(པ)་༄#། !་།གསང་སྔགས་རྒྱུད་འབུམ་གྱི་སྐོར་བཞུགས་སོ། །[(黃)་秘密經第十三部] 96.1b ༄#། །རྒྱ་གར་སྐད་དུ། ་སིདྡྷི་ཨེ་ཀ་བཱི་ར་མ་ཧཱ་ཏནྟྲ་རཱ་ཛ་ནཱ་མ། ་བོད་སྐད་དུ། ་དཔའ་བོ་གཅིག་པུ་གྲུབ་པ་ཞེས་བྱ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། ། བཅོམ་ལྡན་འདས་འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དཔའ་བོ་གཅིག་གྲུབ་དཔའ་བོའི་གཙོ། །རབ་མཆོག་སྨྲ་བ་རྣམས་ཀྱི་མཆོག་།འགྲོ་བའི་བླ་མ་འཇམ་རྡོ་རྗེས། །འཇིག་རྟེན་དོན་དུ་རྒྱུད་རབ་གསུངས། །ལྷ་ཉིད་གསང་སྔགས་ཚུལ་གྱིས་ནི། །དངོས་གྲུབ་ཐམས་ཅད་སྩོལ་མཛད་པ། །སྔགས་པས་དེ་ཉིད་བསྒོམས་ན་ནི། །དེ་གྲུབ་ན་ནི་གྲུབ་འགྱུར་ཏེ། །སྔགས་པ་ལུས་ནི་རྣམ་དག་དང ། །གང་ཚེ་དངོས་གྲུབ་ཕྲ་མོ་འགྲུབ། །སྣོད་དུ་གྱུར་པའི་ལུས་ལ་ནི། །དངོས་གྲུབ་ཆེན་པོ་རབ་ཏུ་སྐྱེ། །རིམ་པ་འདི་ཡིས་འདི་ལ་ནི། །ས་ལ་སོགས་པ་འཐོབ་པ་སྐྱེ། །སྔགས་པས་ཡིད་བཞིན་ནོར་བུ་ལྟར། །རྟག་ཏུ་སེམས་ཅན་དོན་བྱེད་དོ། །དེ་ལྟར་མཁྱེན་ནས་ཐུགས་བརྩེས་ནོན། །རྡོ་རྗེ་འཆང་སོགས་ཀྱིས་ཞུས་ཚེ། །གྲུབ་པའི་གསང་སྔགས་བསྡུས་པ་ནི། །འགྲོ་བའི་དོན་དུ་གསུངས་པ་ཡིན། །ོཾ་ཀཱ་ལུ་མེ་ལུ་ཀཱ་ལུ་མེ་སྟཾབྷ་ཡ་སྴི་ལཱ་ཏུཥཱ་རཉྩ་ལུཙྪ་ཨི་ལུཙྪ་ཨི་སཝཱ་ཧཱ། གསང་སྔགས་ཀྱི་རྒྱལ་པོ་འདི་ནི་ལེགས་པར་བཟླས་ན་སེར་བ་གཅོད 96.2a པར་བྱེད་དོ། །དྲན་པ་ཉིད་དང་ཐལ་བ་ལ་མངོན་པར་བཟླས་པས་སེར་བ་འབབ་པ་འམ་ཁ་བ་འབབ་པ་གཅོད་པར་འགྱུར་ཞིང་གང་དུ་འདོད་པ་དེར་འགྲོའོ། །དེ་བཞིན་དུ་གློག་དང་རླུང་དང་རྡོ་རྗེ་དང་ཐོག་འབབ་པ་ལ་སོགས་པ་མེད་པར་བྱེད་དོ། །ོཾ་ག་རུ་ཌ་ཧཾ་སེ། ཙ་ལ་ཙ་ལ་སཝཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་དྲན་པ་ཉིད་ན་སེར་བ་འབབ་པ་ཟློག་པར་བྱེད་དོ། །རྡོ་རྒྱུས་ཀྱིས་རྔ་པ་ཊྚ་ཧ་ལ་བྲིས་ཤིང ། རྔ་ལྕག་ལ་མངོན་པར་བཟླས་པའི་རྔ་པ་ཊྚ་ཧའི་སྒྲས། སེར་བ་འབབ་པ་བཟློག་པར་བྱེད་དོ། །དེ་བཞིན་དུ་དུང་ལ་སོགས་པའི་སྒྲས་ཀྱང་བྱའོ། །ོཾ་ཧེ་ཧེ། ཏིཥྛ་ཏིཥྛ། བན་དྷ། བན་དྷ། དྷཱ་ར་ཡ་དྷཱ་ར་ཡ། ནི་རུན་དྷ་ནི་རུནྡྷ། ཆེ་གེ་མོ་ཨཱུ་མ་ཎི་སཝཱ་ཧཱ། གསང་སྔགས་ཀྱི་རྒྱལ་པོ་འདི་སྔོན་དུ་བསྙེན་པའི་ཚོགས་འབུམ་ཕྲག་གཅིག་ཡོངས་སུ་བཟླས་ན་འགྲུབ་པར་འགྱུར་རོ། །གློག་དང་རླུང་དང་རྡོ་རྗེ་དང་ཐོག་འབབ་པའམ་ཁ་བ་ལ་སོགས་པ་དྲན་པ་ཙམ་ཉིད་ཀྱིས་ཟློག་པར་བྱེད་དོ། །ཐལ་བ་དང་ཡུངས་ཀར་མངོན་པར་བཟླས་ན། ཆར་ཆེས་པ་གཅོད་པ་དང་བྱི་བ་དང་སྦྲང་མ་ལ་སོགས་པའི་མཆུ་འཆིང་བར་བྱེད་དོ། །སྐྱེད་མོས་ཚལ་དང་ཞིང་ལ་བྱ་དང་འབུ་སྲིན་དང་བྱི་བ་རྣམས་ཀྱིས་ཉེ་བར་འཚེ་བ་ཟློག་པར་བྱེད་དོ། །དུར་ཁྲོད་ཀྱི་རས་ལ་མིང་དང་བཅས་པའི་སྔགས་བྲིས་ལ་སྤྲ་ཚིལ་གྱིས་བཏུམས་ཏེ། དུར་ཁྲོད་ཀྱི་བུམ་པར་བཅུག་ནས་ཁ་བཅད་དེ། དེ་ཉིད་དུ་སྦས་པས་མངལ་རེངས་པར་འགྱུར་རོ། །ཕྱུང་ནས་འོ་མ་དང་ཆུས་བཀྲུས་ཏེ་ཆུ་ལ་བོར་བས་ཞི་བར་འགྱུར་རོ། །ཡུང་བའམ་བབ་བླས་གྲོ་བ་འམ་གོས་སམ་ལོ་མ་ལ་མངོན་པར་བྲིས་ཏེ། སྤྲ་ཚིལ་གྱི་ནང་དུ་བཏུམས་པའི་སྔགས་འདི་གྲོག་མཁར་གྱི་ས་ལས་འཇིགས་བྱེད་ཀྱི་གཟུགས་སུ་བྱས་པ་དེའི་སྙིང་ཁར་བཅུག་སྟེ་དེའི་ཁ་ཐལ་བས་བཀང་ནས་སྦས་ན། རྒོལ་བ་དང་ཕྱིར་རྒོལ་བའི་ཁ་རེངས་པར་བྱེད་དོ། །རྩོད་སྦྱོངས་བྱེད་པ་ན་གཟུགས་དེ་ཉིད་ཀྱི་ལྕེ་ལ་ལན་བདུན་མངོན་པར་བསྔགས་པའི་ཚེར་མ་བདུན་གྱིས་གཙུགས་ན་ཁ་འཆིང་བར་བྱེད་པར་འགྱུར་རོ། །རྡོ་རྒྱུས་ཀྱིས་ཁམ་པོར་ལ་བྲིས་ཏེ་ཐལ་བས་བཀང་ལ། ཁ་སྦྱར་ཏེ་སྦས་ན་མི 96.2b སྙན་པ་བརྗོད་པ་ཁ་རེངས་པར་བྱེད་དོ། །རྫ་མཁན་གྱི་ལག་པ་ཕྱིས་པའི་འཇིམ་པ་ལས། ལུག་གི་གཟུགས་སུ་བྱས་པའི་སྙིང་ཁར་སྤྲ་ཚིལ་གྱིས་བཏུམས་པའི་སྔགས་བཅུག་ན་ཁྲོས་པའི་ཁ་རེངས་པར་བྱེད་དོ། །སྐེ་འམ་དཔུང་པ་ལ་སྔགས་བཏབ་ན་གཡུལ་ངོགས་ཀྱི་མཚོན་ཆ་དབལ་ཞི་བར་བྱེད་དོ། །གྲོག་མཁར་གྱི་འཇིམ་པ་ལས་བྱས་པའི་ཚོགས་ཀྱི་བདག་པོའི་རྐང་པའི་མཐིལ་དུ་སྔགས་ཀྱི་རྒྱལ་པོ་འདི་བཅུག་སྟེ། བཞི་མདོར་སྦས་ན་འགྲོ་བ་དང་འོང་བ་ཐམས་ཅད་རེངས་པར་བྱེད་ཅིང་རྟག་པར་བྱེད་པ་ཐམས་ཅད་རེངས་པར་བྱེད་དོ། །གྲོ་བ་འམ་གོས་ལ་སྔགས་ཀྱི་རྒྱལ་པོ་འདི་བྲིས་ལ་སྤྲ་ཚིལ་གྱིས་བཏུམས་ཏེ་དེ་ཉིད་ཀྱི་ཁོང་པར་བཅུག་ལ། བུམ་པ་སར་པ་ཆུས་བཀང་བའི་ནང་དུ་བཅུག་ན་ཡོངས་སུ་བརྟག་པ་རེངས་པར་བྱེད་དོ། །བླ་གོས་ཀྱི་མཐའ་མ་ལ་སྔགས་རྗེས་སུ་དྲན་ཞིང་མདུད་པ་བཅིངས་པས་ལམ་དུ་རྐུན་པོ་ལ་སོགས་པ་རེངས་པར་བྱེད་ཅིང ། ནགས་ཀྱི་བ་མེན་ལ་སོགས་པ་རཝ་ཅན་དང་མཆེ་བ་ཅན་རྣམས་རེངས་པར་བྱེད་དོ། །བོང་བ་ལ་ལན་བདུན་སྔགས་ཏེ་ཆུར་བཅུག་ན། ཆུ་ན་རྒྱུ་བའི་ཁ་འཆིང་བར་བྱེད་དོ། །དུར་ཁྲོད་ཀྱི་རས་ལ་ཕ་རོལ་གྱི་དཔུང་གི་ཚོགས་ཀྱི་སྐྱེས་བུའི་གཙོ་བོའི་མིང་སྨོས་པའི་སྔགས་སྣ་ཚོགས་རྡོ་རྗེའི་དབུས་སུ་བྲིས་ལ། སྣ་ཚོགས་རྡོ་རྗེའི་ཕྱི་རོལ་དུ་ཡི་གེ་ལཾ་བརྒྱད་བྲིས་ཤིང་ཕྱི་རོལ་དབང་ཆེན་གྱི་དཀྱིལ་འཁོར་དང་ལྡན་པར་བྲིས་ཏེ། ཕྱོགས་རྡོ་རྗེས་བརྒྱན་པའི་སྤྲ་ཚིལ་ལས་བྱས་པའི་ཚོགས་ཀྱི་བདག་པོའི་ཁོང་པར་བཅུག་པའི་སྔགས། ཕ་རོལ་གྱི་དཔུང་གི་ཚོགས་ཀྱི་ས་མཚམས་ཀྱི་བར་དུ་བཅུག་ན་དཔུང་གི་ཚོགས་རེངས་པར་བྱེད་དོ། །སྔགས་ཨོཾ་གཉིས་ཀྱི་ཁ་སྦྱོར་དུ་བཅུག་ལ་ཡི་གེ་ཋ་ཟུང་གིས་ཡོངས་སུ་བསྐོར་བ། ཕྱི་རོལ་དུ་ཡི་གེ་ལཾ་བརྒྱད་ཀྱིས་བསྐོར་བ་དབང་ཆེན་གྱི་དཀྱིལ་འཁོར་གྱིས་ནོན་པ་སྣ་ཚོགས་རྡོ་རྗེས་ཉེ་བར་མཛེས་པར་བྱས་པ། གྲོག་མཁར་གྱི་འཇིམ་པ་ལས་བྱས་པའི་ཚོགས་ཀྱི་བདག་པོའི་ཁོང་པར་བཅུག་ལ། དུར་ཁྲོད་ཀྱི་བུམ་པའི་ནང་དུ་བཅུག་ནས་དུར་ཁྲོད་དུ་སྦས་པ་འམ ། ཕུབ་མའི་སྦྱིན་བསྲེག་གིས་ཕ་རོལ 96.3a