་པའི། །དེ་དག་རབ་ཏུ་འཇུག་པ་ཡིན། །གང་དག་གསེར་འོད་དམ་པའི་མདོ། །དགེ་བ་དམ་པ་འདི་ཉན་པ། །དེ་དག་སྔོན་ཆད་སངས་རྒྱས་ནི། །བརྒྱ་སྟོང་རྣམ་ལ་མཆོད་པ་ཡིན། །དགེ་བའི་རྩ་བ་དེའི་ནི། །མདོ་སྡེ་ཉན་པ་དེ་དག་ལ། །ལྷ་དབང་རྒྱལ་པོ་དེ་ཀུན་དང ། །དབྱངས་ཅན་དང་ནི་དེ་བཞིན་དུ། །དཔལ་དང་རྣམ་ཐོས་བུ་དང་ནི། །དེ་བཞིན་རྒྱལ་པོ་བཞི་རྣམ་དང ། །གནོད་སྦྱིན་བརྒྱ་ཕྲག་སྟོང་པོ་དག་།སྟོབས་ཆེན་རྫུ་འཕྲུལ་ལྡན་རྣམ་ཀྱིས། །ཕྱོགས་བཞི་དག་ནི་ཀུན་ནས་ཀྱང ། །བསྲུང་བ་ཤིན་ཏུ་བྱེད་པར་འགྱུར། །དབང་པོ་ཟླ་བ་གཤིན་རྗེ་དང ། །རླུང་དང་ཆུ་ལྷ་ཉིད་དང་ནི། །སྐེམ་བྱེད་འཇུག་སེལ་དབྱངས་ཅན་དང ། །སྦྱིན་སྲེག་ཟ་དང་སྐྱེ་དགུ་དང ། །སྟོབས་ཆེན་ཕ་རོལ་གནོན་བྱེད་པ། །འཇིག་རྟེན་སྐྱོང་བ་དེ་ཀུན་ཀྱང ། །ཉིད་མཚན་གཡེལ་བ་མེད་པར་ནི། །དེ་དག་རྣམ་ལ་བསྲུང་བར་བྱེད། །སྟོབ་ཆེན་གནོད་སྦྱིན་དབང་གཉིས་དང ། །སྲེད་མེད་བུ་དང་དབང་ཕྱུག་ཆེ། །ཡང་དག་ཤེས་ལ་སོག་པ་དག་།གཞན་ཡང་ཉི་ཤུ་རྩ་བརྒྱད་དང ། །གནོད་སྦྱིན་རྒྱ་ཕྲག་སྟོང་པོ་དག་།སྟོབ་ཆེན་རྫུ་འཕྲུལ་ལྡན་རྣམ་ཀྱི། །འཇིག་ཤིང་སྐྲག་པ་ཐམས་ཅད་ན། །དེ་དག་ལ
97.47a
ནི་བསྲུང་བར་བྱེད། །ལག་ན་རྡོ་རྗེ་གནོད་སྦྱིན་དབང ། །གནོད་སྦྱིན་དག་ནི་ལྔ་བརྒྱ་དང ། །བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱང ། །དེ་དག་ལ་ནི་བསྲུང་བར་བྱེད། །གནོད་སྦྱིན་དབང་པོ་ནོར་བུ་བཟང ། །དེ་བཞིན་གང་བ་བཟང་པོ་དང ། །ཇི་འཇིགས་དང་ནི་འབྲོག་གནས་དང ། །དམར་སེར་དང་ནི་སེར་སྐྱ་དང ། །གནོད་སྦྱིན་དབང་པོ་རེ་རེ་ཡང ། །གནོད་སྦྱིན་ལྔ་བརྒྱ་དག་གིས་ནི། །གང་དག་མདོ་སྡེ་འདི་ཐོས་པ། །དེ་དག་རྣམས་ལ་བསྲུང་བྱེད་འགྱུར། །དྲི་ཟ་སྣ་ཚོག་སྡེ་དང་ནི། །རྒྱལ་བའི་ཁྱུ་མཆོག་རྒྱལ་བའི་རྒྱལ། །ནོར་བུའི་མགུལ་དང་ངེས་མགྲིན་དང ། །དེ་བཞིན་ཆར་པའི་བདག་པོ་དང ། །ཀམ་པོ་ཇི་དང་ནག་པོ་དང ། །དེ་བཞིན་གསེར་འདྲའི་སྐྲ་དང་ནི། །ལྔས་རྩེན་དང་ནི་ར་རྐང་དང ། །དེ་བཞིན་སྐལ་བ་ཆེན་པོ་དང ། །ཡུར་བ་ཅན་དང་ཆོས་སྐྱོང་དང ། །སྤྲེའུ་དང་དེ་བཞིན་འཁྲི་བྱེད་དང ། །ཁབ་ཀྱི་སྤུ་དང་གཉིས་བཤེས་དང ། །དེ་བཞིན་རིན་ཆེན་སྐྲ་དང་ནི། །ཡུལ་ཆེན་ཅན་དང་ཁྱིམ་མེད་དང ། །འདོད་པའི་མཆོག་དང་ཙན་དན་དང ། །མཐུ་བོ་ཆེ་དང་གངས་ཅན་དང ། །བདེ་བའི་རི་ཉིད་དེ་བཞིན་ཏེ། །སྟོབས་ཆེན་ཕ་རོལ་གནོད་བྱེད་པ། །རྫུ་འཕྲུལ་ལྡན་པ་དེ་ཀུན་ཀྱང ། །གང་དག་མདོ་སྡེ་འདི་དགའ་བ། །དེ་དག་ལ་ནི་བསྲུང་བར་བྱེད། །ཀླུའི་དབང་པོ་མ་དྲོས་དང ། །དེ་བཞིན་དུ་ཡང་རྒྱ་མཚོ་དང ། །ེ་ལའི་འདབ་དང་བཏང་བཟུང་དང ། །དགའ་བོ་ཉེ་དགའ་གཉིས་ག་དང ། །ཀླུ་ནི་བརྒྱ་ཕྲག་སྟོང་པོ་དག་།སྟོབས་ཆེན་རྫུ་འཕྲུལ་ལྡན་རྣམ་ཀྱང ། །འཇིགས་ཤིང་སྐྲག་པ་ཐམས་ཅད་ལས། །དེ་དག་ལ་ནི་བསྲུང་བར་བྱེད། །སྟོབས་ཅན་སྒྲ་ཅན་མི་གཏོང་དང ། །ཐག་བཟངས་རིས་དང་བདེ་མཆོག་དང ། །རབ་སིམ་བྱེད་དང་ཕྲག་རྩུབ་དང ། །དེ་བཞིན་ལྷ་མིན་དབང་གཞན་དང ། །ལྷ་མིན་བརྒྱ་ཕྲག་སྟོང་པོ་དག་།སྟོབས་ཆེན་རྫུ་འཕྲུལ་ལྡན་རྣམ་ཀྱིས། །འཇིག་སྐྲག་བྱུང་བར་གྱུར་པ་ལས། །དེ་དག་ལ་ནི་བསྲུང་བར་འགྱུར། །འབྱུང་པོའི་མ་མོ་ཕྲོག་མ་ནི། །ལྔ་བརྒྱའི་བུ
97.47b
དང་བཅས་པ་ཡང ། །འདུག་དང་ཉལ་དང་ར་རོའི་ཚེ། །དེ་དག་ལ་ནི་བསྲུང་བར་བྱེད། །གདོལ་པ་མོ་དང་གཏུམ་མོ་དང ། །དེ་བཞིན་གནོད་སྦྱིན་གཏུམ་མོ་དང ། །མདུང་ཅན་དང་ནི་སོ་བརྩེག་དང ། །སེམས་ཅན་ཀུན་ཀྱིས་མདུང་འཕྲོགས་མ། །སྟོབས་ཆེན་ཕ་རོལ་གནོད་བྱེད་པ། །རྫུ་འཕྲུལ་ལྡན་པ་དེ་ཀུན་ཀྱང ། །ཕྱོགས་བཞི་དག་ནི་ཀུན་ནས་སུ། །དེ་དག་རྣམ་ལ་བསྲུང་བར་བྱེད། །དབྱངས་ཅན་དག་ལ་སོགས་པ་རྣམ། །ལྷ་མོ་བསམ་གྱིས་མི་ཁྱབ་དང ། །དཔལ་ལ་སོག་པ་དེ་བཞིན་དུ། །ལྷ་མོ་དག་ནི་ཐམས་ཅད་དང ། །སའི་ལྷ་མོ་ཉིད་དང་ནི། །ལོ་ཐོག་འབྲས་བུ་ནག་ལྷ་དང ། །ཀུན་དགའ་ཤིང་ལྗོན་མཆོད་རྟེན་ལ། །གནས་པ་དག་དང་ཀླུངས་ལྷ་དང ། །ལྷ་རྣམས་དེ་དག་ཐམས་ཅད་འདིར། །རབ་ཏུ་དགའ་བའི་སེམས་ཀྱིས་ནི། །གང་དག་མདོ་སྡེ་འདི་དགའ་བ། །དེ་དག་རྣམ་ལ་བསྲུང་བར་བྱེད། །ཚེ་དང་མདོག་དང་སྟོབས་རྣམ་ལ། །སེམས་ཅན་དག་ནི་སྦྱོར་བར་བྱེད། །དཔལ་དང་བསོད་ནམས་གཟི་བརྗིད་ཀྱིས། །ཕུན་སུམ་ཚོག་པས་རྟག་ཏུ་བརྒྱན། །གཟའ་དང་རྒྱུ་སྐར་གནོད་པ་དག་།དེ་དག་ཐམས་ཅད་ཞི་བར་བྱེད། །རྒུད་དང་སྡིག་དང་རྨི་ངན་པ། །དེ་དག་ཐམས་ཅད་ཞི་བར་བྱེད། །ཟབ་ཅིང་སྟོབས་ཆེན་ལྡན་པའི། །ས་ཡི་ལྷ་མོ་ཉིད་ཀྱང་ནི། །གསེར་གྱི་འོད་ཀྱི་དམ་པ་ཡི། །མདོ་སྡེའི་དབང་པོའི་རོ་ཡིས་ཚིམ། །དཔག་ཚད་དག་ནི་རྒྱའི་ཕྲག་།སྟོང་ཕྲག་དྲུག་བཅུ་རྩ་བརྒྱད་ནས། །རྡོ་རྗེ་རྣམ་ལ་ཐུག་བར་དུ། །ས་ཡི་བཅུད་ནི་རབ་ཏུ་ཕེལ། །དཔག་ཚད་བརྒྱར་ནི་ཚངས་པའི། །འོག་ཏུ་ས་ཡི་བཅུད་སོང་སྟེ། །དེ་ནི་ཕྱིར་ཡང་ལོག་ནས་ནི། །ས་ཡི་སྟེང་དག་སྣུམ་པར་བྱེད། །མདོ་སྡེ་མཉན་པའི་སྟོབས་ཀྱིས་ནི། །ལྷ་རྣམས་དེ་དག་ཐམས་ཅད་ཀྱང ། །གསེར་གྱི་འོད་ནི་དམ་པའི། །མདོ་སྡེ་དབང་པོའི་རོས་ཚིམ་འགྱུར། །མདངས་དང་ལྡན་པར་རབ་འགྱུར་ཞིང ། །དེ་བཞིན་རབ་ཏུ་སྟོབས་ལྡན་འགྱུར། །བདེ་བར་འགྱུར་ཞིང་ཚིམ་པར་འགྱུར། །འཛམ་བུའི་གླིང་འདི་ཐམས་ཅད་ན། །འབྲས་བུ་ལོ་ཐོག་ནགས་ལྷ་རྣ། །སྣ་ཚོགས་རོ་ཡིས་ཚིམ་འགྱུར
97.48a
ཞིང ། །ཤིན་ཏུ་རབ་ཏུ་དགའ་བར་འགྱུར། །མདོ་སྡེའི་རོ་ཡིས་ཚིམ་འགྱུར་ནས། །འབྲས་བུ་རྣམས་དང་ལོ་ཐོག་དང ། །མེ་ཏོག་རྣམ་པ་སྣ་ཚོགས་དང ། །འབྲས་བུའི་ཤིང་ལྗོན་སྣ་ཚོགས་ཀྱང ། །ཀུན་ནས་རབ་ཏུ་སྐྱེ་བར་བྱེད། །འབྲས་བུའི་ཤིང་ལྗོན་ཐམ་ཅད་དང ། །ཀུན་དགའ་དག་དང་ནགས་འཚལ་རྣམས། །མེ་ཏོག་རབ་ཏུ་ཆགས་བྱེད་ཅིང ། །སྣ་ཚོགས་དྲི་ནི་རབ་ཏུ་འབྱིན། །མེ་ཏོག་རྣམ་པ་སྣ་ཚོགས་དང ། །འབྲས་བུ་སྣ་ཚོགས་ལྡན་པའི། །རྩཝ་དང་ནགས་འཚལ་ཐམ་ཅད་དག་།ས་ཡི་སྟེང་ན་སྐྱེ་བར་བྱེད། །འཛམ་བུའི་གླིང་འདི་ཐམས་ཅད་ན། །ཀླུའི་བུ་མོ་བསམ་མི་ཁྱབ། །རབ་ཏུ་དགའ་བའི་སེམས་གྱུར་ནས། །རྫིང་བུའི་དྲུང་དུ་ཉེར་སོང་སྟེ། །རྫིང་བུ་རྣམས་ནི་ཐམས་ཅད་དུ། །ཀུ་མུ་ཏ་དང་པད་མ་དང ། །ུད་པ་ལ་དང་དེ་བཞིན་དུ། །པད་མ་དཀར་པོ་སྣ་ཚོགས་སྐྱེ། །ནམཁའ་ལ་ནི་དུ་བ་དང ། །སྤྲིན་གྱི་དྲ་བ་མེད་ཅིང་དག་།མུན་པ་དང་ནི་རྡུལ་མེད་ཅིང ། །ཕྱོགས་རྣམ་རབ་ཏུ་འོད་གསལ་ལོ། །ཉི་མའི་འོད་ཟེར་སྟོང་ལྡན་ཡང ། །འོད་ཟེར་དྲ་བས་འོད་ཀྱང་མཛེས། །སྣང་བ་དག་ནི་ཟབ་མོ་ཡི། །རབ་ཏུ་དགའ་བར་འཆར་བར་འགྱུར། །དབང་པོ་ཉི་མ་ལྷ་ཡི་བུ། །འཛམ་བུ་གླིང་གི་གསེར་གྱི་ནི། །གཞལ་མེད་ཁང་ན་འདུག་པ་ཡང ། །མདོ་སྡེ་འདི་ནི་རབ་ཏུ་ཚིམ། །དབང་པོ་ཉི་མ་རབ་དགའ་ནས། །འཛམ་བུའི་གླིང་དུ་འཆར་བྱེད་ཅིང ། །འོད་ཟེར་མཐའ་ཡས་དྲ་བའི། །ཀུན་ནས་རབ་ཏུ་སྣང་བར་བྱེད། །དེ་ནི་ཤར་བ་རྩམ་གྱིས་ཀྱང ། །འོད་ཟེར་དྲ་བ་རབ་གཏོང་ཞིང ། །རྫིང་བུ་སྣ་ཚོགས་ཁེངས་པའི། །པད་མ་དག་ནི་ཁ་ཡང་འབྱེད། །འཛམ་བུའི་གླིང་འདི་ཐམས་ཅད་དུ། །མེ་ཏོག་འབྲས་བུ་སྨན་སྣ་ཚོགས། །ཡང་དག་ཡོངས་སུ་སྨིན་བྱེད་ཅིང ། །ས་རྣམས་ཐམས་ཅད་འཚིམ་པར་བྱེད། །ཟླ་བ་དང་ནི་ཉི་མ་ཡང ། །དེ་ཚེ་ཁྱད་འཕགས་སྣང་བར་འགྱུར། །རྒྱུ་སྐར་ཡང་དག་འབྱུང་འགྱུར་ཞིང ། །རླུང་ཡང་དེ་བཞིན་ལྡང་བར་འགྱུར། །འཛམ་བུའི་གླིང་ནི་ཐམས་ཅད་དུ། །ཀུན་ཏུ་ལོ་ཡང་ལེགས་འགྱུར་སྟེ། །སྟེ། །
97.48b
གང་ན་མདོ་སྡེ་འདི་ཡོད་པ། །ཡུལ་འཁོར་དེ་ནི་ཁྱད་པར་འཕགས། །གསེར་འོད་དམ་པ་མདོ་སྡེའི་དབང་པོ་རྒྱལ་པོ་ལས། གནོད་སྦྱིན་གྱིས་གནས་ཤེས་བྱ་བ་ཀུན་ཏུ་བསྲུངས་པའི་ལེའུ་སྟེ་བཅུ་བཞི་པའོ།། །། དེ་སྐད་ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས་ལ་རིགས་ཀྱི་ལྷ་མོ་བྱང་ཆུབ་ཡང་དག་པར་བསྡུས་པས་འདི་སྐད་ཅེས་གསོལ་ཏོ། །བརྩུན་པ་བཅོམ་ལྡན་འདས་འབར་བའི་ཁྱད་པར་གྱིས་གཟི་བརྗིད་རྒྱལ་པོ་ལ་སོག་པ་ལྷའི་བུ་སྟོང་ཕྲག་བཅུ་པོ་དག་རྒྱུ་གང་དང་རྐྱེན་གང་དང ། དགེ་བའི་རྩ་བ་སྦྱངས་པ་ཅི་འདྲ་བ་དང་གང་བགྱིས་ཤིང་བསགས་པས། སྐྱེ་བུ་དམ་པ་གསུམ་པོ་འདི་དག་བྱང་ཆུབ་ཏུ་ལུང་བསྟན་པ་ཐོས་ནས། ད་ལྟར་སུམ་བཅུ་རྩ་གསུམ་གྱི་གནས་ནས་ལྷགས་ཏེ། བཅོམ་ལྡན་འདས་ལ་ཆོས་མཉན་པའི་སླད་དུ་མཆིས། འདི་ལྟ་སྟེ་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་སྐྱེ་བུ་དམ་པ་འདི་མ་འོང་པའི་དུས་ན། བསྐལ་པ་བགྲངས་བ་ལས་འདས་པ་གྲངས་མ་མཆིས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དུ་མ་འདས་པ་ན། འཇིག་རྟེན་གྱི་ཁམས་གསེར་དུ་སྣང་བར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་ཏེ། དེ་བཞིན་གཤྱེ་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེ་བུ་འདུལ་བའི་ཁ་ལོ་བསྒྱུར་བ། བླ་ན་མེད་པ་ལྷ་དང་མི་རྣམ་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་གསེར་དང་རིན་པོ་ཆེའི་འབྱུང་གནས་གདུག་གཙེག་ཤེས་བྱ་བ། འཇིག་རྟེན་དུ་འབྱུང་ངོ་ཇི་རྩམ་ན། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་དང་རིན་པོ་ཆེའི་འབྱུང་གནས་གདུགས་བཙེགས་དེ་ཡོངས་སུ་མྱ་ངན་ལས་འདས་པའི་དམ་པའི་ཆོས་ནུབ་སྟེ། དེའི་བསྟན་པ་ཡོངས་ཡེ་ཐམས་ཅད་ནུབ་པར་གྱུར་པ་ན། ཁྱེའུ་དངུལ་གྱི་ཏོག་འདི
97.49a
དེ་བཞིན་གཤེགས་པ་དེའི་འཚམ་སྦྱོར་ཞིང་འཇིག་རྟེན་གྱིས་ཁམས་རྡུལ་མེད་པའི་རྒྱལ་མཚན་དེ་ཉིད་དུ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་གསེར་འཛམ་བུའི་གསེར་གྱིས་རྒྱལ་ཚན་གྱི་འོད་བཅེས་བྱ་བར་འཇིག་རྟེན་དུ་འབྱུང་ངོ ། །ཇི་ཙམ་ན་དེ་བཞིན་གཤེགས་པ་དགྲ་བཅོཾ་པ་ཡང་དག་པར་རྫོགས་པ་སངྱས་གསེར་འཛམ་བུའི་གསེར་གྱི་རྒྱལ་མཚན་གྱི་འོད་དེ་ཡོངས་སུ་མྱ་ངན་ལས་འདས་ནས། དེ་ཡི་བསྟན་པ་ཡོང་ཡེ་ཐམས་ཅད་དུ་ནུབ་པའི་བར་དུ་གྱུར་པ་ན་ཁྱེའུ་དངུལ་གྱི་འོད་འདི། དེ་བཞིན་གཤེགས་པ་དེའི་འཚམ་སྦྱོར་ཞིང་འཇིག་རྟེན་གྱི་ཁམས་རྡུལ་དང་བྲལ་བའི་རྒྱལ་མཚན་དེ་ཉིད་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབས་སུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེས་བུ་འདུལ་བའི་ཁ་ལོ་སྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམ་ཀྱི་སྟོན་པ། སངས་རྒྱས་བཅོམ་ལྡན་འདས་གསེར་བརྒྱའི་འོད་ཟེར་དུ་སྣང་བ་སྙིང་པོ་ཞེས་བྱ་བར་འཇིག་རྟེན་དུ་འབྱུང་ངོ་ཞེས་དེ་དག་ཐམས་ཅད་བཅོམ་ལྡན་འདས་ཀྱི་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་ཏོ། །བཙུན་པ་བཅོམ་ལྡན་འདས་འབར་བའི་ཁྱད་པར་གྱི་གཟི་བརྗིད་རྒྱལ་པོ་ལ་སོགས་པ་ལྷའི་བུ་སྟོང་ཕྲག་བཅུ་པོ་དེ་དག་ནི་དེ་ཙམ་དུ་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབ་པོ་ཆེ་ཡང་མ་གྱུར་སྔོན་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ལ་སྤྱད་སྐད་ཀྱང་མི་གདའ་ལག་པ་དང་རྐང་པ་དང་མིག་དང་ཡན་ལག་གི་དམ་པ་མགོ་དང ། བུ་དང་ཆུང་མ་དང་བུ་མོ་ཕངས་པ་དག་སྔོན་ཡོངས་སུ་བཏང་སྐད་ཀྱང་མི་གདའ་ནོར་དང་འབྲུས་དང་མགྲོན་བུ་དང་གསེར་དང་ནོར་བུ་དང་མུ་ཏིག་དང་བཻ་དཱུ་རྱ་དང་དུང་དང་མན་ཤེལ་དང་བྱུ་རུ་དང་དངུལ་དང་ས་ལེ་སྦྲམ་དང་རིན་པོ་ཆེ་རྣམས་སྔོན་ཡོངས་སུ་བཏང་སྐད་ཀྱང་མི་གདའ་བཟའ་བ་དང་བཏུང་བ་དང །
97.49b
གཞོན་པ་དང་གོས་དང་མལ་ཆ་དང་ཁང་ཁྱིམ་དང་གཞལ་མེད་ཁང་དང་ཀུན་དགའ་ར་བ་དང་རྫིང་བུ་དང་ལྟེང་ཀ་དག་སྔོན་ཡོངས་སུ་བཏང་སྐད་ཀྱང་མི་གདའ། གླང་པོ་ཆེ་དང་བ་ལང་དང་རྟ་ཕོ་རྒོད་དང་བྲན་ཕོ་དང་བྲན་མོ་སྣ་ཚོགས་སྔོན་ཡོངས་སུ་བཏང་སྐད་ཀྱང་མི་གདའ་འདི་ལྟ་སྟེ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མ་མཆིས་པ་དུ་མ་དེ་དག་ནི་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས། དེ་བཞིན་གཤེགས་པ་ཡི་མིང་དུ་ལུང་མ་ཐོབ་ཀྱི་བར་དུ་སྔོན་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གྲངས་མ་མཆིས་པ་དུ་མ་ནས། དེ་བཞིན་གཤེགས་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་གྲངས་མ་མཆིས་པ་དུ་མ་དག་ལ་མཆོད་པ་སྣ་ཚོགས་ཐ་དད་པ་བརྒྱ་སྟོང་བསམ་གྱིས་མི་ཁྱབ་པ་ཕྲག་དུ་མ་དང་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་བགྱིད་ཡོངས་སུ་བཏང་བར་བགྱི་བའི་དངོས་པོ་ཐམས་ཅད་ཀྱང་ཡོངས་སུ་གཏོང་ལ། ལག་པ་དང་རྐང་པ་དང་མིག་དང་ཡན་ལག་གི་དམ་པ་མགོ་དང་བུ་དང་ཆུང་མ་དང་བུ་མོ་ཕངས་པ་ཡོངས་སུ་གཏང་བར་བགྱིས་པ་རྣམས་ཀྱང་ཡོངས་སུ་གཏོང ། ནོར་དང་འབྲུ་དང་མགྲོན་བུ་དང་གསེར་དང་ནོར་བུ་དང་མུ་ཏིག་དང་བཻ་དཱུ་རྱ་དང་དུང་དང་མལ་ཤེལ་དང་བྱུ་རུ་དང་དངུལ་དང་ས་ལེ་སྦྲམ་ཡོངས་སུ་གཏང་བར་བགྱིས་པ་རྣམས་ཡོངས་སུ་གཏོང ། བཟའ་བ་དང་བཏུང་བ་དང་གཞོན་པ་དང་གོས་དང་མལ་ཆ་དང་སྟན་དང་ཁང་ཁྱིམ་དང་གཞལ་མེད་ཁང་དང་ཀུན་དགའ་ར་བ་དང་བསྐྱེད་མོས་ཚལ་དང་རྫིང་བུ་དང་ལྟེང་ཀ་དང་གླང་པོ་ཆེ་དང་བ་ལང་དང་རྟ་ཕོ་རྒོད་དང་བྲན་ཕོ་དང་བྲན་མོ་ཡོངས་སུ་བཏང་བར་བགྱི་བ་རྣམ་ཀྱང་ཡོངས་སུ་གཏོང་ཞིང་རིམ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་ཐམས་ཅད་ཡོངས་སུ་རྫོགས་པར་བགྱིད་རིམ་གྱི་ཕ་རོལ་ཏུ་ཕྱིན་པ་དྲུག་པོ་དག་ཡོངས་སུ་རྫོགས་པར་བགྱིས་ནས་བདེ་བ་བརྒྱ་སྟོང་ཕྲག་མང་པོ་ཡང་མྱོང་བར་འགྱུར་ན། བཙུན་པ་བཅོམ་ལྡན་འདས་རྒྱུ་གང་དང་རྐྱེན་གང
97.50a
དང་དགེ་བའི་རྩ་བ་སྦྱངས་པ་ཅི་འདྲ་བ་ཞིག་གིས་འབར་བའི་ཁྱད་པར་གྱི་གཟི་བརྗིད་རྒྱལ་པོ་ལ་སོག་པ་ལྷའི་བུ་སྟོང་ཕྲག་བཅུ་པོ་འདི་དག་།བཅོམ་ལྡན་འདས་ལ་ཆོས་ཉན་པའི་སླད་དུ་མཆིས་པ་འདི་དག་བཅོམ་ལྡན་འདས་ཀྱི་འདི་ལྟར་མ་འོང་པའི་དུས་ནས་བསྐལ་པ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་གྲངས་མེད་པ་དུ་མ་ན། འཇིག་རྟེན་གྱི་ཁམས་ས་ལའི་དབང་པོ་མཐོན་པོའི་རྒྱལ་མཚན་དང་ལྡན་པ་ཞེས་བྱ་བ་དེ་ཉིད་དུ་རིག་དང་རུས་ཅིག་པ་དང་མིང་གཅིག་ཏུ་རིམ་གྱི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ཏེ་རབ་ཏུ་དང་བའི་ཞལ་ཨུད་པ་ལའི་དྲི་བརྩེག་པ་ཞེས་བྱ་བར་སངས་རྒྱས་སྟོང་ཕྲག་བཅུ་འཇིག་རྟེན་དུ་འབྱུང་སྟེ། མཁྱེན་པ་དང་ཞབསུ་ལྡན་པ་བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེ་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམ་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་རོ་ཞེས་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟན་ལགས། དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་རིགས་ཀྱི་ལྷ་མོ་བྱང་ཆུབ་ཡང་དག་པར་བསྡུས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཀྱི་ལྷ་མོ་འབར་བའི་ཁྱད་པར་གྱི་གཟི་བརྗིད་རྒྱལ་པོ་ལ་སོག་པ་ལྷའི་བུ་སྟོང་ཕྲག་བཅུ་པོ་འདི་དག་གང་བྱས་ཤིང་བསག་པས་ཆོས་མཉན་པའི་ཕྱིར་ད་ལྟར་སུམ་བཅུ་རྩ་གསུམ་གྱི་གནས་ནས་འདིར་ལྷག་པ་དེའི་དགེ་བའི་རྩ་བ་སྦྱངས་པ་ཡོད་དེའི་རྒྱུ་ཡོད་དེའི་བྱེད་རྒྱུ་ཡོད་དེ། རིགས་ཀྱི་ལྷ་མོ་སྐྱེ་བུ་དམ་པ་འདི་གསུམ་གྱི་བྱང་ཆུབ་ཏུ་ལུང་སྟན་པ་འདི་ཐོས་ནས་ཐོས་མ་ཐག་ཏུ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་འདི་ལ་ཤིན་ཏུ་རི་མོ་བྱེད་ཅིང་དགའ་བ་དང་དང་བ་ཐོབ་པར་གྱུར་ཏེ་དེ་ཙམ་དུ་བཻ་དཱུ་རྱ་དྲི་མ་མེད་པ་ལྟར་ཡོངསུ་དག་པའི་སེམས་དང་ལྡན་པར་གྱུར་ཏོ་དྲི་མ་མེད་ལ་ཤིན་ཏུ་རྒྱ་ཆེ་ཞིང་རྒྱས་པའི་ནམཁའ་ལྟར་ཟབ
97.50b
པའི་སེམས་རབ་ཏུ་དང་བ་དང་ལྡན་པར་གྱུར་ཏོ་བསོད་ནམ་ཀྱི་ཕུང་པོ་དཔག་ཏུ་མེད་པ་ཡོངསུ་བཟུང་བ་དང་ལྡན་པར་གྱུར་ཏོ་རིག་ཀྱི་ལྷ་མོ་འབར་བའི་ཁྱད་པར་གྱི་གཟི་བརྗིད་རྒྱལ་པོ་ལ་སོག་པ་ལྷའི་བུ་སྟོང་ཕྲག་བཅུ་པོ་འདི་དག་དེ་ཙམ་དུ་གསེར་འོད་དམ་པ་མདོ་སྡེ་དབང་པོ་རྒྱལ་པོ་འདི་ཐོས་མ་ཐག་ཏུ་ལྷག་པར་རི་མོ་བྱེད་པ་དང་རབ་ཏུ་དང་བ་ཐོབ་པར་གྱུར་ཏོ་དེ་ཙམ་དུ་བཻ་དཱུ་རྱ་དྲི་མ་མེད་པ་ལྟར་ཡོངསུ་དག་པའི་སེམས་དང་ལྡན་པར་གྱུར་ཏེ་དེའི་ཕྱིར་ལུང་སྟན་པའི་ས་རྗེསུ་ཐོབ་བོ། །རིགས་ཀྱི་ལྷ་མོ་ཆོས་མཉན་པའི་དགེ་བའི་ཙ་བ་བསག་པ་འདི་དང་སྔོན་གྱི་སྨོན་ལམ་གྱི་སྟོབ་ཀྱི་འབར་བའི་ཁྱད་པར་གཟི་བརྗིད་རྒྱལ་པོ་ལ་སོག་པ་ལྷའི་བུ་སྟོང་ཕྲག་བཅུ་པོ་འདི་དག་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་བསྟན་པའི་ས་རྗེསུ་ཐོབ་བོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། ལྷའི་བུ་སྟོང་ཕྲག་བཅུ་ལུང་བསྟན་པ་ཞེས་བྱ་བའི་ལེའུ་སྟེ་བཅོ་ལྔ་པའོ།། །། རིགས་ཀྱི་ལྷ་མོ་སྔོན་བྱུང་བ་འདས་པའི་དུས་བསྐལ་པ་གྲངས་མེད་པའི་ཡང་ཆེས་གྲང་མེད་པ་རྒྱས་པ་བསམ་གྱི་མི་ཁྱབ་པ་ཚད་མེད་པར་གྱུར་པ་དེའི་ཚེ་དེའི་དུས་ན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་མཁྱེན་པ་དང་ཞབསུ་ལྡན་པ། བདེ་བར་གཤེགས་པ་འཇིག་རྟེན་མཁྱེན་པ་སྐྱེ་བུ་འདུལ་བའི་ཁ་ལོ་བསྒྱུར་བ་བླ་ན་མེད་པ་ལྷ་དང་མི་རྣམ་ཀྱི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་རིན་ཆེན་གཙུག་ཏོར་ཅན་ཞེས་བྱ་བ་འཇིག་རྟེན་དུ་བྱུང་ངོ ། །རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་གཏོར་ཅན་དེ་ཡོངས་སུ་མྱ་ངན་ལས་འདས་ནས་དམ་པའི་ཆོས་ནུབ་པར་གྱུར་ཏེ་དམ་པའི་ཆོས་ལྟར་བཅོས་པར་གྱུར་པ་ན་རྒྱལ་པོ་ལྷའི་དབང་ཕྱུག་འོད་ཅེས་བྱ་བ་ཆོས་ཅན་ཆོས་ཀྱི་རྒྱལ་པོ་ཆོས་ཀྱི་རྒྱལ་སྲིད་སྐྱོང་གིས་ཆོས་མ་ཡིན་པས་ནི་མ་ཡིན་ཏེ་ཡུལ་ཐམས་ཅད་ན་གནས་པའི་སེམས་ཅན་རྣམ་ཀྱི་ཕ་མ་ལྟ་བུར་གྱུར་པ་ཞིག་བྱུང་ངོ་རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན། རྒྱལ་པོ་ལྷའི་དབང་ཕྱུགས་འོད་ཀྱིས་ཡུལ་དུ་ཚོང
97.51a
དཔོན་རལ་པ་འཛིན་ཅེས་བྱ་བ་སྨན་པ་གསོ་པོར་བྱེད་པ་ཁམས་ལ་མཆོག་ཏུ་མཁས་པ། ཚེའི་རིག་བྱེད་ཡན་ལག་བརྒྱད་ཀྱི་རྒྱུད་དང་ལྡན་པ་ཞིག་བྱུང་བར་གྱུར་ཏོ། །ཀྱེ་རིག་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་ཚོང་དཔོན་རལ་པ་འཛིན་ཅེས་བྱ་བ་དེའི་བུ་ཚོང་དཔོན་གྱི་བུ་ཆུ་འབེབ་ཞེས་བྱ་བ། གཟུག་བཟང་བ་མཛེས་པ་ལྟ་ན་སྡུག་པ་ཁ་དོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ། བསྟན་བཅོས་སྣ་ཚོགས་ལ་མཁས་པ། སྟན་བཅོས་ཐམ་ཅད་རྟོགས་པར་ཁོང་དུ་ཆུད་པ། ཡི་གེ་དང་གྲངས་དང་ལག་ཙིས་དང་རྩིས་རྣམས་ཤིན་ཏུ་བསླབས་པ་ཞིག་བྱུང་ངོ ། །རིག་ཀྱིས་ལྷ་མོ་དེའི་ཚེ་དེའི་དུས་ན་རྒྱལ་པོ་ལྷའི་དབང་ཕྱུག་འོད་དེའི་ཡུལ་དེ་ན་སེམས་ཅན་བརྒྱ་སྟོང་ཕྲག་དུ་མ་ནད་སྣ་ཚོགས་ཀྱིས་སྟབ་པར་གྱུར་ཅིང ། ནད་སྣ་ཚོགས་ཀྱིས་ཡོངས་སུ་གཟིར་ཏེ། སྡུག་སྔལ་མི་བཟད་པ་རྩུབ་པ་དྲག་པ་ཡིད་དུ་མི་འོང་བའི་ཚོར་བ་རྣམས་མྱོང་བར་གྱུར་ཏོ། །རིག་ཀྱི་ལྷ་མོ་དེའི་ཚེ་དེའི་དུ་ན་ཚོང་དཔོན་གྱི་བུ་ཆུ་འབེབ་དེ། སེམས་ཅན་ནད་སྣ་ཚོགས་ཀྱིས་བཏབ་པ་ནད་སྣ་ཚོགས་ཀྱིས་གཟིར་བ་བརྒྱ་སྟོང་ཕྲག་དུ་མ་དེ་དག་གིས་དོན་གྱི་ཕྱིར། སྙིང་རྗེ་ཆེན་པོའི་སེམས་བསྐྱེད་པར་གྱུར་ཏོ། །སེམས་ཅན་བརྒྱ་སྟོང་ཕྲག་དུ་མ་དེ་དག་ནི་ནད་སྣ་ཚོག་ཀྱིས་བཏབ་ཅིང་ནད་སྣ་ཚོགས་ཀྱིས་གཟིར་བ། ད་ལྟར་སྡུག་བསྔལ་མི་བཟད་པ་རྩུབ་པ་དྲག་པོ་ཡིད་དུ་མི་འོང་བའི་ཚོར་བ་རྣམས་མྱོང་ལ། བདག་གིས་ཕ་ཚོང་དཔོན་རལ་པ་འཛིན་སྨན་པ་གསོ་བར་བྱེད་པ་ཁམས་ལ་མཆོག་ཏུ་མཁས་པ། ཚེའི་རིག་བྱེད་ཡན་ལག་བརྒྱད་ཀྱི་རྒྱུད་དང་ལྡན་པ་འདི་ནི་རྒས་འཁོག་གཏུགས་ལམ་དུ་ཞུགས་ན་ཚོད་རྗེས་སུ་ཐོབ་མཁར་བ་ལ་བརྟེན་ཅིང་འདར་ཏེ། གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་རྣམ་སུ་འགྲོ་མི་ནུས་ན། སེམས་ཅན་ནད་སྣ་ཚོག་ཀྱི་བཏབ་པ་ནད་སྣ་ཚོག་གཟིར་བ་བརྒྱ་སྟོང་ཕྲག་དུ་མ་དེ་དག་ནད་སྣ་ཚོག་ལས་ཡོངས་སུ་ཐར་བར་བྱ་བའི་ཕྱིར། བདག་ཉིད་བདག་གི་ཕ་རལ་པ་འཛིན་གྱི
97.51b
གན་དུ་སོང་ལ་ནད་ཀྱི་ཕྱིར་ཁམ་ལ་མཁས་པར་བྱ་བ་ཡོངས་སུ་དྲིས་ཏེ། ཁམས་ལ་མཁས་པར་བྱ་བ་དྲིས་པ་དེས་བདག་གྲོང་དང་གྲོང་ཁྱེར་དང་ལྗོངས་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་རྣམས་སུ་འགྲོ་བར་བྱའོ། །སོང་ནས་ཀྱང་སེམས་ཅན་ནད་སྣ་ཚོག་ཀྱིས་བཏབ་པ་ནད་སྣ་ཚོག་ཀྱིས་གཟིར་བ་བརྒྱ་སྟོང་ཕྲག་དུ་མ་དག་ནད་སྣ་ཚོག་ལས་ཡོང་སུ་ཐར་བར་བྱའོ་སྙམ་ནས། རིག་ཀྱི་ལྷ་མོ་དེའི་ཚེ་དེའི་དུ་ན་ཚོང་དཔོན་གྱི་བུ་ཆུ་འབེབ་རང་གི་ཕ་རལ་པ་འཛིན་ག་ལ་བ་དེར་སོང་སྟེ་ཕྱིན་ནས་རང་གིས་ཕ་རལ་པ་འཛིན་གྱི་རྐང་པ་ལ་མགོ་བོ་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས་ཕྱོག་གཅིག་ཏུ་འདུག་གོ་།ཕྱོག་གཅིག་ཏུ་འདུག་ནས་ཀྱང་ཚོང་དཔོན་གྱི་བུ་ཆུ་འབེབ་ཀྱི་རང་གི་ཕ་རལ་པ་འཛིན་ལ་ཚིག་ཆ་སུ་བཅད་པ་འདི་དག་གི་ཁམ་ལ་མཁས་པར་བྱ་བ་དྲིས་པ། ཇི་ལྟར་དབང་པོ་འཛིན་འགྱུར་ཞིང ། ཁམ་ཀྱི་རྣམ་ཀྱང་ཡོངས་སུ་འགྱུར། །གང་གི་དུས་ན་ལུས་ཅན་ལ། །ནད་ཀྱི་རྣམ་ནི་འབྱུང་བར་འགྱུར། །དུས་དང་དུས་མིན་ཟས་ཟོས་པ། །ཇི་ལྟ་བུར་ན་བདེ་བར་འགྱུར། །གང་གིས་ལུས་ཀྱི་ནང་དུ་ནི། །ལུས་ཀྱི་མི་ལ་གནོད་མི་འགྱུར། །རླུང་ལས་གྱུར་དང་ཁྲིས་གྱུར་དང ། །འདུས་ལས་གྱུར་དང་བད་ཀན་གྱུར། །ནད་རྣམ་ཞི་བར་བགྱི་སླད་དུ། །ཇི་ལྟར་བུར་ནི་གསོ་བར་བགྱི། །གང་གིས་མི་ལ་གནོད་འགྱུར་བའི། །རླུང་ནི་གང་གི་དུས་ན་གཡོ། །གང་གི་དུས་ན་མཁྲིས་པ་གཡོ། །བད་ཀན་གང་གི་དུས་ན་གཡོ། །དེ་ནས་ཚོང་དཔོན་རལ་པ་འཛིན་གྱི་ཚོང་དཔོན་གྱི་བུ་ཆུ་འབེབ་ལ་ཚིགསུ་བཅད་པ་འདི་དག་གི་ཁམ་ལ་མཁས་པར་བྱ་བ་རྣམ་པར་སྟན་ཏོ། །ཟླ་གསུམ་དབྱར་ཏེ་ཟླ་གསུམ་སྟོན་དུ་ཤེས། །གསུམ་ནི་དགུན་ཏེ་གསུམ་ནི་དཔྱིད་ཡིན་ནོ། །དེ་ལྟར་ཟླ་བའི་གོ་རིམ་དུ་ནི་དྲུག་།ལོ་གཅིག་ལ་ནི་ཟླ་བ་བཅུ་གཉིས་འདོད། །གསུམ་གསུཾ་དུ་ནི་ཚིགས་རྣམ་བསྡུགས་པར་ཤེས། །ཟླ་བ་གཉིས་གཉི་ཤིང་ནི་དུ་སུ་སྟན། །ཟས་དང་སྐོམ་ནི་དེ་ལྟར་འཇུ་བར་འགྱུར། །སྨན་པ་དང་ནི་ཁམས་དང་དུས་ཀྱང་བསྟན། །དབང་པོ་དང་ནི་ཁམས་རྣམས་དེ་དག་
