རྒྱ་གར་སྐད་དུ། སརྦ་ཏ་ཐཱ་ག་ཏ་པུད་ཏྲོ་ཕུ་ན་གུ་ཧྱ་བ་ནོ་ཤི་ཨ་ཤཝད་ད་མ་བི་ན་ས་མ་ཧཱ་ཏནྟྲ་ནཱ་མ། བོད་སྐད་དུ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པ་གསང་བ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ཞེས་བྱ་བ། དཔལ་རྡོ་རྗེ་སེམས་དཔའ་ལ་ 112b ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པའི་དུས་གཅིག་ན། བཅོམ་ལྡན་འདས་རྡོ་རྗེ་བདེ་བ་ཆེན་པོ་ཕྱོགས་བཅུ་དང་དུས་གསུམ་གྱི་སངས་རྒྱས་མ་ལུས་པའི་འབྱུང་གནས།་སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་རྡོ་རྗེ་གསང་བ་གཞན་ལས་ཁྱད་པར་དུ་གྱུར་པ། མཚན་དང་དཔེ་བྱད་ཕུན་སུམ་ཚོགས་པས་སྤྲས་པ། བཀོད་པ་རྒྱན་གྱི་དཀྱིལ་འཁོར་ལྷུན་པོ་བརྩེགས་ཤིང་ཡོན་ཏན་རིན་པོ་ཆེའི་འབྱུང་གནས་སྣ་ཚོགས་རྣམ་པར་སྣང་བའི་ངོ་བོ། ཟབ་པ་དང་རྒྱ་ཆེ་བའི་ཡན་ལག་ཐམས་ཅད་གསལ་བར་བྱེད་ཅིང་ཡེ་ཤེས་ཀྱི་ཚོགས་ཀྱིས་ཆོས་མ་ལུས་པ་མཐར་ཕྱིན་པ། ཀུན་ཏུ་འཕྲིན་ལས་རྒྱ་ཆེར་འཕྲུལ་པའི་བདག་ཉིད་དཔལ་བདེ་བྱེད་པདྨ་གར་གྱི་དབང་ཕྱུག་ཆགས་པ་ཆེན་པོའི་ཏིང་ངེ་འཛིན་བརྙེས་པ་མེད་པའི་ཆོས་ཉིད་ཀྱིས་ཐམས་ཅད་ལ་དབང་བསྐུར་བ་དེ་ཉིད་ལྷ་ཐམས་ཅད་འདུ་བའི་གནས་གཞལ་ཡས་ཁང་པར་དུ་གྱུར་པ། འོག་མིན་རྡོ་རྗེ་ལྷུན་པོའི་གནས་ཡེ་ཤེས་ཀྱི་སྣང་བ་རིན་པོ་ཆེ་སྣ་ཚོགས་ནི། འོད་འབར་བའི་ཁང་བཟང་འདོད་པའི་ཡོན་ཏན་གཟུགས་སྡུག་པ་སྣ་ཚོགས་དང ། དྲི་ཞིམ་པ་སྣ་ཚོགས་དང ། རོ་བྲོ་བ་སྣ་ཚོགས་དང་།རེག་བྱ་འཇམ་པ་སྣ་ཚོགས་དང ། ཆོས་ཀྱི་བདེ་བ་བསྐྱེད་པ་སྣ་ཚོགས་ཕྱོགས་བཅུར་འཕྲོ་ཞིང་འཁྲིགས་པ་རྩེ་མོ་མཐོ་ཞིང་ཁྱམས་ཀྱི་རྣམ་པར་ཕྱེ་བར་སྒོ་བཞི་སྒོ་ཁང་དང་བཅས་པར་བཞུགས་སོ། །དེའི་ 113a ༄#། །ཚེ་བདེ་བར་གཤེགས་པའི་རོལ་པ་ཆེན་པོ་ཀུན་ཏུ་སྣང་བ་དང ། འོད་ཀྱི་དཔལ་དང ། དགའ་བའི་དབང་ཕྱུག་དང ། ཆོ་འཕྲུལ་བཀོད་པ་དང ། རྣམ་པར་གཟིགས་དང ། མི་བསྐྱོད་རྡོ་རྗེ་དང ། མངོན་པར་སྣང་བ་དང ། བརྟན་པའི་དབང་ཕྱུག་དང ། འབྲུག་སྒྲ་དང ། དྲི་མ་མེད་པ་དང ། རིན་ཆེན་ཕུང་པོ་དང ། ནམ་མཁའི་མཛོད་དང ། རིན་ཆེན་དྲ་བ་དང ། དཀོན་མཆོག་མཚན་དང ། རིན་ཆེན་ཏོག་དང ། འོད་ཟེར་སྣང་བ་དང ། ཚེ་མཐའ་ཡས་དང ། ཆོས་ཀྱི་དབང་ཕྱུག་དང ། ཆགས་པ་མེད་པའི་འོད་དང ། དགའ་བའི་སྤྱན་དང ། དོན་ཐམས་ཅད་ཡོད་པ་དང ། བརྩོན་འགྲུས་ཤུགས་ཅན་དང ། ལས་ཆེན་འཕྲུལ་ལས་དང ། གནོད་སྦྱིན་འདུལ་བ་དང ། སྣ་ཚོགས་དབང་ཕྱུག་གོ་།གཞན་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བདེ་བའི་བློ་གྲོས་དང ། རྒྱ་མཚོའི་སྒྲ་དབྱངས་དང ། གཟི་བརྗིད་བཀོད་པ་དང ། འཁོར་ལོ་རྣོན་པ་དང ། ཤེས་སྣང་བ་དང ། རྡོ་རྗེ་རྒྱལ་མཚན་དང ། འོད་ཟེར་འཕྲོ་བ་དང ། དྲག་ཤུལ་ཅན་དང ། དྲི་མ་སེམས་དཔའ་དང ། སྒྱུ་མའི་སྤྲུལ་པ་དང ། རིན་ཆེན་རྒྱལ་པོ་དང ། དྲི་བ་ཅན་དང ། ལག་བཟང་དང ། གསེར་འོད་འཕྲོ་བ་དང ། རིན་ཆེན་སྙེ་མ་དང ། ཆོས་ཀྱིས་མཐོ་བ་དང ། དྲི་མ་མེད་པ་དང ། མུན་པ་སེལ་བ་དང ། དགའ་བའི་དབྱངས་དང ། གཞོན་ 113b ནུ་རིན་ཆེན་དང ། རྡོ་རྗེ་རྣམ་པར་གནོན་པ་དང ། གར་མཁན་དང ། བྲོའི་རྒྱ་མཚོ་དང ། ཐོགས་མེད་བཀོད་པ་དང ། པདྨོ་དགའ་བ་དང ། ས་ལི་དབང་ཕྱུག་དང ། རིན་ཆེན་སྤུངས་པ་དང ། སྤྲིན་གྱི་ཕྲེང་བ་དང ། ཡིད་འོང་མེ་ཏོག་དང ། ཡེ་ཤེས་སྒྲོན་མ་དང ། སྤོབས་པ་བརྩེགས་པ་དང ། ཁ་ལོ་སྒྱུར་བ་དང ། དྲན་པའི་དབང་ཕྱུག་དང ། པདྨའི་བློ་གྲོས་དང ། ལས་བྱེད་པའི་སྟོབས་དང ། སྙིང་པོ་བློ་གྲོས་རྣམས་སོ། །དེ་དག་ཀུན་ཀྱང་རང་རང་གི་བཙུན་མོའི་ཚོགས་དང་འཁྲིལ་པའི་ཚུལ་གྱིས་བཞུགས་སོ། །གཞན་ཡང་པདྨོ་འཕྲོ་བ་དང ། པདྨ་འཛིན་པ་དང ། པདྨ་སྒྲོག་པ་དང ། པདྨ་བསྐྱོད་པ་དང ། པདྨ་ཚིམ་བྱེད་དང ། པདྨ་འཐོར་བ་དང ། པདྨ་སྣང་བ་དང ། པདྨ་དབང་བྱེད་རྣམས་ཀྱང་རང་རང་གི་འཕྲིན་ལས་ཀྱིས་བཀོད་དོ། །གཞན་ཡང་འཇིགས་བྱེད་ཆེན་པོ་བྱམས་པའི་དབང་ཕྱུག་བརྩེ་བའི་དབང་ཕྱུག་དང ། པད་གྲོལ་དབང་ཕྱུག་དང ། གྲོལ་བའི་དབང་ཕྱུག་དང ། སྦྱིན་པའི་དབང་ཕྱུག་དང ། སྤྱོད་པའི་དབང་ཕྱུག་དང ། སྨྲ་བའི་དབང་ཕྱུག་དང ། མཐུན་པའི་དབང་ཕྱུག་ཀྱང་རང་རང་གི་རིག་པ་བཅས་པས་འཁོད་དོ། །དེ་དག་ལ་སོགས་པའི་འཁོར་གྱི་ཚོགས་རྣམ་པར་འབྱེད་པ་དང ། འབྱེད་པ་མེད་པར་སྣང་བའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་ཚོགས་འབུམ་ཕྲག་བཅུ་གཉིས་དང་ཐབས་ཅིག་ཏུ་བཞུགས་སོ། །དེ་ནས་བཅོམ་ལྡན་འདས་ 114a ༄#། །ཏིང་ངེ་འཛིན་གྱི་རྒྱལ་པོ་པདྨ་ཆགས་པའི་སྤྱན་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་ཐུགས་ཀའི་དཔལ་བེའུ་ལ་སོགས་པའི་གནས་རྣམས་ནས་འོད་ཟེར་གྱི་དཀྱིལ་འཁོར་གསལ་བར་བྱེད་པ་བཀྱེ་བས། དེས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་གསལ་བར་བྱས་པ་དང ། ཡ་མཚན་གྱི་ལྟས་ཆེན་པོ་བཅོ་བརྒྱད་བྱུང་བར་གྱུར་ཏོ། །དེ་ནས་སྣོད་དང་བཅུད་དུ་བཅས་པ་གསལ་ཞིང་འབར་བར་གྱུར་ནས་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཐུགས་དམ་བསྐུལ་ཏེ། དེ་དག་གིས་ཀྱང་ཆོ་འཕྲུལ་རྣམ་པར་འཁོད་པ་ཞེས་བྱ་བ་ཕྱག་རྒྱ་ཆེན་པོས་རང་གིས་འཁོར་ལོའི་ཁྱམས་དག་ཏུ་སྤྲོ་བར་བྱེད་མཛད་དོ། །དེ་ཡང་ཞིང་ཁམས་རྣམ་པར་སྤྱོང་ཞིང་སླར་འཁོར་གྱི་འཁོར་དང་བཅས་བ་འོད་ཟེར་འཕྲོ་བའི་གནས་སུ་འདུས་སོ། །དེ་ལྟར་འཆད་པའི་རྒྱ་ཆེན་བོའི་རྣམ་པར་རོལ་འཕྲུལ་པས་རོལ་ཞིང་ཞལ་འཛུམ་པ་དང་བཅས་པར་གྱུར་ནས་བཞུགས་པ་ལས་འཁོར་ཐམས་ཅད་ཀྱིས་ཐེ་ཚོམ་སྐྱེས་པར་གྱུར་ཏོ། །དེའི་དུས་ན་མཐུན་པར་གླེང་བ་ནི། ཀྱེ་མ་ཧོ་ཡ་མཚན་སྣ་ཚོགས་ཆོས། །རྒྱལ་བའི་མཛད་པ་ཡ་མཚན་ཆེ། །ཆོ་འཕྲུལ་དཔག་མེད་གྱུར་པ་ཡི། །དགོས་པའི་དོན་ཉིད་ཇི་ལྟ་བུ། །རྒྱུ་རྐྱེན་མེད་པར་སངས་རྒྱས་ནི། །གསང་གསུམ་དམ་ཚིག་ 114b སྤྲོ་མི་མཛད། །དེ་ཡི་མཚན་ཉིད་ཡང་སྣང་བ། །གསང་བའི་དབང་པོ་བསྐུལ་བར་མཛོད། །ཁྱོད་ནི་རྒྱལ་བ་ཀུན་གྱི་སྲས། །དགོངས་དོན་རྒྱ་མཚོ་དོན་མངའ་བ། །བཀའ་ཡི་བདག་པོ་དགོངས་མཛོད་དག་།ལེགས་པར་ཞུ་ཞིང་གསོལ་གདབ་མཛོད། །དེ་ནས་གསང་པའི་བདག་པོ་ལག་ན་རྡོ་རྗེས་ལྔ་བརྒྱ་དང་བཅས་པས་གཞན་དག་གི་ཐེ་ཚོམ་རྣམ་པར་གཅོད་པ་དང ། རང་ཉིད་ཀྱི་སྒོ་གསལ་བར་བྱ་བའི་ཕྱིར་མདུན་རོལ་ནས་ལངས་ཏེ་ཕྱོགས་བཅུ་ནས་འཁོད་ནས་མཆོད་པའི་ཚོགས་རྒྱ་ཆེན་པོ་བཀོད་ཅིང་རྒྱལ་བ་ཀུན་ལ་མཆོད་དེ་ལན་བརྒྱ་རྩ་བརྒྱད་དུ་བསྐོར་བ་བྱས་ཤིང ། རྩེ་གཅིག་ཏུ་གུས་པས་ཕྱག་འཚལ་ནས་དགའ་བའི་བཞིན་གྱིས་གསོལ་བ་བཏབ་པ། ཨེ་མ་རྒྱལ་བ་ཉིད་ཀྱི་སྐུ། །རྣམ་པར་འཕྲུལ་པའི་དཀྱིལ་འཁོར་དག་།ཏིང་འཛིན་ཡེ་ཤེས་གནས་ལས་བྱུང ། །དགའ་མཛད་དཀྱིལ་འཁོར་འདུས་པ་དང ། །བྱང་ཆུབ་སེམས་སྤྲིན་ཆར་ཆེན་གྱིས། །ཉོན་མོངས་ལ་སོགས་སྦྱོང་མཛད་ཅིང ། །ཐུགས་རྗེ་ཆེན་པོ་ཡེ་ཤེས་ཀྱིས། །ཚོགས་པའི་འབྲས་བུ་ལེགས་སྨིན་མཛད། །སྐུ་མདངས་དགའ་བའི་བཞིན་བཅས་པས། །གསང་བའི་ཐེག་པ་བསྟན་དུ་གསོལ།། ཁྱོད་ཀྱི་དགོངས་དོན་གཏིང་དཔག་དཀའ། །ཟབ་ཅིང་ཕྲ་ལ་རྒྱ་ཆེ་བས། །འཁོར་རྣམས་ཐེ་ཚོམ་རི་བོས་ནོན། །ཐུགས་རྗེ་ཆེ་མངའ་གསལ་བར་མཛོད། །འདི་དག་ཐམས་ཅད་བསྟན་ 115a ༄#། །པའི་སྣོད། །མགོན་པོ་བཏང་སྙོམས་ལྷུན་མངའ་མཛོད། །དུས་འདིར་རྩོམ་པ་དོན་ཆེ་སྟེ། །སྨོན་ལམ་འབྲས་བུ་མཐར་ཕྱིན་མཛོད། །དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་རྡོ་རྗེ་འཛིན་པ་དེ་ཉིད་ཀྱིས་སྟོང་གསུམ་གྱི་སྟོང་ཆེན་པོའི་བརྟན་གཡོའི་དཀྱིལ་འཁོར་ཐམས་ཅད་ཐུགས་མཉམ་པ་ཉིད་རྩེ་གཅིག་གི་སྒོ་ནས་གཟིགས་སོ། །རྣམ་པར་གཟིགས། ཀུན་ཏུ་གཟིགས། དེ་ལྟར་དགོངས་ནས་དཀྱིལ་འཁོར་འདི་དག་ཐམས་ཅད་སྨྲ་བསམ་ལས་འདས་པར་སྣ་ཚོགས་རྣམ་པར་སྨྲོས་ཤིག ། དེ་ཉིད་དངོས་པོ་དང་བར་གཟིགས་ནས་གཟིགས་པའི་མཐའ་དང ། དགོངས་པའི་མཐའ་དང ། མཛད་པའི་མཐའ་ཀུན་ལ་སྙོམས་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་བཀོད་པ་དང ། རྣམ་པར་བཀོད་པ་དང ། རྣམ་པར་བཤད་བ་དང ། དགོངས་པ་དང ། རྣམ་པར་དགོངས་པ་དང ། རོལ་པ་དང ། རོལ་པ་ཆེན་པོ་དང ། མཛད་པ་དང ། སྣ་ཚོགས་མཛད་པས་ཀུན་ཏུ་སྤྲོ་བར་མི་བྱེད་དེ། འཇིག་རྟེན་དྲུག་གི་རྣམ་པས་བསྡུས་པའི་སྟོང་གསུམ་གྱི་དངོས་པོ་འདི་དག་སངས་རྒྱས་ཀྱི་དཀྱིལ་འཁོར་འདི་ལས་གཞན་དུ་སྣང་བར་མི་དགོངས་སོ། །དེའི་དུས་དང ། ས་དང ། སའི་ཁྱད་པར་དང ། དཀྱིལ་འཁོར་བཀོད་པ་དག་ཀྱང་རྣམ་པར་མི་གཟིགས། ཀུན་ཏུ་མི་གཟིགས་ཤིང་དགོངས་པ་ཡང་ 115b མི་འགོག་གོ་།དེ་དག་ནི། མཐར་ཡང་མི་གནས་ཤིང་ནམ་མཁའ་ལྟ་བུར་བཞུགས་སོ། །དེ་ནས་ཏིང་ངེ་འཛིན་དེ་ལ་ཞུགས་མ་ཐག་ཏུ་འཁོར་གྱི་དཀྱིལ་འཁོར་དེ་དག་ཀྱང་ཆོས་ཐམས་ཅད་ཀྱི་དཀྱིལ་འཁོར་གྱི་རང་བཞིན་ནམ་མཁའ་ལྟ་བུར་རྟོགས་པར་འགྱུར་རོ། །དེ་ནས་ཡང་གསང་བའི་བདག་པོ་ལག་ན་རྡོ་རྗེ་ངོ་མཚར་གྱི་སྒོ་ནས་བསྐུལ་ཞིང་གཞན་དག་གི་དོན་ཐུགས་གཡོ་བར་མཛད་པའི་གླུས་གཡོ་སློང་བར་མཛད་དེ། ཚུལ་ཕན་དོན་གྱི་རྒྱལ་པོ་ཆེ། །འདྲེན་པ་ཀུན་གྱི་རྒྱུད་ཉིད་པས། །ནམ་མཁའ་ལྟ་བུའི་རྒྱུད་ཉིད་པས། ། ནམ་མཁའ་ལྟ་བུའི་དཀྱིལ་འཁོར་ནས། །ཐུགས་རྗེ་ཆེན་པོའི་ཡ་མཚན་སྟོན། །ཀྱེ་མའོ་མགོན་པོ་དོན་ཀུན་ནས། །ཞི་བའི་ལས་དམ་འཇུག་བྱེད་པ། །བྱང་སེམས་ཐུགས་རྗེའི་རླན་བྲལ་ལམ། །རྡོས་ཅན་ཆོས་དང་འགྲང་འགྱུར་ཞིང ། །ཞེས་གསོལ་བ་བཏབ་པ་ལས་ཀྱང་ཅི་ཡང་མི་གསུང་བར་བཞུགས་སོ། །དེ་ནས་ཡང་ཡུམ་གཟི་ལྡན་པདྨོ་ཞེས་བྱ་བས་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལས་སློང་བའི་གླུས་སྐུལ་བར་མཛད་དེ། མི་དམིགས་ཏིང་འཛིན་བསམ་འདས་བརྗོད་དང་བྲལ། །བདེ་བ་ཆེན་པོ་ཡེ་ཤེས་བྱང་ཆུབ་སེམས། ། མི་དམིགས་ཐུགས་རྗེ་མི་འདའ་དམ་ཚིག་གིས། །རོལ་པའི་ཆོ་འཕྲུལ་རྒྱ་ཆེན་བསྟན་དུ་གསོལ། །དེ་སྐད་ཅེས་ཀྱང་བསྐུལ་བའི་རྗེས། །མགོན་པོའི་གནས་རྣམས་ལ་དགོངས་ 116a ༄#། །ནས། །འོད་ཟེར་རྣམས་བཀོད་འཛུམ་མཛད་དེ། །འཁོར་བ་ལེགས་སྦྱིན་སྐབས་དབྱེ་མཛད། །ལེགས་སོ་ལེགས་སོ་རྡོ་རྗེ་ཅན། །པདྨོ་འཛིན་པའི་གྲོགས་བཅས་པས། །ཡང་ཡང་བསྐུལ་བར་མཛད་པས་ན། །གནང་ཞིང་བསྟན་པར་མཛད་པ་ལ། །དགའ་བའི་སྤྱན་རྗེས་དང་བར་གྱིས། །གང་འདོད་རྟོགས་པ་ཞི་བར་མཛོད། །མ་འོངས་རྟོགས་པ་མཐའ་དག་རྣམས། །ཐུགས་རྗེ་ཤུགས་ཀྱིས་བཟུང་མཛད་དེ། །དོན་ཀུན་ཁྱབ་པའི་སྣང་བ་ཡིས། །གཟུང་བར་བྱ་བའི་སྐབས་དབྱེ་མཛད། ཅེས་གསུངས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བའི་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས། རྣམ་པར་སྤྲུལ་པའི་ལེའུ་སྟེ་དང་པོའོ།། །།དེ་ནས་དགའ་ཞིང་འཁོར་འདུས་པས། །དགའ་བའི་བཞིན་བཟང་རྒྱས་མཛད་དེ། །གཙོ་བོས་ཇི་ལྟར་བཀའ་སྩལ་བཞིན། །ཐུགས་རྗེས་འབྱུང་བའི་དཀྱིལ་འཁོར་གཟུངས། །དེ་ནས་གཟི་ལྡན་པདྨོ་ཅན། །འཛུམ་མདངས་རྒྱས་པས་བསྐུལ་མཛད་དེ། །འོ་བྱེད་འཁྱུད་པ་ལ་སོགས་པ། །དགའ་བཞིན་ཆགས་པར་རྣམ་པར་འགྱུར། །ེ་མ་རིག་པའི་རྒྱལ་པོ་ཁྱོད། ། ཐུགས་རྗེ་ཆེན་པོ་ཉི་འོད་བཞིན། །ཐུགས་རྗེ་འབྱུང་བའི་དཀྱིལ་འཁོར་གཟུངས། །ཕྱོགས་རིག་མེད་པས་གོ་འབྱེད་པས། །ཡུལ་དུ་གྱུར་བ་ཀུན་རྒྱུད་དགོངས། །མི་དམིགས་ 116b ཆོ་འཕྲུལ་ནམ་མཁའ་ལས། །བཀོད་པ་རྒྱ་མཚོ་སྤྲིན་ཕུང་བཞིན། །ཐུགས་རྗེ་སྤྲུལ་པའི་ཆར་ཆེན་པོས། །སྣ་ཚོགས་ལས་བརྒྱད་དག་པར་མཛོད། །དེ་ནས་གཙོ་བོ་རྡོ་རྗེ་འཆང ། ། ཏིང་ངེ་འཛིན་ལས་བཞེངས་མཛད་དེ། །རང་གིས་མཚན་མས་རབ་མཛེས་པས། །རྒྱལ་པོ་ཟིལ་གནོན་གཟི་བརྗིད་ཅན། །ཕྱག་གི་འཁོར་ལོ་རབ་བསྐོར་ཅིང ། །ཕྱོགས་རྣམས་ཀུན་ཏུ་གཟིགས་མཛད་དེ། །མི་དམིགས་ནམ་མཁའི་དབྱིངས་དག་ན། །རྡོ་རྗེ་སྤྲུལ་སྐུ་མངོན་ཕྱུང་ནས། །གཟི་ལྡན་པདྨོ་ཆེན་མོ་དང ། །རོལ་པའི་ཚུལ་དུ་བཞུགས་མཛད་དེ། ། འཛུམ་མིག་ཆགས་པའི་བཞིན་དག་གིས། །འཁོར་རྣམས་སློང་བའི་སྔགས་བརྗོད་དོ། །ོཾ་ཨཱ་ཧཱུཾ་མཧཱ་བྷསྨི་ཤ་ཀུ་རུ་བི་ན་ཧྲྀ་ད་ཡ་ཨཾ་བྷ་བ་ཧི་ཨ་ལ་ལ་ཧོ། གཉིས་སུ་མེད་པའི་བྱང་སེམས་ཀྱིས། །དཀྱིལ་འཁོར་སྦྱོར་ཞིང་བསྡུ་བར་མཛོད། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་སྐུ། །རྡོ་རྗེ་གར་གྱིས་རོལ་མཛད་ཅིང ། །དགའ་མཆོག་རྡོ་རྗེ་བྱང་ཆུབ་སེམས། ། འཛུམ་ཞིང་འཁྱིལ་བའི་པདྨོའི་གནས། །དཀར་འཚེར་དག་བའི་རང་བཞིན་ཏེ། །དམར་པོ་དབང་དང་གཉིས་མེད་པར། །གསལ་ཁྱབ་ཀུན་ཏུ་སྤྲོས་པ་ལས། །དཀྱིལ་འཁོར་སྤྲུལ་པ་མཐའ་ཡས་ཐོན། །ཞི་འགོག་མྱ་ངན་འདས་པ་དང ། །བྱང་ཆུབ་མགོན་གནས་ལམ་ཞེས་དག་།གཉིས་མེད་གཉིས་སུ་སྦྱོར་མཛད་ཅིང ། །རང་གི་དཀྱིལ་འཁོར་གནས་ལ་ 117a ༄#། །བཀོད། །ངོ་མཚར་སྤྲུལ་པ་རྣམ་པར་རོལ། །བརྗིད་དང་བཅས་པས་གར་མཛད་ཅིང ། །འཛུམ་པ་མཛད་དང་རོལ་པ་དང ། །ཀུན་ཏུ་འགྱིང་དང་སྤྱན་མཛེས་བལྟམ། །སྨིན་རིང་བསྐྱོད་ཅིང་བསྒྱུར་བ་དང ། །རྡོ་རྗེ་ཕུར་བས་གཡའ་བས་སློང ། །འདོར་ཞིང་བསྐུམ་དང་འཇོག་ལྡེག་དང ། །རྣམ་པར་རོལ་པའི་གར་གྱིས་ཀྱང ། །རིགས་ཀྱི་འཕྲིན་ལས་སྣ་ཚོགས་སྤྲུལ། །ནམ་མཁའ་ཀུན་ཏུ་ཁྱབ་པར་མཛད། །རྣམ་པར་རོལ་པའི་བདེ་འབྱུང་བར། །བྱང་ཆུབ་སེམས་སོགས་ཞི་ཞིང་གསལ། །རོལ་པའི་ཆར་ཉིད་མངོན་འབབ་པས། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །བརྟན་དང་གཡོ་བ་མ་ལུས་པའི། །སངས་རྒྱས་ཞིང་ཁམས་དག་བྱས་ནས། །བྱང་ཆུབ་སེམས་ཚོགས་རོལ་པ་ལས། །བརྡེག་དང་འཁྱུད་དང་སྡོམ་པ་ལས། །སྦྱོར་དང་བསྟིམ་དང་མཉེས་པ་དང ། །ཀུན་ཏུ་རབ་དགྱེས་ཡེ་ཤེས་ཐིག་།སྣ་ཚོགས་སྣང་བ་ཉི་མ་འོད། །ཡང་དག་བདེ་ལ་རབ་གནས་མཛོད། །དེ་འདུས་པའི་ཚེ་ཚོགས་པའོ། །ཕྱོགས་བཅུ་ཀུན་ནས་བཞེངས་མཛད་དེ། །ཐབས་དང་ཤེས་རབ་བྱིན་བརླབས་པའི། །བྱང་སེམས་རྣམ་དག་རྒྱུན་གྱིས་མཆོད། །རྔ་དང་སིལ་སྙན་སྒྲ་སྒྲོག་ཤིང ། །དབང་པོ་ཚིམ་པའི་རོ་རྩེད་དང ། །གར་དབྱངས་གླུ་དྲུག་སྣ་ཚོགས་ཀུན། །སྟོང་གསུམ་གང་བར་གསུང་བྱས་ཏེ། །བཅོམ་ལྡན་ 117b པདྨོ་བདེ་ཡང་བདེ། །གཟི་ལྡན་ཡུམ་དང་བཅས་པར་མཆོད། །ེ་མ་འདུས་པའི་ཚོགས་དབུས་ན། །ཐུགས་རྗེ་ཆེ་མངའ་ཉི་དཀྱིལ་བཞིན། །འཁོར་ལོ་ཀུན་སྒྱུར་སྒྲོལ་མཛད་པས། །རང་གི་དཀྱིལ་འཁོར་རྒྱས་པར་མཛད། །རྡོ་རྗེ་འཆང་བའི་གསོལ་འདེབས་ཀྱིས། །དཀྱིལ་འཁོར་དག་ལ་ལྷུན་གྲུབ་རྫོགས། །པདྨའི་དཔལ་ལྡན་སེམས་པ་ཆེ། །འཕྲིན་ལས་ཡེ་ཤེས་གནས་ཀུན་སྤྱོད། །ཁྱོད་ཞབས་བསྐྱེད་པ་ཐུགས་རྗེའི་སྟོབས། །ཁམས་གསུམ་མ་ལུས་དག་པ་ཡི། །དེ་བཞིན་ཉིད་ཀྱི་ཡེ་ཤེས་མཆོག་།མགོན་པོ་བཀའ་དྲིན་མཛད་པས་ལེགས། །དེ་སྐད་གསོལ་བཏབ་དགྱེས་པར་འགྱུར། །ཕྱག་རྒྱ་ཆེན་པོའི་གནས་ལ་བཞུགས། །དེ་ནས་དགའ་བའི་བྱང་ཆུབ་སེམས། །སྔོན་གྱི་རྒྱུད་དང་ལམ་བཞི་ལས། ། སྤྲུལ་པའི་བྱང་ཆུབ་སེམས་དཔའ་དང ། །སྔོན་གྱི་རྒྱུད་དང་ལམ་གྲོགས་རྣམས། །དགོངས་ཤིང་ཐུགས་རྗེའི་ཡེ་ཤེས་ཐུགས། །རང་བཞིན་གནས་ནས་ཀུན་དགོངས་ཏེ། །ཕྱོགས་བཞི་ནས་ནི་བསྐུལ་བར་མཛད། །ཀྱེ་ཀྱེ་མཆོག་གསུམ་བདེ་བའི་སྐུ། །བྱམས་པའི་ཐུགས་མངའ་སྐུ་གསལ་མཛད། །རྡོ་རྗེ་རྒྱལ་པོ་བྱང་ཆུབ་སེམས། །བདག་དགོངས་འགྲོ་བའི་དོན་ཆེན་མཛད། །ཀྱེ་ཀྱེ་ཡོན་ཏན་རིན་ཆེན་ཚོགས། །ཐུགས་རྗེ་མཉམ་ཉིད་ཡེ་ཤེས་ཆེ། །རྒྱལ་པོ་འཁོར་ལོ་བྱང་ཆུབ་ཉིད། །དཀྱིལ་འཁོར་སྣ་ཚོགས་སྤྲུལ་པའི་མཛོད། །ཀྱེ་ཀྱེ་རྣམ་པར་ 118a ༄#། །དག་པའི་སྐུ། །དགའ་བའི་རྒྱ་མཚོ་འབྱུང་བའི་གནས། །སོ་སོའི་ཡེ་ཤེས་སྣ་ཚོགས་འབྱེད། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །ཀྱེ་ཀྱེ་འགྲོ་བའི་དོན་ཆེན་བདག་།བཏང་སྙོམས་མི་འདོར་སྣ་ཚོགས་དོར། །བྱ་བ་གྲུབ་པའི་ཏིང་འཛིན་མཆོག་།ཕྱོགས་བཅུའི་དཀྱིལ་འཁོར་རྣམ་དག་སྟོན། །རང་དགའི་བསྐུམ་པས་གཡོ་མཛད་དེ། །ཕྱོགས་བཞི་བྱང་ཆུབ་དགའ་ནས་འཇུག་།ཀྱེ་མའི་འགྲོ་རྣམས་དེ་བཞིན་ཉིད། །བྱང་ཆུབ་སེམས་ཀྱི་རྣམ་འཕྲུལ་ལས། །ཉོན་མོངས་གཟུང་འཛིན་སྒྲིབ་པ་ཡིས། །རང་གི་མཐའ་ལམ་འགེས་པར་བྱེད། །འདི་དག་ཐུགས་རྗེའི་གནས་སུ་རུང ། །ཡེ་ཤེས་གསལ་བའི་ཐབས་མང་པོས། །ཐམས་ཅད་དུས་གཅིག་བསྒྲལ་བྱས་ནས། །རང་གི་བདེ་ཆེན་དོན་སྟོན་མཆོག་།ཞེས་གསུངས་པདྨའི་རིག་པ་འཛིན། །སངས་རྒྱས་སྲས་བཅས་དགའ་བར་མཛད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པ་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས། ཐུགས་རྗེ་སྤྲུལ་པའི་རོལ་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའི་གཙོ། །རྡོ་རྗེ་འཆང་བ་སྟན་ལས་ལངས། །བདེ་གཤེགས་བསྔགས་བརྗོད་བྱེད་ཅིང ། །བསྐུམ་པས་དབྱངས་ཀྱིས་གསོལ་བ་བཏབ། །ཀྱེ་མ་ཧོ་མཆོག་གསུམ་དམ་ཚིག་སྐུ། །ཡེ་ཤེས་བླ་ན་མེད་ 118b པའི་བདག་།བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཉིད། །རྣམ་འཕྲུལ་ཐུགས་རྗེའི་དུས་ཉིད་པས། །རིགས་ཀྱི་འཁོར་ལོ་དཔག་མེད་སྐུ། །དེ་རིང་བཀྲ་ཤིས་ཕུན་སུམ་ཚོགས། །ཐུགས་རྗེ་ཆེན་པོ་ཡལ་འདོར་ན། །ཅི་ཕྱིར་ཐེག་ཆེན་མཆོག་ཏུ་བསྔགས། །ཡང་དག་ཞུས་པའི་ཚིག་གསན་ནས། །ཐུགས་རྗེས་དཀྱིལ་འཁོར་གཟིགས་པར་མཛད། །མགོན་པོའི་པདྨའི་སྐུ་དེ་ཉིད། །གཟི་ལྡན་ཡུམ་དང་རོལ་མཛད་ཅིང ། །དྲི་མེད་ཡེ་ཤེས་ཕྱོགས་གཟིགས་ཤིང ། །གཉིས་མེད་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་གསལ། །ཐེག་པ་གསང་ཆེན་ཆེར་འབྱུང་བའི། །ལམ་འདི་དཔལ་ལྡན་རོལ་མོའི་མཆོག་།སངས་རྒྱས་སྲས་བཅས་བསྡུས་མཛད་དེ། །གཞན་འཕྲུལ་གནས་ཚོགས་གཡོ་མཛད་ཅིང ། །སྟོང་གསུམ་འདི་དག་སྦྱོང་མཛད་ཅིང ། །ཏིང་ངེ་འཛིན་ལ་སྙོམས་འཇུག་སྟེ། །སྐུ་ལས་འོད་ཟེར་སྤྲོ་བར་མཇད། །དེས་ཁྱབ་རིགས་ཀྱི་དཀྱིལ་འཁོར་གསལ། །ཡེ་ཤེས་འོད་མདངས་སེམས་དཔའི་སྐུ། །གནས་ལྔར་གསང་བའི་སྔགས་ཀྱིས་གཞུག་།ཕྱག་རྒྱ་ཆེན་པོ་ཡོངས་རྫོགས་སྐུ། །ཞལ་གསུམ་ཕྱག་དྲུག་དགའ་བའི་མདངས། །དམར་གསལ་པདྨ་རཱ་གའི་མདངས། །གཡས་གཡོན་ཞལ་གཉིས་སྔོ་དང་སེར། །རིགས་རྒྱན་མཚན་མ་ཀུན་གྱིས་མཛེས། །ཕྱག་ན་པད་སྡོང་བུམ་པ་དང ། །རྡོ་རྗེ་རྩེ་ལྔ་དཔལ་བེའུ་དང ། །མཐའ་མས་མདའ་གསོར་གཞུ་འཛིན་པའོ།། 119a ༄#། །རིན་ཆེན་སྣ་ཚོགས་ན་བཟའ་དང ། །ཕྱག་རྒྱའི་ཡུམ་བཅས་རོལ་པ་མཛད། །གཞལ་ཡས་ཁང་པ་སྒོ་བཞི་དང ། །རིན་ཆེན་སྣ་ཚོགས་རྟ་བབས་བཅས། ། དྲ་བ་དྲ་ཕྱེད་མུ་ཏིག་ཕྲེང ། །བནྡྷ་དྲིལ་བུ་སོགས་ཀྱིས་སྤྲས། །དབུས་ཀྱི་དཀྱིལ་འཁོར་ཆེར་འཕགས་པའི། །ཕོ་བྲང་ཀ་བ་གདུང་རྣམས་ལ། །པདྨོ་རྡོ་རྗེ་སོགས་པས་སྤྲས། ། འདོད་པའི་ཡོན་ཏན་ཕུན་སུམ་ཚོགས། །གནས་རྣམས་ཀུན་ཏུ་རིན་ཆེན་ཁྲི། །པདྨ་འཁོར་ལོ་ཉི་ཟླས་མཚན། །ཕྱི་རོལ་བར་ཁྱམས་འཁོར་བ་དང ། །སྣོད་རྣམས་ཀུན་ཏུ་པདྨ་ལ། །ཐབས་དང་ཤེས་རབ་བྱེ་བྲག་གིས། །ཉི་མ་ཟླ་བ་རྐྱང་པའོ། །དེ་ནས་པདྨ་རྣམ་དག་ཀུན། །དབུས་ཀྱི་གདན་ལ་བཞུགས་མཛད་དེ། །དགྱེས་པའི་གར་དབྱངས་བསྐྱོད་པའི་མཐུས། །ཐབས་དང་ཤེས་རབ་རྫོགས་པར་མཛད། །དེ་ཚེ་ཐུགས་མཆོག་བྱང་ཆུབ་སེམས། །མཁའ་ཀློང་རྣམ་པར་དག་པས་ན། །རིག་པ་བདེ་བ་ཆེན་པོའི་སྐུ། ། སྣ་ཚོགས་སྣ་ཚོགས་ཤར་བ་དེ། །གསུང་ཉིད་ཡི་གེ་འཁོར་ལོའི་ཚོགས། །འབར་བ་འོད་ཟེར་རྩེ་ལྔ་པ། །ཆོ་གའི་ཡན་ལག་རིམ་བཞིན་དུ། །ཐུགས་ཀྱི་མཚན་མ་དམ་ཚིག་བྱ། །སྔགས་བཅས་འཕྲོ་ཞིང་འདུ་བའི་ཚུལ། །རྒྱལ་པོ་བདེར་གཤེགས་ཡབ་ཡུམ་དང ། །བྱང་ཆུབ་སེམས་དཔའ་སེམས་མ་དང ། །ལས་མཛད་ཁྲོ་བོ་ཡབ་ཡུམ་ 119b དང ། །ཕྱག་རྒྱ་ཆེན་པོའི་སྐུར་གྱུར་ནས། །རིགས་ཀྱི་རྒྱལ་ཕྲེང་མཚན་མས་མཇེས། །རང་གི་དཀྱིལ་འཁོར་གནས་བཞུགས་ཤིང ། །རྡོ་རྗེ་གསང་བའི་གྲལ་དུ་འཁོད། །དེ་ཚེ་མགོན་པོ་བདེ་ཆེན་པོ། །རིགས་ཀུན་བདག་འགྱུར་ཞེས་བྱ་བས། །པདྨོ་རྣམ་པར་འཕྲུལ་པ་ཡི། །དཀྱིལ་འཁོར་ཆེན་པོ་འབྱིན་པར་མཛད། །བྱང་སེམས་ཀམ་ལས་རྣམ་འཕྲུལ་པའི། བདེ་ཤེས་འོད་ཟེར་སྣང་བའི་སྐུ། །ཞལ་དང་ཕྱག་ལ་སོགས་པའི་རྒྱན། །གཙོ་བོའི་ཆ་ལུགས་ཇི་ལྟར་བར། །རང་འོད་ཡུམ་དང་འཁྲིལ་བར་མཛོད། །བཀྲ་ཤིས་མཚན་ལྡན་བདེ་བ་ལ། །རཱ་ག་པདྨོ་ཧཱུཾ་ཞེས་པས། །སྔགས་མཆོག་ཡི་གེ་འབྲུ་བརྒྱད་དེ། །ལས་ཀུན་གྲུབ་པར་མཛད་པ་ཡིན། །གང་གི་པདྨ་ཤ་རི་དང ། །བུདྷ་ཧཱུཾ་གིས་བསྣན་བྱས་ན། །ཞི་རྒྱས་དབང་དྲག་ལས་ཀུན་དང ། །གྲུབ་ཆེན་བརྒྱད་ཀྱི་ཚོགས་གསོག་རྣམས། །སྦྱོར་བ་ཙམ་གྱིས་གྲུབ་འགྱུར་ཞིང ། །ཡུན་རིང་གནས་པ་གནས་པ་གནས་པ་ཡིན། །འབྱིན་པའི་དུས་སུ་གསང་སྔགས་ལ། །ཡི་གེ་ཇ་ཡིས་གདགས་བྱས་ནས། །རྣམ་འཕྲོ་རིགས་ཀྱི་དཀྱིལ་འཁོར་སྦྱོར། །རིགས་བདག་སྐུ་གནས་དགྱེས་པས་བཞུགས། །ཐུགས་རྗེ་སྐལ་བའི་གླུ་དང་སྔགས། །འོད་ཟེར་ཚོགས་ཀྱིས་སྐུལ་བ་མཛོད། །དམ་ཚིག་གསུམ་སྟོན་སྔགས་ཀྱི་མཐུས། །དགྱེས་ཆགས་བརྟན་པས་གཟི་དང་ལྡན། །ོཾ། རྣམ་དག་པདྨོ་བདེ་བའི་དབྱིངས། །ཡེ་ཤེས་བྱིན་ 120a ༄#། །ལས་གསལ་བའི་མཆོག་།དཀྱིལ་འཁོར་གསང་གསུམ་དམ་ཚིག་ཆེ། །མཉམ་ཉིད་རིགས་བདག་ཐུབ་པ་ཆེ། །བྱིན་རླབས་འདོར་བར་མི་མཛད་པས། །སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས། །གསལ་མཇད་གཉིས་སུ་མེད་པའི་སྐུ། །རང་གི་ངོ་བོས་གནས་པ་ཡིན། །གཙོ་བོ་སྔགས་ཀྱིས་བསྐུལ་བྱས་ཏེ། །འོད་ཟེར་རྒྱན་བཅས་ཐུགས་ཀར་བསྡུས། །ཡི་གེ་ཨཱ་ནས་ཨཿ ཡི་བར། །བཅུ་དྲུག་འོད་ཟེར་འཕྲོ་བྱས་པས། །འགྲོ་ཀུན་སངས་རྒྱས་སྐུར་བཀོད་ཅིང ། །རིགས་མཐུན་དཀྱིལ་འཁོར་ཀུན་གསལ་འགྱུར། །སྔགས་ཀྱིས་འོད་ཟེར་སྒྲར་བཅས་པས། །ཆོས་རྣམས་བཅུ་དྲུག་དག་པའི་དབྱིངས། །རང་གི་གནས་སུ་བཀོད་བྱས་པས། །མཚན་མཆོག་སུམ་ཅུ་རྩ་གཉིས་རྫོགས། །དེ་བཞིན་ཀ་ནས་ཀྵ་ཡི་བར། །སུམ་ཅུ་རྩ་བཞིའི་རིམ་བཞིན་གསལ། །བརྙན་པའི་ཡི་གེ་དྲུག་དང་བཅས། །འོད་འཕྲོས་ཐམས་ཅད་སངས་རྒྱས་སྐུ།། ཡེ་ཤེས་དཀྱིལ་འཁོར་གསལ་བྱས་ན། །སྔགས་ཀྱི་འོད་ཟེར་སྒྲར་བཅས་ནས། །ཆོས་མང་ཡེ་ཤེས་ཟག་པ་མེད། །སླར་ཉིད་སྐུ་ཡི་གནས་བཞུགས་པས། །དཔེ་བྱད་བཟང་པོ་བརྒྱད་ཅུ་རྫོགས། །གཞན་ཡང་རིན་ཆེན་སྣ་བདུན་དང ། །བཀྲ་ཤིས་བརྒྱད་སོགས་ཀུན་གྱིས་སྤྲས། །ཝཾ་ལས་རྣམ་འཕྲུལ་ཚེ་མཐའ་ཡས། །ཞལ་གཅིག་ཕྱག་བཞི་དཀར་དམར་ 120b མདངས། །པདྨ་སོགས་དང་རལ་གྲི་འཇིན། །ཆོས་ཀྱི་སྣང་བའི་རྒྱན་གྱིས་བསྒྲུབས། །པདྨ་རྒྱན་འབྲིང་རང་བཞིན་མཆོག་།ཤར་གྱི་དཀྱིལ་འཁོར་གནས་ལ་བཞུགས། །གཾ་ལས་སྤྲུལ་པའི་ཆོས་དབང་ཕྱུག་།དམར་སེར་ཞལ་གཅིག་ཕྱག་གཉིས་པ། །པདྨའི་ཕྲེང་བ་དུམ་པ་འཛིན། །དཀྱིལ་འཁོར་གནས་སུ་བཞུགས་པའོ། །གྷཾ་ལས་སྤྲུལ་པའི་ཆགས་མེད་འོས། །ཞལ་གཅིག་ཕྱག་གཉིས་བྱུ་རུའི་འོད། །པད་གནས་གླེགས་བམ་མེ་ལོང་འཛིན། །ནུབ་ཀྱི་དཀྱིལ་འཁོར་གནས་བཞུགས་པའོ། །ངཾ་ལས་སྤྲུལ་པའི་སྤྱན་དག་མ། །ཞལ་གཅིག་ཕྱག་གཉིས་བཙོད་ཀྱི་མདོག་།རིན་ཆེན་ཕྲེང་བས་བསིལ་ཡབ་འཛིན། །བྱང་གི་དཀྱིལ་འཁོར་གནས་བཞུགས་པའོ། །ཙཾ་ལས་སྤྲུལ་པའི་མི་བསྐྱོད་པ། །ཞལ་གཅིག་ཕྱག་བཞི་ཆུ་ཤེལ་མདོག་།རྡོ་རྗེ་དྲིལ་འཛིན་འཁྲིལ་བའི་ཚུལ། །དཔལ་བེའུ་བུམ་སོགས་འོད་ཕྲེང་རྒྱན། །ཆཾ་ལས་སྤྲུལ་པའི་རྟ་དབང་ཕྱུག་།ཞལ་གཅིག་ཕྱག་བཞི་བཻ་ཌཱུར་ཡ།། རིན་ཆེན་སྙེ་མ་དུང་ཕོར་འཛིན། །ལྷོ་ཡི་དཀྱིལ་འཁོར་གནས་ལ་བཞུགས། །ཛཾ་ལས་སྤྲུལ་པའི་འབྲུག་སྒྲ་ནི། །ཞལ་གཅིག་ཕྱག་གཉིས་གུར་གུམ་མདོག་།རིན་ཆེན་ཆག་ཤིང་གུཎྜེ་འཛིན། །ནུབ་ཀྱི་དཀྱིལ་འཁོར་གནས་ལ་བཞུགས། །ཉཾ་ལས་སྤྲུལ་པའི་དྲི་མེད་དཔལ། །ཞལ་གཅིག་ཕྱག་བཞི་མ་རྒད་མདོག་།རིན་ཆེན་པད་སྲུངས་ཟ་མ་ཏོག ། 121a ༄#། །བྱང་གི་དཀྱིལ་འཁོར་གནས་ལ་བཞུགས། །ཏཾ་ལས་སྤྲུལ་པའི་རིན་ཆེན་དབྱངས། །ཞལ་གཅིག་ཕྱག་བཞི་གསེར་གྱི་མདོག་།རིན་ཆེན་དྲིལ་བུ་ཡུམ་དང་འཁྲིལ། །རིན་ཆེན་མཛོད་སྤུངས་འཁོར་ལོ་སོགས། །ཐཾ་ལས་སྤྲུལ་པའི་ནམ་མཁའི་མདོག་།ཞལ་གཅིག་ཕྱག་བཞི་སྔོ་སྐྱའི་མདངས། །རིན་ཆེན་གླིང་བུ་པདྨོ་འཛིན། ། ཤར་གྱི་དཀྱིལ་འཁོར་གནས་ལ་བཞུགས། །དཾ་ལས་སྤྲུལ་པའི་དྲ་བ་ཅན། །ཞལ་གཅིག་ཕྱག་བཞི་མཐིང་གའི་མདོག་།རིན་ཆེན་ཕྲེང་དང་པདྨོ་འཛིན། །ལྷོ་ཡི་དཀྱིལ་འཁོར་གནས་ལ་བཞུགས། །དྷཾ་ལས་སྤྲུལ་པའི་དཀོན་མཆོག་རྒྱན། །ཞལ་གཅིག་ཕྱག་བཞི་དམར་སྐྱའི་མདངས། །ཆོས་ཀྱི་རྒྱལ་མཚན་རྒྱུད་མང་འཛིན། །ནུབ་ཀྱི་དཀྱིལ་འཁོར་གནས་ལ་བཞུགས། །ནཾ་ལས་སྤྲུལ་པའི་རིན་ཆེན་ཏོག་།ཞལ་གཅིག་ཕྱག་བཞི་མ་ར་ཏ། །དགོས་འདོད་བུམ་པ་དཔག་བསམ་ཤིང ། །བྱང་གི་དཀྱིལ་འཁོར་གནས་ལ་བཞུགས། །ཊཾ་ལས་སྤྲུལ་པའི་ཀུན་ཏུ་སྣང ། །ཞལ་གཅིག་ཕྱག་བཞི་གསེར་གྱི་མདོག་།འཁོར་ལོ་དྲིལ་འཛིན་ཡུམ་དང་བུམ་པ་འཛིན། །ཙུག་ཏོར་དྲི་མེད་རྡོ་རྗེ་འཛིན། །ཐཾ་ལས་སྤྲུལ་པའི་འོད་ཀྱི་དཔལ། །ཞལ་གཅིག་ཕྱག་བཞི་ཤེལ་གྱི་མདོག་།འཁོར་ལོ་དྲ་བ་རལ་གྲི་འཛིན། །ཤར་གྱི་དཀྱིལ་འཁོར་གནས་ལ་བཞུགས། །དཾ་ལས་སྤྲུལ་པའི་ 121b དགའ་དབང་ཕྱུག་།ཞལ་གཅིག་ཕྱག་བཞི་ཉི་མའི་མདངས། །འཁོར་ལོ་རྒྱལ་མཚན་དགའ་བའི་མཛོད། །ལྷོ་ཡི་དཀྱིལ་འཁོར་གནས་ལ་བཞུགས། །ཏཾ་ལས་སྤྲུལ་པའི་ཆོ་འཕྲུལ་བཀོད། །ཞལ་གཅིག་ཕྱག་བཞི་དམར་སྐྱའི་མདངས། །ཉི་མའི་འོད་ཕྲེང་རྡོ་རྗེས་སྤྲས། །ནུབ་ཀྱི་དཀྱིལ་འཁོར་གནས་ལ་བཞུགས། །ནཾ་ལས་སྤྲུལ་བའི་རྣམ་པར་གཟིགས། །ཞལ་གཅིག་ཕྱག་གཉིས་ལྗང་སྐྱའི་མདངས། །ཀུ་ཤའི་ཆུན་པོའི་ཨ་མྲའི་མདངས། །བྱང་གི་དཀྱིལ་འཁོར་གནས་ལ་བཞུགས། །པཾ་ལས་སྤྲུལ་པའི་དོན་ཡོད་པ། །ཞལ་གཅིག་ཕྱག་བཞི་ལྗང་སྔོའི་མདོག་།རྒྱ་གྲམ་དྲིལ་བཅས་ཡུམ་དང་འཁྲིལ། །རྡོ་རྗེ་གདེངས་པོས་རལ་གྲི་འཛིན། །ཕཾ་ལས་སྤྲུལ་པའི་བརྩོན་འགྲུས་འཁྱུག་།ཞལ་གཅིག་ཕྱག་བཞི་ཀརྟི་ཀ་།རྒྱ་གྲམ་ཕྲེང་བ་རྩེ་གསུམ་འཛིན། །ཤར་གྱི་དཀྱིལ་འཁོར་གནས་ལ་བཞུགས། །བཾ་ལས་སྤྲུལ་པའི་ལས་ཆེན་པོ། །ཞལ་གཅིག་ཕྱག་བཞི་སེར་སྐྱའི་མདོག་།པདྨའི་ཕྲེང་བ་ནོར་བུ་འཛིན། །ལྷོ་ཡི་དཀྱིལ་འཁོར་གནས་ལ་བཞུགས། །བྷཾ་ལས་སྤྲུལ་པའི་གནོད་སྦྱིན་འདུལ། །ཞལ་གཅིག་ཕྱག་བཞི་པདྨའི་མདངས། །ཕྱག་ན་རྡོ་རྗེ་མཆེ་བ་འཛིན། །ནུབ་གྱི་དཀྱིལ་འཁོར་གནས་ལ་བཞུགས། །མཾ་ལས་སྤྲུལ་པའི་སྣ་ཚོགས་དམ། །ཞལ་གཅིག་ཕྱག་བཞི་ལྗང་སེར་མདངས། །ཟླ་བ་རིན་ཆེན་དབྱུག་པ་འཛིན། །བྱང་གི་དཀྱིལ་ 122a ༄#། །འཁོར་གནས་ལ་བཞུགས། །བདེར་གཤེགས་རྒྱལ་བ་དེ་དག་ཀྱང ། །ཙཀྲ་བསྒྱུར་རྒྱལ་མ་ལུས་དང ། །མཚན་དང་དཔེ་བྱང་སྣ་ཚོགས་བརྒྱན། །རིགས་བཙུན་བཙུན་མོ་མཛེས་པར་བྱ། །ཡང་སྤྲུལ་བྱམས་པའི་དབང་ཕྱུག་ནི། །ཞལ་གཅིག་ཕྱག་བཞི་གངས་རིའི་མདོག་།རྡོ་རྗེ་གདེངས་དབྱུག་རལ་གྲི་དང ། །ཏྲི་ཤུལ་ཐོད་བཅས་པདྨའི་ལྕུག་།རྔམ་བརྗིད་འཁོར་བཅས་ཡུམ་དང་འཁྲིལ། །དྲག་པོའི་རྒྱན་ཆ་ཤར་གྱི་སྒོ། །ཁཝ་ལས་སྤྲུལ་པ་རྩེ་བའི་དབང ། །ཞལ་གཅིག་ཕྱག་བཞི་གསེར་གྱི་མདོག་།རིན་ཆེན་དབྱུག་པ་པདྨོ་དང ། །ཐོད་རྔ་རྡོ་རྗེ་མྱུ་གུའོ། །རཾ་ལས་སྤྲུལ་པའི་རྣམ་གྲོལ་དབང ། །ཞལ་གཅིག་ཕྱག་བཞི་དམར་མདངས་གསལ། །པདྨ་དང་ནི་དྲིལ་བུ་དང ། །ཐོད་སྤྲུལ་རས་སྔོན་བ་དན་འཛིན། །ལཾ་ལས་སྤྲུལ་པའི་འགྲོ་དབང་ཕྱུག་།ཞལ་གཅིག་ཕྱག་བཞི་ལྗང་ཁུའི་མདོག་།རྡོ་རྗེ་རྒྱ་གྲམ་པདྨོ་དང ། །གྲི་གུག་གཏུན་ཤིང་ཕྲེང་བ་ཅན།། རིན་ཆེན་ཕྲེང་བས་མཛེས་བྱས་ནས། །འཁོར་བཅས་རྔམ་པའི་མདངས་བཅས་པས། །ལྷོ་ལ་སོགས་པའི་སྒོ་བཞི་རུ། །གཞན་འཇིག་དྲག་པོའི་ལས་ཀྱིས་འཁོད། །ཤཾ་ལས་སྤྲུལ་པའི་བྱིན་དབང་ཕྱུག་།ཞལ་གཅིག་ཕྱག་བཞི་དཀར་དམར་འོད། །རྩེ་གསུམ་བནྡྷ་རིན་ཆེན་འཁྲིལ། །མེ་ཡི་ཐོད་པ་རི་མོས་མཚན། །ཁཾ་ལས་སྨྲ་བའི་དབང་ཕྱུག་སྟེ། ། 122b ཞལ་གཅིག་ཕྱག་བཞི་སེར་སྐྱའི་མདངས། །རིན་ཆེན་རྩེ་དགུ་བགྲང་ཕྲེང་དང ། །པདྨའི་ལྕུག་མ་སྡིགས་མཇུབ་མཛད། །སཾ་ལས་སྤྲུལ་པའི་སྤྱོད་དབང་ཕྱུག་།ཞལ་གཅིག་ཕྱག་བཞི་དམར་སྐྱའི་མདངས། །དབྱུག་པ་རྩེ་གཅིག་པདྨ་དང ། །དགྲ་སྟ་ཞགས་པ་ཕྱག་ན་འཛིན། །ཧཾ་ལས་སྤྲུལ་པའི་དབང་ཕྱུག་སྟེ། །ཞལ་གཅིག་ཕྱག་བཞི་ལྗང་གུའི་སྐུ། །རལ་གྲི་ལྕགས་ཀྱུ་དག་སྟ་དང ། །མེ་ཡི་ཕྲེང་བ་འཁོར་ལོ་འཛིན། །གཞན་འཇོམས་འཇིགས་པའི་ཁྲོ་བོའི་མཆོག་།རང་འོད་རིགས་མཐུན་ཡུམ་དང་རོལ། །དྲག་པོའི་རྒྱན་ཚོགས་མ་ལུས་འགེངས་པདྨའི་འདབ་མ་བཞིན་དུ་འཁོད། །ཀ་ལས་བདེ་བའི་བློ་གྲོས་དང ། །ཞལ་གཅིག་ཕྱག་བཞི་ནམ་མཁའི་མདངས། །ཡུམ་བཅས་རྡོ་རྗེ་དྲིལ་བུ་དང ། །ནམ་མཁའི་མཛོད་ཀྱི་འོད་ཀྱི་དཀྱིལ་འཁོར་དང ། །ཁ་ལས་ཁང་པ་རྒྱ་མཚོའི་སྒྲ་དབྱངས་ཅན། །ཞལ་གཅིག་ཕྱག་བཞི་པུ་ཤ་ར། །རིན་ཆེན་པི་ཝང་ཕྲེང་བ་དང ། །རྔ་ཡབ་རྡོ་རྗེ་ཅོད་པན་ཐོགས། །ག་ལས་གཟི་བརྗིད་བཀོད་པ་ནི། །ཞལ་གཅིག་ཕྱག་བཞི་རྒྱ་སྐེགས་མདོག་།པདྨའི་ལྕུག་མ་ཟླ་བ་དང ། །འཁོར་ལོ་ཡིད་བཞིན་བུམ་པ་དང ། །གྷ་ལས་སྤྲུལ་པའི་འཁོར་ལོ་གནོན་པ་ནི། །ཞལ་གཅིག་ཕྱག་བཞི་མར་དང ། །འཁོར་ལོ་དབྱུག་པ་མ་མོ་ཤིང ། །རྒྱ་གྲམ་རིན་ཆེན་ལྕུག་མ་འཛིན། །ཙ་ལས་ཤེས་རབ་སྣང་བ་ནི། །ཞལ་གཅིག་ཕྱག་བཞི་ལྗང་སྐྱའི་མདངས། །རིན་ཆེན་ཕུང་ 123a ༄#། །པོ་པདྨ་དང ། །རྩེ་གསུམ་དྲིལ་ཐབས་འོད་དཀྱིལ་འཁོར། །ཚ་ལས་རྡོ་རྗེ་རྒྱལ་མཚན་ཏེ། །ཞལ་གཅིག་ཕྱག་བཞི་གསེར་གྱི་མདོག་།རིན་ཆེན་གདུགས་མཛེས་ཉི་མ་དང ། །དཔའ་བོ་ལོངས་སྤྱོད་པདྨའི་སྤྱན། །ཛ་ལས་འོད་ཟེར་འཕྲོ་བ་དང ། །ཞལ་གཅིག་ཕྱག་བཞི་མདངས་དམར་གསལ། །པདྨ་འཁོར་ལོ་མཆོད་སྡོང་བུ། །མུ་ཏིག་ཆུན་པོ་ཟ་མ་ཏོག་།ཛྷ་ལས་སྤྲུལ་པའི་དྲག་ཤུལ་ཅན། །ཞལ་གཅིག་ཕྱག་བཞི་ལྗང་སེར་མདོག་།འོད་ཀྱི་མེ་ཕུང་མེ་འོད་དང ། །རལ་གྲི་འབར་བ་གཡས་དང་གཡོན། །ཏ་ལས་སྤྲུལ་བའི་དྲི་མ་སེལ། །ཞལ་གཅིག་ཕྱག་གཉིས་དམར་སྐྱའི་མདངས། །ཉི་མའི་ཕྲེང་བ་གཎྜཱི་རྡེག་།ཆོས་ཀྱི་ཙཀྲ་རྫོགས་བྱེད་པའོ། །ཐ་ལས་སྒྱུ་མའི་འཕྲུལ་པ་ནི། །ཞལ་གཅིག་ཕྱག་བཞི་པ་ལ་ཤ་།སེངྒེ་རྒྱ་མཚོ་རིན་ཆེན་ཕྲེང ། །རིན་ཆེན་བུམ་པ་དེ་བཅུད་བཅས། །ལས་ཀྱི་རིན་ཆེན་རྒྱལ་པོ་ནི། །ཞལ་གཅིག་ཕྱག་བཞི་རཱ་གའི་མདངས། །རི་བོ་པདྨ་ཆུ་དྲི་དང ། །གསེར་ཉ་འཕྱོ་བའི་རྫིང་བུ་ཡིན། །དྷ་ལས་འཕྲོས་པའི་དྲ་བ་ཅན། །ཞལ་གཅིག་ཕྱག་བཞི་ལྗང་གུའི་མདོག་།རྒྱ་གྲམ་དྲིལ་བུ་འཕྲོ་བ་དང ། །བནྡྷ་སྦྲང་ཡབ་འཛག་པའི་རྒྱུན། །ཏ་ལས་སྤྲུལ་པའི་ལག་བཟང་ནི། །ཞལ་གཅིག་ཕྱག་བཞི་ཀརྟའི་འོད། །པདྨའི་རྒྱལ་མཚན་དཀར་དམར་མདངས། །དྲི་ཡི་གཞོང་པ་ཀུ་ཤའི་ཚུལ། །ཐ་ལས་གསེར་འོད་འཕྲོ་བ་འཛིན། །ཞལ་གཅིག་ 123b ཕྱག་བཞི་མཐིང་གའི་མདོག་།གླེགས་བམ་མཛེས་པའི་སྐུ་གཟུགས་དང ། །རིན་ཆེན་མཛོད་དང་ཟླ་བའི་འོད། །ཌ་ལས་རིན་ཆེན་སྙེ་མ་ནི། །ཞལ་གཅིག་ཕྱག་བཞི་པད་རཱ་ག་།པདྨའི་སྡོང་བུ་དཔག་བསམ་ཤིང ། །བནྡྷ་རྩེ་གསུམ་ཟླ་ཚེས་གཟུགས། །དྷ་ལས་ཆོས་ཀྱི་མཐོང་བ་ནི། །ཞལ་གཅིག་ཕྱག་བཞི་སྣ་ཚོགས་སྐུ། །གོ་ཆ་ཡེ་ཤེས་སྒྲོན་མ་དང ། །དཔལ་བེའུ་ཟུར་བརྒྱད་ནོར་བུ་ཏོག་།སྣ་ཚོགས་སྤྲིན་ཕུང་སེར་གྲ་བཅས། །མཆེ་བ་དྲིལ་བུ་ངང་པ་འཛིན། །བྷ་ལས་གཞོན་ནུ་རིན་ཆེན་ནི། །ཞལ་གཅིག་ཕྱག་བཞི་ལྗང་སེར་མདོག་།རྒྱ་གྲམ་འཁོར་ལོའི་ཕྲེང་བ་དང ། །འོད་ཟེར་རྩེ་གསུམ་སྔགས་པའི་བུམ། །སེམས་དཔའ་ཆེན་པོ་དེ་དག་རྣམས། །རྒྱན་ཕྲེང་ཆ་ལུགས་འོད་ཟེར་དང ། །ཡུམ་གནས་འཁྲིལ་ཞིང་རང་གནས་ཀྱི། །གཙོ་ལ་འཁྲིལ་བའི་ཚུལ་དུ་བཞུགས། །ཉ་མ་ན་ལས་འཕྲུལ་པ་ཡི། །རྡོ་རྗེ་རྣམ་པར་གནོན་ལ་སོགས། །རིགས་ཀྱི་མཚན་མ་ཇི་བཞིན་དུ། །པདྨ་རཱ་ག་རཀྟ་མདངས། །བེ་འུ་གསེར་མདོག་ཨིནྡྲ་བཞིན། །པདྨ་རྡོ་རྗེ་རིམ་སོགས་མཚན། ། ཞལ་གཅིག་ཕྱག་བཞི་ཡུམ་དང་འཁྲིལ། །འོག་མའི་ཕྱག་མཚན་མཐུན་པ་ཡི། །རང་རྟགས་མཚན་མ་སྣ་ཚོགས་དང ། །པདྨའི་ལྕུག་མས་མཚན་བྱས་པའི། །མེ་ཏོག་འབྲས་བུ་རྣམས་ཀྱིས་མཛེས། །ཤར་ལ་སོགས་པའི་ཕྱོགས་བཞི་རུ། །བྱང་ཆུབ་སེམས་དཔའི་ཆ་ལུགས་ཀྱིས། །རང་གི་དཀྱིལ་འཁོར་གནས་སུ་འཁོད། །ཡ་ཝ་ར་ལས་སྤྲུལ་པ་ཡི། །པདྨ་འཕྲོ་བ་ལ་སོགས་བཞི། 124a ༄#། །ཞལ་གཅིག་ཕྱག་གཉིས་དཀར་དང་སེར། །དམར་ལྗང་པདྨོ་མེ་ལོང་དང ། །རིན་ཆེན་ཕྲེང་བ་པི་ཝང་གར། །མཆོད་པ་ལས་མཛད་ནང་གི་མཚམས། །ཥ་ཤ་ས་ཧ་ལས་འཕྲུལ་པའི། །པདྨོ་ཚིམ་བྱེད་ལ་སོགས་པའི། །ཞལ་གཅིག་ཕྱག་གཉིས་རིགས་གཉིས་གཟུགས། །བདུག་སྤོས་མེ་ཏོག་དུང་དང་དྲི། །འགྱིང་ཚུལ་ཏྲི་ཤཱུལ་ལས་ཀྱི་ཚུལ། །མཆོད་པས་ཕྱི་ཡི་མཚམས་ན་གནས། །དེ་དག་གི་གསང་སྔགས་ནི། ཨོཾ་དྷེ་ཧི་རཱ་ག་པདྨ་ཤི་རི་པུ་ཏ་ཧཱུཾ་ཧཱུཾ་སཝཱཧཱ། ཨོཾ་པདྨ་མ་ཧཱ་དྷ་བ་ར་བུ་ན་སི་ཏ་མཧཱ་དྷ་མ་ཧྲྀ་ད་ཡཱ་ཧཱུཾ་ཧཱུཾ། བྲད་ཏང་ཡ་ཛ་སཝཱཧཱ།་དབུས་ཀྱི་དཀྱིལ་འཁོར་གྱིའོ། །ོཾ་ཙཀྲ་ཨ་ལོ་ཀ་ན་མ་རཀྵ་སཾ་བྷ་རཏྣ་ཧྲི་ཏི་བ་ཡ་བ་ཏི་ཛ་སཝཱཧཱ། ནུབ་ཕྱོགས་པའི་དཀྱིལ་འཁོར་རོ། །ོཾ་བཛྲ་ད་ར་བ་ཀྲྀ་ཏ་ཡ་ནི་ཤཾ་ར་ཏི་པ་ཤཾ་ནི་ཛ་སཝཱཧཱ།་ཤར་ཕྱོགས་ཀྱི་དཀྱིལ་འཁོར་ལའོ། །ོཾ་རཏྣ་ཀུ་ཏི་དུ་མནྟ་བནྡྷ་བནྡྷ་དུ་ན་དུ་ན་བི་ཛ་སཝཱཧཱ། ལྷོ་ཕྱོགས་ཀྱི་དཀྱིལ་འཁོར་པའོ། །ོཾ་བི་ཤ་ཙི་ན་དྷ་མ་མ་དུ་རུ་ཧ་ཧ་ཧ་ཧ་སརྦ་གུརྦ་ནི་ཧཱུཾ་ཕཊ་སཝཱཧཱ། བྱང་གི་དཀྱིལ་འཁོར་པའོ། །ོཾ་མཾ་མ་ཨ་བ་ལེ་ཀ་ན་རུ་རུ་ཡུ་རུ་སི་དེ་བྷྱོ་དེ་སཏྭ་མ་མ་ཧཱུཾ་ཛ་སཝཱཧཱ། རིགས་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིའོ། །ོཾ་བི་ལོ་ཀ་ནཱ་མ་སི་ཏན་མ་ཀུ་རུ་ཀུ་རུ་བོ་དྷི་སཏྭ་བྷ་ར་བུ་ན་ཛ་ཧཱུཾ་ཛ་སཝཱཧཱ། རིགས་ལས་སྤྲུལ་པའི་བྱང་ཆུབ་སེམས་ཀྱིའོ། །ོཾ་བིནྡྷ་བིནྡྷ་སརྦ་ཀརྨ་སི་དེ་དེ་བི་ཀུ་རུ་བུ་ཏ་སཾ་བོ་ཧ་ཧཱུཾ་ཨོཾ་ཨཾ་ཛ་སཝཱཧཱ། ལྷ་མོ་རྣམས་ 124b ཀྱིའོ། །ོཾ་ཨ་པསྨ་ར་ཀྲོ་དྷ་སྣི། ཡཀྵ་ཧཱུཾ་ཧཱུཾ་ཧཱུཾ་བི་ཏཾ་པ་ཀ་ཕཊ་སཝཱཧཱ། ཁྲོ་བོ་རྣམས་ཀྱིའོ། །གསང་སྔགས་རྒྱལ་པོ་མི་ཟད་པས། །རྣམ་པར་སྤྲུལ་པ་སྐུ་ཡིས་ནི། །སྟོང་གསུམ་གནས་ནས་གཡོ་མཛད་དེ། །རང་གི་ལྷ་ལ་གསལ་བར་མཛོད། །དེ་ནས་མགོན་པོ་རྡོ་རྗེ་འཛིན། །བདེ་ཆེན་གར་གྱི་དབང་ཕྱུག་གིས། །དཀྱིལ་འཁོར་རྣམ་གསུམ་གསལ་བྱེད་པའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །དཀྱིལ་འཁོར་བྱིན་བརླབས་དབང་བསྐུར་ཞིང ། །རིགས་ཀྱི་བདག་པོས་གསལ་བར་མཛོད། །གནས་ཀུན་མཚན་མ་ཡོངས་དག་ནས། །རྣམ་གསུམ་སྣང་བ་གཉིས་མེད་འགྱུར། །ོཾ་ན་མ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་མཧཱ་བོ་དྷི་ཧྱ་སུ་ཏྲཾ་ཏྲི་ཤ་ཤུ་དྷེ་སོ་ན་ཁྱ་ཧཱུཾ་ཧཱུཾ་ཧཱུཾ། ཨོཾ་རིན་ཆེན་དབུ་རྒྱན་གྱི་སྔགས་སོ། །སརྦ་བུ་ཏ་ཀུ་རུ་རཏྣ་མ་མ་ཀུ་ཏ། ཨ་ཨ་བཱིརྱ་སད་མ་མ་ཀུ་ཨ་བྷི་ཥིཉྩ་ཨོཾ་ཨཱཿ ཧཱུཾ་སཝཱཧཱ། ཨོཾ་པདྨ་ཨ་མོ་ཀ་ས་མ་ཡ་ཤྲཱི་ཧ་ཧ་ཧ་ཚིནྡྷ་མ་ནི་ཨ་སྨི་ཤ་བི་མ་མ་ཡ་ཧཱུཾ་ཧཱུཾ། སྔགས་གསུམ་གྱིས་གསལ་བར་བྱེད་པའོ། །ོཾ་བི་ཤ་ཙ་ནི་དྷ་མ་ནི་ཨ་བ་སཾ་བོ་ད་མ་མ་ཀུ་རུ་སི་ལ་ལ་ཏ་སི་ན་བི་བུད་པ་པཾ་ད་ཧཱུཾ་ཧཱུཾ་ཧཱུཾ། རྣམ་པར་སྤྲོ་བའི་སྔགས་སོ། །ོཾ་མ་ཏ་ལ་ནི་བི་ཤ་ཙཀྲ་ཀུ་མ་ཏ་བུ་ཏ་ན་མ་སིལ་དུ་ཏྲི་སི་ཧཱུཾ་ཕཊ་སཝཱཧཱ། དཀྱིལ་འཁོར་གསལ་བའི་སྔགས་སོ། །ོཾ་ཨཾ་ཨ་ཨ་མིན་དུ་ཤེ་མ་ལ་ཤ་ན་དུ་ན་དྷེ་ཏ་ཐཱ་ག་ཏེ་བྷྱོད་ཏི་པདྨ་ཀུ་རུ་ཨཱཿ ཧཱུཾ་སཝཱཧཱ། རྦད་པའི་སྔགས་སོ། །ོཾ་པདྨ་མུ་ཁཾ་པདྨ་བ་བ་ས་བོ་ཏི་དི་ར་ཡཾ་གུ་རུ་ཧཱུཾ་ཧཱུཾ་ཧཱུཾ་ཧཾ་ཧཾ་དཪྴ་སཝཱཧཱ། སྙིང་པོའི་ 125a ༄#། །སྔགས་སོ། །ོཾ་ན་མ་སུ་ཏྲཾ་བྷོ་ག་ག་ན་གུ་མ་ལེ་སཾ་སཱ་ར་ཧཱུཾ་ཕཊ་སཝཱཧཱ། རིག་པ་མཆོག་གི་སྔགས་སོ། །ོཾ་བ་ག་ག་པ་སཾ་པོ་པདྨ་དྷ་ཨེ་ཧྱེ་ཧི་མཧཱ་ཀཱ་རུ་མ་ད་ཨ་མ་དྷུ་ན་ཛ་ཛ།་སྤྱན་དྲང་བའི་སྔགས་སོ། །ོཾ་པདྨོ་སཾ་ག་ག་སུ་ར་ཏ་ར་ག་ས་མ་ཡེ་སྟྭཾ། གདན་གྱི་སྔགས་སོ། །ོཾ་ཨ་མུ་ཀ་སི་ན་མ་སརྦ་བྷྱོ་ག་ག་ཏ་པུ་ཙ་མེ་ད་ན་ད་ཧཱུཾ་ཏྲི་སཝཱཧཱ། མཆོད་པའི་སྔགས་སོ། ། ོཾ་པདྨ་བི་ལོ་ཀུ་མ་ལ་སུ་ནི་ཏུ་ཏྲཱཾ་སཝཱཧཱ། པ་སཾ་ཧི་ཧི། དགྱེས་པར་བྱ་བའི་སྔགས་སོ། །དེ་ནས་གསང་བའི་བདག་པོ་མཆོག་།རྡོ་རྗེ་གསང་བ་རྨད་བྱུང་བའི། །སྐུ་དང་གསུང་ཐུགས་གསང་སྔགས་ཆེ། །བྱིན་གྱིས་བརླབས་པ་དོན་བཤད་མཛད། །བདེ་བར་གཤེགས་པའི་ཡེ་ཤེས་མཆོག་།དེ་དག་དཀྱིལ་འཁོར་རྣམ་འཕྲུལ་མཆོག་།དྲི་མ་མེད་པའི་བྱང་ཆུབ་སེམས། །དེ་ནི་དཀྱིལ་འཁོར་སྙིང་པོ་མཆོག་།རྡོ་རྗེ་གསང་བའི་གནས་ཆེན་པོ། །ཐབས་དང་ཤེས་རབ་རོལ་པའི་ཚུལ། །རང་བཞིན་བྱང་ཆུབ་སེམས་ཉིད་ལས། །རང་བཞིན་ལྷུན་གྲུབ་རྫོགས་ཆེན་པོ། །འགྲོ་བའི་སྣང་བ་དམ་པའི་མཆོག་།རང་བཞིན་དག་པ་དྲི་མེད་ཆོས། །དཀྱིལ་འཁོར་གནས་མཆོག་གཉིས་མེད་པའོ། །ཕུང་པོ་ཁམས་སོགས་རྣམ་དག་སྐུ། །ེ་མའོ་ཆོས་སྐུ་མྱ་ངན་འདས། །ེ་མའོ་ཆོས་རྣམས་ཡེ་ཤེས་སྐུ། །ེ་མའོ་ཆོས་ཀུན་རྣམ་པར་འཕྲུལ། །རྒྱ་ཆེ་སྔགས་ཀྱི་ཚུལ་ལྡན་པའི། །དཀྱིལ་འཁོར་གསང་གསུམ་ངོ་མཚར་ཆེ། །ཐབས་ལྔ་མཛད་པ་སྣ་ཚོགས་ཀྱིས། ། 125b སྔོན་དང་ད་ལྟར་འབྲེལ་དོན་འབྱུང ། །ཐབས་མཁས་ཕ་རོལ་ཕྱིན་བཅུ་རྫོགས། །བསོད་ནམས་ཡེ་ཤེས་དག་པའི་ཤུགས། །ས་དང་ས་འདས་དོན་ཆེན་པོ། །ཏ་ཐཱ་ག་ཏའི་བྱིན་རླབས་དབྱིངས། ། ལ་ལ་སྐུ་དང་གསུང་དང་ཐུགས། །ཟབ་པ་དེ་ཉིད་རང་གི་མཐུས། །གསང་གསུམ་གནས་ལ་ཕྱག་འཚལ་ལོ། །ཡ་མཚན་ཆོས་ལ་ཕྱག་འཚལ་ལོ། །རྣམ་འཕྲུལ་སྐུ་ལ་ཕྱག་འཚལ་ལོ། །བྱང་ཆུབ་སེམས་ལ་ཕྱག་འཚལ་ལོ། །ཞེས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས། །དཀྱིལ་འཁོར་རྣམ་པར་འཕྲུལ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་འདུས་པའི་འཁོར་ཚོགས་རྣམས། །དགའ་བ་ཆེན་པོ་ངོ་མཚར་གྱིས། །རྒྱུད་གསུམ་རྣམ་དག་ཚིམ་གྱུར་ནས། །དགྱེས་པའི་དབྱངས་ཀྱིས་གསོལ་བ་བཏབ། །ེ་མའོ་ངོ་མཚར་ཡ་མཚན་ཆེ། །གཉིས་མེད་རོལ་པ་ཡ་མཚན་ཆེ། །དྲི་མེད་དང་བ་ཡ་མཚན་ཆེ། །འོད་འཕྲོ་འདུ་བ་ཡ་མཚན་ཆེ། །བྱང་ཆུབ་སྤྲིན་ཕུང་ཡ་མཚན་ཆེ། ། སངས་རྒྱས་འབྱུང་བ་ཡ་མཚན་ཆེ། །འཕྲུལ་པ་འབྱུང་བ་ཡ་མཚན་ཆེ། །ཁྲོ་བོ་འབྱུང་བ་ཡ་མཚན་ཆེ། །བྱིན་རླབས་ཆོ་འཕྲུལ་ཡ་མཚན་ཆེ། །ཐ་བ་རླན་མཛད་ཡ་མཚན་ཆེ། །འགོག་པ་རླུང་མཛད་ཡ་མཚན་ཆེ། །བདག་ཅག་འཁོར་ཚོགས་འདུས་པ་རྣམས། །དམ་ཚིག་ཅན་དུ་བྱིན་བརླབས་མཛད། །ཟ་འོག་རིམ་པ་ཇི་བཞིན་དུ། །རྡོ་རྗེ་གསང་བའི་གྲལ་དུ་འགོད། །དེ་ནས་ 126a ༄#། །བཅོམ་ལྡན་བདེ་ཆེན་པོས། །ཆགས་པ་ཆེན་པོ་རྡོ་རྗེའི་སྐུ། །སྐུ་དང་གསུང་ཐུགས་གཉིས་མེད་པའི། །འཁོར་རྣམས་རབ་ཏུ་སྦྱང་བའི་ཕྱིར། །རྡོ་རྗེ་རྒྱན་གྱི་ཏིང་འཛིན་གྱིས། །རང་གི་དཀྱིལ་འཁོར་གསལ་བར་མཛོད། །དེ་ཚེ་བྱང་ཆུབ་སེམས་ཆེན་པོ། །འོད་ཟེར་ཀུན་ཏུ་ཁྱབ་པ་དེས། །དགའ་བ་ཆེན་པོའི་མཆོད་པ་ཡིས། །གནས་ཀྱི་མཚན་མ་གསལ་བར་མཛོད། །འདུ་ཤེས་མེད་དང་འགོག་གནས་སོགས། །རང་གི་རྟོག་པའི་མཐའ་ཞེས་རྣམས། །དྲི་མ་མེད་པའི་བྱང་ཆུབ་སེམས། །རིན་ཆེན་ཆུ་དེས་དབང་བསྐུར་ནས། ། རང་གི་ཡེ་ཤེས་དབང་ཐོབ་སྟེ། །འགྲོ་བའི་དོན་བྱེད་ནུས་དང་ལྡན། །ལས་ལ་སྤྱོད་པའི་གནས་རྣམས་དང ། །རང་སྐྱོབ་པ་ཡི་སེམས་དག་གིས། །ཐུགས་རྗེ་ཆེན་པོའི་བྱང་ཆུབ་སེམས། །སངས་རྒྱས་བརྟན་པ་འདི་གཉེར་རོ། །བྱང་ཆུབ་སེམས་ཀྱི་མཚན་མ་ཡིས། །འདུས་བའི་གནས་ལྔ་རིག་པར་བྱ། །ོཾ་གུ་ཧྱ་བཛྲ་ས་མ་སྟྭཾ། ཨ་ལ་ལ་ཧོ། །རྡོ་རྗེ་རོ་ལངས་བསྡུས་པ་ཡི། །གསང་བའི་དམ་ཚིག་ཆེན་པོ་རྣམས། །རིགས་ཀྱི་དགོངས་པ་ཇི་ལྟ་བར། །རྡོ་རྗེ་གསང་བའི་ལས་ལ་གནས། །སྐལ་བཟང་དམ་ཚིག་ཆེན་པོ་སྟེ། །དེ་ལས་འདས་ན་བརླག་པར་འགྱུར། །དཀའ་ཡི་བསྒོ་བའི་དོན་ཆེན་པོས། །འདས་པའི་འཁོར་ཚོགས་བསམ་ཡས་པས། །དམ་ཚིག་ཐོབ་པས་གྲལ་འཁོད་དོ། །དེ་ནས་གསང་བའི་བདག་པོ་ཉིད། ། 126b དབང་ཐོབ་ལས་མཛད་ཆེན་པོ་དེས། །བཅོམ་ལྡན་འདས་ལ་གཙུག་གི་ཕྱག་།རྣལ་འབྱོར་ལུགས་སུ་བྱས་ནས་ནི། །ཕྱི་ནང་གསང་བའི་མཆོད་པས་མཆོད། །མཉམ་འགྱུར་གསེལ་བ་རབ་ཏུ་བཏབ། །འདི་ལྟར་མ་བྱུང་ངོ་མཚར་ཁྱོད། །སངས་རྒྱས་རྣམས་ཀྱི་དབང་ཕྱུག་ཆེ། །མངོན་སྤྱོད་ཡ་མཚན་སྟོན་པར་སྤྱོད། །བཀའ་ཡི་འཁོར་ལོ་དམ་པ་ཉིད། །སྨྲ་བསམ་ཡུལ་ལས་རབ་འདས་ཀྱང ། །དཔེས་མཚོན་སྣང་བ་ལ་བརྟེན་ནས། །ཡི་གེ་མིང་ཚོགས་ལ་སོགས་ཀྱིས། །གསལ་བར་མཚོན་ཏེ་གོ་བར་མཛོད། །སྟོན་པ་དབང་ཕྱུག་དམ་པ་དེས། །གསོལ་བ་བཏབ་པའི་དོན་དགོངས་ནས། །བརྗོད་བསམ་འདས་པའི་ཏིང་འཛིན་ལས། །མཉམ་པར་བཞུགས་ནས་མི་གསུང་བཞུགས། །དེ་ན་འདུས་པའི་འཁོར་ཚོགས་ཀྱིས། །སྟོབས་མཆོག་སེངྒེ་ཆེན་པོ་ལ། །ལོགས་སུ་བཏུད་དེ་ཕྱག་འཚལ་ནས། །རྨད་བྱུང་མཆོད་པ་སྣ་ཚོགས་བྱས། །གསོལ་བཏབ་བློ་མཆོག་སེངྒེ་ཁྱོད། །བདག་ཅག་ཞུ་བའི་གནས་སྐབས་ཕྱེ། །སྟོབས་མཆོག་སེངྒེ་གསང་བདག་གིས། །གསོལ་བ་བཏབ་པའི་དོན་དགོངས་ནས། །འདུས་པའི་འཁོར་ཚོགས་ཁྱོད་ཉོན་ཅིག་།བདག་ལ་ཞུས་ཅིག་སྤོབས་པར་བྱོས། །སླར་ཉིད་གསོལ་བ་བཏབ་པའི་དོན། །ཀུན་གྱིས་མཐུན་པའི་ཚིག་སྨྲས་པ། །མགོན་པོ་རྒྱལ་བ་ཀུན་གྱི་མཛོད། །སངས་རྒྱས་རྣམས་ཀྱི་སྲས་ཀྱི་མཚོག་།བྱང་ཆུབ་སེམས་དཔའ་རྗེ་བཙུན་ལ། །ཆོས་རྣམས་སྟོན་པའི་གནས་ལགས་ན། །བཅོམ་ལྡན་གསང་མཆོག་དམ་པ་དེས། །གསང་ 127a ༄#། །སྔགས་ལམ་རྣམས་མི་སྟོན་ཅིང ། །དགོངས་མཛད་འབྲེལ་བས་མི་མཛད་པ། །རྒྱུ་དང་རྐྱེན་གྱིས་གང་ལགས་པ། །འཁོར་ནི་ཚོགས་ལ་བསྟན་དུ་གསོལ། །གསལ་ཞིང་དབྱེ་བར་མཛད་པར་རིགས། །ཞུས་པའི་དོན་ཉིད་སླར་གསུངས་པ། །རྒྱལ་བ་ཀུན་གྱི་གསང་བའི་མཛོད། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་དངོས། །སྣ་ཚོགས་སྣང་ཞིང་གསལ་བར་མཛོད། །དེ་ཉིད་རྫོགས་པའི་གསང་སྔགས་ཅན། །བཤད་ལས་འདས་པའི་དོན་དེ་ནི། །དགོངས་དོན་རྒྱལ་བས་གསུང་མི་མཛད། །དེ་ལྟར་སྟོན་པ་རྒྱལ་མཆོག་གིས། །རྣམ་པར་བརྗོད་པ་མི་མཛད་པས། །ཡང་དག་དོན་གྱི་སྙིང་པོ་ཉིད། །རྒྱ་ཆེར་བཀའ་ནི་གསལ་བ་ཡིན། །འདུས་པའི་འཁོར་ཚོགས་རྣམས་ཉོན་ཅིག་།བྱང་ཆུབ་དམ་པའི་སྙིང་པོ་ནི། །སྨྲ་བསམ་ལས་འདས་བརྗོད་མེད་པས། །ཚིག་ཏུ་བརྗོད་པ་ལེགས་མ་ཡིན། །གཉིས་མཐའི་རྟོག་པ་ལས་གཞན་དག་།ཚིག་གི་སྣང་བས་ཐེ་ཚོམ་སྐྱེད། །གྲོལ་བ་ཉིད་ཀྱིས་འཆིང་འགྱུར་ཞེས། །འདས་དང་མ་བྱོན་ཐམས་ཅད་དང ། །ད་ལྟར་བྱུང་བར་དགོངས་པའི་དོན། །མ་གསུང་མི་གསུང་གསུང་དུ་མེད། །དེ་ནས་སེམས་དཔའི་སྙིང་པོ་ནི། །སྤྲོས་དང་བྲལ་བའི་བྱང་ཆུབ་སེམས། །ཀུན་རྫོབ་བདེན་པའི་ཚིག་དབང་དུ། །མཚན་མའི་ཚིག་གིས་རྣལ་འབྱོར་རྣམས། །དོན་དམ་རྟོགས་དཀའ་འགྲོ་བའི་ཕྱིར། །རྒྱལ་བས་ཚིག་སྐོར་བསྟན་པ་ཡིས། །འདུས་ཚོགས་འཁོར་གྱིས་ཡང་ཞུས་ 127b པ། །སྟོབས་མཆོག་སེངྒེ་དེ་ལྟར་ན། །བདག་སོགས་མ་འོངས་རྣལ་འབྱོར་པས། །ཚིག་གི་རྗེས་འབྲངས་དོན་དག་ཏུ། །གསང་བའི་ལས་བརྗོད་གསལ་བྱེད་པ། །ཇི་ལྟ་བུ་ཡིས་མཚོན་པར་འགྱུར། །དཔའ་བོ་ཁྱོད་ནི་རྒྱལ་བའི་སྲས། །དབང་བསྐུར་ཐོབ་པར་ཞུ་བ་སྤོབས། །བཅོམ་ལྡན་དབང་མཆོག་དམ་པ་ལ། །ཞུས་ཤིང་སྟོབས་མཆོག་སེངྒེ་ཁྱོད། །ངེས་ཀྱང་འཁོར་གྱིས་ཞུས་པ་བཞིན། །རྒྱལ་བ་རྡོ་རྗེ་འཛིན་པ་ལ། །ཕྱག་འཚལ་རྨད་བྱུང་མཆོད་རྫས་ནས། །རྡོ་རྗེ་ཚིག་ཏུ་འདི་སྐད་གསོལ། །ཀྱེ་མ་སྟོན་པ་ཐུགས་ཆེན་པོ། །ཕྱོགས་བཅུ་རྒྱལ་བ་ཀུན་འདུས་པ། །བྱང་ཆུབ་སེམས་ཀྱི་མཚན་ཉིད་དེ། །ཚིག་ཏུ་བརྗོད་པ་མ་མཛད་ན། །མ་འོངས་དགྲ་ལ་བརྟེན་པ་དག་།དོན་ལ་རེག་པར་མི་འགྱུར་ཕྱིར། །མཚོན་བྱ་མཚོན་པར་བྱས་ནས་ནི། །སྙིང་པོ་བྱང་ཆུབ་དོན་འདི་ལ། །དཔེས་མཚོན་འཐད་པར་གྲུབ་བྱེད་པ། །གསང་བ་དེ་ཉིད་བསྟན་དུ་གསོལ། །དེ་ནས་མགོན་པོ་རྡོ་རྗེ་འཛིན། །ཡེ་ཤེས་ལྔ་དང་རྟགས་ལྡན་པའི། །ཕྱག་གི་མཚན་མ་གསོར་མཛད་ཅིང ། །རྨད་བྱུང་ཡ་མཚན་སྟོན་པར་མཛད། །ཐམས་ཅད་པདྨོར་འགྱུར་བ་ཡི། །རྨད་བྱུང་ཆོས་ཀྱི་སྒྲ་ཡང་སྒྲོག་།ོཾ་ཨཱཿ ཧཱུཾ་སཝཱཧཱ། བོ་དྷི་ཙིཏྟ་གུ་ཧྱ། ས་མ་ཡ་ཨ་ས། ཨ་ནུ་བོ་དྷི་ཙིཏྟ་ཨ་ནནྟ་གརྦྷ། མཧཱ་སཏཱ་ཕྲ་ཏ་ཨ་ཧཱུཾ།་འདི་ནི་གསུངས་མ་ཐག་ཏུ་ཡང ། །སངས་རྒྱས་གྲགས་ཆེན་ཐམས་ཅད་དག་།རབ་ཏུ་དྲག་ཅིང་བརྒྱལ་འགྱུར་ན། །གཞན་ལྟ་མ་ལུས་སྨོས་ཅི་དགོས། །བཅོམ་ལྡན་འདས་ཀྱིས་ 128a ༄#། །ཡང་དག་བཀའ། །བཤད་ཀྱི་རིགས་ཀྱི་བུ་རྣམས་ཉོན། །དོན་དམ་ཀུན་རྫོབ་གཉིས་མེད་པར། །ཡང་དག་བདེན་པའི་དོན་བསྟན་པ། །དེ་ནི་དངོས་པོ་མཚན་ཉིད་དེ།། མཁའ་ལྡན་ཆེན་པོ་རྣམས་ཀྱི་གདེངས། །ཇི་སྲིད་བློ་ཡི་ཆོས་དག་ཏུ། །གཉིས་སུ་སྣང་བའི་མཚན་མ་ལ། །བསམ་བརྗོད་ཀུན་རྫོབ་ཅེས་བྱ་སྟེ། །དེ་ལས་འདས་པ་དོན་དམ་ཡིན། །སྐུ་གསུམ་གཉིས་སུ་མེད་པ་ཡི། །སྣང་བའི་དངོས་པོ་མ་འགགས་པ། །དུས་གསུམ་བསྟན་པ་ཆེན་པོར་གནས། །ཡིད་བཞིན་པ་ཡི་དོན་ཉིད་དོ། །ཐམས་ཅད་སྒྱུ་མ་ལྟ་བུའི་ཚུལ། །ཐམས་ཅད་རང་བཞིན་སྟོང་པ་ཉིད། །ཟུང་དུ་འཇུག་པའི་ཡེ་ཤེས་ནི། །དེ་ཉིད་བླ་མེད་མཆོག་དམ་པ། །དེ་སྐད་ཅེས་ནི་བཀའ་སྩལ་ནས། ། ལ་ལ་ཡི་སྒྲ་བརྗོད་དོ། །སྟོབས་མཆོག་སེངྒེ་དྲི་བ་དྲིས། །དེ་ལྟར་ལེགས་སོ་བཅོམ་ལྡན་འདས། །སྔགས་ཀྱི་ལྷ་ལ་བློ་གནས་གང ། །སྤྱོད་ལ་གནས་པ་གང་དག་གིས། །ཕན་ཚུན་འབྲེལ་འགྱུར་ཅི་ལྟ་བུར། །བློ་ཡི་རིམ་པ་འཇུག་བྱ་འམ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། །གསང་བའི་བདག་པོ་ཁྱོད་ཉོན་ཅིག་།སངས་རྒྱས་རྣམས་ཀྱིས་བསྟན་པའི་དོན། །མཚན་ཉིད་རྣམ་དག་དུས་ལགས་པ། །བགྲང་དང་བགྲང་བ་ལས་འདས་པའི།། དངོས་པོ་མཚན་ཉིད་དེ་བཞིན་ནོ། །ལེགས་སྤྱོད་བདེན་པའི་ལམ་འཇུག་ཅིང ། །རྣམ་གསུམ་སྔགས་ཀྱི་དོན་སྤྱད་ན། །འབྲེལ་པ་ཤུགས་ཀྱིས་སྒྲུབ་བྱེད་ན། །ལྟ་སྤྱོད་གཉིས་ལྡན་བདེན་ 128b པའི་མཆོག་།རྣལ་འབྱོར་ས་ལ་ལེགས་གནས་ཤིང ། །བདེན་གཉིས་འབྲེལ་པའི་དོན་བསྒྲུབས་ནས། །ཡང་དག་རྟག་པའི་དོན་གསལ་འགྱུར། །རྣལ་འབྱོར་ས་སྤྱོད་ས་ཐོབ་ཤག་།མ་སྐྱེས་ཐབས་ཀྱི་ཡེ་ཤེས་ལྡན། །ཐམས་ཅད་མཉམ་པ་ཉིད་ཀྱི་དབྱིངས། །བདེན་གཉིས་དབྱེ་བ་མེད་པ་ཡིས། །ཡང་དག་དོན་མཆོག་སྒྱུ་མའི་སྐུ། །ཀུན་རྫོབ་སྒྱུ་མ་ཐབས་ཀྱི་གསུང ། །ཕྱག་རྒྱ་སྒྱུ་མའི་ཚུལ་ཉིད་དེ།། མེད་པ་མ་ཡིན་མཚན་མེད་དེ། །རྣལ་འབྱོར་གཉིས་དང་ལྡན་ཕྱིར་རོ། །སློབ་པའི་རྣལ་འབྱོར་གཉིས་བརྟེན་ནས། །ལྷུན་གྱིས་གྲུབ་པའི་ས་གོམས་ནས། །བདེན་འགྱུར་བདེན་པ་གཉིས་ལ་གནས། ། ཆེ་ཆུང་མཐུ་ཡིས་གྲུབ་པ་ཡིན། །སྒྲ་ཡི་རྗེས་འབྲངས་རྣལ་འབྱོར་པས། །དོན་མེད་སྤྱོད་ལ་གནས་པར་འགྱུར། །ཡང་དག་ཀུན་རྫོབ་བདེན་གསལ་བས། །གཉིས་མེད་དོན་དམ་བདེན་པར་གནས། ། སྣ་ཚོགས་ཆོས་ཀྱི་གཡུལ་ངོ་བཟློག་།རིག་པའི་སྐྱེས་བུ་རྣམ་པར་གྲགས། །ཞེས་པས་དགྱེས་པར་གྱུར་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས། དེ་ཁོ་ན་ཉིད་བསྟན་པའི་ལེའུ་སྟེ་བཞི་པའོ།། །།དེ་ནས་རིག་པའི་སྐྱེས་བུ་མཆོག་།གསང་བའི་བདག་པོས་ཡང་ཞུས་པ། །བཅོམ་ལྡན་སྙིང་པོ་བྱང་ཆུབ་སེམས། །དགོངས་པའི་དོན་ནི་ཅི་ལྟ་བུ། །ལས་དང་ཉོན་མོངས་དག་བྱེད་པའི། །ཡེ་ཤེས་སྒྲོན་མ་ཅི་ལྟར་ལེགས། །རྒྱལ་བས་དགོངས་པའི་བྱང་ཆུབ་སེམས། །རྡོ་རྗེ་ལྟ་བུར་མཉམ་ 129a ༄#། །བཞག་ནས། །མི་རྟོག་ཡེ་ཤེས་གསལ་མཛད་དོ། །སྣ་ཚོགས་རྣམས་ཀྱང་བྱང་ཆུབ་སེམས། །བདེ་བ་ཆེ་ལས་གཞན་མེད་དེ། །ལུས་ངག་ཡིད་གསུམ་རྣམ་པའི་ཚོགས་ཆོས་རྣམས་ཀུན་གྱི་རྒྱུ་ཡིན་ཏེ། །རྣམ་གསུམ་རྡོ་རྗེ་ལྟ་བུ་ཉིད། །སྐུ་གསུམ་གསལ་བ་རྣམ་པར་སྣང ། །དངོས་པོ་གསལ་བའི་ཆོས་མེད་དེ། །གཅིག་ལས་རྣམ་འཕྲུལ་སྣ་ཚོགས་ཉིད། ། ཕྱག་རྒྱ་གར་ཐབས་དབང་བསྒྱུར་བས། །འཆིང་བའི་ཚོགས་ལས་རྣམ་པར་གྲོལ། །དངོས་པོ་ཐམས་ཅད་བྲལ་བ་ཡི། །ཕུང་ཁམས་སྐྱེ་མཆེད་རྣམ་པར་དབེན། །གཟུང་འཇིན་རྟོག་པའི་ཡུལ་བྲལ་བས། །དཔག་མེད་པ་ཡི་ངོ་བོ་ཉིད། །རྣམ་གསུམ་མཆོག་གི་དོན་ལས་བྱུང ། །འོད་གསལ་ཆེན་པོའི་རང་བཞིན་ནོ། །ངོ་མཚར་རྨད་དུ་བྱུང་བའི་དོན། །རྒྱལ་བ་ཀུན་གྱི་གསང་བའི་ཐུགས། །སྐྱེ་དང་སྐྱེ་མེད་སྣ་ཚོགས་དངོས། །ཕྱོགས་འཛིན་མཐའ་ཡིས་བཅིང་བར་བྱེད། །དེ་དག་ཆོས་ལས་རྣམ་གྲོལ་བའོ། །བདེན་པ་ཆེན་པོའི་ཏིང་འཛིན་རྒྱ། །ངོ་མཚར་ཡ་མཚན་རྨད་ཀྱི་ཆོས། །མེ་ལོང་གསལ་བའི་རང་བཞིན་ཅན། །རྒྱལ་བ་རྣམས་ཀྱི་གསང་བའི་མཛོད། །འགག་པ་མེད་པའི་ཆོས་རྣམས་ལ། །བྱང་ཆུབ་སེམས་ཉིད་སྐྱེ་བར་འགྱུར། །མཉམ་ཉིད་དེ་བཞིན་གཤེགས་པའི་སྐུ། །ཡ་མཚན་རྨད་དུ་བྱུང་བའི་ཆོས། །སྣ་ཚོགས་སྣང་བྱེད་གནས་གྲོལ་བ། །རང་བཞིན་ཞི་བའི་བྱང་ཆུབ་སེམས། །གཉིས་ཀྱི་མཐའ་ལས་གྲོལ་བའོ།། 129b གནས་དང་གནས་མེད་བྱང་ཆུབ་སེམས། །ཡ་མཚན་རྨད་ཀྱི་དོན་བྱུང་པའོ། །རྒྱ་ཆེར་སོ་སོར་གསལ་བའི་ངང ། །ཀུན་རྟོག་བྱང་ཆུབ་སེམས་ཆེན་པོ། །དམིགས་མེད་གསང་བ་ལས་བྱུང་བའི། དམིགས་དང་མི་དམིགས་སྣ་ཚོགས་ནི། །བདེ་བའི་ཡེ་ཤེས་གསལ་བའོ། །མ་འགགས་པ་ཡི་ཆོས་ཉིད་དོ། །བྱ་བ་གྲུབ་པའི་ཚུལ་ཅན་དུ། །སྤྲོས་མེད་སྤྲོས་པ་སྣ་ཚོགས་སྣང ། །སྤྲོ་བསྡུ་འདུན་དང་སྤྲོས་བྲལ་བའི། །མཛད་པའི་བྱང་སེམས་བརྟན་པ་ལས། །ངོ་མཚར་ཆོ་འཕྲུལ་བླ་ན་མེད། །ཡེ་ཤེས་རྒྱ་མཚོ་རྨད་དུ་བྱུང ། །རང་གི་དེ་ཉིད་གསལ་བར་འགྱུར། །རྒྱལ་བས་བཤད་པའི་དགོས་དོན་ལ། །འཁོར་རྣམས་ཡ་མཚན་ངོམས་པར་འགྱུར། །མཆོད་དང་ཞལ་དག་སྒྲ་འབྱིན་ཅིང ། །རང་གི་དེ་ཉིད་གསལ་འགྱུར་ནས། །བྱང་སེམས་དེ་ཉིད་བསྟོད་པར་བྱ། །ེ་མའོ་སྟོང་ཉིད་བྱང་ཆུབ་སེམས། །ེ་མའོ་དག་པ་དྲི་མ་མེད། །ེ་མའོ་མི་སྒྲིབ་གསལ་བ་ཆེ། །ེ་མའོ་མཉམ་ཉིད་དབྱེར་མེད་ཆོས། །ེ་མའོ་སོ་སོ་རང་གི་སེམས། །ེ་མའོ་བྱ་བྱེད་ལྷུན་གྱིས་གྲུབ། །དེ་བཞིན་ཉིད་ལ་ཕྱག་འཚལ་བསྟོད། །བཅོམ་ལྡན་འདས་ཉིད་བྱང་ཆུབ་སེམས། །བྱང་ཆུབ་སེམས་ཉིད་ཐུགས་ཀྱི་མཆོག་།བདག་ཅག་རིག་འཛིན་ཚོགས་པ་རྣམས། །བྱང་ཆུབ་སེམས་ཉིད་སྨོན་པ་དང་།། འཇུག་དང་ལྡང་དང་གཉིས་མེད་དེ། །རང་གི་བྱང་སེམས་གཡོ་བར་བགྱིས། །རེག་པར་བགྱི་ཞིང་ཉེ་བར་བགྱི། །ཉམས་སུ་མྱོང་བར་འཚལ་ལགས་ན། །ཐུགས་རྗེ་ཆེ་དགོངས་བྱིན་གྱིས་རློབས། ། 130a ༄#། །བདེ་བར་གཤེགས་པས་བྱིན་གྱིས་རློབས། །དེ་སྐད་ཚིག་ཏུ་གསོལ་བཏབ་པས། །བཅོམ་ལྡན་སྙིང་པོ་འདི་སྐད་གསུང ། །སྣ་ཚོགས་རྣམ་དག་ངོ་བོ་ཉིད། །ཆོས་རྣམས་འྤྲོ་བའི་ཚོགས་རྣམས་ཀུན། །རང་བཞིན་བརྗོད་བྲལ་རྟོག་པ་མེད། །རང་གསང་རྟོགས་པའི་དཀའ་བའི་དོན། །སྲིད་གསུམ་ཡེ་ནས་རྣམ་དག་ཆོས། །བདག་རྟོག་འཁྲུལ་པའི་ཉེས་དམིགས་ཀྱིས། །དུས་རིང་འཁྱམས་འགྱུར་འགྲོ་བ་རྣམས། །རང་རྟོག་དངོས་པོའི་ལས་ལ་སྤྱོད། །ལོག་པའི་སེམས་ཀྱིས་ཀུན་བརྟགས་ཀྱང ། །རང་བཞིན་ཉིད་ལ་འགྱུར་བ་མེད། །ཡེ་ནས་དོན་གྱིས་སངས་རྒྱས་ལ། །འཁྲུལ་པའི་བདེ་སྡུག་འཁོར་ལོས་འཁྱམས། །ལོག་རྟོག་དངོས་མེད་བྱང་ཆུབ་སེམས། །འཁྲུལ་རྟོག་མི་གནས་རྒྱན་གྱི་མཆོག་།ཐ་བའི་གནས་ཉིད་བྱང་ཆུབ་ཞིང ། ། སྲིད་དངོས་སངས་རྒྱས་མངོན་རྫོགས་སྐུ། །འཛིན་རྟོག་བྱང་ཆུབ་སྙིང་པོར་གསལ། །བརྟན་གཡོ་དངོས་པོ་ཐམས་ཅད་དང ། །བདེ་ཆེན་སྐུ་ལས་གཞན་མེད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས། དེ་བཞིན་ཉིད་ཀྱི་ལེའུ་སྟེ་ལྔ་པའོ།། །།བཅོམ་ལྡན་རྒྱལ་བ་ཐམས་ཅད་ཀྱི། །དཀྱིལ་འཁོར་སྙིང་པོ་བསྡུས་པའི་དོན། །དེ་ནས་གསང་བའི་བདག་པོ་ཡིས། །དཀྱིལ་འཁོར་རྣམ་པར་འཕྲོ་བའི་དོན། །མཚན་ཉིད་འཕྲོ་ཞིང་རྟོགས་པ་དག་།རྒྱལ་བས་བཤད་ཕྱིར་བསྐུལ་འདེབས་ 130b མཛད། །བཅོམ་ལྡན་རྒྱལ་བ་ཐམས་ཅད་ཀྱི། །དཀྱིལ་འཁོར་སྙིང་པོ་བསྡུས་པའི་དོན། །རྒྱ་ཆེ་མཛད་པའི་མཐུ་ལྡན་པ། །རྡོ་རྗེ་གསང་བ་གསུམ་གྱི་གནས། །རབ་རྒྱས་མཚན་བཞིན་ཆོ་གའོ། །ཡན་ལག་དག་ལ་བསྟན་དུ་གསོལ། །དེ་ནས་མགོན་པོ་གསང་བའི་བདག་།གཉིས་མེད་ཡེ་ཤེས་ལ་འགྲོ་བའི། །ཏིང་ངེ་འཛིན་ལ་སྙོམས་ཞུགས་གནས། །རྒྱ་ཆེར་སྤྲུལ་པའི་དོན་བསྟན་མཛད། ། སྟོང་ཉིད་ཡེ་ཤེས་ལས་བྱུང་བའི། །རི་བོ་རྒྱུད་འཛིན་རིགས་མཚན་ཅན། །དབྱངས་ཀྱི་ཡི་གེའི་ཚུལ་འཇུག་པའི། །རྟ་བདུན་འོད་སོགས་གསལ་བྱེད་ལྡན། །སྐར་མའི་ཚོགས་དང་འདྲ་བ་ལས།། མཉམ་ཉིད་འོད་ཀྱི་གོང་བུའི་གཟུགས། །སྣང་བའི་འོད་ཟེར་ལྔ་ཡི་ཚུལ། །ཕྱག་རྒྱ་མཚན་མ་སྔགས་དང་བཅས། །རྣམ་འཕྲོས་རང་རིག་ཞིང་ཁམས་སྦྱང ། །དེ་དག་གོང་བུའི་གཟུགས་མཚུངས་པར། །གཙོ་བོ་རྡོ་རྗེ་འཛིན་པའི་སྐུ། །སྟོང་ཉིད་སྙིང་རྗེ་ཆེན་པོ་ཡིས། །མ་ལུས་རྒྱུད་རྣམས་གསལ་མཛད་ནས། །ནམ་མཁའ་དང་པའི་དཀྱིལ་འཁོར་བཞིན། །ཐུགས་རྗེ་ཆེན་པོ་སྐྱོན་སྐྱོང་མཛད། ། ས་བོན་གསང་བའི་ལས་བྱུང་བའི། །མཁའ་སྣང་གསལ་བ་ཀུན་ཁྱབ་ལས། །སྣ་ཚོགས་ཀུན་ནས་སོ་སོ་ཉིད། །འབྱུང་བཞིའི་དཀྱིལ་འཁོར་རིམ་བཞིན་བཀོད། །ཀུན་འཕྲུལ་ས་བོན་ལས་བསྐྱེད་པའི། །ཡེ་ཤེས་རིན་ཆེན་སྣ་ཚོགས་གཟུགས། །ཤར་དུ་དོ་ཤལ་ཕྲེང་པ་དང ། །གདུགས་དང་རྒྱལ་མཚོན་རྔ་ཡབ་སོགས། །མེ་ལོང་རོལ་མོའི་ཚོགས་བསམ་ཡས། །འཁོར་ 131a ༄#། །ལོ་རིན་ཆེན་རྡོ་རྗེ་པད། །ཏྭ་ར་ན་བཞི་རྒྱན་མཇེས་པ། །སྒྲ་དབྱངས་སྣ་ཚོགས་ཉི་ཟླའི་ཚོགས། །ཙཀྲ་བར་ཁྱམས་ཕྲེང་བ་དང ། །དམ་པའི་འདོད་ཡོན་ལྷ་མོ་འཁྲིགས། ། རིན་ཆེན་འབར་བའི་ཁྲི་བརྩེགས་གནས། །ཉི་ཟླ་པདྨའི་རིན་ཆེན་རྒྱན། །གནས་རྣམས་ཁྱབ་པར་ཇི་བཞིན་པར། །དཀྱིལ་འཁོར་ལྷུན་གྱིས་གྲུབ་པའོ། ། ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨོ་ཨཽ། ཨཾ་ཨཿ ། རྀ་རཱྀ། ལྀ་ལཱྀ། ཀ་ཁ་ག་གྷ་ང ། ཙ་ཚ་ཛ་ཛྷ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། དེ་བཞིན་ཉིད་དབྱིངས་རྨད་བྱུང་བའི། །བདེར་གཤེགས་ཀུན་གྱི་ཐུགས་གསལ་བ། །བྱིན་རླབས་ཡ་མཚན་སྤྲུལ་པའི་སྐུ། །དཀྱིལ་འཁོར་སྣ་ཚོགས་ཀུན་གྱི་གནས། །སེམས་ཅན་ཀུན་གྱི་སེམས་ཆེན་པོ། །རང་བཞིན་དག་པ་དྲི་མ་མེད། །ཕུང་པོ་ཆོས་རྣམས་སངས་རྒྱས་ཏེ། །འབྱུང་ལྔ་དབྱིངས་ཕྱུག་ཡུམ་གྱི་མཁའ། །ཁམས་དང་སྐྱེ་མཆེད་སེམས་དཔའ་དང ། །སེམས་མའི་ཚོགས་དང་ཁྲོ་བོའི་སྐུ། །ཕྱི་ནང་སྲིད་གསུམ་དངོས་སྣང་བའི། ། དཀྱིལ་འཁོར་རིགས་ཀྱི་བདག་ཉིད་ཆེ། །གཟུགས་ཕུང་རྣམ་པར་སྣང་མཛད་ཆེ། །ཚོར་བ་རིན་ཆེན་འབྱུང་ལྡན་སྐུ། །འདུ་ཤེས་སྣང་བ་མཐའ་ཡས་སྐུ། །འདུ་བྱེད་དོན་ཡོད་གྲུབ་པ་ཡིན། ། རྣམ་ཤེས་རྡོ་རྗེ་སེམས་དཔའ་སྟེ། །ཐམས་ཅད་བདེར་གཤེགས་ལྔ་ཡི་སྐུ། །ས་ཁམས་སངས་རྒྱས་སྤྱན་ཡིན་ཏེ། །ཆུ་ཁམས་ལྷ་མོ་མཱ་མ་ཀཱི། །མེ་ཁམས་ན་བཟའ་དཀར་མོ་སྟེ། ། 131b