།།རྒྱ་གར་སྐད་དུ། བི་ན་ཡ་ཨུཏྟ་ར་གྲནྠ། བོད་སྐད་དུ། འདུལ་བ་གཞུང་དམ་པ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། ། བམ་པོ་དང་པོ། མདོར་ན། བྱོལ་སོང་གསུམ་དང་ལམ་གསུམ་དང ། །གཤེག་དང་བཅད་དང་རྣམ་པ་གཉིས། །འཛིན་པ་དང་ཡང་བལྟབ་པ་དང ། །སོ་དང་མ་རེག་ཕག་མོ་བཞིན། །དེ་ནས་ Na139b སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། དགེ་སློང་གིས་མིའི་བུད་མེད་སྨན་ནམ། སྔགས་ཀྱིས་བྱོལ་སོང་གི་སྐྱེ་གནས་སུ་སྐྱེས་པར་བསྒྱུར་ཏེ་མི་ཚངས་པར་སྤྱོད་པར་བགྱིད་ན། ཅིར་འགྱུར། མཐར་འགྱུར་རོ། །བཙུན་པ། དགེ་སློང་གིས་སྔགས་སམ། སྨན་གྱིས་བདག་ཉིད་བྱོལ་སོང་གི་སྐྱེ་གནས་སུ་སྐྱེས་པར་བསྒྱུར་ཏེ་མིའི་བུད་མེད་དང་ལྡན་ཅིག་ཏུ་མི་ཚངས་པར་སྤྱོད་པ་བགྱིད་ན། ཅིར་འགྱུར། དེ་སྟེ་དགེ་སློང་དུ་འདུ་ཤེས་ཡོད་ན། འཁྲིག་པར་སྦྱོར་བ་བྱ་བ་ཡིན་པས་མཐར་འགྱུར་རོ། །དེ་སྟེ་དགེ་སློང་དུ་འདུ་ཤེས་མེད་ན། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་སྔགས་སམ། སྨན་གྱིས་བདག་དང་མིའི་བུད་མེད་གཉིས་བྱོལ་སོང་གི་སྐྱེ་གནས་སུ་སྐྱེས་པར་བསྒྱུར་ཏེ། གཅིག་ལ་གཅིག་མི་ཚངས་པར་སྤྱོད་པ་བགྱིད་ན། ཅིར་འགྱུར། དེ་སྟེ་དགེ་སློང་དུ་འདུ་ཤེས་ཡོད་ན། འཁྲིག་པར་སྦྱོར་བར་བྱ་བ་ཡིན་པས་མཐར་འགྱུར་རོ། །དགེ་སློང་དུ་འདུ་ཤེས་མེད་ན། ཉེས་པ་སྦོམ་པོར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་བཅུག་མ་ཐག་ཏུ་མཐར་འགྱུར་རོ། །ཞེས་གསུངས་ན། ཇི་ཙམ་གྱིས་ན། ཁར་བཅུག་པ་ཞེས་བགྱི། ཨུ་པ་ལི། སོ་ལས་དཀྲེ་འདས་ནའོ། །ཇི་ཙམ་གྱིས་ན། བཤང་བའི་ལམ་དུ་བཅུག་པ་ཞེས་བགྱི། རྐུབ་ཁར་དཀྲེ་འདས་ནའོ། །ཇི་ཙམ་གྱིས་ན། གཅི་བའི་ལམ་དུ་བཅུག་པ་ཞེས་བགྱི། ཁ་ཤུན་ལས་དཀྲེ་འདས་ Na140a ༄#། །ནའོ། །བཙུན་པ། བུད་མེད་ཕྱེད་དུ་གཤེག་པར་གྱུར་ལ། སྒོ་གསུམ་གྱི་བུ་གུ་ཡང་ཉམས་པར་གྱུར་པ་དེ། དགེ་སློང་གིས་ཕྱེད་ཚལ་གྱིས་ཕྱེད་ཚལ་ལ་སྦྱར་ཏེ་མི་ཚངས་པར་སྤྱོད་པ་བགྱིད་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་བུད་མེད་རྐེད་དུ་བཅད་པར་གྱུར་པ་ཞིག་།སྒོ་གསུམ་གྱི་བུ་གུ་ལས། སྒོའི་བུ་གུ་གང་ཡང་རུང་སྟེ་མ་ཉམས་པར་གྱུར་པ་དེར་མི་ཚངས་པར་སྤྱོད་པ་བགྱིད་ན། ཅིར་འགྱུར། མཐར་འགྱུར་རོ། །བཙུན་པ། མགོ་བཅད་པའི་བུད་མེད་ལ་མི་ཚངས་པར་སྤྱོད་ན། ཅིར་འགྱུར། བཤང་བའི་ལམ་མམ། གཅི་བའི་ལམ་དུ་བྱེད་ན། མཐར་འགྱུར་རོ། །འོན་ཏེ་ཁའི་ལམ་མམ། སྦུ་གུའམ། སྒྲོག་རུས་ཀྱི་བུ་གུར་བྱེད་ན། ཉེས་པ་སྦོམ་པོར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་མི་མ་ཡིན་པའི་བུད་མེད་དང་ལྷན་ཅིག་ཏུ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བྱེད་ན། མཐར་འགྱུར་རོ། །ཞེས་གསུངས་ན། མི་མ་ལགས་པར་ཇི་ལྟ་བུ། ཡན་ལག་ཐམས་ཅད་དང་མཉམ་པར་གྱུར་པའོ། །དེ་བཞིན་དུ་བྱོལ་སོང་དུ་གྱུར་པ་རྣམས་ལ་ཡང་ཤེས་པར་བྱའོ། བཙུན་པ། བལྟབ་སྟེ་བཅུག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་སོའི་ཕྱི་རོལ་མཆུ་ནང་དུ་མི་ཚངས་པར་སྤྱོད་པ་བགྱིད་ན། ཅིར་འགྱུར་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་བཤང་བའི་ལམ་མམ། གཅི་བའི་ལམ་མམ། ཁའི་ལམ་རྣམས་ Na140b སུ་མ་རེག་པར་བཅུག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་ཕག་མོའི་རོ་བསྲེགས་པ་སྤུ་མེད་པ་ལ་མི་ཚངས་པར་སྤྱོད་པ་བགྱིད་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་ཏེ། བྱོལ་སོང་གི་སྐྱེ་གནས་ཐམས་ཅད་ལ་ཡང་འདི་བཞིན་དུ་བརྗོད་པར་བྱའོ། །མདོར་ན། གཞན་གྱི་ཡན་ལག་སྐྱེས་པ་དང ། སྤྱིལ་པོ་གཉིས་ཀྱང་དེ་བཞིན་ཏེ། །ཉམས་པ་གཉིས་དང་དཀྲིས་པ་དང ། །བཞི་པ་གཉིས་དང་བདུན་པའོ། །བཙུན་པ། དགེ་སློང་གིས་གཞན་གྱི་མོ་མཚན་དུ་གཞན་གྱི་ཕོ་མཚན་བཅུག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་ཞིག་དགེ་སློང་གཅིག་པུ་མི་ཚངས་པར་སྤྱོད་པའི་སླད་དུ་སྤྱིལ་པོར་ཞུགས་ན། མཐར་འགྱུར་བར་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་མཚན་རིང་ངམ། རྒྱབ་མཉེན་ལྟ་བུའོ། །བཙུན་པ། དགེ་སློང་སྦྲང་སྐྱབས་ཀྱི་སྤྱིལ་བུར་ཞུགས་པ་ལས། བུད་མེད་དེའི་ཕྱི་ན་འདུག་པ་ལ་དེ་ན་འདུག་བཞིན་དཀྲིས་ནས་ལོག་པར་སྤྱད་ན། ཅིར་འགྱུར། མཐར་འགྱུར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