97.52a
ཀྱང ། །ལོ་གཅིག་ནང་གི་ཚིག་ཚིག་ཡོངསུ་འགྱུར། །དབང་པོ་དག་ནི་ཡོངསུ་འགྱུར་བ་ན། །ལུས་ཅན་རྣམ་ལ་སྣ་ཚོགས་ནད་ཀྱང་འགྱུར། །དེ་ཉིད་ལ་ནི་སྨན་པས་ཟླ་གསུམ་བཞི། །ཚིགས་ཀྱི་བར་དང་དུས་དྲུག་རྣམས་དང་ནི། །ཁམས་དྲུག་མཁས་པར་བྱ་བ་ཤེས་པར་བྱ། །ཟས་སྐོམ་སྨན་རྣམས་གོ་རིམ་ཇི་བཞིན་ཏེ། །རླུང་གི་ཤས་ཆེ་ནད་ནི་དབྱར་ན་ལྡང ། །སྟོན་དུ་གྱུར་པ་ན་ནི་ཁྲིས་པ་གཡོ། །དགུན་གྱི་དུས་ན་དེ་བཞིན་འདུས་པ་ཏེ། །བད་ཀན་ཤས་ཆེའི་ནད་ནི་དཔྱིད་ན་ལྡང ། །དབྱར་ནི་སྣུམ་དྲོ་ལན་ཚཝ་སྐྱུར་བའི་རོ། །སྟོན་ནི་མངར་དང་སྣུམ་དང་བསིལ་བག་གོ་།དགུན་ནི་མངར་དང་སྣུམ་དང་སྐྱུར་བ་སྟེ། །དཔྱིད་ཀྱི་དུས་ན་རྩུབ་དྲོ་ཚ་བའོ། །བད་ཀན་ཆེ་བ་ཟོས་མ་ཐག་ཏུ་ལྡང ། །མཁྲིས་པ་ཆེ་བ་འཇུ་བའི་དུས་ན་ལྡང ། །རླུང་ཤས་ཆེ་བ་ཞུ་མ་ཐག་ཏུ་ལྡང ། །ཁམས་གསུམ་གཡོ་བ་དེ་ནི་དེ་ལྟའོ། །རླུང་གི་བདག་ཉིད་ལ་ནི་བཅུད་ཀྱིས་སོ། །བཀྲུ་སྨན་གྱི་ནི་ཁྲིས་པ་བསལ་བར་བྱ། །འདུས་པ་ལ་ནི་གསུམ་དང་འཐུན་ལྡན་པ། །བད་ཀན་ཚིག་སུ་བབས་ན་ཀྱུག་སྨན་གཏང ། །རླུང་ཤས་ཆེ་དང་ཁྲིས་དང་འདུས་པ་དང ། །བད་ཀན་ཤས་ཆེའི་ཚིག་རྣམས་ཤེས་པར་བྱ། །དུས་གང་ཁམས་གང་ལུས་ནི་གང་ཡིན་པ། །དེ་ཡི་སྨན་དང་བཟའ་བཏུང་བསྟེན་པར་བྱ། །དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱིས་ཁམས་ལ་མཁས་པར་བྱ་བ་འདི་ལྟ་བུ་དེ་ཙམ་ཞིག་ཡོངས་སུ་དྲིས་པ་དེས། ཚེའི་རིག་བྱེད་ཀྱི་ཡན་ལག་བརྒྱད་པོ་ཐམས་ཅད་ཁོང་དུ་ཆུད་པར་གྱུར་ཏོ། །རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་བུ་ཆུ་འབེབས། རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་ཡུལ་ན་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་ཐམས་ཅད་དུ་སོང་ནས། སེམས་ཅན་ནད་སྣ་ཚོགས་ཀྱི་བཏབ་པ་ནད་སྣ་ཚོགས་ཀྱི་གཟིར་བ་བརྒྱ་སྟོང་ཕྲག་དུ་མ་དེ་དག་ལ་ཁོ་བོ་ནི་སྨན་པའོ། །ཁོ་བོ་ནི་སྨན་པའོ། །ཞེས་བདག་ཉིད་ཀྱིས་ཁས་འཆེས་ཏེ། ཁོ་བོ་ནི་ཁྱེད་རྣམས་ནད་སྣ་ཚོགས་ལས་ཡོངས་སུ་ཐར་བར་
97.52b
བྱའོ་ཞེས་དབུགས་ཕྱུང་ངོ ། །རིགས་ཀྱི་ལྷ་མོའི་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱི། འདི་ལྟ་བུའི་ཚིག་བརྗོད་པ་དེ་ཐོས་མ་ཐག་ཏུ་སྲོག་ཆགས་བརྒྱ་སྟོང་ཕྲག་དུ་མ་དེ་དག་ཐམས་ཅད་རབ་ཏུ་དགའ་བ་ཆེ་པོ་སྐྱེས་པར་གྱུར་ཏོ། །དབུགས་ཕྱིན་པ་རྙེད་ནས་ཀྱང་དགའ་བ་དང་བདེ་བ་དང་ཡིད་བདེ་བ་བསམ་གྱིས་མི་ཁྱབ་པ་དང་ལྡན་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་སེམས་ཅན་ནད་སྣ་ཚོགས་ཀྱིས་བཏབ་པ་ནད་ཚོག་ཀྱིས་གཟིར་བ་བརྒྱ་སྟོང་ཕྲག་དུ་མ་དེ་དག་ནད་སྣ་ཚོགས་ལས་ཡོངསུ་ཐར་ཏེ་ནད་མེད་པར་གྱུར་ཏོ། །ནད་མེད་པར་གྱུར་ནས་ཀྱང་སྔ་མཁོན་བཞིན་དུ་མཐུ་དང་སྟོབ་དང་བརྩོན་འགྲུས་དང་ལྡན་པར་གྱུར་ཏོ། །དེའི་ཚེ་དེའི་དུས་ན་སེམས་ཅན་ནད་སྣ་ཚོག་གྱི་བཏབ་པ་ནད་སྣ་ཚོག་ཀྱིས་གཟིར་བ་བརྒྱ་སྟོང་ཕྲག་དུ་མ་དེ་དག་གི་ནང་ནས་གང་སུ་དག་ནད་དྲག་པོས་སྟབ་པ་དེ་དག་ཐམས་ཅད་ཚོང་དཔོན་གྱི་བུ་ཆུ་འབེབས་ག་ལ་བ་དེར་དོང་ནས་ཕྱིན་པ་དང ། སེམས་ཅན་ནད་སྣ་ཚོག་ཀྱིས་བཏབ་པ་ནད་སྣ་ཚོག་གྱི་བཟིར་བ་བརྒྱ་སྟོང་ཕྲག་དུ་མ་དེ་དག་ལ་ཚོང་དཔོན་གྱི་བུ་ཆུ་འབེབས་གྱིས་སྨན་དཔྱད་གང་ཅི་བསྟན་པ་དེས། སེམས་ཅན་དེ་དག་ཐམས་ཅད་ཀྱི་ནད་ཐམས་ཅད་རབ་ཏུ་ཞི་བར་བྱས་སོ། །ནད་མེད་པ་དང་ནད་ཉུང་བར་གྱུར་ནས་ཀྱང་སྔ་མཁོན་བཞིན་དུ་མཐུ་དང་སྟོབ་དང་བརྩོན་འགྲུས་དང་ལྡན་པར་གྱུར་ཏོ། །རིགས་གྱི་ལྷ་མོ་དེའི་ཚེ་དེའི་དུ་ན་རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་ཡུལ་ན་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་ཐམས་ཅད་ན་སེམས་ཅན་ནད་སྣ་ཚོག་ཀྱི་བཏབ་པ། ནད་སྣ་ཚོག་གྱིས་གཟིར་བ། བརྒྱ་སྟོང་ཕྲག་དུ་མ་དེ་དག་ཐམ་ཅད་ཚོང་དཔོན་གྱི་བུ་ཆུ་འབེབས་ཀྱི། ནད་སྣ་ཚོག་ལས་ཡོངསུ་ཐར་བར་བྱས་པར་གྱུར་ཏོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། ནད་རབ་ཏུ་ཞི་བར་བྱ་བའི་ལེའུ་ཞེས་བྱ་བ་སྟེ་བཅུ་དྲུག་པའོ།། །། བམ་པོ་ལྔ་པ་སྟེ་ཐ་མ།
97.53a
རིག་ཀྱི་ལྷ་མོ་གཞན་ཡང་རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་ཡུལ་དུ། ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ཀྱིས་སེམས་ཅན་ཐམ་ཅད་ནད་མེད་པར་བྱས་པས། ན་བ་ཉུང་ཞིང་སྔ་མཁོན་བཞིན་དུ་སྤྲོ་བ་དང་སྟོབས་དང་ལྡན་པའི་ལུས་སུ་གྱུར་ཏོ། །རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་ཡུལ་ན་སེམས་ཅན་ཐམས་ཅད་དགའ་ཞིང་རྩེ་ལ་དགའ་མགུར་སྤྱོད་དེ་སྦྱིན་པ་དག་ཀྱང་སྦྱིན་བསོད་ནམ་དག་ཀྱང་བྱེད་དེ། ཚོང་དཔོན་གྱི་ཁྱེའུ་ཆུ་འབེབ་ལའང ། ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་རྒྱལ་བར་གྱུར་ཅིག་།སྨན་པའི་རྒྱལ་པོ་སེམས་ཅན་ཐམས་ཅད་ཀྱི་ནད་གསོལ་བ་མངོན་སུམ་མདུན་དུ་བྱང་ཆུབ་སེམས་དཔར་ངེས་པ། ཚེའི་རིག་བྱེད་ཡན་ལག་བརྒྱད་པ་ཐམས་ཅད་རྟོགས་པ་ཞེས་མངོན་པར་འདུ་བྱེད་དོ། །རིགས་ཀྱི་ལྷ་མོ་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་དེ་ལ་ཆུང་མ་ཆུའི་པད་མའི་སྙིང་པོ་ཞེས་བྱ་བ་ཞིག་ཡོད་དེ། རིག་ཀྱི་ལྷ་མོ་ཆུང་མ་ཆུའི་པད་མའི་སྙིང་པོ་དེ་ལ་ཁྱེའུ་གཉིས་ཡོད་དེ། གཅིག་གི་མིང་ནི་ཆུའི་གོས་ཤེས་བྱ། གཅིག་གི་མིང་ནི་ཆུའི་སྙིང་པོ་ཞེས་བྱའོ། །རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབ་ཁྱེའུ་དེ་གཉིས་དང་ལྷན་ཅིག་ཏུ་མཐར་ཀྱི་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་ལྗོངས་དང་ཡུལ་འཁོར་དང་རྒྱལ་པོའི་ཕོ་བྲང་འཁོར་རྣམ་སུ་འགྲོའོ། །རིགས་ཀྱི་ལྷ་མོ་དེ་ནས་དུས་གཞན་ཞིག་ན། ཚོང་དཔོན་གྱི་བུ་ཆུ་འབེབས་འབྲོག་དགོན་པ་ཞིག་ཏུ་ཕྱིན་ཏེ། དེ་ནས་འགྲོ་དགོན་པ་དེར་ཤ་ཟ་བའི་ཁྱི་དང་སྤྱང་ཀི་དང་ཝ་དང་ཁཝ་དང་བྱ་དང་གང་ན་དགོན་པ་ན་རྫིང་ཞིག་ཡོད་པ་དེར་རྒྱུག་པར་མཐོང་ནས་དེ་འདི་སྙམ་དུ་སེམས་ཏེ། ཅིའི་ཕྱིར་ཤ་ཟ་བའི་ཁྱི་དང་སྤྱང་ཀི་ནས་བྱའི་བར་འདི་དག་ཕྱོག་འདིར་རྒྱུག་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། བདག་ཁྱི་དང་སྤྱང་ཀི་དང་ཝ་དང་ཁཝ་དང་བྱ་རྣམས་ཕྱོག་གང་དུ་རྒྱུག་པའི་ཕྱོགས་དེར་འགྲོ་བར་བྱའོ་སྙམ་མོ། །རིག་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབ་མཐར་ཀྱི་རྒྱུ་ཞིང་སོང་སྟེ། དགོན་པ་ན་རྫིང་ཞིག་ཡོད་པ་དེ་དག་ག་ལ་བ་དེར་ཕྱིན་ཏོ། །རྫིང་ཆེན་པོ་དེ་ན་ཉ་ཁྲི་ཞིག་གནས་ཏེ་དེས་དེར་ཉ་བརྒྱ་ཕྲག་མང་པོ་ཞིག་ཆུ་དང་བྲལ་བ་མཐོང་ནས། དེས་དེ་ལ་སྙིང་རྗེ་ཆེན་པོའི
97.53b
སེམས་སྐྱེས་པ་དང ། དེ་ན་ལྷ་མོ་ཞིག་ཤིང་ལས་ལུས་ཕྱེད་ཙམ་ཕྱུང་བ་ཞིག་མཐོང་སྟེ། ལྷ་མོ་དེས་ཚོང་དཔོན་གྱི་བུ་ཆུ་འབེབས་ལ་འདི་སྐད་ཅེས་སྨྲས་སོ། །རིག་ཀྱི་བུ་ལེག་སོ་ལེག་སོ། །གང་གིས་ཕྱིར་ཆུ་འབེབས་ཞེས་བྱ་བ་ཁྱོད་ཀྱིས་ཉ་འདི་རྣམ་ལ་ཆུ་བྱིན་ཅིག་རྣམ་པ་གཉིས་ཀྱི་ཕྱིར་ཆུ་འབེབས་ཞེས་བྱ་སྟེ། གང་ཆུ་འབེབས་པ་དང་གང་ན་ཆུ་སྦྱིན་པའོ། །དེ་བས་ན་རང་གི་མིང་དང་འཐུན་པར་བྱ་བ་བྱོས་ཤིག་།ཆུ་འབེབས་ཀྱི་སླར་སྨྲས་པ། ལྷ་མོ་ཉ་འདི་དག་ལ་ཇི་སྙད་ཅིག་མཆིས། ལྷ་མོས་སྨྲས་པ་ཉ་ཁྲི་ཐམ་པའོ། །རིག་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབ་ཆེས་མཆོག་ཏུ་སྙིང་རྗེ་བའི་སེམས་སྐྱེས་སོ། །རིག་ཀྱི་ལྷ་མོ་དེའི་ཚེ་དགོན་པ་ན་ཡོད་པའི་རྫིང་ཆེན་པོ་ན་ཆུའི་ལྷག་མ་ཅུང་ཟད་ཙམ་ཞིག་ལུས་ཏེ། དེ་ནས་ཉ་ཁྲི་འཆི་བའི་སྒོར་ཞུགས་ཤིང་ཆུ་དང་བྲལ་བ་དེ་དག་རྒྱུག་ཅིང་རྣམ་པར་རྒྱུག་གོ་།རིག་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབ་ཀྱི་ཕྱོག་བཞིར་བརྒྱུག་པ་དང ། ཉ་ཁྲི་པོ་དེ་དག་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབ་ཕྱོགས་གང་དུ་འགྲོ་བའི་ཕྱོགས་དེ་ལོག་སུ་ཆུ་འབེབས་ལ་སྙིང་རྗེ་རྗེ་ལྟར་ལྟའོ། །རིག་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་ཁྱེའུ་ཆུ་བབེབ་ཀྱི་ཕྱོག་བཞིར་བརྒྱུག་ཏེ་ཆུ་བཙལ་ཀྱང་དེར་ཆུ་མ་སྙེད་ནས་ཕྱོག་བཞིར་བལྟས་པ་དང་དེས་ཧ་ཅང་ཡང་ཐག་མི་རིང་བ་ཞིག་ན་ཤིང་ལྗོན་པ་མང་པོ་ཞིག་མཐོང་ནས། ཤིང་ལྗོན་པ་དེ་དག་ལ་འཛེག་ཏེ། ཤིང་གི་ཡལ་ག་རྣམ་བཅད་ནས་ཤིང་གི་ཡལ་ག་དེ་དག་ཁྱེར་ཏེ་རྫིང་ཆེན་པོ་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང ། ཤིང་གི་ཡལ་ག་དེ་རྣམས་ཀྱི་ཉ་ཁྲི་པོ་དེ་དག་ལ་ཤིན་ཏུ་བསིལ་བའི་གྲིབ་མ་བྱས་སོ། །རིག་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་ཁྱེའུ་ཆུ་བབེབ་རྫིང་དེར་ཆུ་འབེབ་པ་ཚོལ་ཏེ། གང་ནས་ཆུ་འབབ་ཅེས་དེ་ཕྱོག་བཞིར་བརྒྱུག་ཀྱང་ཆུ་མ་རྙེད་ནས། དེ་མྱུར་བ་མྱུར་བར་ཆུའི་རྒྱུན་དེ་ཉིད་ཀྱི་རྗེས་སུ་སོང་སྟེ། རིག་ཀྱི་ལྷ་མོ་དགོན་པ་ན་ཡོད་པའི་རྫིང་དེར་ཆུ་འབབ་པའི་ཅེས་བྱ་བའི་ཀླུང་ཆེན་པོ་དེ་ལས་དེར་ཆུ་འབབ་པའི་ཀླུང་དེ་ཡང་དེའི་ཚེ། སྡིག་པ་ཅན་ཀྱིས
97.54a
སེམས་ཅན་ཞིག་གིས་ཉ་ཁྲི་པོ་དེ་དག་གི་ཕྱིར། ཅི་ནས་ཀྱང་ཕྱིས་ཉ་དེ་དག་ལ་ཆུ་འབབ་པར་མི་འགྱུར་བ་དེ་ལྟ་བུའི་ཕྱོག་ཀྱི་གཡང་ས་ཆེན་པོར་ཀླུང་དེ་ཕབ་བོ། །དེས་དེ་མཐོང་ནས་བསམ་པ། ཀླུང་འདི་ནི་སྐྱེ་བོ་སྟོང་གིས་ཀྱང་སྲོལ་དེ་ཉིད་དུ་དབབ་པར་མི་ནུས་ན། བདག་གི་ལྟ་དབབ་པར་ག་ལ་ནུས་སྙམ་ནས་དེ་ཕྱིར་ལོག་གོ་།རིག་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབ་རིང་པ་རིང་པར་རྒྱལ་པོ་ལྷའི་དབང་ཕྱུག་འོད་ག་ལ་བ་དེར་སོང་སྟེ་ཕྱིན་ནས། རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་རྐང་པ་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོག་ཅིག་ཏུ་འདུག་ནས། དེ་དག་རྒྱུས་ནས་སྨྲས་ཏེ། བདག་གི་ལྷའི་ཆབ་འོག་ཏུ་གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་ཐམ་ཅད་དུ་སེམས་ཅན་གྱི་ནད་རྒྱུན་ནི་བཀུམ་ན་གནས་ཆེ་གེ་མོ་ཞེས་བགྱི་བ་དེ་ན། དགོན་པ་ན་ཡོད་པ་ཞེས་བགྱི་བའི་རྫིང་ཞིག་མཆིས་པ་དེ་ན་ཉ་ཁྲི་ཞིག་གནས་པ་དེ་ཆབ་དང་བྲལ་ནས་གདུགས་ཀྱིས་གདུངས་ཤིང་མཆིས་ཏེ། ཇི་ལྟར་མི་རྣམས་ལ་སྩལ་བ་ལྟར་ཅི་ནས་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དེ་དག་ལ་ཡང་སྲོག་སྩལ་བར་འཚལ་ན། ལྷས་གླང་པོ་ཆེ་ཉི་ཤུ་ཞིག་བདག་ལ་སྩལ་དུ་གསོལ། རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་སྨན་པའི་རྒྱལ་པོ་ཆེན་པོ་ལ་གླང་པོ་ཆེ་ཉི་ཤུ་ཞིག་བྱིན་ཅིག་ཅེས་བློན་པོ་རྣམས་ལ་བསྒོའོ། །བློན་པོ་རྣམ་ཀྱིས་སྨྲས་པ། སེམས་ཅན་ཆེན་པོ་གླང་པོ་ཆེའི་ལྷས་ག་ལ་བ་དེར་སོང་ལ་གླང་པོ་ཆེ་ཉི་ཤུ་ཞིག་ཁྲིད་དེ། སེམས་ཅན་རྣམས་ལ་ཕན་གདགས་པ་དང་བདེ་བར་གྱིས་ཤིག་།རིག་ཀྱིས་ལྷ་མོ་དེ་ནས་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབ་རང་གི་བུ་ཆུའི་གོས་དང ། ཆུའི་སྙིང་པོ་དང་ལྷན་ཅིག་ཏུ་གླང་པོ་ཆེ་ཉི་ཤུ་ཁྲི་ནས་གླང་པོ་ཆེའི་རྫི་བོ་ལས་བ་ལང་གི་རྒྱལ་པ་བརྒྱ་བླང་ཏེ། སླར་ལོག་ནས་ཆུ་འབབ་ཅེས་བྱ་བའི་ཀླུང་ཆེན་པོ་གང་དུ་འབབ་པ་དེར་སོང་ཏེ། རྐྱལ་པ་དེ་དག་ཆུས་བཀང་ནས་གླང་པོ་ཆེའི་རྒྱབ་ཏུ་ཆུ་བཀལ་ཏེ། མྱུར་བ་མྱུར་བར་དགོན་པ་ན་ཡོད་པའི་རྫིང་ག་ལ་བ་དེར་སོང་ནས་ཕྱིན་པ་དང་ཆུ་དེ་གླང་པོ་ཆེའི་སྟེང་ནས་ཕབ་ཏེ། ཕྱོགས་བཞི