རླུང་ཁམས་དམ་ཚིག་སྒྲོལ་མ་འོ། །ནམ་མཁའ་ཀུན་དུ་བཟང་མོའི་སྐུ། །འབྱུང་བའི་དཀྱིལ་འཁོར་རྣམ་དག་པའོ། །དབང་པོའི་སྤྱོད་ཡུལ་མ་ལུས་ཀུན། །ཐམས་ཅད་བདེར་གཤེགས་རིགས་ཀྱི་སྐུ། །མིག་ལ་རྣམ་པར་སྣང་མཛད་དེ། །རྣ་བ་རིན་ཆེན་འབྱུང་ལྡན་ཆེ། །སྣ་ལ་སྣང་བ་མཐའ་ཡས་ཉིད། །ལྕེ་ལ་དོན་ཡོད་གྲུབ་པའི་སྐུ། །ལུས་ཉིད་རྡོ་རྗེ་སེམས་དཔའ་ཡིན། །དེ་ལྟར་སྣང་བའི་དཀྱིལ་འཁོར་ཉིད། །ཡེ་ནས་ལྷུན་གྲུབ་གནས་པས་ན། །རྣལ་འབྱོར་གསང་བ་དོན་ཤེས་བྱ། །ཕྱི་རོལ་དོན་ཤེས་ཡུལ་དྲུག་འདི། །ཡུམ་ཆེན་ལྔ་ཡི་ཕྱག་རྒྱའི་དབྱིབས། །གཟུགས་ཁམས་སངས་རྒྱས་སྤྱན་མ་སྟེ། །སྒྲ་ཚོགས་ལྷ་མོ་མཱ་མཀཱི། །དྲི་ཚོགས་ན་བཟའ་དཀར་མོའི་དབྱིངས། །རོ་དྲུག་ལྷ་མོ་སྒྲོལ་མ་ཡིན། །རེག་ཚོགས་ལྷ་མོ་ཀུན་དུ་བཟང་མོའི་སྐུ། །དུས་གསུམ་མཉམ་སྦྱོར་འདུ་འབྲལ་མེད། །རྡོ་རྗེ་པདྨོ་མཉམ་སྦྱོར་བས། །རང་རིག་དཀྱིལ་འཁོར་གསལ་བར་མཛོད། །ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་རོལ་པའི་རྒྱན།། ང་ཉིད་འདུ་འབྲལ་མེད་པའི་དབྱིངས། །ཐབས་དང་ཤེས་རབ་རོལ་པའི་མཆོག་།ས་ཡི་ཁྱད་པར་མ་ལུས་པའང ། །རྡོ་རྗེ་ཆོས་ཀྱིས་སྦྱོར་མཛད་དང ། །ཡོན་ཏན་འཕྲིན་ལས་མཐའ་ཕྱིན་པས། །ཚེ་འདི་ཉིད་ཀྱི་གོ་འཕང་མཆོག་།རྡོ་རྗེ་གསང་གསུམ་དམ་ཚིག་ཆེ། །རང་གི་མཐུ་ཡི་སྦྱོར་བྱེད་བ། །རྟག་ཏུ་མཉམ་གཞག་སྦྱོར་བ་ཡིས། །དཀྱིལ་འཁོར་ཆེན་པོའི་གནས་བཞུགས་ཏེ།། 132a ༄#། །དྲི་མེད་བྱང་ཆུབ་སེམས་ཀྱི་ཚུལ། །འགྲོ་རྣམས་ཚོགས་བཅས་དག་པར་བྱས། །རྟག་ཏུ་གསང་སྔགས་བརྗོད་བྱས་ཤིང ། །རྡོ་རྗེ་མགོན་པོའི་སྒོ་གསལ་བརྟན། ། རྟག་ཏུ་གཏོར་སྦྱིན་བཏང་བྱས་ཏེ། །ཁམས་ཀྱི་འཛིན་པ་མེད་པར་གྲོལ། །རྟག་ཏུ་ལྷ་ལ་མཆོད་བྱས་ཏེ། །རང་གི་འདུད་རྩིས་མཆོད་ཅིང་རོལ། །རྟག་ཏུ་མི་གཉིས་བསྟོད་བྱ་བ། །རྣམ་གྲོལ་ཐམས་ཅད་བྲག་ཅའི་སྒྲ། །ཕ་རོལ་ཕྱིན་བཅུ་དུས་གཅིག་ཏུ། །པདྨ་ཆོ་ག་རྟོགས་པར་འགྱུར། །ཟག་པ་ཟད་པས་སྐུ་ལྔ་དང ། །པདྨའི་རིགས་ཀུན་མཉམ་པར་སྦྱོར། །པདྨའི་དམ་ཚིག་ལ་གནས་པ། །གནས་ཀུན་དཀྱིལ་འཁོར་གསལ་བར་འགྱུར། །པདྨ་རང་གི་གནས་སུ་བསྒོམ། །འདོད་ཆགས་ཆོས་ཀུན་སྤྱོད་པ་ཡི། །མགོན་པོ་རང་རང་གནས་ལ་གསལ། །དྲི་མེད་དག་པའི་ཐིག་ལེ་ལས། །འོད་ཟེར་ལྔ་ཡི་སྣང་བ་བཅས། །རང་གི་གནས་ནས་འཕྲོ་མཛད་ཅིང ། །དེ་ཉིད་མགོན་པོའི་སྐུ་འདོད་གཟུགས། །ཀུན་དུ་པདྨ་ཆགས་མེད་པས། །གནས་ཀུན་དཀྱིལ་འཁོར་གསལ་བར་འགྱུར། །ཐུབ་པ་ཆེན་པོའི་མཚན་རྣམས་དང ། །དཔེ་བྱད་རྫོགས་པར་གྱུར་ནས་ནི། །ཡོན་ཏན་མ་ལུས་འབྱུང་བའི་གནས། །ཀུན་དུ་དྲེགས་པའི་སངས་རྒྱས་མཆོག་།རྡོ་རྗེའི་དམ་ཚིག་ལ་གནས་པས། །རྡོ་རྗེ་རང་གི་གནས་སུ་བསྒོམ། །འོད་འཕྲོས་འདུས་པའི་གནས་ཕྱག་རྒྱའི། །ཡེ་ཤེས་མཉམ་ཉིད་ཀུན་དོན་མཛད། །ཐུགས་རྗེས་རྣམ་མང་ 132b ཡུལ་བྲལ་ཞིང ། །འཇོམས་པར་མཛད་པ་ཁྲོ་བོའི་སྐུ། །རང་གི་དཀྱིལ་འཁོར་དྲི་བྲལ་བ། །མངོན་སུམ་གསང་བའི་ཡེ་ཤེས་སྐུ། །འཁོར་ལོའི་དམ་ཚིག་ལ་གནས་པས། །འཁོར་ལོ་རང་ཡི་གནས་སུ་བསྒོམ། །རྒྱལ་བ་ཀུན་གྱི་རིན་པོ་ཆེ། །འཕྲོ་འདུ་ཉི་ཤུ་རྩ་ལྔའི་ཚོགས། །ཕུང་པོ་ཁམས་རྣམས་རྣམ་དག་ཅིང ། །འཕྲིན་ལས་ཡེ་ཤེས་བླ་ན་མེད། །བྱང་ཆུབ་དག་པའི་ཆ་ལུགས་གནས། །དཀྱིལ་འཁོར་སྤྲུལ་པའི་བྱིན་རླབས་སྐུ། །དགའ་བའི་ཐབས་དང་ཤེས་རབ་སྦྱོར། །ཕྱག་རྒྱ་ཆེན་པོའི་རིག་འཛིན་གནས། །རྣལ་འབྱོར་དད་བརྩོན་ཏིང་འཛིན་ལྡན། །འགྲུབ་འགྱུར་རིང་པོར་ཐོགས་མེད་སྤྱོད། །ཅེས་གསུངས་པས་འཁོར་གྱི་བྱང་ཆུབ་སེམས་དཔའི་ཚོགས་རྣམས་མཉེས་པར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས། ཏིང་ངེ་འཛིན་གྱི་ལེའུ་སྟེ་དྲུག་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་སྟན་ལས་ལངས་ཏེ་དགའ་བའི་མཆོད་པ་དང་གར་ཐབས་ཀྱིས་དཀྱིལ་འཁོར་ཐམས་ཅད་མཉེས་པར་བྱས་ནས་བཅོམ་ལྡན་འདས་ལ་ཕྱག་འཚལ་ཏེ་གསོལ་བ་བཏབ་བོ། །ཀྱེ་མ་རྒྱལ་བ་ཀུན་གྱི་གཙོ། །སངས་རྒྱས་ཚོགས་རྣམས་སྐྱེད་པའི་ཡབ། །ཁྱེད་ཀྱིས་དཀྱིལ་འཁོར་སྤྲུལ་མཛད་ནས། །གདུལ་བྱའི་ལམ་འདི་གྲོལ་བྱས་ན། །ཕྱི་ཡི་འགྲོ་བ་ཅི་ལྟར་གཟུང ། །གང་དག་དབང་པོ་མ་སྨིན་པའི། །དཀར་པོ་ཆོས་རྣམས་མཐོང་མི་འགྱུར།། 133a ༄#། །དེ་དག་ཐུགས་རྗེ་ཆེན་པོ་ཡིས། །བཟུང་ཞིང་ལས་ལ་གཞུག་པར་སྣང ། །མ་འོངས་འགྲོ་བ་ལ་ལ་དག་།འདི་ལྟར་དཀྱིལ་འཁོར་མཐོང་བ་རྣམས། །ཇི་ལྟར་དཀྱིལ་འཁོར་བརྟན་པར་འདུལ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ། མ་འོངས་པའི་འགྲོ་བ་ཐེག་པ་གསང་སྔགས་ཀྱི་ལམ་དུ་འཇུག་པར་འདོད་བདག་གིས་ནི། རྡོ་རྗེ་སློབ་དཔོན་ལ་བརྟེན་ཏེ་གཟུགས་བརྙན་གྱི་དཀྱིལ་འཁོར་དུ་གཞུག་པར་བྱའོ། །རྡོ་རྗེ་སློབ་དཔོན་བློ་གྲོས་མཆོག་།དད་བརྩོན་ཤེས་རབ་སྟོབས་དང་ལྡན། །བདག་ཆོས་མ་ལུས་ཤས་གྱུར་ནས། །སྐྱོབ་པ་བྱང་སེམས་སྡོམ་པ་བླང ། །བྱང་སེམས་སྙིང་རྗེ་ཆེན་པོ་དང ། །དགའ་བ་བཏང་སྙོམས་བཞི་བཞག་ནས། །སེམས་ཅན་ཐམས་ཅད་མགྲོན་དུ་གཉེར། །སླར་ཉིད་བྱང་ཆུབ་ལམ་ལ་དགོད། །ཕ་རོལ་ཕྱིན་པ་དྲུག་རྣམས་དང ། །བསྡུ་བ་བཞི་ལ་ལེགས་གནས་པས། །ཐེག་པ་ཆེན་པོའི་ལམ་གཉེར་ཞིང ། །ཉན་ཐོས་ལ་སོགས་བློས་པ་མེད་པའི་བློས། །གསང་བའི་ཐེག་པ་དོན་གཉེར་ཞིང ། །དཀྱིལ་འཁོར་དབང་ཐོབ་དམ་ཚིག་ལྡན། །གསང་བའི་རྒྱུད་རྣམས་དོན་ཤེས་ཤིང ། །དེ་ཉིད་བཅུ་ལ་གོམས་གྱུར་པས།། རང་གི་ཡེ་ཤེས་རྣམ་གྲོལ་ཞིང ། །དངོས་པོ་དེ་ཉིད་བརྟན་པར་གནས། །མུ་སྟེགས་ལ་སོགས་མི་བསྐྱོད་ཅིང ། །ཐེག་དམན་ལ་སོགས་འགྱུར་བ་མེད། །རྟག་ཏུ་འགྲོ་བ་གཟུང་བའི་བློས།། 133b དཀྱིལ་འཁོར་ལ་སོགས་ལས་ལ་བརྩོན། །མི་གནས་མྱ་ངན་འདས་པ་ཡི། །གྲོང་ཁྱེར་ཆེན་པོར་འགྲོ་བྱེད་དཔོན། །འཇིག་རྟེན་དྲག་བརྩོན་ཆོས་བརྒྱད་དག་།བཏང་སྙོམས་སྤོང་ལེན་མེད་པ།། ཉིད། །དམུས་ལོང་ཚོགས་ཀྱི་དམིག་བུ་བས། །བླ་མའི་གཙོ་བོར་གཟུང་བར་བྱ། །འཇུག་པའི་གང་ཟག་ཕུན་སུམ་ཚོགས། །ཞི་དེས་གསོང་པོར་སྨྲ་བ་དང ། །འཇམ་ཞིང་འགྲོ་བའི་ཡིད། འོང་པ། །རྩེ་གཅིག་དད་པ་བརྩོན་འགྱུར་བྱེད། །བློ་གྲོས་ཡོན་ཏན་ཀུན་ལ་འཇུག་།ལྷ་དང་བླ་མ་ལ་སོགས་གུས། །ཐེག་པ་ཆེན་པོའི་ལམ་དག་པས། །ངན་པའི་ཆོགས་སྤངས་གཞན་དུ་གནས། །དེ་ནི་བློ་གྲོས་བཟང་པོ་ཡོན་ཏན་ལྡན། །ཐེག་ཆེན་གསང་བ་འཛིན་པའི་སྣོད། །ས་མཆོག་ཤིན་ཏུ་དབེན་པའི་གནས། །རི་བོ་ནགས་ཚལ་འབྲས་བུ་དང ། །མེ་ཏོག་ཆུ་རྒྱུན་ཕུན་སུམ་ཚོགས། །གནོད་བྱེད་སྐྱེ་བོ་ཚོགས་བྲལ་བ། །རྣལ་འབྱོར་གྲོགས་བཅས་དགའ་འགྱུར་པའི། །བདག་དབང་བར་ཆད་མེད་པའི་མཆོག་།བསྙེན་པ་ཇི་བཞིན་རྫོགས་པ་ཡིས། ། དཀྱིལ་འཁོར་བྲི་སོགས་ལས་རྣམས་བྱ། །ཕུན་སུམ་ཚོགས་པ་བདུན་ལྡན་པས། །བདག་གནས་ས་གཞིའི་གྲོགས་བཅས་དང ། །མཆོད་རྫས་ཡོ་བྱད་མ་ལུས་པ། །བསྲུང་ཞིང་བྱིན་གྱིས་བརླབ་པར་བྱ། །རྡོ་རྗེ་ས་གཞི་ར་བ་དང ། །གུར་དང་བླ་རེ་བཅས་པ་ཡིས། །ཁྲོ་བོ་མེ་འོད་མཚོན་ཆའི་ཚོགས། །བསྲུང་ཞིང་འཁོར་ལོ་རིམ་བཞིན་བསྒོམ། །སེམས་ཅན་ཐམ་ 134a ༄#། །ཅད་བསྒྲལ་བའི་བློས། །བསོད་ནམས་ཚོགས་ཀྱིས་དག་པར་བྱ། །ཕྱག་འཚལ་མཆོད་པ་དབུལ་བ་དང ། །སྡིག་བཤགས་བསོད་ནམས་རྗེས་ཡི་རང ། །སངས་རྒྱས་མྱ་ངན་མི་འདའ་ཞིང ། །ཆོས་ཀྱི་འཁོར་ལོ་བསྐོར་བ་དང ། །ལུས་དབུལ་བྱང་སེམས་བསྐྱེད་པ་དང ། །ལམ་གནས་དགེ་བའི་རྩ་བ་བསྔོ། །རྒྱ་ཆེར་ཡོངས་སུ་བསྔོ་བྱས་ཤིང ། །སེམས་ཅན་དོན་དུ་སྨོན་ལམ་གདབ། །དམིགས་མེད་པ་ཡི་རང་བཞིན་གྱིས། །དེ་དག་བརྩོན་བྲལ་ནམ་མཁའ་བཞིན། །རྣམ་ཐར་གསུམ་ལས་འདས་པ་ཡི། །དེ་བཞིན་ཉིད་ཀྱི་ཡེ་ཤེས་ཆེ། །ཐམས་ཅད་ནམ་མཁའི་མཚན་ཉིད་སྟེ། །ནམ་མཁའ་ལ་ཡང་མཚན་ཉིད་མེད། །ནམ་མཁའ་འདྲ་བ་རྣལ་འབྱོར་པས། །དོན་ཀུན་མཉམ་པ་ཉིད་ལ་གསལ། །དེ་ལ་རྣམ་པར་འཕྲུལ་པའི་ཚོགས། །དཀྱིལ་འཁོར་ཆེན་པོ་སྤྲུལ་བྱས་པས། །རིགས་ཀྱི་ཞིང་ཁམས་སྦྱོང་བྱེད་ཅིང ། །རྣལ་འབྱོར་ཆེན་པོ་ལས་ཀུན་འགྲུབ། །ས་ཕྱོགས་དྲི་མེད་ཡིད་འོང་བའི། །གྲོང་ངམ་གྲོང་ཁྱེར་དགོན་པ་འམ། །རི་ཕུག་ནགས་ཚལ་གང་རུང་བར། །ཉམས་དགའ་ཡན་ལག་རྟག་པར་བྱ། །གང་དུ་བཟང་ནི་འབྲས་བུ་བཅས། །ནེའུ་སིང་ཆུ་འགྲམ་མེ་ཏོག་བཅས། །དཔལ་རྫོགས་ཡོན་ཏན་འབྱུང་བའི་གནས། ། དེ་ནི་རབ་གུས་བརྟག་པར་བྱ། །ནམ་མཁའ་འཁོར་ལོ་དྲ་བ་དང ། །ས་གཞི་པདྨ་དྲ་བ་དང ། །བཀྲ་ཤིས་ཕུན་སུམ་སྣ་ཚོགས་གཞི། །བར་ཆད་མེད་པའི་མཚན་ཉིད་ཡིན། །ས་གཞི་ཞོས་རྡིབ་ 134b མེད་པ་ཡི། །དབུས་སུ་མཐོ་བ་ཕྱག་རྒྱ་ཆེ། །ཤར་དང་བྱང་དུ་གཞོལ་བ་ནི། །འཕྲིན་ལས་རྣམ་བཞིའི་དངོས་གྲུབ་འགྱུར། །ལྷོ་དང་ནུབ་ཏུ་གཞོལ་པས་ནི། །འཇིག་རྟེན་པ་ཡི་དངོས་གྲུབ་འགྱུར།། ནུབ་དང་བྱང་དུ་གཞོལ་བ་ནི། །ཏིང་འཛིན་ཕྲ་མོའི་ལས་གཞན་འགྱུར། །གང་ཞིག་ཤར་ཕྱོགས་མཐོ་བ་དང ། །དབུས་སུ་དམའ་བ་སྤང་བར་བྱ། །ས་དེ་པུས་མོ་ནུབ་ཙམ་དུ། །བརྐོས་ཏེ་སླར་ཡང་དགང་པར་བྱ། །མེད་འཕེལ་གྱུར་ན་དངོས་གྲུབ་མཆོག་།གང་བར་གྱུར་པ་ཤིས་པ་ཡིན། །དམའ་ཞིང་མ་ལེགས་གྱུར་པ་ཡིན། །སོལ་དུམ་རུས་སོགས་བྱུང་ན་ཡང ། །ཡང་ན་ཆུ་ཡིས་དགང་བྱས་ཏེ། །སློབ་དཔོན་རྡོ་རྗེ་དྲིལ་འཛིན་པས། །མཉམ་བཞག་ལྷ་ཡི་སྔགས་བརྗོད་ཅིང ། །ཤར་དུ་མི་དྲག་གོམ་པ་བརྒྱད། །སོང་སྟེ་སླར་ལོག་བལྟ་བར་བྱ། །འགྲིབ་པ་མེད་ན་དངོས་གྲུབ་འགྱུར། །སྣང་དང་མི་སྣད་ས་ཡི་བདག་།མགུ་བྱས་རིན་གྱིས་ཉོ་བ་དང ། །བླངས་ཏེ་བར་ཆད་མེད་པའི་ཕྱིར། །བགེགས་གཞན་ཕྲ་མོ་བསྐྲད་པར་བྱ། །བར་ཆད་མེད་པའི་ས་དབུས་ན། །རིགས་ཀྱི་བདག་པོ་འབྱོར་ལྡན་པས། ། ཆོས་གོས་ལ་སོགས་རྒྱན་ཐོགས་ཤིང ། །པདྨའི་དཀྱིལ་འཁོར་ལེགས་བཞུགས་ཏེ། །འཁོར་ལོ་སྒྱུར་རྒྱལ་ཆ་ལུགས་ཀྱིས། །མཆོད་སོགས་སྦྱང་ཞིང་བྱིན་བརླབས་ཏེ། །རྡོ་རྗེ་བསྲུང་པའི་ཕྱག་རྒྱ་ཡིས། །ཕྱོགས་བཅུའི་དཀྱིལ་འཁོར་རིག་པར་བཅས། །ས་ཡི་ལྷ་མོ་སྲུང་མ་རྣམས། །སྤྱན་དྲངས་མཆོད་པས་མཉེས་པར་བྱ། །ཁྱད་པར་ས་ཡི་བདག་པོ་དང ། །འགྲོ་དྲུག་ 135a ༄#། །བགེགས་རྣམས་མ་ལུས་ཀུན། །དགུག་ཅིང་བུ་ལོན་མཆོད་སྦྱིན་གཏང ། །དྲི་ཞིམ་ཆུ་ཡིས་ཀུན་གཏོར་ཞིང ། །སྔགས་དང་ཕྱག་རྒྱས་སྦྱང་བར་བྱ། །གང་ཞིག་དངོས་གྲུབ་ལ་སོགས་འདོད། །རབ་འབྲིང་ཐ་མ་གྲུབ་དོན་དུ། །ལྟོ་འཕྱེ་བརྟག་པའི་ཆོ་ག་བཞིན། །ཡན་ལག་ཀུན་དབང་རྒྱ་ཡང་བྱ། །དེ་ནས་དཀྱིལ་འཁོར་རྒྱར་མཉམ་པའི། །ས་གཞི་ཁྲུ་ལ་སོགས་ཚད་དུ། །བརྐོས་ཏེ་ས་ཡི་སྐྱོན་བསལ་ཞིང ། །ས་ཞག་མདོག་བཟང་འཇམ་ཕྱེན་པས། །གང་ཞིག་དྲི་ཞིམ་ཆུར་བཅས་པའི། །སྔགས་བཏབ་གང་ཞིག་འཐས་པར་བཅག་།བསྒྲུབ་པའི་དཀྱིལ་འཁོར་ཁྲུ་དོར་བསྟོད། །རྒྱར་ནི་ཁྲུ་དྲུག་པ་ཡི་ཚད། །ཚོགས་བསག་ཁྲུ་གང་འཕང་དུ་བསྟོད། །མཐའ་སྐོར་ཁྲུ་གང་པ་ཡི་ཚད། །དབང་བསྐུར་སོར་བཞིའི་ཚད་བསྟོད་དེ། །ཇི་ལྟར་གྲུ་བཞི་རྒྱར་བསྐྱེད་ཅིང ། ། དབྱིབས་ལེགས་མེ་ལོང་བཞིན་དུ་གནས། །ཚད་མཉམ་གྲོག་སྦུར་ལ་སོགས་པ། །རིན་ཆེན་ལྔ་དང་སྨན་ལྔ་དང ། །སྙིང་པོ་ལྔ་དང་འབྲུ་ལྔ་དག་།དྲི་ཆུ་སྔགས་ཀྱིས་བཏབ་བྱས་ནས། །དཀྱིལ་འཁོར་སྙིང་པོར་གཞག་པར་བྱ། །ཕྱོགས་ཀུན་མཉམ་པ་ཉིད་དམིགས་ཏེ། །སྟོང་པ་ཉིད་ཀྱི་སྔགས་ཀྱིས་སྦྱང ། །དྲི་ཞིམ་སྔགས་ཀྱིས་བྱིན་བརླབས་པའི། །ཆུ་རྒྱུན་ཕྱོགས་བཅུར་གཏོར་བྱས་ཤིང ། །སྣ་ཚོགས་གཏོར་མས་མཉེས་བྱས་ཏེ། །ལྷ་ཚོགས་མགྲོན་རྣམས་ཚིམ་པར་བྱ། །སློབ་དཔོན་རིགས་ཀྱི་གཙོར་གནས་པའི། །རྒྱན་དང་ཆ་ལུགས་རྫོགས་བྱས་ནས། ། 135b སྒྲུབ་པའི་གྲོགས་མཆོག་བློ་གྲོས་ལྡན། །ཚུལ་བཞིན་དུ་ནི་གསོལ་བ་བཏབ། །དབུས་ཀྱི་ས་ཡི་ཆར་གནས་པ། །ཀུན་འབྱུང་ནམ་མཁའ་དག་པའི་སྔགས། །བརྗོད་ཅིང་འབྱུང་བའི་ས་བོན་ལས། དཀྱིལ་འཁོར་རི་བརྩེགས་བསྒོམ་པར་བྱ། །རྡོ་རྗེ་བསྡམས་པ་སར་བཞག་ཅིང ། །བྱམས་པའི་རྡོ་རྗེ་རྣམ་དག་ཅིང ། །རྡོ་རྗེ་དཀྱིལ་འཁོར་ཐུགས་དང་བཅས། །ཕྱག་མཚན་དྲན་པ་ཐོག་མཐར་རྒྱན། །རྡོ་རྗེ་ས་གཞི་ར་བ་དང ། །གུར་སོགས་ཁྲོ་བོ་མེ་འོད་བཅས། །གཙོ་བོ་གར་གྱི་དབང་ཕྱུག་སྐུས། །བད་བཅས་ཐལ་མོ་ལན་གསུམ་བརྡབ། །འོད་འཕྲོས་གནས་ཀུན་གཡོས་པ་ལ། །ལྷ་མོ་གསེར་མདོག་རྒྱན་གྱིས་མཛེས། །མེ་ཏོག་ཕྲེང་བ་བུམ་ཐོགས་པའི། །ལུས་ཕྱེད་ས་ལས་ཐོན་བྱས་ཏེ། །མཐུན་ན་བཀའ་ཉན་ཚུལ་དུ་གནས། །མཆོད་བསྟོད་ཞལ་བསིལ་སོགས་འབུལ་ཞིང། །དྲི་ཞིང་ལས་རྣམས་མ་རྫོགས་པར། །དེ་སྲིད་མི་འགྱུར་བརྟན་བཞུགས་ནས། །བདུད་སོགས་བསྒོ་བའི་དག་བཅས་མཛད། །སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་གྱིས། །ས་དང་ཕ་རོལ་ཕྱིན་པ་ལས། །ལྷ་མོ་ཁྱོད་ནི་དཔང་དུ་ཤོག། ཇི་ལྟར་རྒྱལ་བ་ཐམས་ཅད་ཀྱི། །བདུད་ཀྱི་སྡེ་རྣམས་འཇོམས་མཛད་པ། །དེ་བཞིན་བདག་གིས་བདུད་ལས་ཀྱང ། །རྒྱལ་བར་བྱས་པའི་དཀྱིལ་འཁོར་བརྩམ། །དེ་ནས་སློབ་དཔོན་རྒྱན་རྫོགས་པའི། །རྡོ་རྗེ་དྲིལ་འགྱིང་བཅས་པ་ལ། །དམ་ཚིག་ཉེ་བར་བསྐུལ་བ་ཡི། །གླུ་དག་ཕྱོགས་བཞིའི་ 136a ༄#། །གནས་ནས་གདོན། །རྒྱལ་བས་འགྲོ་བའི་མགོན་གྱུར་པའི། །ཆོས་ཀྱི་མེ་ལོང་གསལ་བ་སྟོན། །བདེར་གཤེགས་རྣམས་ཀྱི་གསང་བ་པ། །རྡོ་རྗེ་གསང་གསུམ་དམ་ཚིག་མཆོག་།ཡེ་ཤེས་དྲི་མ་མེད་པའི་ཚུལ། །སྒྲིབ་སོགས་མ་ལུས་བྲལ་བྱེད་པའི། །རྡོ་རྗེ་པདྨོ་མཉམ་པའི་དབྱིངས། །དཀྱིལ་འཁོར་ཆེན་པོ་དྲུག་ཅུའི་བདག་།ཐེག་ཆེན་ཆོས་ཀྱི་འཁོར་ལོའི་མཛོད། །གསང་གསུམ་པདྨོ་དག་པའི་དབྱིངས། །སོ་སོར་གསལ་བའི་དོན་བསྟན་པ། །རྡོ་རྗེ་ལྟ་བུས་གནས་ཀུན་སྦྱོར། །ཟབ་ཅིང་རྒྱ་ཆེན་སྒྲ་སྣ་ཚོགས། །ཆོས་ཀྱི་འཁོར་ལོ་བཤད་པའི་དུས། །རྒྱལ་པོ་ཡོན་ཏན་དཔེ་དང་བྲལ། །རིན་ཆེན་ལྷུན་པོའི་མཛོད་མངའ་བ། །ཉམས་དགའ་ཐུགས་རྗེའི་ཞིང་རྣམས་དགོངས། །བདག་མེད་མཉམ་པའི་ཡེ་ཤེས་ཅན། །འཕྲིན་ལས་དག་པས་ཟད་པར་མཛོད། །གསང་གསུམ་སྣ་ཚོགས་རྡོ་རྗེའི་བདག་།རིགས་མཆོག་ཤེས་རབ་བརྩོན་བྱེད་ཅིང ། །སྤྱན་བཟང་དག་པས་འགྲོ་ལ་གཟིགས། །སླར་ཉིད་ཁྲོ་བོ་ཆེན་པོའི་སྐུ། །ཞལ་ལྔ་ཕྱག་ཆ་སྣ་ཚོགས་འཛིན། །འཇིགས་བྱེད་འབར་བའི་སྐུར་གནས་ཏེ། །མགུར་ནས་ཧཱུཾ་བསྒོམས་སྒྲ་སྒྲོག་ཅིང ། །རྡོ་རྗེ་པདྨ་ལྟ་བ་ཡིས། །ལྷ་རྣམས་བདག་ལ་བསྡུ་བྱེད་ཅིང ། །མ་དང་ཏ་ལས་བྱུང་བ་ཡི། །མིག་གཉིས་ཉི་ཟླའི་དཀྱིལ་འཁོར་བརྗིད། །འབར་ཞིང་ཐམས་ཅད་དག་བྱས་ནས། །སླར་ཉིད་རང་གི་དཀྱིལ་འཁོར་རྫོགས། །ཤངས་ 136b ཀྱི་རླུང་སྒོ་འབར་བ་ནས། །འཇིག་རྟེན་ཐམས་ཅད་འབར་བྱེད་པ། །རྡོ་རྗེའི་འགྲོས་ལས་བྱུང་བ་ཡི། །སྣ་ཚོགས་ས་གཞིར་བརྟན་པར་བྱས། །ོཾ་སུམྦྷ་ནི་སུམྦྷ་ཧཱུཾ། གྲིཧྣ་གྲིཧྣ་ཧཱུཾ། གྲིཧྣ་པ་ཡ་གྲིཧྣ་པ་ཡ་ཧཱུཾ་ཧཱུཾ། ཨ་ན་ཡ་ཧོ་བྷ་ག་ཝཱ་ན་བིདྱ་ར་ཛ་ཡ་ཧཱུཾ་ཧཱུཾ་ཕཊ། ཕྱག་གི་མཚན་མ་ཀུན་འཁྲོལ་ཞིང ། །ཁྲོ་བོའི་དཀྱིལ་འཁོར་སྤྲོ་བར་བྱེད། །ཧཱུཾ། ལྷ་དབང་རླུང་ལྷའི་ཚོགས། །གནོད་སྦྱིན་དྲི་ཟ་སྲིན་པོ་དང་།། ཤ་ཟ་གཤིན་རྗེ་མ་མོའི་ཚོགས། །མཁའ་འགྲོ་གནོད་སྦྱིན་མ་ལུས་རྣམས། །གང་དག་ས་གཞི་འདིར་གནས་པ། །སྲུང་བྱེད་ས་ཡི་བདག་པོར་བས། །ཐོས་པ་ཙམ་གྱིས་མྱུར་བར་དེངས། །ང་ཡི་བཀའ་ལས་འདའ་མ་བྱེད། །གང་ཞིག་གནས་པའི་མཐུ་བོ་ཆེ། །པདྨ་རྡོ་རྗེ་ཁ་ཊྭཱཾ་ཁ། །ཐལ་བའི་ཚོགས་བཞིན་རླག་པར་བྱེད། །རབ་འབར་ཁྲོ་བོའི་གནས་འཇོམས་པའོ། །པདྨའི་འབར་བའི་གཟུགས་འདི་ཡིས། །གལ་ཏེ་གང་གི་དམ་ཚིག་བཅག་།འདོད་གསུམ་སྐྱེ་གནས་གསལ་བྱས་ཏེ། །འཇིགས་པར་འགྱུར་ཞིང་གཞན་འདི་མེད། །ས་ལས་ཡོངས་སུ་བསྐོར་བྱས་ཏེ། །བགེགས་བྱེད་བྱ་ཕྱིར་ཕུར་པར་གདབ། །ོཾ་གྷ་ཏ་ཡ་གྷ་ཏ་ཡ་སརྦ་དུཥྚན་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཛྙཱ་པ་ཡ་ཏི་ཀྵ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུཾ་ཕཊ། ལག་པ་བསྐྱོད་ཅིང་རྐང་པ་བསྐྱོད། །ངོ་མཚར་ཁྲོ་བོའི་ཟུར་མིག་བཞིན། །སྨིན་མ་ཁྲོ་གཉེར་གཡོན་མཛད་ཅིང ། །ཁ་ཡི་པདྨ་འཛུམ་བཅས་པས། །སོ་སོའི་ཕྱག་རྒྱ་གནས་སུ་སྒྱུར། །འགྱིང་བག་བཅས་པས་ཞལ་ལ་བསྟོད། །རྟ་མཆོག་ཁྲོ་བོའི་ 137a ༄#། །གར་ཐབས་ཀྱིས། །ཞི་རྒྱས་དབང་དང་དྲག་པོའི་ཚུལ། །བ་ཡི་རྣམ་ལྔ་དྲི་བསྲེས་ཆུས། །དཀྱིལ་འཁོར་ས་གཞི་ཉེར་བྱུགས་ནས། །ལྷ་རྣམས་གནས་སུ་དྲི་ཡི་ཆུས། །ཐིག་ལེ་གྲུ་བཞི་ཟླུམ་པོར་བྱ། །རང་གི་སྔགས་དང་མེ་ཏོག་རྣམས། །སོ་སོའི་གནས་སུ་དགྲམ་པར་བྱ། །དབུ་རྒྱན་རོལ་མོ་མཆོད་པའི་ཚོགས། །ལྷ་མགོན་གནས་ཀྱི་ཉེ་འཁོར་མཛེས། །དཀྱིལ་འཁོར་ལྷ་རྣམས་ཉེ་བའི་ས། །མཆོད་ཅིང་བསྟོད་པས་མཉེས་པར་བྱ། །ཆོ་གའི་ཡན་ལག་རྫོགས་པ་དང ། །བཟོད་གསོལ་བསྐང་པའི་དོན་ཆེད་དུ། །རྡོ་རྗེ་དྲིལ་འཛིན་དཔའ་བོ་ཡིས། །ཕྱོགས་རྣམས་ཀུན་ཏུ་བསྐོར་བ་བྱ། །ོཾ་བཛྲ་སཏྭ་ས་མ་ཡ། མ་ནུ་པཱ་ལ་ཡ། བཛྲ་སྟྭ་ཏྭེ་ནོ་པ་ཏིཥྛ་ཌི་ཌྷོ་མེ་བྷ་བ། སུ་པོ་ཥྱོ་མེ་བྷ་བ། ཨ་ནུ་རཀྟོ་མེ་བྷ་བ། སུ་ཏོ་ཥྱོ་མེ་བྷ་བ། སརྦ་སིདྡྷིཾ་མེ་པྲ་ཡཙྪ། སརྦ་ཀརྨ་སུ་ཙ་མེ། ཙིཏྟཾ་ཤྲཱི་ཡཾ་ཀུ་རུ་ཧཱུཾ། ཧ་ཧ་ཧ་ཧ་ཧོ། བྷ་ག་ཝཱ་ན། སརྦ་ཏ་ཐཱ་ག་ཏ་བཛྲ་མ་མེ་མུཉྩ། བཛྲི་བྷ་བ་མཧཱ་ས་མ་ཡ་སྟྭ་ཨཿ ། གསང་སྔགས་རྒྱལ་པོ་བླ་མེད་པའི། །ལན་གཅིག་བརྗོད་པ་ཙམ་གྱིས་ཀྱང ། །སྡིག་པ་མ་ལུས་ཟད་བྱེད་ཅིང ། །ལས་རྣམས་ཐམས་ཅད་འགྲུབ་པར་བྱེད། །པུས་མོ་ས་ལ་བཙུགས་བྱས་ཏེ། །ལག་པ་གཡས་པ་སྤོས་འཛིན་ཅིང ། །གཡོན་པ་དྲིལ་བུ་དཀྲོལ་བྱས་ཏེ། །ཚིག་འདིས་གསོལ་བ་གདབ་པར་བྱ། །ོཾ་བདེར་གཤེགས་སྟོབས་བཅུ་བརྩོན་ལྡན་འགྲོ་བའི་མགོན། །མི་འཇིགས་ལ་སོགས་ཡོན་ཏན་རྩལ་མེད་ལྡན།། 137b རིགས་གཉིས་ཐབས་ཀྱིས་བརྒྱུད་པའི་དཀྱིལ་འཁོར་ཆེ། །བརྙེངས་པ་མི་མངའ་ཐུགས་རྗེ་ཤུགས་ཆེན་པོ། །དགའ་མཛད་དབང་གི་དཀྱིལ་འཁོར་ཚོགས་ཆེན་ལ། །ཚུལ་ཁྲིམས་ལ་སོགས་ཕུང་པོ་མཉེས་གྱུར་ཅིག་།པདྨ་གར་གྱི་དབང་ཕྱུག་གཙོར་བྱས་པའི། །དྲི་བྲལ་ཐུགས་རྗེའི་དཀྱིལ་འཁོར་འདི་ཉིད་ནི། །མཉེས་པའི་ཚོགས་རྣམས་ཀུན་ལས་རྣམ་གྲོལ་ཞིང ། །བདེ་གཤེགས་ཡོན་ཏན་ཐམས་ཅད་འབྱུང་བའི་གནས། །འདོད་ཡོན་འབྲས་བུ་ཕུན་སུམ་ཚོགས་སྒྲུབ་དང ། །འགྲོ་རྣམས་མ་ལུས་ཐུགས་རྗེས་གཟུང་བྱེད་ཅིང ། །ཁྱེད་རྣམས་ལ་ཡང་མཆོད་པ་བྱ་བའི་ཕྱིར། །དཀྱིལ་འཁོར་རྣམ་དག་རྒྱ་ཆེན་བརྩོན་ལགས་ན། །མགོན་པོའི་བཀའ་དྲིན་རྗེས་སུ་བརྩེ་དགོངས་ཏེ། །ཁྱེད་ཀྱིས་རབ་ཏུ་གནས་པར་མཛད་འོས་ལགས། །མེ་ཏོག་དྲི་བཟང་ཕྲེང་སོགས་འདི་བཞེས་ལ། །ཇི་སྲིད་འགྲོ་བའི་དོན་རྣམས་མ་གྲུབ་པར། །དེ་སྲིད་ཐུགས་རྗེས་བཟུང་ཞིང་བཞུགས་ནས་ནི། །བདག་གི་གནས་སོགས་འདི་དག་བྱིན་གྱིས་རློབས། །དེ་ནས་སློབ་མ་ལ་བོས་ཏེ། ཀྱེ་རིགས་ཀྱི་བུ་ཁྱོད་ཐེག་པའི་སྣོད། །རྡོ་རྗེ་ཐེག་པའི་གཞུང་འདི་ཉོན། །དད་གུས་དགའ་བའི་ཤུགས་ཕྱུང་ཤོག་།སྔོན་གྱི་དེ་བཞིན་གཤེགས་རྣམས་ཀྱིས། །ཆོ་ག་བཟང་པོ་འདི་བསྟན་བྱ། །མགོན་པོ་རྫོགས་སངས་རྒྱས་རྣམས་དང ། །མ་བྱོན་དེ་བཞིན་གཤེགས་པའི་ཚོགས། །དེ་བཞིན་ད་ལྟའི་སེམས་ཅན་རྣམས། །འགྲོ་ལ་ཕན་ཕྱིར་གནས་བཞུགས་ཏེ། །གསང་བ་ཟབ་མོ་བླ་ 138a ༄#། །ན་མེད། །ཆོག་བཟང་པོ་འདི་སྤྱོད་པས། །སྐྱེས་མཆོག་རང་གི་གནས་ཉིད་དུ། །ཀུན་མཁྱེན་ཡེ་ཤེས་བདེ་ཆེན་བརྙེས། །གསང་སྔགས་སྦྱོར་བ་མཉམ་མེད་པར། །པདྨ་གར་དབང་དཀྱིལ་འཁོར་གྱི། །བདུད་ཚོགས་ཤིན་ཏུ་མི་བཟད་པའི། །དཔུང་རྣམས་མ་ལུས་འཇོམས་པར་མཛད། །དེ་ཕྱིར་ཀུན་མཁྱེན་ཡེ་ཤེས་ཀྱི། །བློ་གྲོས་མཆོག་འདི་ཁྱོད་ཀྱིས་ཀྱང ། །སངས་རྒྱས་ཆོས་དང་དགེ་འདུན་ལ། །ཀུན་ཏུ་སྐྱབས་སུ་འགྲོ་བར་གྱིས། །རྣལ་འབྱོར་མཁའ་འགྲོ་གསང་སྔགས་ཅན། །རིགས་ཀྱི་དཀྱིལ་འཁོར་སོ་སོ་ཡི། །འཁོར་ལོ་བཞུགས་པའི་ཚོགས་རྣམས་ལ། ། ཀུན་ནས་སྐྱབས་སུ་འགྲོ་བར་གྱིས། །དཔའ་བོ་དཔའ་མོ་འཁོར་དང་བཅས། །བྱང་ཆུབ་སེམས་དཔའི་བདག་ཉིད་ཚེ། །ཁྱད་པར་དུ་ཡང་སློབ་དཔོན་ལ། །ཁྱོད་ཀྱིས་སྐྱབས་སུ་འགྲོ་བར་གྱིས། །དེ་ནས་ལེགས་སྤྱོད་སློབ་མ་ཡིས། །སྐྱབས་འགྲོ་བྱང་སེམས་སྡོམ་པ་གཟུང ། །དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་པོ་གཟུང་བར་བྱ། །བདག་གིས་སྡིག་པ་བྱས་པ་དང ། །བགྱིད་པ་རྗེས་སུ་ཡི་རང་བ། །མགོན་པོའི་སྤྱན་སྔར་མཆིས་ནས་སུ། །དེ་དག་ཐམས་ཅད་བཤགས་པར་བགྱི། །རྒྱལ་བ་སྲས་བཅས་འཁོར་རྣམས་དང ། །རང་རྒྱལ་དགྲ་བཅོམ་འགྲོ་རྣམས་ཀྱིས། །བསྒོམ་བཟླས་ལ་སོགས་བསོད་ནམས་ལ། །དད་པས་རྗེས་སུ་ཡི་རང་ངོ ། །སེམས་ཉིད་མངོན་པར་སངས་རྒྱས་དང ། །ཆོས་ཀྱི་འཁོར་ལོ་ 138b བསྐོར་བྱེད་པའི། །ཚོགས་སྤྱོད་བྱང་ཆུབ་སེམས་དཔའ་ལ། །བདག་ནི་རབ་ཏུ་སྐྱབས་སུ་མཆི། །སངས་རྒྱས་རྣམས་འབྱུང་ཅི་ལྟ་བར། །སྐལ་ལྡན་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སེམས་མཆོག་དྲི་མེད་པས། །འགྲོ་བ་རྒྱ་ཆེ་ཚོགས་ལ་དམིགས། །དུས་གསུམ་བཞུགས་པའི་འགྲོ་རྣམས་ཀྱིས། །ཐུགས་ཀྱི་དཀྱིལ་འཁོར་གསལ་མཛད་པ། །དེ་བཞིན་ཉིད་དབྱིངས་བྱང་ཆུབ་སེམས། །དུས་གསུམ་དག་ཏུ་གཏང་མི་བྱ། །རྡོ་རྗེ་སློབ་དཔོན་ལ་གུས་ཤིང ། །དུས་ཀུན་དུ་ནི་ཡོན་ཏན་གཟུང ། །རྣལ་འབྱོར་གསང་བ་སྨད་མི་བྱ། །རྡོ་རྗེ་སྤུན་ལ་མིག་བཞིན་བལྟ།། གསང་སྔགས་ཕྱག་རྒྱའི་རྣམ་པ་དག། བརྩོན་པས་དུས་གསུམ་དྲན་པར་བྱ། །དེ་ནས་ཤིས་པར་བྱ་བའི་ཕྱིར། །རང་དང་མཚན་མའི་ཡི་གེ་སྔགས། །བྱིན་བརླབས་ཡེ་ཤེས་བསྐྱེད་པར་བྱ། །སླར་ཡང་བདུག་པ་མེ་ཏོག་དང ། །མར་མེ་དྲི་ཆབ་ལ་སོགས་པའི། །རང་གི་གནས་སུ་འདུག་ཅིང་དབུལ། །བཀྲ་ཤིས་ཤིང་མཆོག་འོ་མ་ཅན། །ལོ་མ་མེ་ཏོག་འབྲས་བུར་བཅས། ། རློན་པ་དྲང་ཞིང་འབུ་རྗེས་མེད། །ཆག་གས་མེད་པའི་ཚེམས་ཤིང་ནི། །སོར་ནི་བཅུ་གཉིས་དྲི་བཟང་བྱུག། རྩེ་མོ་མེ་ཏོག་ཕྲེང་བཏགས་པ། །སྔགས་ཟློས་དྲི་ཆུས་བསང་བར་བྱ། །རིགས་ཀྱི་མཚོན་ཆར་བྱིན་བརླབས་པས། །ོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཤི་ཏ་ནི་སཝཱཧཱ། ཡི་གེ་གསུམ་བཅས་སྔགས་བརྗོད་ཅིང ། །ཤར་དུ་ཁ་བལྟས་སློབ་མ་ལ། །བདེན་པ་བདར་ཞིང་སྦྱིན་བྱ་ཞིང ། ། 139a ༄#། །དེས་ཀྱང་མི་སྨྲ་བླང་བར་བྱ། །གྲི་རྩེ་ལྟ་བུས་ལྕེ་བཞར་ཞིང ། །ཕྲ་མོའི་ཕྱོགས་ཀྱིས་སོ་བྲུས་ཏེ། །ས་གཞི་དྲི་ཡིས་བྱུགས་པ་རུ། །ཕན་ཚུན་མི་བལྟ་དོར་བར་བྱ། །ཤར་ལ་སོགས་པའི་ཕྱོགས་ཀུན་གྱིས། །ཞི་སོགས་དངོས་གྲུབ་མཚན་མ་བརྟག་།གྱེན་ཐུར་རབ་དང་འབྲིང་གིས་བལྟ། །མཚམས་ཀྱིས་འཇིག་རྟེན་ལས་རྣམས་འགྲུབ། །ལས་དག་པ་ཡི་སྔགས་བཟླས་ནས། །སྦྱང་ཞིང་བྱིན་གྱིས་བརླབས་བྱས་པའི། །ཆུ་གཙང་དྲིས་སྦྱང་ཁྱོར་བ་གསུམ། །ཉེ་རེག་འཐོར་བའི་ཚུལ་དུ་སྦྱིན། །ོཾ་ཧྲི་བི་ཤུདྡྷ་སརྦ་དྷརྨ་པཱ་པ་ནི་ཙཱ་ཤ་བི་ཤོ་དྷ་མ་སརྦ་ཀལྤ་ན་ཨ་པ་ནི་ཡ་ཧཱུཾ། གཙང་མའི་རས་ལ་ལེགས་བཀལ་བའི། །སྲུང་སྐུད་མདུད་པ་གསུམ་ལྡན་པའི། །ཡི་གེ་གསུམ་གྱིས་སྔགས་བཟླས་ནས། །དེ་ཡི་དཔུང་པ་གཡོན་པར་བཅིང ། །ཀུ་ཤ་རྩེ་མོ་མ་འཁྲུགས་པའི། །བམ་པོ་གཉིས་སུ་སྦམས་པ་ཡིས། །ཡབ་ཡུམ་གཉིས་སུ་བྱིན་བརླབས་པའི། །སྔས་དང་སྟན་དུ་སྦྱིན་པར་བྱ། །ོཾ་སརྦ་དུ་སྟི་ཀུ་རུ་སཝཱཧཱ། དགའ་བའི་གཏམ་གྱིས་གཟེངས་བསྟོད་ཅིང ། །མཆོད་པ་གཏོར་མའི་ཚོགས་བཅས་པས། །ལྷ་ཚོགས་རྣམས་ལ་བསྔོ་བྱས་ནས། །བདེན་པ་བརྗོད་ཅིང་ཅི་བདེར་ཉལ། །མི་སྨྲ་དགེ་པའི་སེམས་བཅས་པས། །རྨི་ལམ་མཚན་མ་བརྟག་པར་བྱ། །སླར་ཉིད་སློབ་དཔོན་ནང་སོང་སྟེ། །དཀྱིལ་འཁོར་གསལ་བའི་ཏིང་འཛིན་གྱིས། །ལྷ་རྣམས་མཆོད་ཅིང་བསྟོད་བྱ་སྟེ། །དགེ་བའི་སེམས་ 139b ཀྱིས་ཉལ་བར་བྱ། །དེ་ནས་སྐྱ་རེངས་ཤར་དུས་སུ། །སློབ་དཔོན་སློབ་མ་སྔས་འོངས་ཏེ། །ཀྱེ་ཀྱེ་བཞིན་བཟང་རྣམས་ལོངས་ཤིག་།རྨི་ལམ་མཚན་མ་ཅི་མཐོང་བ། །བདེན་པ་བརྗོད་པའི་དུས་ཡིན་ནོ། །དེས་ཀྱང་ཅི་བཞིན་སྨྲ་བར་བྱ། །རབ་འབྲིང་མཚན་མའི་ལྟས་བསྟན་ཅིང ། །ངན་པའི་ལྟས་རྣམས་བཟློག་པར་བྱ། །སྦྱིན་སྲེག་གཏོར་མ་ལ་སོགས་དང ། །བ་ཡི་རྣམ་ལྔས་བྱུག་པར་བྱ། །དངོས་རྣམས་མཚན་མ་ལས་གྲོལ་བའི། །སྟོང་པ་ཆེན་པོ་ཡེ་ཤེས་བསྒོམ། །རིན་ཆེན་རྒྱུ་ལས་བྱུང་བ་ཡི། །བུམ་པ་མགུལ་རིང་ལྟོ་བ་ཟླུམ། །ཁ་ཁྱེར་ཞབས་བཏེག་འཕེལ་ཀ་ཆེ། །དྲི་ཞིམ་ཚོན་དཀར་ལེགས་བྱུགས་ཏེ། །པདྨའི་དཀྱིལ་འཁོར་ལེགས་གནས་ཏེ། །སོ་སོའི་མཚན་མའི་ཡི་གེ་བརྒྱན། །རྣམ་རྒྱལ་བུམ་པ་ལ་སོགས་རྣམས། །མཆོད་ནས་སྟན་ལ་བཀྲམ་པར་བྱ། །རིན་ཆེན་སྣ་ལྔ་འབྲུ་ལྔ་དང ། །སྙིང་པོ་ལྔ་དང་སྨན་ལྔ་དང ། །བཀྲ་ཤིས་རྫས་ལྔ་གཞུག་པར་བྱ། །མགུལ་ཆིངས་གཟུངས་ཐག་ཁ་རྒྱན་སོགས། །དམ་ཚིག་ལྷ་རྣམས་གསལ་བྱས་ནས། །ཡེ་ཤེས་སྐུ་དང་གཉིས་མེད་པར། །མཆོད་བསྟོད་སྔགས་ཀྱི་བཟླས་པ་བྱ། །སྔགས་བཅས་ཆུ་དང་གཉིས་མེད་གནས། །དཀྱིལ་འཁོར་གྲུབ་པའི་དུས་དག་ཏུ། །རང་རང་གནས་ཀྱི་ཕྱོགས་སུ་དགྲམ། །དམ་ཚིག་དཀྱིལ་འཁོར་གསལ་བྱས་ནས། །ཡེ་ཤེས་ལྷ་དང་གཉིས་མེད་པའི། །ཐབས་དང་ཤེས་རབ་འབྲེལ་བྱས་ 140a ༄#། །པས། །དཀྱིལ་འཁོར་ས་ལ་ཐིག་གདབ་བྱ། །ཤེས་རབ་སྤྱན་མཛེས་བཅུ་དྲུག་ལོན་བའམ། །ཇི་བཞིན་བྱིན་གྱིས་བརླབས་ནས་ཀྱང ། །དཀྱིལ་འཁོར་སྒྲུབ་པ་གནས་བྱའོ། །གཙང་མའི་རྒྱུ་ལས་བྱུང་བའི་རས། །ཁ་དོག་ཉི་ཤུ་རྩ་ལྔ་འམ། །ལྔ་ལས་བྱུང་བའི་སྐུད་པ་དག་།བྱིན་གྱིས་བརླབས་ཅིང་བསྒྲིལ་བར་བྱ། །སྟོང་པ་ཉིད་ཀྱིས་སྦྱངས་བྱས་ནས། །རིགས་ཀྱི་ལྷ་རུ་གནས་པ་དག་།མཆོད་བསྟོད་སྔགས་བཅས་བསྒྲིལ་བར་བྱ། །ོཾ་བཛྲ་ས་མ་ཡ་མུ་ཏྲ་མ་ཏི་ཀྲ་མ་ཧཱུཾ། ཨོཾ་ཨཱཿ ་ཧཱུཾ། ཛ་གདགས་པ་ཡི་སྔགས་བརྗོད་ཅིང ། །རྡོ་རྗེ་སློབ་དཔོན་ཐུགས་ཀ་ནས། །སློབ་མས་སྨིན་མཚམས་དྲང་པོར་འཐེན། །དེ་ལ་གནས་ཀྱི་ནུབ་དང་ཤར། །འོད་འཕྲོས་བྱང་སེམས་ཐུགས་རྗེ་ཆེ། །ནམ་མཁའི་དཀྱིལ་འཁོར་མངོན་བར་བལྟ།། རྡོ་རྗེ་ལྟེ་བས་ཕྱོགས་དང་མཚམས། །དཀྱིལ་འཁོར་ཆེན་པོ་རྫོགས་པར་བསྟན། །སྟོབས་མཆོག་དཔའ་བོ་དགོངས་སུ་གསོལ། །རྡོ་རྗེ་ཐིག་སྐུད་སྒྲར་ལྡན་པས། །ནམ་མཁའི་དཀྱིལ་འཁོར་ལེགས་གྲུབ་ཅིང ། །འགྲོ་བའི་དོན་ལ་བསྐུལ་བར་མཛོད། །ོཾ་ཨ་ནུ་ན་ཨ་ནུ་ག་ཏོ་སརྦ་དྷརྨ་པ་ར་པ་ར་ཨ་ནུ་ག་ཏ་སརྦ་ཨ་ནནྟ། ཨ་བ་ཏ་ར་སརྦ་དྷརྨ་ཧཱུཾ། ལྷ་རྣམས་མདུན་དུ་བཞུགས་གྱུར་ནས། །མཆོད་བསྟོད་དབང་པོའི་ཚུལ་དུ་དགོངས། །རྡོ་རྗེ་ཁུ་ཚུར་སར་བཞག་ཅིང ། །ཤར་ནས་ནུབ་ཏུ་བརྐྱང་བ་ཡི། །ཚངས་ཐིག་དང་པོ་གདབ་བྱས་ནས། ། 140b དེ་བཞིན་སྒོ་ནས་ཚད་ཀྱིས་ནི། །ཟུར་བཞི་ཤིན་ཏུ་ལེགས་པར་གཞལ། །རྡོ་རྗེ་ལྷོ་བྱང་གཉིས་པ་དང ། །མཚམས་ཀྱི་ཐིག་རྣམས་གདབ་པར་བྱ། །ལེགས་ཐིག་གྲུ་བཞི་མཉམ་གྱུར་ནས། ། བརྒྱད་དང་བཅུ་དྲུག་དག་ཏུ་བགོ་།བར་ཁྱམས་ཕྱི་ཁྱམས་མ་གཏོགས་པའི། །གཞན་དག་ཆ་ཕྲན་བཞི་བཞིར་བགོ་།ཐིག་གི་ཆོ་ག་རྫོགས་པ་དང ། །ཡེ་ཤེས་སྐུད་པས་མཆོད་བསྟོད་ཅིང ། །རྡོ་རྗེ་ཁུ་ཚུར་སྔགས་བཅས་ཀྱིས། །རང་གི་གནས་སུ་གཤེགས་གསོལ་བྱ། །ོཾ་བཛྲ་ག་ཛཿ ། དཀྱིལ་འཁོར་བདག་པོའི་ང་རྒྱལ་གྱིས། །མིག་གཉིས་མ་དང་ཏ་ལས་བྱུང་བར་བསམ། །དཀྱིལ་འཁོར་གནས་རྣམས་ཀུན་བལྟས་ཏེ། །སྔགས་དང་ཕྱག་རྒྱ་བཅས་པ་ཡི། །སྒོ་དག་བཞི་པོ་དབྱེ་བྱས་ནས། །ཆ་ཕྲན་དག་ཀྱང་བློ་ཡིས་བརྟག་།རྡོ་རྗེ་སློང་བའི་ཕྱག་རྒྱ་ཡིས། །རི་མོའི་མཁར་ནི་བཏེགས་བྱས་ཏེ། །འབྱུང་འཇུག་གསང་བའི་ཆོ་ག་དག་།རྣལ་འབྱོར་བརྟན་པ་ཡིད་ཀྱིས་བྱ། །ོཾ་བེ་གཱ་ཀྲ་མ་ཧཱུཾ། པདྨ་རང་བཞིན་རྣམ་དག་པས། །དཀྱིལ་འཁོར་འབྱུང་བའི་གནས་ཆེན་པོ། །ཐུགས་རྗེ་ཡེ་ཤེས་རྣམ་འཕྲུལ་ཚོགས། །ཁྱབ་མཛད་བྱིན་རླབས་སྟོན་པའི་གཙོ། །རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་རྨད་དུ་བྱུང ། །མ་ལུས་སེམས་ཅན་དོན་གྱི་ཕྱིར། །ཕོ་བྲང་དག་པར་བྱིན་གྱིས་བརླབ། །ཕྱོགས་མཚམས་མ་ལུས་རྣམ་དག་པས། །བྱང་ཆུབ་ཡེ་ཤེས་གནས་གསལ་འགྱུར། །ཉོན་མོངས་ཉེས་ཚོགས་ཀུན་བཅོམ་པའི། །ཐུགས་རྗེ་ཆེན་པོ་དྲི་མེད་ 141a ༄#། །ཤུགས། །ཡེ་ཤེས་བྱིན་བརླབས་ལས་བྱུང་བའི། །དཀྱིལ་འཁོར་གསང་བ་གྲུབ་པར་མཛོད། །རིན་ཆེན་རྣམ་ལྔའི་ཕྱེ་མ་དང ། །ས་ཚོན་ལ་སོགས་གང་འབྱོར་པ། །རིན་པོ་ཆེ་ཡི་སྣོད་བླུགས་ཏེ། །དཀྱིལ་འཁོར་གནས་ཀྱི་ཕྱོགས་ལྔར་གཞག་།སྦྱངས་ཤིང་བྱིན་གྱིས་བརླབས་བྱས་ན། །རིགས་ལྔའི་སྐུད་ཚོགས་ཡུམ་བཅས་ལ། །རིགས་ཀྱི་དཀྱིལ་འཁོར་དབུས་སོགས་དང ། །མཆོད་བསྟོད་སྔགས་ཀྱིས་མཉེས་པར་བྱ། །ོཾ་བཛྲ་ཙིཏྟ་མ་ཏི་ས་མ་ཡ་ཧཱུཾ། དཀར་མཐིང་སེར་པོ་ལྗང་ཁུ་དང ། །དམར་པོའི་ཚོན་རྣམས་རིམ་བཞིན་དུ། ། དབང་ལྡན་མཚམས་ནས་བརྩམ་བྱས་ཏེ། །པཉྩ་རཱ་ག་དྲང་བར་བྱ། །གཡས་པས་པདྨ་རྡོ་རྗེ་གཟུང ། །གཡོན་པས་འདྲེན་པའི་ལས་བྱའོ། །དེ་ལ་མཆོད་འབུལ་སྔགས་བརྗོད་ཅིང ། །བདེན་པ་བདར་ཏེ་དགབ་པར་བྱ། །འདི་ནི་ཆོས་དབྱིངས་རྣམ་པར་དག་།སེམས་ཅན་ཁམས་ནི་རབ་སྒྲོལ་བྱེད། །དཔལ་ལྡན་པདྨ་གར་དབང་ནི། །དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཡང་དག་བདེན་པའི་བྱིན་རླབས་ཀྱིས། །དཀྱིལ་འཁོར་ལས་རྣམས་ཤིས་པར་མཛད། །དབུས་ཀྱི་ལྟེ་བ་ནས་བརྩམས་ཏེ། །དང་པོ་སློབ་དཔོན་གྱིས་བྲི་ཞིང ། །ཕྱིས་ནི་ཅི་དགར་ཤེས་པར་བྲི། །མཐོ་དམན་མེད་སྙོམས་དྲང་པོར་བྱ། །དེ་ནས་མཚན་མ་རྟགས་བསྟན་ཏེ། །ཆད་ཅིང་སྨྲ་བས་མི་འགྲུབ་སྟེ། །ཡོན་པས་གདུང་བའི་ལས་རྣམས་སྐྱེ། །ཆད་པས་སློབ་དཔོན་སློབ་མ་དག་།ཤི་ཐ་མ་ངན་པར་འགྱུར་བ་ཡིན། །ལྷག་ 141b དང་བཅས་པས་གཡུལ་འཁྲུགས་ཤིང ། །ཕྱོགས་འཁྲུལ་བ་ཡིས་སྨྱོ་བར་འགྱུར། །དབུས་ཀྱི་དཀྱིལ་འཁོར་གནས་དག་ཏུ། །རེའུ་མིག་ཉི་ཤུ་རྩ་ལྔ་ལས། །བདེ་གཤེགས་གཙོ་བོའི་རིགས་སུ་བཅས། །ཕྱག་རྒྱའི་ཡི་གེ་མཚན་མ་བྲི། །ཕྱི་རོལ་པདྨའི་འདབ་གནས་པ། །ཉི་ཤུ་རྩ་བཞི་ཚོགས་རྣམས་ལ། །བྱང་སེམས་ཁྲོ་བོ་བཅས་པ་དག་།ཤར་ནས་རིམ་བཞིན་བྲི་བར་བྱ། །ཕྱི་དང་ནང་གི་མཚམས་རྣམས་སུ། །མཆོད་པའི་ལྷ་མོ་བརྒྱད་རྣམས་གཞག་།བར་ཁྱམས་བསྐལ་བཟང་སེམས་དཔའ་རྣམས། །སྒོ་བཞིར་ཁྲོ་བོའི་ཚོགས་གཞག་གོ་།དབུས་ཀྱི་དཀྱིལ་འཁོར་དབུས་སོང་སྟེ། །བདེ་གཤེགས་འོད་ཟེར་སྣང་བ་ཡི། །པདྨོ་རྡོ་རྗེ་དྲིལ་བཅས་པས། །རང་གི་ཁ་དོག་ཚོན་བཅས་གཞག་།དེ་ཡི་ཤར་ཕྱོགས་རེའུ་མིག་ལ། །ཚེ་མཐའ་ཡས་དང་ཆོས་དབང་ཕྱུག་།ཆགས་མེད་འོད་དང་སྤྱན་དགའ་པའི། །པད་བརྩེགས་པདྨའི་ཕྲེང་མ་དང ། །བདག་ནས་གླེགས་བམ་རིན་ཆེན་ཕྲེང ། །རང་མདོག་སྔགས་ཀྱིས་བརྒྱན་པ་གཞག་།ཤར་གྱི་དཀྱིལ་འཁོར་དབུས་གནས་པར། །བདེ་བར་གཤེགས་པ་མི་བསྐྱོད་པ། །རྡོ་རྗེ་དྲིལ་བུའི་སྔགས་བཅས་པས། །རང་གི་འོད་བཅས་གདན་ལ་གཞག་།དེ་ཡི་ཤར་ཕྱོགས་རེའུ་མིག་ལ། །འབྲུག་སྒྲ་དྲི་མ་མེད་པའི་རིགས། །མངོན་པར་སྣང་མཛད་བསྟན་དབང་ཕྱུག ། ཆགས་ཤིང་རིན་ཆེན་པད་སྤུངས་པ། །རིན་པོ་ཆེ་ཡི་དྲ་བ་སྟེ། །རིམ་བཞིན་རང་མདོག་སྔགས་ཀྱིས་བརྒྱན། །ལྷོ་ཡི་དཀྱིལ་འཁོར་དབུས་གནས་པ། །བདེ་གཤེགས་རིན་པོ་ཆེ་སྦྱངས་ཀྱིས། །རིན་ཆེན་བརྩེགས་ 142a ༄#། །དང་དྲིལ་བུ་ལ། །རང་མདོག་སྔགས་ཀྱིས་མཚན་བྱས་པའོ། །དེ་ཡི་ཤར་ཕྱོགས་རེའུ་མིག་ལ། །ནམ་མཁའི་མཛོད་དང་དྲ་བ་ཅན། །དཀོན་མཆོག་རྒྱལ་མཚན་རིན་ཆེན་ཏོག། རིན་ཆེན་གླིང་བུ་རིན་ཆེན་ཕྲེང ། །རིན་ཆེན་རྒྱལ་མཚན་རིན་ཆེན་བུམ། །རང་གི་འོད་བཅས་སྔགས་ཀྱིས་བརྒྱན། །ནུབ་ཀྱི་དཀྱིལ་འཁོར་དབུས་གནས་པ། །བདེ་གཤེགས་ཀུན་དུ་སྣང་བའི་འོད། ། འཁོར་ལོ་དྲིལ་བུ་མཚན་མ་ལ། །རང་འོད་སྔགས་ཀྱིས་མཚན་བ་བྲི། །པདྨོ་རིགས་ཀྱི་འཁོར་ལོའི་ཚད། །བྱང་གི་དཀྱིལ་འཁོར་དབུས་གནས་པ། །བདེ་གཤེགས་དོན་ཡོད་གྲུབ་པ་ཡི། །རྡོ་རྗེ་སྣ་ཚོགས་དྲིལ་བུ་བསྣམས། །རང་གི་སྔགས་དང་ཁ་དོག་གསལ། །དེ་ཡི་ཤར་ཕྱོགས་རེའུ་མིག་ལ། །བརྩོན་འགྲུས་དང་ནི་ཤུགས་ཆེན་པོ། །གནོད་སྦྱིན་འདུལ་བ་སྣ་ཚོགས་དབང ། །རྒྱ་གྲམ་ཕྲེང་དང་པདྨ་ཕྲེང ། །རྡོ་རྗེ་གདེངས་པོ་ཟླ་གམ་ཅན། །འོད་འཕྲོས་སྔགས་ཀྱིས་མཚན་བྱས་པའི། །མཚམས་ཀྱི་རེའུ་མིག་བཞི་རྣམས་ལ། །འོད་འཕྲོས་པདྨ་འཛིན་པ་དང ། །པདྨ་གནོན་དང་པད་སྐྱོང་དང ། ། མེ་ལོང་རིན་ཆེན་ཕྲེང་བ་དང ། །པི་ཝང་གར་གྱི་ཕྱག་རྒྱ་ལ། །རང་འོད་སྔགས་ཀྱིས་མཛེས་པར་བྱ། །ཕྱི་རོལ་པདྨའི་ཤར་བརྩམས་ཏེ། །རིགས་ཀྱི་བྱང་སེམས་བཞི་བཞིར་གནས། །བདེ་བའི་བློ་གྲོས་རྒྱ་མཚོའི་སྒྲ། །གཟི་མདངས་དང་ནི་འཁོར་ལོ་ཡི། །ནམ་མཁའི་མཛོད་ཀྱི་འཁོར་ལོ་རིན་པོ་ཆེ། །པད་ལྕུག་འཁོར་ལོ་དབྱུག་པ་རྣམས། །རང་འོད་སྔགས་ཀྱི་མཚན་མར་གནས། །ཤེས་རབ་སྣང་ 142b པ་རྡོ་རྗེ་རྒྱལ། །འོད་ཟེར་འཕྲོ་བ་དྲག་ཤུལ་གྱི། །རིན་ཆེན་ཕུང་པོ་རིན་ཆེན་གདུགས། །པདྨའི་སྡོང་པོ་འོད་ཕུང་བྲི། །དྲི་མའི་ཚོགས་དང་སྒྱུ་མ་འཕྲུལ། །རིན་ཆེན་རྒྱལ་པོ་དྲ་བ་ཅན། །རིན་ཆེན་རི་བོ་རྒྱ་གྲམ་བྲི། །ལག་པ་བྲང་གསེར་འོད་འཕྲོ་བ་དང ། །རིན་ཆེན་སྙེ་མ་ཆོས་མཐོང་དང ། །པདྨའི་རྒྱ་གྲམ་གླེགས་བམ་དང ། །པདྨའི་སྡོང་པོའི་གོ་ཆ་བྲི། །དྲི་མེད་མུན་པ་སེལ་བ་དང ། །དགའ་བ་དབྱངས་དང་གཞོན་ནུ་ཡི། །ཆུ་ཤེལ་ནོར་བུའི་ཕྲེང་བ་དང ། །སྤྲིན་ཕུང་རྡོ་རྗེ་རྒྱ་གྲམ་བྲི། །དེ་ནི་རིགས་ལྔའི་སེམས་དཔའ་སྟེ། །རང་འོད་སྔགས་ཀྱིས་མཚན་བྱས་པའི། །དེ་མཐར་ཁྲོ་བོ་བཞི་རྣམས་ཀྱིས། །ཕྱག་རྒྱའི་མཚན་མ་བྲི་བྱས་ཏེ། །སྦྱིན་བདག་སྨྲ་བའི་དབང་ཕྱུག་དང ། །རྩེ་གསུམ་རིན་ཆེན་རྩེ་དགུ་དང ། །དབྱིག་པ་རྩེ་གཅིག་རལ་གྲིའོ། །གྲུ་ཆད་མཆོད་པའི་ལྷ་མོ་བཞི། །བདུག་སྤོས་མེ་ཏོག་མར་མེ་དྲི། །ཕྱི་རོལ་བར་ཁྱམས་གནས་དག་ལ། །ཕྱོགས་རེ་སེམས་དཔའ་བཞི་བཞི་སྟེ། །རྡོ་རྗེ་རྣམ་སྣང་གར་མཁན་དང ། །བློ་ཡི་རྒྱ་མཚོ་ཐོགས་མེད་བཀོད། །རྡོ་རྗེ་མཚན་མ་གསང་སྔགས་བཅས། །རང་འོད་གནས་གདན་དག་ལ་བྲི། །པདྨོ་དགའ་བའི་ས་ལ་དབང ། །རིན་ཆེན་སྤུངས་པ་སྤྲིན་གྱི་ཕྲེང ། །རིན་ཆེན་མཚན་མ་སྔགས་དང་བཅས། །རང་འོད་གདན་ལ་གནས་པ་བྲི། །ཡིད་འོང་མེ་ཏོག་སྒྲོན་མ་དང ། །སྤོས་བརྩེགས་ཁ་ལོ་སྒྱུར་བ་དང ། །པདྨའི་མཚན་མ་སྔགས་དང་བཅས། །རང་འོད་གདན་ལ་གནས་པར་བྲི། །དྲན་དབང་པདྨའི་བློ་གྲོས་དང ། །ལས་བྱེད་སྙིང་པོའི་བློ་གྲོས་དང ། །རྒྱ་གྲམ་མཚན་ 143a ༄#། །མ་སྔགས་དང་བཅས། །རང་འོད་གདན་ལ་གནས་པར་བྲི། །ཤར་སོགས་པ་ཡི་སྒོ་རྣམས་སུ། །ཁྲོ་བོའི་འཇིགས་པའི་རྒྱལ་པོ་ཡི། །རྡོ་རྗེ་རྒྱ་གྲམ་རྡོ་རྗེ་གདེངས། །རིན་ཆེན་དབྱུག་པ་པདྨ་ཕྲེང ། །རང་གི་ཡི་གེ་གདན་གནས་པའི། །ཕྱག་རྒྱའི་མཚན་མ་བྲི་བར་བྱ། །ཕྱོགས་བཞི་རྒྱན་དང་ཕྲེང་བ་དང ། །འདོད་ཡོན་ལྷ་མོ་ལ་སོགས་པའི། །རྒྱན་རྣམས་པདྨ་རྡོ་རྗེ་དང། །རིན་ཆེན་འཁོར་ལོ་རྒྱ་གྲམ་བྲི། །འཕྲོ་བས་མཚན་མ་ཁ་དོག་ལྔ། །ཉི་ཤུ་རྩ་ལྔའི་འོད་བཅས་པའོ། །ཕྱི་རོལ་རྟ་བབས་དྲ་བ་སོགས། །བནྡྷ་དྲིལ་བུ་ཉི་ཤུ་བཞི། །གདུགས་དང་བུམ་པ་བྱ་ཡི་ཕྲེང ། །དཔག་བསམ་རྫིང་བུ་དང་བ་དང ། །ཉི་ཟླ་མེ་ལོང་རྒྱལ་མཚན་ལྔ། །ཆོས་ཀྱི་འཁོར་ལོ་རི་དྭགས་རྣམས། །མཛེས་བྱས་ཕྱི་མཐའ་པདྨ་དང ། །རྡོ་རྗེ་མེ་འོད་མཚོན་གྱིས་བསྐོར། ། དབུས་མིག་ཁ་དོག་ཉི་ཤུ་ལྔ། །པད་ཕྲེང་དམར་པོ་བར་ཁྱམས་དཀར། །སྒོ་བཞིའི་རིན་ཆེན་སྣ་བཞི་པ། །གྲུ་ཆད་གསེར་གྱི་ཁ་དོག་ཅན། །མཆོད་པ་ལྔ་དང་བུམ་དགྲམ་ཞིང ། །བླ་རྒྱན་ན་བཟའ་ཕྱོགས་རྒྱན་བྲེ། །མེ་ཏོག་ཚོམ་བུ་སྔགས་བཅས་པ། །སོ་སོའི་གནས་སུ་དགྲམ་པར་བྱ། །གཏོར་མའི་ཚོགས་མང་སྦྱར་བྱས་ནས། །ཕྱི་རོལ་ཕྱོགས་དང་མཚམས་སུ་དགོད། །ལྷ་ཡི་ཏིང་འཛིན་གསལ་བྱས་པས། །དཀྱིལ་འཁོར་ཤིས་པའི་ལས་འགྲུབ་འགྱུར། །དེ་ནས་ལྷ་རྣམས་བསྟོད་བྱས་ཏེ། །རྡོ་རྗེས་པདྨོ་དམ་ཚིག་གཞུག་།ཐུགས་ཀའི་སྔགས་ཀྱིས་དགུག་བྱས་པའི། །མགྲོན་རྣམས་ 143b ཚིམ་པར་འགྱུར་བ་དང ། །དམ་ཚིག་སྔགས་ཀྱིས་བསྐུལ་བྱས་ཤིང ། །རང་གི་འཕྲིན་ལས་བཅོལ་བར་བྱ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས། གཟུགས་བརྙན་བརྩམ་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་བྱང་ཆུབ་སེམས་དཔའི་གཙོ། །རྡོ་རྗེ་འཆང་སོགས་མགུ་གྱུར་ནས། །རྒྱལ་བ་སར་ཡང་བསྐུལ་བ་མཛད། །ཀུན་དོན་ཐུགས་རྗེ་ཆེན་པོའི་ཤུགས། །མ་འོངས་གསང་སྔགས་སྤྱོད་རྣམས་ཀྱིས། །དཀྱིལ་འཁོར་ཆེན་པོར་གང་འཇུག་པ། །དབང་བསྐུར་ཚུལ་བཞིན་ཇི་ལྟ་བུར། །དེ་བཞིན་རབ་ཏུ་གནས་པ་གང ། །བདག་གཞན་དོན་གྱི་ཡན་ལག་བསྲུང ། །སྦྱིན་སྲེག་རིམ་པ་ཇི་ལྟར་ལགས། །གཙོ་བོ་ཐུགས་རྗེ་ཆེར་ལྡན་པས། །མ་ལུས་གདུལ་བྱ་ཀུན་གྱི་ཕྱིར། །དུས་འདི་སྣང་བར་མཛད་ནས་ཀྱང ། །ཆོ་གའི་ཡན་ལག་རྒྱས་པ་གསུངས། །དེ་ནས་བྱང་ཆུབ་སེམས་ཚོགས་ཀྱིས། །གུས་བར་གཟུང་སྟེ་སྤྱད་པར་བགྱི། །དེ་ནས་བཅོམ་ལྡན་འདས་ཀྱི་དབང ། །ཕྱག་རྒྱ་ཤེས་རབ་རབ་བསྐྱོད་ཅིང ། །རབ་ཏུ་དགའ་བའི་བཞིན་རྒྱས་པ། །རིགས་རྣམས་ཀུན་ལ་གཟིགས་མཛད་དེ། །མཆོག་གསུམ་སྦྱིན་པ་ཞེས་བྱ་བའི། །དོན་འདི་རབ་ཏུ་གནས་པར་མཛད། །བྱང་ཆུབ་སེམས་དཔའ་བློ་ལྡན་པའི། །མ་འོངས་གདུལ་བྱ་གང་དག་གིས། །གཉིས་མེད་གསང་བའི་ཐིག་པ་འདིར། །སྨིན་པའི་ལམ་ལ་འཇུག་འདོད་པས། །གང་གིས་ཉེས་པའི་ལས་རྣམས་ཀྱིས། །རྡོ་རྗེ་སློབ་དཔོན་མགུ་ 144a ༄#། །བྱས་ནས། །ཡང་དང་ཡང་དུ་གསོལ་བཏབ་སྟེ། །དཀྱིལ་འཁོར་གསང་བའི་དོན་དུ་གཉེར། །མ་ལུས་སྡུག་བསྔལ་ལས་བསྒྲལ་ཕྱིར། །བྱང་ཆུབ་སེམས་མཆོག་རྒྱ་ཆེན་བློས། །ཕྱི་ནང་འབྱོར་པའི་ཡོ་བྱད་དག་།ཐམས་ཅད་བྱང་ཆུབ་དོན་དུ་བསྔོས། །འདོད་ཆགས་རྣམ་དག་པདྨོའི་དབྱིངས། །ཆོས་ཀུན་གྱི་ནི་དེ་བཞིན་ཉིད། །ཡེ་ཤེས་སྤྲུལ་པའི་དཀྱིལ་འཁོར་མཆོག་།དེ་རིང་ཡིད་འོང་དོན་ཆེན་གཉེར། །ོཾ་ཨུ་ཏ་ག་ཏ་ས་མ་ཡ་སྟྭཾ། པདྨ་དགའ་བའི་སྐུ་མཆོག་མཉེས། །སྣ་ཚོགས་དཀྱིལ་འཁོར་འབྱུང་བའི་གནས། །མཚན་དཔེ་ཕུན་སུམ་ཚོགས་པ་ཡི། །བདེ་གཤེགས་སྐུ་ལ་ཕྱག་འཚལ་ལོ། །རྡོ་རྗེ་ཆེན་པོས་གཞན་རྣམས་འཇོམས། །མི་ཤེས་དྲི་མ་ཀུན་སེལ་བའི། །ཐུགས་མཆོག་གསང་བའི་ཆོས་མཐར་ཕྱིན། །རྡོ་རྗེ་ཐུགས་ལ་ཕྱག་འཚལ་ལོ། །གསང་སྔགས་སྙིང་པོ་གསང་བའི་ཆོས། །རབ་སྣང་པདྨའི་དབྱིངས་ནས་འཁྲུལ། །བྱང་ཆུབ་ནམ་མཁའི་མཚན་ཉིད་ཅན། །རྡོ་རྗེ་གསུང་ལ་ཕྱག་འཚལ་ལོ། །ཡོན་ཏན་རིན་ཆེན་ཆར་འབེབས་ཤིང ། །དེ་བཞིན་གཤེགས་པའི་རྒྱལ་འགྱུར་བ། །དཔལ་མཆོག་བཀྲ་ཤིས་ཕུན་སུམ་ཚོགས། །ཐེག་པ་ཆེ་ལ་ཕྱག་འཚལ་ལོ། །ཀུན་ཏུ་གནས་འགྱུར་ཁྱབ་པ་པོ། །ལས་མཛད་རྡོ་རྗེ་དམ་ཚིག་མཆོག་།མི་མཐུན་གནས་རྣམས་རབ་འཇོམས་མཛད། །རྡོ་རྗེ་འཇོམས་ལ་ཕྱག་འཚལ་ལོ། །དངོས་གྲུབ་ཀུན་གྱི་དབང་ཕྱུག་རྒྱལ། །དཀྱིལ་འཁོར་ཆེན་པོའི་གནས་ 144b ཉིད་དུ། །དབང་བསྐུར་གསང་བ་ལས་བྱུང་བ། །དམ་ཚིག་ཡེ་ཤེས་རབ་གྲུབ་མཛོད། །ཤེས་རབ་ཆོས་ཉིད་ལས་འཕྲུལ་པའི། །རྗེས་སུ་འཇུག་པས་སྙིང་རྗེའི་ཚོགས། །ཡང་དག་བདེན་པ་ལས་བྱུང་བའི། །བྱིན་རླབས་འདོད་པ་ཐམས་ཅད་རྫོགས། །བདེ་གཤེགས་སྤྲུལ་པའི་ཚིག་ཚོགས་ནི། །དབང་བསྐུར་རྫོགས་མཛད་པ་ཡི་རིགས། །མེ་ཏོག་ཕྲེང་བ་ལ་སོགས་པས། །སློབ་མ་བརྒྱན་བར་བྱས་ནས་ནི། །ཕྱིར་ཕྱོགས་སྟེགས་བུ་ལ་བཞག་སྟེ། །གཏོར་མ་ཕྱོགས་ཀུན་ལས་ཕྱིན་ནས། །ཀུན་ལ་གསོལ་འདེབས་བསྒོ་བྱ་ཞིང ། །སློབ་མ་གཞུག་པ་ཉིད་དུ་བྱ། །རས་གཙང་དམར་བོའི་རྒྱུ་ལས་བྱུང ། །གནས་གཞན་མ་སྤྱད་མ་ཉམས་པར། །རང་གི་སྔགས་ཀྱིས་བྱིན་བརླབས་ནས། །ལེགས་པར་གདོང་ནི་གཡོགས་པར་བྱ། །པདྨོའི་ཐལ་སྦྱར་རིན་ཆེན་ཕྲེང ། །སྔགས་བརྗོད་གཟུངས་འཛིན་རྩེ་གཅིག་ཏུ། །བརྟན་བོར་བྱང་ཆུབ་དོན་གཉེར་བས། །དཀྱིལ་འཁོར་གནས་སུ་མོས་པ་བསྐྱེད། །དེ་ནས་སློབ་དཔོན་བློ་ལྡན་པས། །ཐེག་ཆེན་ལམ་ལ་ཞུགས་པའི་ཕྱིར། ། སློབ་མ་དག་ལ་སླར་སྨྲས་པ། །གསང་སྔགས་ལམ་མཆོག་ཟབ་པ་འདི། །ཤིན་ཏུ་གཟུང་བར་དཀའ་བ་ཡིན། །ཁྱོད་ཀྱིས་གཟུང་བར་འདོད་པ་རྣམས། །མི་སྙེམས་པ་ཡི་བློ་བསྐྱེད་ནས། །ལྟ་སྤྱོད་མཆོག་ལ་གནས་དགོངས་སོ། །ཀྱེ་མ་རྡོ་རྗེ་གསང་བའི་དོན། །ཐེག་ཆེན་སྙིང་པོ་བླ་མ་མེད། །ཚེ་འདིས་བྱང་ཆུབ་འགྲུབ་བྱེད་ཀྱང ། །རྨོངས་རྣམས་ཐེ་ཚོམ་སྐྱེ་བར་འགྱུར། །ངང་ཚུལ་བཟང་པོ་འདི་རྟོགས་ 145a ༄#། །པས། །དུས་གསུམ་བཞུགས་པའི་སངས་རྒྱས་རྣམས། །བྱིན་རླབས་ངོ་མཚར་མཆོག་བརྙེས་ཏེ། །སེམས་ཅན་དོན་ཕྱིར་ཚུལ་དང་ལྡན། །ཁྱོད་ཀྱིས་སྒྲོ་སྐུར་དང་བྲལ་ཞིང། །དད་བརྩོན་ཐེ་ཚོམ་མེད་པར་ཟུངས། །དེ་ནས་སློབ་མས་སླར་གསོལ་བ། །ཡང་དག་ཐུགས་རྗེ་ཆེར་མངའ་བའི། །མགོན་མཆོག་རྣམས་ཀྱིས་བདག་ལ་གནོང ། །འདི་དག་བདག་ལ་གཏོལ་མེད་པས། །ཁྱོད་ཀྱིས་གསུངས་བཞིན་གསོལ་བར་འཚལ། །སླར་ཡང་རབ་གུས་དང་བའི་ཡིད། །ཚུལ་ཆེན་མི་ཉན་དམ་ཚིག་མཆོག་།སློབ་དཔོན་ཆེ་ལ་སྐྱབས་སུ་མཆི། །སངས་རྒྱས་དཀྱིལ་འཁོར་སྲས་བཅས་ཚོགས། །ཐུགས་མཆོག་དྲི་མེད་བདག་ལ་དགོངས། །བདག་གིས་བྱང་ཆུབ་དོན་གཉེར་བས། །དཀྱིལ་འཁོར་གནས་སུ་མོས་པ་བསྐྱེད། །གར་གྱི་དབང་ཕྱུག་བདེ་ཆེན་མཆོག་།མགོན་འགྱུར་རྣམས་ལ་སྐྱབས་སུ་མཆི། །མྱ་ངན་ལས་འདས་ཕོ་བྲང་འདིར། །བདག་ཉིད་ཞུགས་པར་མཛད་པ་ལེགས། །དེ་ནས་ལས་ཀྱི་རྡོ་རྗེ་ཡིས།། གསང་བའི་མཐེ་བོ་ནས་བཟུང་སྟེ། །ཡོལ་བའི་ནང་དུ་གཞུག་པར་བྱ། །ོཾ་པདྨོ་སརྦ་ཏ་ཐཱ་ག་ཏ་ས་མ་ཡ་ཡོ་ག་ཙིཏྟ་ཨུཏྤ་ཏཱ་ཡཱ་མི་ཧཱུཾ་སཝཱཧཱ། དེ་ནས་གསང་བའི་གནས་ཞུགས་པས། ། མཆོད་བརྙེས་རྒྱུན་བཤགས་ལ་སོགས་ཀྱིས། །སྣོད་དུ་རུང་བར་གྱུར་པ་དང ། །དམ་ཚིག་གསུམ་སྒྲོག་ཆུ་བླུད་ཅིང ། །རྡོ་རྗེ་གསང་བའི་དམ་སྒྲོགས་ཤིང ། །ཕྱག་རྒྱས་སྔགས་ཀྱི་གནས་ 145b གསུམ་སྦྱང ། །ོཾ། རྒྱལ་བ་ཀུན་གྱིས་ཁྱོད་ཉིད་ནི། །བྱིན་གྱིས་བརླབ་ཅིང་བརྟན་མཛད་པས། །པདྨ་གར་དབང་དཀྱིལ་འཁོར་འདིར། །བདག་མེད་དམ་ཚིག་སྤངས་པ་དང ། །དད་མེད་བརྩོན་འགྲུས་ཉམས་པ་དང ། །བློ་དམན་ཤེས་རབ་ཆུང་བ་དང ། །བློ་དམན་རྟོག་འཛིན་ལ་གནས་ལ། །སྲོག་གི་ཕྱིར་ཡང་བརྗོད་མི་བྱ། །བདེ་ཆེན་མགོན་པོ་པད་འཆང་སྐུ། །ཁྱོད་ཀྱི་སྙིང་ལ་ཞུགས་པ་ན། །གསང་བའི་ཡེ་ཤེས་གཞན་བརྗོད་དུས། །སྙིང་ཁྲག་འཐུང་ཞིང་གཞན་དུ་ཤེས། །བདག་ནི་གར་གྱི་དབང་ཕྱུག་སྐུ། །ཁྱོད་ལ་ཐུགས་རྗེས་གཟུང་བྱེད་པས། །ང་ཡིས་བསྒོ་བའི་ཚིག་འདི་དག་།འདའ་བར་རུང་བ་མ་ཡིན་ནོ། ། བདག་ལ་བརྙས་ཤིང་འཁུ་བྱེད་ན། །རབ་གཏུམ་ཁྲོ་བོ་ཆེན་པོའི་སྐུ། །ཀླད་པ་ཚལ་པ་བརྒྱར་འགས་ཤིང ། །ལུས་སེམས་ངལ་སོགས་རྡུལ་དུ་བྱེད། །གནས་བཞི་འབྱུང་བའི་དཀྱིལ་འཁོར་ལ། །རང་སྔགས་ས་བོན་འོད་ཟེར་བཅས། །དབབ་པའི་གསང་སྔགས་ལན་སྟོང་དུ། །དྲི་ཞིམ་བདུག་སྤོས་དྲིལ་བཀྲོལ་ཞིང ། །ཡེ་ཤེས་སེམས་དཔའ་གཞུག་པར་བྱ། །དེས་ནི་མཚན་མའི་རྟགས་མཐོང་འགྱུར། །སྐུ་ཡི་ཡེ་ཤེས་ཕྱོགས་བཅུར་གཡོས། །གསུང་གི་ཡེ་ཤེས་གསང་བ་བརྗོད། །ཐུགས་ཀྱི་ཡེ་ཤེས་མངོན་ཤེས་གསལ། །སྔགས་གསུམ་ཕྱག་རྒྱས་བརྟན་པར་གནས། །བདེན་པའི་ཡེ་ཤེས་བྱིན་རླབས་ཀྱིས། །དཀྱིལ་འཁོར་རིགས་ཀྱི་ལྷ་གང་ཡིན། །བདག་གིས་སྐལ་བ་ཇི་ལྟ་བར། །དུས་འདིར་དབབ་པར་མཛད་པ་རིགས། །ནོར་བུ་ཕྲེང་ 146a ༄#། །བ་གར་བབ་པ། །རིགས་དེ་རང་གི་དམ་ཚིག་ཉིད། །སྔགས་དང་ཕྲེང་བ་མ་ལུས་པ། །སླར་ཉིད་དེ་ལ་སྦྱིན་པར་བྱ། །གསེར་གྱི་ཐུར་མ་བྱིན་བརླབས་པས། །མ་རིག་ལྡོངས་པའི་ལིང་ཏོག་བསལ། །ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱིས། །ཁྱོད་ཀྱི་མིག་འབྱེད་བརྩོན་པར་མཛད། །མ་རིག་བསྒྲིབས་གཡོགས་བསལ་མཛད་ནས། །པདྨོ་སྤྱན་བཟང་དྲི་མ་མེད། །ོཾ་པདྨ་ཙཀྵུ་ཛྙཱ་ན་པྲ་བེ་ཤ་ཕཊ། རྡོ་རྗེས་གདོང་གཡོགས་བསལ་བྱས་ནས། །དཀྱིལ་འཁོར་གསལ་བ་བསྟན་པར་བྱ། །ལེགས་པར་ལྟོས་ཤིག་བློ་གྲོས་ཆེ། །སྔོན་གྱི་རྒྱལ་བ་ལ་སོགས་རྣམས། །གསང་སྔགས་སྙིང་པོ་དཀྱིལ་འཁོར་འདིར། །ལེགས་པར་ཞུགས་ཏེ་གྲུབ་པ་བཞིན། །མེ་ཏོག་གང་ལ་བབ་པ་ཡི། །ལྷ་དེ་རིགས་ཀྱི་དམ་ཚིག་ཡིན། །ཤར་གྱི་སྒོ་སྲུང་ནས་བརྩམས་ཏེ། །གཙོ་བོའི་བར་དུ་དཀྱིལ་འཁོར་བསྟན། །ཞལ་ཟས་ན་བཟའ་ལ་སོགས་པས། །བླ་མ་བློ་ལྡན་མཉེས་པར་བྱ། །ཡི་དམ་ལྷ་སྐུ་ཕྱག་རྒྱ་སོགས། །གསང་བའི་མིང་དང་བཅས་པར་བསྟན། །དེ་རིང་དུས་ནས་བཟུང་བྱས་ཏེ། །རྡོ་རྗེ་འཛིན་པའི་གནས་ཐོབ་པར། །རབ་རིབ་ཐ་མའི་བློ་ལྡན་པས། །དུས་ཀུན་ཏུ་ནི་གཟུང་བར་བྱ། །ཀྱེ་མ་ཧོ་བློ་གྲོས་རྒྱ་མཚོའི་གནས། །འགྲོ་ལ་བསྐྱབ་པའི་དོན་བརྩོན་ལ། །ཁྱོད་ཞབས་པདྨ་ལ་བཏུད་དེ། །ཕོ་བྲང་གྲོང་མཆོག་ 146b ཉམས་དགའ་འདིར། །དབང་བསྐུར་བ་ཡི་རིན་ཆེན་མཛོད། །སྣང་མཛད་ལུས་ལ་བབ་པ་ལགས། །རིགས་བཞིན་ཐུགས་རྗེ་བརྩེ་དགོངས་པས། །དྲི་མའི་སྐྱོན་སོལ་བྱིན་བརླབས་མཛོད། །གནང་བར་མཛད་པའི་དུས་ལགས་པས། །སྐྱོབ་པའི་སྐུ་མཆོག་ཐོབ་པར་མཛོད། །ཤར་གྱི་སྒོ་ཕྱོགས་ཁྲུ་དོའི་རྒྱབ། །དབང་བསྟན་དཀྱིལ་འཁོར་དབུས་ཀྱི་ཚད། །པདྨ་འདབ་བརྒྱད་སྒོ་དང་བཅས། ། དམར་པོའི་ཚོན་གྱིས་ལེགས་བྱུགས་ཏེ། །སེངྒེའི་ཁྲི་བཤམས་པདྨོར་བཅས། །འཁོར་ལོ་སྒྱུར་རྒྱལ་ཚུལ་གྱིས་བཞག་།སྤྱི་བོར་གདུགས་མཛེས་རྒྱལ་མཚན་གཡས། །དུང་དང་ཟངས་དུང་སིལ་སྙན་རྣམས། །རོལ་ཆ་མཆོད་ཆ་ཕྱོགས་མཚམས་དགོད། །རྒྱན་ཕྲེང་གོས་ཀྱིས་ལེགས་ཀླུབས་པ། །དྲི་ཆུ་སྔགས་བཅས་ཡུངས་ཀར་དང ། །ཀུ་ཤའི་ཆུ་ཡིས་དག་པར་བྱ། །ོཾ་མ་ཧཱ་བིན་ཏ་ཧ་ན་\?\་ཧ་ན་ཧཱུཾ་ཕཊ། དེ་ནས་རིགས་ཀྱི་ལྷར་བསྐྱེད་དེ། །བཀྲ་ཤིས་དག་པའི་གླུ་བླངས་ཤིང ། །རོལ་མོ་རྒྱན་ཕྲེང་བཀོད་བྱས་ཏེ། །བུམ་པའི་ཆུ་ཡིས་དབང་བསྐུར་བྱ། །དེ་ཡི་ཕྱིར་ནི་སྒྲིབ་ཚོགས་དང། །བག་ཆགས་ཉོན་མོངས་གནས་དག་ནས། །ལྷ་ཡི་ཆུ་རྒྱུན་དག་པའི་མཐུས། །ཡེ་ཤེས་ཕུང་པོ་དབང་ཕྱུག་མཆོག་།ོཾ་ལྷ་ཡི་ཆུ་ནི་དག་པའི་ཆུ། །རྡོ་རྗེ་གསང་གསུམ་གནས་ལས་བྱུང། །བྱང་སེམས་ཆུ་ཡིས་ཚོགས་རྣམས་དག་།དབང་བསྐུར་བ་ཡི་དོན་ཐོབ་མཛོད། །ཡོན་ཏན་རིན་ཆེན་རྣམ་དག་མཆོག་།རིགས་ལྔའི་སྐུ་རྒྱན་བྱས་པ་ཡི། །དབུ་རྒྱན་བཟང་པོའི་ 147a ༄#། །ཅོད་པན་བཅས། །ཀུན་འབྱུང་རིན་ཆེན་ཕུང་པོ་མཆོག་།ཏྲཾ། ཡོན་ཏན་མ་བཅས་པ་ཡི་རྒྱན། །རིགས་ཀྱི་དཀྱིལ་འཁོར་གསལ་བར་བྱེད། །ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཆེ། །མཚན་དང་དཔེ་བྱད་ཀུན་རྫོབ་ཀུན། །ཡེ་ནས་རྡོ་རྗེ་རྩེ་ལྔ་པ། །འོད་ཕྲེང་སྔགས་ཀྱིས་བརྒྱན་བྱས་པའི། །རྟོགས་བཅས་ཚོགས་རྣམས་ཀུན་ལས་རྒྱལ། །བདེ་གཤེགས་ཐུགས་རྗེ་རྩེ་གཅིག་པས། །ཁམས་གསུམ་གནས་རྣམས་དོར་མི་མཛད། །བྱང་སེམས་རྡོ་རྗེ་རྩེ་ལྔ་པ། །རང་རིག་ཡེ་ཤེས་གནས་གསལ་བྱེད། །ཆོས་རྣམས་སྐྱེ་བ་མེད་པའི་དོན། །སྒྲ་བརྗོད་དངོས་པོ་བྲག་ཅ་བཞིན། །སྟོང་པའི་དྲིལ་བུ་གསུང་རང་བཞིན། །དེ་ལས་སྣ་ཚོགས་རྒྱ་ཆེན་ཚོགས། །ཧོཾ། ཆོས་ཀུན་རྒྱུན་ལས་རྣམ་གྲོལ་ཞིང ། །དེ་བཞིན་རྐྱེན་མེད་འབྲས་བུའི་ཚོགས། །རང་བཞིན་པདྨ་དག་པའི་དབྱིངས། །ངེས་པའི་ཐེག་པ་སྟོན་བྱེད་གསུང ། །ཀྱེ་ཧོ་རྡོ་རྗེ་ཆེ་གེ་མོ། ། རིགས་ཀྱི་མཚན་གྱིས་དབང་བསྐུར་ཏེ། །ཆོས་སྐུ་འོད་གསལ་བདེ་བ་ཆེ། །པདྨའི་སྒྲ་དབྱངས་མིང་དང་བཅས། །ོཾ། ཕྱག་རྒྱ་ཆེན་པོ་གསང་བའི་གནས། །རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས། །མི་མཐུན་ལ་སོགས་བཅོམ་བྱས་ཏེ། །རྣམ་པར་སྣང་མཛད་དེ་བཞིན་གཤེགས། །ོཾ་བཛྲ་པདྨོ་ཨ་བྷི་ཥིཉྩ་མི། ཨོཾ་རཏྣ་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུཾ། ཨོཾ་ 147b ་ཏི་པ་ཏི་ཏྲཾ་ཨ་བྷི་ཥིཉྩ་ཧཾ། ཨོཾ་ན་མ་ཆེ་གེ་མོ་ཨ་བྷི་ཥིཉྩ་མི། །སློབ་དཔོན་ལྷ་ལ་རབ་གུས་པས། །ཚོགས་བཅས་ཡོན་ཏན་གཟུང་བྱེད་ཅིང ། །རྡོ་རྗེ་དམ་ཚིག་པ་ཡི་སྤུན། །མིག་གི་འབྲས་བུ་བཞིན་དུ་བསྐྱང ། །འདི་དག་ལ་གུས་སྨོད་བྱེད་པ། །ཚེ་སྲོག་རྡོ་རྗེ་གཏུམ་པོས་འཕྲོག་།སྔགས་རྣམས་དུས་སུ་བརྗོད་བྱ་ཞིང ། །ཕྱག་རྒྱ་རྒྱུན་དུ་བཅིང་བར་བྱ། །གསང་བའི་ཚིག་དང་མཚན་མའི་ཚོགས། །དུས་ཀུན་དག་ཏུ་སྦ་བྱས་ཏེ། །བདུད་རྩི་ལྔ་པོ་ཤ་སོགས་རྣམས། །མཉམ་པར་ཤེས་པས་རྒྱུན་དུ་སྤྱད། །བྲོ་དྲུག་གླུ་དྲུག་སྟབས་པ་ཡི། །བརྟུལ་ཞུགས་གནས་སྐབས་དག་ཏུ་བྱ། །ཉོན་མོངས་ཆོས་ལྔ་འདོད་ཡོན་ལྔ། །དམ་ཚིག་ཉམས་པས་ཤེས་པར་སྤྱད། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཆེ། །གནས་གསུམ་བརྟུལ་ཞུགས་ལ་གནས་ཤིང ། །ལུང་བསྟན་རྗེས་གནང་དབུགས་འདོན་པའི། །ཆོ་ག་བཟང་པོ་སྤྱད་པར་བྱ། །དེས་ནི་རྡོ་རྗེ་སློབ་དཔོན་མཆོག་།ཡོན་ཏན་བཟའ་བའི་གནས་ཐོབ་འགྱུར། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་སྐུ། །ཡང་དག་སྔགས་ཀྱིས་བྱིན་བརླབས་ཏེ། །མ་འོངས་གཟུང་བའི་བློ་གནས་པས། །གསང་བའི་དམ་ཚིག་རྗེས་སུ་ཟུངས། །ོཾ་སརྦ་ཏ་ཐཱ་ག་ཏ་སཝ་ར་པདྨ་ས་མ་ཡ་སྟྭཾ། །ོཾ་ད་དུ་ཤྲཱི་པདྨོ་གྷཱན་དྷ་ཨ། ཨོཾ་མ་ཧཱ་པདྨོ་སཝཱ་ཧཱ་སརྦ་ཏ་ཐཱ་ག་ཏ་ཀ་ཡ་ཝ་ཀ་ཙིཏྟ་ཧཱུཾ་ཕཊ། མཆོད་པ་བཀྲ་ཤིས་བཟང་ལ་བཀླགས། བརྟུལ་ 148a ༄#། །ཞུགས་མཆོག་ཏུ་གྱུར་པ་ཡིན། །བདག་དང་གཞན་གྱི་དོན་སྤྱོད་པའི། །དངོས་གྲུབ་ཐུན་མོང་ཆོ་གའི་ལས། །ཞི་རྒྱས་དབང་དང་དགུག་པ་དང ། །དབྱེ་རྨོངས་བསྐྲད་པའི་ཆོ་ག་དང ། །གསང་པ་ལ་སོགས་ལས་རྣམས་ཀུན། །གསང་བའི་དཀྱིལ་འཁོར་འདི་ཡི་ཚུལ། །ཁྱོད་ཀྱིས་གང་འདོད་གྲུབ་པར་གྱིས། །དེ་ནས་རང་བཞིན་འོད་གསལ་བའི། །པདྨའི་དཀྱིལ་འཁོར་རབ་སྦྱོར་བས། །འཁོར་བའི་ཆོས་རྣམས་ཟིལ་གནོན་ཅིང ། །ཕྱོགས་བཅུར་དམ་ཆོས་གསུང་སྒྲོགས་ཤིང ། །ཕ་རོལ་ཕྱིན་དྲུག་གནས་འཕགས་ཏེ། །སྒྲོ་འདོགས་ཐེ་ཚོམ་གཅོད་པར་བྱེད། །ལུང་བསྟན་བདེ་གཤེགས་སྲས་བཅས་ཀྱིས། །རིགས་མཆོག་མཛད་པ་བླ་ན་མེད། །རྒྱལ་བ་ཀུན་གྱིས་ལུང་བསྟན་མཛད། །ཁམས་གསུམ་འཛིན་བཅས་ཀུན་ལས་གྲོལ། །འདོད་ཆགས་བྲལ་བ་ལྟ་བུའི་སྡིག་།ཁམས་གསུམ་ཀུན་ན་གཞན་མེད་དེ། །དེས་ན་འདོད་ལ་ཆགས་བྲལ་བར། །ཁྱེད་ཀྱིས་ནམ་ཡང་མ་བྱེད་ཅིག་།ོཾ་མཧཱ་ས་མ་ཡ་ཧཱུཾ་ཕཊ། གསང་སྔགས་རྒྱུད་རྣམས་འཛིན་བྱ་དང ། །ལྷ་དང་སློབ་དཔོན་གཟུང་བར་བྱ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །གསུང་གཅིག་སྒོ་ནས་གསུངས་པ་ཡིན། །འགྲོ་རྣམས་ཀུན་ལ་ཕན་པའི་བློས། །དཀྱིལ་འཁོར་ལ་སོགས་བརྩོན་པར་གྱིས། །དད་ 148b བརྩོན་ཤེས་རབ་བློ་ལྡན་པས། །གང་འདོད་འབྲས་བུའི་ཚུལ་ལ་སྦྱོར། །མཆོག་ཏུ་གསང་བའི་གྲོང་ཁྱེར་འདིར། །གང་གིས་འདོད་དོན་གང་གཉེར་པ། །དེས་ནི་སྒྲིབ་སོགས་ཀུན་སྤངས་ཤིང ། །མཆོག་གནས་ཡེ་ཤེས་གསལ་བར་སྦྱོར། །བདེ་ཆེན་གསང་བའི་ཐེག་པ་ཆེ། །ཚེ་འདི་བྱང་ཆུབ་འགྲུབ་པར་བྱེད། །ཉོན་མོངས་དགྲ་སོགས་ལས་གྲོལ་བའི། །བདེ་བ་ཆེན་པོའི་གནས་ཐོབ་པའོ། །དེ་ནས་ལྷ་དང་བཞུགས་གནས་པའི། །རྣམ་དག་དེ་ཉིད་བསྟན་བྱ་སྟེ། །མཆོད་སྦྱིན་གཏོར་ཚོགས་མགྲོན་གཉེར་ཅིང ། །བཀྲ་ཤིས་འགྲོ་བའི་ཚོགས་གསོག་བྱ། །སླར་ཡང་སློབ་མ་བློ་ལྡན་པས། །ཡོན་མཆོག་བླ་མ་ལ་ཕུལ་ཏེ། །མཎྜལ་མཆོད་པའི་ཚོགས་རྣམས་ཀྱིས། །མཉེས་བྱས་གསོལ་བ་གདབ་པར་བྱ། ། ཤེས་རབ་ཡན་ལག་ཕུན་སུམ་ཚོགས། །བཅུ་དྲུག་ཡང་ན་ཉི་ཤུ་བཞི། །རྡོ་རྗེ་བླ་མ་ལ་ཕུལ་ཏེ། །བྱིན་གྱིས་བརླབ་པའི་ཆོ་ག་བྱ། །ཁྲུས་བྱས་དྲི་ཞིམ་རྒྱན་གྱིས་ཀླུབས། །སྣ་ཚོགས་སྔགས་དང་ཕྱག་རྒྱས་སྦྱང ། །རིགས་ཀྱི་ལྷ་དང་ལྡན་བྱས་པས། །དམ་ཚིག་བསྐུལ་བའི་བརྡས་མཚོན་ཏེ། །གཉིས་མེད་ཡེ་ཤེས་སྙོམས་འཇུག་བྱ། །བྱང་ཆུབ་སེམས་ཀྱི་ཆུ་རྒྱུན་གྱིས། །རང་གི་དཀྱིལ་འཁོར་མཆོད་བྱས་པས། །སློབ་དཔོན་ཚོགས་ལ་དབང་ཡང་བསྐུར། །ཇི་ལྟར་རྒྱལ་བ་སྲས་མཆོག་གིས། །འཇུག་པ་པོ་རྣམས་ 149a ༄#། །ཚིམ་མཛད་པའི། །གཉིས་མེད་ཡེ་ཤེས་གསང་བའི་དོན། །དབབ་པའི་ཕྱག་རྒྱ་ལས་བྱུང་བའི། ། ལ་ལ་ཧོ། ཨོཾ་ཨཱཿ ཧཱུཾ། ཨ་ཧོ་སུ་ཀ་རང་གི་གནས། ། ་ཧོ་རེ་ཏི་ཚིམ་པར་མཛད། །དཀྱིལ་འཁོར་ཀུན་ལ་རང་བཞིན་གནས། །ཤེས་རབ་མཆོག་ལྡན་བྱིན་བརླབས་པ། །སློབ་མའི་ལག་ཏུ་གཏད་པར་བྱ། །རང་བཞིན་བདེ་བའི་ཡེ་ཤེས་ཉིད། །ཟག་པ་མེད་པའི་དོན་གསལ་འགྱུར། །རྣམ་པར་རྟོག་པའི་སེམས་ཀྱིས་ནི། །རང་གི་དངོས་ཉིད་མཐོང་བར་འགྱུར། །ེ་མ་ཧོ་འགྲོ་བའི་གནས་འདི་དག ། དེ་བཞིན་ཉིད་ལས་གཞན་དུ་འཁྲུལ། །དེ་དག་བདེ་ཆེན་ཡེ་ཤེས་པས། །གཞན་དུ་འགྱུར་བ་ཅི་ཡང་མེད། །ཡེ་ཤེས་འདི་ནི་ཤིན་ཏུ་ཕྲ། །རྡོ་རྗེ་སྙིང་པོ་མཁའ་འདྲ་ཞིང་།། རྡུལ་བྲལ་ཐར་པ་ཞི་བའི་ཆོས། །རང་གི་རང་བཞིན་དེ་ཉིད་དོ། །དེ་ནི་སྦྱིན་སྲེག་གསང་བའི་དོན། །ཁྱེད་རྣམས་ཀུན་ལ་ཕྱིར་བཤད་དེ། །དཀྱིལ་འཁོར་ཆེན་པོ་ཕྱོགས་བཞི་འམ། །གཞན་ཡང་གནས་གཞན་གང་འཐད་པར། །ཞི་རྒྱས་དབང་དང་མངོན་སྤྱོད་དང ། །ལས་ཀུན་པ་ཡི་ཐབ་ཁུང་བརྩམ། །ཟླུམ་པོ་ཁྲུ་གང་ཟླ་གམ་དང ། །གྲུ་གསུམ་སྣ་ཚོགས་དབྱིབས་ཅན་ནོ། །དེ་དག་དཀར་སེར་དམར་དང་ནག་།སྣ་བཞི་ཀུན་གྱིས་མཚོན་པའོ། །རྡོ་རྗེ་འཁོར་ལོ་པདྨའི་རྒྱན། །སྣ་ཚོགས་རྡོ་རྗེ་མཚོན་ཆ་ཅན། ། 149b ཁྲུ་གང་བཞི་དང་གཉིས་མེད་དང ། །ཁྲུ་གསུམ་དེ་ཡི་ཞབས་སུ་ཕྱེད། །བུད་ཤིང་ཡམ་ཤིང་སོ་སོ་ཡི། །མཚན་ཉིད་ལོ་འབྲས་ཁ་དོག་རོ། །རྩེ་མོ་ཆ་ལས་སོར་བཞི་དང ། །སོར་བརྒྱད་བཅུ་དྲུག་ཉི་ཤུའི་ཚད། །སྦམས་པའི་སོ་སོའི་མར་གྱིས་བྱུག་།རིམ་བཞིན་རྩ་བ་བུད་ཁང་ནི། །ཟླུམ་དང་གྲུ་བཞི་ཟླ་གམ་དང ། །གྲུ་གསུམ་ཚུལ་དུ་བརྩིག་པར་བྱ། །ལྷ་རྣམས་ཀུན་གྱི་ཁང་པ་ཉིད། །མེ་ཡི་གནས་སུ་བཞག་བྱས་ཏེ། །སོ་སོའི་ལས་དང་མཐུན་པ་སྟེ། །གྣེ་ར་ཛ་འབོད་པར་བྱ། །གཡས་པ་མི་འཇིགས་ཕྱག་རྒྱས་གཡོབ། །གཡོན་པ་བགྲང་ཕྲེང་གཟུང་བར་བྱ། །ོཾ་ཨེ་ཧྱེ་ཧི་ཨགྣེ་ཡེ་མཧཱ་པ་བ་ཧི་སཝཱཧཱ། ཁྲོ་བོའི་རྒྱལ་པོས་གསུང་བྱ་སྟེ། །མེ་ལྷའི་གདན་མཆོད་པདྨ་དབུལ། །དེ་རྗེས་མཆོད་པ་རྣམ་ལྔ་དང ། ། བསྲེག་རྫས་མ་ལུས་དབུལ་བྱས་ནས། །ལྷ་རྣམས་མཆོད་པའི་ཕྱག་ཚང་དུ། །བསྟོད་ཅིང་གསོལ་བ་གདབ་པར་བྱ། །གཡས་གཡོན་དགང་གཟར་བླུགས་གཟར་གྱིས། །ཁུ་བཅུད་འཛག་པའི་རྣམ་གྲངས་དབུལ། །ོཾ་མཧཱ་ཨ་ན་ལ་མཧཱ་བྷུ་ཏཱ་བཛྲ་ལ་བསྨི་ཀུ་རུ་ཧཱུཾ་སརྦ་དུཥྚཎ་ཧཱུཾ་ཕཊ། མེ་ལྷ་མཆོད་པའོ། །ོཾ་མཧཱ་ཀུ་རུ་པཉྩ་ཧཱུཾ། དགང་བླུགས་དབུལ་བའི་སྔགས་སོ། །ོཾ་སརྦ་བ་དྷ་ཧ་ན་བཛྲ་སཝཱཧཱ། ཏིལ་གྱིའོ། །ོཾ་བཛྲ་པུཥྤེ་ཧཱུཾ། མེ་ཏོག་གིའོ། །ོཾ་སརྦ་ཨགྣེ་ཡེ་སཝཱ་ཧཱ། ཡམ་ཤིང་ངོ ། །ོཾ་བཛྲ་པཱུ་ཛ་མེ་གྷ་ག་ལོ་ཀེ་ཤཝ་ར་ཧཱུཾ། 150a ༄#། །འཇིག་རྟེན་དབང་ཕྱུག་བྱ་བའི་མཆོད་པའོ། །ོཾ་དྷུ་པེ་ཏི་པ་པུ་ཤ་གནྡྷེ་སྦྱར་བའི་མཆོད་པ་རྣམས་སོ། །ོཾ་ཨ་པྲ་ཏི་བཛྲ་ཡེ་སཝཱཧཱ། ཀུ་ཤའི་འོ། །ོཾ་བཛྲ་ཨཱ་ཡུ་ཥེ་སཝཱཧཱ། དུར་བའི་འོ། །གཞན་ཡང་རྫས་རྣམས་གང་ཚོགས་པ། །རང་མིང་ཡི་གེ་གསུམ་སྔགས་དབུལ། །དེ་ནས་དཀྱིལ་འཁོར་ཀུན་མཆོད་ཅིང ། །འདོད་པའི་དོན་ལ་གསོལ་བ་གདབ། །སྡིག་བཤགས་བག་ཆགས་ཀུན་བྱས་པས། །ལྷ་ཡི་དངོས་གྲུབ་ཐོབ་པར་འགྱུར། །ཐ་མ་མེ་ལྷ་མཆོད་བྱས་ནས། །འཕྲིན་ལས་སོ་སོའི་སྔགས་བརྗོད་ཅིང། །ོཾ་བཛྲ་ན་མ་སརྦ་ཏ་ཐཱ་ག་ཏ་ཧྲྀ་ད་ཡ་མ་ཀུ་རུ་ཧཱུཾ། ལྷ་རྣམས་གཤེགས་སུ་གསོལ་ཞིང ། དམ་ཚིག་ལྷ་ལ་བསྡུ་བར་བྱ། །དེ་ནས་རབ་གནས་བཟང་པོ་ནི། །འགྲོ་ལ་ཕན་ཕྱིར་བཤད་པར་བྱ། །ས་ཕྱོགས་ཉམས་དགའ་མཛེས་པ་རུ། །གཟུགས་བརྙན་དཀྱིལ་འཁོར་ལེགས་བྱས་ཏེ། །མཆོད་རྫས་རྫས་ཀྱིས་མཉེས་བྱས་ནས། །སློབ་དཔོན་ཆས་སུ་གཞུག་པར་བྱ། །དཀྱིལ་འཁོར་གསལ་བར་བསྒྲུབས་བྱས་ནས། །རྟེན་ཚོགས་སྦྱང་བའི་ཆོ་ག་བྱ། །ཇི་ལྟར་རྫོགས་པའི་སངས་རྒྱས་ཀུན། །དགའ་ལྡན་གནས་ནས་གཤེགས་མཛད་དེ། །ལྷ་མོ་སྒྱུ་མའི་ལྷུམས་ཞུགས་ནས། །དེ་བཞིན་འདིར་ཡང་བཞུགས་སུ་གསོལ། །དཀོན་མཆོག་གནས་འདིར་བཞུགས་ནས་ཀྱང ། ། 150b མེ་ཏོག་ལ་སོགས་མཆོད་བཞེས་ལ། །འདི་དོན་གཟུང་བར་བྱ་བ་དང ། །བྱང་ཆུབ་སེམས་མཆོག་སྤེལ་བར་མཛོད། །ནང་པར་རབ་གནས་བགྱིད་པར་འཚལ། །སློབ་མ་རྣམས་ལ་བརྩེ་བ་དང ། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །བཅོམ་ལྡན་བདག་ནི་གྲུབ་པ་ལ། །བཀའ་དྲིན་ཆོ་ག་མཛད་པར་འོས། །དེ་ནས་གནས་རྣམས་ཀུན་སྦྱངས་ནས། །འགྲོ་དྲུག་གནས་ཀུན་སྒྲོལ་བྱེད་པ། །ཐམས་ཅད་དུས་འདིར་དགོངས་སུ་གསོལ། །བྱང་ཆུབ་སེམས་དཔའ་དགྲ་བཅོམ་དང ། །གསང་བའི་སྔགས་ལྡན་ལྷ་རྣམས་ཀུན། །འཇིག་རྟེན་མཆོད་པའི་དོན་ཕྱིར་རོ། །རབ་གནས་བཟང་པོར་འོས་པ་ལགས། །དེ་ནས་གནས་རྣམས་ཀུན་སྦྱངས་ནས། །བྱིན་གྱིས་བརླབས་པ་རྫོགས་བྱས་ཏེ། །རང་གི་དཀྱིལ་འཁོར་ཇི་ལྟ་བར། །དབང་བསྐུར་ཆོ་ག་རྫོགས་བྱས་ནས། །སྦྱིན་སྲེག་གཏོར་མ་ལ་སོགས་གཏང ། །ཞེས་གསུངས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས། ལམ་ཁྱད་པར་དུ་འཕགས་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ལྟར་དེ་བཞིན་གཤེགས་པའི་མཐུས་ཐམས་ཅད་འདུལ་བར་མཛད་པ་དེའི་ཚེ་བདུད་ཀྱི་རྒྱལ་པོ་ཤིན་ཏུ་མྱ་ངན་སྐྱེས་ཏེ། ཀྱེ་མའོ་ཧོ་སངས་རྒྱས་འདིར་ནི་བདག་གི་གནས་ལ་སོགས་པ་བཅོམ་ཞིང་བརླག་པར་བྱེད་ན། ཐབས་ཇི་ལྟ་བུས་གདུལ་བར་བྱ། འོན་ 151a ༄#། །ཀྱང་འདི་ཉིད་ལ་ནི། བདག་ཅི་ཡང་བྱ་བའི་གནས་མེད། ཤིན་ཏུ་དམན་པར་གྱུར་པ་དག་དང་མཚུངས་པར་འགྲན་ནམ། དེ་བཞིན་དུ་འཇིག་རྟེན་གསུམ་པ་འདི་དག་ནི། སྲིད་པ་མི་བསྲེག་བརླག་པར་བྱ་བའི་འཕྲིན་ལས་ཡིན་པས། ཐམས་ཅད་ལ་བཀའ་བསྒོ་ཞིང ། ལས་ངན་པ་འདི་དག་ལ་བཟློག་པར་བྱའོ་ཞེས་བསམ་མོ། །དེ་ནས་འཇིག་རྟེན་གསུམ་གྱི་གནས་ན་མཐུ་ཆེ་བ་དང ། དབང་དང་གཟི་བརྗིད་ཐམས་ཅད་འདུས་ནས་ཀྱེ་ཁྱེད་རྣམས་བདག་ལ་ཉོན་ཅིག ། འཇིག་རྟེན་གྱི་ཁམས་འདི་དག་ནི། རྒྱལ་པོ་གཅིག་གི་དབང་དུ་མ་གནས་ན། ཐམས་ཅད་སྲིད་པ་འཇིག་པར་འགྱུར་རོ། །དེས་ན་ཕྱོགས་ཐམས་ཅད་འཁོར་དང་བཅས་པ་འདུས་ལ། བདག་གི་བཀའ་ཉན་པར་མཛོད་ཅིག་ཅེས་བསྒྲགས་སོ། །དེའི་ཚེ་འཇིག་རྟེན་གྱི་དྲག་བྱེད་ཆེན་པོའི་ཚོགས་ཀྱིས་རང་རང་གི་རྫུ་འཕྲུལ་བསྟན་ཅིང་སྨྲས་པ། ཁྱེད་ཇི་ལྟ་བུའི་ང་རྒྱལ་ཅན་ཞིག་ཡིན། ངེད་རྣམས་རེ་རེ་ཡང་འཁོར་དཔག་ཏུ་མེད་པ་སྐྱོང་བའི་རྒྱལ་པོ་ཆེན་པོ་ཡིན་པས། ཡུལ་འཁོར་གྲངས་མེད་པ་ལ་དབང་བྱེད་ཅིང ། གཞན་གྱི་རེ་གནས་དམ་པར་གྱུར་པ་ལགས་པས། ཁྱོད་རང་བཞིན་གནས་ན་ལེགས་སོ་ཞེས་མཐུན་པར་བརྗོད་པས། བདུད་ཀྱི་རྒྱལ་པོ་ཡང་ཤིན་ཏུ་ཉོན་མོངས་ 151b པས་རྒྱས་ཏེ་གཞན་དག་ལ་སྨྲས་པ། ལྷར་བཅས་འཇིག་རྟེན་འདི་དག་ཀུན། །ང་ཡི་བཀའ་ལས་གནས་པ་ཡིན། །སྐྱེ་འགྲོ་མ་ལུས་གང་དག་ཀུན། །རྒྱལ་པོའི་བཀའ་གསང་ཉན་པར་གྱིས། །ཁམས་གསུམ་བདག་པོ་ལྷ་ཡི་ལྷ། །ས་རྣམས་ཀུན་གྱི་ས་སྟེར་པ། །བདག་ནི་མཐུ་དང་རྫུ་འཕྲུལ་ཚད། །ཀུན་གྱི་འགྲན་པར་ནུས་མ་ཡིན། །ང་ཡི་བཀའ་ལས་འདའ་བྱེད་ན། ། སྲོག་སྲིད་བརླག་ཅིང་གནས་ཀྱང་འཐོར། །ཞེས་བརྗོད་དོ། །དེ་ནས་ཚངས་པའི་རྒྱལ་པོ་རང་གི་འཁོར་དཔག་ཏུ་མེད་པ་བསྡུས་ཏེ་དེ་དག་གི་དབུས་ནས་སྲིན་པོ་ཆེན་པོའི་གཟུགས་འཛིན་པའི་ཁྲོ་བོར་གནས་ནས་རང་གི་མཐུ་ལས་སྤྲུལ་པའི་ཁྲོ་བོ་དང ། མཚོན་ཆའི་ཚོགས་སྤྲོ་བར་མཛད་དོ། །དེ་བཞིན་དུ་ཁྱབ་འཇུག་དང ། དབང་ཕྱུག་ཆེན་པོ་དང ། བརྒྱ་བྱིན་དང ། ཚོགས་ཀྱི་བདག་པོ་དང ། བྷྲིང་གི་རི་ཏི་དང ། གཞོན་ནུ་གདོང་དྲུག་པ་རྣམས་ཀྱིས་ཀྱང་རང་རང་གི་འཁོར་དཔག་ཏུ་མེད་པ་བསྡུས་ཏེ། དེ་དག་གི་དབུས་ན་འགྱིང་ཞིང་སྤྲུལ་པ་བསམ་མི་ཁྱབ་པར་སྤྲོས་ཏེ་དབང་དང ། རྫུ་འཕྲུལ་སྟོན་ཏོ། །རི་རབ་ཀྱི་ཁ་ཁྱེར་ལ་གནས་པའི་རྒྱལ་པོ་ཆེན་པོ་བཞིས་ཀྱང་རང་རང་གི་འཁོར་གྱི་དབུས་ན་འགྱིང་ཞིང་མཐུ་དང་རྫུ་འཕྲུལ་སྟོན་པར་མཛད་དོ། །གསེར་གྱི་རི་ལ་གནས་པའི་ཕྱོགས་སྐྱོང་བརྒྱ་བྱིན་དང ། དབང་ལྡན་དང ། གཤིན་རྗེ་དང ། བདེན་བྲལ་དང ། ཆུ་ལྷ་དང ། གནོད་སྦྱིན་དང ། ཉི་མ་དང ། སའི་ལྷ་རྣམས་ཀྱིས་ཀྱང་རང་ 152a ༄#། །རང་གི་གནས་དང་བཅས་པར་འཇིགས་པའི་མཚོན་ཆ་དང་བཅས་པར་འཁོད་དོ། །ཉི་མ་དང ། ཟླ་བ་དང ། མིག་དམར་དང ། ཕུར་བུ་དང ། པ་བསངས་དང ། སྤེན་པ་དང ། གཟའ་ཆེན་པོ་རྣམས་ཀྱིས་ཀྱང་རང་རང་གི་འཁོར་དང་བཅས་པས་འཇིགས་པའི་ཁྲོ་བོའི་ཚོགས་དང ། མཚོན་ཆར་བཅས་པས་འཁོད་དོ། །མཐའ་ཡས་དང ། འཇོག་པོ་དང ། སྟོབས་ཀྱི་རྒྱུ་དང ། རིགས་ལྡན་དང ། ནོར་རྒྱས་དང ། དུང་སྐྱོང་དང ། པདྨ་དང ། ཆུ་ལྷ་རྣམས་ཀྱིས་རང་རང་གི་གཡོག་འཁོར་རྣམས་དང ། འཇིགས་པའི་སྤྲུལ་པས་འཁོད་དོ། །དེ་བཞིན་དུ་ཁམས་གསུམ་གྱི་དྲེགས་བྱེད་ཀྱི་ཚོགས་གནས་པའི་གནོད་སྦྱིན་དང ། དྲི་ཟ་དང ། གྲུལ་བུམ་དང ། འགྲོ་བ་དྲུག་གཙོ་བོ་དབང་ཆེ་ཞིང་མཐུ་ཡོད་པ་རྣམས་དང ། མ་མོ་རྣམས་དང ། གཤིན་རྗེ་དང ། ལྷ་མ་ཡིན་རྣམས་དང ། འདབ་བཟང་དང ། སྲིན་པོ་དང ། ནམ་མཁའ་ལྡིང་དང ། རྒྱུ་སྐར་གྱི་ཚོགས་སུ་བཅས་པ་རྣམས་ཀྱིས་ཀྱང་རང་རང་རང་གི་འཁོར་གྱི་དབུས་ན་འཇིགས་པའི་གཟུགས་ཀྱིས་མཚོན་ཆ་དང་ང་རོ་དང་བཅས་པས་རྣམ་པར་འཕྲུལ་ཞིང་འཁོད་དོ། །དེ་ནས་བདུད་ཀྱི་རྒྱལ་པོ་ཡང་ཉོན་མོངས་པ་སྐྱེས་ཏེ་རང་གི་འཁོར་རྣམས་འདུ་བར་མཛད་ཅིང་རྫུ་འཕྲུལ་གྱི་ནུས་པ་ཅི་ཡོད་པ་དུས་འདི་དག་གཅིག་ཏུ་སྟོན་ནས་མཚོན་ཆ་སྣ་ཚོགས་འབར་བའི་གཞལ་ 152b ཡས་ཁང་ནས་དྲག་པོ་འབར་བར་འཇིགས་པའི་སྐུར་སྟོན་ཏོ། །ཁྲོ་མོའི་ཚོགས་དང་རོལ་པ་མཛད་པ་ལགས། འཁོར་བའི་ཚོགས་མཚོན་ཆ་མེ་འོད་བཅས་པ་ཕྱོགས་བཅུར་སྤྲོས་ཏེ་ནམ་མཁའ་ཐམས་ཅད་གང་བར་བྱས་ནས་ཐོག་སེར་ནད་དང་ཚུབ་མ་ཐམས་ཅད་སྐྱེས་སོ། །དེས་འཇིག་རྟེན་གྱི་ལྷ་ཀུན་མྱོས་ཤིང་རྨོངས་པར་འགྱུར་བ་དང ། འཇིགས་པའི་ཚོགས་ཀྱི་ས་ཕྱོགས་ཐམས་ཅད་ནས་འཁོར་བའི་མེ་འོད་འབར་བའི་མཚོན་ཆས་བསད་ཅིང་གཏུབས་པ་ལས། སོ་སོའི་ཚོགས་བྲེད་པར་གྱུར་ཏེ་རང་གི་སྙིང་པོ་ཕུལ་ཞིང་སྐྱབས་སུ་གསོལ་ལོ། ། དེ་ནས་ལྷ་ཐམས་ཅད་འདུ་བར་བྱེད་པའི་བདུད་ཀྱི་སྡེ་དེ་དག་ལ་གནས་དོར་ཞིང་དམ་ཚིག་བྱིན་ཏེ། སོ་སོའི་སྙིང་པོ་བླངས་ཏེ་འཁོར་ཚོགས་ཐམས་ཅད་རྗེ་དཔོན་དང་བྲལ་ཏེ། ལྷ་ཆེན་པོ་བརྒྱད་ནི། རང་གི་རྩེ་ལ་འཁོད་དོ། །རྒྱལ་པོ་ཆེན་པོ་བཞི་ནི། ཤར་གྱི་གླིང་ལ་འཁོད་དོ། །གནོད་སྦྱིན་དང་ཕྱོགས་སྐྱོང་དག་ནི། ཤར་གྱི་གླིང་ཕྲན་གཉིས་སུ་འཁོད་དོ། །འགྲོ་བ་རིགས་དྲུག་གི་སེམས་ཅན་རྣམས་ནི། ལྷོར་འཁོད་དོ། །དྲི་ཟ་དང་མ་མོ་རྣམས་ནི། ལྷོའི་གླིང་ཕྲན་ལ་དགོད་དོ། །ལྷ་མ་ཡིན་རྣམས་ནི། ནུབ་ཏུ་འཁོད་དོ། །གཤིན་རྗེ་དང་འདབ་བཟང་དང་སྲིན་པོ་རྣམས་ནི། ནུབ་ཀྱི་གླིང་གི་གླིང་ཕྲན་གཉིས་ལ་འགོད་དོ། །གཟའ་དང་རྒྱུ་སྐར་རྣམས་ནི། བྱང་དུ་འཁོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་གསང་བ་བླ་ན་མེད་ 153a ༄#། །པ་ལས། བདུད་ཀྱི་སྤྲུལ་པ་བསྟན་པའོ།། །།དེ་ནས་བདུད་ཀྱི་རྒྱལ་པོ་དེ་ཉིད་ཤིན་ཏུ་དགའ་ཞིང་འཁོར་ཐམས་ཅད་ལ་བཀའ་བསྒོ། །རྒྱལ་པོ་གཅིག་གི་འཁོར་དུ་གནས་པས་ནི། ཡིད་དང་མཐུན་པར་སྤྱོད་པས་གནས་པ་ཡིན་པས། ཁྱེད་རྣམས་ཀྱིས་ཀྱང་ངས་ཇི་ལྟར་བསྒོ་བའི་བཀའ་བཞིན་ཉོན་ལ། ཐར་པའི་ལམ་འདི་ཆོད་ལ་སྟོན་པ་གཞན་ལ་གུས་པར་མ་བྱེད་ཅིག་།ཁོ་བོས་འཇིག་རྟེན་སྟོངས་པར་འོང་ངོ ། །བསམ་པ་རྒྱ་ཆེན་པོ་མེད་པའི་འགྲོ་བ་འདི་དག་ནི། གཏི་མུག་ཅན་གྱི་རང་བཞིན་ཏེ། བྱོལ་སོང་ལྟ་བུ་ཡིན་པས། བདེ་ལེགས་ཀྱི་གནས་ཐོབ་པའི་དོན་མེད་པ་ཡིན་ནོ། །ཡང་ཚིགས་སུ་བཅད་དེ་སྨྲས་པ། ཀྱེ་འདུ་ཤེས་མེད་པའི་འགྲོ་བ་དག་།རང་གི་བདེ་བ་སྤོང་བྱེད་ཅིང ། །ཐར་པའི་ལམ་གཞན་སྒྲུབ་བྱེད་པ། །དེ་དག་འཁྲུལ་པས་རང་རྒྱུད་བརླག་།ཉེས་འདོད་བདེ་ལེགས་སྤོང་བྱེད་པ། །རྨོངས་པས་འགྲོ་རྣམས་སྙིང་རེ་རྗེ། །རེ་ཞིག་ཐུགས་རྗེ་སྐལ་ལྡན་པས། །བདག་གི་འཁོར་དུ་འདུས་པ་ཡིན། །གནས་གཞན་གོང་མ་ཐོབ་འདོད་པས། །བདག་ལ་དད་སེམས་གུས་པར་གྱིས་ཤིག་ཅེས་བསྒོའོ། །དེ་དག་གིས་ཀྱང་དེ་ལྟར་ཉན་ཏེ་རང་རང་གི་གནས་ཤོར་ཞིང་མྱ་ངན་གྱི་སེམས་སྐྱེས་ཀྱང་ཇི་ལྟར་བྱ་བའི་ཐབས་མེད་དེ། དེ་ལྟར་འཁོད་ཅིང་གནས་སོ། །དེ་ནས་བདུད་ཀྱི་རྒྱལ་པོ་རང་གི་གནས་སུ་སོང་སྟེ། འཁོར་དང་བཅས་པ་རྣམས་དགའ་བའི་ལོངས་སྤྱོད་འདོད་པའི་ཡོན་ཏན་ལ་སྤྱོད་ཅིང ། 153b དགྱེས་པའི་གླུ་གར་དང་རོལ་མོ་ལ་སྤྱོད་དོ། །ཇི་ལྟར་ཁམས་གསུམ་ཀུན་གྱི་བདག་པོ་ནི། བདག་ཡིན་པས་འདི་ལས་ལྷག་པའི་བསྒྲུབ་བྱ་ནི། གཞན་དག་ཡོད་པར་བདག་གིས་མ་མཐོང་ངོ ། །ད་སངས་རྒྱས་ཀྱི་ཚོགས་དང ། བྱང་ཆུབ་སེམས་དཔའ་དག་ཀྱང་བདག་གི་དབང་དུ་བསྡུ་ན་ཐབས་ཇི་ལྟར་བརྩམ་ཞིང ། རང་གི་འཁོར་དག་ལ་ཡང་འདྲི་བར་བྱེད་དོ། །དེ་ནས་བདུད་ཀྱི་གྲོང་ཁྱེར་ཀུན་ལ་བསྒོ་སྟེ། སངས་རྒྱས་ཀྱི་འཁོར་རྣམས་ལ་མི་དགེ་བའི་ལྟས་དང ། མཚན་མ་ངན་པའི་ཆོ་འཕྲུལ་སྣ་ཚོགས་ཀྱི་སྒྲུབ་པ་ཐམས་ཅད་དུ་རབ་ཏུ་འཆད་ཅིང ། ཅི་འདོད་པ་རྣམས་ལ་གྲུབ་པར་བྱ་ན། བདག་ཅག་ལ་མོས་པ་བྱེད་དོ། །དེའི་རྗེས་ལ་དེ་དག་གི་གཙོ་བོ་རྣམས་བདག་གི་འཁོར་དུ་འདུས་པའི་ཚེ་ཐབས་སྣ་ཚོགས་ཀྱི་སྒོ་ནས་གདུལ་བར་བྱའོ། །གལ་ཏེ་འོངས་པར་མ་ནུས་པ་དག་ནི། ཁོ་རང་གི་གནས་དེ་ཉིད་དང་བཅོས་པ་གཞོམ་པར་བྱའོ་ཞེས་བརྗོད་དོ། །དེའི་སྟོང་གསུམ་གཡོ་བར་བྱེད་པའི་ཚོགས་ཀྱི་ཁྲོ་བོའི་མཚོན་ཆའི་ཚོགས་དང་བཅས་པ་སྤྲུལ་ནས་དཀར་པོའི་རིས་ལ་དགའ་བའི་འགྲོ་བ་རྣམས་མ་ལུས་བཅོམ་ཞིང ། ས་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱང་བརླག་པར་བཤམས་པ་ལས། བདེན་པའི་མཐུ་གང་ལ་གནོད་པར་མ་གྱུར་ཏོ། ། དེ་ནས་རབ་ཏུ་ཁྲོས་ཏེ་བདག་གི་ཁམས་གསུམ་འདི་དུས་གཅིག་ཏུ་གདུལ་བར་བྱ་སྤྱོད་པ་ལ་ངན་པའི་ཚུལ་ཅན་གཡོ་སྒྱུ་དང་བཅས་པ་འདི་དག་མི་འདུལ་ལམ། དེ་རང་གི་སྡེ་ 154a ༄#། །ཚན་འོག་མ་ལ་གནས་པ་ཀུན་བསྐུལ་ཏེ་ཐར་པའི་ལམ་ལ་གནས་པ་འདི་དག་རིགས་ཀྱིས་འདུལ་བར་བྱའོ་ཞེས་བརྗོད་དོ། །དེ་ནས་ཚངས་པ་ལ་སོགས་པ་བསྒོ་བར་མཛད་པ་དང ། དེ་དག་གིས་ཀྱང་རང་རང་གི་སྤྲུལ་པ་དང ། མཚོན་ཆ་རྣམས་ཕྱོགས་ཀུན་ཏུ་སྤྲོ་ཞིང ། རང་གི་གསང་སྔགས་དྲག་པོའི་ཚོགས་དག་ཀྱང་རྗོད་པར་བྱེད་དོ། །དེས་འཇིག་རྟེན་འཁྲུགས་ཤིང་གཡོས་ནས་ཐམས་ཅད་བྲེད་པར་གྱུར་ཏོ། །བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་བའི་རྒྱུད་ལས། བདུད་ཀྱི་སྡེ་དང་བཅས་པ་ཤུགས་འབྱུང་བའི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་བདེ་ཆེན་མཆོག་།སངས་རྒྱས་ཀུན་གྱི་བདག་ཉིད་ཀྱིས། །སྟོང་གསུམ་སོ་སོར་འདུལ་མཛད་ཕྱིར། །རྣམ་འཕྲུལ་ཏིང་འཛིན་གནས་ལ་བཞུགས། །དེ་བཞིན་ཉིད་ལས་མ་གཡོས་ཀྱང ། །ཐུགས་རྗེ་ཆེ་དང་སྨོན་ལམ་མཐུས། །སོ་སོའི་ལས་རྟོག་མཐུན་བཞིན་དུ། །སྣ་ཚོགས་རྟོག་པའི་ཚུལ་མ་སྟོན། །འདོད་ཆགས་ལ་ཞེན་སྨོན་པ་དག་།ཆགས་པ་ཆེན་པོས་འདུལ་བར་མཛད། །དེ་བཞིན་ཞེ་སྡང་གཏི་མུག་དང ། །ང་རྒྱལ་ཕྲག་དོག་འདུལ་དོན་དུ། །མཐུན་བྱས་སྣང་བ་སྣ་ཚོགས་དང ། །མི་མཐུན་སྒོ་ནས་འདུལ་བར་མཛད། །པདྨོ་བདེ་གཤེགས་རྡོ་རྗེ་དོན། །རིན་ཆེན་རིན་ཆེན་ལས་སྣ་ཚོགས། །ཕྱག་རྒྱ་ཆེ་སོགས་འཁོར་ལོས་བསྒྱུར། །ཇི་ལྟ་བ་བཞིན་དག་པར་མཛད། །ཐབས་ཆེན་རྣམ་དག་པདྨོའི་དོན། །ཤེས་རབ་སྤྲུལ་པའི་མཆོག་གྱུར་པས། །གར་གྱི་དབང་ 154b ཕྱུག་བདེ་བ་ཆེ། །རྡོ་རྗེ་ལྟ་ཉིད་སྤྲུལ་པར་མཛད། །གཞན་ཡང་མཛད་པ་རྒྱ་ཆེན་པོ། །སྣ་ཚོགས་མཐུ་ཡིས་འདུལ་མཛད་དེ། །དག་པའི་འགྲོ་བ་མཐུན་བྱས་སྐུ། །གསེར་འོད་མཚན་དང་དཔེ་བྱད་ལྡན། །གོ་བྱེད་ཐེག་པ་བླ་ན་མེད། །ཟབ་མོ་གསང་སྔགས་ཇི་བཞིན་པར། །རྒྱལ་བ་བདེ་གཤེགས་ཕྱག་རྒྱའི་སྐུ། །རབ་སྤྲུལ་དཀྱིལ་འཁོར་སྣ་ཚོགས་པའི། །ལ་ལས་བྱང་སེམས་རྒྱ་ཆེན་མཆོག་ལ་ལར་ལམ་ལྔ་དག་པར་སྦྱོང ། །ལ་ལར་ཕ་རོལ་ཕྱིན་བཅུ་རྫོགས། །ལ་ལར་འབྲས་བུའི་དོན་ལ་སྦྱོར། །ལ་ལར་དགའ་ལྡན་ལྷ་ཡུལ་འཕགས། །ལྷུམས་སུ་ཞུགས་དང་བལྟམས་པ་དང ། །འཇིག་རྟེན་སྤྱོད་མཐུན་རོལ་རྩེད་སོགས། །གཞན་གྱི་སྐུར་སྤང་བྱ་བ་བསྣམས། །བཅས་ཀའི་ཅན་གྱི་བསམ་འཕྲུལ་བ། །མཐུན་འཇུག་ཐབས་ཀྱི་བྱ་བ་མཆོག་།དཀའ་ཐུབ་མཛད་དང་དགའ་བ་སྤྱོད། །རྡོ་རྗེ་གདན་ལ་ཡང་སངས་རྒྱས། །བདུད་འདུལ་མངོན་རྫོགས་སངས་རྒྱས་ཤིང ། །རྩེ་གཅིག་ཏིང་འཛིན་བསྐུལ་ནས་བཞུགས། །ཆོ་འཕྲུལ་མཛད་པ་ཀུན་འདུལ་ཞིང་།། ཆོས་ཀྱི་འཁོར་ལོ་རིམ་བཞིན་བསྐོར། །མྱ་ངན་འདའ་ཚུལ་རིང་བསྲེལ་སྟོན། །ཞི་ཚོགས་ཁྲོ་བོར་འཁྱིལ་བ་དང ། །རང་བྱུང་དུད་འགྲོའི་གཟུགས་སྣ་ཚོགས། །སྣོད་ཀྱི་འཇིག་རྟེན་ཀུན་མཐུ་སྐུ། ། ཚངས་པ་ཁྱབ་འཇུག་འཇིག་རྟེན་སྐྱོང ། །བདུད་དང་སྲིན་པོ་གཟུགས་སོགས་ཀྱིས། །འགྲོ་བའི་ལས་རྟོག་དག་མཛད་ཅིང ། །རང་གི་ཡེ་ཤེས་དོན་བཀོད་བྱ། །དེ་ཚེ་འགྲོ་བའི་གནས་མཚོན་ 155a ༄#། །ཚོགས། །ལས་ཀྱི་སྟོབས་ཚོགས་མཐུས་བརྡབས་རྣམས། །དེ་བཞིན་ཉིད་མཐུས་ཚོགས་ཆེན་པོས། །ཡང་དག་ལམ་ལས་རབ་གྲོལ་ཞིང ། །ང་རྒྱལ་ཆེན་པོའི་དྲེགས་ཚོགས་སྐྱེས། །རང་གི་མཐུ་དང་རྫུ་འཕྲུལ་སྟོན། །ཉོན་མོངས་ལས་ཀྱི་ལམ་ལ་ཞེན། །རང་གི་རིགས་ཚོགས་བསྡུ་བར་བྱེད། །འཇིག་རྟེན་གསུམ་འཇིག་ཨ་ལ་ལ། །ཁམས་གསུམ་གཙོ་བོ་བདག་ཅག་རྣམས། །སུ་ཞིག་སྤྲུལ་པ་ཨ་ལ་ལ། །འཇིགས་པར་མཛད་པའི་འོས་མ་ལགས། །རང་གི་དཀའ་ཐུབ་བདེ་གནས་པས། །མྱ་ངན་འདས་པའི་ལམ་མཆོག་སྟེ། །གཞན་གྱི་བསྟན་པ་ཅི་ཞིག་བྱ། །བདེ་ཚོགས་འཇིགས་པའི་ཡན་ལག་གོ་།སུ་ཞིག་རང་གི་བདེ་སྤོང་ཞིང ། །གཞན་ནས་སྡུག་བསྔལ་དོན་གཉེར་བ། །གཟུགས་མང་སྤྲུལ་པ་བསམ་ཡས་ཀྱང ། །རང་གི་སྐུ་མཛེས་བསྒྱུར་བ་དཀའ། །སྒྲ་མང་སྤྲུལ་པ་བསམ་ཡས་པས། །རང་གི་གསུང་ཉན་འཕྲོ་བྱེད་དམ། །སེམས་རྟོགས་བྱ་བའི་འོད་བཅས་ཀྱིས། །ཏིང་འཛིན་རྩེ་གཅིག་འགྱུར་བ་མེད། །དྲག་པོའི་སྟོབས་མཆོག་གཟི་ལྡན་རྣམས། །རང་གིས་རང་སྤྱོད་བདེ་བར་སྡོད། །དེ་ནས་བདུད་དཔུང་དང་པོ་དང ། །དབང་ཕྱུག་ཚངས་པ་ཁྱབ་འཇུག་ཆེ། །རྒྱ་བྱེད་གླུ་དང་དྲེགས་བྱེད་རྣམས། །རབ་ཏུ་ཁྲོས་ཏེ་རང་གི་མཐུས། །སྟོན་ཞིང་དྲག་པོའི་གསང་སྔགས་དང ། །གཏུམ་ཚིག་ང་རོ་འབོད་སྒྲོག་བྱེད། །དེ་ཚེ་རྒྱལ་པོའི་བྱིན་ 155b རླབས་མཐུས། །མཐུན་འཇུག་ཐབས་ཀྱིས་འདུལ་མཛད་དེ། །ཐེག་པ་གསང་བ་བླ་མེད་མཆོག་།ཁྱད་པར་སྒོ་གསུང་གསང་བྱེད་ཅིང ། །ཡང་དག་དོན་ལ་བདེ་བཀོད་ཕྱིར། །ཐུགས་རྗེ་ཆེན་པོས་མཐུན་མཛད་དེ། །འཇུག་པའི་ལམ་རིང་བདེ་བསྟན་ཞིང ། །དགའ་བའི་སྒོ་ནས་བདེ་མཛད་ཀྱང ། །རང་གི་ཉོན་མོངས་དྲེགས་པའི་མཐུས། །དོན་འཇུག་མཐུན་པའི་སྤྱོད་སྒོ་འཇིག་།གཏི་མུག་ཆེན་པོ་མུན་གཏིབས་ནས། །ང་རྒྱལ་རི་བོ་ཀུན་དུ་བཀོད། །ཞེ་སྡང་མེ་ལྕེ་འབར་བསྲེགས་ཤིང ། །ཕྲག་དོག་རླུང་གིས་བསྐྱོད་བྱས་ནས། །འདོད་ཆགས་ཆུ་བོས་འབྱིན་བར་འགྱུར། །དྲེགས་པའི་མཐུ་ཡིས་རབ་ཁྲོས་ཏེ། །ཚོགས་རྣམས་གཅིག་ལ་གཅིག་བསྒོ་ཞིང ། །གསང་སྔགས་རྫུ་འཕྲུལ་སྟོབས་ཕྱུང་ནས། །རབ་ཏུ་བསྒྲགས་པའི་མཐུ་ཡིས་ནི། །འཇིག་རྟེན་གསུམ་དག་འཁྲུག་པར་བྱེད། །མི་ནད་མུ་གེ་འཁྲུག་པ་དང ། །མཚོན་ཆ་ལོ་ཏོག་འབྲས་བུ་འཕྲོག་།འབྱུང་པོའི་འཇིགས་གཟུགས་ཉེས་ཚོགས་རྣམས། །རྒྱུན་མི་འཆད་དུ་འཁོར་བར་འབྱུང ། །ས་གཞི་མེ་འབར་ཆུ་བདག་བྱེད། །དུག་དང་དབྱིག་དུག་རླུང་བཞིན་གཡོས། །བདེ་ལམ་མཐོ་རིས་ཐར་ལམ་གཅོད། །མི་དག་སེམས་ཀྱིས་ནོན་འགྱུར་ཞིང ། །འགྲོ་རྣམས་སྡུག་བསྔལ་བསྐྱེད་བྱས་པས། ། སངས་རྒྱས་རྣམས་ཀྱིས་ཐུགས་ཁྲལ་བསྐྱེད། །དེ་ནས་བྱང་ཆུབ་སེམས་བཅས་པའི། །འཁོར་རྣམས་དུས་གཅིག་བསྟན་པར་བཞེངས། །གཙོ་བོའི་ཕྱོགས་སུ་འདུད་བྱེད་ཅིང ། །ལན་ 156a ༄#། །གྲངས་བསྐོར་ཞིང་ཕྱག་ཀྱང་འཚལ། །མགོན་པོ་བདེ་བ་མཉེས་བྱེད་ཅིང ། །མཆོད་ནས་གསོལ་བ་གདབ་པར་བྱ། །ཐུགས་རྗེ་ཆེ་མངའ་ལྷ་ཡི་ལྷ། །བྱམས་སོགས་དགའ་བའི་བདུད་རྩི་ཆུས། །གདོས་བཅས་ཐལ་བར་བརླག་མཛད་པས། །ཐིམ་འགྱུར་རྡོ་རྗེ་ཡེ་ཤེས་ཚོགས། །ཆོ་འཕྲུལ་དཀྱིལ་འཁོར་བསྟན་དུ་གསོལ། །མཛད་པའི་བྱིན་རླབས་བསྟན་དུ་གསོལ། །དེ་དག་ཉོན་མོངས་རླབས་འཁྲུག་པས། །རང་བཞིན་ཐར་ལམ་བདེ་བར་འཇོམས། །བྱང་ཆུབ་སེམས་ཉིད་རླན་བྲལ་ལམ། །སྲིད་གསུམ་ཡལ་བར་དོར་བྱེད་ན། །ཐུགས་རྗེ་ཆེན་པོ་གང་ལ་གདགས། །ེ་མ་ཧོ་འབྲས་བུ་མྱ་ངན་འདས། །ེ་མ་ཧོ་བྱང་སེམས་པདྨའི་རྫིང ། །ེ་མ་ཧོ་བརྗོད་བྲལ་ཀུ་མུ་ཏ། །ེ་མ་ཧོ་མེ་ཏོག་འབྲས་བཅས་ཤིང ། །འདི་དག་དཀྱིལ་འཁོར་རྣམ་དག་པས། །རིགས་མཆོག་མཚན་ཉིད་ཡོན་ཏན་གནས། །དུས་འདིར་དག་པར་ག་ལ་མཛད། །ཐུགས་རྗེ་ཆེན་པོ་ག་ལ་གདགས། །འདི་དག་སྐལ་ལྡན་གསུང་བའི་སྣོད། །རྡོ་རྗེ་ཐེག་པའི་བསྟན་པ་འཛིན། །ད་ལྟར་རྣམ་རྟོག་རི་བོས་ནོན། །ཐབས་ཀྱིས་འདུལ་བར་མ་གྱུར་པས། །ཤུགས་ཀྱིས་བསྒྲལ་བར་བྱ་བའི་ཕྱིར། །དཀྱིལ་འཁོར་སྣ་ཚོགས་བསྟན་དུ་གསོལ། །ཞེས་གསོལ་ཏོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས། མཛད་པ་ཆེན་པོའི་ལེའུ་ 156b སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ལྷ་ཆེན་པོ་རྣམས་འདུལ་བར་བྱེད་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ་རྡོ་རྗེ་བཀོད་པའི་དཀྱིལ་འཁོར་ཆེན་པོ་འདི་ཉིད་སྐུ་གསུང་ཐུགས་ཀྱི་དབྱིངས་ནས་ཕྱུང་སྟེ་སྤྲུལ་པ་མཛད་དོ། །གྲུ་བཞི་པ་ལ་སྒོ་བཞི་པའི། །རྟ་བབས་རྒྱན་ཚོགས་ཀུན་གྱིས་སྤྲས། །རིན་ཆེན་ནོར་བུའི་ཕྲེང་སོགས་དང ། །བནྡྷ་དྲིལ་བུ་འདོད་པ་ལྔ་ཡི་ཚོགས། །མཆོད་པ་བླ་རེ་རྒྱལ་མཚན་གདུགས། །ཁ་དོག་ཉི་ཤུ་རྩ་ལྔས་སྦྲས། །འཁོར་ལོ་རེའུ་མིག་དགུ་པ་ལས། །སེངྒེ་ལ་སོགས་གདན་ཁྲི་སྤྲས། །ཀ་ཁ་ག་གྷ་ང ། ཙ་ཚ་ཛ་ཛྙ་ཉ། ཊ་ཋ་ཌ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ། ཡེ་ཤེས་མ་འདྲེས་བདེ་ཆེན་གསལ། །རྣམ་འཕྲུལ་རིགས་མཆོག་གཟུངས་ཀྱི་དམ་ཚིག་དང ། །ཁྲོ་ཞིང་འདྲེན་པའི་མདངས་ཀྱིས་གནས། །རིགས་གཉིས་ལུང་གིས་རྒྱུད་པའི་སྐུ། །དམར་ནག་ཞལ་གསུམ་ཕྱག་དྲུག་པ། །སེར་དཀར་དམར་བའི་ཞལ་གཉིས་དག་།བཞིན་མདངས་ཚངས་པའི་ཚུལ་གྱིས་གནས། ། དབུས་མ་ཁྲོ་འཛུམ་བརྗིད་བག་དང ། །པདྨ་རྡོ་རྗེ་འཁོར་ལོ་དང ། །དྲིལ་བུ་རིན་ཆེན་རྩེ་གསུམ་འཛིན། །རིན་ཆེན་ཕྲེང་བའི་ཆུན་འཕྱང་དང ། །མུ་ཏིག་དོ་ཤལ་དཔུང་རྒྱན་སྤྲས། །སྟོང་གཡོགས་སྨད་དཀྲིས་ན་བཟའ་ཀླུབས། །དབུ་རྒྱན་སྙན་ཆ་སོར་གདུབ་ཚོགས། །མཚན་བཟང་དཔེ་བྱད་མཛེས་པར་བརྒྱན། །རིགས་ཀྱི་མཆོད་པས་དབུ་སྐྲ་སིལ། །རང་འོད་བཙུན་མོའི་སྐུ་བཅས་ 157a ༄#། །པ། །ཕྱུང་ནས་ཕྱོགས་བཅུའི་སྔགས་ཀྱིས་སྤྲོས། །ཧཱུཾ་ཕཊ་པདྨོ་དྷརྀཀ་ཛ་སཝཱཧཱ། ཨོཾ་དུཾ་དྲུཾ་བྷིནྡྷ་ཛ་པྲ་མོ་ཧཾ། མཛད་པའི་འཕྲིན་ལས་རྫོགས་བྱས་ནས། །སླར་འདུས་བདག་པོའི་སྐུ་ལ་ཐིམ། །ཤར་དུ་རྣམ་སྣང་ཕྱག་རྒྱ་ཆེ། །གསེར་མདོག་ཞལ་གསུམ་ཕྱག་དྲུག་པ། །རྩེ་གསུམ་བེ་ཅོན་པདྨོ་རལ་གྲི་བནྡྷ་འཛིན། །ལྷོ་རུ་རིན་ཆེན་འབྱུང་ལྡན་ཉིད།། མཐིང་གཞལ་གསུམ་ཕྱག་དྲུག་པ། །རིན་ཆེན་པདྨ་གྲི་གུག་དང ། །ཤཱུ་ལ་བུམ་པ་རྩེ་གསུམ་འཛིན། །ནུབ་ཏུ་སྣང་བ་མཐའ་ཡས་སྐུ། །དམར་པོ་ཞལ་གསུམ་ཕྱག་དྲུག་པ། །ཐོད་དབྱུག་རྩེ་གསུམ་པདྨོ་དང ། །དགྲ་སྟ་འཁོར་ལོ་རལ་གྲི་འཛིན། །བྱང་དུ་དོན་ཡོད་གྲུབ་པ་ཉིད། །ལྗང་ཁུ་ཞལ་གསུམ་ཕྱག་དྲུག་པ། །རལ་གྲི་རྡོ་རྗེ་དབྱུག་པ་མདུང ། །པདྨོ་རྩེ་གསུམ་གཤིན་རྗེའི་རྐང ། །ཀུན་གྱི་གཡས་དཀར་གཡོན་པ་ནི། །དམར་ལྗང་སེར་དང་ལེ་བརྒན་མདོག་།རང་གི་བཙུན་མོའི་མགུལ་ནས་འཁྱུད། །ཞལ་གཅིག་ཕྱག་གཉིས་བདག་པོ་ལྷར། །སྐུ་མདོག་གསང་བའི་མདངས་དང་ལྡན། །ཕྱག་དང་ཆ་ལུགས་ཀུན་གྱིས་བརྒྱན། །ོཾ་ཛི་ན་ཛིཀ་ལཾ། དྭེ་ཥ་ར་ཏི། སཝ་རཏྣ་དྷརྀཀ་།མཾ་མོ་ཧ་ར་ཏི། ཨོཾ་ཨཱ་རོ་ལ་ཀི་།པཾ་རཱ་ག་ར་ཏི། ཧ་པྲཛྙཱ་དྷརྀཀ་།ཏཱཾ་བཛྲ་ར་ཏི། ཧཱུཾ་ཕཊ་སཝཱཧཱ། འོད་ཟེར་འཕྲོ་བའི་ཚོགས་བཅས་པས། །རིགས་ཀྱི་དཀྱིལ་འཁོར་གསལ་བར་མཛད། །འཁོར་ལོས་བསྒྱུར་རྒྱལ་ཆ་ 157b ལུགས་དང ། །དགྱེས་པའི་སྐྱིལ་ཀྲུང་ཚུལ་གྱིས་བཞུགས། །ཁྱམས་ཀྱི་ཕྱོགས་དང་མཚམས་རྣམས་སུ། །སེམས་དཔའ་བརྒྱད་དང་སེམས་མ་བརྒྱད། །ཐུགས་ཀྱི་ཡེ་ཤེས་ཡི་གེ་ལས། ། རང་གི་གསང་སྔགས་དག་གིས་གདོན། །ས་སྙིང་དཀར་སེར་རིན་ཆེན་འཛིན། །ནམ་སྙིང་མཐིང་ག་རལ་གྲི་འཛིན། །སྤྱན་རས་དམར་སྐྱ་པདྨ་འཛིན། །གསང་བདག་ལྗང་སྐྱ་རྡོ་རྗེ་འཛིན། ། གཡོན་པ་པདྨོ་ཡུ་བ་ཅན། །སྙེམས་པའི་ཚུལ་གྱིས་ཕྱོགས་སུ་འདུད། །སྒེག་མོ་ཕྲེང་བ་དབྱངས་དང་གར། །དཀར་སེར་དམར་ལྗང་འོད་འཕྲོ་མདོག་།མེ་ལོང་རིན་ཆེན་ཕྲེང་བ་དང ། །དབྱངས་སྙན་གར་ཐབས་མཛེས་པའི་ཚུལ། །ོཾ་ཀྴིར་ཛ་ཡ། ཧཱུཾ་ལཱ་སྱེ་ས་མ་ཡ་སྟྭཾ། །ཏྲཱཾ་མཱ་ལེ་ས་མ་ཡ་ཧོ། །ཧྲཱིཿ ་པདྨ་བནྡྷ་ཧྲི། གིརྟི་ར་ཧོ་ཧཾ། ཨ་ནརྀ་ཏི་ར་ག་ཡཱ་མི་ཧཱུཾ་ཕཊ། བྱམས་པ་དཀར་སེར་ཀླུ་ཤིང་འཛིན། །སྒྲིབ་སེལ་འཁོར་ལོ་མཐིང་ག་སྟེ། །འཇམ་དཔལ་དམར་སྐྱ་ཨུཏྤ་ལ། །ཀུན་བཟང་ལྗང་སེར་རིན་ཆེན་སྔ། །གཡོན་པ་པདྨོ་ལྕུག་མ་འཛིན། །སེམས་དཔའི་སྟབས་ཀྱིས་གདན་ལ་བཞུགས། །བདུག་སྤོས་མེ་ཏོག་འཐོར་བ་དང ། །མར་མེ་དྲི་ཆབ་ལྷ་མོ་རྣམས། །སེར་དཀར་དམར་ལྗང་གོ་རིམས་བཞིན། །མཚན་དང་མཐུན་པའི་རྫས་ཀྱིས་མཛེས། །ོཾ་མེ་ར་ནི།་ཛ་དྷཱུ་བེ་པྲ་བེ་ཤ་།ཐི་ལིང་སཝ་ར་མ་པ་ཡ། ཧཱུཾ་པུཥྤེ་ཨཱ་བེ་ཤ་ཧཱུཾ་སཝ་ར་ཙ་ཡ། བཾ་དཱི་པཾ་བུ་གི་ནི། མུཾ་ཤེ་ར་ཙ་ཡ། ཧོ་གིནྡྷེ་ཙི་ཏ་ཡ་ཧཱུཾ་ཕཊ། ཤར་སྒོར་གཤིན་རྗེ་གཤེད་པོ་ 158a ༄#། །ཆེ། །མཐིང་ནག་པོ་ཅོན་རྩེ་གསུམ་ཕྲེང ། །ལྷོ་སྒོར་སྟོབས་ཆེན་སེར་སྐྱའི་མདངས། །རྡོ་རྗེ་ཞགས་པ་རིན་ཆེན་ཕྲེང ། །ནུབ་སྒོར་རྟ་མཆོག་འཇིགས་བྱེད་རྒྱལ།། ཐོད་སྤྲུལ་དྲིལ་བུ་ལུ་གུ་རྒྱུད། །བྱང་སྒོར་རྡོ་རྗེ་འཁྱིལ་བ་སྟེ། ལྗང་སྐྱ་རྡོ་རྗེ་རྩེ་གསུམ་མཐུ། །ཁྲོ་བོ་ཆ་ལུགས་རྔམ་བརྗིད་དང ། །དུར་ཁྲོད་རིམ་པའི་ཆས་ཀྱིས་བརྒྱན། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ། །སྤྱན་དམར་འཇིགས་བྱེད་འོད་དཔུང་དང ། །རྡོ་རྗེ་མཆེ་སོགས་ཁྲོ་གཉེར་ཅན། །ཡབ་ཡུམ་འཁྱིལ་བ་བརྐྱང་བསྐུམ་སྐུ། །ཧཱུཾ་ཕཊ་རུ་ལུའི་གསུང་འདོན་ཅིང་།། ལས་ཀྱི་འཁོར་ལོ་གནོན་པའི་ཚུལ། །ོཾ་རུ་ལུ་པདྨ་ནྟ་ཀྲྀཏ་ཧཱུཾ་ཕཊ། ཛ་བཛྲ་ཀྲོ་དྷཱི་ཤཝ་རི་ཧཱུཾ་པྲཛྙཱ་ནྟ་ཀྲྀཏ་ཕཊ། ཧཱུཾ་རཏྣ་ཀྲོ་དྷཱི་ཤཝ་རི། ཧཱུཾ་པདྨཱ་ནྟ་ཀྲྀཊ་ཕཊ། བཾ་པདྨ་ཀྲོ་དྷཱི་ཤཝ་རི་ཧཱུཾ་བིགྷཱནྟ་ཀྲྀཏ།་ཧོ་ཀརྨ་ཀྲོ་དྷཱི་ཤཝ་རི་ཧཱུཾ་ཕཊ་སཝཱཧཱ། ཕྱི་ནང་མེད་པར་དཀྱིལ་འཁོར་ཆེན་པོ་སྟེ། །ཐུགས་རྗེ་ཡེ་ཤེས་ཆེ་ལས་སྤྲུལ། །ཕྱག་རྒྱ་བཞི་ཡིས་རྒྱས་བཏབ་ཅིང ། །དབུ་ལ་རིགས་ཀྱི་བདག་པོས་བརྒྱན། །འོད་དཔུང་སྤྲུལ་པའི་ལྷ་འཁོར་གྱིས། །འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང ། །ཚངས་པ་ལ་སོགས་ལྷ་ཆེན་བརྒྱད་རྣམས་འགུགས། །རྡོ་རྗེ་བརྗིད་གནོན་སྔགས་ཀྱི་མཐུས། །དེ་དག་དྲན་པ་མེད་པར་འགྱུར། །མཚོན་ཆའི་ཚོགས་ཀྱིས་སྒྲོལ་བྱས་ཏེ། །དུག་གསུམ་ཕུང་པོ་གསོལ་བར་མཛད། །འཕྲིན་ལས་ཁྲོ་བོ་བརྗིད་གླུ་ཡིས། །ལྷ་ཆེན་ 158b འཁོར་རྣམས་དབང་དུ་སྡུད། །དཀྱིལ་འཁོར་ཆེན་པོར་བཞག་བྱས་ནས། །སྔ་མའི་ཤ་རུས་གནས་ནས་སྟོན། །རྡོ་རྗེ་བདུད་རྩིའི་ཏིང་འཛིན་གྱིས། །ལྷ་ཆེན་རྣམས་ཀྱིས་སླར་ལུས་གསོལ། །འཁོར་བཅས་པ་ཡི་དབང་བསྐུར་ཞིང ། །རྡོ་རྗེ་འཆང་གི་གྲལ་ལ་དགོད། །དམ་ཚིག་གསང་བའི་བརྡས་བསྒོས་ཤིང ། །འཕྲིན་ལས་བཀའ་ཉན་གཉེར་གཏད་དེ། །གཞལ་ཡས་ཁང་གི་རྒྱན་དུ་གཞག ། ཀུན་ཀྱང་ཚིག་དབྱངས་མཐུན་པ་བསྒོས། །དམ་ཚིག་མནའ་སྲོག་ཐལ་མྱོང་འགྱུར། །ཞེས་བརྗོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས། རྡོ་རྗེ་བཀོད་པའི་དཀྱིལ་འཁོར་སྤྲུལ་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་པདྨོ་ཆགས་པའི་སྐུས། །གསུང་གི་གཟི་མདངས་རྒྱས་མཛད་དོ། །ཕྱག་རྒྱ་རྫུ་འཕྲུལ་གནས་སྦྱོར་བས། །གསེར་མིག་འདབ་བཟང་གྲོང་ཁྱེར་དང ། །ལངྐའི་གནས་ཚོགས་སྲིན་པོའི་སྡེ། །ཀླུ་རྒྱལ་དབང་དུ་བསྡུ་བའི་ཕྱིར། །རྫུ་འཕྲུལ་ཀུན་སྟོབས་འཁོར་ལོ་ཡིས། །ལྷ་ཆེན་ལ་སོགས་གདུལ་བར་དགོངས། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ཏེ། །པདྨ་རྟ་མཆོག་སྤྲུལ་པ་མཛད། །དེ་བཞིན་ཉིད་དབྱིངས་སྙོམས་འཇུག་ལས། །སེམས་དཔའ་རྒྱལ་བ་ཀུན་གྱི་ཡབ། །རྡོ་རྗེ་འཛིན་ཐུབ་དབང་ཉིད་དང ། །རིགས་ཉིད་སྤྲུལ་པའི་ལུང་ལས་གྲུབ། །སྐུ་མདོག་དམར་པོ་རཱ་གའི་མདོག་།ཞལ་གསུམ་རྟ་མགོ་ 159a ༄#། །ལྗང་ཁུ་ཅན། །ཕྱག་ན་གྲི་གུག་ཁ་ཊྭཱཾ་ག་།ཐོད་པ་ཁྲག་མེ་དཔུང་སྤྲུལ་ལྔ། །གནས་བརྒྱད་ཀླུ་བདག་ཐོད་ཕྲེང་དང ། །གླང་ཆེན་སྟག་གི་པགས་པ་གྱོན། །སྒྲ་སྐད་དྲག་པོ་ཕྱོགས་བཅུར་སྒྲོགས། བགེགས་ལ་སོགས་པའི་ཆ་ལུགས་ཅན། །དྲང་སྲོང་ཁྲོས་པའི་ཆ་ལུགས་ཀྱིས། །ཀླུ་ཡི་འགྲོ་བ་རྨོངས་མཛད་པ། །པདྨའི་གདན་ལ་བརྐྱང་བསྐུམ་གྱིས། །ཡུམ་ཆེན་དཔལ་ལྡན་མ་དང་སྦྱོར། །ོཾ་པདྨོ་གུ་རུ་ཧེ་ཧེ་རུ་ལུ་ཧཱུཾ་ཕཊ། འཁོར་ལོ་འབར་བ་ཕྱོགས་མཚམས་སུ། །ཡེ་ཤེས་ཁྲོ་བོ་ཆེན་པོ་བརྒྱད། །ཧྲཱི་ལས་གྲུབ་པའི་འཇིགས་གཟུགས་ཅན། །རྟ་མགོ་ལྗང་ཁུ་བརྗིད་པ་ཡི། །ཤར་དུ་པདྨའི་དབང་ཕྱུག་ནི། །དཀར་པོ་ཞལ་གསུམ་ཕྱག་དྲུག་པའོ། །རྡོ་རྗེ་པདྨ་ཀླུ་ཞགས་དང ། །རིན་ཆེན་དབྱུག་བ་རལ་གྲི་མདུང ། །སེངྒེ་རྒྱལ་མོ་སྐུ་དང་འཁྲིལ། །སྣ་ཚོགས་མི་མཐུན་ཞབས་ཀྱིས་གནོན། །ཉི་མ་ཟླ་བའི་སྙན་ཆས་བརྒྱན། །སྤྲུལ་གྱི་ཕྲེང་བས་གནས་ཀུན་བརྒྱན། །ལྷོ་རུ་གཟི་ཆེན་དྲག་པོ་ནི། །མདོག་ནག་རལ་གྲི་རྩེ་གསུམ་ལྔ། །རྡོ་རྗེ་རྩེ་གསུམ་མདའ་དང་གཞུ། །དྲག་པོ་གནས་ཀྱི་སྐུ་དང་འཁྲིལ། །མེ་རི་འབར་བས་ཀུན་ཏུ་ཁྱབ། །སྟག་མོ་བཅིངས་པས་གཞན་གནས་འཇིགས། །སྤྲུལ་པའི་ཕོ་ཉ་མེ་འབྲུག་གི་།ཁྲོ་བོ་ཡི་ནི་དཀྱིལ་འཁོར་ཚོགས། །ནུབ་ཏུ་རྡོ་རྗེ་དྲ་བ་མཆོག་།དམར་སེར་རྡོ་རྗེ་དབྱུག་པ་གྲི། །འཁོར་ལོ་སྦྲུལ་ཞགས་ 159b མེ་ལོང་ཆུ། །ལྷ་མོ་འཇིགས་ཆེན་ཞབས་ཀྱིས་གནོན། །འོད་འབར་གློག་གི་ཕྲེང་བ་ཅན། །སྤྲུལ་པའི་ཕོ་ཉ་ལྕེ་སྤྱང་གདོང ། །འབུམ་ཕྲག་གྲི་དང་ཐོད་ཁྲག་འཛིན། །བྱང་དུ་འོད་བྱེད་འཇིགས་ཆེན་སྐུ། ། ལྗང་ཁུ་རྩེ་གསུམ་མདའ་བོ་ཆེ། །ནོར་བུ་དང་ཁུག་ལྕུག་མ་དུང་ཁྲག་འཆང ། །ར་རོ་མིག་དམར་ཟིལ་གྱིས་གནོན། །རྒྱལ་བདག་ཁྲོ་བོའི་སྐུ་དང་འཁྲིལ། །ཅོད་པན་ཀླུ་མགོ་གདེངས་ཀའི་རྒྱན་།དུས་མཚུངས་ཕུད་ཀྱི་སྒྲ་ཆེན་སྒྲོགས། ཀུན་ཀྱང་ཐོད་ཕྲེང་གཡང་གཞི་དང ། །དུར་ཁྲོད་གནས་འབྱུང་གཙང་སྨེ་བྱེད། །མཚམས་ཀྱི་ཁྲོ་བོ་ཆེན་པོ་བཞི། །རིགས་ཀྱི་ཕྱེད་གཟུགས་ཐིག་ལེས་མཚན། །ཞལ་གསུམ་ཕྱག་དྲུག་འོད་མདངས་ཅན། །རྡོ་རྗེ་ཐོད་དབྱུག་ཀླུ་ཡི་སྒྲ། །ལྕེ་སྤྱང་བྱ་ཁྱུང་གནམ་ལྕགས་སྤྲིན། །འོད་ཕྲེང་ཐིག་ལེ་དབྱུག་གུའི་རྒྱན། །རྣམ་འཕྲུལ་ཀླུ་ཐབས་ཨུ་ཧ་ར། །འདོད་ཡོན་ལྷ་མོའི་ཚོགས་ཀྱིས་བསྐོར། །ཀུན་ཏུ་སྤྱན་དམར་རྡོ་རྗེའི་མཚན། །གནས་སུ་འཇིགས་པའི་ཧཱུཾ་སྒྲ་སྒྲོགས། །ཀླུ་ཡི་རྒྱལ་པོའི་གནས་ན་བཞུགས། །གཞན་གྱི་རྫུ་འཕྲུལ་འཇོམས་པར་བྱེད། །ོཾ་མཧཱ་ཧ་ཡ་གྲཱི་བ་པདྨ་དྷ་རུ་ནཾ་བིདྷ་ཧར་ཧཱུཾ་ཕཊ། རྩ་བའི་སྔགས་སོ། །ོཾ་ན་མོ་ཨུད་ཏཾ་ཧེ་རུ་ལུ་རུ་ཀཾ་པ་མུ་ཁ། ཨཱ་ཀ་ཪྵ་ཡ་རཀྵ་ན་གཾ་གུ་རུ་ཧཱུཾ་ཕཊ། སྙིང་པོའི་སྔགས་སོ། །ོཾ་པདྨ་རཀྨ་ཀུ་རྱ་ར་གཾ་རུ་ལུ་རུ་ལུ་ཧཱུཾ་ཕཊ། ཉེ་བའི་སྙིང་པོའོ། །དཀྱིལ་འཁོར་ཆེན་པོའི་ཕྱོགས་བཞི་རུ། །ལྕགས་ཀྱུ་ལྕགས་སྒྲོག་ཞགས་པ་དྲིལ་བུ་རྣམས། །དཀར་དམར་སེར་ལྗང་འོད་མདངས་འབར། །སེངྒེ་ལྕེ་སྤྱང་སྟག་འབྲུག་ 160a ༄#། །དང ། །མགོ་བརྩེགས་སྤྲུལ་པའི་འཁོར་དང་བཅས། །རང་གི་ལས་ཀྱིས་འཁོད་པ་དང ། །འཇིགས་པའི་ཆ་ལུགས་རྔམ་གཟུགས་གནས། །ལས་མཛད་ཀླུ་ཡི་དཀྱིལ་འཁོར་འདུལ། །ཀླུ་ཆེན་བརྒྱད་སོགས་བདུས་བྱས་ན། །མཐུ་དང་རྫུ་འཕྲུལ་མེད་པར་བྱ། །རང་གི་དམ་ཚིག་དྲན་པའི་ཤུགས། །སྤྱན་རྣམས་སྤྱན་སྔར་འདོད་པར་བྱེད། །ོཾ་ན་ག་དྲིངས་མེ་གནན་གར་ཛ་ཡ་ས་མ་ཡ་ཧཱུཾ། དཀྱིལ་འཁོར་གསང་བར་དབང་བསྐུར་ནས། འོད་བཟང་གཟི་མདངས་མེ་དཔུང་འབར། །རིགས་ཀྱི་དབུ་རྒྱན་གསལ་བྱེད་ཕྱེ། །ཡེ་ཤེས་འོད་ཚོགས་གནས་བཅས་ཏེ། །དཀྱིལ་འཁོར་གསང་བར་གོམས་ཞུགས་ཀྱིས། །ཚུལ་འཛིན་དཀོན་མཆོག་མངོན་དུ་དབྱེ། །ཚོགས་རྣམས་མ་ལུས་མགྲིན་གཅིག་ཏུ། །གར་དབང་སྐུ་ལ་སྐྱབས་གསོལ་ཞིང ། །འདོད་ཡོན་གསོལ་འདེབས་དམ་བཅས་པ། །བསོད་ནམས་ཕུང་པོའི་གཏེར་ལ་སྤྱོད། །ཀྱེ་མ་དཀྱིལ་འཁོར་ཡ་མཚན་ཆེ། །བདག་ཅག་འཁོར་རྣམས་རབ་སྒྲོལ་མཛད། །རྒྱལ་བའི་དཀྱིལ་འཁོར་དཔེ་བྲལ་བས། །ཉི་མའི་དཀྱིལ་འཁོར་བཞིན་དུ་གནས། །བདེ་ཆེན་ལམ་འདི་སྔོན་མ་རྟོགས། །ད་ལྟར་ཐུགས་རྗེ་དྲིན་གྱིས་རྙེད། །རྣལ་འབྱོར་གསང་བར་འཛིན་བྱེད་ཀྱི། །ཇི་ལྟར་བསྒོས་པའི་བཀའ་བཞིན་བགྱིད། །རྡོ་རྗེ་གསང་བའི་དམ་འདི་ལས། །གལ་ཏེ་ཉམས་ན་འདས་པར་ཤོག་།ཅེས་དམ་བཅས་སོ། །དེ་ 160b བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་བའི་རྒྱུད་ཆེན་པོ་ལས། རྟ་མགྲིན་དབང་གི་དཀྱིལ་འཁོར་སྤྲུལ་པའི་ལེའུ་སྟེ་བཅུ་གཉིས་པའོ།། དེ་ནས་བཅོམ་ལྡན་པདྨའི་སྐུས། །ཡུལ་ལ་ཆགས་ཚུལ་འཛུམ་མདངས་ཀྱིས། །བཀའ་ཡི་བསྒོ་བས་དགྱེས་མཛད་དེ། །མི་ཤིགས་ཏིང་འཛིན་ལ་གནས་མཛད། །ཕྱོགས་སྐྱོང་དྲི་ཟ་རྒྱལ་ཆེན་པོ། །རང་གི་ཆུང་མ་ཚོགས་བཅས་པས། །གནས་གཞན་འཇིགས་པར་མཛད་པ་དང ། །རང་གི་མཐུས་བཅུས་འདུལ་བར་མཛད། །སྐུ་ནི་བཻ་ཌཱུར་འཚེར་བའི་མདངས། །ཞལ་གསུམ་ཕྱག་རྒྱ་དྲུག་གིས་རོལ། །རིན་ཆེན་མཛོད་བུམ་སྔགས་ཆེན་ལྕུག་།འཁོར་ལོ་ཕྲེང་བ་མ་ག་ཏ། །རྒྱན་དང་ཆ་ལུགས་རིན་ཆེན་ཚོགས། །དབྱིངས་ཀྱི་དབང་ཕྱུག་ཡུམ་ཆེན་མོ། །དམར་སྐྱ་ཟབ་མོའི་ཚུལ་དུ་སྦྱོར། །འོད་འཕྲོ་སེམས་དཔའི་གདུག་པའི་འཕྲོ། །རིགས་ལྔའི་དབུ་རྒྱན་རིན་ཆེན་ཕྲེང ། །ཕྱག་རྒྱ་བཞི་ཡིས་བརྗིད་པའི་ལྷ། །རིན་ཆེན་འབར་བའི་གཞལ་ཡས་ཁང ། །གྲུ་བཞི་སྒོ་བཞི་རྟ་བབས་བརྒྱན། ། བར་ཁྱམས་འཁོར་གྱི་དབུས་ནས་འགྱིང ། །པདྨའི་ལྟེ་བར་སྐྱིལ་ཀྲུང་བཞུགས། །ཤར་དུ་འཇོམས་བྱེད་རྡོ་རྗེའི་སྐུ། །དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན། །ལྷོ་རུ་རིན་ཆེན་བློ་གྲོས་སྐུ། །དཔལ་བེའུ་གདུགས་མཛེས་འོད་མང་སེར། །ནུབ་ཀྱི་ཕྱོགས་ཀྱི་རྒྱལ་པོ་རྟོག་།དཀར་དམར་པདྨ་གླེགས་བམ་འཛིན། །བྱང་དུ་འཇིག་རྟེན་ཀུན་སྒྲོལ་བ། །ལྗང་སྐྱ་རྡོ་རྗེ་རྒྱ་གྲམ་ནི། །ཤར་ལྷོ་དྲ་བའི་དབང་ཕྱུག་ནི། །སེར་སྐྱེ་ 161a ༄#། །རིན་ཆེན་བྷརྀང་ག་ར། །ལྷོ་ནུབ་ཆོས་ཀྱི་ལྷུན་པོ་མཆོག་།རྩེ་གསུམ་པདྨའི་ལྕུག་མ་འཛིན། །ནུབ་བྱང་རྒྱལ་བའི་ཡེ་ཤེས་ཏོག་།སྔོ་སྐྱ་སེངྒེའི་བུམ་པ་འཛིན། །བྱང་ཤར་སྒྱུ་འཕྲུལ་དྲ་བ་བརྩེགས། །ལྗང་སེར་གཡུང་དྲུང་རྡོ་རྗེ་མཚན། །འདི་དག་འཁོར་ལོས་བསྒྱུར་རྒྱལ་བྱིན། །མཚན་དང་དཔེ་བྱད་འོད་མདངས་རྒྱན། །སྐྱེས་བུ་ཆེན་པོའི་ལོངས་སྤྱོད་འཕེལ། །ཆ་མཐུན་ཡུམ་དང་འཁྲིལ་པར་བཞུགས། །ོཾ་བི་ཏ་ཛྙཱ་ན་ཏ་ན་སཾ་བོ་ག་ཏ་ཧཱུཾ་ཕཊ། ཨོཾ་དྷརྨ་མུ་ནི་ན་ས་ན་ས་ཧཱུཾ། ཨོཾ་བི་ཧ་ར་ཕྲ་མོ་ཐ་ན་ཧཱུཾ་ཕཊ། ཨོཾ་ཛྙཱ་ན་ལོ་ཏྲ་སཾ་བོ་ག་ཡ་ཧཱུཾ་ཕཊ། ཨོཾ་རཏྣ་མ་རུ་དྷེ་ས་གྲུབཾ་ཧཱུཾ་ཕཊ། ཨོཾ་མ་ཧཱ་ཤུ་ཏི་མུ་ས་མོ་ཧ་ཧཱུཾ་ཕཊ། ཨོཾ་བུདྡྷ་བུདྡྷ་སརྱ་ན་ཀུ་མཱ་ར་ཧཱུཾ་ཕཊ། ཨོཾ་ནམ་ག་ག་ན་སི་ཏ་ཡོ་ག་ཧཱུཾ་ཕཊ། ཨོཾ་ནི་ས་ཧ་ཧི་ཧེ་ཧུ་མུ་ག་ར་བ་རི་ཧཱུཾ་ཕཊ། འཁོར་ལོའི་གསང་སྔགས་རབ་བརྗོད་པས། ། ལྷ་རྣམས་ཕྱི་ཡི་གནས་སུ་སྤྲོ། །དྲག་པོའི་རྒྱུ་འབྲས་སྦྱོང་བྱས་ཏེ། །གནས་ཀུན་དག་པའི་ཡེ་ཤེས་ཆེ། །རིགས་མཆོག་ཡེ་ཤེས་འོད་གསལ་བས། །ཤར་གྱི་དབང་པོ་དྲི་ཟ་སོགས། །གནས་མགོ་སྐྱབས་དང་དབང་དུ་མཛད། །ཉོན་མོངས་ལས་ཀྱིས་དྲེགས་པའི་ཚོགས། །རང་རྒྱུ་ཞི་ནས་བྱང་སེམས་བཅས། །བཅོམ་ལྡན་འདས་ཀྱི་སྤྱན་སྔར་འཁོད། །སྙིང་པོ་མདོངས་གསོལ་དུལ་བར་འགྱུར་ཨོཾ་ཏྲག་ཤ་ཀ་སརྦ་ར་མ་མ་ས་ཧཱུཾ་ཧཱུཾ་སཝཱ་ཧཱ། བཅོམ་ལྡན་འདས། བདག་ཅག་གི་རིག་པ་འདི་བྱིན་གྱིས་བརླབ་ཏུ་གསོལ། བསྟན་པ་མྱུར་དུ་སྤེལ་ཅིག་།རྒྱ་ཆད་པའི་སྔགས་ཀྱིས་ཐམས་ཅད་བྱུང་ 161b བར་གྱུར་བ་བདེ་ལེགས་སུ་བྱ་བའི་གནས་པ་བདག་ཅག་དུས་ཐམས་ཅད་དཀྱིལ་འཁོར་འདིར་གནས་ཤིང་དེ་འཛིན་པའི་རྣལ་འབྱོར་པ་དག་བསྲུང་བར་བྱ་བ་དང ། བྲན་བཞིན་དུ་གནས་པར་བགྱིའོ། །སླར་ཡང་བདག་ཅག་རྣམས་མགོན་པོས་བཞེངས་ལ་བྱིན་གྱིས་བརླབས་ཏེ་དབང་བསྐུར་བ་དང་གྲོལ་བར་མཛད་དུ་གསོལ་ཞེས་གསོལ་བ་བཏབ་པ་དང ། བཅོམ་ལྡན་འདས་ཀྱིས་རིག་པའི་སྙིང་པོ་འདི་བྱིན་གྱིས་བརླབས་སོ། །ོཾ་ཨུ་ཨོཾ་མྲྀ་ཏ་བིག་ན་ཤུ་ཏ་ཧཱུཾ་ཕཊ་སཝཱཧཱ། ཞེས་གསུངས་པ་དང ། དེ་དག་དང་པོའི་སངས་རྒྱས་བཞིན་དུ་འོད་ཟེར་དང་བཅས་པར་གྱུར་ནས་གཞལ་ཡས་ཁང་གི་རྒྱན་དུ་འཁོད་དོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས།་ཐུགས་ཡེ་ཤེས་སེམས་དཔའི་དཀྱིལ་འཁོར་འཕྲུལ་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་བདེ་བྱེད་གར་དབང་ཕྱུག་།པདྨ་ཚོགས་པའི་སྐུ་ཆེན་པོས། །ཡོན་ཏན་རིན་ཆེན་སྒྱུ་མའི་ཆོས། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །མཁའ་འགྲོ་ཚོགས་བཅས་གཤིན་རྗེ་རྣམས། །རྒྱལ་པོ་རྒྱལ་ཆེན་རྒྱལ་མོར་གནས།། འཁོར་བཅས་འདུལ་བར་བྱ་བའི་ཕྱིར། །ནམ་མཁའ་ཆེན་མོའི་ཚོགས་འཕྲུལ་མཛད། །ཐབས་དང་ཤེས་རབ་གཉིས་མེད་ལས། །གཟི་ལྡན་གར་གྱི་དབང་ཕྱུག་མ། །པདྨ་རཱ་ 162a ༄#། །ག་ནམ་མཁའི་མདོག་།ཞལ་གཅིག་པ་ལ་ཕྱག་བཞི་སྟེ། །པདྨའི་སྡོང་པོ་བདུད་རྩིའི་སྣོད། །རྡོ་རྗེ་ཁཊྭཱཾ་ཞགས་པ་ཐོགས། །རིན་ཆེན་ཕྲེང་བའི་རྒྱན་གྱིས་ཀླུབས། །ཁྱོད་བཞད་འཇིགས་མདངས་ཚུལ་འཛིན་ཅིང ། །བརྐྱང་བསྐུམ་ཞིང་མཆོག་ཉི་མའི་དཀྱིལ། །གཡང་གཞི་ཉི་མའི་ཕྲེང་བས་བརྒྱན། ། ོཾ་པདྨ་མ་ཧཱ་ཀྲོ་དྷཱི་ཤཝ་རི་ཧཱུཾ་ཕཊ། དཔལ་གྱི་ལྷ་མོ་མཆོག་ཉིད་དང ། །ོཾ་དང་སྤྲུལ་ཏེ་ཕྱོགས་ངང་མཚམས། །པདྨའི་གདན་ལ་ཞིང་གིས་མཚན། །བརྐྱང་བསྐུམ་སྐུ་མདོག་སྔོན་མོའི་ཚོགས། །ཕྱག་ན་གྲི་གུག་ཐོད་པ་ཁྲག་།འབར་བའི་ཆ་ལུགས་སྐྲ་འབར་མ། །ཕྱི་རོལ་སྤྲུལ་པའི་ཚོགས་བཅས་པས། །དུར་ཁྲོད་ཆེན་པོའི་གནས་སུ་རོལ། །རྡོ་རྗེ་རིན་ཆེན་པདྨོ་དང ། །ལས་དང་སྒྱུ་འཕྲུལ་མཁའ་ལ་བཞད། །སྣ་ཚོགས་སྒྱུ་མ་བཞིན་རྒྱས་སྤྱན། །ཁ་དོག་ཕྱོགས་མཚམས་ཇི་ལྟ་བུ། །གསལ་ཞིང་མུན་པའི་རྡུལ་གྱིས་གོས། །ཞིང་གི་དབྱུག་པ་རྩེ་གསུམ་དང ། །གསེར་གྱི་མདའ་དང་རྡོ་རྗེ་དང ། །ཆུ་སྲིན་རྒྱལ་མཚན་ཞགས་པ་དང ། །ཞིང་ཆེན་རྡོ་རྗེ་རྩེ་དགུ་གདེངས། །གྲི་གུག་རྒྱུ་མའི་ཞགས་པ་སྡོམ། །རྡོ་རྗེ་གདེངས་པ་རྩེ་གསུམ་ཁྲག་།ཞིང་ཆེན་ཁོག་ཕྱེས་སྙིང་འདྲེན་ཅིང ། །དེ་བཞིན་རླུང་ཡབ་ཐོད་པ་འཆང ། །ོཾ་བཛྲ་ཏ་ཀྲྀ་ཏ་ 162b མཧཱ་ལ་ཏི་ཏི་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་ཏ་ཏྲི་མེད་ར་ཧཱུཾ་ཕཊ། ཨོཾ་ཌཱ་ཀི་མད་ཀུམ་པ་ཡ་ཧཱུཾ་ཕཊ། ཨོཾ་ཌཱ་ཀི་ནཱི་ཏི་བྲེ་ཤ་ཧཱུཾ་ཕཊ། ཨོཾ་བཛྲ་ཌཱ་ཀི་པི་ལ་ས་ཧཱུཾ་ཕཊ། ཨོཾ་བཛྲ་ཌཱ་ཀི་དྲི་ཀུ་ཊ་མ་ལེ་ཧཱུཾ་ཕཊ། ཨོཾ་བཛྲ་ཌཱ་ཀི་ཛྭ་ལ་ཛྭ་ལ་ཧཱུཾ་ཕཊ། ཕྱི་རོལ་པདྨའི་འདབ་མ་ལས། །སེངྒེ་རྟ་དང་ལྕེ་སྤྱང་ཝ། །བྱ་རྒོད་ཀངྐ་བྱ་རོག་འུག་།མགོ་བརྙན་མཆེ་གཤོག་ཆེན་མོ་བརྒྱད། ། ཧཱུཾ་ལས་སྤུལ་ཏེ་མདོག་དམར་པོ། །ཕྱག་ན་གྲི་གུག་ཐོད་པ་ཁྲག་།རྡོ་རྗེ་རལ་གྲི་རྩེ་གསུམ་མདུང ། །འཁོར་ལོ་དགྲ་སྟ་བེ་ཅོན་མདའ། །གཏུན་ཤིང་ཞིང་ཁོག་གཡང་གཞི་སྦྲུལ། །ན་ལེ་གཞོད་པ་རིན་ཆེན་ཁྱུང ། །ཞལ་གདང་སོ་སོའི་ཕྱོགས་མདངས་བཞིན། །ཀུན་ཀྱང་ཁྲོ་བཅས་ཁྱམས་པར་གནས། །ཞིང་ལྤགས་གཡང་གཞི་ཐོད་ཕྲེང་སྦྲུལ། ། ཁྲག་ཞག་ཐལ་བའི་ཚོམ་བུས་བརྒྱན། །མཁའ་འགྲོ་རིགས་བདུན་མ་སྲིང་སྤྲུལ་པའི་ཚོགས། །མཆེ་གཤོག་འབར་བ་ཕྱོགས་བཅུར་འཁྲུགས། །ོཾ་སེར་བ་ར་ན་ཧཱུཾ་ཕཊ། ཨོཾ་ནི་རཾ་ཏེ་ཤ་པ་མུ་ཁ་ཧཱུཾ་ཕཊ། ཨོཾ་ཀཾ་ན་མ་དུ་ན་ཧཱུཾ་ཕཊ། ཨོཾ་མུ་ཀ་ར་ན་ནཾ་ཧཱུཾ་ཕཊ། ཨོཾ་སཱུ་རྱ་ས་མོ་ཀ་ཧཱུཾ་ཕཊ། ཨོཾ་བཛྲ་སྣིག་ཤ་བྲུ་ཧཱུཾ་ཕཊ། ཨོཾ་ནི་ཤ་ཀུ་རྱ་ར་ན་ཧཱུཾ་ཕཊ།་ཨོཾ་རི་ལཾ་སུ་བཀྴ་ཧཱུཾ་ཕཊ། མཁའ་འགྲོ་བཅུ་དྲུག་འདི་དག་ཀྱང ། །འོད་འབར་གློག་གི་ཕྲེང་བ་ཅན། །འོད་ཀྱིས་རུ་ལུའི་སྒྲ་འབྱིན་ཅིང ། །སྤྱན་མུར་ཁྲོ་གཉེར་མཆེ་བ་ 163a ༄#། །ཅན། །ཞལ་གཉིས་ཕྱག་བཞི་རོལ་པའི་སྟབས། །དབྱིངས་དང་ཤེས་རབ་རབ་རྟོགས་ལ། །སོ་སོའི་འཕྲིན་ལས་མཛད་པའི་ཕྱག་།ཞལ་དང་སྐུ་ནི་སོ་སོའི་མདོག་།ོཾ་རུ་ཁུ་སཾ་ཏ་གུནྜེ་ཏ་ས་མོ་ར་ག་ཧཱུཾ་ཕཊ། སྙིང་པོའི་སྔགས་སོ། །ོཾ་བཛྲ་ཌཱ་ཀི་ཛ་ལ་ཤཾ་བ་ར་ཀུ་མཱ་ར་ཧཱུཾ་ཕཊ། ཉེ་བའོ། །ོཾ་ཌཱ་ཀི་ཧཱུཾ་སཾ་བ་ར་ཛཱ་ལི་མུ་ཁ་མ་མེ་ཧཱུཾ་ཕཊ། རྩ་བའི་སྔགས་སོ། །མཁའ་འགྲོ་མ་ཡི་དཀྱིལ་འཁོར་སྤྲོ་བའི་མཐུས། །དེ་དག་དྲན་པ་མེད་པར་བརྒྱལ། །སླར་ཉིད་རང་གི་འཁོར་དུ་བསྡུས། །དམ་ཚིག་དཀྱིལ་འཁོར་ཆེན་པོར་བཀོད། །དེ་ནས་མཁའ་འགྲོའི་ཚོགས་དང་བཅས། །གདུལ་བྱ་རྣམས་ཀྱི་གནས་དོར་ནས། །རྒྱལ་བའི་བསྟན་པ་གཟུང་བྱེད་ཅིང ། །རྡོ་རྗེ་ཐེག་པ་སྦྱོར་བར་མཛད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས། མཁའ་འགྲོ་མ་སྤྲུལ་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་བཅོམ་ལྡན་དགྱེས་པའི་གཙོ། །གར་གྱི་དབང་ཕྱུག་དེ་བཞིན་གཤེགས། །གཟི་ལྡན་ཡུམ་དང་ཞལ་སྦྱོར་ཞིང ། །ཕྱོགས་བཅུའི་དཀྱིལ་འཁོར་སྤྲུལ་པའོ། །ཏིང་ངེ་འཛིན་ལ་སྙོམས་ཞུགས་ནས། །ཕྱོགས་ཀྱི་བགེགས་འདུལ་བྱེད་པའོ། །ཁམས་གསུམ་གནོན་པའི་དཀྱིལ་འཁོར་སྤྲུལ། །སངས་ 163b རྒྱས་ཀུན་གྱི་རང་བཞིན་གནས། །རིན་ཆེན་འབར་བའི་ཁང་བཟང་ནི། །རིན་ཆེན་པདྨ་སེངྒེའི་གདན། །དྲི་མེད་ཉི་ཟླ་སྤྲས་པ་ལ། །དབུས་ཀྱི་ལྷ་མཆོག་ཆེན་པོ་ནི། །ཞབས་བརྒྱད་ཕྱག་ནི་བཅུ་དྲུག་དང ། །དམར་སེར་ཉི་མའི་དཀྱིལ་འཁོར་བཞིན། །བགེགས་ལ་སོགས་པའི་ཚུལ་དང་ལྡན། །པདྨ་རྡོ་རྗེ་འཁོར་ལོ་གྲི་།ཐོད་པ་རིན་ཆེན་དགྲ་སྟ་རས། །ཡུམ་ཆེན་དབང་ཕྱུག་སྒེག་མོ་དང ། །རྒྱན་ཚོགས་རིན་ཆེན་ཕྲེང་བ་ཅན། །དྲི་མེད་པདྨས་བཀླུབས་པའོ། །ོཾ་བ་ག་བ་ཏེ་རུ་ཀཾ་སཝཾ་བོ་ག་ཏ་ཡ་ཧཱུཾ་ཕཊ། མདུན་དུ་རྡོ་རྗེ་སེམས་དཔའ་ནི།། དཀར་སེར་རྡོ་རྗེ་དྲིལ་བུ་འཛིན། །གཡས་སུ་རིན་ཆེན་སེམས་དཔའ་སྟེ། །སེར་པོ་རིན་ཆེན་འཁོར་ལོ་ཐོགས། །རྒྱབ་ཏུ་པདྨོའི་སེམས་དཔའ་ཉིད། །དམར་སེར་རྩེ་གསུམ་བུམ་པ་ཐོགས། །གཡོན་དུ་ལས་ཀྱི་སེམས་དཔའ་སྟེ། །ལྗང་སེར་དྲིལ་བུ་ཏྲི་ཤཱུ་ལ། །ོཾ་བཛྲ་སཝཏྟ་ཧཱུཾ་ཕཊ། ཨོཾ་རཏྣ་སཝཏྟ་ཧཱུཾ་ཕཊ། ཨོཾ་པདྨ་སཝཏྟ་ཧཱུཾ་ཕཊ། ཨོཾ་ཀརྨ་སཝཏྟ་ཧཱུཾ་ཕཊ།་འཁོར་ལོ་པདྨའི་རྩེ་མོ་ལ། །ཡུམ་དང་འཁྲིལ་པའི་ཚུལ་གྱིས་འཁོད། །ཕྱི་རོལ་པདྨའི་རིགས་བདུན་ལ། །བདེ་གཤེགས་ཡབ་ཡུམ་ཉིས་སྟོང་ཚོགས། །བདེ་གཤེགས་རྡོ་རྗེ་རིན་ཆེན་དང ། །པདྨ་རྒྱ་གྲམ་སྣ་ཚོགས་མཁའ། །སྐུ་མདོག་པདྨ་རཱ་ག་དང ། །ིནྡྲ་ལ་སོགས་རིམ་བདུན་ལ། །རལ་པ་རྩེ་མཛོད་བུམ་པ་ལ། །ལྕུག་མ་དྲིལ་བུ་གླེགས་བམ་ 164a ༄#། །དང། །ཆོས་ཀྱི་རྒྱལ་མཚན་ཕྲེང་བ་འཛིན། །ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ། །རིན་ཆེན་རྒྱན་ཕྲེང་འོད་མདངས་ཅན། །ཕྱག་མཆན་གྲི་གུག་ཐོད་པ་དང ། །པདྨའི་ཕྲེང་བ་རྩེ་གསུམ་བསྣམས། །ལྷག་པའི་ཕྱག་བཞི་འཛིན་པར་མཛད། །དང་པོ་རང་རྟགས་ཕྱག་རྒྱ་བསྣམས། །ོཾ་བཛྲ་དུ་ཀི་བི་ཤི་ཀ་དུ་ཀུཾ་དི་ཀཾ་མཾ་ཧྲི་སཾ་ག་ཏ་སྤྲུཾ་སྲ་མོ་ཏ་ཕཊ་སཝཱཧཱ། དེ་བཞིན་གཤེགས་པ་རྣམས་ཀྱིའོ། །ོཾ་བཛྲ་ས་མོ་ཡོ་ག་ཏ་ས་ར་ལ་སུ་ཧཱུཾ་ཕཊ། རིན་པོ་ཆེ་རྣམས་ཀྱིའོ། །ོཾ་པདྨ་བུཾ་སི་ཉི་ཧཾ་ཧེ་ཧེ་མཾ་བཾ་ཧཱུཾ་ཕཊ། པདྨའི་རིགས་རྣམས་ཀྱིའོ། །ོཾ་ཀརྨྨ་བྷྱོ་ཏྲུཾ་ཧཱུཾ་རཀྵ་མུརྱ་ས་ཧཱུཾ་ཕཊ། ལས་ཀྱི་རིགས་ཀྱིའོ། །ོཾ་བཛྲ་ཙཀྲ་བྲུཾ་སི་ཏི་ཡོ་གི་ཤཝ་རི་ཧཱུཾ་ཕཊ། འཁོར་ལོའི་རིགས་ཀྱིའོ། །དེ་ནས་དཀྱིལ་འཁོར་སྤྲུལ་པའི་ཚོགས། །ཕྱོགས་རྣམས་ཀུན་ཏུ་སྤྲོ་བྱས་པ། །རྡོ་རྗེ་རིགས་ཀྱི་ཕོ་ཉ་ཡིས། །ཕྱོགས་ཀྱི་རྒྱལ་པོའི་གདོན་རྣམས་འགུགས།། སྐྲག་ཤིང་བྱེད་ནས་དགྲ་འགུགས་ཤིང ། །སོ་སོའི་རིགས་དབྱེར་འཁྲུག་པ་དག་།རྡོ་རྗེ་གསང་བའི་སྔགས་ཀྱིས་གཟེར། །རང་གི་དམ་ཚིག་རྗེས་སུ་དྲན། །སྲོག་གི་སྙིང་པོ་དབུལ་བར་བྱ། །རྡོ་རྗེ་གསང་བའི་དམ་ཚིག་གིས། །དབང་བསྐུར་བྱིན་བརླབས་རྫོགས་བྱས་ནས། །དཀྱིལ་འཁོར་གསང་བའི་གནས་སུ་འཁོད། །གསང་བ་འཛིན་པའི་ 164b གནས་དོར་ནས། །རང་གི་ལུས་སུ་གནས་བྱས་ཏེ། །གཞལ་ཡས་ཁང་གི་རྒྱན་དུ་གཞུག་།དེ་དག་གི་སྙིང་པོ་ནི། ཨོཾ་ས་མུ་ད་ར་ཛིན་ན་ག་སུ་ཏྲ་བྷ་བ་སི་ཏྲི་སྣི་ཤ་ཧཱུཾ་བྲུཾ་ཕཊ་ཞེས་པའོ། །སླར་གསོ་བའི་སྔགས་ནི། ཨོཾ་སུ་མུ་གེ་ཌཾ་སཾ་ཉ་ག་ཧེ་ཧེ་རུ་ཏུ་པ་ལ་ས་ཏཾ་ཛ་ཧཱུཾ་ཕཊ། ལྷ་རྣམས་ཀྱི་སྙིང་པོ་བསྡུས་པ་ནི། །ོཾ་སརྦ་ས་ཀ་ར་བྲུཾ་བགྴ་སཾ་མེ་བྲཾ་བུ་རཀྵ་ཧཱུཾ་ཞེས་པའོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས། ཁམས་གསུམ་གནོན་པའི་ལེའུ་སྟེ་བཅོ་ལྔ་པའོ།། །།དེ་ནས་བཅོམ་ལྡན་གར་དབང་སྐུ། །སངས་རྒྱས་ཐམས་ཅད་འདུས་མཛད་ནས། །ཁྲོ་བོའི་དཀྱིལ་འཁོར་སྤྲུལ་བྱས་ཏེ། །གནོད་སྦྱིན་གྲུལ་བུམ་འདུལ་བར་མཛད། །གཞལ་ཡས་གྲུ་གསུམ་མཐིང་ནག་ལ། །དབུས་སུ་འཁོར་ལོ་ཉི་མའི་གདན། །དཔལ་ཆེན་པདྨ་ཧེ་རུ་ཀ་།དུར་ཁྲོད་ཆེན་པོའི་རྒྱན་གྱིས་བརྗིད། །ཞལ་གསུམ་པ་ལ་ཕྱག་དྲུག་སྟེ། །སྐུ་མདོག་པདྨ་རཱ་གའི་མདངས། །རྩེ་གསུམ་གཏུན་ཤིང་རལ་གྲི་དང ། །པདྨ་ཞགས་པ་ཐོད་ལྔ་འཛིན། །གླང་ཆེན་ཀོ་བ་ཐོད་རློན་སྤྲུལ། །ཡུམ་དང་ཞལ་སྦྱོར་འཁྲིལ་པའི་ཚུལ། །ཐབས་དང་ཤེས་རབ་སྦྱོར་བ་ལས། །ཡི་གེ་ལས་སྤྲུལ་ཁྲོ་བའི་རྒྱན། །ཤར་དུ་རྣམ་རྒྱལ་མདོག་དཀར་སྔོ། །ཞལ་གསུམ་ཕྱག་དྲུག་རྡོ་རྗེ་ 165a ༄#། །དུང ། །འཁོར་ལོ་རིན་ཆེན་པདྨ་དང ། །རལ་གྲི་མེ་འོད་ཀྱིས་མཚན་པ། །ལྷོ་རུ་གཤིན་རྗེ་གཤེད་པོ་ནི། །སྔོན་གཞལ་གསུམ་ཕྱག་དྲུག་པ། །ཐོད་དབྱུག་རིན་ཆེན་ནེའུ་ལེ་དང ། །རྩེ་གསུམ་མེ་དཔུང་ཐོད་ལྔ་འཛིན། །ནུབ་ཏུ་རྟ་མཆོག་ཁྲོ་བོའི་སྐུ། །ཞལ་གསུམ་ཕྱག་དྲུག་དམར་སྐྱའི་མདོག་།འཁོར་ལོ་སྡིགས་མཛུབ་རྩེ་གསུམ་དང། །རལ་གྲི་ཐོད་པ་ཌཱ་མ་རུ། །བྱང་དུ་བདུད་རྩི་འཁྱིལ་པ་སྟེ། །ལྗང་སྔོ་ཞལ་གསུམ་ཕྱག་དྲུག་པ། །རྒྱ་གྲམ་གྲི་གུག་པདྨ་དང ། །བེ་ཅོན་རྩེ་གསུམ་སེངྒེ་འཛིན། །ཤར་ལྷོར་དབྱུག་པ་སྔོན་པོ་ནི། །སྡོ་སྐྱ་ཞལ་གསུམ་ཕྱག་དྲུག་པ། །དབྱུག་པ་ཙཀྲ་པདྨ་དང ། །རྔ་ཡབ་བནྡྷ་དྲིལ་བུ་འཛིན། །ལྷོ་ནུབ་མི་གཡོ་མགོན་པོ་ནི། །ཞལ་གསུམ་སེར་སྐྱ་ཕྱག་དྲུག་པ། །རིན་ཆེན་རལ་གྲི་གཏུན་ཤིང་འཛིན། །པདྨ་ཐོད་ཁྲག་མདུང་རྩེ་གསུམ། །ནུབ་བྱང་འདོད་པའི་རྒྱལ་པོ་ནི། །དམར་སྐྱ་ཞལ་གསུམ་ཕྱག་དྲུག་པ། །རྡོ་རྗེ་དབྱུག་པ་རིན་ཆེན་བུམ། །ཐོད་པ་བདུད་རྩི་སྙིང་འཛིན་པའོ། །བྱང་ཤར་སྟོབས་ཆེན་དུད་ཀའི་མདོག་།ཞལ་གསུམ་ཕྱག་དྲུག་འཇིགས་པའི་མདངས། །རྡོ་རྗེ་རྩེ་གསུམ་བམ་ཆེན་ཁོག་།སྣ་ཚོགས་རྡོ་རྗེ་བམ་ཆེན་ཁྲག་།འཇིགས་པའི་ཆ་ལུགས་ཁྲོ་ཕྲེང་དང ། །གྱད་ཀྱི་དོར་ཐབས་རོལ་པའི་སྟབས། །ོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུཾ་ཕཊ། 165b ོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲཱི་བ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལི་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཨཱ་རྱེ་ཨ་ཙ་ལ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ཊཀྐི་རཱ་ཛ་ཧཱུཾ་ཕཊ། ཨོཾ་བཛྲ་ཀྲོ་དྷ་མཧཱ་བ་ལ་ཧཱུཾ་ཕཊ། ཕྱོགས་སྐྱོ་ང་རྒྱལ་པོ་གནོད་སྦྱིན་དང ། །གྲུལ་བུམ་ཚོགས་རྣམས་དབང་བསྡུས་ཏེ། །གསང་སྔགས་དྲག་པོས་བསྒྲལ་བྱས་ན། །སླར་གསོལ་ཡེ་ཤེས་ལྷུམས་སུ་གྱུར། །དཀྱིལ་འཁོར་གསང་བའི་དབང་བསྐུར་ཞིང ། །དམ་ཚིག་ལ་གཞན་དཀྱིལ་འཁོར་ཚུལ། །ཀུན་གྱི་སྲོག་སྙིང་ཕུལ་བ་ནི། །དམ་ཚིག་ཆེན་པོས་བྱིན་བརླབས་མཛད། །སླར་ཡང་དམ་ཚིག་འཛིན་པའི་སྔགས། །འཁོར་རྣམས་ཀུན་ལ་སྦྱིན་པར་མཛད། །ོཾ་བཛྲ་ཀྲ་ཀ་ར་མུརད་སི་ན་བ་མུ་ཀ་ཧཱུཾ་ཕཊ། ཨོཾ་ཨཱཿ ་ཧཱུཾ་བཛྲ་སུ་ཀ་ཏ་བྷ་མོ་ཏྲཾ་ཨ་ལ་ལ་ཧཱུཾ་ཕཊ། ལྷ་རྣམས་ཀུན་གྱི་དམ་ཚིག་ནི། །རྡོ་རྗེ་གསང་བ་གསུམ་ལས་བྱུང ། །རྡོ་རྗེ་གནོད་སྦྱིན་དྲག་པོའི་སྐུ། །ཁམས་གསུམ་དུས་ཀྱི་དབང་བསྐུར་ནས། །འཁོར་བའི་ཆོས་ལས་རྒྱལ་བྱེད་ཅིང ། །བྱང་ཆུབ་སེམས་ཀྱིས་དེ་ཉིད་གསལ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས། ཁྲོ་བོ་འཕྲིན་ལས་རོལ་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་གར་དབང་སྐུས། །གཟི་བརྗིད་དགོད་པའི་བརྒྱན་བཀོད་ཅིང ། །ལྷ་མིན་ 166a ༄#། །གྲོང་ཁྱེར་འདུལ་བའི་ཕྱིར། །ཡུམ་གྱི་དཀྱིལ་འཁོར་སྤྲུལ་པར་མཛད། །ཆོས་དབྱིངས་སྤྲུལ་པའི་གནས་བཟང་མཆོག་།རྒྱལ་བའི་རང་བཞིན་རིན་ཆེན་སྤྲོས། །གྲུ་བཞི་ཁང་པ་སྒོ་དང་བཅས། །རྟ་བབས་ཀ་བ་བརྒྱད་ཀྱིས་མཛེས། །དབུས་ཀྱི་པདྨའི་གདན་བཞུགས་པ། །གཉིས་མེད་རོལ་པའི་ཡུམ་གྱི་སྐུ། །མདོག་དམར་རྒྱན་དུ་ཟངས་ཆེན་གཟུགས། །ཞལ་གཅིག་ཕྱག་བཞི་མཛེས་པའི་མདངས། །འཁོར་ལོ་དུང་ཁྲག་པདྨོ་དང ། །རིན་ཆེན་འབར་བ་རྩེ་དགུ་འཛིན། །རིན་ཆེན་པདྨའི་ཕྲེང་བ་ཅན། །སྟོང་བཟང་ན་བཟའ་དཀྱིལ་བཟང་བཞུགས། །ོཾ་པདྨ་མུ་ཤ་ར་ས་མ་ཀ་ཏ་ཧཱུཾ་ཕཊ། ཤར་ལ་སོགས་པའི་ཕྱོགས་རྣམས་སུ། །པདྨ་དབྱིངས་ཕྱུག་གསལ་བ་མོ། །རིན་ཆེན་ཕྲེང་བ་གླུ་མ་ཆེ། །དཀར་དམར་སེར་དང་ལྗང་ཁུའི་མདོག་།རྡོ་རྗེ་གསུམ་པ་པདྨོ་དྲ་བ་དང ། །ན་ར་སི་ལའི་སྣོད་རིན་ཚོགས། །རང་གི་དཀྱིལ་འཁོར་མ་སྤྲོས་ཤིང ། །སྣ་ཚོགས་པདྨའི་གདན་ལ་བཞུགས། །ོཾ་ཙུནྡྷེ་ཤཝ་རི་ཧཱུཾ་ཕཊ། ཨོཾ་ཥྞི་ཤ་བཛྲ་སཾ་བྲུཾ་ག་ཧཱུཾ་ཕཊ། ཨོཾ་བྱི་ཙུ་སྲ་ཏེ་ཧཱུཾ་ཕཊ། མཚམས་ཀྱི་པདྨའི་འདབ་མ་ལ། །དེ་བཞིན་བདེ་བ་སྐྱེད་བྱེད་ཡུམ་ཆེན་བཞི། །དྲ་བ་མོ་དང་གློག་འགྱུར་རྒྱན། །གཤོག་པ་ཅན་དང་འདོད་པའོ། །དཀར་སེར་དམར་སྐྱ་སྔོ་སངས་དང ། །ལྗང་ཁུ་མདོག་ལེགས་ལ་བཞུགས་ནས། །རྡོ་རྗེ་རིན་ 166b ཆེན་པདྨོ་དང ། །ུཏྤལ་ལྗང་ཁུ་ལེགས་མཛད་པའོ། །ོཾ་ནུ་ཏེ་ནོ་ཙ་ཀྲུ་ཧཱུཾ་ཕཊ། ཨོཾ་སཾ་བོ་ག་ཏ་སུ་ཧེ་བྱ་ཧཱུཾ་ཕཊ། ཨོཾ་མ་མ་ཀྲི་ཕྲུཾ་ཧེ་ཧེ་ཧཱུཾ་ཕཊ། ཨོཾ་ཏ་རེ་ག་ག་ན་ཨ་མ་ལ་ཧཱུཾ་ཕཊ། ཕྱོགས་རྣམས་ཀུན་ཏུ་མཁའ་ཁྱབ་པ། །ཏིལ་གང་བཞིན་དུ་གནས་གྱུར་པ། །མ་མོ་གཤིན་རྗེའི་ཚོགས་རྣམས་ཀུན། །འཁྲུག་རྔམ་རོད་རོད་པོར་གྱུར་ནས། །ཐུགས་རྗེ་ཅན་ལ་སྐྱབས་སུ་མཆི། ། སྲོག་གི་སྙིང་པོ་འབུལ་བར་བྱེད། །དེ་ནས་དཀྱིལ་འཁོར་བསྡུས་བྱས་ཏེ། །རང་གི་གནས་སུ་དབང་བསྐུར་ཞིང ། །དམ་ཚིག་དགའ་བའི་སྡོམ་པ་རྙེད། །བདེར་གཤེགས་ཡེ་ཤེས་གསལ་བར་འགྱུར། །ཀུན་གྱིས་མཐུན་པར་ཁས་བླངས་ཏེ། །དམ་ཚིག་སྲུང་ཞིང་རྣལ་འབྱོར་སྐྱོང ། །ོཾ་མ་མ་རཀྟ་ས་པྲ་ཏི་ཨི་དཾ་ས་བུ་ཏ་ཕཊ། ཨོཾ་ཏྲཀྴ་ར་ལ་སི་བད་ཊ་ཏ་ཕཊ། མ་མ་མོ་དང་འབྱུང་པོ་རྣམས་ཀྱི་སྙིང་པོའོ། །ོཾ་ཡུ་མེ་སི་དྷ་རུ་ལུ་རུ་ལུ་ཧཱུཾ་ཕཊ། གནོད་སྦྱིན་རྣམས་ཀྱིའོ། །ོཾ་ཨཱཿ ་ཧཱུཾ་ཡོ་ག་བྲི་གུ་མེ། ཧ་ས་ཧ་ས། རུ་ལུ་རུ་ལུ་ཧཱུཾ་ཕཊ། སླར་གསོ་ཞིང་བྱིན་གྱིས་བརླབ་པའི་སྔགས་སོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས། རིན་ཆེན་དབྱིངས་ཀྱི་དཀྱིལ་འཁོར་འཕྲུལ་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་གར་གྱི་དབང་ཕྱུག་ཉིད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཡིས། ། 167a ༄#། །ས་འོག་ས་བླ་ས་སྟེང་རྣམས། །འཇོམས་བྱེད་གཟའ་དང་རྒྱུ་སྐར་དང ། །བདུད་དང་དེ་ཡི་རིགས་འཁོར་ཀུན། །འདུ་བར་བྱ་བའི་ཏིང་འཛིན་ལ། །སྙོམས་ཞུགས་འཁོར་ལོ་སྤྲུལ་པ་མཛད། །ཐབས་དང་ཤེས་རབ་བསྒྲུབས་བྱས་པའོ། །འོད་ཟེར་གསལ་བས་སྟོང་གསུམ་གང ། །རིན་ཆེན་འབར་བའི་གཞལ་ཡས་ཁང ། །སྒོ་བཞི་རྟ་བབས་ཕྲེང་བས་བརྒྱན། །འཁོར་ལོ་རིམ་གསུམ་གདན་དང་བཅས། །རྡོ་རྗེ་པདྨ་རིན་ཆེན་གྱིས། །ཁོར་ཡུག་སེངྒེ་གླང་ཆེན་མཆོག་།ཉི་མས་མཛེས་པའི་པདྨོ་ཡི། ། དབུས་ཀྱི་དཔའ་བོ་ཡུམ་དང་བཅས། །ཞལ་གཅིག་ཕྱག་བཞི་རྡོ་རྗེ་རིན། །པདྨ་རལ་གྲི་འཛིན་པར་མཛད། །དམར་སེར་ཀུན་ཏུ་རྒྱུ་བ་ནི། །ལྗང་སེར་པདྨ་དྲིལ་བུས་འཁྱུད། །མཚན་དང་དཔེ་བྱད་རྒྱན་ཕྲེང་ཀླུབས། །སངས་རྒྱས་འདུས་པའི་དབུ་རྒྱན་ཅན། །ཕྱག་རྒྱ་བཞི་ཡིས་མཛེས་བྱས་པའོ། །རྡོ་རྗེ་འཁོར་ལོ་རྩིབས་རྣམས་ལ། །རིགས་ཀྱིས་མས་དཔའ་ཉི་ཤུ་བཞི། །དཀར་དང་དམར་དང་སེར་བའི་མདངས། །རྡོ་རྗེ་དྲིལ་བུ་པདྨ་བསྒོམ། །འཁོར་ལོ་རིན་ཆེན་སྙེམ་བསྣམས། །དང་པོའི་ཕྱག་གཉིས་མཚན་བྱས་ཤིང ། །ལྷག་མ་གྲི་གུག་ཐོད་པ་ཐོགས། །ཁྲོ་ཞིང་སེམས་དཔའི་ཆ་ལུགས་ཀྱིས། །རྒྱན་ཕྲེང་རིགས་ཀྱི་དབང་པོ་གསུམ། །རིན་ཆེན་འབར་བའི་རྒྱན་གྱིས་ཀླུབས། །ོཾ་བཛྲ་སཝ་ 167b ཧ་ཀྲོདྷ་ཧེ་ཧེ་རུ་ལུ་ཧཱུཾ་ཕཊ། རྡོ་རྗེ་རིགས་རྣམས་ཀྱིའོ། །པདྨ་ཏེ་ཤྠ་སཝཱ་ད་ན་མ་ཀུ་རུ་ཀུ་རུ་ཧཱུཾ་ཕཊ། པདྨ་རིགས་ཀྱི་སེམས་དཔའ་རྣམས་ཀྱིའོ། །ོཾ་ཨི་ཀུ་རི་ཙག་བནྡྷ་སི་དྷི་ཕཊ་ཕཊ། ཀྲོ་དྷཱི་ཤཝ་རི་ཧཱུཾ་ཕཊ། དེ་བཞིན་གཤེགས་པ་རིགས་ཀྱིའོ། །སྒོ་བཞི་མཛེས་གཟུགས་ཁྲོ་མོ་ནི། །མཐུན་པའི་བློ་གྲོས་དཔའ་ཆེན་མོ། །ཡེ་ཤེས་མཁའ་དབྱིངས་བཞི་རྣམས་ཏེ། །དཀར་སེར་དམར་དང་རིམ་པ་བཞིན། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་དང ། །ལྕགས་སྒྲོག་དྲིལ་བུ་མཚན་མའི་ཕྱག་།ོཾ་བཛྲ་ཨཾ་གུ་ཤ་ཛ། པཱ་ཤ་ཧཱུཾ། སྤོ་ཊ་བཾ། གནྜ་ཧོཿ ་ཕཊ། དགུག་གཞུག་བཅིང་བའི་ལས་དག་དང ། །དབབ་པའི་ཆོ་ག་མཉེས་པར་བྱེད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀུན། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་འདུས། །རིགས་གསུམ་སེམས་དཔའ་ཁྲོ་བོར་བསྟན། ། འཇིགས་བྱེད་ཆ་ལུགས་རྡམ་པའི་སྟབས། །རྡོ་རྗེ་གཅོད་བྱེད་འཇིགས་པ་ཆེ། །རྡོ་རྗེ་འཇོམས་པའི་ཡིད་འཕྲོག་བྱེད། །རྡོ་རྗེ་རབ་བཟང་བློ་གྲོས་མཆོག་།རྡོ་རྗེའི་བསྟན་པ་གཡུལ་ལས་རྒྱལ། །པདྨའི་སྦྲིན་ཆེན་འབྲུག་སྒྲུའི་དབྱངས། །པདྨའི་བློ་གསལ་མྱ་ངན་འཇོམས། །པདྨའི་སྡོང་པོ་ང་རོ་མྱོས། །པདྨའི་འོད་ཟེར་བདུད་རྩི་འོད། །འཁོར་བ་བརྩེགས་པ་མྱུར་དུ་ཟློག། །འཁོར་ལོ་དགའ་བ་སྤྲང་རྩིའི་མཆོག་།འཁོར་ལོ་སྤྲོལ་དང་རྩེ་གསུམ་འཆིང ། །འཁོར་ལོ་རོལ་བ་དགའ་ཕྱེད་སྟོབས། །འདི་དག་སྤྲུལ་པ་འཁོར་ཚོགས་སྐུས། །གནས་གསུམ་ 168a ༄#། །པོ་དག་འདུལ་བར་མཛད། །དེ་ནས་གཟའ་དང་རྒྱུ་སྐར་རྣམས། །གདུག་པའི་ང་རོ་ཆུ་མ་ཤུམས། །སྒྲ་ཆེན་སྒྲོག་ཅིང་སྤྲུལ་ནས་ཀྱང ། །མཐུ་དང་རྫུ་འཕྲུལ་མེད་པར་འགྱུར། །དཀྱིལ་འཁོར་ཆེན་པོ་སྐྱབས་གསོལ་ཞིང ། །བསྟན་པ་གཟུང་བར་དམ་བཅས་སོ། །དེ་དག་སོ་སོའི་སྲོག་སྙིང་དག་།ལུས་སེམས་དད་པས་ཕུལ་བྱས་པས། །དཀྱིལ་འཁོར་ཆེན་པོར་དབང་བསྐུར་ཞིང ། །རབ་གནས་གདན་ལ་གཞག་པར་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས། །རང་སངས་རྒྱས་ཐམས་ཅད་ཁྲོ་བོར་བྱུང་བའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་དབང་གི་ལྷ། ། པདྨ་བདེ་ཆེན་ཡུམ་བཅས་ལ། །འགྲོ་དྲུག་རྒྱུ་འབྲས་བྱ་བའི་ཕྱིར། །བདེ་ཆེན་བྱང་སེམས་དཀྱིལ་འཁོར་སྤྲུལ། །དཀྱིལ་འཁོར་ཆེན་པོའི་གནས་འབར་བའི། །རིན་ཆེན་ཕྲེང་སོགས་འཇིགས་བྱེད་བརྒྱད། །དུར་ཁྲོད་ཆེན་པོའི་གནས་བཞིན་བརྒྱན། །དབུས་སུ་འཁོར་ལོ་གདན་བཅས་ལ། །རིགས་ལྔའི་ཧེ་རུ་ཀ་བཞུགས་མཛད། །ཡུམ་ཆེན་ལྔ་དང་འཁྲིལ་པར་སྦྱོར། །ཀུན་ཀྱང་ཞལ་གསུམ་ཕྱག་དྲུག་པ། །དམར་ནག་དཀར་སེར་ལྗང་ཁུའི་མདངས། །རྡོ་རྗེ་ཁ་ཊྭཱཾ་རལ་གྲི་དང ། །ཏྲི་ཤུལ་ཞིང་དབྱུག་ཐོ་བ་བསྣམས། །གཡས་ 168b པར་དུང་ཕོར་གཡོན་ཐོད་ཁྲག་།བར་མ་གྲི་གུག་པདྨ་སྟེ། །ཐ་མ་ཡུམ་དང་འཁྲིལ་པའི་ཚུལ། །སྤྱན་དགུ་སྡང་མིག་དམར་པོ་བཟློག་།ཁྲོ་གཉེར་རལ་པ་གྱེན་དུ་བརྫེས། །ཐོད་སྦྲུལ་ཁྲག་དང་ཐལ་བས་བརྒྱན། །གཡང་གཞི་རི་ཤའི་རྒྱན་གྱིས་མཛེས། །ོཾ་བཛྲ་ཤྲཱི་ཧེ་རུ་ཀ་བཛྲ་ཀྲོ་དྷཱི་ཤཝ་རི་ཧཱུཾ་ཕཊ། ཨོཾ་བུདྡྷ་ཤྲཱི་ཧེ་རུ་ཀ་བུ་དྡྷ་ཀྲོ་དྷཱི་ཤཝ་རི་ཧཱུཾ་ཕཊ། ཨོཾ་རཏྣ་ཤྲཱི་ཧ་རུ་ཀ་ཧཱུཾ་ཕཊ། རཏྣ་ཀྲོདྷཱི་ཤཝ་རི་ཧཱུཾ་ཕཊ། པདྨ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཨོཾ་པདྨ་ཀྲོ་དྷཱི་ཤཝ་རི་ཧཱུཾ་ཕཊ། ཨོཾ་ཀརྨ་ཤྲཱི་ཧེ་རུ་ཀ་ཧཱུཾ་ཕཊ། ཀརྨ་ཀྲོདྷཱི་ཤཝ་རི་ཧཱུཾ་ཕཊ། བདེ་ཆེན་བྱང་ཆུབ་སེམས་ཀྱི་རྒྱན། །རོལ་པ་ཀུན་ཏུ་ཁྱབ་མཛད་དེ། །ཁམས་གསུམ་མ་འདྲེས་རྣམ་པར་དབྱིངས། །བདེ་བ་ཆེན་པོ་གཉིས་མེད་འགྱུར། །དབང་བསྐུར་བྱིན་བརླབས་རིགས་ཀྱིས་བསྐུར། ། བསྐྱེད་དེ་དབུ་ལ་རང་གི་བདག་པོས་བརྒྱན། །སྨོན་འཇུག་གཡོ་ལྡང་བསྐྱོད་པ་ཡི། །ལྷ་མོ་བཞི་དང་མཉམ་པར་སྦྱོར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས། བདེ་བ་ཆེན་པོའི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་དགོངས་པ་ཉིད་ལ་བཞག་སྟེ་བཞུགས་སོ། །དེའི་ཚེ་དེའི་དུས་ན་བདུད་ཀྱི་རྒྱལ་པོ་མ་ཏྲ་རུ་ཏྲས་རང་གི་རྫུ་འཕྲུལ་ཆེན་པོ་བསྟན་ཞིང ། འཁོར་དང་བཅས་པས་ཕྱོགས་བཅུར་རྒྱུ་གཅིང་རིག་པ་འཛིན་པ་དང ། རྣལ་འབྱོར་མཐའ་དག་གི་བར་ 169a ༄#། །གཅོད་བྱེད་ཅིང་བདེ་འགྲོའི་བདེ་བ་ཐམས་ཅད་རྒྱུན་གཅོད་པ་དང ། རང་ཉིད་ཀྱི་ཉོན་མོངས་པ་བསྐྱེད་དོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཐུགས་རྣམ་པར་འཕྲུལ་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་རིགས་ཀྱི་འོད་ཟེར་མཐའ་ཡས་པ་ཞེས་བྱ་བས་སྟོང་གསུམ་གྱི་འཇིག་རྟེན་ཐམས་ཅད་སྐད་གཅིག་གིས་གསལ་བར་མཛད་དོ། །རྒྱལ་བའི་དབང་པོ་སྟོང་གསུམ་འདིར། །ཁང་བཟང་མཛེས་པར་བྱིན་བརླབས་ཏེ། །རིན་ཆེན་ཀ་བ་གདན་ཕྲེང་དང ། །གཟུགས་མཛེས་ལ་སོགས་ཀུན་གྱིས་སྤྲས། །ཉི་མ་ཟླ་བ་རིན་ཆེན་ཁྲི། །པདྨ་སེངྒེ་ལ་སོགས་མནན། །སྒོ་བཟང་ཁྱམས་སུ་བཅས་པ་ཡི། །རྣམ་དག་གཞལ་ཡས་ཁང་བཟང་སྤྲུལ། །དེ་ནས་བཅོམ་ལྡན་བདེ་ཆེན་པོས། །དཔལ་ལྡན་གར་གྱི་དབང་ཕྱུག་སྐུས། །སངས་རྒྱས་དཀྱིལ་འཁོར་རིགས་ཚོགས་རྣམས། །དགའ་བའི་སྤྲིན་གྱིས་བསྐུལ་བར་མཛད། །བདེ་བ་ཆེན་པོ་གཉིས་མེད་མཐུས། །རིགས་ཀྱི་དཀྱིལ་འཁོར་གཅིག་ཏུ་གྱུར། །ཡོངས་རྫོགས་གསལ་བ་རྒྱ་ཆེན་པོས། །དཀྱིལ་འཁོར་རྒྱ་ཆེན་སྤྲུལ་པར་མཛད། །དབུས་སུ་པདྨའི་རིགས་རྒྱལ་པོ། །གཙོ་བོ་པདྨ་རྡོ་རྗེའི་མདངས། །ཞལ་གསུམ་ཕྱག་དྲུག་འཇིགས་བྱེད་སྐུ། །རྡོ་རྗེ་དགའ་བའི་སྤྱན་འདྲིལ་ཞིང ། །ཤར་ལ་སོགས་པའི་ཕྱོགས་ཀུན་དུ།། 169b \?