གྱི་དཔུང་གི་ཚོགས་རེངས་པར་བྱེད་དོ། །གྲོང་ཁྱེར་ཚིག་པའི་མེ་ལ་མངོན་དུ་ཕྱོགས་ཤིང་སྔགས་འདིས་མངོན་པར་སྔགས་པའི་ཆུ་སྙིམ་པ་བདུན་རབ་ཏུ་གཏོར་ན་ཁྱིམ་གང་བསྲུང་བར་འདོད་པའི་ཁྱིམ་དེ་སྲུང་བར་བྱེད་དོ། །ཐལ་བས་མགུལ་པ་བཅིངས་པས་སྐྱུགས་པ་ཟློག་པར་བྱེད་དོ། །མཐེའུ་ཆུང་གིས་ལྕེ་དམ་དུ་བཙིར་ལ་སྔགས་བརྗོད་པས་སྐྱིགས་བུ་མེད་པར་བྱེད་དོ། །ཐལ་བ་ལ་མངོན་པར་སྔགས་པས་མིག་རེངས་པ་སོས་པར་བྱེད་དོ། །འབྲུམ་བུ་ལ་སོགས་པ་རྣམ་པར་འཚེ་བ་ལ་རས་ཀྱི་དུམ་བུ་ལ་བྲིས་ཏེ། ཁྱིམ་གང་གི་སྒོར་བཏགས་པའི་ཁྱིམ་དེར་འབྲུམ་བུ་ལ་སོགས་པ་རྣམ་པར་འཚེ་བ་ཟློག་པར་བྱེད་དོ། །ཉ་དང་ཤ་དང་ཆང་དང་འབྲས་ཆེན་ལ་སོགས་པ་སྦྱིན་པར་འགྱུར་བ་ལས་གྲོང་གི་ཕྱི་རོལ་གྱི་ཆར་གཏོར་མ་ཆེན་པོ་གཏང་བར་བྱ་བ་དང་ཡམས་ཤིང་ལྔ་དང་འབྲུ་ལྔའི་བྱེ་བྲག་མར་ལ་བཏགས་པས་གྲོང་གི་དབུས་སུ་ཞི་བའི་ཐབ་ཁུང་བྱས་ལ་སྦྱིན་སྲེག་བྱས་ན་བདུད་དང་རྣམ་པར་འཚེ་བ་ཐམས་ཅད་རེངས་པར་བྱེད་དོ། །གང་འགའ་ཞིག་ལ་གྲོང་ལ་སོགས་པ་སྦྱིན་པར་འགྱུར་བ་ལ་བཟླས་པ་ཙམ་གྱིས་ཟློག་པར་བྱེད་དོ། །རྟག་ཏུ་བཟླས་ན་ལྷ་དང་ལྷ་མ་ཡིན་དང་ལྟོ་འཕྱེ་ཆེན་པོ་རྣམས་ཀྱིས་མི་མཐོང་བར་འགྱུར་རོ། །དཔལ་རྗེ་བཙུན་སངས་རྒྱས་བཅོམ་ལྡན་འདས་མངོན་པར་བྱང་ཆུབ་པའི་དུས་སུ། བདུད་བཞི་ལས་རྒྱལ་བར་བྱ་བའི་དོན་དུ་སྔགས་ཀྱི་རྒྱལ་པོ་འདི་མཛོད་སྤུ་ལས་རྣམ་པར་ཕྱུང་བའི་ཕྱིར་མཛོད་སྤུའི་ནོར་བུ་ཞེས་བྱ་བར་གྲགས་པ་ཡིན་ནོ། །གསེག་མ་ལ་མངོན་པར་སྔགས་ཏེ་གཏོར་བས་སྦྲུལ་དག་འབྱེར་བར་བྱེད་དོ། །ཁྱིམ་གྱི་རྩིག་ངོས་སོ་ཀྱང་ཟེར་ལ་རྡོ་རྒྱུས་ལ་མངོན་པར་སྔགས་པས་བྲིས་ན་སྦྲུལ་གྱིས་ཟིལ་གྱིས་ནོན་པར་མི་འགྱུར་རོ། །ཡང་ན་རྡོ་ལེབ་ལ་སྔགས་གཟོང་བུས་བརྐོས་ཏེ་བྲིས་པ་སྦས་ན་རི་དགས་དང་སྦྲུལ་གདུག་པ་རྣམས་ཁྱིམ་འམ་གྲོང་ངམ་གྲོང་ཁྱེར་དུ་སྦས་ན་ཅི་སྲིད་འདོད་པའི་བར་དུ་མཆེ་བ་འཆིང་བར་བྱེད་དོ། །ཕྱུང་བས་གྲོལ་བར་འགྱུར་རོ། །སྔགས་འདི་མ་བསྒྲུབས་སུ་ཟིན་ཀྱང་ལས་ཐམས་ཅད་བྱེད་པར 96.3b འགྱུར་རོ། །གསེག་མ་ལ་སོགས་པ་ལ་ཡོངས་སུ་བཟླས་ཏེ་གཏོར་ན་མཆེ་བ་ཅན་ཐམས་ཅད་ཀྱི་མཆེ་བ་འཆིང་བར་བྱེད་དོ། །དབང་ཆེན་གྱི་དཀྱིལ་འཁོར་གྱིས་ཁྱབ་པའི་སྣ་ཚོགས་རྡོ་རྗེའི་དབུས་སུ་བསྒྲུབ་པར་བྱ་བའི་མིང་དང་བཅས་པའི་སྔགས་ཐམས་ཅད་བྲི་བར་བྱའོ། །དུར་ཁྲོད་ཀྱི་རོ་བསྲེགས་པའི་ཤིང་གི་ཕུར་བུ་ལ་ལན་བདུན་མངོན་པར་སྔགས་པ་སྒོའི་སྟེང་དུ་སྦས་ན། སྐྱེད་ཀྱིས་འཚོ་བ་ཐམས་ཅད་ཀྱི་སྐྱེད་མེད་པར་བྱེད་དོ། །ཕྱུང་བས་གྲོལ་བར་འགྱུར་རོ། །ོཾ་ནི་ཧི་ནིཙྪ་ལེ་ཨ་བྷ་ཡ་བྷ་ཡཾ་ཀ་རི། ཨེ་ལུ་བེ་ལུ་ཙུ་ལེ་ལུ་ཤི་ལཱ་ཡ་ད་ཨི་ཛ་ཧ་ཡེ། པཊྚ་ཨི་ཛཊྚ་ཨེ་པེ་ལུ་ཨཱ་ག་ས་པ་ཐེ་ཀེ་ར་ཏེ། ཨི་ཨ་ཏུ་མུདྡྷཱ་རི་མ་དྷ་རི་ཁིནྣི་ཁིལླ་མོ་ཧ་ནི་ཐི་བྷི་ཛ་ཀཱ་རཾ་ཛ་ཧི་ཐཱ་ཀཱ་རོ་ཎྀ་ཧི་ཋཿ ཋཿ སཝཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་སྔར་མ་སྨོས་པའི་ལས་ཐམས་ཅད་མ་བསྒྲུབས་སུ་ཟིན་ཀྱང་བྱེད་པར་འགྱུར་རོ། །དེ་ལས་གཞན་ཡང་མངོན་པར་འདོད་པའི་ལས་དེ་དག་ཐམས་ཅད་བྱེད་པར་ཐེ་ཚོམ་མེད་དོ། །ལན་ཚཝ་དང་སྐེ་ཚེ་མཉམ་པའི་སྦྱིན་སྲེག་གམ་ཕུབ་མའི་སྦྱིན་སྲེག་གིས་ཕ་རོལ་གྱི་དཔུང་གི་ཚོགས་རྣམས་འབྱེར་བར་བྱེད་དོ། །ོཾ་ཨམྴ་སིམྴ་ཀ་སྱཱ་སུ་ཛོ་མེ་ཕེ་ཁ་ཨེ་དུ་སྱཱ་སུ་སཝཱ་ཧཱ། ཞེས་བྱུང་ངོ ། །ོཾ་ཨམ་བཱ་ཤིམ་བྷཱ་ཀཔྤ་སུ་ཛོ་མེ་ཕི་དུཔྤཱ་སུ། སྔགས་ཀྱི་རྒྱལ་པོ་འདི་མ་བསྒྲུབས་སུ་ཟིན་ཀྱང་རྟག་ཏུ་བཟླས་ན་འཇིགས་པ་ཐམས་ཅད་ཟློག་པར་བྱེད་དོ། །རྡོ་རྗེའི་ཆུའི་ཐིག་ལེས་དགྲ་བོ་ཐམས་ཅད་རྨོངས་པར་བྱེད་ཅིང་ཁྲོས་པས་རབ་ཏུ་དང་བར་བྱེད་དོ། །བཅིངས་པ་ལ་བཟླས་ན་བཅིངས་པ་གྲོལ་བར་བྱེད་དོ། །ཕོངས་པར་གྱུར་པས་བཟླས་ན་རྙེད་པར་འགྲུབ་པར་འགྱུར་རོ། །ེ་ཥོན་ཐི་ཏོ། ཧུ་ལུ་ཧུ་ཛྭཱ་ལཱ་ཛི་ཏྭེ། ཨཾཥོཏྠི་ཏོ་ཧུ་ལུ་ཧུ་ལུ། ཛཱ་ལཱ་ཛི་ཧཝ་ཏྭེ་ཧུ་ལུ་རུ་ཏྲཻ་བ་པྲ་ཏི་རཱཙྪ་ཏུ་ཧུ་ལུ་སཝཱ་ཧཱ། ཧུ་ལུ་ཧུ་ལུ་ཡ་ཏྲཻ་བོཥྑ་ཏོ་ཧུ་ལུ་ཏ་ཏྲཻ་བ་པྲ་ཏི་གཙྪནྟུ་ཧུ་ལུ་ཧུ་ལུ་སཝཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདིས་འཐབ་པ་དང་འཐབ་མོ་དང་རྣམ་པར་རྩོད་པ་ཐམས་ཅད་ལ་བཟླས་པ་བྱས་པས 96.4a ཞི་བར་བྱེད་དོ། །ཕུབ་མའི་སྦྱིན་བསྲེགས་གིས་ཀྱང་ཐམས་ཅད་དུ་ཞི་བར་འགྱུར་རོ། །ཇི་ལྟར་རྙེད་པའི་མེ་ཏོག་ལ་སྔགས་རྗོད་དེ། ཆུ་ལ་བསྐུར་ན་ཐམས་ཅད་དུ་ཞི་བར་འགྱུར་ཞིང་རྣམ་པར་རྒྱལ་བ་ཐོབ་པར་ཐེ་ཚོམ་མེད་དོ། །གྲོང་ཁྱེར་ཚིག་པའི་མེ་ལ་མངོན་དུ་ཕྱོགས་པས་འདུག་སྟེ། མངོན་པར་སྔགས་པའི་ཆུ་སྙིམ་པ་བདུན་གཏོར་ན། ཁྱིམ་གང་བསྲུང་བར་འདོད་པའི་ཁྱིམ་དེ་བསྲུང་བར་བྱེད་ཅིང་མེས་ཚིག་པའི་མེ་ཁ་ལས་ཐར་བར་བྱེད་དོ། །རྐང་གཉིས་དང་རྐང་བཞིའི་མཆེ་བ་ལ་ཕུབ་མའི་སྦྱིན་བསྲེག་གིས་ཞི་བར་བྱེད་དོ། །ོཾ་པདྨེ་པདྨཱ་ཀྵི་པདྨ་སུ་བྷ་གེ་ཕུ:་།པད་མེ་པད་མ་ཨཀྵེ་པད་མ་སུ་བྷ་གེ་ཕུ་སཝཱ་ཧཱ། སྔགས་འདི་ཐལ་བ་ལ་བཟླས་ཏེ་བསྐུས་པས་མིག་རྒྱ་བཏབ་པ་རེངས་པ་སོས་པར་བྱེད་དོ། །བྱས་པས་མིག་རེངས་པ་སོས་པར་བྱེད་དོ། །ལན་བདུན་མངོན་པར་སྔགས་པས་མིག་གིས་ཁྲོས་པ་མཐོང་མ་ཐག་ཏུ་རབ་ཏུ་དད་པར་བྱེད་དོ། །ལན་བདུན་མངོན་པར་སྔགས་པའི་ཆུས་གདོང་བཀྲུས་ན་སྐྱེ་བོ་ཐམས་ཅད་དགའ་བར་བྱེད་དོ། །རྩིག་པ་ལ་མིང་སྨོས་པའི་སྔགས་རྡོ་རྒྱུས་ཀྱིས་བྲིས་ན་མིག་ནད་ཐམས་ཅད་འཇོམས་པར་བྱེད་དོ། །དབེན་པར་འདུག་སྟེ་སེམས་རྩེ་གཅིག་པས་སྐྱེས་བུའི་མིག་གཉིས་ལ་མངོན་པར་སྔགས་པ་བྱས་ན། གང་གི་ཚེ་གཡོན་པ་འགུལ་བར་གྱུར་པ་དེའི་ཚེ། བསམས་པའི་དགོས་པ་འགྲུབ་པར་སྟོན་པ་ཡིན་ནོ། །གཡས་པ་འགུལ་བར་བྱེད་ན་མི་དགེ་བའི་དགོས་པ་སྟོན་པར་བྱེད་དོ། །ོཾ་མོ་ཙ་ནི་མོ་ཙ་ཡ། མོཀྵ་ནི་མོཀྵ་ཡ། ཛཱི་བཾ་བ་ར་དེ་སཝཱ་ཧཱ། འདིས་མངོན་པར་སྔགས་པའི་ཏིལ་མར་གྱིས་སྐྱེ་བའི་སྒོ་ལ་བསྐུས་ན། སྦྲུམ་མ་བདེ་བར་བཙའ་བར་བྱེད་དོ། །བཅིངས་པ་ལ་མངོན་དུ་ཕྱོགས་པར་བྱེད་པས། ལན་བདུན་མངོན་པར་སྔགས་པའི་ཆུ་སྙིམ་པ་བདུན་མངོན་པར་གཏོར་བ་དུས་གསུམ་དུ་བྱས་པས་བཅིངས་པ་རྣམས་གྲོལ་བར་བྱེད་དོ། །གུར་གུམའམ་གི་ཝང་གིས་གྲོ་བ་ལ་མངོན་པར་བྲིས་ཏེ། བཅིངས་པའི་མགོ་བོ་ལ་བཏགས་ན་བཅིངས་པ་ལས་གྲོལ་བར་བྱེད་དོ། །རྟག་ཏུ་བཟླས་ན་བཅིངས་པ་གྲོལ་བར་བྱེད་དོ། ། 96.4b ོཾ་ཧ་རི་མརྐ་ཊ་ནཱ་མ། ས་ཧཱ་སྲ་བཱ་ཧུཿ དེ་བད་ཏ་ཏཾ། བན་དྷ་ནཱན་མོཀྵཱ་ཡ་སཝཱ་ཧཱ། རྡོ་རྒྱུས་ལ་མངོན་པར་སྔགས་པས་སའི་སྟེང་དུ་ཡང་དང་ཡང་དུ་བྲིས་ཏེ། ལུགས་ལས་ཟློག་པས་ཕྱིས་ན་བཅིངས་པ་ལས་གྲོལ་བར་བྱེད་དོ། །ལོ་མ་ལ་མིང་དང་སྔགས་སུ་བཅས་པ་མངོན་པར་བྲིས་ཏེ། མགོ་བོ་ལ་བཏགས་ན་བཅིངས་པ་ཐམས་ཅད་གྲོལ་བར་འགྱུར་རོ། །ོཾ་ཏཱ་རི་ཎི་ཏཱ་ར་ཡ། མོ་ཙ་ནི་མོ་ཙ་ཡ། མོཀྵ་ནི་མོཀྵ་ཡ། ཛི་བཾ་བ་ར་དེ་སཝཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་ལེགས་པར་བཟླས་ན་ལས་ཐམས་ཅད་བྱེད་པར་འགྱུར་ཞིང ། ལན་བདུན་མངོན་པར་སྔགས་པའི་ཏིལ་མར་གྱིས་སྐྱེ་བའི་སྒོ་ལ་བསྐུམ་ན་སྦྲུམ་མ་བདེ་བར་བཙའ་བར་འགྱུར་རོ། །ལན་བདུན་མངོན་པར་སྔགས་པའི་ཆུ་འཐུངས་ན། མངལ་འཁྱིམ་པ་བདེ་བར་བཙའ་བར་བྱེད་དོ། །རྟག་ཏུ་བཟླས་པས་བདག་དང་གཞན་འཆིང་བ་ལས་ཐར་བར་འགྱུར་རོ། །སྐེ་འམ་དཔུང་པ་ལ་བསྲུང་བ་བཏགས་པས་འཇིགས་པ་ཐམས་ཅད་ལས་སྲུང་བར་བྱེད་དོ། །ོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་མོཀྵ་ཡ་ཛཱི་བཾ`་སཝཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་སྔར་སྨོས་པའི་བྱ་བ་བྱེད་པར་འགྱུར་རོ། །གུར་གུམ་གྱིས་གྲོ་བ་ལ་གང་གི་མིང་སྨོས་པའི་སྔགས་མངོན་པར་བྲིས་ལ་སྤྲ་ཚིལ་དུ་བཏུམས་ཏེ། དྲི་ཞིམ་པོའི་ཆུས་བཀང་བའི་བུམ་པ་གསར་པའི་ནང་དུ་བཅུག་སྟེ། མེ་ཏོག་དྲི་ཞིམ་པོ་ལ་སོགས་པས་དུས་གསུམ་དུ་མཆོད་པ་བྱས་ན་འཐབ་པ་དང་འཐབ་མོ་དང་རྩོད་པ་ཐམས་ཅད་ལས་རྣམ་པར་རྒྱལ་བར་འགྱུར་རོ། །གུར་གུམ་གྱི་གྲོ་བ་ལ་གང་གིས་མིང་སྨོས་པ། ཨོཾ་ཨེ་རཎ་ཌ་སྱ་བ་ནེ་ཀཱ་ཀོ་།རང་གཱ་ཏཱི་ར་མུ་ཡ་སྠི་ཏཿ ཡི་བ་ཏུ་དཱུ་ཏ། ཡཱ་ནཱི་ཡཾ་བི་ཤལྱཱ་བྷ་བ་ཏུ་གུརྦི་ཎཱི། ཨོཾ་ཨེ་རཎྜ་བ་ནེ་ཀཱགཿ གངྒཱ་ཏཱི་ར་མུ་བསྠིཏཿ པི་བ་ཏུ་དཱུ་ཏཿ སཱ་ནཱི་ཡམྦི་ཤལྱཱ་བྷ་བ་ཏུ་གུརྤྤི་སཝཱ་ཧཱ། ལན་བདུན་མངོན་པར་སྔགས་པའི་ཆུ་ཁྱོར་བ་གསུམ་ཕོ་ཉར་འོངས་པས་འཐུངས་ན། སྦྲུམ་མ་བདེ་བར་བཙའ་བར་བྱེད་དོ། །ོཾ་ཨ་མ་ར་ཎི་ཛཱི་བན་ཏྀ་ཡེ་སཝཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་ལེགས་པར་བཟླས་ན་ལས་ཐམས་ཅད་བྱེད་པར་འགྱུར་རོ། །མངོན་པར་སྔགས་པའི་ཆུ་འཐུངས་ན་འབྲུམ་བུ་འོང་བར 96.5a མི་འགྱུར་རོ། །ལུས་ལས་སྐྱེས་པའི་དུག་མི་བཟད་པ་དང་སྤྲེའུ་དུག་དང་སྦྲུལ་དུག་ལ་སོགས་པའི་རྨ་ལ་ཡུང་བ་དང་ཨ་རུ་ར་དང་རུ་རྟ་ལ་སོགས་པ་ལ་ཡོངས་སུ་བཟླས་ཏེ་བསྐུས་ན་རང་བཞིན་དུ་གནས་པར་འགྱུར་རོ། །ནད་དང་རྣམ་པར་འཚེ་བ་ཐམས་ཅད་ལ་སྔགས་མདུད་བཅིངས་ན་ཞི་བར་བྱེད་དོ། །རྟག་ཏུ་བཟླས་ན་ཚེ་ཟད་པ་ཡང་ཚེ་ལོ་བརྒྱ་ཐུབ་པར་འགྱུར་རོ། །མར་དང་ཏིལ་གྱི་སྦྱིན་སྲེགས་གིས་ཐམས་ཅད་ཞི་བར་བྱེད་དོ། །མངོན་པར་སྔགས་པའི་སྨན་གྱི་བཏུངས་བས་ནད་ཐམས་ཅད་ལས་ཡོངས་སུ་ཐར་བར་བྱེད་དོ། །ལན་བརྒྱ་བཀྲུས་པའི་མར་ལ་མངོན་པར་བསྔགས་པས་ན་བའི་ཡན་ལག་ལ་བསྐུས་ན་རང་བཞིན་དུ་གནས་པར་འགྱུར་རོ། །མགོའི་ནད་ལ་ཏིལ་མར་ལ་སྔགས་ཏེ་བསྐུས་པས་རང་བཞིན་དུ་གནས་པར་འགྱུར་རོ། །གདུག་པའི་རྨ་ལ་ཆུ་ལ་སྔགས་ནས་གཏོར་བས་སོས་པར་འགྱུར་རོ། །སྤྲི་ཧའི་ནད་ལ་བེ་དང་ལ་སོགས་པའི་མཚོན་གྱིས་གཏུབས་ན་སྤྲི་ཧ་བཅད་པར་འགྱུར་རོ། །ནི་རྒུན་དྷི་དང་ནིམ་པའི་རྩ་བ་རྨ་བྱའི་མཇུག་སྒྲོ་དང་བཅས་པ་གཅིག་ཏུ་སྦྱར་ལ། བརྒྱ་རྩ་བརྒྱད་མངོན་པར་སྔགས་པའི་བདུག་པས་བདུགས་ན། རིམས་ཉིན་གཅིག་པ་དང་ཉིན་གཉིས་པ་དང་ཉིན་གསུམ་པ་དང་ཉིན་བཞི་པ་ལ་སོགས་པ་སེལ་བར་བྱེད་ཅིང ། འབྱུང་པོ་དང་ཤ་ཟ་དང་ཚངས་པ་དང་སྲིན་པོ་ལ་སོགས་པ་སེལ་བར་འགྱུར་རོ། །བུད་མེད་བུ་ཤི་བས་ལན་བརྒྱ་རྩ་བརྒྱད་མངོན་པར་སྔགས་པའི་བུམ་པས་ཁྲུས་བྱས་ན་བུ་གསོན་པོ་དང་ལྡན་པར་འགྱུར་རོ། །གྲོ་ག་ལ་བྲིས་པའི་སྔགས་རྐེད་པ་འམ་དཔུང་པ་ལ་བཏགས་པས་མངལ་སྲུང་བར་འགྱུར་རོ། །སྔགས་རྗེས་སུ་དྲན་པས་གཡུལ་ངོགས་སུ་འཇུག་ན་རྒྱལ་བ་རྙེད་པར་འགྱུར་ཞིང་བྱབས་པས་ནད་ཐམས་ཅད་སེལ་བར་བྱེད་དོ། །ོཾ་པཱ་ད་ཙཱ་ལ་ནེ་སཝཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་སྔོན་དུ་བསྙེན་པའི་ཆོ་གས་ལེགས་པར་བསྒྲུབས་ན་ལས་ཐམས་ཅད་བྱེད་དོ། །ཕོལ་མིག་གི་འཇིགས་པ་ལ་མངོན་པར་སྔགས་པའི་ཆུ་འཐུངས་ན་ཕོལ་མིག་མེད་པར་འགྱུར་རོ། །གྲོ་ག་འམ་ཤོག་གུ་ལ་བྲིས་ཏེ་སྒོ་ལ 96.5b བཏགས་པས་ཕོལ་མིག་མེད་པར་འགྱུར་རོ། །འདི་ནི་འཚེ་བ་ཐམས་ཅད་ལ་མར་ལ་བཏགས་པའི་ཏིལ་གྱི་སྦྱིན་བསྲེག་གིས་སྲུང་བ་ཆེན་པོ་ཡིན་ནོ། །ཁཝའི་སྒྲོ་ལག་པས་བཟུང་སྟེ་བཟླས་པ་ཁྲི་བྱས་ལ་གང་གི་ཁང་པའི་སྟེང་གི་ལོགས་སུ་སྦས་པས་དེ་འབྱེར་བར་བྱེད་དོ། །ོཾ་པི་ཤཱ་ཙི་པརྞྞ་ཤ་ཝ་རི་སརྦ་བ་དྲ་བ་ནཱ་ཤ་ས་ནི་སཝཱ་ཧཱ། རིག་པ་ཆེན་མོ་འདི་མ་བསྒྲུབས་སུ་ཟིན་ཀྱང་རྐང་གཉིས་པ་དང་རྐང་བཞི་པ་ཐམས་ཅད་ཀྱི་རྣམ་པར་འཚེ་བ་སེལ་བར་བྱེད་ཅིང ། ལས་ཐམས་ཅད་བྱེད་པར་འགྱུར་རོ། །སྦྱིན་སྲེག་གམ་བཟླས་པ་འམ་ཁྲུས་སམ་སྔགས་མདུད་དམ་མངོན་པར་སྔགས་པའི་ཆུ་འཐུངས་པ་འམ་བྱབས་པས་ནད་ཐམས་ཅད་སེལ་བར་བྱེད་དོ། །གྲོ་ག་ལ་གུར་གུམ་གྱིས་བྲིས་པའི་སྔགས་སྐེ་འམ་དཔུང་པ་ལ་བཏགས་ན་རྩོད་སྦྱོང་ལ་རྒྱལ་བ་ཐོབ་པར་འགྱུར་ཞིང ། རིམས་ཉིན་བཞི་པ་ལ་སོགས་པ་མི་བཟད་པ་ལས་རྣམ་པར་གྲོལ་བར་འགྱུར་རོ། །སྲིན་པོ་ལ་སོགས་པའི་འཇིགས་པ་སེལ་བར་བྱེད་ཅིང ། འཐབ་པ་དང་འཁྲུག་པ་དང་རྩོད་པ་དག་ལས་རྒྱལ་བ་སྒྲུབ་པར་བྱེད་དོ། །སྟག་དང་ཆུ་སྲིན་དང་ལྟོ་འཕྱེ་ཆེན་པོ་དང་རྐུན་པོ་ལ་སོགས་པ་མི་མཐོང་ཞིང་རྟག་ཏུ་བཟླས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །ོཾ་ཨཱརྱ་ཏྲྀ་ཏཱི་ཡཱ། ཨ་མུ་ཀ་སྱ་ཙཀྵུ་སྟམ་བྷ་ཡ་ཏི་ཋཿ ཋཿ སཝཱ་ཧཱ། ཚེས་གང་ལ་མིག་ན་བར་གྱུར་པ་དེ་ལ་བརྩིག་པའམ་སྤང་ལེབ་ལ་རྡོ་རྒྱུས་ཀྱིས་ཚེས་བྲིས་ལ་ཡི་གེ་ཨེ་ཁ་སྦྱར་གསུམ་དུ་བྱའོ། །ོཾ་ཙཎ་ཌ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། སྔགས་ཀྱི་རྒྱལ་པོ་འདི་ལན་གཅིག་བཟླས་པས་སྡིག་པ་ཐམས་ཅད་ངེས་པར་སྲེག་པར་བྱེད་དོ། །འབྱུང་པོ་ལ་སོགས་པའི་གདོན་གྱིས་ཟིན་པ་ལ་ཡུངས་ཀར་ལ་སོགས་པས་བརྡེགས་པས་གདོན་ཐམས་ཅད་འབྱེར་བར་བྱེད་དོ། །ཁམ་ཕོར་ལ་རྡོ་རྒྱུས་ཀྱིས་བྲིས་ཏེ་སྒོ་ལ་བཏགས་པས་གསར་དུ་བཙས་པའི་བྱིས་པ་སྲུང་བར་བྱེད་དོ། །སྤྲ་ཚིལ་གྱིས་གཟུགས་སོར་བཞི་པ་བྱས་པའི་དེའི་སྙིང་ཀར་བསྒྲུབ་བྱའི་མིང་དང་བཅས་པའི་སྔགས་མངོན་པར་བྲིས་ཏེ་བཅུག་ལ་དེའི་ཁ་ལ་ཚེར་མས 96.6a གཙུགས་ན་ཕྱིར་རྒོལ་བའི་ཁ་ཕུར་བུས་བཏབ་པར་འགྱུར་རོ། །རྐང་པ་ལ་གཙུགས་ན་འགྲོ་བ་དང་འོངས་བ་རེངས་པར་བྱེད་དོ། །སྙིང་ཀ་ལ་བཙུགས་ན་ཁྲོ་བ་འཇོམས་པར་བྱེད། མིའི་རྗེ་ངར་གྱིས་རུས་པའི་ཕུར་བུ་འམ། ལྕགས་ཀྱི་ཕུར་བུས་གདབ་པར་བྱའོ། །མིང་ནས་བཟུང་ཞིང་ཡན་ལག་གང་དང་གང་ལ་ཕུར་བུས་གདབ་པ་དེ་དང་དེ་འཇིག་པར་འགྱུར་རོ། །དགྲ་བོའི་སྒོའི་འོག་ཏུ་སྦས་ན་འབྱེར་བར་བྱེད་དོ། །དུར་ཁྲོད་ཀྱི་ཐལ་བ་ལ་མངོན་པར་སྔགས་པས་བསྒོའི་ཡ་ཐེམ་ལ་གཏོར་ན་འབྱེར་རོ། །རལ་གྲི་ལ་མངོན་པར་སྔགས་ལ་གཡུལ་དུ་འཇུག་ན་རྒྱལ་བསྒྲུབ་པར་བྱེད་དོ། །བྱ་བ་གང་ལ་འཇུག་པ་ན་གཏོར་མ་ཉེ་བར་བསྟབས་ན་དེ་དང་དེ་འགྲུབ་པར་འགྱུར་རོ། །སྔགས་པ་དགེ་བའམ་མི་དགེ་བའི་ལས་གང་འདོད་པ་བཟླས་པ་ཙམ་གྱིས་བྱེད་དོ། །ོཾ་ཀ་སྱེ་སྤན་ད་སྤན་ད་ཏྭཾ་སཱུ་ནྱ་བེ་སྨ་ནི་མ་མ་ཏྭ་ཐཱ་སྤན་ད་ཡ་སྠ་སྤན་ད་སི་བ་ཛ་ཎི་སཝཱ་ཧཱ། ཨོཾ་ཀཱ་ཤི་སྤན་ད་ཀ་ཤེ་སྤནྡ་ཏྭཾ་ནྱེ་ཤཱུ་ནྱ་བེ་ཤྨ་ནི་ཨ་སྨ་ཀརྞྞ་ཏ་ཐཱ་སྤན་ད་ཡ་ཐཱ་སྤནྡ་སི་བ་ཛ་ཎ་སཝཱ་ཧཱ། མིག་འགུལ་བར་གྱུར་ན་བྱབས་པས་ཞི་བར་བྱེད་དོ། །ཾ་ཛཾ་བྷེ་མོ་ཧི་ཧྲི་ད་ཡ་མཱ་བར་ཏ་ནི་ཧཱུཾ་ཕཊ་སཝཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་ཐོ་རངས་བྱ་རོག་སྒྲ་མི་གྲག་པའི་དུས་སུ། ལན་བདུན་མངོན་པར་སྔགས་པའི་ཆུས་གདོང་བཀྲུས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །རྒྱལ་ལ་བ་མར་དང་པད་མ་དཀར་པོའི་སྐུད་པའི་སྡོང་པོས་དུ་བ་བླངས་ལ། བརྒྱ་རྩ་བརྒྱད་མངོན་པར་སྔགས་པ་བྱས་པ་དེས་མིག་ལ་བསྐུས་པས་བུད་མེད་ཐམས་ཅད་ཡིད་འཕྲོག་པར་བྱེད་དོ། །རྒྱལ་ཁ་ཐུར་དུ་བལྟས་པའི་མེ་ཏོག་གི་རྩ་བ་དང་ཤྲི་རི་ཁཎ་ཊ་དག་སྦྱར་ལ་བརྒྱ་རྩ་བརྒྱད་མངོན་པར་སྔགས་པ་དེས་ཐིག་ལེར་བྱས་ན་རྗེ་བོ་ཁྲོས་པས་དེ་རབ་ཏུ་སད་པར་བྱེད་དོ། །ཀུ་ཅོ་དང་འཐབ་པ་དང་རྩོད་པ་དག་ལས་རྒྱལ་བར་འགྱུར་རོ། །ཆོ་ག་བཞིན་རྟག་ཏུ་བཟླས་པས་གྲོང་ཁྱེར་བསྐྱོད་པ་སྐྱེད་པར་བྱེད་དོ། །ོཾ་སྟཾ་བྷ་ནི། སྟཾ་བྷ་ཡ། 