97.54b
ནས་རྫིང་བུ་ཆུས་བཀང་ནས་ཕྱོགས་བཞིར་འགྲོ་བ་དང ། ཚོང་དཔོན་གྱི་ཁྱེའུ་ཆུ་འབེབ་གང་དང་གང་དུ་འགྲོ་བ་དེ་ལོག་སུ་ཉ་ཁྲི་པོ་དག་ཀྱང་རྒྱུག་གོ་།རིགས་ཀྱི་ལྷ་མོ་དེ་ནས་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབ་འདི་སྙམ་དུ་སེམས་ཏེ། ཅིའི་ཕྱིར་ཉ་ཁྲི་པོ་འདི་དག་བདག་ག་ལ་བ་དེ་ལོགསུ་རྒྱུག་སྙམ་མོ། །དེ་ཡང་འདི་སྙམ་དུ་སེམས་ཏེ། ཉ་ཁྲི་པོ་འདི་དག་ནི་བཀྲེས་པའི་མེས་ཡོང་སུ་ཉེན་ནས་བདག་ལ་བཟའ་བ་སློང་དུ་ངེས་ཀྱི་བདག་གིས་ཁ་ཟས་སྦྱིན་པར་བྱའོ་སྙམ་ནས། རིགས་ཀྱི་ལྷའི་མོ་དེ་ནས་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབ་ཀྱིས་རང་གིས་བུ་ཆུའི་གོས་ལ་འདི་སྐད་ཅེས་སྨྲས་སོ། །བུ་གླང་པོ་ཆེ་ཐམ་ཅད་ཀྱི་ནང་ན་མགྱོགས་པའི་མཆོག་ལ་ཞོན་ཏེ་བདག་གི་ཁྱིམ་དུ་སོང་ལ། མྱུར་བ་མྱུར་བར་སོང་སྟེ་མེས་པོ་ཚོང་དཔོན་ལ། ཀྱེ་མེས་པོ་ཆུ་འབེབ་ཀྱི་མཆིད་ནས་ཁྱིམ་འདི་ན་ཕ་མ་དང་སྤུན་དང་སྲིང་མོ་དང་བྲན་ཕོ་དང་བྲན་མོ་དང་ལས་བགྱིད་པ་རྣམ་ཀྱི་ཁ་ཟས་སྦྱར་བ་གང་ཅི་མཆིས་པ་ཐམས་ཅད་གཅིག་ཏུ་བསྡུས་ཏེ། ཆུའི་གོས་གླང་པོ་ཆེ་ལ་ཞོན་པའི་ལག་ཏུ་མྱུར་དུ་རྫོང་ཤིག་ཅེས་མཆིའོ་ཞེས་དེ་སྐད་གྱི་ཤིག་།དེ་ནས་ཁྱེའུ་ཆུའི་གོས་གླང་པོ་ཆེ་དེ་ལ་ཞོན་ནས་མྱུར་བ་མྱུར་བར་རྒྱུག་ཅིང་རབ་ཏུ་རྒྱུག་སྟེ། རང་གི་ཁྱིམ་ག་ལ་བ་དེར་ནས་ཕྱིན་པ་དང་དེ་དག་རྒྱུས་ཀྱིས་ཞིབ་ཏུ་སྨྲས་ཏེ། དེ་ནས་ཁྱེའུ་ཆུའི་གོས་ཀྱིས་སྔར་སྨྲས་པའི་ཟས་སྦྱར་བ་དེ་ཐམས་ཅད་གླང་པོ་ཆེའི་རྒྱབ་ཏུ་བཀལ་ནས་གླང་པོ་ཆེ་དེ་ལ་ཞོན་ཏེ་དགོན་པ་ན་ཡོད་པའི་རྫིང་ག་ལ་བ་དེར་སོང་བ་དང ། ཆུ་འབེབས་ཀྱི་རང་གི་བུ་ཆུའི་གོས་མཐོང་ནས་དགའ་མགུ་སྟེ་བུ་ལས་ཟས་བླང་ནས་ཕྲུལ་ཏེ་རྫིང་དེར་གཏོར་ནས་ཉ་ཁྲི་པོ་དེ་དག་ཚིམ་པར་བྱེད་ཏེ། དེ་འདི་སྙམ་དུ་བདག་གིས་དུས་ཞིག་ན་གནོད་པའི་གནས་ཞིག་ན། དགེ་སློང་ཐེག་པ་ཆེན་པོ་ཀློག་པ་ལས་སུ་འཆི་བའི་དུས་ཀྱི་ཚེ། དེ་བཞིན་གཤེགས་པ་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་ཐོས་པ་དེ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་སྐྱེའོ་ཞེས་ཐོས་ཀྱི་བདག་གི་ཉ་དེ་དག་ལ་རྟེན་ཅིང་འབྲེལ་བའི་ཆོས་ཟབ
97.55a
མོ་ཡང་བཤད་ལ། དེ་བཞིན་གཤེགས་པ་དགྲ་པ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་དེའི་མཚན་ཡང་བསྒྲག་པར་བྱའོ་སྙམ་མོ། །དེའི་ཚེ་ན་འཛམ་བུའི་གླིང་དེ་ན་སེམས་ཅན་རྣམས་ཀྱི་ལྟ་བ་གཉིས་སུ་གྱུར་ཏེ། ཁ་ཅིག་ནི་ཐེག་པ་ཆེན་པོ་ལ་མངོན་པར་དད་དོ། །ཁ་ཅིག་ནི་སྨོད་དོ། །དེ་ནས་ཚོང་དཔོན་གྱི་བུ་ཆུ་འབེབ་ཀྱིས་དེའི་ཚེ་རྫིང་དེར་རྐང་པ་གཉི་གའི་པུ་མོ་ནུབ་ཙམ་དུ་འབོག་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེག་པ་དགྲ་བཅོམ་པ་ཡང་དག་པར་རྫོག་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་དེ་ལ་ཕྱག་འཚལ་ལོ་ཞེས་ཆེད་དུ་བརྗོད་པ་དེ་སྐད་ཆེད་དུ་བརྗོད་དོ། །དེ་བཞིན་གཤེག་པ་རིན་ཆེན་གཙུག་ཏོར་ཅན་སྔོན་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ཕྱོགས་བཅུ་དག་ན་གང་སུ་དག་འཆི་བའི་དུས་ཀྱི་ཚེ། ངའི་མིང་ཐོས་པ་དེ་དག་དེ་ནས་ཤི་འཕོས་ནས་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམ་དང་སྐལ་བ་མཉམ་པར་གྱུར་ཅིག་ཅེས་སྨོན་ལམ་དེ་སྐད་བཏབ་བོ། །དེ་ནས་ཚོང་དཔོན་ཀྱི་ཁྱེའུ་ཆུ་འབེབས་གྱི་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་དེ་དག་ལ་ཆོས་འདི་བཤད་དེ་འདི་ལྟ་སྟེ། འདི་ཡོད་པའི་ཕྱིར་འདི་འབྱུང་འདི་སྐྱེ་བས་འདི་སྐྱེ་བ་འདི་ལྟར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་རྣམས། འདུ་བྱེད་རྣམས་གྱི་རྐྱེན་གྱི་རྣམ་པར་ཤེས་པ། རྣམ་པར་ཤེས་པའི་རྐྱེན་གྱིས་མིང་དང་གཟུགས། མིང་དང་གཟུགས་ཀྱི་རྐྱེན་གྱིས་སྐྱེ་མཆེད་དྲུག་།སྐྱེ་མཆེད་དྲུག་གི་རྐྱེན་གྱིས་རེག་པ། རེག་པའི་རྐྱེན་གྱི་ཚོར་བ། ཚོར་བའི་རྐྱེན་གྱི་སྲེད་པ། སྲེད་པའི་རྐྱེན་གྱིས་ལེན་པ། ལེན་པའི་རྐྱེན་གྱིས་སྲིད་པ། སྲིད་པའི་རྐྱེན་གྱིས་སྐྱེ་བ། སྐྱེ་བའི་རྐྱེན་གྱིས་རྒ་ཤི་དང་མྱ་ངན་དང་སྨྲེ་སྔགས་འདོན་པ་དང་སྡུག་བསྔལ་བ་དང་ཡིད་མི་བདེ་བ་དང་འཁྲུགས་པ་རྣམས་འབྱུང་སྟེ། དེ་ལྟར་ན་སྡུག་བསྔལ་གྱི་ཕུང་པོ་འདི་འབའ་ཤིག་འབྱུང་བར་འགྱུར་རོ། །འདི་ལྟ་སྟེ་མ་རིག་པ་འགག་པས་འདུ་བྱེད་འགག་པར་འགྱུར་བ་ནས། དེ་ལྟར་སྡུག་བསྔལ་ཀྱི་ཕུང་པོ་ཆེན
97.55b
པོ་འདི་འབའ་ཤིག་ཀྱང་འགག་པར་འགྱུར་རོ་ཞེས་བྱ་བའི་བར་དུའོ། །རིག་ཀྱི་ལྷ་མོ་དེ་ལྟར་དེའི་ཚེ་དེའི་དུས་ན་ཚོང་དཔོན་གྱི་བུ་ཆུ་འབེབ་ཀྱིས། དུད་འགྲོ་སྐྱེ་གནས་སུ་གྱུར་པ་དེ་དག་ལ་ཆོས་དང་ལྡན་པའི་གཏམ་འདི་བརྗོད་ནས། རང་གིས་བུ་ཆུའི་གོས་དང་ཆུའི་སྙིང་པོ་དང་ལྷན་ཅིག་ཏུ་རང་གི་ཁྱིམ་དུ་ཕྱིན་པའི་བར་དུའོ། །དེ་ནས་དུས་གཞན་ཞིག་ན་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབ་དུས་སྟོན་ཆེན་པོ་ཟོས་ནས་ཆང་གིས་ར་རོ་ཏེ་མལ་ན་ཉལ་བ་དང ། དེའི་ཚེ་དེའི་དུས་ན་ལྟས་ཆེན་པོ་བྱུང་བར་གྱུར་ཏེ། མཚན་མོ་དེ་འདས་པ་དང ། ཉ་ཁྲི་པོ་དེ་དག་འཆི་བའི་དུས་སུ་གྱུར་ན། སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་དང་སྐལ་བ་མཉམ་པར་སྐྱེས་སོ། །སྐྱེས་མ་ཐག་ཏུ་དེ་དག་འདི་ལྟ་བུའི་ཚུལ་གྱི་སེམས་ཀྱི་རྣམ་པར་རྟོག་པ་སྐྱེས་ཏེ། བདག་ཅག་དགེ་བའི་ལས་ཀྱིས་རྒྱུ་གང་གིས་སུམ་བཅུ་རྩ་གསུམ་ཀྱི་ལྷ་རྣམ་ཀྱི་ནང་འདིར་སྐྱེས་སྙམ་མོ། །དེ་དག་ཀྱང་འདི་སྙམ་དུ་སེམས་ཏེ། བདག་ཅག་འཛམ་བུའི་གླིང་དེ་ན་ཉ་ཁྲིར་གྱུར་ཏེ་བདག་ཅག་དུད་འགྲོའི་སྐྱེ་གནས་སུ་གྱུར་པ་ལས། །ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ཀྱི་ཆུ་མང་པོ་དང་ཁ་ཟས་ཀྱི་མཆོག་གི་ཚིམ་པར་བྱ་སྟེ། བདག་ཅག་ལ་བརྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་ཆོས་ཀྱང་བསྟན་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོག་པའི་སངས་རྒྱས་རིན་ཆེན་གརྩུག་གཏོར་ཅན་གྱི་མཚན་ཀྱང་བསྒྲགས་པས་དགེ་བའི་ཆོས་ཀྱི་རྒྱུ་དེ་དང་རྐྱེན་དེས་བདག་ཅག་ལྷ་རྣམ་ཀྱི་ནང་འདིར་སྐྱེ་ཀྱིས། བདག་ཅག་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ག་ལ་བ་དེར་དོང་སྟེ་ཕྱིན་ནས་དེ་ལ་མཆོད་པ་བྱའོ་སྙམ་མོ། །དེ་ནས་ལྷའི་བུ་ཁྲི་པོ་དེ་དག་སུམ་བཅུ་ཙ་གསུམ་གྱི་ལྷ་རྣམས་ཀྱི་ནང་ནས་མི་སྣང་བར་གྱུར་ནས། ཚོང་དཔོན་གྱི་བུ་ཆུ་འབེབ་གྱིས་ཁྱིམ་དུ་ལྷགས་ཏེ། དེའི་ཚེ་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབ་མལ་ན་ཉལ་ཞིང་འདུག་པ་དེ་ལ་ལྷའི་བུ་དེ་དག་གི་མུ་ཏིག་གི་སེ་མོ་དོ་ཁྲི་ནི་མགོའི་ཐད་ཀར་བཞག་།མུ་ཏིག་གི་སེ་མོ་དོ་ཁྲི་ནི་རྐང་པའི་དྲུང་དུ་བཞག་།མུ་ཏིག་གི་སེ་མོ་དོ་ཁྲི
97.56a
ནི་གཡས་ཕྱོགསུ་བཞག་མུ་ཏིག་གིས་སེ་མོ་དོ་ཁྲི་ནི་གཡོན་ལོགསུ་བཞག་ཏེ། པུས་མོ་ནུབ་ཙམ་དུས་མེ་ཏོག་མན་དཱ་ར་བའི་ཆར་ཆེན་པོ་ཡང་ཕབ། ལྷའི་སིལ་སྙན་རྣམས་ཀྱང་དཀྲོལ་ནས་དེས་འཛམ་བུའི་གླིང་གི་མི་ཐམས་ཅད་ཀྱང་སད། ཚོང་དཔོན་གྱི་ཁྱེའུ་ཆུ་འབེབ་ཀྱང་སད་དོ། །དེ་ནས་ལྷའི་བུ་ཁྲི་པོ་དེ་དག་ཀྱང་ནམ་མཁའ་ལ་དོང་སྟེ། ལྷའི་བུ་དེ་དག་རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་ཡུལ་གྱི་གནས་དང་གནས་བཞན་དུ་ཡང ། མེ་ཏོག་མཱན་དཱ་ར་བའི་ཆར་འབེབས་ཤིང ། དགོན་པ་ན་ཡོད་པའི་རྫིང་ཆེན་པོ་ག་ལ་བ་དེར་དོང་ནས། དེ་དག་གི་རྫིང་ཆེན་པོ་དེར་མེ་ཏོག་མཱན་དཱ་ར་བའི་ཆར་ཆེན་པོ་ཕབ་སྟེ། དེ་ཉིད་དུ་མི་སྣང་བར་གྱུར་ནས་སླར་ཡང་ལྷའི་གནས་སུ་དོང་སྟེ། དེ་ན་འདོད་པའི་ཡོན་ཏན་ལྔ་པོ་དག་གིས་དགའ་ཞིང་རྩེ་ཏེ། དགའ་འགུར་སྤྱོད་ཅིང་དཔལ་དང་སྐལ་བ་བཟང་པོ་ཆེན་པོ་དག་ཀྱང་མྱོང་ངོ ། །འཛམ་བུའི་གླིང་དུ་ནམ་ལང་པ་དང་དེ་ནས་རྒྱལ་པོ་ལྷའི་དབང་ཕྱུག་འོད་ཀྱི་སྐར་མཁན་དང་བློན་པོ་ཆེན་པོ་རྣམ་ལ་སྨྲས་པ། ཅིའི་ཕྱིར་མདང་སུམ་ལྟས་འདི་དག་བྱུང ། དེ་དག་གི་སྨྲས་པ། ལྷ་མཁྱེན་པར་མཛད་དུ་གསོལ། ཚོང་དཔོན་གྱི་ཁྱེའུ་ཆུ་འབེབ་ཀྱི་ཁྱིམ་དུ་མུ་ཏིག་གི་སེ་མོ་དོ་བཞི་ཁྲིའི་ཆར་ཕབ་ཅིང་མེ་ཏོག་མཱན་དཱ་ར་བའི་ཆར་ཡང་འབབ་བོ་ཞེས་བྱས་པ་དང ། ཁྱེད་དེང་ལ་ཚོང་དཔོན་གྱི་བུ་ཆུ་འབེབ་ལ་སྙན་པའི་ཚིག་གིས་བོས་ཤིག་།དེ་ནས་སྐར་མཁན་དང་བློན་པོ་ཆེན་པོ་རྣམས་ཆུ་འབེབ་ཀྱི་ཁྱིམ་ག་ལ་བ་དེར་དོང་ཏེ་ཕྱིན་ནས། ཚོང་དཔོན་གྱི་ཁྱེའུ་ཆུ་འབེབ་ལ་འདི་སྐད་ཅེས་སྨྲས་སོ། །རྒྱལ་པོ་ལྷའི་དབང་ཕྱུག་འོད་ཁྱོད་ལ་འབོད་དོ། །དེ་ནས་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབ་བློན་པོ་ཆེན་པོ་རྣམ་དང་ལྷན་ཅིག་ཏུ་རྒྱལོ་ལྷའི་དབང་ཕྱུག་འོད་ག་ལ་བ་དེར་དོང་བ་དང ། རྒྱལ་པོས་སྨྲས་པ། ཆུ་འབེབ་མདང་སུམ་དེ་འདྲ་བའི་ལྟས་བྱུང་བ། དེ་ཅིའི་ལྟས་ཡིན་ཤེས་སམ། དེ་ནས་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ཀྱི་རྒྱལ་པོ་ལྷའི་དབང་ཕྱུག་འོད་ལ་འདི་སྐད་ཅེས
97.56b
སྨྲསོ། །ལྷ་བདག་གི་ཚལ་ཏེ་ཉ་ཁྲི་པོ་དེ་དག་འཆི་བའི་དུས་བགྱི་པར་ངེསོ། །རྒྱལ་པོས་སྨྲས་པ་ཇི་ལྟར་ཤེས། ཆུ་འབེབ་ཀྱི་སྨྲས་པ། ལྷ་ཆུའི་གོས་རྫིང་དེར་ཉ་ཁྲི་པོ་དེ་དག་གུམ་འམ་མ་གུམ་ལྟར་ཙལ་ཏོ། །རྒྱལ་པོས་སྨྲས་པ་དེ་ལྟ་ལྟར་གྱི་ཤིག་།དེ་ནས་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབ་ཀྱི་ཁྱེའུ་ཆུའི་གོས་ལ་འདི་སྐད་ཅེས་སྨྲས་སོ། །བུ་སོང་ལ་དགོན་པ་ན་ཡོད་པའི་རྫིང་དུ་ཉ་ཁྲི་པོ་དེ་དག་ཤིའམ་མ་ཤི་ལྟོས་ཤིག་།དེ་ནས་ཁྱེའུ་ཆུའི་གོས་མྱུར་བ་མྱུར་བར་དགོན་པ་ན་ཡོད་པའི་རྫིང་ཆེན་པོ་ག་ལ་བ་དེར་སོང་བ་དང ། ཉ་ཁྲི་པོ་དེ་དག་ཤི་བའི་དུས་སུ་གྱུར་ཅིང་མེ་ཏོག་མཱན་དཱ་ར་བའི་ཆར་ཆེན་པོ་བབ་པར་ཡང་མཐོང་ནས་སླར་ལོག་སྟེ་ཕ་ལ་སྨྲས་པ། འཆི་བའི་དུས་སུ་གྱུར་ཏོ། །དེ་ནས་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབས་ཀྱི་ཁྱེའུ་ཆུའི་གོས་ལས་ཚིག་དེ་ཐོས་པ་དང ། རྒྱལ་པོ་ལྷའི་དབང་ཕྱུག་འོད་ག་ལ་བ་དེར་སོང་ནས་དེ་དག་རྒྱུས་ནས་ཞིབ་ཏུ་སྨྲས་ཏེ། ལྷ་མཁྱེན་པར་མཛད་དུ་གསོལ། ཉ་ཁྲི་པོ་དེ་དག་ཐམ་ཅད་ནི་འཆི་བའི་དུས་སུ་གྱུར་ནས་སུམ་བཅུ་ཙ་གསུམ་གྱི་ལྷ་རྣམ་ཀྱི་ནང་དུ་སྐྱེས་ཏེ། དེ་དག་དང་བདག་གི་མཐུས་མདང་སུམ་དེ་ལྟ་བུའི་དགེ་བའི་ལྟས་དེ་དག་བྱུང་སྟེ། བདག་གི་ཁྱིམ་དུ་ཡང་མུ་ཏིག་གི་སེ་མོ་དོ་བཞི་ཁྲི་དང་ལྷའི་མེ་ཏོག་མཱན་དཱ་ར་བའི་ཆར་ཡང་བབ་བོ། །དེ་ནས་རྒྱལ་པོ་དགའ་ཞིང་མགུ་ཏེ་ཡིད་རང་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱི། རིག་ཀྱིས་ལྷ་མོ་བྱང་ཆུབ་ཡང་དག་པར་བསྡུས་པ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིག་ཀྱི་ལྷ་མོ་དེའི་ཚེ་དེའི་དུ་ན། རྒྱལ་པོ་ལྷའི་དབང་ཕྱུག་འོད་ཅེས་བྱ་བར་གྱུར་པ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སེམས་ན་དེ་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེས་ན། ཤཱཀྱ་ལག་ན་བེ་ཅོན་ཅན་དེའི་ཚེ་དེའི་དུས་ན་རྒྱལ་པོ་ལྷའི་དབང་ཕྱུག་འོད་ཅེས་བྱ་བར་གྱུར་ཏོ། །རིག་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་ཚོང་དཔོན་རལ་པ་འཛིན་ཅེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སེམས་ན་དེ་དེ་ལྟར་མི་ལྟའོ། །དེ་ཅིའི་ཕྱིར་ཞེ་ན། རྒྱལ་པོ་ཟས་གཙང་མ་དེའི་ཚེ་དེའི་དུ་ནས། ཚོང་དཔོན་རལ་པ་འཛིན་ཅེས་བྱ་བར་གྱུར་ཏེ། །