\་གཤེགས་རྡོ་རྗེ་སེམས་དཔའི་མཆོག་།རྣམ་སྣང་རིན་ཆེན་དོན་གྲུབ་རྣམས། །རིན་ཆེན་ཕྱོགས་ཀྱི་ཚོན་མདངས་གསལ། །རྡོ་རྗེ་འཁོར་ལོ་རིན་ཆེན་དང ། །རལ་གྲི་པདྨ་སྣ་ཚོགས་དང ། །གཙོ་བོ་པདྨའི་དྲུག་མཚན་ཅན། །སྟོང་པའི་སྒྲ་སྙན་དྲིལ་བུ་གཡོན། །སངས་རྒྱས་སྤྱན་མཛེས་མཱ་མ་ཀཱི། །དཀར་མོ་དམ་ཚིག་སྒྲོལ་མ་དག་།མདོག་བཟང་ཕྱག་མཚན་གཙོ་བོ་བཞི། །སངས་རྒྱས་ཏིང་འཛིན་རྫུ་འཕྲུལ་སྟོབས། །ཐབས་དང་ཤེས་རབ་ཉིས་སྟོང་ཚོགས། །འཁོར་ལོ་འབར་བའི་རྩེ་མོ་ལ། །རང་གི་མཚན་མ་སོ་སོའི་ཚུལ། ། དམར་མདངས་དཀར་དང་གསེར་གྱི་མདོག་།ནཱི་ལ་ཀ་ཏའི་མདོག་འཚེར་ཞིང ། །པདྨ་རྡོ་རྗེ་འཁོར་ལོ་རིན། །པདྨ་ཏྲི་ཤཱུལ་བཅས་པ་འཛིན། །གཡས་ན་འཁོར་ལོ་གོ་རིམས་བཞིན།། རྡོ་རྗེ་སྐྱིལ་ཀྲུང་ལེགས་བརྒྱན་བརྗིད། །གཞན་ཡང་ཁྲོ་བོའི་ཚོགས་འབར་བ། །ཕྱི་རོལ་འཁོར་ལོའི་བར་ཁྱམས་དང ། །སྒོ་ལ་སོགས་པའི་འཇིགས་གཟུགས་ཀྱིས། །རྔམ་པའི་མདངས་བཅས་འཁོད་པ་ནི། །ཁྲི་ཚོགས་ཡང་སྤྲུལ་མཚོན་ཆ་དང ། །རིགས་ཀྱི་སྤྲུལ་པའི་དོན་བྱེད་པའི། །ཁམས་གསུམ་འཇིགས་བྱེད་ཁྲོ་བོ་དང ། །མཁའ་འགྲོའི་དག་པའི་ཚོགས་བཅས་རྣམས། །དུར་ཁྲོད་རྒྱན་གྱིས་རབ་མཛེས་ཤིང ། །རིགས་ཀྱི་ཁ་དོག་མཚོན་ཆ་དང ། །འོད་ཟེར་འཕྲོ་བ་འཁྲིགས་པའི་ཚུལ། །གསང་སྔགས་དྲག་པོ་བརྗོད་མཛད་པའོ། །དེ་ 170a ༄#། །ལྟར་དཀྱིལ་འཁོར་ཞི་ཁྲོའི་ཚོགས། །སྐད་གཅིག་གསལ་བར་རྫོགས་བྱས་ནས། །ཕྱི་ཡི་གནས་སུ་སྤྲོ་ཞིང་བྱ། །གསང་སྔགས་རྒྱུན་གྱི་སྐལ་བར་བྱེད། །ཧཱུཾ་ཨ་ལ་ལ་ཧོ། །མཧཱ་པདྨ་ཧྲྀ་ད་ཡ། ཨ་ཨཱ་ཨོཾ་ཨཱཿ ཧཱུཾ། མཧཱ་པདྨ་ཀུ་རུ། ཧ་ལ་ཧ་ལ་བྷི་ཤན་ཧཱུཾ་ཧཱུཾ་ཕཊ། སྟོང་ཁམས་སངས་རྒྱས་བཞུགས་པའི་གནས། །རབ་འཁྲུག་བྲེད་རྒྱས་རྨོངས་པ་དག་།འབར་བའི་དཀྱིལ་འཁོར་འོད་ཀྱིས་བདེར་བྱས་ཤིང ། །རང་གི་སངས་རྒྱས་ཞིང་ལ་བཀོད། །དཀྱིལ་འཁོར་གནས་སུ་བསྡུས་བྱས་ནས། །རང་གི་འཁོར་ལོ་མཛེས་བྱས་ཏེ། །དབང་བསྐུར་བྱིན་རླབས་རྫོགས་གྱུར་ནས། །དབུ་ལ་རིགས་ཀྱི་བདག་པོས་བརྒྱན། །ོཾ་པདྨ་ཀུཎྜ་ལི་ཧྲྀ་ད་ཡ་ན་བི་མུ་ཀུ་རུ་ཧ་ན་ད་ཧ་ཧཱུཾ་ཕཊ། །གསང་སྔགས་ཀུན་གྱིས་བརྗོད་བྱས་ན། །འཇིག་རྟེན་གསུམ་པོ་སྡུད་པ་ཡི། །ཕོ་ཉ་རྡོ་རྗེ་ཀཱི་ལ་ཡ། །དྲེགས་བྱེད་གཙོ་བོ་དག་རེངས་བྱ། །དེ་ནས་བཅོམ་ལྡན་བདེ་ཆེན་སྐུས། །སངས་རྒྱས་ཐམས་ཅད་བསྐུལ་བའི་ཕྱིར། །རྡོ་རྗེ་སེ་གོལ་ལན་གསུམ་བརྡབ། །དམ་ཚིག་ཆེན་པོའི་སྔགས་ཆེན་བརྗོད། །དེ་བཞིན་གཤེགས་པའི་རིགས་ཚོགས་རྣམས། །ཏིང་འཛིན་བསྡུ་བའི་རྡོ་རྗེ་ལས། །གཅིག་ཏུ་གནས་ནས་འགྲོ་བ་གཟིགས། །དྲེགས་བྱེད་གཙོ་བོ་མ་རུངས་རྣམས། །རྒྱུ་དང་འབྲས་བུ་ལོག་འཁྲུལ་ཞིང ། །སངས་རྒྱས་བསྟན་པ་ལོག་མི་འགྱུར། །ལོག་ 170b བའི་ལམ་ལ་མངོན་ཞེན་ཅིང ། །མངོན་པའི་ང་རྒྱལ་མཐུས་སྙེམས་ནས། །འཇིག་རྟེན་གསུམ་དག་པུང་བྱེད་ན། །ཞི་བས་འདུལ་བར་མི་འགྱུར་ན། །ཁྲོ་བོའི་རོལ་པ་མཛད་མོད་ཀྱི། །འདུལ་བར་གཟིགས་ནས་བཀའ་གྲོས་མཛད། །ཀྱེ་མ་འདུལ་པའི་ཚོགས་ཆེན་དག་།འདས་པའི་དུས་ན་སྔོན་བྱུང་ལྟར། །ད་ལྟའི་དུས་འདིར་བྱུང་བ་སྟེ། །དེ་བཞིན་གཤེགས་པའི་གསུང་རབ་ལས། །ལོག་པའི་ལམ་དུ་འཁྲུལ་པ་སྟེ། །ཁྲོ་བོའི་ཚུལ་དུ་བྱུང་གྱུར་པ། །དེ་ཚེ་སེམས་ཅན་ཐམས་ཅད་ཀུན། །ཤིན་ཏུ་ཁྲོ་ཞིང་གཏུམ་པར་འགྱུར། །དེ་ལྟར་གྱུར་པའི་མཚན་ཉིད་ཀྱིས། །མནར་མེད་ལ་སོགས་གནས་ངན་ལེན། །མི་བཟད་སྡུག་བསྔལ་མཐའ་ལ་བརྟེན། །ཇི་ལྟ་བུ་ཡི་ཐབས་ཀྱིས་འདུལ། །ཤིན་ཏུ་གཏི་མུག་མདོངས་པའི་ཚོགས། ། དེ་བཞིན་བག་ཆགས་ངན་པ་ཡིས། །རིག་འཛིན་བདུན་རྒྱུད་གཅོད་བྱེད་ཅིང ། །བསྟན་པའི་གསུང་རབ་འཇིག་པར་འགྱུར། །ལས་ཀྱི་མུན་པས་འགྲོ་བར་འཁྱམས། །དུས་ངན་རིགས་ངན་ཕྲ་མེན་མ། །གནོད་བྱེད་གདོན་དང་ལོག་འདྲེན་དང ། །སྲིད་གསུམ་འཇིག་ཅིང་དམ་ཚིག་འདྲལ། །འདི་ལྟ་བུ་ཡི་ཐབས་ཀྱིས་ནི། །སངས་རྒྱས་ཐུསྒ་རྗེ་རྣམ་འཕྲུལ་བསྟན། །ང་རྒྱལ་ཆེན་པོ་མདོངས་པ་ཡི། །ལྟ་བ་རི་བོ་མཐུ་བརྙེས་ཚོགས། །ད་ལྟའི་ཚེ་ནི་འདི་བྱུང་གྱུར། །རྒྱལ་བ་འདས་དུས་སྦྱོར་བྱེད་ཅིང ། །ཇི་བཞིན་ 171a ༄#། །ལས་ལ་འཁྲུལ་བར་བྱེད། །སངས་རྒྱས་ཀུན་གྱི་བདག་ཉིད་མཛོད། །མངོན་སྤྱོད་རོལ་བའི་ཐབས་ཆེན་གྱིས། །འདི་དག་བསྟན་པའི་དུས་ལ་བབ། །སྲིད་གསུམ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ངོ་བོ་ལས། །ཁྲོ་བོ་དེ་བཞིན་གཤེགས་ཀུན་མཛད། །ཁྲོ་བོའི་ཚུལ་ཅན་ཁྲོས་པ་ཡི། །འཇིག་རྟེན་གསུམ་དག་སྲེག་བྱེད་ན། །སངས་རྒྱས་ཐུགས་རྗེ་ཁྲོས་པ་ཡིས། །ཁམས་གསུམ་མ་ལུས་སྨོས་ཅི་དགོས། །རང་བཞིན་དག་པའི་ངོ་བོ་ལས། །ཕྲག་དོག་འཁྲུལ་པའི་རླུང་དག་གིས། །འཇིག་རྟེན་ཕྱིན་ཅི་ལོག་ཏུ་འཁྱམས། །ཇི་བཞིན་གནས་པ་ལམ་བྲལ་བས། །ཁམས་གསུམ་བརླག་པའི་ལམ་ལ་ཞུགས། །འཇིག་རྟེན་འདི་དག་སྙིང་རྗེ་ཞིང ། །མངོན་ཤེས་གདུལ་དཀའི་རྨོངས་ཚོགས་རྣམས། །ཁྲོ་བོའི་ཚོགས་ཀྱིས་སྦྱོར་བར་མཛད། །ཅེས་བསྒྲགས་སོ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་བའི་རྒྱུད་ལས། རྣམ་པར་འཕྲུལ་བའི་དཀྱིལ་འཁོར་བསྒྲལ་བྱའི་ལེའུ་སྟེ་ཉི་ཤུ་པའོ།། །།དེ་ནས་བཅོམ་ལྡན་དགྱེས་ཆེན་པོས། །པདྨ་གར་གྱི་དབང་ཕྱུག་སྐུས། །མ་ཏང་རུ་ཏྲ་ལ་སོགས་པའི། །བདུད་ཀྱི་ཚོགས་ 171b བཅས་འདུལ་བའི་ཕྱིར། །ཡུམ་ཆེན་སྐུ་གཅིག་རོལ་མཛད་དེ། །བྱང་ཆུབ་སེམས་སྤྲིན་ཕྱོགས་བཅུར་སྤྲོ། །དཀྱིལ་འཁོར་རྣམ་གསུམ་དཀྱིལ་འཁོར་གསལ། །དཀྱིལ་འཁོར་འདུས་ཚོགས་དཀྱིལ་འཁོར་ཆེ། །དཀྱིལ་འཁོར་ཆེན་པོའི་བདག་ཉིད་ཆེ། །དགྱེས་བཅས་གར་བཅས་གདན་ལ་བཞུགས། །ཞལ་གསུམ་གངས་རི་མདངས་ལྡན་པ། །པདྨ་གཏུན་ཤིང་རྩེ་གསུམ་ཐོགས། །རིན་ཆེན་རྒྱུན་སོགས་དབུ་རྒྱན་བཅས། །དཀྱིལ་འཁོར་སྤྲུལ་པའི་ཏིང་འཛིན་གྱིས། །སྣོད་གཅིག་དུས་གཅིག་སྤྲུལ་པ་མཛད། །མཐའ་དང་དབུས་མེད་འཇིག་རྟེན་གནས་རྣམས་ཀུན། །དྲག་པོ་མཐིང་ནག་འབར་བའི་གཞལ་ཡས་ཁང ། །འཁོར་ལོ་རྩིབས་དྲུག་པར་ཁྱམས་ཉིས་རིམ་ལྡན། །ཀུན་ཏུ་ཟླ་གམ་སྒོ་ཁྱུད་གྲུ་བཞིར་བཅས།། རིན་ཆེན་འབར་བའི་ཐོད་དབྱུག་རྒྱུན་དང་བཅས། །ཚད་མེད་ཡེ་ཤེས་འཁོར་ལོ་ལ་བརྟེན་ཅིང ། །འཇིགས་བྱེད་ཁྲོ་བོའི་རྒྱན་ཚོགས་མང་པོ་ཀླུབས། །ནམ་མཁའི་མཐའ་མཉམ་ལྷུན་གྱིས་གྲུབ་པའི་གནས། །སྨོན་ལམ་དབང་དང་ཐུགས་རྗེའི་བྱིན་རླབས་ཀྱིས། །འཇིག་རྟེན་དྲུག་དང་དུས་བཞི་ཕྱོགས་བཅུ་ན། །གཟུགས་ཁམས་མ་ལུས་དབང་དུ་བསྡུ་བ་ན། །དྲག་པོ་ལྷ་བརྒྱད་ང་རྒྱལ་གཞོམ་པའི་ཕྱིར། །ལྷ་ཆེན་ཕྱོགས་སྐྱོང་ཚོགས་ཀྱིས་རྩིག་པ་བྱས། །སྐུ་བཞི་དཔལ་བརྒྱད་ཚང་བར་བྱ་བའི་ཕྱིར། །རྒྱལ་ཆེན་རིགས་བཞི་བཟུང་ 172a ༄#། །ནས་ཀ་བ་བྱས། །ཐེག་པ་གཞན་ལས་འཕགས་པའི་དོན། །གླང་ཆེན་ཀ་ལ་ལིང་གིས་ཀ་གཏན་བྱས། །གླིང་བཞིའི་མི་རྣམས་དགོས་འདོད་སྐོང་བའི་ཕྱིར། །གཟའ་སྐར་མིག་ཚགས་བྱས་པས་འགྱུར་ལྡོག་མེད། །འཇིག་རྟེན་ཟིལ་གྱིས་གནོན་པའི་ཕྱིར། །སེངྒེ་ཀ་ལ་ཤ་ཡིས་ཀ་གཞུ་བྱས། །འཁོར་བའི་གཅོད་རྙིང་གཏན་ནས་སྤྱད་པའི་ཕྱིར། །སེངྒེའི་ཁ་ནས་བདུད་རྩིའི་འོ་མ་འཛག་།ཐོད་རུས་བར་ཁྱམས་རྡོ་རྗེའི་གཟར་གྱིས་བརྒྱན། །ཞིང་ཆེན་རྔ་ཡབ་བླ་རེ་འཕན་གདུགས་དང ། །ཐུགས་རྗེ་བྱང་སེམས་ཀུན་ཏུ་ཁྱབ་པའི་ཕྱིར། །ཉི་ཟླ་འབར་བའི་རྒྱན་ཆས་གསལ་བར་ལྡན། །སྤྲུལ་པའི་མེ་རླུང་འབྲུག་གིས་དུས་བཞིར་ཕྱེ། །ཁྲོ་བོའི་འབྱུང་གནས་ཐུགས་རྗེའི་སྒྲ་དང་བཅས།། རིན་ཆེན་ཁྲི་དང་པདྨ་ཉི་ཟླ་གདན། །གསེར་གྱི་སེངྒེ་སྤྱན་གསུམ་པ། །དྲུག་བཞི་རྩལ་འཕགས་ཉི་ཤུ་བརྒྱད། །ཁྲི་རྐང་བརྒྱད་ཀྱིས་བར་ཁྱམས་དག་ལ་གནས། །ཐུགས་རྗེ་ཉི་མ་ཉི་ཤུ་བརྒྱད། །འཇིགས་པ་སྤངས་པའི་སེངྒེ་ཉི་ཤུ་བརྒྱད། །སྤྲུལ་སྐུ་ཐོབ་པས་དབང་པོ་ཉི་ཤུ་བརྒྱད། །ཀུན་ཏུ་འོད་ཀྱི་ས་ལ་རབ་གནས་པ། །རིན་ཆེན་ཁྲི་རྐང་འདེགས་པའི་སྟོབས་དང་ལྡན། །མགོན་གནས་དབེན་བར་གཞན་དག་གིས། །མཐོང་རྐང་སྦས་པའི་ཆོས་ཉིད་ལུང ། །འཕྲིན་ལས་རྣམ་པར་རྫོགས་པའི་གནས། །རིགས་བཞི་ཁྲག་ 172b འཐུང་ཧེ་རུ་ཀ་།བཞུགས་གནས་མི་འགྱུར་ཆོས་ཀྱི་སྐུ། །དེ་ཉིད་ཀུན་ཏུ་འོད་ཀྱི་ལུང ། །པདྨ་ལེ་བརྒན་ཕྱོགས་བཅུའི་འོད། །སངས་རྒྱས་ཐམས་ཅད་སྐྱེད་པའི་ཚུལ། །ཆགས་པར་གྱུར་པར་པདྨ་སྟེ། །ཆེ་བའམ་ཡོན་ཏན་ལུང་དུ་སྟོན། །མཁའ་དབྱིངས་རྣམ་དག་དྲི་མེད་པས། །མ་ཆགས་པདྨ་ཅན་གྱི་ལུང ། །སྟོང་ཞིང་གསལ་བས་གཞན་གང་འཕགས། །ཉི་ཟླའི་དཀྱིལ་འཁོར་བརྩེགས་པ་ཡིན། །སེངྒེ་འཁོར་ལོ་ཚོགས་ཆེན་པོས། །ཐབས་དང་ཤེས་རབ་ཡ་བྲལ་བས། །སྤྲོས་མེད་རང་གིས་བཟླུམས་པ་ནི། །མ་སྐྱེས་པ་ཡི་ཆོས་ཉིད་ལུང་།། འོད་ཟེར་གསལ་བས་འཚེར་བས་ན། །ཡང་གབ་སྦས་པ་ཡེ་ཤེས་ལུང ། །འཕྲོ་འདུ་ཁྱབ་བར་གྱུར་བའི་ཚོགས། །ཤེས་རབ་རིགས་ཀྱི་གསང་བའི་ཡུམ། །ཐབས་དང་ཤེས་རབ་དགྱེས་པའི་ཏིང་འཛིན་གྱིས། །ཚོགས་ཆེན་ཡོངས་རྫོགས་དཀྱིལ་འཁོར་ཆེན་པོ་ནི། །བདག་པོ་ཁྲོ་བོ་ཆེན་པོའི་སྐུ་ཉིད་དུ། །གསང་སྔགས་འདི་ཡིས་ཡོངས་རྫོགས་བྱ། །ོཾ་པདྨ་ཤྲཱི་ཧེ་རུ་ཀ་པདྨ་ཀྲོ་ཏི་ཤཝ་རི་ཧཱུཾ། མཧཱ་ཙཎྜ་སརྦྦ་དུཥྚ་ན་ཕཊ། དཀྱིལ་འཁོར་བདག་པོ་རྔམ་བརྗིད་ཆ་ལུགས་དང ། །འབར་བའི་མེ་འོད་དམར་གསལ་འཕྲོ་བའི་མདངས། །དབུ་ལྔ་ཕྱོགས་བཞིར་ལས་བཞིའི་ཚུལ་དུ་བཞུགས། །དབུ་མ་མཉམ་ཉིད་བདེ་བ་དབྱིངས་སུ་གཟིགས། །རལ་བའི་སྲིད་རྩེ་མེ་འོད་བཞིན་དུ་འབར། །སྨིན་མ་ཁྲོ་གཉེར་སྨ་ར་ 173a ༄#། །སོགས་མྱུར་བ། །ལུས་ཐུང་སྐུ་རྒྱན་གྱད་ཀྱི་ཆ་བྱད་ལ། །བཅོ་ལྔའི་སྤྱན་གྱིས་རང་གི་ཡུལ་རྣམས་གཟིགས། །རྡོ་རྗེ་རིན་ཆེན་ཁྱུང་གི་གཤོག་པས་གཏམས། །བཅུ་དྲུག་རོལ་བའི་སྤྱན་དང་ཕྱག་མཚན་དང ། །སྒེག་པོའི་ཞབས་བརྒྱད་ཆས་དང་འཆས་པར་གནས། །འཇིག་རྟེན་གསུམ་པོ་ཟིལ་གྱིས་གནོན་པའི་ཕྱིར། །ཁྲོ་བོའི་ཚོགས་བཅས་འགྱིང་བག་ཡུམ་བཅས་གནོན། །འོད་ཟེར་སྣ་ཚོགས་འཕྲོ་བའི་རྩེ་མོ་ལ། །བདེ་གཤེགས་རིགས་ལྔའི་སྣང་བ་སྣ་ཚོགས་སྟོན། །རང་གི་ཞིང་སྦྱོང་དྲག་པོའི་གནས་འདུལ་ཞིང ། །ཐམས་ཅད་རིགས་ཀྱི་དཀྱིལ་འཁོར་ཆེ་ལ་དགོད། །ཕྱོགས་བཅུའི་རྒྱལ་བའི་དཀྱིལ་འཁོར་མ་ལུས་ཀྱིས། །ཡབ་ཡུམ་གཉིས་ཀྱི་དགའ་བ་སྐྱེད་པར་མཛད། །གནས་སུ་ཉི་ཟླ་པད་དཀྱིལ་ཟླ་བ་ལ། །སྐུ་གསུང་ཐུགས་ཀྱི་ས་བོན་ཡོངས་རྫོགས་གསལ། །ོཾ་སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་བཛྲ་སཝ་བྷཱ་བ་ཨཱཏྨ་ཀོཉ་ཧཱུཾ། ཨོཾ་སརྦྦ་ཏ་ཐཱ་ག་ཏཱ་ཝཱ་ཀ་བཛྲ་སཝཱ་བྷཱ་བ་ཨཱཏྨ་ཀོཉྷཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་ཙིཏྟ་བཛྲ་སཝ་བྷཱ་བ་ཨཱཏྨ་ཀོཉ་ཧཾ། འཁོར་ལོ་འབར་བའི་རྩེ་མོ་དྲུག་རྣམས་ལ། །མཁའ་འགྲོའི་རྒྱལ་མོ་ཁམས་རྒྱ་ཆེན་མོ་དྲུག་།ཞལ་གཅིག་ཕྱག་གཉིས་འཇིགས་སུ་ཆ་ལུགས་ཅན། །རིགས་དྲུག་མཚན་མ་ཆ་ལུགས་ཅི་ལྟ་བུ། །བུདྡྷ་བཛྲ་ཨོཾ། སཏྭ་བཛྲ་ཧཱུཾ། རཏྣ་བཛྲ་ཏྲཱཾ། པདྨ་བཛྲ་ཧྲཱི། ཀརྨ་བཛྲ་ཧ། གྷུ་ན་བཛྲ་ཕཊ། ཕྱི་རོལ་དཀྱིལ་ 173b འཁོར་ཁྱབ་བར་སྤྲོས་བྱས་ཏེ། །འགྲོ་རྣམས་དུད་སོགས་ཁམས་རྣམས་དག་བྱས་ནས། །རྡོ་རྗེ་འཁོར་ལོ་རིན་ཆེན་པདྨོ་དང ། །རལ་གྲི་ཁ་ཊྭཱཾ་རྩེ་གསུམ་དྲིལ་བུ་བཅས། །གཡོན་པ་བདུད་རྩི་ཐོད་བ་གང་བ་ཐོགས། །མཁའ་འགྲོ་རབ་གཏུམ་རིགས་ཀྱི་དབུ་རྒྱན་ཅན། །རང་གི་ཕྲེང་བ་དུར་ཁྲོད་རྒྱན་གྱིས་ཀླུབས། །ལས་ཀྱི་ཁམས་རྒྱ་སྣ་ཚོགས་གཟུགས་ཀྱིས་བཞུགས། དཔལ་ཆེན་ཐུགས་ཀྱི་དཀྱིལ་འཁོར་ནས། །ལོང་བ་རྒྱབ་འབྲེལ་རྒྱན་རྣམས་རྫོགས། །སྐུ་མདོག་མཚན་མ་སྣ་ཚོགས་ལ། །ཕྱག་སྤྲེལ་ཟངས་ཀྱི་ཐོད་པ་ཐོགས། །ོཾ་ཤྲཱི་ཁའི་ཨོཾ་ཤཝཱ་རི་ཁའི་ཏྲཾ། ཤྲཱི་ཁའི་ཨ། དམུས་ལོང་འཁོར་བ་བཅུ་དྲུག་དག་བྱུང་སྟེ། །ཐོད་རུས་བར་ཁྱམས་གནས་སུ་དགོད་པར་བྱ། །ོཾ་ཤྲི་ཁའི་ཧཱུཾ། ཤྲཱི་ཁའི་ཧཱུཾ། ལྕགས་ཀྱི་སྦྱང་མོ་བརྒྱད་རྣམས་ཡང་སྤྲུལ་བཅས། །ཡེ་ཤེས་སྤྲུལ་པའི་ཁྱི་བཅུ་རྔམ་པར་འཁོད། །མེ་རི་སྤྲིན་ལྟར་གཏིབས་པ་རིལ་ཞིང་འཁྲུགས། །བར་ཁྱམས་ཕྱི་མའི་གནས་ལ་ཀུན་ཏུ་འཁོད།། ཨོཾ་ཏིབ་ཏ་ཙཀྲ་ཤོ་ན་མུ་མོ་ར་ཁཾ་ཧཱུཾ་ཕཊ། ཀུ་ཀུ་ར་ཡཀྵ་ཧཱུཾ་ཕཊ། དཔལ་ཆེན་ཐུགས་ཀྱི་དཀྱིལ་འཁོར་ནས། །ཛ་ཧཱུཾ་བཾ་ཧོ་ཕྱག་རྒྱ་ལས། །མགོ་དགུ་བརྩེགས་པའི་རྐང་གཅིག་བོ། །མགོ་བརྒྱད་ལག་བརྒྱད་རོལ་པ་དང ། །མགོ་དྲུག་ལག་དྲུག་རྐང་དྲུག་དང ། །མགོ་གསུམ་རྐང་གསུམ་ལག་གསུམ་མོ། །དཀྱིལ་འཁོར་ཆེན་པོ་སྒོ་བཞི་རུ། །ཚད་མེད་ 174a ༄#། །སྤྲུལ་པའི་ཕྱག་རྒྱས་རོལ། །དེ་དག་རོལ་བའི་བྱིན་རླབས་ལས། །སྟེང་འོག་ཕྱོགས་མཚམས་མ་ལུས་པའི། །ཐབས་དང་ཤེས་རབ་བྱང་ཆུབ་སེམས།། མེ་འབྲུག་རླུང་འབྲུག་ཕྱག་རྒྱས་གསལ། །རབ་ཏུ་རྫོགས་པའི་ཚུལ་དུ་བྱུང ། །ོཾ་ཛི་ན་ལ་ཏོ་ཙ་རཾ་ཡཀྵ་ཀུ་རུ་བན་ཙཚ་ཧཱུཾ་ཕཊ། གཞན་ཡང་སྤྲུལ་པའི་དཀྱིལ་འཁོར་ཚོགས།། བསེ་ཡི་བྱན་ལག་དམར་པོ་དང ། །དུང་བྱ་ཁྲུང་ཁྲུང་ལ་སོགས་རྣམས། །འཇིག་རྟེན་ཙམ་པའི་ཚོགས་ཀྱིས་བསྐོར། །ོཾ་ཧ་ཧ་རུ་རུ་མ་ཧཱ་ཙེནྡེ་ཤ་རི་བི་ཤ་ན་ཡ་ཧཱུཾ་ཧཱུཾ་ཕཊ། ཀུན་གྱི་རྩ་བའི་སྔགས་སོ། །ོཾ་པདྨ་བི་ཏ་སི་ཏོ་ཧ་ཧེ་ཙ་ཀྲ་བྷྱོ་ཕཊ། སྙིང་པོའི་སྔགས་སོ། །ོཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ། ཨེ་ཨ་མ་ར་ལི་ཧཱུཾ་ཛ། ཉེ་བའི་སྙིང་པོའོ། །ོཾ་བྷྱོ་ཨེ་ཨ་ར་ལི་ཛ་ཞེས་བརྗོད་པས་ཁྲོ་བོ་འཁོར་ལོ་མ་ལུས་པར་བྱོན་ཞིང ། རང་གི་དཀྱིལ་འཁོར་གཉིས་སུ་མེད་པར་གྱུར་ནས་ཧེ་རུ་ཀ་ཆེན་པོ་ཉིད་ཀྱི་དཀྱིལ་འཁོར་ཆེན་པོའི་རྒྱུའི་དཀྱིལ་འཁོར་དུ་གནས་ཤིང ། རང་གི་དཀྱིལ་འཁོར་རྣམས་དམ་ཚིག་བཀོད་པར་མཛད་དོ། །དེ་ནས་སྤྲུལ་པའི་འཁོར་ལོ་ཚོགས། །མ་ལུས་རལ་བར་བྱིན་བརླབས་ཤིང ། །བདུད་དང་གྲགས་བྱེད་རྨོངས་བྱེད་ཅིང ། །རང་གི་གནས་སུ་འདུ་བར་མཛད། །ོཾ་ཧུ་ལུ་ཧུ་ལུ་རཾ་ཛ་ལ་ཨེ་ཨ་ར་ལི་ཛཿ ཧཱུཾ་བཾ་ཧོཿ ། ཨ་ལ་ལ་ཧོ། །ོཾ་ 174b མ་ཏྲ་རུ་ཏྲ་ཧ་ལ་ཧ་ལ་ཧཱུཾ་ཕཊ། དུག་གསུམ་དངོས་པོ་སྤྱང་བའི་ཕྱིར། །རྔམ་པའི་ཁྲོ་ཚོགས་ཕྱོགས་བཅུར་སྤྲོ། །ཁྲོ་འཛུམ་ཕྱག་རྒྱ་བསྟན་མཛད་ཅིང ། །ཧེ་ཧེ་རུ་རུའི་གསང་སྔགས་བརྗོད། །ཧ་ལ་རྡོ་རྗེའི་རྒོད་རྒྱངས་ཀྱིས། །བདུད་དང་སྲིན་མོ་ལ་སོགས་བརྒྱལ་བར་མཛོད། །ོཾ་སརྦ་པ་པ་ཀ་ར་ཧེ་ཏ་བ་བྱེ་ཤ་མ་ཏ་རུ་ཏྲ་ཧཱུཾ་ཕཊ། ཨོཾ་སརྦ་པ་པ་ཧེ་ཏ་བྱི་ཤ་ཁ་ཏང་རུ་ཏྲ་ཧཱུཾ་ཕཊ། ཨོཾ་སརྦ་པ་པ་ཀ་ར་ཧེ་ཏ་བ་བྱི་ཤ་ཁ་ཏང་རུ་ཏྲ་ཧཱུཾ་ཕཊ། དཔལ་ཆེན་ཐུགས་ཀྱི་དཀྱིལ་འཁོར་ཕོ་ཉའི་ཚོགས། །དཔལ་ཆེན་རྡོ་རྗེ་ཐོ་ཐོག་སེར་ཆེན་འབེབས། །ཧཱུཾ་དང་ཕཊ་ཀྱིས་སྲིད་གསུམ་འཁོར་བ་འཇིག་།ཧཱུཾ་དང་ཕཊ་ཀྱིས་བྱིན་བརླབས་བསམ་མི་ཁྱབ། །རྡོ་རྗེ་ཁྲག་འཐུང་ཁྲག་གི་རྒྱ་མཚོ་སྐེམ། །རྡོ་རྗེ་མཚོན་ཆ་གནམ་ལྕགས་ཐུ་སུམ་འདྲིལ། །གསང་སྔགས་ལོག་པར་ལྟ་བའི་བདུད་རྣམས་འཇོམས། །རྡོ་རྗེ་སེར་ཆེན་ཐོག་བཅས་འབར་ཞིང་འཁྲུགས། །ཉམས་པའི་སྙིང་དང་དབང་པོ་ཐལ་བར་རློགས། །ཡེ་ཤེས་ཐུགས་རྗེ་ཨ་ལ་ལ། །ོཾ་མཧཱ་ཤྲཱི་ཧེ་རུ་ཀ་བྷནྡྷ་བྷནྡྷ། གརྫ་གརྫ། ཧ་ལ་ཧ་ལ་ཧཱུཾ་ཕཊ། དེ་ནས་བདུད་དང་རུ་ཏྲ་བཅས། །རྡོ་རྗེ་མཚོན་ཆས་བསྒྲལ་བསྒྲལ་ནས། །འཁོར་གྱི་ལོངས་སྤྱོད་རོལ་མཛད་ཅིང ། །ཤ་ཁྲག་ནང་རོལ་བདུད་རྩི་དང ། །རུས་རྐང་དབང་པོ་བཅས་པ་ལ། །ཚོགས་ཀྱི་ལོངས་སྤྱོད་སྟོན་མོར་མཛད།། 175a ༄#། །ཀུན་གྱི་དགྱེས་པ་རྡོ་རྗེའི་གླུས། །མཐུན་པར་སྒྲ་དབྱངས་གཅིག་གིས་བསྟོད། །ཐུགས་རྗེ་རྣམ་དག་པདྨའི་རང་བཞིན་ལས། །ཐུགས་ཀར་ལཾ་ལས་སྤྲུལ་པའི་བྱང་ཆུབ་སེམས། །ཕྱོགས་བཞི་དབུས་ལྔར་བརྗིད་པའི་སྐུ་མཆོག་ནི། །གྲུབ་པའི་སངས་རྒྱས་མཁྱེན་པའི་ཡེ་ཤེས་ལྔ། །དཔལ་ལུས་ཁྱབ་བར་འཕགས་པ་ཞལ་གྱི་དབྱིངས། །དབང་མཆོག་ལྷུན་གྱིས་གྲུབ་པའི་རྟ་སྐད་ཅན། །ཐར་ལམ་ཐུགས་རྗེ་ཐབས་མཁས་སྤྲུལ་པ་ཡི། །ཡེ་ཤེས་བྱིན་བརླབས་ཁྲོ་རྒྱལ་འབུམ་དུ་སྤྲུལ། །སྨིན་མཛད་སྨོན་ལམ་ཡུན་རིང་གྲུབ་པ་ཡི། །དམིགས་པའི་མཐའ་བྲལ་པདྨ་ཡུམ་གྱི་ཚུལ། །ཆོས་རྣམས་མ་ལུས་གསལ་བར་གཟིགས་པའོ། །ཆགས་མེད་ཐུགས་རྗེ་པདྨའི་ཚུལ། །སྒྲ་སྐད་ཐམས་ཅད་མཐའ་ལས་གྲོལ། །ཟབ་དང་རྒྱང་རིང་ཆོས་ཀྱི་དོན་རྣམས་མཚན་ཉིད་ལས། །ཤངས་ཀྱི་རླུང་སྒྲོམ་དུག་གསུམ་རྩད་ནས་གཅོད། །ཞལ་གྱི་ཧོ་མ་ལ་འབྲེལ་བས་རྒྱུད་ལྔ་གཅོད། །རྣོ་དབང་མཆེ་བ་སྐྱེ་ཤི་རྩད་ནས་གཅོད། །ལེ་བརྒན་ལྗགས་ཀྱི་གསུང་སྒྲ་རྒྱ་མཚོར་འཆད། །རོལ་བའི་ཕྱག་གིས་འགྲོ་བ་འདུལ་ལ་མཁས།། གཤོག་བཞི་བསྐྱོད་པས་འཕྲིན་ལས་རྣམ་བཞི་མཛད། །ཞབས་རོལ་བས་ནི་ཟིལ་གནོན་མཛད་པའི་ཚུལ། །སྐུ་ཆེ་ཡན་ལག་རགས་པ་རི་བོ་བཞིན། །ཐུགས་མཆོག་ 175b ཡེ་ཤེས་སྟོང་ཉིད་ཉི་མ་བརྡལ། །ཡེ་ཤེས་ལྷ་མཚོག་བྱིན་རླབས་འབྱུང་བའི་གནས། །ངོ་མཚར་རོལ་བས་ཁྲོ་བོ་ཀུན་གྱི་རྗེ། །དཔའ་བོ་སྐུ་མཆོག་མངའ་ལ་ཕྱག་འཚལ་ལོ།། དེ་ནས་བདེ་ཆེན་དབང་གི་སྐུས། །འཁོར་ལོ་དམ་ཚིག་སྒྲོགས་མཛད་ཅིང ། །རྡོ་རྗེ་གསང་བའི་སྐུ་གསུང་ཐུགས། །གསང་བའི་བྱིན་རླབས་བསྐྱེད་པར་མཛད། །ོཾ་ཨཱ་ཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་ས་མ་ཡོ་གི་སིདྡྷི་ཧཱུཾ། པ་ཏོ་ཀ་ཀ་མ་ལ་སུ་ཏ་ས་ཧཱུཾ། ཨོཾ་བཛྲ་ས་མ་ཡ་ཀྲོ་དྷ་ས་མ་ཡ་ཨོཾ་ཨཱཿ ཧཱུཾ། མཧཱ་ཡོ་གི་ཙིཏྟ་རཾ་པ་རཀྟ་མ་ལ་ཁའི་ཁའི་ཧཱུཾ། །ོཾ་ཁཾ་ཁ་ལེ་ལ་རུ་ལུ་རུ་ལུ་ཧཱུཾ་ཕཊ། ཨི་དྷ་ན་ས་མ་ཡ་ཨ་ལ་ལ་ཧོ་ཞེས་རྡོ་རྗེས་གླུ་བླངས་སོ། །པདྨོ་གར་མཛད་དོ། །བདེ་བ་ཆེན་པོས་མཆོད་པས་ཆིམ་པར་འགྱུར་རོ། །དེའི་དུས་ན་བདུད་ལ་སོགས་པ་རྣམས་བསྒྲལ་བའི་ཚོགས་རྣམས་བྱང་ཆུབ་སེམས་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་བརྒྱན་ཏེ་དབང་བསྐུར་བའི་ཐུགས་སོགས་ཀྱིས་བདག་པོ་རིག་འཛིན་ཐམས་ཅད་ཀྱི་བདག་པོ་ཞེས་བྱ་བར་འགྱུར་རོ། །དཀྱིལ་འཁོར་ཆེན་པོའི་ཕྱི་རོལ་དུ་འཁོད་ཅིང་གསང་བའི་དཀྱིལ་འཁོར་འཛིན་པར་གྱུར་ཏོ། །དེའི་འཁོར་རྣམས་ཀྱང་དམ་ཚིག་གི་སྙིང་པོ་བླངས་ན་བྲན་དུ་མཛད་པར་ཁས་བླངས་སོ། །སྙིང་པོ་བརྗོད་པ་ནི། མ་མ་ཏྲག་ཤ་རུ་ཏྲ་མ་མ་བྷྱོ། །སླར་བསྒོ་བའི་སྔགས་ནི། །ོཾ་རུ་ལུ་རུ་ལུ་ཧཱུཾ་བྷྱོ་པདྨ་ 176a ༄#། །ཧྲྀད་དྷ་རུ་རུ་ཧཱུཾ་བྷྱོ་ཧཱུཾ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས། གསང་ཆེན་འདུས་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །།དེ་ནས་བཅོམ་ལྡན་གར་དབང་གིས། །རིགས་ཀྱི་དཀྱིལ་འཁོར་བསྡུ་མཛད་ནས། །བདག་དང་གཉིས་མེད་རོལ་པའི་མཐུས། །ཁྲོ་བོའི་རྒྱལ་པོ་སྐུ་ཆེན་དག་།སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །གསང་གསུམ་དམ་ཚིག་ཕྱག་རྒྱ་ཆེ། །དཀྱིལ་འཁོར་རྒྱུ་ཡི་དམ་ཚིག་སྐུ། །བཀོད་པའི་དཀྱིལ་འཁོར་མཛེས་པའོ། །ཆོས་དབྱིངས་ཡོན་ཏན་འབྱུང་གནས་གཞལ་ཡས་ཁང ། །རྒྱལ་བའི་དཀྱིལ་འཁོར་རིགས་ཀྱི་ཅོད་པན་ཅན། །རིགས་ཀྱི་དབང་ཕྱུག་སྐྱེ་འགྲོ་མ་ལུས་སྒྲོལ། །རྡོ་རྗེ་བཀོད་པ་རྒྱན་གྱི་དཀྱིལ་འཁོར་ཆེ། །དབང་པོ་ཡུལ་ཚོགས་རིགས་ཀྱི་སྐུ་ལྔར་ལྡན། །ཤེས་རབ་ཐབས་དང་མི་གཉིས་འདུ་འབྲལ་མེད། །དུས་གསུམ་གཅིག་ཅར་སྒྲོལ་བས་ཚར་གསུམ་བརྒྱན། །ཁམས་གསུམ་ཡོངས་སྒྲོལ་མཛད་ཀྱི་རྒྱན་དུ་ཆེ། །མི་གནས་མྱ་ངན་གསུང་རབ་རྒྱ་མཚོ་སྒྲོག་།མ་བསྒྲིབས་མ་གསལ་གོ་འཕང་མཛེས་པར་མཐོང ། །མི་ལྡོག་གཡུལ་སྒྲོལ་སྟོབས་དྲུག་མཛེས་པར་མགྱོགས། །གར་ཡང་ཐོགས་མེད་བྱིན་རླབས་ཤུགས་དང་ལྡན། །འཚེར་སྐད་གདངས་སྙན་མ་ 176b སྲིད་སྤྲོ་བ་འགྱེད། །ཁཾ་དམར་རལ་པའི་དབུས་ནས་དབུགས་འབྱུང་བ། །དཔྲལ་བ་ཞུར་པོ་བརྗིད་པའི་ཁྱད་པར་དང ། །རྟ་མགྲིན་འོད་འབར་གསལ་བའི་ཁྱད་པར་ནི། །དོན་མཆོག་ཁྱད་པར་ཡོན་ཏན་རྨད་དུ་བྱུང ། །ལྗང་ཁུའི་མེ་འབར་རྟ་མགོའི་རང་བཞིན་ནི། །འགྱུར་མེད་ཡེ་ཤེས་ཇི་བཞིན་གསལ། །བྱམས་པའི་མདངས་ཀྱིས་ཁམས་གསུམ་ཁྱད་པར་གཟིགས། །རྡོག་མ་ལེ་བརྒན་འབར་དེའི་ཁྱད་པར་མཆོག་།སྟུག་པོ་བཀོད་སོགས་ཞིང་ཁམས་རབ་འབྱམས་ན། །རྡུལ་གཅིག་སྟེང་ན་རྡུལ་སྙེད་ཁྲོ་བོ་ཀུན། །ཞིང་ཁམས་གསུམ་དག་མ་ལུས་དབང་དུ་སྡུད། །ཤེས་རབ་ཐབས་སུ་འབྲེལ་བའི་རྟ་སྐད་ནི། །གྲུབ་པའི་དཔལ་ཚོགས་ཚངས་པའི་རྟ་དབྱངས་ཡིན། །དང་པོའི་གདངས་ཀྱིས་རྒྱལ་བའི་ཞིང་ཁམས་སྒྲོགས། །གདངས་སྐད་གཉིས་པ་རི་རབ་རྩེ་ནས་འཚེར། །གསང་སྙན་གདངས་གསུམ་སྙན་པའི་ཁྱད་པར་ནི། །བཅུ་དྲུག་སླད་མའི་ངན་རྟོགས་ཐར་ལམ་སྟོན། །སྤྱན་མིག་གློག་ལྟར་འགྱུར་བ་ཆེར་འཕགས་ཤིང ། །ཤ་ཁྲག་རློན་པ་ཟ་བའི་སྲིན་པོ་འཇོམས། །འཚེར་ཅན་ཡིད་ལ་གདུང་བའི་རྟ་སྐད་ནི། །མུན་མཐུའི་འགྲོ་བ་མ་ལུས་གསལ་བར་མཛད། །རྒྱུ་དབྱིངས་གྲངས་དང་གཟིགས་ཐབས་རྟོགས་པའི་དོན། །ཧཱུཾ་ལས་དཔལ་ཆེན་ཁྲོ་བོའི་དཀྱིལ་འཁོར་བསྐྱེད། །གནས་ནི་སྣ་ཡི་དབུགས་རིང་དྲོ་བ་ལགས། །ཕྱག་རྒྱའི་དཀྱིལ་འཁོར་རྣམ་པར་ 177a ༄#། །འཕྲུལ་པ་འབྱུང ། །ཤངས་ཀྱི་རླུང་སྒྲོམ་ཡངས་པས་ཡེ་ཤེས་སྲོག་།གསང་བའི་འཚུབ་མས་སྡུག་བསྔལ་སྙིང་ནས་འབྱིན། །རྒྱ་ཆེན་སྤྲུལ་པས་བག་ཆགས་ཚར་གཅོད་དེ། །འཁོར་བའི་རྒྱ་ཆེ་ལུགས་ལས་ལྡོག་པ་ཡི། །རིགས་ཀྱི་རླུང་གིས་དྲུག་ལྔ་དབྱིངས་སུ་སྒྲོལ། །ཟླུམ་དཀར་བཟང་ར་མ་རྣོ་དཔལ་ཚེམས། །ཞལ་དུ་བདར་བའི་བྱང་ཆུབ་སེམས། །མ་སྐྱེས་ཆོས་ཉིད་ཀུན་ལ་རོལ། །ཞི་རྒྱས་དབང་བདུད་དྲག་པོ་ཡི། །ཅིར་ཡང་འགྱུར་བའི་ཧོ་མ་ཁུང་སྟེ། །ལས་ལྔ་འབྲེལ་བའི་ཞལ་ཞེས་བྱ།། འཁོར་བ་ཡོངས་སུ་སྨིན་པ་དང ། །ལས་མང་ཉོན་མོངས་དབང་བཙན་དང ། །སྐྱེ་བ་མི་སྐྱེ་ལུང་མ་བསྟན། །དེས་སྨིན་མཛད་པ་ཆེན་པོ་ཡི། །འཇུག་ལྡོག་ཅིར་ཡང་གྱུར་པ་དང་།། རྗོད་བྱེད་གཉིས་ཀའི་བསྟན་གྱུར་ནས། །འབྱར་ཞིང་བསྐྱོད་པས་ལྗགས་ཉིད་དོ། །ཡིག་འབྲུའི་རྒྱུ་ཉིད་བདེ་གཤེགས་ཐུགས། །རྡོ་རྗེ་མྱུ་གུ་ཏིང་འཛིན་ཐུགས། །འོད་ཉིད་ཉོན་མོངས་རྣམ་དག་འཇོམས། །རིག་བྱེད་ཡེ་ཤེས་ཕྱག་རྒྱ་དང ། །ཡིག་འབྲུ་ས་བོན་ཕྱག་རྒྱ་དང ། །ཡོན་ཏན་རྫོགས་པའི་ཕྱག་རྒྱའོ། །སྲིད་པ་གསུམ་སྟེ་ལྟ་བ་དང ། །རྒྱུ་དང་ལས་ཀྱི་རིམ་པའོ། །དེ་ཕྱིར་ཡེ་ཤེས་རོལ་པའི་དབྱིངས། །སྙིང་པོ་ཕྱག་མཚན་ཕྲ་མོ་དག། །བསྟན་པར་གྱུར་ནས་མཁའ་ཡི་དབྱིངས། །ཆོས་སྐུ་ཆུ་ཡི་ཟླ་བ་བཞིན། །སྣ་ཚོགས་སྣང་ལ་རང་ 177b བཞིན་མེད། །དུར་ཁྲོད་ཆེན་པོའི་གནས་ཀུན་ཏུ། །གར་གྱི་དབང་ཕྱུག་རྣམ་པར་རོལ། །ཤར་དུ་རོལ་བའི་ཕྱག་བཞི་མཚན་མ་ནི། །ཁྲོ་ཆེན་སྙིང་འབྱིན་ཁ་ཊྭཱཾ་འབར་བ་དང ། །རྡོ་རྗེ་ལྕགས་ཀྱུ་སྦྲུལ་གྱི་ཞགས་པས་རོལ། །དེ་བཞིན་ལྷོ་ལ་སོགས་པའི་ཕྱག་ཀྱང་བཞི། །ཐོད་པ་ཁྲག་བཀང་རྡོ་རྗེ་ལུ་གུ་རྒྱུད། །རྡོ་རྗེ་བེ་ཅོན་ཐོད་རློན་འཛིན་པར་རོལ། །མེ་ཡི་ཞགས་པ་དག་དང་ཁྱུང་གི་ཁྲ། །སྡིགས་མཛུབ་རྩེ་ལ་ཡེ་ཤེས་འབར། །རྡོ་རྗེ་ཁ་ཊྭཱཾ་ག་ནི་རབ་ཏུ་འཁྲོལ། །རྡོ་རྗེ་རྩེ་དགུ་རྩེ་ལྔ་གདེངས་པ་དང ། །རྩེ་གསུམ་རྩེ་གཅིག་འབར་བ་གསོར་ཞིང་བརྡེག་།ཡེ་ནས་མ་སྐྱེས་དང་བའི་ཆོ་འཕྲུལ་སྟོན། །ཡེ་ཤེས་ལྔ་ཡི་ཡོན་ཏན་ཁྱད་པར་ནི། །རིན་ཆེན་དྲ་བ་སངས་རྒྱས་སྟོང་གིས་བརྒྱན། །ཀླུ་རྒྱལ་ནག་པོ་འདྲ་བའི་ཐབས་ཤེས་ཀྱིས། །རྩེ་བ་རྣམ་ཐར་སྒོ་གསུམ་སྐུ་གསུང་ཐུགས། །སྤྲུལ་པའི་དོན་མཛད་དཀྱིལ་འཁོར་སྣ་ཚོགས་སྟོན། །གསང་བའི་ཡུམ་བཞིས་སྐུ་ལ་འཁྲིལ་བྱེད་ཅིང ། །བྱང་ཆུབ་སེམས་བཞི་དེ་ཉིད་སྟོན་པར་བྱེད། །རྡོ་རྗེ་དྲ་བས་རིན་ཆེན་གློག་འགྱུར་བ། །ཁྱུང་གཤོག་ཨ་མོ་ཐེབ་གཤོག་སྡེར་མོ་ཅན། །སངས་རྒྱས་སྟོང་རྩ་གཉིས་ཀྱི་ཐུགས་རྗེ་ཤར། །ཐབས་ཀྱིས་རྣམ་པར་འཕྲུལ་པས་གཡས་ནས་བརྐྱང ། །སྲིད་གསུམ་མ་རིག་མུན་པ་སེལ་བྱེད་པའི། །ཤེས་རབ་ཟླ་སྟོང་རྩ་གཉིས་གཡོན་ནས་ཁྱབ། །ཐབས་དང་ཤེས་རབ་འབྲེལ་བའི་བྱིན་རླབས་ཆེ། ། 178a ༄#། །སྤྲུལ་པས་འཕྲོས་པས་དུག་གསུམ་རྒྱུན་མི་འཆད། །སྣ་ཚོགས་རོལ་བའི་ཕྱག་རྒྱ་ཞེས་པ་ཡི། །འཕྲིན་ལས་བརྒྱད་ཀྱིས་བདག་ཉིད་སྐུ་ཆེ་བའི། །དཔའ་བོ་སྟག་གིས་སྟེང་ཕྱོགས་འདུལ་ཞབས་བརྒྱད། །རྒྱ་བྱེའུ་ལྕགས་ཀྱི་ཤར་ལྷོའི་ཞབས་བརྒྱད་དེ། །རྡོ་རྗེ་འཆོལ་བས་ལྷོ་ཡི་ཕྱོགས་ན་བརྗིད། །བསེ་ཁྲབ་སྨུག་པོས་ལྷོ་ནུབ་རྐང་བ་བརྐྱང། །སྣ་ཚོགས་བརྗིད་པས་བྱང་ཤར་མཚམས་སུ་གྱོན། །ཤུ་ཀེན་དར་གྱིས་བྱང་ཤར་ཞབས་མཛེས་ཤིང ། །མཆེ་བ་དམར་པོས་ནུབ་བྱང་བརྒྱངས་པའི་གདན། །སྤྲུལ་ནག་འཁྲིལ་བའི་ཞབས་ཀྱིས་འོག་ཕྱོགས་འདུལ་བར་མཛད། །ཁྲོ་བརྒྱད་གནོན་ཅིང་གཟིར་བས་ཞབས་བརྡེབས་ཤིང ། །དུག་ཆེན་བཅོམ་ཞིང་སྒལ་ཚིགས་གནོན། །བྲང་གནོན་ལྡན་པ་འཇོམས་ཤིང་འཇིགས་མཛད་དང ། །འཁོར་གྱི་སྐུ་ལ་སྦས་པས་ཡེ་ཤེས་གསལ། །སྐུ་ཉིད་འཁོར་ལ་སྦས་པས་དབྱིངས་ཀྱིས་བརྒྱན། །ཐུགས་རྗེའི་རོལ་པས་གཞལ་ཡས་ཁང་དུ་བསྟན། །འཕྲིན་ལས་རོལ་བས་ཧཱུཾ་མཛད་ཧཱུཾ་གིས་བརྒྱན། །ས་བཅུ་ཟིལ་གནོན་སྟོབས་བཅུ་དབང་དང་ལྡན། །དེ་ནས་གར་གྱི་དབང་ཕྱུག་ཆེ། །དམ་ཚིག་གར་གྱི་བྱིན་རླབས་ཀྱིས། །རྒྱུན་གྱི་ཏིང་འཛིན་ལ་གནས་ནས། །ཡུམ་ཆེན་གཟི་ལྡན་དགྱེས་པར་མཛད། །དམ་ཚིག་ཆེན་པོའི་ཕྱག་རྒྱ་ནི། །མཉེས་མཛད་གཟི་ལྡན་དབང་ཕྱུག་མ།། 178b ཇི་སྙེད་བུད་མེད་སྣ་ཚོགས་དང ། །གསུང་གི་རྡོ་རྗེ་མི་སྨད་དོ། །གཙོ་བོ་རབ་ཏུ་གདུངས་པ་ལ། །རབ་ཏུ་སྨྲ་བར་གང་བྱེད་པ། །སྒེག་པའི་ཚིག་གིས་བརྒྱན་ནས་སུ། །སྲི་ཞུའི་སེམས་ཀྱིས་གདུངས་པ་ལ། །ཡེ་ཤེས་ཚོགས་ཀྱིས་རབ་བསྐོར་བའི། །ལྷ་མོའི་ཚོགས་རྣམས་བསྐོར་བྱས་ཏེ། །རང་གི་ཕྱག་རྒྱའི་དཀྱིལ་འཁོར་དུ། །གཉིས་མེད་མཉམ་པའི་རྒྱ་བཞི་གདབ། །བྱང་ཆུབ་སེམས་ཚོགས་གསལ་བའི་རྒྱུན། །ཐིམ་པའི་དཀྱིལ་འཁོར་དོན་ཆེན་གསལ། །དབྱིངས་ཕྱུག་སྤྲུལ་ཚོགས་བསམ་ཡས་དག་།ངེས་པའི་ཡེ་ཤེས་རོལ་པའི་སྐུ།།། སྟོང་གསུམ་དབང་པོར་གདོན་མི་ཟ། །འཇིག་རྟེན་གསུམ་གྱི་འབྱུང་གནས་མཆོག་།དུས་གསུམ་ཀུན་གྱི་གནས་དང་རྟེན། །ཕྱོགས་བཅུ་དཀྱིལ་འཁོར་ཐམས་ཅད་ན། །དམ་ཚིག་ཆེན་པོ་དེ་ཉིད་མང ། །ཕྱི་ནང་གསང་བའི་མཐར་ཕྱིན་པ། །ཐམས་ཅད་པདྨོ་རྣམ་དག་པས། །ཆོ་འཕྲུལ་རྣམ་ཀུན་དེ་བཞིན་ཉིད། །ཐུགས་རྗེ་ཆགས་པའི་འཕྲིན་ལས་ཀྱིས། །དབང་དྲག་འཕྲིན་ལས་གནོད་སྦྱིན་གནས། །གཉིས་མེད་འབར་བས་ཐམས་ཅད་སྲེག་།ལས་དང་བག་ཆགས་སྒྲིབ་སོགས་ཀུན། །གནས་ནས་གཤེགས་མཛད་ཡེ་ཤེས་ཚོགས།། ལྷུན་གྱིས་དང་བས་ཀུན་ཏུ་འཇོམས། །སྙིང་མ་ལྔ་བརྒྱ་དུས་ཀྱི་མཐའ། །སྲིད་གསུམ་སེམས་ཅན་འདུལ་དཀའ་བ། །འཕྲོ་འདུ་འཁྱིལ་བའི་འོད་མདངས་མཛད། །འཇིག་རྟེན་མཁྱེན་དང་ 179a ༄#། །མྱ་ངན་འདས། །གཉིས་མེད་ཐུགས་ཀྱིས་ས་ལེ་མཁྱེན། །དེ་ལྟར་དགོངས་པའི་ཁྱད་པར་དེ། །འགྲོ་བ་མཐའ་དག་འདུལ་དོན་དུ། །རྣམ་པར་ཐར་བ་དབུ་གསུམ་བསྟན། །གཡས་དཀར་གཡོན་དམར་དབུས་མཐིང་ག་།ཡེ་ཤེས་དྲུག་གི་ཕྱག་མཚན་ནི། །གཡས་པས་རྡོ་རྗེ་རྡེའུ་ཆུང་དང ། །མདུང་རྩེ་གསུམ་པ་འཛིན་པས་རོལ། །དྲིལ་བུ་རྒྱུ་ཞགས་ཐོད་རློན་གཡོན། །བསྐལ་པའི་མེ་རི་སྤྲུལ་ཞགས་དང ། །ཐོད་རློན་ཕྲེང་བརྒྱན་དུ་བྱས། །སྒེག་པ་དཔའ་བོ་འཇིགས་སུ་རུང ། །དགོད་དང་གཤེ་དང་འཇིགས་པར་བྱེད། །སྙིང་རྗེ་རྔམ་དང་ཞི་བའི་སྐུ། །སྐུ་གསུང་ཐུགས་ཀྱི་གར་ཐབས་ཅན། །འཇིགས་བྱེད་ཁྲོ་བོ་རྣམ་པར་རྒྱལ། །སྐྱེ་བ་མེད་པའི་ཆོས་དབྱིངས་སུ། །མཚན་མ་མེད་པའི་ཆོས་བཤད་པས། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་རྒྱལ། །ལོངས་སྐུ་མཚན་དང་དཔེ་བྱད་ཀྱིས། །མི་འཇིགས་སྟོབས་མཆོག་གདན་སྟེང་ན། །སངས་རྒྱས་ཞིང་ཁམས་ཐམས་ཅད་དུ། །ཟབ་མོ་རྒྱ་ཆེན་ཆོས་མ་བསྟན། ། དངོས་དང་དངོས་མེད་གསལ་བྱེད་པས། །མེ་ལོང་ལྟ་བུའི་ཡེ་ཤེས་དང ། །སྤྲུལ་པ་འགྲོ་མང་དོན་གྱི་ཕྱིར། །ཕལ་མང་བཀོད་པའི་ས་རྣམས་སུ། །དངོས་པོ་མཚན་མ་རྣམ་འཕྲུལ་གྱིས། །བྱ་བ་གྲུབ་པའི་ཡེ་ཤེས་ཚོགས། །ཐམས་ཅད་མཚན་མ་ནམ་མཁའི་དངོས། །དེ་ཉིད་སྒྲོ་བཏགས་ཆོས་དང་བྲལ། །ཀུན་རྒྱན་བྱམས་སེམས་དེ་ཁོ་ན། །རང་བཞིན་དག་པ་དྲི་མ་མེད། །ཧེ་རུ་ 179b ཀ་ཡི་བདེ་ཆེན་དབྱིངས། །ཆོས་རྣམས་ཀུན་གྱི་རྒྱུ་ཡིན་ཏེ། །འོད་གསལ་བ་ཡི་གནས་འཇུག་པས། །རྣལ་འབྱོར་ཆེན་པོ་ཞེས་བྱ་བཤད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས། དཀྱིལ་འཁོར་རྒྱུའི་དོན་ཕྱུང་བའི་ལེའུ་སྟེ་ཉི་ཤུ་གཉིས་པའོ།། །།དེ་ནས་བཅོམ་ལྡན་དཔལ་གྱིས་སྐུས། །གར་གྱི་དབང་ཕྱུག་ལྷུན་གྲུབ་མཆོག་།ཐུགས་རྗེ་བརྗིད་པའི་སྟོབས་ལྡན་པས། །ཡོན་ཏན་ཁྱད་པར་བསྟན་པའི་ཕྱིར། །ནམ་མཁའི་རི་མོ་ཕྱག་རྒྱའི་རྔོམ། །ཅིར་ཡང་འགྱུར་བའི་བཞུགས་པའི་རྔོམ། །ཟིལ་གྱིས་གནོན་པའི་གནས་མཆོག་རྔོམ། །ཚམ་ངམ་ཆེན་པོའི་སྟངས་སྟབས་རྔོམ། །སྐུ་མདོག་བརྒྱད་ཀྱིས་བརྗིད་པའི་མཆོག་།ཕྱག་རྒྱའི་དོན་དང་ལྡན་པའི་སྐུ། །ཧཾ་ལྔ་འབྲེལ་བར་གྱུར་བའི་ཞལ།། ཟླ་གམ་ཅིར་ཡང་འགྱུར་བའི་ལྗགས། །སྐྱེ་ཤི་རྩད་ནས་གཅོད་པའི་ཚེམས། །རྣམ་པའི་འབྲུག་ལྟར་སྒྲོགས་པའི་དབྱངས། །ཏིང་འཛིན་ནམ་མཁའི་སྐར་ཚོགས་བཞིན། །འཕྲིན་ལས་རྒྱ་མཚོའི་རླབས་ཚོགས་ལྟར། །བྱིན་རླབས་ཆོ་འཕྲུལ་སྤྲིན་ཕུང་ཚོགས། །མཛད་པའི་རོལ་མོ་གར་ཐབས་རྔམ། །བདུད་དང་སྲིན་མོ་འཇོམས་བྱེད་རྣམས། །ཁམས་གསུམ་ཟིལ་གྱིས་གནོན་པའི་གདན། །སྟོང་གསུམ་དུས་གཅིག་བསྒྲལ་བའི་ཞིང ། །རྟོག་པ་འཇོམས་པའི་བརྟུལ་ཞུགས་མཆོག་།སྐུ་གསུང་ཐུགས་མཆོག་ཡོན་ཏན་ནི། །རྔོམ་བརྗིད་སུམ་ཅུ་རྩ་ 180a ༄#། །དྲུག་མངའ། །རྒྱ་ཆེན་ཡན་ལག་རགས་པས་བརྗིད། །གྲངས་མ་རྐྱེན་དང་འཚམ་པས་བརྗིད། །བཀུར་གཤོག་གཙོ་བོ་མཐོང་བས་བརྗིད། །ཁྱད་ཞུགས་བླ་མ་ཡིན་པས་བརྗིད། །གདངས་ཆེན་སྟོང་གསུམ་གང་བས་བརྗིད། །དོན་ལ་ཉི་ཚེར་སྟོན་པས་བརྗིད། །གསལ་བས་མཐའ་གཉིས་ཡངས་པས་བརྗིད། །ཐུགས་རྗེ་ཐུགས་དམ་མཐར་ཕྱིན་བརྗིད། །མ་རྨོངས་ཐབས་ཀྱིས་འདུལ་བས་བརྗིད། །མ་འགག་ས་ལེ་མཁྱེན་པས་བརྗིད། །མེད་ལ་ཟད་མི་ཤེས་པས་བརྗིད། །གཅིག་ལ་འདོད་རྒུར་བསྒྱུར་བས་བརྗིད། །གནོད་སྦྱིན་ཕམ་པར་མཛད་པས་བརྗིད། །ཐབས་མཁས་སྐྱོན་གྱིས་མ་གོས་བརྗིད། །རིམས་བྲལ་ཉམ་ཐག་རོལ་པས་བརྗིད། །འཁོར་བ་ཡུན་རིང་མགོན་མཛད་བརྗིད། །གཅིག་ཅར་ཟིལ་གྱིས་མནན་པས་བརྗིད། །བྱ་བའི་ཡེ་ཤེས་རྫོགས་པས་བརྗིད། །སྐུ་གསུང་ཡོན་ཏན་འཕྲིན་ལས་ཐུགས། །ཟིལ་མནན་ང་རྒྱལ་བཅག་པར་བྱ། །དེས་སུ་རོ་ཡི་ནང་ནས་ནི། །གློག་འགྱུར་ལྕེ་ནི་ལན་གསུམ་འབྱུང ། །སོའམ་སེན་མོ་གཅད་པར་བྱེད། །དེ་ཉིད་རལ་གྲི་བཟང་པོར་འགྱུར། །རྣལ་འབྱོར་པ་ཡི་གྲངས་བཞིན་དབྱུང ། །དེ་ཐོགས་ནམ་མཁའ་ལ་སོང་ནས། །རིག་པ་འཛིན་པའི་སྔགས་བརྗོད་བྱ། །ོཾ་བྷཱུ་རུ་ན་ར་ས་མ་ཏ་ཡ་ཧཱུཾ་ཕཌ། གར་གྱི་དབང་ཕྱུག་ང་རྒྱལ་གྱིས། །གང་འདོད་གནས་སུ་འགྲོ་བྱ་ཞིང ། །དྲེགས་བྱེད་ཚོགས་ 180b རྣམས་ཟིལ་མནན་ཏེ། །བརྟུལ་ཞུགས་སྤྱོད་པས་གླུ་བླང་ཞིང ། །བརྟུལ་ཞུགས་སྤྱོད་པ་སྣ་ཚོགས་པས། །ཡུད་ཙམ་གཅིག་ལ་གནས་སུ་དག་པར་བྱེད། །བཅོམ་ལྡན་པདྨ་ཧེ་རུ་ཀའི། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ནི། །ཇི་ལྟར་སྤྲུལ་ཞིང་ཅིར་ཡང་སྣང ། །མཚན་ཉིད་ཅིག་ཏུ་མ་ངེས་པས། །སྐུ་གསུང་ཐུགས་སྤྲུལ་བསམ་ཡས་ཆེ། །རང་བཞིན་ལས་དང་ཡོན་ཏན་གྱི། །བྱིན་རླབས་ཡ་མཚན་སྒྲིབ་མེད་གསལ། །ཁམས་གསུམ་ཀུན་ལས་རྩལ་འཕགས་ཤིང ། །རང་གི་དཀྱིལ་འཁོར་རྣམས་གསལ་ལས། །བྱིན་རླབས་འགྲོ་ལ་རྒྱ་ཆེན་སྟོན། །ཆོས་དང་ལོངས་སྤྱོད་རྫོགས་པ་དང། །སྤྲུལ་སྐུ་སྣ་ཚོགས་འདུལ་བའོ། །ཚིག་གི་གསུང་རབ་རིག་པའི་གསུང ། །བཞི་ལ་སུམ་བཅུ་དྲུག་གིས་བརྗིད། །དུག་གསུམ་སྐུ་གསུང་ཐུགས་ཀྱིས་སྦྱངས། །དུག་ལྔ་བདེ་བ་ཆེན་པོས་སྤྱད། །དབྱིངས་ལས་ཡེ་ཤེས་རོལ་བའི་མཐུས། །སྐྱེ་འགྲོ་མ་ལུས་རྒྱས་བཏབ་ནས། །རང་བཞིན་དག་པའི་དབྱིངས་སུ་སྦྱོང ། །རྒྱལ་བ་གང་གིས་ཐུགས་རྗེས་ཀྱང ། །འདི་ལ་སྐྱབས་སུ་ཡོད་མ་ཡིན། །སྲིད་པ་གསུམ་དུ་དག་བྱས་ནས། །སྲིད་པའི་ཕྱག་རྒྱས་ཕྱག་རྒྱ་གསང་བས་འདེབས། །ཐིག་ལེ་ཆོས་སྐུ་རིག་པའི་མཚོག་།གར་གྱི་དབང་ཕྱུག་ཅེས་སུ་བསྔགས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་བའི་རྒྱུད་ལས། ཁྲོ་བོ་རྡོམ་བརྗིད་སྟོན་པའི་ལེའུ་སྟེ་ཉེར་གསུམ་པའོ།། །།དེ་ནས་ 181a ༄#། །འཁོར་གྱི་གཙོ་བོ་མཆོག་།གསང་བའི་བདག་པོ་ལ་སོགས་པས། །ཡང་དང་ཡང་དུ་ཕྱག་འཚལ་ལོ། །མཆོད་བ་རྒྱ་ཆེན་ཕུལ་བྱས་ཏེ། །འགྲོ་བ་རྩེ་བའི་སེམས་ཅན་ལས། །སྒྲུབ་པའི་རིམ་པ་ཞུ་བར་མཛད། །བཅོམ་ལྡན་འདས་དངོས་གྲུབ་ཀུན་གྱི་བདག་།གདུལ་བྱ་ཀུན་གྱི་དོན་གྱི་ཕྱིར། །ཐུན་མོང་དངོས་གྲུབ་ཇི་ལྟ་བུར། །དེ་བཞིན་མཆོག་གི་དངོས་གྲུབ་དག་།བསྒྲུབ་པར་བྱ་བའི་ཐབས་ནི་གང ། །ལས་ཀྱི་ཆོ་ག་ཇི་ལྟ་བུར། །ཡན་ལག་ཚོགས་པའི་ལྡན་བྱས་ནས། །ཚེ་འདི་མཆོག་ཏུ་གྱུར་རམ་ཅི། །ཐབས་མང་ཆོ་ག་བཤད་པར་བྱ། །དེ་ནས་བཅོམ་ལྡན་འདས་ཀྱིས་དབང ། །རང་གི་དཀྱིལ་འཁོར་གནས་བཞུགས་ཏེ། །མ་འོངས་འགྲོ་ལ་ཕན་པའི་ཕྱིར། །སྐུ་གསུང་ཐུགས་ཀྱི་སྦྱོར་བ་ལས། །ངོ་མཚར་འཕྲུལ་པ་འདི་གསུངས་སོ། །རྒྱལ་བ་ཀུན་གྱི་དམ་ཚིག་ཆེ། །རྣམ་གསུམ་ཕྱག་རྒྱ་ལ་གནས་ནས། །ལས་ཀྱི་དངོས་གྲུབ་སྒྲུབ་པ་ནི། །གནས་བཟང་དག་ཏུ་བརྩམ་པར་བྱ། །ཕྱག་རྒྱའི་གྲོགས་ལ་བརྟེན་པ་ན། །བཟླས་བརྗོད་ཡན་ལག་མ་ཉམས་པར། །གསང་སྔགས་ཡི་གེ་བཅུ་བཞི་པ། །སུམ་འབུམ་དག་ཏུ་བརྗོད་བྱས་ནས། །རོལ་པ་མཚན་མ་བསྒྲུབ་པའི་ཕྱིར། །མཆོག་ཆེན་མཚན་མ་མ་ཉམས་པ། །རབ་བརྟགས་དུར་ཁྲོད་གནས་ནས་བླངས། །ཁྲོ་བོ་ཆེན་པོའི་ཚམ་ངམ་གྱིས། །ཡུངས་ཀར་ཐལ་བ་ལ་ 181b སོགས་པས། །སུམྦྷ་ནི་ཡི་སྔགས་བརྗོད་ཅིང ། །ཡི་དྭགས་གཤིན་རྗེ་བསྐྲད་པར་བྱ། །དེ་ནས་དྲི་ཞིམ་སྦྱར་བར་ཡི། །དག་བྱེད་ཆུ་ཡིས་ལེགས་བཀྲུས་ཏེ། །མེ་ཏོག་ཕྲེང་སོགས་རྒྱན་གྱིས་བརྒྱན། །གསུང་གི་ཕྱག་རྒྱ་བྱིན་རླབས་ཤིང ། །དཔའ་བོས་རང་གི་ཁྱིམ་དུ་བླང ། །གླུ་དྲུག་དབྱངས་དྲུག་བཅས་པ་ཡིས། །ཁྲོ་རྒྱལ་རོལ་བའི་བྲོ་ཡིས་སྦྱངས། །བསྒྲུབ་པའི་དཀྱིལ་འཁོར་ཉམས་དགའི་མཆོག་།རྒྱ་ཁྱོན་འདོམ་གང་ཁྲུ་ཡིས་བསྟོད། །ཅི་བཞིན་ལ་སོགས་ཆོ་ག་བཞིན། །རྫས་དང་ས་གཞི་དག་བྱ་ཞིང ། །ས་བོན་གནས་པའི་ལས་རྫོགས་ནས། །བསྲུང་ཞིང་དཀྱིལ་འཁོར་བྲི་བར་བྱ། །ཡབ་ཡུམ་སྒྲུབ་པའི་གྲོགས་བཅས་རྣམས། །དཀྱིལ་འཁོར་ཕྱོགས་བཞིར་གནས་བཟུང་སྟེ། །མཆོག་ཆེན་དཀྱིལ་འཁོར་ཁ་རུ་གཞག་།སྲུང་བའི་འཁོར་ལོ་ལེགས་ལྡན་པས། །སྟོང་ཉིད་ཏིང་འཛིན་ནས་བརྩམས་ཏེ། །དཀྱིལ་འཁོར་མཉེས་སོགས་རྫོགས་བྱས་ནས། །རོ་ལངས་དགུག་ཅིང་གཞུག་བྱ་སྟེ། །བར་ཆད་མེད་པར་བཟླས་བརྗོད་བྱ། །ོཾ་བི་ར་ན་ཏྲག་ཤ་ཏ་ཏ་ལ་ཏའི་ལོ་མ་ཏ་ཡ་མནྟ་ཙནྟྲ་ཧཱུཾ་ཕཊ། ཏིང་འཛིན་འོད་ཟེར་གསལ་བའི་རྒྱུན། །ཟུར་མ་ཆག་པར་བརྗོད་བྱས་ཏེ། །འབུམ་ཚོ་གཅིག་གིས་གཡོ་འགྱུར་ཞིང ། །གཉིས་ཀྱིས་འོད་དང་བཅས་པར་སྣང ། །འབུམ་ཕྲག་གསུམ་གྱིས་སྒྲ་བསྟན་ཞིང ། །ལངས་ཏེ་ཀུན་ཏུ་ལྟ་བར་བྱེད། །དེ་ཚེ་རྣལ་འབྱོར་དབང་པོ་ཡིས། །སྐྲ་ནས་བཟུང་ནས་ 182a ༄#། །བསྒྱེལ་བྱས་ལ། །རྟ་མཆོག་སྔགས་ཀྱི་དབང་དུ་བྱ། །རྡོ་རྗེ་ཁྱུང་གཤོག་ཕྱག་རྒྱ་ཡིས། །དོན་གྱི་གསུང་གིས་གོ་བར་སྤྱོད་པས་བྲོ་ཡང་བརྡུང ། །ཏིང་འཛིན་སྔགས་དང་ཡན་ལག་རྣམས། །མ་བྲལ་རང་གི་གནས་འོངས་ཏེ། །དཀྱིལ་འཁོར་མཐའ་མ་བསྐོར་བྱས་ནས། །མཆོད་པ་བྲོ་གླུ་དང་བཅས་པས། །ལྷ་རྣམས་མཉེས་པའི་ཆོ་ག་བྱ།། དེ་ནས་བརྟུལ་ཞུགས་ཆེན་པོ་ཡིས། །གོ་ལ་ལངྒྷ་མནན་པ་ཡི། །བྲོ་ལ་སོགས་པ་རྫོགས་བྱས་ནས། །རོ་དེ་གསེར་དུ་གྱུར་པ་ཡིན། །དེ་ནི་མཆོད་དང་སྦྱིན་པ་དང ། །རང་ལ་དགོས་པའི་ཡོ་བྱད་བྱ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས། རོ་ལངས་སྒྲུབ་པ་བསྟན་པའི་ལེའུ་སྟེ་ཉི་ཤུ་བཞི་པའོ།། །།དེ་ནས་གར་གྱི་དབང་ཕྱུག་གིས། །གཟི་ལྡན་ཡུམ་དང་རོལ་མཛད་ཅིང ། །འཁོར་གྱིས་ཞུས་པའི་ཚིག་གསན་ནས། །ཐུན་མོང་དངོས་གྲུབ་བཟང་པོ་ཉིད།། མ་འོངས་འགྲོ་ལ་ཕན་གདགས་ཕྱིར། །རིམ་པ་བཞིན་དུ་ཕན་གདགས་མཛད། །དབང་ཐོབ་དམ་ཚིག་ལ་གནས་པས། །ཡིད་མཐུན་གནས་མཆོག་བཟང་པོ་རུ། །མིག་སྨན་སྦྱོར་བ་བསྒྲུབས་བྱས་ཏེ། །བྱིན་རླབས་ལྡན་པས་འགྲོ་དོན་བྱས། །རང་གི་ཏིང་འཛིན་ལ་གནས་པས། །རང་གི་གསང་སྔགས་འབུམ་རྫོགས་ནས། །མཚན་མོ་ཕྲ་མོ་མཐོང་བ་ 182b དང། །བསྒྲུབ་པའི་དཀྱིལ་འཁོར་བརྩམ་པར་བྱ། །དཀྱིལ་འཁོར་གང་ཡང་རུང་བ་ཡི། །ཕྱག་རྒྱ་གསང་སྔགས་ཏིང་འཛིན་ལྡན། །རིན་ཆེན་སྔགས་ཀྱི་བཟླས་བརྗོད་ནི། །འབུམ་ཕྲག་གསུམ་དུ་གསུང་བར་བྱ། །ོཾ་པདྨ་མ་ཙ་ག་ཧྲུ་ཨ་ལ་ས་མ་ར་སི་ཏི་ཡོ་ན་ཧཱུཾ་ཕཊ། དཀྱིལ་འཁོར་གནས་ཀྱི་རྟགས་མཐོང་ནས། །གྲོང་མཐའི་གནས་སུ་འགྲོ་བྱས་ཏེ། །དུས་ཀྱང་མ་མཐོང་མཚན་མོ་རུང། །ལྷ་འདྲེ་གཏུམ་པོའི་གྲོང་དུ་བསྡད། །རང་གི་འཁོར་གྱི་ཚོགས་རྣམས་ཀྱིས། །མི་རྒོད་བཙན་འབྲང་བསྲུང་བར་བྱ། །དེར་ནི་བྷནྡྷ་མཚན་ལྡན་དུ། །གཟི་ཆེན་མར་ནི་བལྟས་ནས་སུ། །མཚན་གཅིག་ཡལ་བར་བསྔགས་བཟླས་ཤིང ། །ཏིང་འཛིན་མ་ཉམས་སྦྱོར་བར་བྱ། །སྐྱ་རེངས་དང་པོ་འཆར་དུས་སུ། །དུད་པས་བདུགས་ཏེ་བཅང་བར་བྱ། །གླུ་དང་བྲོ་ཡི་བརྟུལ་ཞུགས་དང ། །ལྷ་རྣམས་ཀུན་གྱི་སྟངས་སྟབས་ཀྱིས། །གནས་དེའི་བདག་པོ་དབང་དུ་སྡུད། །རིག་པ་འཛིན་པའི་སྔགས་ལྡན་པས། །སླར་ཉིད་མིག་སྨན་ཤས་ཤིག་བྱུག་།དེ་ནས་འཁོར་གྱི་ཚོགས་བསྒོ་ཞིང ། །སྐྱེ་འགྲོ་ཀུན་ལ་གསང་བར་བྱ། །པདྨ་བསྒྲུབ་པའི་ཨན་རྫ་ལིས། །ཅི་འདོད་དངོས་པོ་མཐོང་བར་འགྱུར། །གཞན་ཡང་རི་ལུའི་སྒྲུབ་ཐབས་ནི། ། བདུད་རྩི་ལྔ་ལས་འབྱུང་བ་ཡི། །རྫས་དག་ཤ་ལྔ་དང་བསྲེས་ཏེ། །ཐོད་པ་མཚན་ལྡན་ནང་བཞག་ནས། །དཀྱིལ་འཁོར་རྒྱན་དང་ལྡན་གནས་སུ། །ཐབས་དང་ཤེས་རབ་ལྡན་གནས་ 183a ༄#། །སུ། །གར་གྱི་དབང་ཕྱུག་སྐུ་བསྒོམས་ཤིང ། །ཡི་གེ་བཅུ་བཞི་གསང་སྔགས་ཀྱིས། །འབུམ་ཕྲག་གསུམ་དུ་བཟླས་བྱས་ཏེ། །མཚན་མ་ཕྲ་མོ་མཐོང་བ་དང། །བདུད་རྩི་གོང་བུ་བསྒྲིལ་བྱས་ཏེ། །རྒྱ་ཤུག་འབྲས་བུའི་ཚད་ཙམ་དུ། །རིན་ཆེན་ཟ་མ་ཏོག་ཏུ་གཞུག་།དཀྱིལ་འཁོར་དེ་ཡི་དབུས་བཞག་པས། །སྲུང་བའི་ཙ་ཀྲས་བསྲུང་བྱ་ཞིང། །རིག་པ་འཛིན་པའི་གསང་སྔགས་ནི། །འབུམ་ཕྲག་ལྔ་རུ་བརྗོད་པར་བྱ། །འོད་ཟེར་ལྕགས་ཀྱུ་འབྱུང་བར་འགྱུར། །ོཾ་མཧཱ་པདྨ་སཾ་པོ་ཏ་ཧུ་ལུ་ཧཱུཾ་ཕཊ་སཝཱཧཱ། དེ་ནས་རི་ལུ་དེ་བླངས་ཏེ། །ཁ་འམ་ལག་ཏུ་བཟུང་བྱས་ནས། །གང་འདོད་གནས་སུ་འགྲོ་བྱེད་ཅིང ། །ཅི་འདོད་པ་དག་གྲུབ་པར་བྱེད། །ལྷ་ཡི་གནས་མཆོག་ཉམས་དགའ་བས། །སྔ་དྲོ་གཅིག་གིས་འཁོར་བར་ནུས། །གཞན་ཡང་བཅུད་ལེན་བཟང་པོ་ཉིད། །སྐྱེས་བུ་གང་གིས་བསྒྲུབ་འདོད་པས། །བདུད་རྩི་རྒྱལ་པོ་ཨ་རུ་ར། །གསེར་གྱི་མདོག་ཏུ་འདུག་པས་མཆོག་།ཉི་ཤུ་རྩ་གཅིག་ར་པོར་སྦ། །སུལ་རངས་རྒྱས་པར་གྱུར་པ་དང ། །བ་གཅིན་ཕུར་མོ་ཐལ་བ་དང ། །སེར་སྐྱའི་བ་མར་བཙོ་བར་བྱ། །དེ་ཉིད་སྦྲང་རྩི་དང་སྦྱར་བས། །ཉི་ཤུ་རྩ་གཅིག་ཞག་ཞི་བར། །ཞོ་རེའི་ཚད་དུ་བསྐྱེད་ཅིང་བཟའ། །དཀྱིལ་འཁོར་གསང་བ་ལ་བརྟེན་ནས། །གར་གྱི་དབང་ཕྱུག་སྐུར་བསྒོམས་ཤིང ། །རིག་ 183b འཛིན་པ་ཡི་སྔགས་བརྗོད་ཅིང ། །མཚན་རྟགས་གསལ་བར་མ་མཐོང་བར། །ཡན་ལག་མ་ཉམས་བརྩོན་འགྲུས་བསྐྱེད། །ོཾ་པདྨོ་བི་ཧ་ར་ཧ་ར་ཏ་ས་ནི་ཧཱུཾ་ཕཊ་སཝཱཧཱ། གསང་སྔགས་སུམ་འབུམ་མ་རྫོགས་པར། ། རུ་ར་ཡི་འབྲས་བཟང་སྟོང་གི་ཚད། །ལེགས་པར་སྦྱར་ཏེ་ཟོས་པའི་མཐུས། །ནད་དང་ཟུག་རྔུའི་ཚོགས་འཇོམས་ཤིང ། །ཚེ་རིང་བདེ་བ་ཕུན་སུམ་ཚོགས། །རྒས་ལ་སོགས་པའི་སྐྱོན་སེལ་ཅིང ། །རིག་འཛིན་གནས་སུ་འགྲོ་བར་བྱེད། །དེ་བཞིན་དབང་པོའི་ལག་པ་དང ། །ཁ་ར་བུ་རམ་ཉེ་ཤིང་དང ། །ཟུར་རྡུལ་མུ་ཟི་ལ་སོགས་པས། །རང་གི་ཆོ་ག་ཤེས་པ་ཡིས། །རིག་པ་འཛིན་པའི་སྔགས་ཀྱིས་གྲུབ། །གར་དབང་དཀྱིལ་འཁོར་ལ་ནི་བརྟེན་བྱས་ཏེ། །སོ་སོར་མ་ཉམས་སྦྱངས་པའི་ས། །བ་ཡི་འོ་མ་དང་སྦྱར་ཞིང ། །བ་ཡི་མར་གྱིས་གཟུངས་བཏབ་ནས། །མཚན་མ་མ་བྱུང་བར་དུ་བཞག་།དེ་ནི་རིག་འཛིན་དངོས་གྲུབ་ཐོབ། །ོཾ་པདྨོ་ཨི་དྲ་དྲ་ཨ་ཧེ་དེ་བི་ན་ཧཱུཾ་ཕཊ། །ོཾ་པདྨོ་ར་རྒྱ་ཨ་ག་ར་ཏ་དར་ཤ་ཧཱུཾ་ཕཊ། ཨོཾ་པདྨོ་ས་མོ་ན་བི་ཤ་ལེ་ཧཱུཾ་ཕཊ། ཨོཾ་གྷུ་ལི་ས་བོ་ཏ་མ་གོ་ར་ན་ཧཱུཾ་ཕཊ། ཨོཾ་པདྨོ་མེ་ཤ་ཨ་ན་ནད་ཏ་ཡ་ཀ་ར་ཧཱུཾ་ཕཊ། དེ་དག་ལས་རྣམས་འགྲུབ་པ་དང་།། རྟག་ཏུ་རང་གིས་འཆར་བྱས་ཤིང ། །གསང་བའི་སྔགས་ལམ་ལ་བརྟེན་ནས། །ཚེ་འདི་གྲུབ་པར་འགྱུར་བ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་ 184a ༄#། །པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ལས། ཐུན་མོང་གི་དངོས་གྲུབ་བསྒྲུབ་པའི་ལེའུ་སྟེ་ཉེར་ལྔ་པའོ།། །།དེ་ནས་གར་གྱི་དབང་ཕྱུག་ཉིད། །ཕྱག་རྒྱ་རོལ་པའི་སྐུར་བཅས་ཀྱིས། །སྣོད་ལྡན་བྱང་ཆུབ་སེམས་དཔའ་དག་།མཆོག་གི་དངོས་གྲུབ་སྐྱེད་བྱེད་པའི། །རིག་འཛིན་གནས་ཀྱི་མཚན་ཉིད་བཤད། །དམར་པོ་དབང་གི་དཀྱིལ་འཁོར་དུ། །བྷནྡྷ་མཚན་དང་ལྡན་པ་བརྒྱད། །པདྨའི་འདབ་མ་ལ་བཀྲམ་ནས། །ཚེ་འདས་སྔགས་ཀྱིས་བརྒྱན་པར་བྱ། །དེ་ནི་བཟའ་བཏུང་ལོངས་སྤྱོད་ཚོགས། ། མ་ཉམས་ཕུན་སུམ་ཚོགས་པར་སྤྱད། །གར་དབང་ལྷ་ལ་མོས་པ་ཡིས། །གསང་སྔགས་རྒྱལ་པོ་བསྟོད་བྱེད་ཅིང ། །སུམ་འབུམ་བཟླས་པའི་གྲངས་ཚང་ནས། །མཐའ་སྔགས་གཞན་གྱིས་བརྒྱན་བྱས་ཏེ། །རྟགས་མཐོང་བར་དུ་བཟླས་བརྗོད་བརྩམ། །ོཾ་ཨ་སུ་ཤ་ཨོཾ་ཨ་ཡུ་ཤ་སོ་ཏ་བྲུཾ། །འོད་ཟེར་དུ་བ་ལྟ་བུ་དང ། །ཕྱག་རྒྱའི་དབྱིངས་དང་འབྱུར་བའི་དུས། །བྲོ་དྲུག་གླུ་དང་གར་བཅས་པས། །བརྟུལ་ཞུགས་ཆེན་པོ་བདུད་རྩི་སྤྱད། །སྐུ་གསུང་ཐུགས་མཆོག་ཕྱག་རྒྱ་ཆེ། །གསང་བའི་ཡུམ་བསྐྱེད་སྙིང་པོ་མཆོག་།ོཾ་ཨེ་ཀ་ཏེ་བ་ག་ཏེ་མ་ཏཾ་ཀ་ཏེ་སཝཱཧཱ། །མ་ཉམས་ཉམས་པའི་ཕྱག་རྒྱ་གསལ། །གཉིས་སུ་མེད་པར་སྦྱོར་བ་ཡིས། །རྡོ་རྗེ་པདྨོར་ལྡན་བྱས་པས། །ཐབས་ཀྱི་ཕྱག་རྒྱའི་ཆོ་འཕྲུལ་ 184b ལ། །གཟི་ལྡན་གསང་བ་ཨེ་གྲུ་གསུམ། །ཉི་མ་པདྨ་ཤེས་རབ་ལྡན། །སོ་སོ་གསལ་བའི་བརྡས་མཚོན་ཏེ། །ོཾ་བྲུཾ་པདྨ་ཨཱ་ཡུ་ཤེ་།བྱིན་རླབས་རྣམ་པར་འཕྲོ་བ་ཡིས། །ཕྱོགས་བཅུའི་སངས་རྒྱས་ཐུགས་བསྐུལ་ཞིང ། །བྱང་ཆུབ་སེམས་མཆོག་ཚེ་ཡི་རྒྱུན། །སྒྲུབ་པ་པོ་ལ་གསལ་བར་མཛད། །བད་འདབ་བརྒྱད་པ་ཉི་མར་བཅས། །དབུས་སུ་གསང་བའི་རྡོ་རྗེ་ཆེ། །ཧཱུཾ་གིས་གསོར་ཞིང་ཨ་ཡིས་བསྐྱོད། །ཡང་དང་ཡང་དུ་བསྐུལ་བ་ནི། །སྐུ་གསུང་དབྱིངས་སུ་གྱུར་པའོ། །དེ་ལ་བྱང་ཆུབ་སེམས་མཆོག་རྒྱུན། །བྷནྡྷ་མཚན་ལྡན་ནང་དུ་བཅུག། །རྣལ་འབྱོར་གར་དང་ལེགས་བཅས་པས། །བཀྲ་ཤིས་ཚིགས་བཅད་གླུ་བྲང་ཞིང ། །བཀྲ་ཤིས་གར་དང་དབྱངས་སུ་བཅས། །ལོངས་སྤྱོད་སྟོན་མོ་ཀུན་གསོལ་ཞིང ། །དངོས་གྲུབ་དོན་ཕྱིར་གསོལ་བ་གདབ།། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས། ཚེ་སྒྲུབ་པའི་ལེའུ་སྟེ་ཉེར་དྲུག་པའོ།། །།དེ་ནས་གར་གྱི་ལྷ་མཆོག་གིས། །ཐམས་ཅད་བདུད་རྩིར་བྱིན་བརླབས་ནས། །ཕྱི་ནང་སྣོད་བཅུད་མ་ལུས་ཀུན། །རིགས་ལྔའི་སྐུ་རུ་བསྒྲུབ་པའི་ཕྱིར། །རང་ལས་བྱུང་བའི་རང་བཞིན་དང ། །དངོས་གྲུབ་སྙིང་པོ་ཀུན་བསྡུས་བཤད། །ཆོས་རྣམས་མ་ལུས་རྣམས་བརྟགས་ནས། །རིགས་ལྔའི་དཀྱིལ་འཁོར་ཚུལ་དུ་གནས། །དེ་ནས་འབྱུང་བའི་དངོས་རྣམས་ཀྱིས། །དེ་ཉིད་ལྟ་བུར་ 185a ༄#། །སྦྱོར་བ་བྱ། །དང་པོར་བསོད་ནམས་ཚོགས་བསགས་ཤིང ། །རྡོ་རྗེ་བླ་མ་མཉེས་བྱས་པས། །ཕུན་སུམ་ཚོགས་པའི་གནས་དག་ཏུ། །ལྷ་ཉིད་ཉེ་བར་བསྒོམས་བྱས་པས། །དཀྱིལ་འཁོར་ཆེན་པོ་བརྩམ་པར་བྱ། །རིགས་ཀྱི་ལྷ་ཡི་དཀྱིལ་འཁོར་གྱིས། །རིགས་ཀྱི་ཕྱག་རྒྱ་བསྒྲུབ་པར་བྱ། །དྲི་དབྱིབས་ཁ་དོག་རོ་ལ་སོགས། །ཤ་ལྔ་བདུད་རྩིར་བཅས་པ་དང ། །བྷནྡྷ་མཚན་ལྡན་ལྔ་རུ་ནི། །དཀྱིལ་འཁོར་འཁོར་དང་ཕྱོགས་བཞིར་བཀྲམ། །རྡོ་རྗེ་བཀོད་པའི་དཀྱིལ་འཁོར་གྱིས། །སོ་སོར་སྤང་བ་སྦྱང་བྱས་ཏེ། །ཕྱག་རྒྱ་སྔགས་དང་ཏིང་འཛིན་མཐུས། །རིགས་ཀྱི་དཀྱིལ་འཁོར་མངོན་པར་བསྒྲུབ། །མཆོད་ཅིང་མཉེས་པར་བྱས་ནས་ནི། །ལས་ཀུན་གྲུབ་པའི་གསང་སྔགས་བརྗོད། །ོཾ་པདྨོ་བཛྲ་ཧྲི་གྷུ་ན་སིདྡྷི་སརྦྦ་བནྩྪ་ཨ་མྲྀ་ཏ། །ོཾ་ཨཱཿ ཧཱུཾ་སཝཱཧཱ། དེ་ལས་འོད་དང་དུ་བ་དང ། །དྲི་དང་ལྷ་མོ་རྟགས་དག་ནི། །བཟླས་བརྗོད་ཐུན་མོངས་ཁྱད་པར་དག་།འབུམ་ཚོ་གསུམ་གྱིས་འགྲུབ་པར་འགྱུར། །དེ་ནས་གྲུབ་པའི་རྟགས་མཐོང་ནས། །དེ་དག་བཏགས་ཙམ་སྦྱང་བྱ་ཞིང ། །མཁའ་འགྲོ་རོལ་པའི་བརྟུལ་ཞུགས་ཀྱིས། །བསོད་ནམས་སྦྱང་ཞིང་བྱིན་གྱིས་བརླབ། །དཀྱིལ་འཁོར་བཀོད་པ་རྒྱན་དང་བཅས། །ཁྲོ་བོ་འབར་བར་ཞལ་བསྒྱུར་ཞིང ། །ཡབ་ཡུམ་གདུང་བའི་གླུ་དབྱངས་དང ། །བྱང་ཆུབ་སེམས་དཔའ་འཕྲོ་འདུ་ཡིས། །དཀྱིལ་འཁོར་དབུས་ཀྱི་གནས་བཞུགས་པར། །བདུད་ཀྱི་ 185b གར་གྱི་དབང་ཕྱུག་བསྐྱེད། །སླར་ཉིད་ཁྲོ་བོའི་དཀྱིལ་འཁོར་གྱིས། །གཟུགས་འདུལ་གཙོ་བོའི་ཐུགས་ཀར་ཞུགས། །ཡེ་ཤེས་དཀྱིལ་འཁོར་ཀུན་བཀུག་ནས། །དམ་ཚིག་བདུད་རྩི་གཉིས་མེད་འགྱུར།། སར་འབྱུང་པདྨོའི་རྒྱལ་པོའི་སྐུ། །དབུས་ཀྱི་དཀྱིལ་འཁོར་གདན་ལ་བཞུགས། །མཆོད་བསྟོད་དགའ་བས་མཉེས་བྱས་ནས། །བྲོ་གར་གླུ་ཡིས་ཐུགས་དམ་བསྐང ། །ཁྱད་པར་གསང་སྔགས་རྒྱལ་པོའི་མཐུས། །ཡེ་ཤེས་ལྔར་ལྡན་འོད་ཟེར་ཅན། །ོཾ་མཧཱ་སརྦ་ཏ་ཐཱ་ག་ཏ་བནྩྪ་ཨ་མྲྀ་ཏ་རུ་ལུ་རུ་ལུ་ཧཱུཾ་ཕཊ་སཝཱཧཱ། ཇི་སྲིད་མཚན་མས་ཡང་དང ། །སྔགས་ཀྱི་རྒྱལ་པོ་བརྗོད་པར་བྱ། །དེ་ནས་རྟ་མགྲིན་ཕྱག་རྒྱ་ཡིས། །སྒྲུབ་པ་ཆེན་པོ་གསང་བའི་དོན། །རྡོ་རྗེ་རྟ་མཆོག་ཕྱག་རྒྱ་ཆེ། །བདུད་རྩི་རྫས་ཀྱིས་དབང་བསྐུར་ཞིང ། །རྣལ་འབྱོར་གྲོགས་བཅས་ཚིམ་པར་བྱ། །ཕྱོགས་རྣམས་ཀུན་ནས་གདུངས་པའི་གླུས། །དཀྱིལ་འཁོར་ལྷ་དང་བླ་མ་མཆོད། །དངོས་གྲུབ་གསོལ་བའི་ཚིག་བརྗོད་ཀྱིས། །དགའ་བའི་ལོངས་སྤྱོད་རྒྱ་ཆེར་བྱ། །ལྷ་རྣམས་ཀུན་ལ་དགྱེས་འདུལ་ཞིང ། །དམ་མེད་དབང་པོ་སྔགས་ཀྱིས་བསྐྲད། །བདུད་རྩི་གཏོར་བས་ལུས་བརླག་འགྱུར། །རང་གི་ཡེ་ཤེས་ལས་ལས་སྐྱེས། །དེ་ནས་ལས་མཛད་སྲུང་མ་དང ། །མགྲོན་ཚོགས་གཏོར་མས་མཉེས་བྱས་ཏེ། །བསོད་ནམས་ཡེ་ཤེས་ཚོགས་ཆེན་པོ། །རབ་ཚོགས་འགྲོ་བའི་དོན་ཕྱིར་བསྔོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་དཔལ་རྟ་མཆོག་རོལ་བའི་རྒྱུད་ཆེན་པོ་ལས། བདུད་རྩི་སྒྲུབ་ 186a ༄#། །པའི་ལེའུ་སྟེ་ཉི་ཤུ་བདུན་པའོ།། །།དེ་ནས་རྟ་མཆོག་རོལ་པའི་སྐུ་དབུས་སུ། །དཀྱིལ་འཁོར་དབུས་སུ་དགྱེས་ཚུལ་གྱིས། །འགྲོ་རྣམས་ཀུན་ལ་བསྐུལ་མཛད་ཅིང ། །འཕྲིན་ལས་གསང་བའི་དོན་བཤད་མཛད། །བསམ་གཏན་ལས་ཀྱིས་འབྱུང་བ་ཡི། །ཞི་རྒྱས་དབང་དྲག་མངོན་སྤྱོད་དང ། །མནན་ཟློག་རེངས་དང་གསད་ལ་སོགས། །ཏིང་འཛིན་གསལ་ནམ་གོམས་པའི་མཐུས། །བདག་དང་གཞན་དོན་ལས་ལ་སྦྱར། །ཞི་བ་ཞི་བའི་ཡི་གེ་སྟེ། །བསྒྲུབ་བྱ་ཟླ་དཀྱིལ་ལ་བཞག་ནས། །རྣམ་པར་སྣང་མཛད་འོད་སྔགས་ཀྱིས། །དུས་གསུམ་ལྷ་དང་མངོན་སྦྱར་ཞིང ། །བྱང་ཆུབ་སེམས་ཀྱི་བདེ་བསྐྱེད་དེ། །ཟུག་རྡུ་རྟོག་པ་རྣམ་པར་སེལ། །ཡུན་རིང་གོམས་པར་བསྟན་པའི་མཐུས། །མེ་འབར་གནས་ཀྱང་ཞི་བར་ནུས། །རྒྱས་ལ་རྒྱས་པའི་གཟུགས་བགྱིས་ཏེ། །རིན་ཆེན་འབྱུང་ལྡན་ལ་འབྱུང་བའི། །འཁོར་ལོས་བསྒྱུར་རྒྱལ་ཆ་ལུགས་ཀྱིས། །སེར་པོ་འོད་དཔུང་འབར་བ་བརྗིད། །རང་གི་བཙུན་པའི་ཚོགས་དང་བཅས། །བདེ་གཤེགས་བྱིན་རླབས་ཀུན་བསྡུས་ཤིང ། །སྐུ་གསུང་ཐུགས་ཀྱི་ཡོན་ཏན་དང ། །འཕྲིན་ལས་སྒོ་ནས་བརྩམ་པར་མཛད། ། སྔགས་དང་འོད་ཟེར་གསང་བ་ཡིས། །རིན་ཆེན་སྣ་བདུན་གསེར་ལ་སོགས། །མཁའ་མཛོད་ཆར་སྤྲིན་བཞིན་དུ་འབེབས། །ཚོགས་རྣམས་རང་གིས་ལོངས་སྤྱོད་ཅིང ། །འགྲོ་ 186b རྣམས་གཞན་ལ་སྦྱིན་པར་བྱེད། །ཐབས་དང་དབང་དུ་བསྡུ་ཕྱིར་རོ། །འོད་དཔུང་དམར་པོ་མཐའ་ཡས་སྐུ། །པདྨའི་དཀྱིལ་འ་འཁོར་དབུས་བཞུགས་ཤིང ། །ཆགས་པ་ཆེན་པོས་འགྲོ་འདུལ་བ། །རིགས་ཀྱི་ཏིང་འཛིན་སྔགས་ཀྱི་མཐུས། །ལྷ་ཚོགས་འགྲོ་རྣམས་དབང་སྡུད་ཅིང ། །འཁོར་བཅས་དང་བར་གྱུར་པ་ཡིན། །གང་ཞིག་སྡང་བའི་སེམས་ཡོད་པ། །འཕྲད་པ་བཞིན་རྒྱས་ཆགས་པར་འགྱུར། །གང་ཞིག་གསང་བའི་ལས་གྲུབ་མཛོད། །དེ་ནི་མཐིང་ནག་ལས་ཀྱི་ཁྲོ་བོའི་ཏིང་འཛིན་ལས། །ཁྲོ་བོ་སྤྲུལ་པའི་འཕྲོ་འདུ་ཡིས། །བསྒྲུབ་བྱ་དང་ཕྲ་ཞིང་དགུག་པ། །མེ་ཡི་དཀྱིལ་འཁོར་ལ་བཞག་སྟེ། །ཤིན་ཏུ་མ་རུངས་མཚོན་ཆར་ལྡན། །དཀོན་མཆོག་གསུམ་ལ་བསྡོ་བྱེད་ཅིང ། །སྐྱེ་བོ་ཡོངས་ལ་འཚེ་བ་དང ། །སློབ་དཔོན་ཀུན་ལ་བསྔོ་བ་དང ། །སངས་རྒྱས་ཐུགས་རྗེས་བཟོད་མི་མཛད། །ལས་ཀྱི་ཁྲོ་བོ་སྣ་ཚོགས་ཀྱིས། །མཚོན་ཆ་མེ་འོད་འབར་འཕྲོས་ནས། །སྡིག་པ་ཅན་དེ་བསྒྲལ་མཛད་ཅིང ། །བྱ་ཁྱི་ལྕེ་སྤྱང་ཤ་ཟ་དང ། །ཁྲག་འཐུང་མང་པོ་འདུས་པ་ཡིས། །བསྟོད་པའི་ཚུལ་དུ་རོལ་ཞིང་དགྱེས། །ཏིལ་ཙམ་མེད་པར་ཟོས་པ་དང ། །སེམས་ཉིད་བདེ་བ་ཆེན་པོའི་གནས། །དེ་དག་ཏིང་འཛིན་གསང་སྔགས་དང ། །དཀྱིལ་འཁོར་སོ་སོའི་རྣམ་པ་བསྒྲུབ། །ོཾ་བྷུ་ཏ་ཙཀྲ་ས་མ་བ་ག་ཏི་ལོ་ཙཱ་ན་ཆེ་གེ་མོ་ཤནྟིཾ་ཀུ་རུ་སཝཱཧཱ། ཨོཾ་རཏྣ་སཾ་བྷ་ཝ་གུ་རུ་མཱ་མ་ཀཱི་ཆེ་གེ་ 187a ༄#། །མོ་པུཥྚིཾ་ཀུ་རུ་སཝཱཧཱ། ཨོཾ་ཡཱ་མི་ཏེ་ས་ར་བ་ར་ཧོ་ཆེ་གེ་མོ་ཝ་ཤཾ་ཀུ་རུ་སཝཱཧཱ། ཨོཾ་ཀརྨ་སནྟི་པ་ཀྲོ་ཏ་ནི་ཆེ་གེ་མོ་ཧཱ་ཡཱ་སཝཱཧཱ། རང་གི་དཀྱིལ་འཁོར་གནས་བཟང་པོ། །རང་གི་དཀྱིལ་འཁོར་ལ་གནས་ཏེ། །སྔགས་དང་ཏིང་འཛིན་སྦྱོར་བའི་མཐུས། །ཆོ་ག་མངོན་དུ་འགྲུབ་པར་བྱེད། །གཞན་ཡང་རྨོངས་དང་རེངས་པ་དང ། །དབྱེ་ཞིང་དགུག་དང་བསྐྲད་པ་དང ། །མནན་ལ་སོགས་པའི་ལས་རྣམས་ཀྱང ། །རང་གི་ལྟ་བའི་སྦྱོར་བ་ཡིས། །བསམ་གཏན་སྔགས་ཀྱིས་འགྲུབ་པར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ལས། བསམ་གཏན་གྱི་སྦྱོར་བའི་རིམ་པའི་ལེའུ་སྟེ་ཉེར་བརྒྱད་པའོ།། །། དེ་ནས་སྦྱོར་བའི་རྒྱལ་པོ་དང ། །འཕྲིན་ལས་ཀུན་གྱི་མཆོག་གྱུར་པའོ། །རྫས་རྣམས་རྟེན་པའི་མཚན་མ་ཉིད། །འདོང་འདོད་འབྲས་བུ་སྒྲུབ་བྱེད་པའོ། །གར་གྱི་དབང་ཕྱུག་ཕྱག་རྒྱའི་སྐུ། །རྣམ་སྤྲོ་ལྟ་ཡི་དཀྱིལ་འཁོར་གྱིས། །སོ་སོའི་འདོད་དོན་སྒྲུབ་པར་བྱེད། །རྡོ་རྗེ་ཙཀྲ་རིན་ཆེན་དང ། །པདྨ་རྒྱ་གྲམ་ལ་སོགས་ཏེ། །ལས་ཀུན་ལྷ་ཡི་ང་རྒྱལ་གྱིས། །མཚན་རྟགས་མ་བྱུང་བར་དུ་བསྒྲུབ། །གཟུགས་བརྙན་དཀྱིལ་འཁོར་གཞིར་བཞག་ནས། །ལྷ་ཡི་དཀྱིལ་འཁོར་སྒྲུབ་བྱེད་ཅིང ། །མཚན་མའི་རྫས་ལ་བརྟེན་བྱས་ 187b ཏེ། །བརྟེན་པར་མཆོད་ཅིང་མཉེས་པ་དང ། །ལས་ཀུན་པ་ཡི་གསང་སྔགས་བརྗོད། །ོཾ་མ་མ་སརྦ་བི་ཏ་ཧ་ར་ཀུ་རུ་སཝཱཧཱ། སརྦ་ས་མོ་ཀུ་ནི་ལམ་པ་ཤནྟིཾ་ཀུ་རུ་ད་ནི་ཧཱུཾ། པུཥྚིཾ་རཏྣ་མ་ཀུ་རུ་སཝཱཧཱ། པ་ཤཾ་ཀུ་རུ་པདྨོ་ཧྲྀ་ད་ཡ་ཨཾ། སྟཾ་པ་ན་མོ་ཤ་ཨ་ཀརྨ་པ་ནི་ཧཱུཾ་ཕཊ། ཅུང་ཞིག་གཟུགས་ནི་འདུ་བ་འམ། །འོད་འཕྲོས་བསྐྱོད་པར་འགྱུར་བ་དང ། །ང་རྒྱལ་ལྡན་པས་ལག་ཐོགས་ཏེ། །གསང་སྔགས་དྲག་ཏུ་བརྗོད་པར་བྱ། །གང་ཞིག་ཞི་དང་རྒྱས་པ་དང ། །དབང་ལ་སོགས་ནི་བསྒྲུབ་འདོད་པས། །དེ་དག་དེ་དང་མཐུན་པ་དང ། །ལས་ཀྱི་དཀྱིལ་འཁོར་ལ་གནས་བསམ། །ཕྱག་རྒྱའི་མཚན་མ་བསྐུལ་བྱས་ཏེ། །རང་གི་ལས་ལ་རྣམ་པར་གནས། །དགུག་ལ་སོགས་པའི་ལས་དག་དང ། །ལྕགས་ཀྱུ་ལ་སོགས་ལས་ཀྱིས་བསྒྲུབ། །རྟེན་གྱི་མཚན་མ་དང་བྲལ་བར། །ཅིར་འདོད་བྱ་བ་མཐར་ཕྱིན་འགྲུབ། །ཐབས་དང་སྒྲུབ་བྱེད་གསང་སྔགས་ལ། །སོ་སོའི་ལས་ཀྱིས་མཐའ་བརྒྱན་ཏེ། །ཡི་གེ་བཅུ་བཞིའི་རྗེས་ཐོགས་སུ། །སུམ་འབུམ་གྲངས་ཀྱིས་བསྒྲུབ་པར་བྱ། །ོཾ་བི་ལོ་གི་མ་མ་དུཤྚ་ན་ག་ག་ན་རུ་ལུ་རུ་ལུ་ཧཱུཾ་ཕཊ། །དང་པོ་རྩ་བའི་སྔགས་ནི། །སུམ་འབུམ་དག་དུ་བཟླས་བྱས་ནས། །སླར་ཡང་དེ་ཡི་གྲངས་མཐུན་པ། །གང་འདོད་ལས་རྣམས་འགྲུབ་པར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་བའི་རྒྱུད་ཆེན་པོ་ 188a ༄#། །ལས།་རྟེན་གྱི་སྒོ་ནས་སྤྱད་པའི་ལེའུ་སྟེ་ཉི་ཤུ་རྩ་དགུ་པའོ།། །།འགྲོ་གནས་ཐམས་ཅད་སྲུང་བྱད་ཅིང ། །ཕན་གདགས་ཆོ་ག་བཟང་པོ་ཉིད། །རྒྱལ་བའི་བྱིན་རླབས་གནས་པའི་ཐབས། །རྣམ་པ་ཡིས་ནི་བརྩམས་བྱས་ཏེ། །གྲོང་ཁྱེར་ལ་སོགས་སྲུང་འདོད་པས། །ཆུ་དང་བྱེ་མ་ལ་སོགས་ལ། །གསང་སྔགས་རྒྱལ་པོ་བརྗོད་པར་བྱ། །ོཾ་ན་མོ་ཀུ་རུ་སརྦ་བི་ད་ར་ནི་མོ་ས་དེ་ནི་ར་ཤ་ཀྲ་ར་ཀྲ་ཏ་ཧཱུཾ་ཕཊ། རང་གི་ལྷ་ཡི་སྦྱོར་ལྡན་པས། །སྟོང་དུ་བརྗོད་ཅིང་ཕྱོགས་བཅུར་གཏོར། ། གང་སྲུང་བ་དག་ཤིས་འགྱུར་ཅིང ། །འབྱུང་པོའི་ཚོགས་ཀྱིས་མི་ཚུགས་འགྱུར། །གཞན་ཡང་རིའུ་ཆ་དགུ་པའི། །འཁོར་ལོ་ཤིང་ཤུན་ཚོགས་ལ་བྲི། །མུ་ཁྱུད་དག་གིས་མཐའ་བསྐོར་ནས། །གསང་སྔགས་རྒྱལ་པོ་དགོད་པར་བྱ། །དབུས་སུ་དགོད་པའི་གསང་སྔགས་ནི། །ཡི་གེ་བཅུ་བཞི་གསང་སྔགས་བསམ། །དེ་ཡི་མཐར་མར་ཨོཾ་མཐར་ཧེ་ཧེ་དང ། །ཧུ་རུ་ཀཾ་པ་བག་ཤ་ཧ་ཧཱ་མ་མྲ་བྲི་ཧཱུཾ་ཕཊ་སཝཱཧཱ། དེ་མཐར་དབྱངས་དང་གསལ་བྱེད་གང ། །སྲུང་བའི་སྔགས་དང་བཅས་པ་ནི། །གུར་གུམ་བཟང་པོས་བྱུགས་བྱས་ཏེ། །རྡོ་རྗེ་རྒྱ་གྲམ་དབུས་སུ་གཞུག་།གང་གི་མིང་བཅས་འབུམ་བཟླས་ཤིང ། །བཏགས་པས་སྲུང་པའི་མཆོག་ཏུ་འགྱུར། །གཞན་ཡང་བུམ་པ་བཟང་པོ་རུ། །བདུད་ 188b རྩི་འོ་མ་སྦྱར་བ་དག་།རང་གི་གསང་སྔགས་ཡུངས་ཀར་བཅས། །གར་དབང་ཆགས་པའི་སྐུར་བསྒོམས་ཤིང ། །སྔགས་ཐོད་སྲུང་བར་འགྱུར་བར་བྱེད། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །གསང་བ་འདི་ཉིད་བཤད་པར་བྱ། །ཕྱོགས་བཅུའི་བྱང་ཆུབ་སེམས་བཅས་པས། །དེ་ལ་ཐམས་ཅད་དགའ་མཛད་ཅིང ། །ལྷ་རྣམས་ཀུན་ལ་སླར་བསྒོ་མཛད། །དེ་དག་དད་པའི་ཤུགས་ཀྱིས་ནི། །རྒྱུད་ཀྱི་རྒྱལ་པོ་འདི་བཟུང་ཞིང ། །དེ་འཛིན་གཞན་ལའང་བྱམས་པར་འགྱུར། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོ་ཞེས་བྱ་བ་ལས། སྲུང་བའི་ལེའུ་སྟེ་སུམ་ཅུ་པའོ།། །།དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་དགོངས་པ་བླ་ན་མེད་པའི་གསང་བ་དཔལ་རྟ་མཆོག་རོལ་པའི་རྒྱུད་ཆེན་པོའི་རྩ་བ་རྫོགས་སོ།། །། |