96.6b ཛཾ`་བྷ་ནི། ཛཾ་བྷ་ཡ། མོ་ཧ་ནི་མོ་ཧ་ཡ། རཀྵ་ནི་ཎི། རཀྵ་ཡ་མཱཾ། བ་ར་དི་སིད་དྷ་ལོ་ཙ་ནི་སཝཱ་ཧཱ། སངས་རྒྱས་སྤྱན་གྱི་སྙིང་པོ་འདིས་འཇིགས་པ་ཐམས་ཅད་སེལ་བར་བྱེད་དོ། །དཔའ་བོ་གཅིག་པུ་གྲུབ་པ་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ལེའུ་དང་པོ་རྫོགས་སྷོ།། །། རབ་སད་ལེགས་པར་སངས་རྒྱས་པའི། །སློབ་མ་ཡོན་ཏན་གཞི་ཡིན་པ། །བླ་མ་ལ་གུས་མཁས་པ་ལ། །རྒྱུད་ཀྱི་རྒྱལ་པོ་བཤད་པར་བྱ། །ོཾ་ན་མོ་བི་མ་ལ་ཙན་དྲཱ་ཡ། དེ་བ་པུ་ཏྲཱ་ཡ། སཏྱ་ན་དྷྲི་ཡ་ཏི་ལོ་ཀཿ ས་ཏྱེ་ན་པ་རི་གྲྀ་ཧྱ་ཏེ་ས་ཏྱེ་ན་དྷརྨ:་་་སྠི་ཏོ་ལོ་ཀཿ ་ལོ་ཀིས་ས་ཧྱེ་ས་ཏྱེ་བྲ་མྷ་ས་ཏཱན་ནཾ། ས་ཏྱཾ་བུད་དྷ་ཤྩ་རྨ་ཤྩ་སཾ་གྷ་ཤྩ་གུ་ཎ་སཱ་ག་རཿ ་ཨ་ནེ་ན་ས་ཏྱཾ་པཱ་ཀྱེ་ན་ཀྵི་པྲ་མཱ་བི་ཤ་དརྤྱ་ཎེ། ཏདྱ་ཐཱ། ཨོཾ་ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། མེ་རུ་མན་ད་ར་པྲ་ཏཱི་ཀཱ་སཤ་ཨཱ་བི་ས་ཨཱ་བི་ཤ་།ཀཻ་ལཱ་ས་ཀཱུ་ཊ་པུ་ཏྲཱ་ཡ་ན་མཿ སཝཱ་ཧཱ། ཡན་མ་ཡཱ་ཙིན་ཏི་ཏཾ་ཀཱརྱཾ་ཏཏ་སརྦ་བྲུ་ཧི་ཏ་ཏྭ་ཏ། ཨཱཏ་མཱ་རྠཱཾ་བཱ་པ་རཱརྠ་བཱ་ཤུ་བྷམ་བཱ་ཡ་དི་བཱ་ཤུ་བྷཾ། ནང་པར་གཙང་བའི་ས་ཕྱོགས་སུ་དཀྱིལ་འཁོར་བྱས་ཤིང་བུམ་པ་བཞག་ལ། ལྷའི་བུ་དྲི་མ་མེད་པའི་ཟླ་བ་ལ་མཆོད་པ་རྒྱ་ཆེ་བ་བྱས་ནས་མེ་ལོངས་ལ་མངོན་པར་སྔགས་ཏེ། ཁྱེའུ་འམ་བུ་མོ་ལེགས་པར་ཁྲུས་བྱས་ལ་གོས་ལེགས་པར་བཀྲུས་པས་བསྐོན་ཅིང ། ཙན་དན་དཀར་པོའི་འདེ་གུས་ཡན་ལག་བྱུགས་ལ་མེ་ཏོག་དྲི་ཞིམ་པོའི་ཕྲིང་བ་མགུལ་དུ་བཏགས་པ། གྲོང་བའི་ཆོས་ཀྱིས་རབ་ཏུ་མཉམས་པ་ལ་བསྟན་ན་ཇི་ལྟར་བསམས་པའི་དགོས་པ་ཕྱིན་ཅི་མ་ལོག་པར་སྟོན་པར་འགྱུར་རོ། །རྒོངས་སྔས་དྲུང་དུ་དཀྱིལ་འཁོར་ཉེ་བར་བྱུག་ལ། བཅོམ་ལྡན་འདས་དང་ལྷའི་བུ་དྲི་མ་མེད་པའི་ཟླ་བ་ལ་མཆོད་པ་རྒྱ་ཆེན་པོ་བྱས་ལ། བརྒྱ་རྩ་བརྒྱད་བཟླས་ནས་ཅང་མི་སྨྲ་བར་ཉལ་ན་དགེ་བ་དང་མི་དགེ་བ་ཇི་ལྟར་བསམས་པ་བཞིན་སྟོན་པར་འགྱུར་རོ། །རྟག་ཏུ་བཟླས་ན་འཇིག་རྟེན་གྱི་སྤྱོད་པ་སྟོན་པར་འགྱུར་རོ། །ོཾ་ཤྲ་བ་ན་པི་ཤཱ་ཙི་ནི་མུཎ་དེ་སཝཱ་ཧཱ། བ་རུ་རའི་ཤིང་ངམ་ནྱ་གྲོ་དྟའི་ཤིང་གི་རྩ་བར 96.7a འདུག་ལ། ཅང་མི་སྨྲ་བར་འབུམ་ཕྲག་གཅིག་བཟླས་ན་གྲུབ་པར་འགྱུར་ཏེ་འཇིག་རྟེན་གསུམ་གྱི་སྤྱོད་པ་ཡང་སྟོན་པར་འགྱུར་རོ། །ཡང་ན་ལེགས་པར་ཁྲུས་བྱས་ལ་གོས་གཙང་མ་བགོས་ཏེ་དབེན་པར་འདུག་ལ་ཁྲི་བཟླས་པས་གྲུབ་པར་འགྱུར་རོ། །རྒོངས་ཉལ་ཀར་རུ་རྟ་ལ་བརྒྱ་རྩ་བརྒྱད་མངོན་པར་བཟླས་ནས་གདོང་དང་རྐང་པ་གཉིས་བཀྲུས་ན། རྨི་ལམ་དུ་དགེ་བ་དང་མི་དགེ་བ་རྣམ་པར་སྟོན་པར་འགྱུར་རོ། །ོཾ་ན་མཿ སཔ་ཏཱ་ནཱཾ། སམྱ་ཀསཾ་བུད་དྷ། ཀོ་ཊཱི་ནཱཾ། ཏདྱ་ཐཱ། ཨོཾ་ཙ་ལེ་ཙུ་ལེ། ཙུན་དེ་སཝཱ་ཧཱ། བི་རྱ་ས་ཏྱ་པཱ་དི་ནི་པ་ར་དེ་ག་ཐ་ཡ་སཝཱ་ཧཱ། གོང་དུ་བཤད་པའི་ཆོ་གས་མེ་ལོང་ངམ་རལ་གྲི་འམ་མར་མེ་འམ་ཆུ་སྣོད་ལ་སྟོན་པར་བྱེད་དོ། །ལན་བརྒྱ་རྩ་བརྒྱད་མངོན་པར་སྔགས་པའི་ཆུས་གདོང་བཀྲུས་ལ་མི་སྨྲ་བས་ཉལ་ན་རྨི་ལམ་དུ་དགེ་བ་དང་མི་དགེ་བ་སྟོན་པར་འགྱུར་རོ། །ོཾ་མུ་ཙི་ལི་སཝཱཧཱ། མོ་ཧ་ནི་སཝཱ་ཧཱ། དན་ཏི་ལི་སཝཱཧཱ། གསང་སྔགས་འདི་ཁྲི་བཟླས་ན་གྲུབ་པར་འགྱུར་རོ། །བཅོམ་ལྡན་འདས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་མཆོད་པ་རྒྱ་ཆེན་པོ་བྱས་ནས་ལན་བརྒྱ་རྩ་བརྒྱད་མངོན་པར་སྔགས་པའི་ཆུས་གདོང་བཀྲུས་ཏེ། དགོས་པ་ཡིད་ལ་བྱེད་པའི་བཟླས་པས་མི་སྨྲ་བར་ཉལ་ན་བཅོམ་ལྡན་འདས་རང་གི་གཟུགས་སུ་མཐོང་བར་འགྱུར་ཞིང་དགེ་བ་དང་མི་དགེ་བ་རྨི་ལམ་དུ་དམིགས་པར་འགྱུར་རོ། །ོཾ་པྲ་ཛྭ་ལ་ཧཱུཾ་ཕཊ། བཅོམ་ལྡན་འདས་འཇིག་རྟེན་མགོན་པོའི་སྙིང་པོ་འདི་ལན་འབུམ་ཕྲག་བཅུ་བཟླས་ན་འགྲུབ་པར་འགྱུར་རོ། །གོང་དུ་སྨོས་པའི་ཆོ་གས་དགེ་བ་དང་མི་དགེ་བ་རྨི་ལམ་དུ་སྟོན་པར་འགྱུར་རོ། །ོཾ་ན་མཿ ་ས་མན་ཏ་བུད་དྷ་ནཱཾ། ཨ་པྲ་ཏི་ཧ་ཏ་ཤཱ་ས་ནཱ་ནཱཾ། ཏདྱ་ཐཱ། ཀུ་མཱ་ར་རུ་པི་ཎཾ་དར་ཤ་ཡ། ཨཱཏ་མཱན། བི་བྷུ་ཥི་ཏ་མེད་པར་བེ་བྷཱུ་ཏིཾ་ཥི་ཏ་ས་མུད་བྷཱ་བ་ཡ། སཝ་པ་ནཱཾ་ནི་བེ་ད་ཡ། ཡ་ཐཱ་བྷཱུ་ཏཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱ་ཧཱ། རྗེ་བཙུན་འཇམ་དཔལ་གཞོན་ནུའི་བྲིས་སྐུའམ་ལུགས 96.7b མའི་མདུན་ནམ་སྐུ་གདུང་དང་བཅས་པའི་མཆོད་རྟེན་ལ་ཅི་འབྱོར་པའི་མཆོད་པ་བྱས་ཏེ། བརྒྱ་ཕྲག་བདུན་བཟླས་པ་བྱས་ན་རྨི་ལམ་དུ་བདག་ཉིད་དམིགས་ཤིང་གཞན་དག་གིས་ཀྱང་མཐོང་བར་འགྱུར་རོ། །ོཾ་ཀརྞྞ་པི་ཤཱ་ཙི་ཀརྞྞ་མེ་ཀ་ཐཱ་ཡ་ཧཱུཾ་ཕཊ། ཤ་ཟའི་ཤིང་གི་དྲུང་གི་རྩ་བར་ཁམས་གསུམ་རྣམ་པར་རྒྱལ་བའི་ཏིང་ངེ་འཛིན་ལ་གནས་ཤིང ། དེ་ཉིད་དུ་མི་སྨྲ་བར་འདུག་སྟེ། ཤ་དང་ཉ་ཤ་དང་མི་ཤ་དང་འཛམ་བུ་ཏི་ཀ་ལ་མངོན་པར་སྔགས་པའི་གཏོར་མ་ཉེ་བར་བསྟབས་ལ་དུས་གསུམ་དུ་སྔགས་བཟླས་ན། ཞག་དང་པོ་ལ་མཚན་མ་ཉེ་བར་སྟོན་པར་བྱེད་ཅིང་ཕྱིས་འོང་བ་འགྲུབ་པར་འགྱུར་ཞིང ། དེ་ལ་སོགས་པ་སྲིད་པ་གསུམ་གྱི་སྤྱོད་པ་རྣམ་པར་སྟོན་པར་བྱེད་དོ། །ཞག་ཉི་ཤུ་རྩ་གཅིག་ལ་ཚངས་པ་གསོད་པ་ཡང་འགྲུབ་པར་འགྱུར་རོ། །ོཾ་ཙ་ཏུར་བྷུ་ཛ། ཙ་ཏུར་མུཁ་ཥཊ་མུ་ཁ། བི་ཀྲི་ཏྭ་ན་ན་གརྞྞ་པི་ཤཱ་ཙི་མ་ཨཱ་ཀརཥ་ཡ་ཧཱུཾ་ཕཊ། དུར་ཁྲོད་དུ་གཤིན་རྗེ་མཐར་བྱེད་ཀྱི་བྲིས་སྐུའི་མདུན་དུ་བཟླས་པ་བྱས་ན་ཞག་བདུན་ནས་ཤ་ཟ་རྣ་སྒྲོགས་འགྲུབ་པར་འགྱུར་རོ། །ོཾ་བུད་དྷ་ཙུ་རུ་མཱ་ཙུ་རུ་ཀེ་སཝཱ་ཧཱ། སྐུ་གདུང་དང་བཅས་པའི་མཆོད་རྟེན་ནམ་རྗེ་བཙུན་སངས་རྒྱས་ཀྱི་སྤྱན་སྔར་བསྙེན་པའི་ཆོ་ག་ཁྲི་བཟླས་ལ། དེའི་འོག་ཏུ་ཅི་འབྱོར་པའི་མཆོད་པ་བྱས་ནས་ཉལ་བའི་དུས་སུ་བརྒྱ་རྩ་བརྒྱད་བཟླས་ཏེ། བདག་གང་ནས་སྐྱེས་པར་གྱུར་གང་དུ་སྐྱེ་བར་འགྱུར་ཞེས་ཡིད་ལ་བསམས་ཤིང་ཉལ་ན་འདས་པ་དང་མ་འོངས་པའི་སྐྱེ་བ་དམིགས་པར་འགྱུར་བར་ཐེ་ཚོམ་མེད་དོ། །གལ་ཏེ་ཟླ་བ་དྲུག་གི་ནང་རོལ་ཏུ་འཆི་བར་འགྱུར་ན་དེའི་ཚེ་རྨི་ལམ་དུ་བདག་གམ་གཞན་གྱི་མགོ་བོ་མི་མཐོང་བར་འགྱུར་རོ། །དེ་བཞིན་དུ་མངོན་པར་སྔགས་པའི་མེ་ལོང་བལྟས་པ་ན་ཁྱེའུ་འམ་བུ་མོ་གང་གི་མགོ་བོ་མཐོང་བར་མ་གྱུར་པ་དེའི་ཟླ་བ་དྲུག་གི་ནང་དུ་འཆི་བར་འགྱུར་རོ། །རྡོ་ལིག་བུ་མིག་དང་ཤིང་ཨ་གས་སྟིས་དཀར་པོའི་རྩ་བ་རེང་བུར་བྱས་ཏེ། བརྒྱ་རྩ་བརྒྱད་མངོན་པར་སྔགས་པས་མིག་ལ་བྱུག་ན། གང་དག་ཟླ་བ་དྲུག་གི་ནང་དུ་འཆི་བར 