97.57a
རིགས་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན། ཚོང་དཔོན་གྱི་ཁྱེའུ་ཆུ་འབེབ་ཞེས་བྱ་བ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སེམས་ན། དེ་དེ་ལྟ་མི་ལྟའོ། །དེ་ཅིའི་ཕྱིར་ཞེ་ན། ང་དེའི་ཚེ་དེའི་དུ་ན་ཚོང་དཔོན་གྱི་བུ་ཆུ་འབེབ་ཞེས་བྱ་བར་གྱུར་ཏོ། །རིག་ཀྱི་ལྷ་མོ་དེའི་ཚེ་དེའི་དུས་ན་ཆུང་མ་ཆུའི་པད་མའི་སྙིང་པོ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སེམས་ན་དེ་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། ཤཱཀྱའི་བུ་མོ་ས་མཚོ་མ་དེའི་དུས་ན་ཚོང་དཔོན་གྱི་ཁྱེའུ་ཆུ་འབེབ་ཞེས་བྱ་བའི་ཆུང་མ་ཆུའི་པད་མའི་སྙིང་པོ་ཞེས་བྱ་བར་གྱུར་ཏོ། །སྒྲ་གཅན་ཟིན་ནི་དེའི་ཚེ་དེའི་དུས་ན་ཁྱེའུ་ཆུའི་གོས་ཞེས་བྱ་བར་གྱུར་ཏོ། །ཀུན་དགའ་བོ་ནི་དེའི་ཚེ་དེའི་དུས་ན་ཁྱེའུ་ཆུའི་སྙིང་པོ་ཞེས་བྱ་བར་གྱུར་ཏོ། །རིག་ཀྱི་ལྷ་མོ་དེའི་ཚེ་དེའི་དེའི་དུ་ན་ཉ་ཁྲི་པོར་གྱུར་པ་དེ་དག་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སེམས་ན་དེ་དེ་ལྟར་མི་ལྟའོ། །དེ་ཅིའི་ཕྱིར་ཞེ་ན། འབར་བའི་ཁྱད་པར་གྱི་གཟི་བརྗིད་རྒྱལ་པོ་ལ་སོག་པ་ལྷའི་བུ་ཁྲི་འདི་དག་དེའི་ཚེ་དེའི་དུས་ན་ཉ་ཁྲི་གྱུར་ཏེ། གང་དག་ངས་ཆུ་དང་ཟས་ཀྱི་མཆོག་གི་ཚིམ་པར་བྱས་ཤིང་རྟེན་ཅིང་འབྲེལ་བར་འབྱུང་བ་ཟབ་མོའི་ཆོས་ཀྱང་བསྟན། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོག་པའི་སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་གྱི་མཚན་ཀྱང་བསྒྲགས་ཏེ། དགེ་བའི་ལས་ཀྱི་རྒྱུ་དེས་ངའི་གན་དུ་འདིར་ལྷག་སྟེ། དེས་ན་དེ་ལྟར་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟན་ཏོ། །རབ་ཏུ་དགའ་བ་དང་དང་བ་དང་མཆོག་ཏུ་དགའ་བ་དང ། གུས་པའི་ཆོས་ཉན་པས་ཐམ་ཅད་ལུང་སྟན་པ་ཞེས་བྱ་བའི་མིང་ཐོབ་པར་གྱུར་ཏོ། །རིག་ཀྱི་ལྷ་མོ་དེ་ཚེ་དེའི་དུས་ན། ཤིང་གི་ལྷ་མོར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སེམས་ན་དེ་དེ་ལྟར་མི་བལྟའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་ལྷ་མོ་ཁྱོད་དེའི་ཚེ་དེའི་དུ་ན་ཤིང་གི་ལྷ་མོར་གྱུར་རོ། །རིག་ཀྱི་ལྷ་མོ་རྣམ་གྲང་འདི་ན་འཁོར་བ་ན་འཁོར་བའི་ཚེ་ངས་ཇི་ལྟར་སེམས་ཅན་མང་པོ་བྱང་ཆུབ་ཏུ་ཡོངསུ་སྨིན་པར་བྱས་ཏེ་དེ་དག་ཐམ་ཅད་བླ་ན་མེད་པ་ཡང་དག
97.57b
པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟན་པའི་ས་ཐོབ་པར་གྱུར་པར་རིག་པར་བྱའོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། ཆུ་འབེབ་གྱི་ཉ་བཏུལ་བའི་སྔོན་བྱང་བའི་ལེའུ་ཞེས་བྱ་བ་སྟེ་བཅུ་བདུན་པའོ།། །། རིག་ཀྱི་ལྷ་མོ་གཞན་ཡང་བྱང་ཆུབ་སེམས་དཔའ་ནི་གཞན་ལ་ཕན་པའི་ཕྱིར་ལུས་ཀྱང་ཡོངསུ་གཏོང་ངོ ། །དེ་ཇི་ལྟ་ཞེ་ན། དྲི་མ་མེད་ཅིང་ཤིན་ཏུ་རྒྱལ་པའི་ཡོན་ཏན་རྣམ་པ་སྣ་ཚོགས་བརྒྱའི་འོད་ཟེར་ས་དང་ལྷ་ཡུལ་དུ་རྣམ་པར་འཕྲོ་བ་ཐོགས་པ་མེད་པའི་ཡེ་ཤེས་མཐོང་བ་དང་སྟོབ་ཀྱིས་ཕ་རོལ་གནོན་པའི་བཅོམ་ལྡན་འདས་དགེ་སློང་སྟོང་གིས་ཡོངསུ་བསྐོར་ཏེ། ཡུལ་ལྔ་ལེན་གྱི་ལྗོངསུ་ལྗོངས་རྒྱུ་ཞིང་གཤེགས་ནས་ནག་ཚོགས་ཞིག་ཏུ་བྱོན་པ་དང ། དེར་དེས་སྔོ་ཞིང་འཇམ་ལ་མཐིང་གར་འདུག་པའི་སྤང་གི་ངོས་མེ་ཏོག་གི་དྲི་ཞིམ་པ་རྣམ་པ་སྣ་ཚོག་ཀྱི་རབ་ཏུ་བརྒྱན་པའི་ས་ཕྱོགས་ཞིག་གཟིགསོ། །གཟིག་ནས་ཀྱང་བཅོམ་ལྡན་འདས་ཀྱི་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་ས་ཕྱོག་འདི་ནི་མཛེས་པ་ཏེ། འདི་ན་གཏམ་གྱི་གནས་ཀྱི་མཚན་མ་ཡོད་ཀྱིས་ད་དེ་བཞིན་གཤེག་པའི་གདན་ཐིང་ཤིང ། དེས་བཅོམ་ལྡན་འདས་ཀྱི་བཀའ་བཞིན་དུ་གདན་བཏིང་ངོ ། །གདན་ཏིང་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །གདན་བཏིང་ལགས་ན་བཅོམ་ལྡན་གཙོ་བོ་མཆོག་།མི་ལ་མཆོག་ཙོལ་དམ་པའི་སྲིད་བཅིང་གྲོལ། །གཞུག་ཏེ་མི་ལ་སྨན་སླད་མཐར་བགྱི་ཀྱི། །བཀའ་ཆིད་དམ་པ་བདུད་རྩི་གསུང་དུ་གསོལ། །དེ་ནས་བཅོམ་ལྡན་འདས་གདན་དེ་ལ་བཞུག་ནས་དགེ་སློང་རྣམས་ལ་བཀའ་རྩལ་པ། དགེ་སློང་དག་ཁྱོད་བྱ་དཀའ་བའི་ལས་བྱེད་པའི་བྱང་ཆུབ་སེམས་དཔའི་རུས་པ་རྣམས་ལྟ་བར་འདོད་དམ། དེ་སྐད་ཅེས་བཀའ་སྩལ་པ་དང་བཅོམ་ལྡན་འདས་ལ་དགེ་སློང་དེ་དག་གིས་འདི་སྐད་ཅེས་གསོལ་ཏོ། །དྲང་སྲོང་དམ་པ་སེམས་ཅན་མཆོག་གི་སྙིང་པོ་ལ། །བཟོད་དང་བཙོན་འགྲུས་ཆེ་ལ་ཞི་དང
97.58a
དུལ་དགའ་ཞིང ། །བློ་གྲོས་དྲན་དགའ་ཡོན་ཏན་དཔག་མེད་གནས་གྱུར་གྱི། །རུས་པ་བདག་ཅག་ལྟ་བའི་དུས་ལ་གང་ལེགས་ཤོད། །དེ་ནས་བཅོམ་ལྡན་འདས་ཞབས་ཀྱི་ཞབས་ཀྱི་མཐིལ་འཁོར་ལོ་ཙིབས་སྟོང་གི་རི་མོ་ཅན་དང ། མེ་ཏོག་ཀ་མ་ལ་གསར་དུ་ཁ་བྱེ་བ་ལྟར་འཇམ་པའི་ཕྱག་གིས་སའི་ངོས་ལ་བརྡབས་ཏེ་བསྣུན་མ་ཐག་དུ་ས་རྣམ་པ་དྲུག་ཏུ་གཡོས་ཏེ་ནོར་བུ་དང་གསེར་དང་དངུལ་ལས་བྱས་པའི་མཆོད་རྟེན་ཞིག་དེ་ནས་བྱུང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱི་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའོ་མཆོད་རྟེན་འདི་ཕྱེ་ཞིག་།དེ་ནས་ཚེ་དང་ལྡན་པ་ཀུན་དགའོ་བཅོམ་ལྡན་འདས་ཀྱི་ལྟར་མཉན་ནས། མཆོད་རྟེན་དེ་ཕྱེ་བ་དང་དེས་དེར་གསེར་གྱི་འཕྲན་ཅན་གྱི་ནོར་བུ་དང་མུ་ཏིག་གི་ཁེས་པར་གཡོག་པའི་གསེར་གྱི་ཟ་མ་ཏོག་ཅིག་མཐོང་ངོ ། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་གསེར་གྱི་ཟ་མ་ཏོག་མཆིས་སོ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཟ་མ་ཏོག་བདུན་པོ་འདི་དག་ཐམ་ཅད་ཕྱེད་ཤིག་།དེ་བཞིན་དུ་ཐམ་ཅད་ཕྱེ་བ་དང་དེས་དེར་རུས་པའི་ཁ་དོག་ཁ་བ་དང་མེ་ཏོག་ཀུ་མུ་ད་འདྲ་བ་དག་ཅིག་མཐོང་ངོ ། །མཐོང་ནས་ཀྱང་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་རུས་པ་དག་ཅིག་གདའོ། །བཅོམ་ལྡན་འདས་ཀྱི་བཀའ་སྩལ་པ། ཀུན་དགའོ་སྐྱེ་བུ་ཆེན་པོའི་རུས་པ་རྣམ་ཁྱེར་ཏེ་ཤོག་།དེ་ནས་ཚེ་དང་ལྡན་པ་ཀུན་དགའོས་རུས་པ་དེ་དག་བླངས་ཏེ་སངས་རྒྱས་བཅོམ་ལྡན་འདས་ལ་ཕུལ་བ་དང ། བཅོམ་ལྡན་འདས་ཀྱིས་རུས་པ་རྣམས་དགེ་འདུན་གྱི་མདུན་དུ་བསྣམ་ཏེ་ཕྱག་ཏུ་བཞེས་ཏེ་བཀའ་སྩལ་པ། རུས་པ་འདི་དག་ཡོན་ཏན་མཆོག་རབ་ཚོགས་ལྡན་བློ་གྲོས་མཆོག་།དུལ་དང་བསམ་ཏན་བཟོད་པས་སྤྲོ་བ་གྲགས་པ་དམ་པ་མཆོག་།ཕྱིར་ཞིང་བྱང་ཆུབ་འདི་ལ་རྟག་ཏུ་བློ་གྲོས་ལྡན་བྱས་ཤིང ། །སྤྲོ་རྟན་མོས་དང་བློ་གྲོས་རྟག་དུ་སྦྱིན་ལ་དགའ་བ་ཡིན། །དེ་ནས་བཅོམ
97.58b
ལྡན་འདས་གྱིས་དགེ་སློང་རྣམ་ལ་བཀའ་སྩལ་པ། དགེ་སློང་དག་བྱང་ཆུབ་སེམས་དཔའི་རུས་པ་ཚུལ་ཁྲིམ་དང་ཡོན་ཏན་གྱིས་ཡོངསུ་བསྒོས་པ། མཆོག་ཏུ་མཐོང་བར་དཀའ་བ་བསོད་ནམས་ཀྱི་ཞིང་དུ་གྱུར་པ་རྣམ་ལ་ཕྱག་ཚོལ་ཅིག་།དེ་ནས་དགེ་སློང་དེ་དག་གིས་ཐལ་མོ་སྦྱར་ཏེ་འདུན་པའི་ཡིད་གྱིས་རུས་པ་རྣམ་ལ་ཕྱག་འཚལ་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་སྦྱར་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ནི། འཇིག་རྟེན་ཐམས་ཅད་ལས་མངོན་པར་འཕགས་པ་སེམས་ཅན་ཐམས་ཅད་ཀྱིས་ཕྱག་བགྱི་པ་ལགས་ན། ཇི་ལྟར་དེ་བཞིན་གཤེགས་པ་ཉིད་རུས་པ་འདི་དག་ལ་ཕྱག་བཞེས། དེ་ནས་བཅོམ་ལྡན་འདས་ཀྱི་ཚེ་དང་ལྡན་པ་ཀུན་དགའོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ཀུན་དགའ་བོ་རུས་པ་འདི་དག་གིས་ང་འདི་ལྟར་མྱུར་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །ཀུན་དགའོ་སྔོན་བྱུང་བ་འདས་པའི་དུས་ན་རྒྱལ་པོ་ཤིང་རྟ་ཆེན་པོ་ཞེས་བྱ་བ་བཞོན་པ་དང་སྟོབས་དུ་མ་དང་ལྡན་པ་ཐོགས་པ་མེད་པའི་སྟོབ་གྱིས་ཕ་རོལ་གནོན་པ་ཞིག་བྱུང་སྟེ། དེ་ལ་བུ་ལྷ་གཞོན་ནུ་དང་འདྲ་བ་གསུམ་ཞིག་ཡོད་དེ་སྒྲ་ཆེན་པོ་དང་ལྷ་ཆེན་པོ་དང་སེམས་ཅན་ཆེན་པོའོ། །དེ་ནས་རྒྱལ་པོ་རྩེ་བའི་ཕྱིར་བསྐྱེད་མོས་ཚལ་གྱི་སར་བྱུང་བ་དང ། གཞོན་ནུ་དེ་དག་སྐྱེད་མོས་ཚལ་དེའི་ཡོན་ཏན་ལ་ཆགས་ཤིང་མེ་ཏོག་འདོད་པ་ཕན་ཚུན་རྒྱུ་སྟེ། ནགས་སྟུག་པོ་ཆེན་པོ་བཅུ་གཉིས་སུ་ཞུགས་སོ། །དེ་ནས་རྒྱལ་པོའི་བུ་དག་དོང་བ་དང་གཞོན་ནུའི་རིམ་གྲོ་པ་རྣམས་ཀྱང་རྒྱལ་བུས་བསྐྲད་ནས་ཕན་ཚུན་དོང་སྟེ། ཀུན་ཏུ་བསྲུང་པའི་སྐྱེད་མོས་ཚལ་ཆེན་པོ་ནག་སྡུག་པོ་བཅུ་གཉིསུ་ཞུགསོ། །དེ་ནས་སྒྲ་ཆེན་པོས་ནུ་བོ་གཉི་ལ་སྨྲ་པ། ཁོ་བོའི་སྙིང་འཇིག་པས་ནོན་ན་འདིར་བདག་ཅག་གཅན་ཟན་གྱི་གསད་དུ་འོང་གིས་ཚུར་ཤོག་།ལྷ་ཆེན་པོས་སྨྲས་པ། བདག་ལ་འཇིག་པ་ནི་མ་མཆི་ན། སྐྱེ་བོ་སྡུག་པ་དང་བྲལ་བ་སྙམ
97.59a
བགྱིད་པའི་སྙིང་དུ་གྱུར་ཏོ། །སེམས་ཅན་ཆེན་པོས་སྨྲས་པ། ཐུབ་པས་བསྔགས་པའི་ནགས་ཁྲོད་དབེན་པ་འདིར། །བདག་ནི་མི་འཇིགས་མྱ་ངན་མ་མཆིས་གྱི། །ཤིན་ཏུ་རྒྱས་མཆོག་དོན་ཆེན་རྙེད་སྙམ་སྟེ། །བདག་གིས་སྙིང་འདི་རབ་ཏུ་དགའ་བར་གྱུར། །དེ་ནས་རྒྱལ་བུ་གཞོན་ནུ་དེ་དག་ནགས་སྡུག་པོ་བཅུ་གཉིས་པོ་དེ་དག་གི་ཁྲོད་དུ་རྒྱུ་བ་ན་སྟག་མོ་བུ་བྱུང་ནས་ཞག་བདུན་ལོན་པ་ཞིག་བུ་སྔས་བསྐོར་ཏེ། བཀྲེས་ཤིང་སྐོམ་པས་ཉམས་སྨད་ནས་ལུས་མཆོག་ཏུ་ཉམ་ཆུང་བར་གྱུར་པ་དེ་འདྲ་བ་ཞིག་མཐོངོ ། །མཐོང་ནས་སྒྲ་ཆེན་པོ་སྨྲས་པ། ཀྱེ་མའོ་ཉོན་མོང་མ་འདི་བུ་བྱུང་ནས་ཞག་དྲུག་གམ་ཞག་བདུན་ལོན་པར་གྱུར་ལ། ད་ལྟར་ཟས་མ་རྙེད་པས་ཡང་ན་ནི་རང་གི་བུ་ལ་ཟ་བར་འགྱུར། ཡང་ན་ནི་བཀྲེས་པས་འཆི་བའི་དུས་བྱེད་པར་འགྱུར་རོ། །སེམས་ཅན་ཆེན་པོ་སྨྲས་པ། ཉོན་མོངས་མ་འདིའི་ཟས་ཅི། སྒྲ་ཆེན་པོས་སྨྲས་པ། འདིར་གང་ཤ་སར་པ་དང་ཁྲག་དྲོན་པོ་ཡོད་ན་དེ་ནི་སྟག་དང་དོམ་དང་དྲེད་དང་སེང་གེ་རྣམ་ཀྱི་ཟས་ཡིན་ནོ་ཞེས་ཟེར་རོ། །ལྷ་ཆེན་པོས་སྨྲས་པ། འདིར་ཉོན་མོངས་འདི་བཀྲེས་པ་དང་སྐོམ་པ་དང་ལྡན་པའི་ལུས་སུ་གྱུར་པས་སྲོག་གི་ལྷ་མ་ཅུང་ཟད་ཅིག་ལུས་ཏེ། རབ་ཏུ་ཉམས་ཆུང་བས་འདིས་གནས་འདིར་ཟས་སྐོམ་ཚོལ་ནི་མི་ནུས་ན་འདིའི་སྲོག་ཡོངསུ་བསྲུང་བའི་ཕྱིར་སུ་ཞིག་རང་གི་ལུས་ཡོངསུ་བཏོང་བར་བྱེད་ཅིང་གུ། སྒྲ་ཆེན་པོ་སྨྲས་པ། ཀྱེ་རང་གིས་ལུས་ཡོངསུ་བཏང་བ་ནི་བྱ་དཀའ་བའོ། །སེམས་ཅན་ཆེན་པོ་སྨྲས་པ། བདག་ཅག་ལྟ་བུ་སྲོག་དང་ལུས་ལ་མངོན་པར་ཆགས་པ་བློ་ཆུང་བ་རྣམ་ལ་ནི་ཚུལ་འདི་བྱ་དཀའ་བ་ལགས་ཀྱི། གཞན་ལུས་ཡོངསུ་གཏོང་བ་ལ་ཞུགས་པ་གཞན་ལ་ཕན་པར་བརྩོན་པའི་སྐྱེ་བུ་དམ་པ་རྣམས་ལ་ནི་དཀའ་བ་མ་ལགསོ། །ཡང་སྙིང་བརྩེ་སྙིང་རྗེ་ལས་བྱུང་འཕགས་པའི་སེམས་ཅན་དག་།ལྷ་ཡུལ་དང་ནི་ས་འདིར་རང་ལུས་རྙེད་སྙམ་ཏེ། །གཞན་གྱི་སྲོག་ཕྱིར་འཐུན་པར་དགའ་བའི་ཡིད་ཀྱིས་ནི། །འགྱུར་བ་མེད་པར་འདིར་ནི་རྣམ