གསོན་པོར་ཉམས་པའོ། །ཞེས་གསུངས་ན། ཇི་ཙམ་གྱིས་ན་གསོན་པོར་ཉམས་པ་ཞེས་བགྱི། ཇི་ལྟར་རྨ་བྱུང་བའམ། རུལ་བའམ། ཞིག་པའམ། སྲོག་ཆགས་ཀྱིས་ཟོས་པར་གྱུར་པ་དེ་ཙམ་གྱིས་ན། དེ་དག་གསོན་པོར་ཉམས་པ་ཞེས་བྱའོ། །ཇི་ཙམ་གྱིས་ན་གསོན་པོར་མ་ཉམས་པ་ཞེས་བགྱི། ཇི་ལྟར་དེའི་མི་གཉིས་ཀ་མཉམ་པར་གྱུར་པ་ནི། མ་ཉམས་པ་སྟེ། ཤི་བ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དེ་བཞིན་དུ་མི་མ་ཡིན་པ་དང ། བྱོལ་སོང་གི་སྐྱེ་གནས་ Na141a ༄#། །སུ་སྐྱེས་པར་གྱུར་པ་དང ། སྐྱེས་པ་དང ། མ་ནིང་དང ། མ་ནིང་ཕོ་རྣམས་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དཀྲིས་ཏེ་བཅུག་ན། མཐར་མི་འགྱུར་རོ། །ཞེས་བཙུན་པ་བཅོམ་ལྡན་འདས་ཀྱིས་གསུངས་ན། དགེ་སློང་དག་གིས་ཕྱིང་བུའམ། གྲོ་ག་སྟུག་པོ་ཞིག་གིས་དཀྲིས་ཏེ་བཅུག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །དེ་སྟེ་སེང་རས་སམ། དར་ལའམ། གོས་སྲབ་མོ་རྣམས་ཀྱིས་དཀྲིས་ཏེ་བཅུག་ན། ཅིར་འགྱུར། མཐར་འགྱུར་རོ། །བཙུན་པ། དགེ་སློང་གིས་ལམ་ལ་ལམ་དུ་འདུ་ཤེས་ཏེ་བཅུག་ན། ཅིར་འགྱུར། མཐར་འགྱུར་རོ། །ལམ་ལ་ལམ་མ་ལགས་པར་འདུ་ཤེས་ཏེ་བཅུག་ན། ཅིར་འགྱུར། མཐར་འགྱུར་རོ། །ལམ་ལགས་པ་ལ་ལམ་མ་ལགས་པར་འདུ་ཤེས་ཏེ་བཅུག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །ལམ་མ་ལགས་པ་ལ་ལམ་དུ་འདུ་ཤེས་ཏེ་བཅུག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་དཀྲིས་པ་ལ་དཀྲིས་པར་འདུ་ཤེས་ཏེ་བཅུག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །དཀྲིས་པ་ལ་མ་དཀྲིས་པར་འདུ་ཤེས་ཏེ་བཅུག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མ་དཀྲིས་པ་ལ་དཀྲིས་པར་འདུ་ཤེས་ཏེ་བཅུག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མ་དཀྲིས་པ་ལ་མ་དཀྲིས་པར་འདུ་ཤེས་ཏེ་བཅུག་ན། ཅིར་འགྱུར། མཐར་འགྱུར་རོ། ། བཙུན་པ། བསྙེན་པར་མ་རྫོགས་པ་ན་མི་ཚངས་པར་སྤྱད་པར་བཤམས་ནས་བསྙེན་པར་མ་རྫོགས་པར་བཅུག་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བཤམས་ནས་བསྙེན་པར་རྫོགས་ Na141b