96.8a འགྱུར་བའི་རྐང་གཉིས་དང་རྐང་བཞི་དེ་དག་ཐམས་ཅད་ཀྱི་མགོ་བོ་མེད་པ་མངོན་སུམ་དུ་མཐོང་བར་འགྱུར་རོ། །ོཾ་སཝ་པྣ་བི་ལོ་ཀི་ནི་སིད་དྷ་ལོ་ཙ་ནི་སཝ་བྣ། མེ་ཀ་ཐ་ཡ་སཝཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདི་གོང་ནས་སྨོས་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ོཾ་ཨ་དི་ཏི་དེ་བ་དཏ་ཏཾ། མེ་དེ་ཧི་ད་དཱ་པ་ཡ་སཝཱ་ཧཱ། ཆུའི་ནང་དུ་ཞུགས་ཏེ་བུ་མོ་གང་གང་གི་ཆེད་དུ་བཟླས་པ་བྱེད་པ་དེ་དེ་ཉིད་ལ་སྟེར་བར་བྱེད་དོ། །ཡི་གེ་འབུམ་བཟླས་པ་བྱས་པ་པྲི་ཡང་ཀུའི་མེ་ཏོག་གམ་པ་ལ་ཤའི་མེ་ཏོག་གི་སྦྱིན་སྲེག་འབུམ་གྱིས་དཔལ་ཆེན་པོ་གྲུབ་པར་བྱེད་དོ། །མཚན་མོ་འོ་མ་ཅན་གྱི་ཡམ་ཤིང་གིས་སྦྱིན་སྲེག་བྱས་ནས། གྲོང་གང་གི་ཆེད་དུ་སྦྱིན་བསྲེག་བཟླས་པ་བྱེད་པ་དེ་རྙེད་པར་འགྱུར་རོ། །པད་མ་རྣམས་སམ་བིལ་པ་རྣམས་ཀྱི་འབྲས་བུའི་སྦྱིན་སྲེག་འབུམ་གྱིས། ་རྒྱལ་རིགས་སུ་སྐྱེས་པ་རྒྱལ་སྲིད་རྙེད་པར་འགྱུར་ཞིང་གཞན་དག་གིས་དཔལ་ཆེན་པོ་ཐོབ་པར་བྱེད་དོ། །ཇི་ལྟ་བ་བཞིན་དུ་རྙེད་པའི་མེ་ཏོག་རྣམས་ཀྱི་སྦྱིན་སྲེག་འབུམ་ཕྲག་བདུན་གྱིས་འབྱོར་པ་མི་ཟད་པར་འགྱུར་རོ། །ོཾ་ཛ་ཡེ། བི་ཛ་ཡེ། ཨ་ཛི་ཏི། ཨ་པ་རཱ་ཛི་ཏེ་སཝཱ་ཧཱ། སྲིང་མོ་བཞིའི་སྙིང་པོའི་སྔགས་ཀྱི་རྒྱལ་པོ་འདི་གོང་དུ་བཤད་པའི་ཆོ་གས་འབུམ་ཕྲག་བཞི་བཟླས་ན། གོང་དུ་བཤད་པའི་ཆོ་གས་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ོཾ་མེ་གྷོ་ལ་ཀཱ་ཡ་སཝཱ་ཧཱ། པ་ལ་ཤའི་མེ་ཏོག་གམ་ཡམ་ཤིང་གིས་སྦྱིན་བསྲེག་འབུམ་ཕྲག་གཅིག་བྱས་ན་གསེར་སྲང་འབུམ་རྙེད་པར་འགྱུར་ཞིང་བུ་མོ་དོན་དུ་གཉེར་བས་ཀྱང་གང་མངོན་པར་འདོད་པའི་བུ་མོ་རྙེད་པར་འགྱུར་རོ། །ོཾ་ཀ་མ་ལ་བཱ་སི་ནི། ཀ་མ་ལེ་མ་ཧཱ་ལ་ར་ཛྱཾ་མེ་དེ་ཧི་བ་ར་དེ་སཝཱ་ཧཱ། གསང་སྔགས་འདི་ནི་དཔལ་ཆེན་པོའི་སྙིང་པོའོ། །རྟག་ཏུ་བཟླས་པ་བྱས་ན་ཕུན་སུམ་ཚོགས་པའི་མཆོག་སྟེར་བར་འགྱུར་རོ། །ཇི་ལྟ་བ་བཞིན་དུ་རྙེད་པའི་མེ་ཏོག་གི་སྦྱིན་བསྲེག་གིས་དཔལ་ཆེན་པོར་འགྱུར་ཞིང་མངོན་པར་འདོད་པའི་བུ་མོ་སྒྲུབ་པར་འགྱུར་རོ། །རས་བལ་གྱི་ས་བོན་གྱི་ཚད་ཙམ་གུ་གུལ་གྱི་རི་ལུ་མངར་གསུམ་ལ་བཏགས་པའི་སྦྱིན་བསྲེག་འབུམ་འམ་པད་མའི་སྦྱིན 96.8b བསྲེག་འབུམ་གྱིས་རྒྱལ་སྲིད་སྒྲུབ་པར་བྱེད་དོ། །ོཾ་ནན་ཏུ་ནར་ནི་བ་རེ་དེད་ནི་བ་ར་དེ། གི་ནི་ཀི་ཎི་ཁི་ཎི། ལ་ལ་ཁི་ཎི་ལ་ཁི་ཎི། ཤྲི་ཡཾ་མེད་ད་བཽ་ཥ་ཊ། སཝཱ་ཧཱ། དགའ་བྱེད་མའི་སྔགས་ཀྱི་རྒྱལ་པོ་འདི་ནི་གོང་དུ་བཤད་པའི་ལས་འགྲུབ་པར་འགྱུར་རོ། །ོཾ་ཛམ་བྷེ་མོ་ཧེ་སཝཱ་ཧཱ། རྗེ་བཙུན་མ་སྒྲོལ་མ་ལ་ཀར་བི་རའི་མེ་ཏོག་གིས་མངོན་པར་མཆོད་དེ། སྔགས་ཀྱི་རྒྱལ་པོ་ཡི་གེ་འབུམ་བཟླས་ན་ཡིད་ལ་རེ་བ་ཐམས་ཅད་རྫོགས་པར་བྱེད་དོ། །ོཾ་བ་སུ་དྷཱ་རི་ཎི་སཝཱ་ཧཱ། ཨོཾ་ཤྲཱི་བ་སུ་སཝཱ་ཧཱ། ཨོཾ་བ་སུ་ཤྲཱི་ཡེ་སཝཱ་ཧཱ། ཨོཾ་ཤྲཱི་བ་སུ་མུ་ཁི་སཝཱ་ཧཱ། ཨོཾ་བ་སུ་མ་ཏི་ཤྲཱི་ཡེ་སཝཱ་ཧཱ། བདག་ཉིད་འཛམ་བྷ་ལའི་གཟུགས་སུ་བསྒོམ་ལ། རང་གི་སྙིང་ཀའི་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་བ་སུ་དྷཱ་ར་གསེར་གྱི་མདོག་ཅན་ཕྱག་གཉིས་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ཤར་ཕྱོགས་ལ་སོགས་པའི་ཕྱོགས་ན་ལྷ་མོ་བཞིས་བསྐོར་བ་གཡས་ཀྱིས་མཆོག་སྦྱིན་པ། གཡོན་གྱིས་འབྲས་གྱི་སྙེ་མ་བསྣམས་པ་བསྒོམས་ལ་ཡིད་ལ་རེ་བ་རྫོགས་པར་བྱེད་དོ། །བའི་ལྕི་བས་དཀྱིལ་འཁོར་གྲུ་བཞི་ཁྲུ་དོ་བའི་ཚད་དུ་བྱས་ལ། དུས་གསུམ་དུ་མེ་ཏོག་དྲི་ཞིམ་པོས་མཆོད་དེ་སྟོང་ཕྲག་བཞི་བཟླས་པ་བྱས་ན་ཟླ་བ་དྲུག་གིས་ཡིད་ལ་རེ་བ་ཐམས་ཅད་རྫོགས་པར་བྱེད་དོ། །ཇི་ལྟ་བ་བཞིན་དུ་རྙེད་པའི་མེ་ཏོག་གི་སྦྱིན་སྲེག་འབུམ་ཕྲག་བཞི་བྱས་ན་དཔལ་ཆེན་པོར་འགྱུར་ཞིང ། ཡི་གེ་འབུམ་བཟླས་ན་དཔལ་ཆེན་པོ་འགྲུབ་པར་བྱེད་དོ། །གུ་གུལ་གྱི་རི་ལུའི་སྦྱིན་བསྲེག་འབུམ་བྱས་ན། ཡིད་ལ་རེ་བ་ཡོངས་སུ་རྫོགས་པར་བྱེད་དོ། །ོཾ་བ་སུ་དྷཱ་རི་ཎི་ཨ་མུ་ཀེ་ཀ་ནྱཱཾ་མེ་དེ་ཧཱི། ་དཱ་པ་ཡ་སཝཱ་ཧཱ། སྔགས་འདི་ཆུའི་ནང་དུ་ཞུགས་ནས་ཁྲུས་བྱས་ཏེ་འབུམ་ཕྲག་བཞི་ངེས་པར་བཟླས་པ་བྱས་ན། མངོན་པར་འདོད་པའི་བུ་མོ་ཐོབ་པར་འགྱུར་རོ། །མཚན་མོ་འོ་མ་ཅན་གྱིས་ཡམ་ཤིང་གིས་གྲོང་གི་མིང་ནས་སྨོས་ནས་སྦྱིན་བསྲེག་འབུམ་བྱས་ན་གྲོང་རྙེད་བར་འགྱུར་རོ། །ོཾ་བ་སུ་དྷཱ་རི་ཎི་སཝཱ་ཧཱ། ཨོཾ་ཙན་དྲ་ཀཱན་ཏྱཻ་སཝཱ་ཧཱ། ཨོཾ་དཏ་ཏཱ་ཡཻ་སཝཱ་ཧཱ། ཨོཾ་སུད་ཏ་རཱ་ཡཻ་སཝཱ་ཧཱ། ཨོཾ་ཨཱརྱཱ་ཡཻ་སཝཱ་ཧཱ། 96.9a ོཾ་སུ་བྷ་དྲཱ་ཡཻ་སཝཱ་ཧཱ། ཨོཾ་གུཔྟཱ་ཡཻ་སཝཱ་ཧཱ། ཨོཾ་དེ་བྱཻ་སཝཱ་ཧཱ། ཨོཾ་སཝ་ར་སཝ་ཏྱཻ་སཝཱ་ཧཱ། གསེར་གྱི་བྱང་བུའམ་དངུལ་གྱི་བྱང་བུའམ་ཟངས་མའི་བྱང་བུའི་མེ་ཏོག་ལ་འདབ་མ་བརྒྱད་པའི་དབུས་སུ་བ་སུ་དྷཱ་ར། ཤར་ལ་སོགས་པའི་འདབ་མ་ལ་ཙནྡྲ་ཀཱ་ལ་སོགས་པ་གནོད་སྦྱིན་མོ་རྣམས་མངོན་པར་བྲིས་པའི་བྱང་བུ་གཉིས་ཁ་སྦྱར་དུ་བྱས་པའི་ནང་དུ་མར་དང་སྦྲང་རྩི་དང་ཀ་ར་བཅུག་སྟེ། གོང་དུ་བཤད་པའི་ཆོ་གས་སྔར་སྨོས་པའི་ལས་རྣམས་བྱེད་པར་འགྱུར་རོ། །དབུས་སུ་ནི་ཨོཾ་ཛམ་བྷ་ལ་ཛ་ལེན་དྲཱ་ཡ་སཝཱ་ཧཱ། ཕྱོགས་སུ་ནི་ཨོཾ་མ་ཎི་བྷ་དྲཱ་ཡ་སཝཱ་ཧཱ། ཨོཾ་པཱུརྞྞ་བྷ་དྲཱ་ཡ་སཝཱ་ཧཱ། ཨོཾ་དྷ་ན་དཱ་ཡ་སཝཱ་ཧཱ། ཨོཾ་བཻ་ཤྲ་བ་ཎཱ་ཡེ་སཝཱ་ཧཱ། མཚམས་སུ་ནི་ཨོཾ་ཀི་ལི་མཱ་ལི་སཝཱ་ཧཱ། ཨོཾ་ཙི་བི་ཀུཎ་ཌ་ལི་ནི་སཝཱ་ཧཱ། ཨོཾ་མུ་ཁེན་དྲཱ་ཡ་སཝཱ་ཧཱ། ཨོཾ་ཙ་རེན་དྲཱ་ཡ་སཝཱ་ཧཱ། གནོད་སྦྱིན་གྱི་རྒྱལ་པོ་ཆེན་པོ་བརྒྱད་ཀྱིས་ཡོངས་སུ་བསྐོར་བའོ། །བཅོམ་ལྡན་འདས་ནི་བ་སུ་དྷཱ་རི་དང་བཅས་པ་གསེར་གྱི་མདོག་ཅན། ནེའུ་ལེ་དང་བཱི་ཛ་པཱུ་ར་ས་བོན་གྱིས་བཀང་བ་ཕྱག་ན་བསྣམས་པ། གསུས་པ་འཕྱང་བ། རྒྱན་ཐམས་ཅད་ཀྱིས་བརྒྱན་པ། གོང་དུ་བཤད་པའི་གནོད་སྦྱིན་མོ་དང ། གནོད་སྦྱིན་གྱི་དབང་པོ་དང་བཅས་པ་ལ། དུས་གསུམ་དུ་མཆོད་པ་བྱས་ནས། བསྒོམ་ཤིང་བཟླས་པ་བྱས་ན་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་སྩོལ་བར་མཛད་དོ། །ཐོ་རངས་ཆུ་ཁྱོར་བ་བརྒྱ་རྩ་བརྒྱད་སྦྱིན་པ་དང་བྱ་རོགས་གི་སྐད་མི་གྲག་པར་ཆུའི་ནང་དུ་ཞུགས་ཏེ། བཟླས་པ་བྱས་པ་དེའི་གཏེར་མི་ཟད་ཅིང་འཕེལ་བར་འགྱུར་རོ། །ཡང་ན་གསེར་ལ་སོགས་པའི་བྱང་བུ་ལ་བ་སུ་དྷཱ་ར་གནོད་སྦྱིན་མོ་དང་བཅས་པ་དང ། བྱང་བུ་གཉིས་པ་ལ་བཅོམ་ལྡན་འདས་ཛམ་བྷ་ལ་གནོད་སྦྱིན་གྱིས་བསྐོར་བ་ཡང་དག་པར་བྲིས་ལ། ཁ་སྦྱར་དུ་བྱས་ཏེ་མཉེས་པར་བྱས་ན་དངོས་གྲུབ་ཆེན་པོ་བརྒྱད་ཀྱང་སྟེར་བར་མཛད་ན། གྲུབ་པ་གཞན་ལྟ་སྨོས་ཀྱང་ཅི་དགོས། དཔའ་བོ་གཅིག་པུ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ལེའུ་གཉིས་པ་རྫོགས་སྷོ།། །། ཨོཾ་བཛྲ་ཏཱིཀྵྞ། དུཿ ཁཙྪེ་ད་པྲ་ཛྙཱ 96.9b ཛྙཱ་ན་མཱུ་རྟ་ཡེ། ཛྙཱ་ན་ཀཱ་ཡ་བཱ་གཱི་ཤཝ་ར་ཨ་ར་པ་ཙ་ནཱ་ཡ་ཏེ་ན་མཿ ་་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་དཔའ་བོ་གཅིག་པུ་གྲུབ་པ། སྟོན་ཀའི་ཟླ་བའི་འོད་ལྟར་དཀར་བ། ཕྱག་གཡོན་ན་ཨུཏྤ་ལ་སྔོན་པོ་བསྣམས་པ། གཡས་ཀྱིས་མཆོག་སྦྱིན་པར་བདག་ཉིད་བསམས་ལ། ཨོཾ་ཨཱ་དྱ་ནུད་པན་ན་པྲ་ཀྲི་ཏེ། པྲ་བྷཱ་སཝ་རཾ། སུ་བི་ཤུད་དྷ། ་དྷརྨ་དྷཱ་ཏུ། ཏྲི་སཔྟཱ་ཧཱ་ཏ་སཱ་ར་སཝ་ཏི་པཱ་ཎི་མུ་པ་ལ་བྷ་ཏེ། ཞག་ཉི་ཤུ་རྩ་གཅིག་གིས་དབྱངས་ཅན་གྱི་ངག་ཐོབ་པར་འགྱུར་ཞིང ། ཟླ་བ་དྲུག་གིས་ངག་གི་དབང་ཕྱུག་འགྲུབ་པར་བྱེད་དོ། །བཅོམ་ལྡན་འདས་ངག་གི་དབང་ཕྱུག་མངོན་སུམ་དུ་མཐོང་ཞིང་ཐོས་པ་འཛིན་པ་ཡང་ཐོབ་པར་འགྱུར་རོ། །ཤུ་དག་ཞོ་ཕྱེད་ཀྱི་ཚད་ལ་ལན་བརྒྱ་རྩ་བརྒྱད་མངོན་པར་སྔགས་པ། ཐོ་རངས་འོ་མའམ་མར་རམ་ཏིལ་མར་དང་ལྷན་ཅིག་ཟླ་བ་གཅིག་འཐུངས་ན་གླེན་པ་དང་དིག་པ་མེད་པར་བྱེད་དོ། །ཁུ་བྱུག་དར་མའི་སྐད་དང་འདྲ་བར་དབྱངས་ཅན་སྙན་ཅིང་ཚིག་གསལ་བར་འགྱུར་རོ། །ཟླ་བ་དྲུག་གོམས་པར་བྱས་ནམ་ཐོས་པའི་བསྟན་བཅོས་མངོན་དུ་འགྱུར་ཞིང ། ཐོས་པ་ནམ་ཡང་རྗེད་པར་མི་འགྱུར་ཏེ་ཐོས་པ་འཛིན་པར་འགྱུར་རོ། །ོཾ་བཱ་ཀྱེ་དཾ་ན་མཿ ་རྗེ་བཙུན་གསུང་གི་དབང་ཕྱུག་གི་སྙིང་པོ་འདི་གོང་མ་བཞིན་ཏིང་ངེ་འཛིན་ལ་གནས་པས་གོམས་པར་བྱས་ན་གོང་དུ་བཤད་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །རྒྱ་མཚོར་འགྲོ་བའི་ཆུ་བོ་ལ་སྐེ་བ་ཙམ་གྱིས་ཆུ་ལ་རྒལ་ལ་ཛཱ་ཏིའི་མེ་ཏོག་གི་ཕུན་པ་འབུམ་ཕྲག་གཅིག་བླངས་ནས་སྔགས་བརྗོད་ཅིང ། ཕུན་པ་རེ་རེ་རྒྱུན་ཕྱོགས་སུ་འབབ་པར་འགྱུར་བ་ལས། ཕུན་པ་གཅིག་རྒྱུན་ལས་བཟློག་པར་འོང་བ་དེ་སོ་ལ་མ་རེག་པར་མིད་ན་ཐོས་པ་འཛིན་པ་ལ་སོགས་སྩོལ་བར་མཛད་དོ། །ཇི་ལྟ་བ་བཞིན་རྙེད་པ་མེ་ཏོག་གི་སྦྱིན་བསྲེག་འབུམ་ཕྲག་བཞི་བྱས་ན་ངག་གི་དབང་ཕྱུག་དང་མཚུངས་པར་འགྱུར་རོ། །སྨན་བྷྲ་མའི་ཕྱེ་མ་ཞོ་བཞི་གཉིས་ཟོར་ཙམ་ལ་ལན་བརྒྱ་རྩ་བརྒྱད་བཟླས་ལ་ཐོ་རངས་དཀྱིལ་འཁོར་བྱས་ཏེ། ཅི་འབྱོར་པས་བཅོམ་ལྡན་འདས་འཇམ་པའི་རྡོ་རྗེ་ལ་ཡང་དག 96.10a པར་མཆོད་དེ། མར་རམ་རང་སྐྱུར་དང་སྦྱར་ནས་འཐུངས་ན་ཟླ་བ་དྲུག་གིས་ཐོས་པ་འཛིན་པར་འགྱུར་རོ། །ཚིག་གི་བདག་པོའི་དབྱངས་བསྙེན་པར་ཡང་སྐྱེ་བར་འགྱུར་རོ། །སྔོན་དུ་བསྙེན་པའི་ཆོ་གས་ཡི་གེ་འབུམ་བཟླས་ན་སྔགས་ཀྱི་རྒྱལ་པོ་འགྲུབ་པར་འགྱུར་རོ། །ཕྱིས་ཟླ་བ་གཟས་ཟིན་པ་དང་ཉི་མ་གཟས་ཟིན་པ་ན་ལྕགས་ལས་བྱས་པའི་རལ་གྲི་རང་གི་ལག་པས་བླངས་ཏེ། ཟླ་བ་མི་སྣང་བ་དེ་སྲིད་གྲོལ་བར་གྱུར་པ་དེ་སྲིད་བཟླས་པ་བྱས་ན་རལ་གྲིའི་རིག་པ་འཛིན་པར་འགྱུར་རོ། །དེ་བཞིན་དུ་འཁོར་ལོ་དང་རྡོ་རྗེ་དང་རྩེ་གསུམ་པ་དང་མདའ་དང་ཐོ་བ་དང ། ཞགས་པ་ལ་སོགས་པ་བསྒྲུབ་པར་བྱ་ཞིང ། རིགས་པ་ལ་སོགས་པ་དང་བཅུད་ཀྱིས་ལེན་ལ་སོགས་པ་འདུས་བྱས་པ་བསྒྲུབ་པར་བྱའོ། །ཡང་ན་མིག་སྨན་ནམ་ཐིག་ལེ་འམ་རྐང་པ་བསྐུ་བ་འམ་དབང་དུ་བྱས་པའི་རྫས་བསྡུས་ཏེ་བསྒྲུབ་པར་བྱའོ། །འོ་མ་འཐུང་བ་དང་ཞོ་འཐུངས་བས་མར་དང་བཅས་པ་ཁར་དང་བཅས་པས་སྣོད་བཀང་སྟེ། ལག་པས་བཀབ་ནས་བཟླས་པ་བྱས་ཏེ་འཐུངས་ན་ལོ་ལྔ་བརྒྱ་འཚོ་བར་འགྱུར་རོ། །མཱ་ཤཱ་ཁར་བཅུག་ནས་བཟླས་པ་བྱས་ཏེ་མིང་ན་སྡེབ་སྦྱོར་དང་ཐོས་པ་འཛིན་པ་དང་སྨྲ་མཁས་པ་དང་ཡིད་གཞུངས་པར་འགྱུར་རོ། །པད་མའི་སྦྱིན་བསྲེགས་འབུམ་གྱིས་བཅོམ་ལྡན་འདས་མངོན་སུམ་དུ་འགྱུར་རོ། །བིལ་བའི་སྦྱིན་སྲེག་འབུམ་གྱིས་འཇིག་རྟེན་གསུམ་གྱི་རྒྱལ་སྲིད་འགྲུབ་པར་བྱེད་དོ། །ཇི་ལྟ་བ་བཞིན་དུ་རྙེད་པའི་མེ་ཏོག་གི་སྦྱིན་བསྲེག་གིས་ངག་གི་དངོས་གྲུབ་ཐོབ་པར་འགྱུར་རོ། །མར་ལ་བཏགས་པའི་འབྲུ་ལྔའི་སྦྱིན་བསྲེགས་འབུམ་ཕྲག་བཞི་བྱས་པ་ཙམ་གྱིས་གནོད་སྦྱིན་མོ་དང་ཀླུའི་བུ་མོ་ལ་སོགས་པ་འགུགས་པར་བྱེད་དོ། །དེ་བཞིན་དུ་ཡམ་ཤིང་ལྔས་ཀྱང་བྱའོ། །རྟག་ཏུ་གོམས་པར་བྱས་ན་ཚེ་འདི་ཉིད་ལ་སངས་རྒྱས་ཉིད་ཀྱང་བསྒྲུབ་པར་བྱེད་པར་འགྱུར་རོ། །ོཾ་ཧྲཱི་ཧཱུཾ། སྔགས་ཀྱི་རྒྱལ་པོ་འདི་འབྲས་བུ་མཉམ་པོར་སྟེར་བར་བྱེད་དོ། །ོཾ་ཧྲཱིཿ ་མ་ཧཱ་མཱ་ཡཱང་གེ་མ་ཧཱ་སཱ་ར་སཏྱཻ་ན་མཿ ་རྗེ་བཙུན་འཕགས 96.10b མ་སྒྲོལ་མའི་སྙིང་པོ་འདིས་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ོཾ་པྲ་ཀྲྀ་ཏི་པ་རི་ཤུད་དྷཿ ། སརྦ་དྷརྨཱཿ པྲ་ཀྲྀ་ཏྱཱ། པ་རི་ཤུད་དྷོ་ཧཾ། ས་བཱཧྱཱ་བྷྱན་ཏ་ར་ན་མ་ན་ཨི་ཏི། ཞེས་བྱ་བས་ཕྱི་དང་ནང་དུ་རྒྱུ་བ་དང་མི་རྒྱུ་བ་དང་བཅས་པའི་སྣ་ཚོགས་པ་དང་བདག་ཉིད་རང་བཞིན་གྱིས་ཡོངས་སུ་དག་པར་བསམ་ལ། པད་མ་དཀར་པོ་ཁྲུ་བདུན་པའི་ཚད་དང་དེའི་སྟེང་དུ་ཟླ་བའི་དཀྱིལ་འཁོར། དེའི་སྟེང་དུ་ཕྱག་གཉིས་པ་པད་མ་དང་མཆོག་སྦྱིན་གྱིས་རྣམ་པར་མཛེས་པ། བཅོམ་ལྡན་འདས་མ་ཐུགས་རྗེ་ཆེན་པོའི་རང་བཞིན་གྱི་སྐུ་ཅན། གཅིག་ཏུ་གཞན་ལ་ཕན་འདོགས་པས་བཞུགས་པ། སྒྲུབ་པ་པོ་རྣམས་ལ་མངོན་པར་འདོད་པའི་དངོས་གྲུབ་སྩོལ་བ་ལ་དགྱེས་པ། སྟོན་ཀའི་ཟླ་བ་ལྟར་དཀར་བ་ཙན་དན་དཀར་པོའི་འདེ་གུས་བྱུག་ཤིང་མེ་ཏོག་གིས་མཛེས་པར་བརྒྱན་པ། ན་བཟའ་དཀར་པོ་དང་མུ་ཏིག་གིས་ཕྲེང་བས་ཐུགས་ཀ་མཛེས་པར་བྱས་པ། སྐུ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པའི་སྐུ་ལས་ཡོངས་སུ་སྤྲོས་པའི་འོད་ཟེར་སྟོང་གིས་མཐའ་ཡས་ཤིང་དཔག་ཏུ་མེད་པའི་འཇིག་རྟེན་གྱི་ཁམས་སྣང་བར་བྱེད་པ། ལོ་བཅུ་གཉིས་ཀྱི་ན་ཚོད་དུ་འཁྲུངས་པའི་སྐུ་ཅན། ངག་གི་དབང་ཕྱུག་མ་ཆེན་མོར་བདག་ཉིད་རྣམ་པར་བསམ་མོ། །མདུན་དུ་ཤེས་རབ་མ་དང་གཡས་སུ་ཡིད་གཞུངས་མ་དང་རྒྱབ་དུ་བློ་མ་དང་གཡོན་དུ་དྲན་པ་མ་གོང་དུ་སྨོས་པའི་ཡོན་ཏན་ཐམས་ཅད་ཀྱིས་མཛེས་པར་ལྷ་མོ་རྣམ་པར་བསམ་པར་བྱའོ། །དེའི་འོག་ཏུ་ལྟེ་བའི་ཕྱོགས་སུ་ཟླ་བའི་དཀྱིལ་འཁོར་གྱི་དབུས་སུ་ཡི་གེ་ཨོཾ་མདོག་དཀར་པོ་རྣམ་པར་བསམས་ལ་དེ་ལས་བྱུང་བའི་ངག་གི་དབང་ཕྱུག་གི་རང་བཞིན་མ་ལུས་པའི་ཕྲེང་བ་རྒྱུན་མི་འཆད་པའི་འབྱུང་བར་རྣམ་པར་བསམ་ཞིང ། གཅིག་པུ་དེར་ཕྱོགས་པའི་ཡིད་ཅན་གྱི་སྔགས་པས་ངེས་པར་བདག་ཉིད་ཀྱི་རང་གི་ལྟེ་བའི་དབུས་ན་གནས་པ་མི་སྨྲ་བས་བཟླས་པ་བྱས་ན། ཟླ་བ་གཅིག་གིས་དབྱངས་ཅན་གྱི་ངག་རབ་ཏུ་འཐོབ་པར་འགྱུར་ཞིང་ཟླ་བ་གསུམ་གྱིས་ཚངས་པ་གསོད་པ་ཡང་འགྲུབ་པར་འགྱུར་རོ། །ཟླ་བ་དྲུག་གི་དབྱངས་ཅན་དང 96.11a