97.59b
པ་བརྒྱ་ཡི་བཙེ། །དེ་ནས་རྒྱལ་བུ་གཞོན་ནུ་དེ་ཤིན་དུ་མི་དགའ་བ་སྟེ། ལྟག་མོ་དེ་ལ་མིག་མི་འཛུམ་པར་རིང་ཞིག་ཏུ་བལྟས་ནས་སོང་ངོ ། །དེ་ནས་སེམས་ཅན་ཆེན་པོ་འདི་སྙམ་དུ་སེམས་ཏེ། ད་ནི་བདག་གི་ལུས་འདི་ཡོངསུ་གཏང་བའི་དུས་ལ་བབ་བོ། །དེ་ཅིའི་ཕྱིར་ཞེས་ན། འཇིགས་ཅིང་འགྱེས་པའི་ཆོས་ཅན་མཐར་བྱེད་མཐའ་ངན་པ། །རྣག་ཅན་ལུས་འདི་ཟས་དང་སྐོམ་དང་མལ་ཆ་དང ། །བཞོན་པ་འོས་པ་ཆེན་པོ་དག་གིས་རིང་བསྲུང་ཀྱང ། །སྔ་མེད་རང་གིས་རང་བཞིན་མི་འདོར་བྱས་དོན་མེད། །ཡང་ཐམས་ཅད་དུ་མི་གཙང་བར་གྱུར་པས་ན་དེའི་འཚོ་བ་མེད་ཀྱིས། ད་བདག་གི་དེ་ལས་བཟང་པོ་ལ་སྦྱར་བར་བྱའོ། །དེའི་ཕྱིར་བདག་སྐྱེ་བ་དང་འཆི་བའི་རྒྱ་མཚོ་ལས་བརྒལ་བའི་གྲུ་བོ་ཆེ་ལྟ་བུར་འགྱུར་རོ། །ཡང་སྙིང་པོ་མེད་ལུས་དབུ་བ་འདྲ་ལ་སྲིན་བུ་བརྒྱས་གང་བྱས་པ་ཆུད་གཟོན་པ། །འབྲས་འདྲ་བ་ཡི་སྲིད་པ་བརྒྱ་ལྡན་གཅིན་དང་ཕྱི་སས་གང་བ་འདི་བཏང་ཏེ། །མྱ་ངན་མེད་ཅིང་འགྱུར་མེད་ཕུང་མེད་དྲི་མེད་བསམ་ཏན་ལ་སོགས་ཡོན་ཏན་གྱི། །ཀུན་ཏུ་གང་བའི་ཆོས་སྐུ་ཡོན་ཏན་བརྒྱས་གང་རྡུལ་དང་བྲལ་བ་ཐོབ་པར་བྱ། །དེ་སྙིང་རྗེ་མཆོག་དང་ལྡན་པའི་སྙིང་དུས་གྱུར་པས་དེ་ལྟར་བརྟུལ་ནས་ཁྱོད་གཉིས་གཤེགས་སུ་གསོལ། བདག་ནི་རང་གིས་བགྱི་བ་ཞིག་གི་སླད་དུ་ནག་སྟུག་པོ་བཅུ་གཉིསུ་འཇུག་གོ་ཞེས་དེ་གཉིས་བསྐྲད་དོ། །དེ་ནས་རྒྱལ་བུ་གཞོནུ་སེམས་ཅན་ཆེན་པོ་ནགས་འདབ་དེ་ནས་སླར་ལོག་སྟེ། སྟག་གི་གནས་སུ་སོང་ནས་ནགས་ཀྱི་ཡལ་ག་ལ་གོས་གསར་ཏེ། བདག་ནི་འགྲོ་ལ་ཕན་ཕྱིར་བྱང་ཆུབ་མཚུངས་པ་མེད་པ་ཞི་བ་ཐོབ་འདོད་དེ། །གཞན་གྱིས་བཏང་བར་དཀའ་བའི་ལུས་ནི་བློ་གྲོས་འགྱུར་བ་མེད་པའི་སྙིང་རྗེས་སྦྱིན་བདག་གིས་སྐྱོན་མེད་བྱང་ཆུབ་རིན་མེད་རྒྱལ་སྲས་རྣམས་ཀྱིས་གཉེར་བ་ཐོབ་པར་ཤོག་།བདག་གིས་སྲིད་པའི་རྒྱ་མཚོ་རབ་ཏུ་འཇིགས་ལས་འཇིག་རྟེན་གསུམ་པོ་བསྒྲལ་བར་བྱ་ཞེས་སྨོན་ལམ་བཏབ་བོ། །དེ་ནས་སེམས་ཅན་ཆེན་པོ
97.60a
སྟག་མོའི་མདུན་དུ་ཉལ་བ་དང ། དེ་ནས་བྱམས་པ་དང་ལྡན་པའི་བྱང་ཆུབ་སེམས་དཔའ་ལ་སྟག་མོས་ཅི་ཡང་མ་བྱས་སོ། །དེ་ནས་བྱང་ཆུབ་སེམས་དཔས་ཀྱེ་མའོ་འདི་ནི་ཉམ་ཆུང་བས་མི་ནུས་སོ་སྙམ་ནས་ལང་ཏེ་སྙིང་བརྩེ་བའི་བློ་གྲོས་ཀྱིས་མཚོན་ཆ་བཙལ་ན་གང་ནས་ཀྱང་མཚོན་ཆ་མ་རྙེད་ནས་དེས་འོད་མའི་ཡལ་ག་ལོ་བརྒྱ་ལོན་པ་སྲ་བ་ཞིག་བླང་ཏེ། བདག་གི་མགུལ་པ་བཅད་ནས་སྟག་མོའི་མདུན་དུ་འགྱེལ་ཏོ། །བྱང་ཆུབ་སེམས་དཔའ་འགྱེལ་མ་ཐག་ཏུ་ཆུའི་དབུས་སུ་སོན་པའི་གྲུ་རླུང་གིས་སྐྱོད་པ་བཞིན་དུ་ས་འདི་རྣམ་པ་དྲུག་ཏུ་གཡོས་སོ། །ཉི་མ་ཡང་སྒྲ་གཅན་གྱིས་ཟིན་པ་བཞིན་དུ་འོད་ཟེར་རྣམས་ཀྱིས་མཛེས་པ་མེད་དོ། །ལྷའི་སྤོས་དང་ཕྱེད་མ་དང་འདྲེས་པའི་མེ་ཏོག་གི་ཆར་ཡང་བབ་བོ། །དེ་ནས་ལྷ་ཞིག་གིས་ངོ་ཚར་དུ་གྱུར་པའི་ཡིད་ཀྱིས་བྱང་ཆུབ་སེམས་དཔའ་ལ་བསྟོད་པ། བློ་གྲོས་བཟང་པོ་ཁྱོད་འདིར་ཇི་ལྟར་ཐུག་རྗེས་སེམས་ཅན་རྣམས་ཁྱབ་ཏེ། །མི་ཡི་དབང་པོ་རབ་ཏུ་དགྱེས་པས་ཇི་ལྟར་སྐུ་འདི་བཏང་བས་ན། །སྐྱེ་བ་དང་ནི་འཆི་བའི་དོན་དང་བྲལ་བ་ཞི་བ་གནས་གྱི་མཆོག་།ཞི་བ་གཙང་མ་ཁྱོད་ཀྱི་འདིར་ནི་ཚེགས་མེད་རིང་པོར་མི་ཐོགས་བརྙེས་དེ་ནས་སྟག་མོ་དེ་བྱང་ཆུབ་སེམས་དཔའི་ལུས་ཁྲག་གིས་སྦགས་པ་ལ་བལྡགས་ནས། ཡུད་ཙམ་གྱིས་ཤ་དང་ཁྲག་མེད་པར་རུས་པ་ཙམ་ཞིག་ལུས་པར་བྱས་སོ། །དེ་ནས་སྒྲ་ཆེན་པོས་ས་གཡོས་པ་དེ་དག་ལ་བསམས་ནས་ལྷ་ཆེན་པོ་ལ་འདི་སྐད་ཅེས་སྨྲས་སོ། །ཇི་ལྟར་ཕྱོག་བཅུའི་རྒྱ་མཚོའི་ཐར་ཐུག་རྒྱ་མཚོར་བཅས་པའི། །ས་འདི་རབ་ཏུ་གཡོས་ཤིང་ཉི་མའང་འོད་ནི་མེད་གྱུར་ལ། །མེ་ཏོག་ཆར་པ་བབ་ཅིང་ཁོ་བོའི་ཡིད་ཀྱང་འཁྲུགས་པ་ན། །ད་གཟོད་བདག་གི་ནུ་བོ་རང་གི་ལུས་ནི་བཏང་ཡང་ཐག་།ལྷ་ཆེན་པོས་སྨྲས་པ། དེ་ནི་ཇི་ལྟར་སྙིང་རྗེ་བའི་ཚིག་སྨྲ་ལ། །བཀྲེས་དང་ལྡན་ཞིང་སྡུག་བསྔལ་བརྒྱལ་གཙེས་པ། །ཤིན་ཏུ་ཉམས་ཆུང་རང་གི་བུ་ལ་ཡང ། །ཟ་བར་ཆས་ལ་ལྟ་བས
97.60b
བདག་ཀྱང་དོགས། །དེ་ནས་རྒྱལ་བུ་གཞོནུ་དེ་གཉིས་རབ་ཏུ་མྱ་ངན་གྱིས་ནོན་ནས་མཆི་མས་མིག་གང་སྟེ་ལམ་དེ་ཉིད་ནས་སླར་ལོག་ནས་སྟག་མོའི་དྲུང་དུ་ཕྱིན་པ་དང ། གོས་ཐམ་ཅད་ནི་འོད་མའི་ཡལ་ག་ལ་གཟར། རུས་པ་རྣམས་ནི་བྱེ་ཞིང་བྲལ་ཁྲག་ནི་རྫབ་ཏུ་གྱུར་སྐྲ་ནི་ཕྱོགས་དང་ཕྱོག་མཚམ་སུ་འཐོར་བར་མཐོངོ ། །མཐོང་ནས་ཀྱང་བརྒྱལ་ཏེ་རུས་པའི་སྟེང་དུ་འགྱེལ་ནས་རིང་ཞིང་ལོན་པ་དང ། འདུ་ཤེས་རྙེད་དེ་ལངས་ནས་ལག་པ་བསྒྲེང་སྟེ་ཉམས་ཐག་པའི་སྒྲ་ཕྱུང་ངོ ། །ཀྱེ་མའོ་ནུ་བོ་སྡུག་པ་དང་ནི་རྒྱལ་པོ་དང ། །དེ་བཞིན་དུ་ནི་བུ་ལ་རབ་ཏུ་གཏུང་བའི་མ། །པད་མ་འདྲ་བའི་མིག་རིང་ཁྱོད་ཀྱི་གར་བཞག་ཅེས། །མ་ནི་བདག་ཅག་ལ་ཡང་ཐ་ཆུང་འདྲ་བར་འགྱུར། །ཀྱེ་མ་བདག་ཅག་གཉིས་ནི་ས་ཕྱོག་འདི་ཉིད་དུ། །ཤི་ན་ལེགས་ཀྱི་གསོན་པ་དེ་ལྟ་མ་ཡིན་ནོ། །སེམས་ཅན་ཆེན་པོ་མེད་པར་གྱུར་པས་བདག་ཅག་ལ། །ཕ་མ་དག་གིས་ཇི་ལྟར་ལྟོ་བ་སྟེར་བར་འགྱུར། །དེ་ནས་རྒྱལ་བུ་གཞོན་ནུ་དེ་གཉིས་ཀྱི་སྙིང་རྗེ་རྗེ་སྐད་དུ་རྣམ་པ་མང་པོར་ངུས་ནས་དོང་ངོ ། །དེ་ནས་རྒྱལ་བུ་གཞོན་ནུའི་རིམ་འགྲོ་པ་རྣམས་ཀྱང་གཞོན་ནུ་ཚོལ་ཞིང་ཕྱོག་དང་ཕྱོག་འཚམས་སུ་རྒྱུག་པ་དང ། གཅིག་གིས་གཅིག་མཐོང་ནས། བཞོན་ནུ་ག་རེ་གཞོནུ་ག་རེ་ཞེས་འདྲིའོ། །དེའི་ཚེ་བཙུན་མོ་མལ་ན་ཉལ་བའི་རྨི་ལམ་ན་སྡུག་པ་དང་བྲལ་བར་རྨིས་པ་འདི་ལྟ་སྟེ། ནུ་མ་གཉིས་བཅད་པ་དང་སོ་ཕྱུང་བ་དང་ཐི་བའི་ཕྲུ་གུ་གསུམ་ཞིག་རྙེད་པ་ལས་བཅིག་ཁྲས་ཁྱེར་བར་མཐོང་ངོ ། །དེ་ནས་རྩུན་མོ་ས་གཡོས་པས་སྙིང་དངངས་ཏེ་མོད་ལ་སད་ནས་སེམས་པ་ལ་ཞུགས་ཏེ། འབྱུང་པོའི་རྟེན་མ་རྒྱ་མཚོའི་གོས་ཅན་འདི་ནི་ཀུན་དུ་རབ་གཡོ་ཅི་ཞིག་གུ། །ཉི་མ་འོད་ཟེར་མེད་པར་གྱུར་པས་ང་ཡི་སྙིང་ལ་མྱ་ངན་འགྱུར་བར་སྟོན། །ང་ཡི་ལུས་ནི་ཞུམ་ཞིང་མིག་ཀྱང་གཡོ་ལ་རང་གིས་ནུ་མ་བཅད་རྨིས་པ། །ང་ཡི་བུ་རྣམ་ནགས་ཁྲོད་འདིར་ནི་རྩེར་དོང་བ་ལ་དགེ་བར་འགྱུར་རམ་གེ། དེ་ནས་དེ་སྙམ་བསམ་པ་དང་བྲན་མོ་ཡང་སྙིང་མྱོས་ཏེ་འོང་ནས་བཙུན
97.61a
མོ་ལ་སྨྲས་པ། ཇོ་མོ་གཞོན་ནུའི་རིམ་གྲོ་བ་དག་གཞོན་ནུ་ཚོལ་ཞིང་མཆིས་ན་ཇོ་ཅོ་སྟོར་ཅེས་གདའོ། །དེ་སྐད་ཐོས་མ་ཐག་ཏུ་བཙུན་མོའི་སྙིང་འདར་ཞིང་མིག་དང་གདོང་མཆི་མས་གང་སྟེ་རྒྱལ་པོའི་གན་དུ་སོང་ནས་སྨྲས་པ། ལྷ་བདག་གི་བུ་སྡུག་པ་སྟོར་ཅེས་ཐོས་སོ། །རྒྱལ་པོ་ཡང་སྙིང་འདར་ཞིང་ཤིན་དུ་མྱོས་ཏེ་ཀྱི་ཧུད་བདག་གི་བུ་སྡུག་པ་དང་བྲལ་བ་ལྟ་ཞེས་སྨྲས་སོ། །དེ་ནས་རྒྱལ་པོས་བཙུན་མོ་དབུགས་དབྱུང་བའི་ཕྱིར་ང་གཞོན་ནུ་བཙལ་བ་ལ་ནན་ཏན་དུ་བྱེད་ཀྱིས་བཟང་མོ་མྱ་ངན་མ་བྱེད་ཅིག་དེར་གཞོན་ནུ་ཚོལ་བ་ལ་ཞུགས་པ་ན་སྐྱེ་བོའི་ཚོགས་དག་རོད་རོད་པོར་གྱུར་ཏོ། །དེ་ནས་རིང་པོར་མ་ལོན་པར་རྒྱལ་པོས་རྒྱལ་བུ་གཞོན་ནུ་གཉིས་རྒྱང་རིང་པོ་ནས་འོང་བ་མཐོང་ངོ ། །མཐོང་ནས་ཀྱང་སྨྲས་པ་གཞོན་ནུ་དེ་དག་ནི་འོང་ན་ཐམས་ཅད་ནི་མ་ཡིན་ཏེ། ཀྱི་ཧུད་བུ་དང་བྲལ་བ་ལྟ་ཞེས་བྱ་བ་ནི་སྡུག་བསྔལ་བའོ། །ཇི་ལྟར་བུ་དང་བྲལ་བར་གྱུར་ན་ཡིད་ནི་མི་བདེ་བ། །མི་རྣམས་བུ་རྙེད་པ་ནི་དེ་ལྟར་དགའ་བ་མ་ཡིན་ནོ། །འཇིག་རྟེན་ན་ནི་གང་དག་བུ་མེད་པ་དང་ཤི་བའམ། །མི་རྣམས་གང་དག་བུ་གསོན་དེ་དག་བདེ་བ་ཡིན་ཅི། །དེ་ནས་བཙུན་མོ་ཤིན་ཏུ་མྱ་ངན་གྱིས་ནོན་ནས་རྔ་མོ་གནད་དུ་བསྣུན་པ་བཞིན་དུ་མི་ཟད་པའི་སྒྲ་ཕྱུང་ངོ ། །དེ་ལྟར་བུ་གསུམ་དག་ནི་གཡོག་གི་ཚོགས་བཅས་ཏེ། །མེ་ཏོག་རྣམས་ཀྱིས་གང་བའི་ནགས་ཁྲོད་ཞུགས་པ་ལས། །བདག་གི་བུ་དགེ་ཐ་ཆུངས་འོངས་པར་མ་གྱུར་ན། །བདག་གི་སྙིང་དང་འདྲ་བའི་ཐ་ཆུངས་དེ་ག་རེ། །དེ་ནས་དེ་གཉིས་ལྷག་པ་དང་རྒྱལ་པོས་བུ་ལ་དྲིས་པ། ཁྱེའུ་ཐ་ཆུངས་ག་རེ་ཞེས་གཞོན་ནུ་གཉིས་ལ་དྲིས་པ་དང ། དེ་ནས་མྱ་ངན་གྱིས་ཉམ་ཐག་ཅིང་མིག་མཆི་མས་གང་སྟེ་རྐན་དང་མཆུ་དང་ཁ་དང་སོ་སྐམས་ནས་ཅང་མི་ཟེར་རོ། །བཙུན་མོས་སྨྲས་པ། ཁོ་མོའི་བུ་སྡུག་ཐ་ཆུངས་དེ་ག་རེ། །ཁོ་མོའི་སྙིང་འདི་གས་ལ་ཐུག་གྱུར་ཅིང ། །ལུས་ནི་མི་ཟད་རབ་ཏུ་གཟེར་གྱུར་ཏེ། །ཁོ་མོའི་དྲན་པ་ཉམ་གྱུར་མྱུར་དུ་སྨྲོས། །དེ་ནས
97.61b
གཞོན་ནུ་དེ་གཉིས་ཀྱིས་ཇི་ལྟར་གྱུར་པ་དེ་ཞིབ་ཏུ་སྨྲས་སོ། །དེ་ཐོས་མ་ཐག་ཏུ་རྒྱལ་པོ་དང་བཙུན་མོ་མྱོས་པར་གྱུར་ཏེ། མྱོས་པ་སངས་ནས་སྙིང་རྗེ་རྗེ་སྐད་དུ་ངུ་ཞིང་ཕྱོགས་དེར་དོང་ངོ ། །དེ་ནས་རྒྱལ་པོ་དང་བཙུན་མོས་རུས་པ་དེ་དག་ཤ་དང་ཁྲག་དང་རྒྱུས་པ་མེད་ཅིང་སྐྲ་ཕྱོགས་དང་ཕྱོགས་འཚམས་སུ་མཐོར་བ་མཐོང་ནས་ཤིང་རླུང་གིས་བཏབ་པ་བཞིན་དུ་འགྱེལ་ཏོ། །དེ་ནས་ཉེ་ཕན་དང་བློན་པོ་དག་གིས་དེ་ལྟར་གྱུར་པ་དེ་མཐོང་ནས་ཆུ་དང་རི་མ་ལ་ཡའི་ཙན་དན་གྱི་འདེ་གུས་རྒྱལ་པོ་དང་བཙུན་མོའི་ལུས་སིམ་བར་བྱས་སོ། །དེ་ནས་རིང་ཞིག་ལོན་པ་དང་འདུ་ཤེས་རྙེད་ནས་རྒྱལ་པོ་ལངས་ཏེ་སྙིང་རྗེ་རྗེ་སྐད་དུ་འབོད་པ། ཀྱེ་མ་བུ་སྡུག་ཡིད་འོང་མཐོང་དགའ་བ། །འཆི་བདག་དབང་དུ་ཅི་ཕྱིར་དེ་མྱུར་སོང ། །འཆི་བདག་ཅི་ཕྱིར་ང་ལ་སྔར་མ་འོངས། །ང་ལ་སྡུག་བསྔལ་འདི་ལས་གཞན་མི་འབྱུང ། །བཙུན་མོ་ཡང་མྱོས་པ་ལས་སངས་ནས་སྐྲ་ཞིག་ཅིང་ལག་པ་གཉིས་ཀྱིས་བྲང་བརྡུངས་ཏེ། ཉ་ཐང་ལ་བྱུང་བ་བཞིན་དུ་སའི་སྟེང་ན་འདྲེ་ལྡོག་ཅིང་མ་ཧེ་བེའུ་སྟོར་བ་དང་རྔ་མོ་རྔེའུ་སྟོར་བ་བཞིན་དུ་སྙིང་རྗེ་རྗེ་སྐད་དུ་ངུའོ། །ཀྱེ་མ་སྡུག་ཅིང་གཅེས་པའི་བུ་ཡི་པད་མ་འདི། །སུ་ཡིས་ས་ཡི་སྟེང་དུ་བཤིག་ནས་རབ་ཏུ་གཏོར། །ཡིད་འོང་མིག་ལྡན་ཟླ་འདྲའི་བཞིན་ཅན་བདག་གི་བུ། །བདག་གི་དགྲ་བོ་གང་དེ་གང་གིས་དེ་རིང་ས་འདིར་བཅོམ། །ཀྱེ་མ་ས་འདིར་བུ་མཆོག་བསད་མཐོང་བ། །ལུས་འདི་ཅི་ཕྱིར་དེ་རིང་ཞིག་མ་གྱུར། །སྡུག་བསྔལ་འདི་འདྲ་མཐོང་ཡང་མ་གས་པས། །བདགི་སྙིང་འདི་ལྕགས་ནི་ཡིན་ཡང་ཐག་།དེ་རིང་རྨི་ལམ་དུ་ནི་བདགི་ནུ་མ་འགའ་ཞིག་གིས་ནི་རལ་གྲིས་བཅད། །སོ་ཡང་ཕྱུང་བས་དེ་རིང་བདགི་བུ་སྡུག་དེ་ནི་མྱུར་དུ་མ་རུང་གྱུར་བདགིས་ཐི་བའི་ཕྲུག་གུ་གསུཾ་ཞིག་རྙེད་པ་ཅིག་འདིར་ཇི་ལྟར་ཁྲས་ཁྱེར་བཞིན། །བདགི་བུ་གསུཾ་དག་གིས་བསྐོར་བ་ལས་ཀྱང་ཅིག་ནི་དེ་རིང་འཆི་བདག་ཁྱེར། །ཀྱེ་མའོ་སྡིག་པ་ཅན་གྱི་རྨི་ལཾ་དི་ཡི་འབྲས་བུ་གྲུབ་པ་འདི་ཡིན་ནོ། །
97.62a
དེ་ནས་རྒྱལ་པོ་དང་བཙུན་མོ་སྙིང་རྗེ་རྗེ་སྐད་དུ་རྣམ་པ་མང་པོར་སྨྲེ་ཞིང་རྒྱན་ཐམས་ཅད་བཀྲོལ་ནས་སྐྱེ་བོའི་ཚོགས་ཆེན་པོ་དང་ལྷན་ཅིག་ཏུ་བུའི་རུས་བུ་ལ་མཆོད་པ་བྱས་ནས། གཞོན་ནུའི་རུས་པ་རྣམ་ཕྱོགས་འདིར་བཞག་གོ་།ཀུན་དགའ་བོ་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་སེམས་ཅན་ཆེན་པོ་ཞེས་བྱ་བར་གྱུར་པ་དེ་གཞན་ཞིག་ཡིན་པ་སྙམ་དུ་ཁྱོད་སེམས་ན་དེ་དེ་ལྟར་མི་ལྟའོ། །དེ་ཅིའི་ཕྱིར་ཞེ་ན། ང་ཉིད་དེའི་ཚེ་དེའི་དུས་ན་རྒྱལ་བུ་གཞོན་ནུ་སེམས་ཅན་ཆེན་པོ་ཞེས་བྱ་བར་གྱུར་ཏོ། །ཀུན་དགའ་བོ་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལས་ཡོངསུ་མ་གྲོལ་བ་དེའི་ཚེ་ཡང ། སེཾན་དམྱལ་བ་ལ་སོགས་པའི་སྡུག་བསྔལ་ལས་ངས་འགྲོ་བ་མཐའ་དག་ལ་ཕན་བཏགས་ན་སྐྱོན་ཐཾད་དང་བྲལ་ཏེ་ཡང་དག་པར་རྫོགས་པར་སངས་རྒྱས་པ་ད་ལྟར་ལྟ་སྨོས་ཀྱང་ཅི་དགོས་དེ་ལྟར་སེམས་ཅན་རེ་རེའི་ཕྱིར་ཡང་སེཾན་དམྱལ་བ་རྣཾསུ་བསྐལ་པར་གནས་པར་སྤྲོ་ཞིང་སྐྱེ་བོ་འཁོར་བ་ལས་རྣམ་པར་བཀྲོལ་ལོ། །སེམས་ཅན་གྱི་སྙིང་པོས་ཤིན་ཏུ་བྱ་དཀའ་བ་རྣམ་པ་སྣ་ཚོགས་དུས་མས་འགྲོ་བ་མཐའ་དག་ལ་ཕན་བཏགས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགསུ་བཅད་པ་འདི་དག་གསུངས་སོ། །བྱང་ཆུབ་མཆོག་འདི་ཡོངསུ་ཚོལ་བ་ན། །བསྐལ་པ་མང་པོར་ངས་ནི་ལུས་བཏང་སྟེ། །ཇི་ལྟར་རྒྱལ་པོ་དང་ནི་རྒྱལ་བུར་གྱུར། །དེ་ལྟར་ངས་ནི་ལུས་རྣམས་ཡོངསུ་བཏང ། །སྔོན་གྱི་སྐྱེ་བ་རྣམས་ནི་རྗེས་དྲན་ཏེ། །ཤིང་རྟ་ཆེན་པོ་ཞེས་པའི་རྒྱལ་པོ་བྱུང ། །དེ་ལ་བུ་ནི་གཏོང་བ་ཆེ་ལྡན་པ། །སེམས་ཅན་ཆེ་ཞེས་བྱ་བ་དམ་པ་ཡོད། །དེ་ལ་ཕུ་བོ་དག་ནི་གཉིས་ཡོད་དེ། །མིང་ནི་སྒྲ་ཆེན་པོ་དང་ལྷ་ཆེན་པོ། །སྤུན་ཚོགས་དེ་དག་ནགས་ཚལ་སྟུག་པོར་དོང ། །དེ་དག་སྟག་མོ་བཀྲེས་པས་གཟིར་བ་མཐོང ། །དེ་ལ་སེམས་ཅན་མཆོག་དེ་སྙིང་རྗེ་སྐྱེས། །སྟག་མོ་འདི་ནི་སྐྲེས་སྐོམ་གཟིར་བས་ན། །བདག་བུ་དེ་དག་ཟ་བར་འགྱུར་འོང་གིས། །
97.62b
དེ་ལྟར་བདག་ལུས་ད་ནི་བཏང་བར་བྱ། །ཤིང་རྟ་ཆེ་བུ་སེམས་ཅན་ཆེ། །སྟག་མོ་བཀྲེས་མཐོང་སྟག་ཕྲུག་རྣམས། །ཐར་བར་བྱ་ཕྱིར་སྙིང་རྗེ་ཡིས། །རི་ངོས་གཟར་ནས་མཆོང་པ་དང ། །ས་ནི་རི་དང་བཅས་སུ་གཡོས། །བྱ་ཚོགས་རྣམ་མང་རྣམས་པར་འཐོར། །རི་དགས་ཚོགས་སྐྲག་འཇིག་རྟེན་འདི། །མུན་པས་ཐིབས་པོར་གནས་པར་གྱུར། །དེ་ཡི་ཕུ་བོ་སྒྲ་ཆེན་དང ། །དེ་བཞིན་ལྷ་ཆེན་དེ་གཉིས་ཀྱིས། །ནགས་མཆོག་ཆེན་པོ་དེར་བལྟས་ན། །སེམས་ཅན་ཆེན་པོ་མ་རྙེད་ནས། །ཤིན་ཏུ་མྱ་ངན་ཟུག་རྔུའི་སྙིང ། །དྲན་མེད་ནགས་ཀྱི་ནང་ན་རྒྱུ། །ནུ་བོ་དེ་ནི་ཡོངས་ཚོལ་ཞིང ། །གདོང་ལ་མཆི་ཟག་ནགས་ཁྲོད་རྒྱུ། །སྒྲ་ཆེན་དེ་བཞིན་ལྷ་ཆེན་པོ། །རྒྱལ་བུ་གཞོན་ནུ་དེ་དག་གཉིས། །སྟག་མོ་ཉམས་ཆུང་གར་ཉལ་བ། །དེར་ནི་ཉེ་བར་སོང་བ་དང ། །སྟག་མོ་དང་ནི་སྟག་ཕྲུག་གི་།སྟག་གི་མཆུ་ལ་ཁྲག་ཆགས་མཐོང ། །སྐྲ་དང་རུས་པ་ཅུང་ཟད་ཅིག་།ས་ལ་རྣམ་པར་འཐོར་བར་མཐོང ། །དེ་ཡི་ཁྲག་གི་ཐིགས་པ་ནི། །ཉུང་ཞིག་ས་ལ་ཡོད་པར་གྱུར། །རྒྱལ་པོའི་བུ་ནི་དེ་གཉིས་ཀྱིས། །ཁྲག་ཆགས་པའི་ས་དེ་མཐོང ། །རབ་ཏུ་རྒྱལ་དེ་ས་དེ་ལ། །འགྱེལ་ནས་ཡིད་ནི་ཉམས་པར་གྱུར། །ལུས་རྣམས་ལ་ནི་རྡུལ་གྱིས་གོས། །དྲན་དབང་ཉམས་ཤིང་སེམས་ཀྱང་མྱོས། །དེ་དག་གི་ནི་འཁོར་རྣམས་ཀྱང ། །སྙིང་རྗེར་ངུ་ཞིང་མྱ་ངན་ནོན། །དེ་དག་ཆུས་ནི་རབ་འཐོར་ཞིང ། །ལག་པ་སྒྲེང་ཏེ་ངུ་ཞིང་གནས། །དེ་ནི་འགྱེལ་མ་ཐག་ཏུ་ཡང ། །བཙུན་མོ་གཅེས་མཆོག་སྐྱེད་པའི་མ། །བུད་མེད་དག་ནི་ལྔ་བརྒྱ་དང ། །ཕོ་བྲང་ནང་ན་བདེར་འདུག་པ། །ནུ་སོར་གཉིས་ཀའི་རྩེ་མོ་ནས། །འོ་མ་ཁྲག་ཏུ་འབྱུང་ཞིང་འཛག་།དེ་ཡི་ལུས་དང་ཡན་ལག་ཀུན། །ཁབ་ཀྱིས་གཙབས་པ་བཞིན་ཏུ་ཚ། །སྙིང་ནི་རབ་ཏུ་མྱ་ངན་གང ། །བུ་བྲལ་མྱ་ངན་དྲག་མདས་ཕོག་།རྒྱལ་པོའི་གན་དུ་ཉེར་སོང་སྟེ། །མྱ་ངན་རབ་གདུངས་ཡིད་མི་དགའ། །སྙིང་རྗེའི་སྒྲ་ཡིས་རབ་ངུ་ཞིང ། །
97.63a
རྒྱལ་པོ་ཤིང་རྟ་ཆེ་ལ་སྨྲས། །མི་དབང་རྒྱལ་པོ་བདག་ལ་གསོན། །བདག་ལུས་མྱ་ངན་མེ་ཡིས་ཚིག་།བདག་གི་ནུ་སོར་རྩེ་གཉིས་ནས། །འོ་མ་ཁྲག་ཏུ་རབ་ཏུ་འབྱུང ། །བདག་ལུས་ཁབ་ཀྱིས་བཙགས་བཞིན་ཚ། །བདག་གི་སྙིང་ཡང་གས་ལ་ཐུག་།ཇི་ལྟར་སྡུག་པའི་བུ་རྣམས་ནི། །ཕྱིན་ཅད་མི་མཐོང་འདི་འདྲའི་ལྟས། །བདག་གི་བུ་རྣམས་དེ་ལྟར་འཚལ། །ཐུགས་རྗེ་མཛོད་དེ་བདག་སྲོག་སྩོལ། །དེ་རིང་བདག་གི་རྨི་ལམ་ན། །ཐི་བ་ཕྲུག་གུ་གསུམ་རྙེད་ན། །བདག་གི་ཐི་བ་ཕྲུག་གུ་ནི། །སྡུག་ཅིང་ཡིད་འོང་གང་ལགས་པ། །དེར་ནི་ཁྲ་མཆིས་བདགི་ནི། །ཐི་བ་ཕྲུག་གུ་དེ་ཁྲས་འཚལ། །བདག་གི་རྨི་ལམ་དེ་འདྲ་བའི། །མྱ་ངན་སྙིང་འདིར་རབ་ཏུ་ཞུགས། །སེམས་ནི་མྱ་ངན་རབ་གདུངས་པས། །བདག་ནི་རིང་པོར་མི་ཐོགས་འགུམ། །བདག་གི་བུ་རྣམས་དེ་ལྟར་འཚལ། །ཐུགས་རྗེ་ལྡན་པ་བདག་སྲོག་སྩོལ། །དེ་སྐད་སྨྲས་ནས་བཙུན་མོ་མཆོག་།བརྒྱལ་ནས་ས་དེར་འགྱེལ་བར་གྱུར། །དྲན་པའི་དབང་པོ་རྣམ་པར་ཉམས། །སེམས་ཀྱང་སྟོར་ཞིང་དྲན་པ་མེད། །བཙུན་མོའི་འཁོར་ཚོགས་ཐམས་ཅད་ཀྱང ། །སྙིང་རྗེའི་སྐད་ཀྱིས་རབ་ཏུ་ངུ ། །བཙུན་མོ་དམ་པ་བརྒྱལ་གྱུར་ཏེ། །ས་ལ་འགྱེལ་བ་མཐོང་ནས་ནི། །དེ་མ་ཐག་ཏུ་རྒྱལ་དབང་དེ། །བུ་དང་བྲལ་བའི་མྱ་ངན་ནོན། །བློན་པོ་དང་ནི་འཁོར་རྣམས་ཀྱང ། །གཞོན་ནུ་རྣམས་ནི་བཙལ་ཕྱིར་དོང ། །གྲོང་ཁྱེར་ཀུན་གྱི་སྐྱེ་བོ་དག་།ཐ་དད་ཁྱིམ་ནས་བྱུང་ཞིང་འཁོད། །ངུ་ཞིང་གདོང་ནས་མཆི་མ་ཟག་།ལམ་ཁར་སེམས་ཅན་ཆེ་དེ་འདྲི། །གསོན་ནམ་འོན་ཏེ་ཤི་འམ་ཅི། །སེམས་ཅན་ཆེན་པོ་དེ་གར་སོང ། །བདག་ཅག་དེ་རིང་མཐོང་ཞིག་གམ། །ཡིད་འོང་སེམས་ཅན་མཐོང་རེ་དགའ། །དེའུ་རེ་མི་སྙན་ཐོས་འགྱུར་ཞིང ། །ཡུལ་འདིར་མྱ་ངན་མི་བཟད་རླུང ། །སྒྲ་མི་ཕྱིན་ཅིང་སྒྱུ་མཐའ་ཡས། །དྲག་པོའི་སྒྲར་བཅས་ལྡང་ཞིག་གམ། །རྒྱལ་པོ་ཤིང་རྟ་ཆེ་ལངས་ཏེ། །མྱ་ངན་ནོན་ཅིང་ངུ་བཞིན་དུ། །བཙུན་མོ་དམ་པ་སར་འགྱེལ་ལ། །བདག་ཉིད་ཆུ་ཡི་རྒྱུན་ཀྱང་འཐོར། །ཇི་སྲིད་དྲན་རྙེད་ལྡང་འགྱུར་བ། །དེ་སྲིད་དུ་ནི་ཆུ་ཡིས་གཏོར། །
97.63b
བདག་བུ་གུམ་འམ་གསོན་ཞིག་ཅེས། །ཞུམ་པའི་ཡིད་ཀྱིས་འདྲི་བར་བྱེད། །རྒྱལ་པོ་ཤིང་རྟ་ཆེན་པོ་ཡིས། །བཙུན་མོ་མཆོག་ལ་འདི་སྐད་སྨྲས། །བློན་པོ་དག་དང་འཁོར་རྣམས་ཀྱང ། །གཞོན་ནུ་རྣམས་ནི་ཚོལ་ཕྱིར་དོང ། །ཁྱོད་ནི་རབ་ཏུ་ཡིད་ཞུམ་ཞིང ། །རྟག་ཏུ་མྱ་ངན་སྙིང་མ་བྱེད། །དེ་ལྟར་ཤིང་རྟ་ཆེན་པོ་ཡིས། །བཙུན་མོ་དམ་པ་སྤྲོ་བསྲིངས་ཏེ། །རྒྱལ་པོའི་ཕོ་བྲང་ནས་བྱུང་ནས། །མྱ་ངན་ནོན་ཅིང་ངུ་བཞིན་དུ། །བློན་པོའི་ཚོགས་ཀྱིས་ཡོངས་བསྐོར་ཏེ། །ཡིད་ནི་རབ་ཞུམ་ལུས་ཀྱང་ཞན། །སྲོག་ཆགས་བརྒྱ་ཕྲག་མང་པོ་ཡང ། །ངུ་ཞིང་མཆི་མ་ཟག་བཞིན་རྒྱུག་།རྒྱལ་བུ་རྣམས་ནི་བཙལ་བའི་ཕྱིར། །གྲོང་ཁྱེར་གྱི་ནི་མཆོག་ནས་བྱུང ། །རྒྱལ་པོ་བྱུང་བ་མཐོང་ནས་ནི། །རྒྱལ་པོའི་ཕྱི་བཞིན་ཀུན་ཏུ་འབྲང ། །རྒྱལ་པོ་ཤིང་རྟ་ཆེན་པོ་ནི། །གྲོང་ཁྱེར་ནས་བྱུང་དེ་མ་ཐག་།སྡུག་པའི་བུ་ནི་བལྟ་བའི་ཕྱིར། །དགོད་པའི་མིག་གིས་ཕྱོགསུ་བལྟས། །མགོ་བྲེགས་ཡན་ལག་ཁྲག་སྦགས་ཤིང ། །ལུས་ལ་རྡུལ་གྱིས་གོས་གྱུར་ལ། །གདོང་ལ་མཆི་ཟག་ངུ་བཞིན་དུ། །འོང་བའི་མི་ཞིག་མཐོང་ནས་ནི། །ཤིང་རྟ་ཆེན་པོའི་སྙིང་ལ་ཡང ། །རབ་ཏུ་མི་བཟད་མྱ་ངན་གནས། །ངུ་ཞིང་གདོང་ལ་མཆི་མ་ཟག་།ལག་པ་བསྒྲེང་སྟེ་ངུ་ཞིང་འདུག་།དེ་ནས་བློན་པོ་གཞན་ཞིག་ནི། །རྒྱང་རིང་མྱུར་དུ་རིང་པར་འོང ། །འོངས་ནས་མི་དབང་རྒྱལ་པོ་ནི། །ཤིང་རྟ་ཆེ་ལ་འདི་སྐད་སྨྲས། །མི་དབང་ཐུགས་ངན་མ་མཛད་ཅིག་།ཁྱོད་སྲས་ཡིད་དུ་འོང་བ་མཆིས། །རིང་པོར་མི་ཐོགས་ཁྱོད་ཀྱི་གན་འདིར་ནི། །སྲས་མཆོག་ཡིད་འོང་མཆི་བ་ཁྱོད་ཀྱིས་གཟིགས། །རྒྱལ་པོ་ཡུད་རྩམ་ལམ་དུ་ཞུགས་པ་དང ། །དེ་ནས་བློན་པོ་ཆེན་པོ་གཉིས་པ་འོངས། །རྡུལ་ཆགས་དྲི་མ་ཅན་གྱི་གོས་གྱོན་ཅིང ། །མཆི་མའི་གདོང་གིས་རྒྱལ་ལ་འདི་སྐད་ཅེས། །རྒྱལ་པོ་ཆེན་པོ་ཁྱོད་ཀྱི་སྲས་གཉིས་ནི། །མྱ་ངན་མེ་ཡི་རབ་ཏུ་གདུངས་ཤིང་གནས། །རྒྱལ་པོ་ཁྱོད་ཀྱི་སྲས་མཆོག་གཅིག་མི་གདའ། །སེམས་ཅན་ཆེན་པོ་མི་རྟག་ཉིད་ཀྱིས་ཟིན། །
97.64a
སྟག་མོ་བུ་བྱུང་རིང་པོར་མ་ལོན་པ། །རང་གི་བུ་རྣམས་ཟ་བར་འདོད་པ་མཐོང ། །དེ་དག་ལ་ནི་གཞོན་ནུ་སེམས་ཅན་ཆེས། །སྙིང་རྗེ་ཆེན་པོ་ལྡན་པ་སེམས་བསྐྱེད་ནས། །བྱང་ཆུབ་ཏུ་ནི་སྨོན་ལམ་ཆེ་བཏབ་པ། །སེམས་ཅན་ཐམས་ཅད་བདག་གིས་དགྲོལ་བར་བྱ། །བྱང་ཆུབ་ཟབ་མོ་རྒྱ་ཆེན་འདོད་པ་ལ། །མ་འོངས་དུས་ན་བདག་གིས་རེག་པར་བྱ། །སེམས་ཅན་ཆེན་པོ་རི་ངོས་གཟར་ནས་མཆོངས། །སྟག་མོ་བཀྲེས་པས་ནོན་པ་དེ་ལངས་ཏེ། །ཡུད་ཙམ་གྱིས་ནི་ལུས་ལ་ཤ་མེད་བྱས། །རྒྱལ་པོའི་བུ་ནི་རུས་པ་ཉི་ཚེ་ལུས། །མ་རུངས་པ་ཡི་ཚིག་ནི་དེ་ཐོས་ནས། །རྒྱལ་པོ་ཤིང་རྟ་ཆེན་པོ་བརྒྱལ་གྱུར་ཏེ། །ས་ལ་འགྱེལ་ནས་སེམས་ཀྱང་སྟོར་བར་གྱུར། །མྱ་ངན་མེ་ནི་ཤིན་ཏུ་མི་བཟད་འབར། །འཁོར་དང་བློན་པོ་སྙིང་རྗེའི་སྐད་ཀྱིས་ནི། །ངུ་ཞིང་མྱ་ངན་ནོན་བཞིན་དེ་དག་ཀྱང ། །ཆུས་འཐོར་ལག་པ་བསྒྲེང་སྟེ་རབ་ཏུ་ངུ ། །བློན་པོ་གསུམ་པས་རྒྱལ་ལ་སྨྲས་པ་ནི། །བདགིས་དེ་རིང་གཞོན་ནུ་གཉིས་པོ་དག་།ནགས་ཆེན་དེ་ན་རབ་ཏུ་བརྒྱལ་གྱུར་ཅིང ། །ས་ལ་འགྱེལ་ཏེ་སེམས་ཀྱང་སྟོར་མཐོང་ནས། །དྲན་པ་རྙེད་དེ་ལངས་ཀྱི་བར་དུ་ནི། །བདག་ཅག་རྣམས་ཀྱི་ཆབ་ཀྱིས་རབ་ཏུ་གཏོར། །ཕྱོགས་བཞི་དག་ནས་ཀུན་ནས་འབར་བར་མཐོང ། །ཡུད་ཙམ་འགྲེང་ནས་སླར་ཡང་ས་ལ་འགྱེལ། །སྙིང་རྗེའི་སྐད་ཀྱིས་སྨྲེ་སྔགས་རབ་ཏུ་འཐོན། །རྟག་པར་ལག་པ་བསྒྲེང་སྟེ་གནས་ནས་ནི། །ནུ་བོ་དེ་ཡི་སྔགས་པ་རབ་ཏུ་བརྗོད། །རྒྱལ་པོ་དེ་ནི་རབ་ཏུ་སེམས་ཞུམ་ཞིང ། །བུ་བྲལ་མྱ་ངན་ནོན་ནས་སེམས་ཀྱང་འཁྲུགས། །མྱ་ངན་རབ་ཏུ་གདུངས་ཤིང་སྨྲེ་སྔགས་འདོན། །རྒྱལ་པོ་དེ་ནི་འདི་སྙམ་ཡོངསུ་སེམས། །བདག་བུ་སྡུག་ཅིང་ཡིད་འོང་ཅིག་པོ་ནི། །སེམས་ཅན་ཆེན་པོ་མི་རྟག་ཉིད་ཀྱིས་ཟིན། །བདགི་བུ་ནི་གཉིས་པོ་དེ་དག་ཀྱང ། །མྱ་ངན་མེ་ཡིས་སྲོག་ནི་ཟད་འོང་གིས། །འདི་ལྟར་བདག་ནི་མྱུར་དུ་དེར་དོང་ལ། །མཐོང་ན་དགའ་བའི་བུ་དག་བལྟ་བར་བྱ། །བཞོན
97.64b