མཉམ་པར་འགྱུར་རོ། །ར་ཡི་འོ་མ་ཨ་རུ་ཚཝ་བ་གསུམ། །པ་ཐ་ཤུ་དག་སེ་གྲུ་སེན་དྷ་པ། །ལན་བདུན་སྔགས་པའི་མར་དག་ནི། །འཐུངས་ན་དབྱངས་ཅན་འགྲུབ་པར་འགྱུར། །ར་ཡི་འོ་མ་བྲེ་བཞི་དང ། །སྨན་རྣམས་སྲང་གཅིག་ཙམ་གྱི་ཚད། །མར་བྲེ་གང་དང་མཁས་པ་ཡིས། །རིམ་གྱིས་མེ་ཆུང་ལ་བསྐོལ་བྱ། །ཟླ་གཅིག་ཙམ་ཞིག་རབ་སྦྱར་ན། །བླ་མེད་ཚིག་ནི་ཐོབ་འགྱུར་ཞིང ། །ཟླ་དྲུག་ཉེ་བར་ལོངས་སྤྱོད་པས། །ངག་གི་དབང་ཕྱུག་མངོན་སུམ་འགྱུར། །ཤུ་དག་ཤིང་དངར་སེན་དྷ་པི། ། རུ་བཅའ་ལྒ་ལ་ལ་ཕུད། །རུ་རྟ་པི་པི་ཟི་རར་བཅས། །རྣམ་བཏགས་ངག་ནི་དག་པར་བྱེད། །ལྷ་ལ་མེ་ཏོག་དྲི་བཟངས་སོགས། །ནང་པར་ཡང་དག་མཆོད་ནས་ནི། །ལན་བདུན་སྔགས་བྱས་ཟོས་ནས་ནི། །ཟླ་བ་དྲུག་གིས་ཐོས་འཛིན་བྱེད། །ཟླ་བ་གསུམ་གྱིས་ཚིག་བདག་འགྱུར། །ཟླ་བ་གཅིག་གིས་བློ་ལྡན་ཞིང ། །ཁུ་བྱུག་གཞོན་ནུའི་སྐད་བཞིན་དུ། །དབྱངས་སྙན་པ་ནི་སྐྱེ་བར་འགྱུར། །གངས་ཅན་སྐྱེས་པའི་ཨ་རུ་འམ། །གངས་ཅན་སྐྱེས་པའི་ཤུ་དག་ལ། །ཐོ་རངས་ལན་བདུན་མངོན་སྔགས་ནས། །ཟླ་གཅིག་ཟོས་ནས་ཟླ་དེ་ལ། །ཚིགས་བདག་པོ་དང་ཡིད་གཞུངས་དང ། །དབྱངས་སྙན་ཤེས་རབ་ལྡན་པ་ཡང ། །སྐྱེ་བར་འགྱུར་ཞིང་ཟླ་དྲུག་གིས། །ཐོས་པ་འཛིན་པར་ཡང་འགྱུར་རོ། །ོཾ་བཱ་གཝཱ་དི་ནི། བཱ་ཙམྨེ་ནི་ཡཙྪ་ས་ར་སཝ་ཏཱི་མ་ཧཱ་ཤྲེ་ཏེ་སཝཱ་ཧཱ། པད་མ་ལས་གཅིག་སྐྱེས་པའི་དཀར་མོ་ཆེན་མོའི་སྙིང་པོ་འདི་ནི། གོང་དུ་བཤད་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ོཾ་ཨརྐ་མཱ་ལི་ནི། ཀི་ཎི་ཀི་ཎི་ཁི་ཎི་ཁི་ཎི་སཝཱ་ཧཱ། བཅོམ་ལྡན་འདས་དཔའ་བོ་གཅིག་པུ་གྲུབ་པ་གསུང་གི་རང་བཞིན་མ་ལུས་པའི་པོ་ཏི་བསྣམས་པ། ཕྱག་གཡས་ཀྱིས་ཤེས་རབ་ཀྱི་རལ་གྲི་ཕྱར་བ། གཞོན་ནུའི་གཟུགས་ཅན་འཇམ་པའི་རྡོ་རྗེར་བདག་ཉིད་བསམས་ལ། མདུན་དུ་ཉི་མའི་ཕྲེང་བ་དབྱངས་ཅན་ཆེན་པོ་དང་རྒྱབ་ཏུ་དཔལ་ཆེན་མོ་དང་གཡས་སུ་སྐྲ་གཅན་མ་དང་གཡོན་དུ་ཉེ་བའི་སྐྲ་གཅན་མ་རྣམ་པར་བསམ་པར་བྱ་སྟེ། སྟོན་ཀའི་ཟླ་བ་ལྟར་དཀར་བ་བསྒོམ་པར་བྱའོ། །དེ་ལྟར་བསྒོམ་པ་ལ་གནས་ཤིང་ངེས་པར 96.11b གནས་པས་ཅི་འབྱོར་པའི་མཆོད་པ་བྱས་ཏེ། སྔོན་དུ་བསྙེན་པའི་ཆོ་གས་སྔགས་འདི་གོང་དུ་སྨོས་པའི་རིམ་པས། འབུམ་ཕྲག་བཞི་བཟླས་ལ། དེ་ནས་དབྱངས་ཅན་གྱིས་མར་རམ། བྲཧྨའི་མར་སྲང་གཅིག་ཙམ་ལ་ཡོངས་སུ་བཟླས་ཏེ། བདག་ཉིད་ལ་དབྱངས་ཅན་གྱི་ཕྱག་གིས་རབ་ཏུ་སྩོལ་བར་ཡོངས་སུ་རྟོག་ཅིང ། ཏིང་ངེ་འཛིན་ལ་གནས་པས་བཏུང་བར་བྱའོ། །དེ་ལ་བྲཧྨའི་མར་འདི་ཎི། །བྲཧྨ་ཡི་ཁུ་བ་འོ་མ་དང ། །མར་སྲང་སུམ་བཅུ་རྩ་གཉིས་དང ། །ཡུང་བ་དང་ནི་མ་ལ་ཏི། །དུར་བྱིད་ཨ་རུ་རར་བཅས་པ། །དེ་དག་ཆ་ནི་སྲང་རེ་དང ། །པི་པི་ལིང་དང་བྱི་དང་ཀ་།སེན་དྷ་བི་དང་ཀ་རར་བཅས། །དེ་དག་སྲང་གི་བཞི་ཆར་ཤེས། །སྨན་རྣམས་དག་ནི་བཏགས་ནས་ཀྱང ། །དེ་ལ་འདི་དག་བླུགས་བྱས་ལ། །དེ་དག་ཐམས་ཅད་ཆ་མཉམ་པ། །མེ་ཆུང་ངུ་ལ་དེ་བསྐོལ་བྱ། །དེ་ནས་འཐུངས་པ་ཙམ་གྱིས་ནི། །བླ་མེད་ངག་ནི་དག་འགྱུར་དང ། །མཚན་བདུན་ཉེ་བར་ལོངས་སྤྱོད་པས། །མི་འམ་ཅི་དང་སྐད་མཚུངས་འགྱུར། །ཟླ་གསུམ་ཉེ་བར་ལོངས་སྤྱོད་པས། །མི་ནི་ཤེས་རབ་གནས་སུ་འགྱུར། །ཟླ་གསུམ་རབ་ཏུ་སྦྱོར་བ་ཡིས། །ཐོས་པ་མཆོག་ནི་འཛིན་པར་འགྱུར། །ཟླ་བ་དྲུག་གིས་མངོན་སུམ་དུ། །མི་ནི་ངག་དབང་མཚུངས་པར་གྱུར། །མཛེ་ནད་བཅཝ་བརྒྱད་དག་དང་ནི། །ཟ་བྱེད་ཆེན་པོ་བདུན་འཇོམས་བྱེད། །ོཾ་ཨ་ནན་ཏ་ཛྙཱ་ན་ཤྲཱི་ཡི། མཉ་ཛུ་ཤྲཱི་ཡེ་ན་མཿ ། གོང་དུ་སྨོས་པའི་ལྷ་མོ་བཞིས་བསྐོར་བའི་ངག་གི་དབང་ཕྱུག་ཏུ་བདག་ཉིད་བསམས་ལ། སྔར་བཤད་པའི་རིམ་པས་སྔགས་བཟླས་པ་བྱས་ན། གོང་དུ་སྨོས་པའི་ལས་ཐམས་ཅད་བྱེད་པར་འགྱུར་རོ། །ོཾ་ཨ་ར་པ་ཙ་ན་དྷཱིཿ སཝཱ་ཧཱ། དབེན་པར་དཀྱིལ་འཁོར་བྱས་ཏེ། བཅོམ་ལྡན་འདས་ངག་གི་དབང་ཕྱུག་དང་བླ་མ་རྗེ་བཙུན་ཡང་དག་པར་མཆོད་དེ། བདེ་བའི་སྟན་ལ་འདུག་ནས་བྱང་ཆུབ་ཏུ་སེམས་བསྐྱེད་པར་བྱའོ། །དེ་ནས་ཨོཾ་སཝ་བྷཱ་བ་ཤུདྷ་དྷཱཿ ་ཤུདྡྷཱཿ སརྦ་དྷརྨཱཿ སཝ་བྷཱ་བ་ཤུད་དྷོ་ཧཾ། ཞེས་བྱ་བའི་སྔགས་ལན་གསུམ་གྱི་བར་དུ་བརྗོད་དེ། བདག་དང་འཇིག་རྟེན་རང་བཞིན་གྱིས་རྣམ་པར་དག་པར་བསམས་ལ་སྟོང་པ་ཉིད་མངོན 96.12a དུ་བྱས་ནས། པད་མ་དཀར་པོའི་སྟེང་གི་ཟླ་བའི་དཀྱིལ་འཁོར་གྱི་སྟེང་ན་བཞུགས་པ། སྐུ་མདོག་དཀར་པོ་རལ་གྲི་དང་པོ་ཏི་བསྣམས་པར་བདག་ཉིད་ཡུད་ཙམ་གྱིས་ཡོངས་སུ་གྲུབ་པར་རྣམ་པར་བསམས་ལ། ངག་གི་དབང་ཕྱུག་བདག་ཉིད་ཀྱིས་གཡས་སུ་སྐྲ་གཅན་དང་གཡོན་དུ་ཉེ་བའི་སྐྲ་གཅན་མ་རིན་པོ་ཆེའི་པད་མ་བསྣམས་པ་སྐུ་མདོག་དཀར་པོ་རྣམ་པར་བསམས་མོ། །མདུན་དུ་ཉི་མ་འོད་མདོག་དཀར་པོ་ཉི་མའི་དཀྱིལ་འཁོར་ལ་བཞུགས་པ་ཨུཏྤ་ལ་བསྣམས་པ་དང ། རྒྱབ་ཏུ་ཟླ་བའི་འོད་ཟླ་བའི་དཀྱིལ་འཁོར་ལ་བཞུགས་པ་ཨུཏྤ་ལ་བསྣམས་པ་རྣམ་པར་བསམ་པར་བྱའོ། །དེ་ནས་རང་གི་སྙིང་ཀ་ལ་འབར་བའི་ཕྲེང་བའི་ཚོགས་ཡོངས་སུ་འཕྲོ་བའི་ཡི་གེ་ཨ་ཡོངས་སུ་བསམས་ལ། དེ་ཡོངས་སུ་གྱུར་པའི་འཁོར་ལོ་རྩིབས་བརྒྱད་པ་ངག་གི་རང་བཞིན་མ་ལུས་པས་རྣམ་པར་སྤྲས་པ། ཡོངས་སུ་གསལ་བར་བྱེད་པ་མྱུར་དུ་འཁོར་བར་བསམ་པར་བྱའོ། །དེ་ལྟར་གོམས་པར་བྱས་པ་ལས་ཟླ་བ་དྲུག་གིས་སྔོན་མ་ཐོས་པའི་བསྟན་བཅོས་ཐམས་ཅད་ཀྱང་དོན་དང་གཞུང་གི་སྒོ་ནས་མངོན་སུམ་དུ་འགྱུར་ཞིང ། ལོ་གཅིག་གིས་ངག་གི་དབང་ཕྱུག་དང་མཚུངས་པར་འགྱུར་རོ། ། ར་པ་ཙ་ནའི་འཁོར་ལོའི་ཆོ་གའོ། །ོཾ་བཱ་གཱི་ཤཝ་ར་མུཿ ་་སྔགས་འདིས་སྔ་མ་བཞིན་དུ་བཟླས་པས། གོང་དུ་སྨོས་པའི་འབྲས་བུ་རྣམས་འབྱིན་པར་འགྱུར་ཏེ། འཁོར་ལོའི་དབུས་སུ་ཡི་གེ་མུཿ དམར་པོ་འབར་བའི་ཕྲེང་བའི་ཚོགས་ཅན་བལྟ་བར་བྱའོ། །ཤེས་རབ་ཀྱི་འཁོར་ལོའི་ཆོ་གའོ། །ོཾ་དྷརྨ་དྷཱ་ཏུ། བཱ་གཱི་ཤཝ་ར་མུ་སཝཱ་ཧཱ། སྔར་བཤད་པའི་རིམ་པས་ལྔ་པོའི་བདག་ཉིད་དུ་བསམས་ལ། ཡི་གེ་མུའི་སྙིང་པོ་ཅན་གྱི་འཁོར་ལོ་རྩིབས་བཅུ་དྲུག་པ་རྣམ་པར་བསམ་པར་བྱའོ། །དེ་ལྟར་རྣམ་པར་བསམས་ན་སྔར་བཤད་པའི་འབྲས་བུ་རྣམས་སྐྱེད་པར་འགྱུར་རོ། །ོཾ་བཛྲ་ཏཱིཀྵྞ་བ་ར་ད་མུཿ སཝཱ་ཧཱ། བདག་ཉིད་ཡི་གེ་མུཿ ཡོངས་སུ་གྱུར་པ་ལས་མེའི་ཕུང་པོ་ལྟ་བུས་ཕྱོགས་ཀྱི་དཀྱིལ་འཁོར་སྣང་བར་བྱེད་པ། ངག་གི་དབང་ཕྱུག་དཔའ་བོ་གཅིག་པུ་གྲུབ་པར 96.12b ཡུད་ཙམ་རྣམ་པར་བསམས་ལ། རང་གི་སྙིང་ཀར་ཡི་གེ་ཨོཾ་ལས་ཡོངས་སུ་གྱུར་པའི་ཉི་མའི་དཀྱིལ་འཁོར་འོད་ཟེར་བརྒྱ་སྟོང་གིས་རྣམ་པར་སྤྲས་པས། འཇིག་རྟེན་གྱི་ཁམས་མ་ལུས་པ་སྣང་བར་བྱེད་པ་རྣམ་པར་བསམས་པར་བྱས་ནས། ཟླ་བ་དྲུག་ཙམ་གྱིས་དབང་ཕྱུག་དང་མཚུངས་པར་སྐྱེ་ཞིང ། སྔར་སྨོས་པའི་འབྲས་བུ་རྣམས་འདིས་སྐྱེད་པར་འགྱུར་རོ། །དཔའ་བོ་གཅིག་པུ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ་ལས་ལེའུ་གསུམ་པ་རྫོགས་སྷོ།། །། ལ་བཱ་ཎཾ་བྷ་སོ་ཤི་ཏཱི་ཀྵྞོ་སི་ཨུ་ད་གྲོ་སི་བྷ་ཡཾ་ཀ་རཿ ། ཨ་མུ་ཀ་སྱ། ད་ཧཱ་གཱ་ཏྲཱ་ཎི། ད་ཧ་མཱ་སཾ། ད་ཧ་ཏྭ་ཙཾ་ན་ཁཱ་ནྱ་བི་ད་ཧ་སྠཱི་ནི་ཨ་སྠཱི་ནི་བྷྱོ་མཛྫ་ཀཾ་ཧ། ལ་བ་ཎཾ། ཙྪིན་ད་ཏི། ལ་བཱ་ཎཾ། བྷིན་དེ་ཏི། ལ་བ་ཎཾ་པ་ཙ་ཏི། ཤོ་ཎི་ཏཾ་ལ་བ་ཎེ་ཧྲི་ཡ་མཱ་ནེ་ཀུ་ཏོ་ནི་ད་ཀུ་དོ་ར་ཏིཿ ་་ཡ་དི་བ་ས་ཏི་ཡོ་ཛྙ་ན་ཤ་ཏེ། ན་དཱི་ནཱཾ་ཙ་ཤ་ཏཱན་ཏ་རེ་ན་ག་རེ་ལོ་ཧ་པྲཱ་ཀཱ་རེ་ཀྲཱྀཥྞ་ས་རྨྤ་ཀྲྀ་དཱ་ཀུ་ལེ་ཏ་ཏྲེ་བ་བས་མཱ་ནི་ཧི་ལ་བ་ཎ་བན་དྷ་པུ་ར་སྐྲྀ་ཏཿ ་ཨོཾ་ཙི་ཅི་ཙི་ཊི་བི་ཀློ་ལི་བི་ཀློ་ལི་ཨ་མུ་ཀཾ་སཱ་དྷ་ན་པ་རི་པཱ་རཾ་མེ་བ་ས་མཱ་ན་ཡ་སཝཱ་ཧཱ། སྔོན་དུ་བསྙེན་པའི་ཆོ་ག་ཁྲི་བྱས་ལ་དེའི་འོག་ཏུ་བསྒྲུབ་པ་བརྩམ་པར་བྱ་སྟེ། མེ་ཏོག་དང་ལྡན་པའི་ཤིང་མྱ་ངན་མེད་པའི་རྩ་བར་བཞུགས་པའི་རྗེ་བཙུན་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དམར་པོ་ཕྲེང་བ་དང་ན་བཟའ་དམར་པོའི་རྒྱན་གྱིས་རྗེས་སུ་བྱུགས་པ་ཕྱག་བཞིས་ཞགས་པ་དང་ལྕགས་ཀྱུ་དང་གཞུ་དང་མདའ་བསྣམས་པ་སྒེག་པའི་ཆ་ལུག་ཅན། གཡས་དང་གཡོན་གྱི་ཕྱོགས་ན་སྒྲོལ་མ་དང་ཁྲོ་གཉེར་ཅན་གཉིས་དང་བཅས་པར་བདག་ཉིད་རྣམ་པར་བསམས་ལ། དུས་གསུམ་དུ་ཚཝའི་སྦྱིན་བསྲེག་བརྒྱ་རྩ་བརྒྱད་བྱས་ན། ཉི་མ་བདུན་གྱིས་སྐྱེས་པའམ་བུད་མེད་དབང་དུ་འགྱུར་རོ། །ཞག་ཉི་ཤུ་རྩ་གཅིག་གིས་སྐྱེས་བུ་ཆེན་པོ་དབང་དུ་འགྱུར་རོ། །ཚཝ་དང་བཅས་པའི་སྤྲ་ཚིལ་གྱིས་བསྒྲུབ་པར་བྱ་བའི་གཟུགས་སོར་བཞི་པའི་ཚད་དུ་བྱས་ལ། སེང་ལྡིང་གི 96.13a མེ་མདག་དུ་བ་མེད་པ་ལ་དུས་གསུམ་དུ་སྔགས་བརྗོད་པས་བསྲོས་ན་གང་གི་མིང་ནས་བཟུང་བ་དེ་དབང་དུ་འགྱུར་རོ། །རྡོ་རྗེ་ཆུ་ལ་སྦངས་པའི་ཚཝ་ལ་ལན་བརྒྱ་རྩ་བརྒྱད་བཟླས་པ་སྦྱིན་པར་བྱ་ཞིང་ཟོས་པ་ཙམ་གྱིས་དབང་དུ་འགྱུར་རོ། །ོཾ་ལ་བ་ཎཱཾ་བྷ་སོ་སི་ཏཱི་ཀྵྞི་སི་ཨུ་ད་གྲོ་སི་ཧྲྀ་ད་ཡཾ་གམ་ཨ་མུ་ཀསྱ་ཧྲཱི་ད་ཡཾ། པི་ཏཾ་ནཱསྟི། ལོ་ཀི་ཙི་ཀིཏ་ས་ཀཿ ོཾ་ཙི་ཊི་ཙི་ཊི། བི་ཀློ་ལི། བི་ཀློ་ལི། མ་ཧཱ་བི་ཀློ་ལི། མ་ཧཱ་བི་ཀློ་ལི། ཨ་མུ་ཀཾ་མེ་བ་ས་མཱ་ན་ཡ་སཝཱ་ཧཱ། སྔོན་དུ་བསྙེན་པའི་ཆོ་ག་སྔ་མ་བཞིན་དུ་བྱས་ལ། དུས་གསུམ་དུ་ཚཝ་ཆུ་ཁྱོར་གསུམ་གང་གི་མིང་དང་འཐུངས་ན་དེ་དབང་དུ་འགྱུར་རོ། །ཚཝ་དང་སྐེ་ཚེ་ཆ་མཉམ་པོར་བྱས་པ་གང་གི་མིང་དང་བཅས་དེ་སྦྱིན་བསྲེག་བྱས་ན་དེ་དབང་དུ་འགྱུར་རོ། །ོཾ་ཀུ་རུ་ཀུལླེ་སཝཱ་ཧཱ། རྗེ་བཙུན་འཕགས་མ་སྒྲོལ་མའི་སྙིང་པོ་སྲིད་པ་གསུམ་གྱི་དབང་དུ་བྱ་བའི་ལས་རྣམས་ཐོགས་པ་མེད་པར་འགུགས་པར་གྲགས་པ་སྔར་སྨོས་པའི་ཏིང་ངེ་འཛིན་ལ་གནས་ཏེ། ཡི་གེ་འབུམ་བཟླས་པ་བྱས་ལ་ཕྱིས་མེ་ཏོག་དང་བདུག་པ་དང་བྱུག་པ་དང་ཕྱེ་མ་དང་སོ་རྩི་ལ་སོགས་པ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །སྤོས་དྲི་ཞིམ་པོས་བདག་ཉིད་བདུགས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །མེ་ཏོག་དམར་མོའི་སྦྱིན་སྲེགས་གང་གི་མིང་དང་བྱས་པ་དེ་དབང་དུ་འགྱུར་རོ། །བཟའ་བ་དང་བཏུངས་བ་ལ་མངོན་པར་སྔགས་ཏེ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །སྐྱེས་བུ་ཆེན་པོ་དབང་དུ་བྱེད་པ་ལ་ཡུངས་དཀར་དཀར་པོའི་སྦྱིན་བསྲེགས་བྱའོ། །ཕྱིས་ཚེས་གྲངས་དང་རྒྱུ་སྐར་དང་ཞག་བཟང་པོ་ལ་བཅོམ་ལྡན་འདས་ལ་མཆོད་པ་བྱས་ཏེ། གྲོ་བ་འམ་གོས་ལ་གུར་གུམ་མམ་གི་ཝང་ངམ་ག་པུར་ལ་སོགས་པ་ཨུཏྤ་ལའི་འདབ་མ་ལྟ་བུའི་རྩིབས་བཅུ་དྲུག་པའི་འཁོར་ལོ་བྲིས་ལ། འཁོར་ལོའི་དབུས་སུ་སྒྲུབ་པ་པོ་དང་བསྒྲུབ་བྱའི་མིང་དང་བཅས་པའི་སྔགས་བྲི་བར་བྱའོ། །འདབ་མ་རྣམས་ལ་ཀུ་རུ་ཀུལླེ་ཞེས་བྱ་བའི་ཡི་གེ་བཞིས་བརྟེན་པའི་དབུས་སུ་བསྒྲུབ་བྱ་གཅིག་པུའི་མིང་བྲི་བར་བྱའོ། །ཕྱི་རོལ་ནས་ཡི་གེ་ཨོཾ་རིམ་པ 96.13b གསུམ་དུ་བྱས་པའི་འཁོར་ལོ་ལ་སྐུད་པ་དབར་པོས་བཅིངས་ནས། སྤྲ་ཚིལ་གྱི་རང་བཞིན་ཅན་གྱི་གཟུགས་ཀྱི་སྙིང་ཀའི་དབུས་སུ་བཅུག་ལ། སེང་ལྡེང་གི་མདག་མ་ལ་དུས་གསུམ་དུ་བསྲོས་ན་རྐང་པས་འགུགས་པར་བྱེད་དོ། །སྐྱེས་པ་འམ་བུད་མེད་དབང་དུ་བྱེད་ན། ཟངས་མའི་ཁབ་ཀྱིས་རྐང་པ་ཕུག་ལ་བསྲོས་པས་དབང་དུ་འགྱུར་རོ། །ཡི་གེ་ཡཾ་ལས་ཡོངས་སུ་གྱུར་པའི་རླུང་གི་དཀྱིལ་འཁོར་ཡོངས་སུ་བསམས་ལ། དེའི་སྟེང་དུ་ཡོངས་སུ་གནས་པའི་བསྒྲུབ་པར་བྱ་བ་སྐྲ་མ་བཅིངས་ཤིང་གཅེར་བུ་མགྲིན་པ་ཞགས་པས་བཅིངས་པས་སྙིང་ཀ་ལ་ལྕག་ཀྱུ་བསྣུན་པ། རླུང་གི་ཤུགས་ཅན་གྱི་རིག་སྔགས་ཀྱིས་ཐམས་ཅད་དྲངས་ཏེ་སྒྲུབ་པ་པོའི་རྐང་པའི་དྲུང་དུ་ལྷུང་ཞིང་བྱ་བ་ཐམས་ཅད་རྣམ་པར་བསམ་པར་བྱའོ། །གོམས་པར་བྱས་པས་ནམ་མཁའ་ལ་འདྲེན་པར་ཡང་བསྒོམས་པ་ཙམ་གྱི་འགྱུར་རོ། །མར་དང་སྦྲང་རྩི་ཀ་ར་ལྷུང་བཟེད་ཀྱི་ནང་དུ་བཅུག་སྟེ། དུས་གསུམ་དུ་མེ་ཏོག་དྲི་ཞིམ་པོ་ལ་སོགས་པས་མངོན་པར་མཆོད་ཅིང་སྔགས་བཟླས་ན་གང་འདོད་པ་དེ་དབང་དུ་འགྱུར་རོ། །པད་མ་དཀར་པོའི་སྐུད་པའི་སྡོང་བུ་བྱས་ལ་བ་སེར་སྐྱའི་མར་གྱིས་སོ་མ་བཏང་བའི་ཁམ་ཕོར་ལ། དུ་བ་ཆགས་པ་ལ་བརྒྱ་རྩ་བརྒྱད་མངོན་པར་བསྔགས་པས་མིག་ལ་བསྐུས་ན་སྐྱེ་བོ་ཐམས་ཅད་དགའ་བར་འགྱུར་རོ། །དུར་ཁྲོད་དུ་ཀ་པཱ་ཆེན་པོ་ལ་པད་མ་དཀར་པོའི་སྐུད་པའི་སྡོང་བུ་དང་སྣུམ་ཆེན་པོས་མར་ངོའི་ཚེས་བརྒྱད་དམ་བཅུ་བཞིའི་ནུབ་མོ་དུ་བ་བསྒྲུབས་པར་བྱས་ལ། དེས་མིག་ལ་བསྐུས་ན་ཐམས་ཅད་དགའ་བར་འགྱུར་རོ། ། མ་ལེ་བི་མ་ལེ། ཀུ་མ་ཀུ་མེ། ས་མ་ཡེ་ན། བད་དྷོ་སི། བིན་དྭ་ན། བིན་དྭ་ན། ཨིཙྪ། ཨིཙྪ། ཡཱ་དེ་བོ་བར་ཥ་ཏི། བི་དྷྱོ་ཏ་ཡ་ཏི། གར་ཛྫ་ཏི། གར་ཛྫ་ཏི། 96.14a བིསྨ་ཡ་མ་ཧཱ་རཱ་ཛ། ས་མཱ་དྷི་བརྡྷ་ཏ་ཡན་ཧུཾ། ་དེ་བེ་བྷྱོ་མ་ནུ་ཥེ་བྷྱོ། གན་དྷ་ར་བེ་བྷྱོ། ཤི་ལི་གྲ་ཧཱ་དེ་བ། ཨཱ་ནན་ད་སྱ་གྲ་ཧཱ་ཎཱི་ཡཱ། ཨ་ག་མ་ནཱ་ཡ་ཀྲ་མ་ཎཱི་ཡཱ་ཛུ་ཧོ་མི་ཧ་སཝཱ་ཧཱ། སྔགས་ཀྱི་རྒྱལ་པོ་འདིས་བསྙེན་པའི་ཆོ་ག་བྱས་ལ། ཁང་པའི་མདུན་གྱི་དབུས་སུ་བ་ལྕི་བྱུགས་ལ་གྲུ་བཞིར་བྲེས་ཏེ། དཱུར་བའི་གཅལ་བཀྲམ་ནས་མེ་སྦར་ལ། ཨར་ཀའི་མེ་ཏོག་བརྒྱ་རྩ་བརྒྱད་བླངས་ནས། སྔགས་བཟླ་ཞིང་མེ་ཏོག་རེ་རེ་མེ་ལ་སྦྱིན་བསྲེག་བྱས་ན། འདོད་པའི་སྐྱེས་པའམ་བུད་མེད་འགུགས་པར་འགྲུབ་པར་འགྱུར་ཞེས་མཁས་པས་དེ་ལྟར་ཤེས་པར་བྱས་ལ་གུས་པར་བྱའོ། །དཔའ་བོ་གཅིག་པུ་གྲུབ་པའི་རྒྱུད་ཀྱི་རྒྱལ་པོ་ལས་ལེའུ་བཞི་པ་རྫོགས་སྷོ།། །།རྒྱ་གར་གྱི་མཁན་པོ་ཆེན་པོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ན་དང ། ལོ་ཙྪ་བ་དགེ་སློང་དགེ་བའི་བློ་གྲོས་ཀྱིས་བསྒྱུར། དགེ་སློང་ཚུལ་ཁྲིམས་རྒྱལ་བས་གཏན་ལ་ཕབ་པའོ། ། ཞུས་ཏེ་དག་གོ་ |