པ་མགྱོགས་པས་རྒྱལ་པོའི་ཕོ་བྲང་གི་།རྒྱལ་པོའི་ཁབ་ཏུ་མྱུར་དུ་བཀྲི་བར་བྱ། །དེ་དག་རྣམས་ནི་བསྐྱེད་པའི་མ་ཡི་སྙིང ། །མྱ་ངན་མེ་ཡིས་གས་པར་འགྱུར་དུ་འོང ། །བུ་གཉིས་མཐོང་ནས་ཞི་བ་ཐོབ་འགྱུར་ཏེ། །སྲོག་དང་བྲལ་བར་འགྱུར་བ་མ་ཡིན་ནོ། །རྒྱལ་པོ་བློན་པོའི་ཚོགས་ཀྱིས་ཡོངས་བསྐོར་ནས། །གླང་ཆེན་ཞོན་ཏེ་བུ་རྣམས་བལྟ་ཕྱིར་སོང ། །བུ་གཉིས་སྙིང་རྗེའི་སྐད་ཀྱིས་རབ་ངུ་ཞིང ། །ནུ་བོའི་མིང་འབོད་ལམ་ནས་འོང་བ་མཐོང ། །རྒྱལ་པོས་བུ་དེ་གཉིས་ནི་ཁྲིད་ནས་སུ། །རབ་ཏུ་ངུ་ཞིང་ཁྱིམ་དུ་སོང་ནས་ནི། །དེ་ཡིས་རྐྱེན་པར་ལ་གོར་མྱུར་དུ་ཡང ། །བཙུན་མོ་ལ་ནི་རང་གི་བུ་རྣམས་བསྟན། །ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པ་ང ། །སྔོན་གྱི་རྒྱལ་པོ་ཤིང་རྟ་ཆེན་པོ་ཡི། །བུ་དེ་སེམས་ཅན་ཆེན་པོ་མཆོག་གྱུར་ཅིང ། །གང་གིས་སྟག་མོ་བདེ་བར་བྱེད་པ་ཡིན། །རྒྱལ་པོའི་དབང་པོ་དམ་པ་ཟས་གཙང་ནི། །ཤིང་རྟ་ཆེ་ཞེས་བྱ་བའི་རྒྱལ་པོར་གྱུར། །བཙུན་མོའང་བཙུན་མོ་དམ་པ་སྒྱུ་མར་གྱུར། །སྒྲ་ཆེན་པོ་ནི་བྱམས་པར་གྱུར་པ་ཡིན། །རྒྱལ་བུ་ལྷ་ཆེན་པོ་ཡང་དེ་བཞིན་དུ། །དེ་ནི་འཇམ་དཔལ་གཞོན་ནུར་གྱུར་པ་ཡིན། །སྟག་མོར་གྱུར་པ་སྐྱེ་དགུའི་བདག་མོ་ཆེ། །སྟག་ཕྲུག་རྣམས་ནི་དགེ་སློང་ལྔ་པོར་གྱུར། །དེ་ནས་རྒྱལ་པོ་ཤིང་རྟ་ཆེན་པོ་དང་བཙུན་མོའི་སྙིང་རྗེ་བར་སྨྲེ་སྔགས་རྣམ་པ་མང་པོ་བསྟོན་ནས། རྒྱན་ཐམས་ཅད་བཀྲོལ་ཏེ་སྐྱེ་བོའི་ཚོགས་ཆེན་པོ་དང་ལྷན་ཅིག་ཏུ་བུའི་རུས་པ་ལ་མཆོད་པ་བྱས་ནས། སེམས་ཅན་ཆེན་པོ་དེའི་རུས་པ་དེ་དག་ས་ཕྱོགས་འདི་ཉིད་དུ་བཞག་སྟེ། རིན་པོ་ཆེ་སྣ་བདུན་གྱི་མཆོད་རྟེན་འདི་བྱས་སོ། །སེམས་ཅན་ཆེན་པོ་འདིས་སྟག་མོ་ལ་ལུས་ཡོངསུ་བཏང་ནས་ལུས་ཡོངསུ་བཏང་བ་འདིས་ཕྱིས་མ་འོངས་པའི་དུས་བསྐལ་པ་བགྲང་བ་ལས་ཤིན་ཏུ་འདས་པ་རྣམསུ་ཡང ། སེམས་ཅན་རྣཾས་ལ་སངས་རྒྱས་ཀྱི་མཛད་པ་བྱའོ་ཞེས་སྨོན་ལམ་འདི་སྐད་བཏབ་བོ། །བསྟན་པ་འདི་བཤད་པ་ན་ལྷ་དང་མིར
97.65a
བཅས་པའི་སྐྱེ་དགུའི་སེམས་ཅན་གྲངས་མེད་དཔག་ཏུ་མེད་པ་དག་།བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་སེམས་བསྐྱེད་དོ། །མཆོད་རྟེན་འདི་འདིར་བསྟན་པའི་རྒྱུ་ནི་འདི་ཡིན་ནོ། །རྐྱེན་ནི་འདི་ཡིནོ། །མཆོད་རྟེན་དེ་ཡང་སངས་རྒྱས་ཀྱི་བྱིན་གྱི་བརླབས་ཀྱིས་ས་དེ་ཉིད་ཀྱི་ནང་དུ་ཞུགསོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། སྟག་མོ་ལ་ལུས་ཡོངསུ་བཏང་བའི་ལེའུ་ཞེས་བྱ་བ་སྟེ་བཅཝོ་བརྒྱད་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་དུ་མ་དེ་དག་།དེ་བཞིན་གཤེགས་པ་གསེར་དང་རིན་པོ་ཆེའི་འབྱུང་གནས་གདུགས་བརྩེགས་ག་ལ་བ་དེར་སོང་སྟེ་ཕྱིན་ནས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་གསེར་དང་རིན་པོ་ཆེའི་འབྱུང་གནས་གདུགས་བརྩེགས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །ཕྱོགས་གཅིག་ཏུ་འཁོད་ནས་ཀྱང་བྱང་ཆུབ་སེམས་དཔའ་བརྒྱ་སྟོང་ཕྲག་དུ་མ་དེ་དག་གིས་ཐལ་མོ་སྦྱར་ཏེ། དེ་བཞིན་གཤེགས་པ་གསེར་དང་རིན་པོ་ཆེའི་འབྱུང་གནས་གདུགས་བརྩེགས་དེ་ལ་ཚིགསུ་བཅད་པ་འདི་དག་གིས་མངོན་པར་བསྟོད་དོ། །རྒྱལ་བའི་སྐུ་མདོག་བཙོ་མའི་གསེར་འདྲ་སྟེ། །སྐུ་ལུས་གསེར་གྱི་མདོག་ཏུ་རྣམ་པར་གདའ། །གསེར་གྱི་རི་དབང་ལྟ་བུའི་གསེར་གྱི་མདོག་།ཐུབ་པ་པད་མ་དཀར་པོ་གསེར་མདོག་ཅན། །བཟང་པོའི་མཚན་གྱིས་སྐུ་ལུས་རབ་ཏུ་བརྒྱན། །དཔེ་བྱད་སྣ་ཚོགས་བཟང་པོས་སྐུ་ལུས་སྤྲས། །གསེར་གྱི་འོད་ལྟར་མཛེས་པ་རྣམ་པར་འབར། །ཤིན་ཏུ་དྲི་མེད་ཞི་བ་རི་དབང་འདྲ། །ཚངས་པའི་སྒྲ་དང་སྒྲ་སྙན་ཚངས་པའི་དབྱངས། །སེང་གེའི་སྒྲ་དང་འབྲུག་སྒྲ་བསྒྲགས་པའི་དབྱངས། །ཡན་ལག་དྲུག་བཅུ་བསྒྲགས་སྒྲ་དྲི་མེད་སྒྲ། །རྒྱལ་དབྱངས་རྨ་བྱ་ཀ་ལ་པིང་ཀའི་སྒྲ། །ཤིན་ཏུ་དྲི་མེད་དྲི་བྲལ་གཟི་འོད་མཛེས། །རྒྱལ་བ་བསོད་ནམས་བརྒྱ་པའི་མཚན་གྱིས་བརྒྱན། །མཁྱེན་པའི་རྒྱ་མཚོ་དྲི་མེད་དྲི་བྲལ་མཆོག་།རྒྱལ་བ་ཡོན་ཏན་ཀུན་ལྡན་རི་རབ་འདྲ། །
97.65b
སེམས་ཅན་རྣམས་ལ་ཕན་པར་ཐུགས་བརྩེ་མཆོག་།འཇིག་རྟེན་དག་ན་བདེ་བའི་སྦྱིན་པའི་མཆོག་།རྒྱལ་བ་དམ་པའི་དོན་རྣམས་སྟོན་པ་སྟེ། །མྱ་ངན་འདས་པའི་བདེ་ལ་འཛུད་པ་ལགས། །འཆི་བ་མེད་པའི་བདེ་བ་སྩོལ་བ་སྟེ། །རྒྱལ་བ་བདུད་རྩིའི་ཆོས་ནི་རབ་ཏུ་སྟོན། །འཆི་བ་མེད་པའི་གྲོང་ཁྱེར་འཛུད་པ་སྟེ། །བདེ་བ་ཀུན་གྱི་འབྱུང་གནས་བདེ་བའི་གནས། །རྒྱལ་བས་འགྲོ་བ་སྡུག་བསྔལ་ཐར་བར་མཛོད། །སྡུག་བསྔལ་རྒྱ་མཚོ་ལས་ནི་སྐྱེ་དགུ་སྒྲོལ། །ཞི་བའི་ལམ་ལ་སྐྱེ་དགུ་རབ་ཏུ་འཛུད། །སྐྱེ་དགུ་རྣམས་ལ་བདེ་བ་ཀུན་སྩོལ་བ། །ཁྱོད་ལ་དཔེ་ནི་བགྱི་བར་མི་ནུས་ཏེ། །ཇི་སྙེད་འདྲེན་པའི་ཡོན་ཏན་ཡེ་ཤེས་མཚོ། །སྲོག་ཆགས་ཀུན་ལ་ཁྱོད་ཀྱི་ཐུགས་རྗེ་དང ། །བྱམས་པའི་སྟོབས་དང་ཐབས་དང་བརྩོན་འགྲུས་དང ། །ཁྱོད་ཀྱི་ཡོན་ཏན་ཡེ་ཤེས་རྒྱ་མཚོ་ལས། །བསྐལ་པ་བྱེ་བ་སྟོང་ཕྲག་མང་པོར་ཡང ། །ཡོན་ཏན་ཐིགས་པ་གཅིག་ཙམ་རབ་བསྟན་པར། །ལྷར་བཅས་འགྲོ་བའི་ནང་ན་ནུས་མ་མཆིས། །ཡོན་ཏན་མཚོ་ལས་ཡོན་ཏན་ཐིགས་བླངས་ཏེ། །དེ་དག་བདག་གིས་མདོར་བསྡུས་ཅུང་ཟད་བཤད། །བདག་གིས་བསོད་ནམས་གང་བསགས་དེ་ཡིས་ནི། །སེམས་ཅན་དེ་དག་བྱང་ཆུབ་མཆོག་རེག་ཤོག་།གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་བསྟོད་པའི་ལེའུ་ཞེས་བྱ་བ་སྟེ་བཅུ་དགུ་པའོ།། །། དེ་ནས་བྱང་ཆུབ་སེམས་དཔའ་མཛེས་པའི་ཏོག་སྟན་ལས་ལངས་ཏེ། བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས་པུས་མོ་གཡས་པའི་ལྷ་ང་ས་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགསུ་ཐལ་མོ་སྦྱར་བ་བཏུད་ནས་ཚིགསུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་མངོན་པར་བསྟོད་དོ། །ཐུབ་དབང་ཁྱོད་ནི་བསོད་ནམས་བརྒྱ་པའི་མཚན། །དཔལ་སྟོང་མཛེས་པ་ཡོན་ཏན་རྣམས་ཀྱིས་བརྒྱན། །ཁ་དོག་རྒྱ་ཆེན་མཆོག་ཏུ་ཞི་བ་སྟོན། །ཉི་མ་སྟོང་ལྟར་འོད་ནི་རྣམ་པར་འཕྲོ། །འོད་ཟེར་དུ་མ་འབར་བས་འོད
97.66a
ཀྱིས་ཁྱབ། །ཁ་དོག་སྣ་ཚོགས་གང་བས་རིན་ཆེན་འདྲ། །སྔོན་པོ་དཀར་པོ་གསེར་འོད་བཻ་དཱུརྱ། །ཟངས་དང་སྐྱ་རེང་ཤེལ་གྱི་འོད་ལྟ་བུས། །རྡོ་རྗེ་རི་དབང་རི་རབ་ཐལ་མཛད་ཅིང ། །ཞིང་རྣམས་བྱེ་བ་དུ་མར་སྣང་མཛད་དེ། །སྡུག་བསྔལ་མི་བཟད་དྲག་པོ་ཞི་བར་མཛད། །བདེ་བ་མཆོག་གིས་སེམས་ཅན་ཚིམ་པར་མཛད། །མདོག་དང་དབང་པོ་གསལ་བག་བལྟ་ན་མཛེས། །གཟུགས་བལྟས་མི་ངོམས་སྐྱེ་བོས་བལྟ་ན་དགའ། །རྨ་བྱའི་མདོག་འདྲའི་དབུ་སྐྲ་རྣམ་པར་མཛེས། །བུང་བ་མང་པོས་གང་བའི་འོད་དང་འདྲ། །ཐུགས་རྗེ་རྣམ་དག་ཡོན་ཏན་རྣམ་ཀྱིས་བརྒྱན། །ཏིང་འཛིན་བྱམས་པ་བསོད་ནམས་དམ་པ་བསགས། །དཔེའ་བྱད་བཟང་དང་ཁ་དོག་སྣ་ཚོགས་ལྡན། །ཏིང་འཛིན་བྱང་ཆུབ་ཡན་ལག་ཡོན་ཏན་བརྒྱན། །ཁྱོད་ནི་རབ་དུ་ཚིམ་མཛད་ཕན་པ་མཛད། །བདེ་མཛད་བདེ་བ་ཀུན་གྱི་འབྱུང་གནས་འབྱུང ། །ཡོན་ཏན་ཟབ་མོ་སྣ་ཚོགས་རྣམས་ཀྱིས་བརྒྱན། །ཞིང་རྣམས་བྱེ་བ་དག་དུ་ལྷ་ངེ་སྟེ། །མེ་ཡི་འོད་ལྟར་འོད་ཟེར་རྣམ་ཀྱིས་མཛེས། །ཇི་ལྟར་ནམཁའ་ཉིད་དཀྱིལ་རྫོགས་པ་བཞིན། །རི་རབ་ལྟ་བུར་ཡོན་ཏན་ཀུན་ལྡན་པར། །འཇིག་རྟེན་ཁམས་རྣམས་ཀུན་ཏུ་རབ་ཏུ་གདའ། །བ་ཞོ་ཀུ་མུ་ད་དུང་ཟླ་འདྲ་ཞིང ། །ཁ་བའི་མདོག་དང་དཀར་པོ་བཟང་འདྲ་བའི། །ཚེམས་གྱི་འཕྲིང་བས་ཁྱོད་ཀྱི་ཞལ་མཛེས་པ། །ངང་པའི་རྒྱལ་པོ་བར་སྣང་ཇི་བཞིན་ནོ། །ཁྱོད་ཀྱི་ཞི་ཞལ་འཚམས་གནས་ཟླ་བ་འདྲ། །གཡས་སུ་འཁྱིལ་ཞིང་ཁོང་ཆུད་འདྲ་བ་ལགས། །བཻ་དཱུརྱ་འདྲའི་སྤུ་འོད་དཀར་རྣམས་ཀྱིས། །ནམཁའི་དཀྱིལ་ན་ཉི་མ་ལྟ་བུར་མཛེས། །གསེར་འོད་དམ་པ་མདོ་སྡེའི་དབང་པོ་རྒྱལ་པོ་ལས། དེ་བཞིན་གཤེགས་པ་ཐམས་ཅད་ལ་བསྟོད་པའི་ལེའུ་ཞེས་བྱ་བ་སྟེ་ཉི་ཤུ་པའོ།། །། དེ་ནས་རིགས་ཀྱི་ལྷ་མོ་བྱང་ཆུབ་ཡང་དག་པར་བསྡུས་པས། དེའི་ཚེ་ཚིགས་སུ་བཅད་པ་འདི་དག་གིས་བཅོམ་ལྡན་འདས་ལ་བསྟོད་པ།
97.66b
རྣམས་པར་དག་པའི་ཆོས་ལ་སྤོབས་པའི་བློ་མངའ་བ། །ལས་ངན་ལམ་དང་བྲལ་བའི་བདག་ཉིད་བློ་མངའ་ཞིང ། །སྲིད་དང་སྲིད་མིན་མཁྱེན་པ་རྣམ་དག་བློ་མངའ་བ། །སངས་རྒྱས་རྣམ་དག་བློ་མངའ་བ་ལ་ཕྱག་འཚལ་ལོ། །ཀྱེ་མའོ་ཀྱེ་མའོ་སངས་རྒྱས་གཟི་བརྗིད་མཐའ་ཡས་ཏེ། །ཀྱེ་མའོ་ཀྱེ་མའོ་རྒྱ་མཚོའ་དང་ནི་རི་རབ་འདྲ། །ཀྱེ་མའོ་ཀྱེ་མའོ་སངས་རྒྱས་སྤྱོད་ཡུལ་མཐའ་ཡས་ཏེ། །ུ་དུམ་བ་རའི་མེ་ཏོག་བཞིན་དུ་ཤིན་ཏུ་དཀོན། །སེམས་ཅན་དག་ནི་ཐམས་ཅད་རྗེས་སུ་གཟུངས་སླད་དུ། །གང་གིས་མདོ་སྡེ་དམ་པ་འདི་འདྲ་རབ་གསུངས་པ། །མི་དབང་ཉི་མ་ཤཱཀྱའི་དབང་པོའི་རིགས་ཀྱི་ཏོག་།ཀྱེ་མའོ་ཀྱེ་མའོ་དེ་བཞིན་གཤེགས་པ་ཐུག་རྗེ་ལྡན། །དེ་བཞིན་གཤེགས་པ་ཤཱཀྱའི་ཐུབ་པ་དབང་པོ་ཞི། །ཞི་བའི་དམ་པ་ཞི་བའི་གྲོང་ཁྱེར་རབ་ཏུ་ཞུགས། །ཏིང་འཛིན་ཟབ་ཅིང་ཞི་ལ་རྡུལ་དང་བྲལ་བ་ནི། །རྒྱལ་བ་སངས་རྒྱས་སྤྱོད་ཡུལ་དེར་ཡང་རབ་ཏུ་ཞུགས། །དེ་ལྟར་ཉན་ཐོས་རྣམ་ཀྱི་ལུས་ནི་སྟོང་པ་སྟེ། །རྐང་གཉིས་དམ་པ་རྣམས་ཀྱི་གནས་པ་འང་སྟོང་པ་ལགས། །ཆོས་རྣམས་དེ་དག་ཐམས་ཅད་རང་བཞིན་སྟོང་ལག་ན། །སེམས་ཅན་རྣམས་ནི་སྟོང་པའི་བདག་ཉིད་མ་འཚལ་ཏོ། །བརྟག་པ་ཐེར་ཟུགས་ཏུ་ནི་རྒྱལ་བ་དྲན་པར་བགྱིད། །རྒྱལ་བ་མཐོང་བར་ཡང་ནི་རྟག་ཏུ་མྱ་ངན་བགྱིད། །རྫོགས་པའི་སངས་རྒྱས་ཉི་མ་མཐོང་བར་བགྱིད་སླད་དུ། །རྟག་པར་ཡང་ནི་སྨོན་ལམ་རབ་ཏུ་འདེབས་པར་བགྱིད། །བདག་ནི་བརྟག་ཏུ་དོག་སར་པུས་མོ་བཙུགས་ནས་སུ། །རྒྱལ་བའི་གཟུགས་ཀྱི་སྒོམ་པས་མྱ་ངན་རབ་ཏུ་སེམས། །འདྲེན་པའི་སླད་དུ་སྙིང་རྗེའི་སྐད་ཀྱིས་ངུ་བ་བགྱིད། །བདག་ནི་བདེ་བར་གཤེགས་པ་མཐོང་བར་རབ་ཏུ་བསྐོམ། །མྱ་ངན་མེའི་ཀུན་ཏུ་རབ་ཏུ་འབར་བར་གྱུར། །མཐོང་བའི་ཆུ་བསིལ་བདག་ལ་རྟག་པར་སྩལ་དུ་གསོལ། །བདག་ནི་ཁྱོད་ཀྱི་གཟུགས་ལ་ལྟ་བའི་རབ་ཏུ་སྐོམ། །ཐུ་རྗེའི་ཆར་གྱི་བདག་ལ་རབ་ཏུ་སིམས་པ་མཛོད། །འདྲེན་པ་ཁྱོད་ཀྱི་བདག
97.67a
ལ་ཐུག་རྗེ་མཛད་དུ་གསོལ། །ཞི་བའི་གཟུགས་མཐོང་བ་ནི་བདག་ལ་སྩལ་དུ་གསོལ། །ཁྱོད་ནི་ལྷ་དང་བཅས་པའི་འགྲོ་བ་སྐྱོབ་པ་སྟེ། །འདི་ལྟར་ཉན་ཐོས་རྣམ་ཀྱི་ལུས་ནི་སྟོང་པ་ལགས། །སེམས་ཅན་ཐམས་ཅད་དག་ནི་རྨི་ལམ་རང་བཞིན་ཏེ། །ནམ་མཁའ་འདྲ་ཞིང་ནམཁའི་ངོ་བོ་ཉིད་ཀྱང་ལགས། །སྒྱུ་མ་སྨིགས་རྒྱུ་དང་ནི་ཆུ་ཡི་ཟླ་བ་འདྲ། །འདྲེན་པ་ཁྱོད་ཀྱིས་སྟོང་པ་ཚེ་དང་ལྡན་པ་ལགས། །དེ་ནས་བཅོམ་ལྡན་འདས་གདན་ལས་བཞེངས་ཏེ་འཚངས་པའི་སྒྲ་དབྱངས་ཀྱིས་བཀའ་སྩལ་པ། རིགས་ཀྱི་ལྷ་མོ་ཁྱོད་ལེགས་སོ་ཁྱོད་ཡང་ལེགས་སོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། རིགས་ཀྱི་ལྷ་མོ་བྱང་ཆུབ་ཡང་དག་པར་བསྡུས་པ་དང ། ལྷ་མོ་ཆེན་མོ་དབྱངས་ཅན་ལ་སོགས་པ་ལྷ་ཡི་བུ་མོ་དེ་དག་ཐམས་ཅད་དང ། ལྷ་མོ་ཆེན་མོ་དཔལ་ལ་སོགས་པ་ལྷ་མོ་ཡི་ཚོགས་དེ་དག་ཐམས་ཅད་དང ། རྣམས་ཐོས་ཀྱིས་བུ་ལ་སོགས་པ་ལྷའི་རྒྱལ་པོ་དེ་དག་ཐམས་ཅད་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང ། ལྷ་དང་མི་དང་ལྷ་མ་ཡིན་དང་དྲི་ཟེར་བཅས་པའི་འཇིག་རྟེན་ཡིད་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ལས། མཇུགས་བསྡུས་པའི་ལེའུ་ཞེས་བྱ་བ་སྟེ། ཉི་ཤུ་རྩ་གཅིག་པའོ།། །།འཕགས་པ་གསེར་འོད་དམ་པ་མདོ་སྡེའི་དབང་པོའི་རྒྱལ་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སྷོ།། །།
97.67b
[ཋིས་ཨིས་ཨ་བླནཀ་པགེ་ཝིཐོུཏ་ཨིམགེ]