ཀར་བཅུག་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བཤམས་ནས་བསྙེན་པར་རྫོགས་ཏེ་བཅུག་ན། ཅིར་འགྱུར། མཐར་འགྱུར་རོ། །བསྙེན་པར་རྫོགས་ཀར་བཤམས་ནས་བསྙེན་པར་རྫོགས་ཀར་བཅུག་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ནས་བསྙེན་པར་རྫོགས་ཏེ་བཅུག་ན། ཅིར་འགྱུར། མཐར་འགྱུར་རོ། །བསྙེན་པར་རྫོགས་པ་ནས་བཤམས་ལ་བསྙེན་པར་རྫོགས་ནས་བཅུག་ན། ཅིར་འགྱུར། མཐར་འགྱུར་རོ། །བསྙེན་པར་རྫོགས་ནས་བཤམས་ཏེ་བསྙེན་པར་མ་རྫོགས་པར་བཅུག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །ཇི་ལྟར་དགེ་སློང་གིས་མི་ཚངས་པར་སྤྱད་པའི་རྒྱུ་རྐྱེན་གྱིས་མཐར་གྱུར་པ་དེ་བཞིན་དུ་བསླབ་པ་བྱིན་པ་དང ། དགེ་སློང་མ་ལ་ཡང་མཐར་འགྱུར་རོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་ལ་ནི།་ཉེས་བྱས་སོ། །མདོར་ན། བརྒྱད་ཅུའི་སྡེ་དང་མཚན་མ་དང ། །མི་མཉམ་རིན་ཐང་འོན་ཏེ་མཚན། །བསྙེན་པར་རྫོགས་པ་བདུན་པ་བྱས། ཤོ་གམ་བཅུ་གཅིག་དེ་བཞིན་ནོ། །བཙུན་པ། དགེ་སློང་གིས་བརྒྱད་བཅུའི་སྡེ་གཉིས་ཀར་བདག་ཉིད་གཏོགས་པར་བགྲང་དུ་བཅུག་ན། ཅིར་འགྱུར། ཉེས་བྱས་སོ། །དེ་ལ་ཆོས་དང་ལྡན་པའི་སྐལ་པ་གང་ལགས། དང་པོའོ། །དེ་སྟེ་བླངས་ནས་བཅབས་ན། ཤེས་བཞིན་གྱི་བརྫུན་དུ་སྨྲས་པས་ལྟུང་བའོ། །ནམ་གྲུབ་པར་གྱུར་པ་ན། རིན་ཐང་བརྩི་བར་བྱའོ། །བཙུན་པ། མི་རྣམས་ཀྱི་མཚན་མ་བཙུགས་ཏེ་བཞག་པ་དེ་ལས། དགེ་སློང་གིས་ Na142a ༄#། །རིན་ཆེ་བའི་མཚན་མ་རིན་ཆུང་བའི་གནས་སུ་བསྐྱེད་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །དེ་སྟེ་རིན་ཆུང་བའི་མཚན་མ་རིན་ཆེན་པོའི་གནས་སུ་བསྐྱོད་ན། ཅིར་འགྱུར། མཐར་འགྱུར་རོ། །བཙུན་པ། ཇི་ལྟར་དགེ་སློང་གིས་རིན་ཐང་མ་མཆིས་པའི་དངོས་པོ་ཞིག་བརྐུས་ན། ཅིར་འགྱུར། མཐར་འགྱུར་རོ། །རིན་ཐང་མེད་པའི་དངོས་པོ་གང་ཞེ་ན། རིན་ཆེན་པོར་གྱུར་པས་དེ་ལ་རིན་ཐང་གཅད་དུ་མི་ཆོད་པའོ། །དེ་སྟེ་རིན་ཐང་མ་མཆིས་པའི་དངོས་པོ་ཞིག་བརྐུས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །རིན་ཐང་མེད་པའི་དངོས་པོ་གང་ཞེ་ན་གང་ཆུང་བར་གྱུར་པས་རིན་གཅད་དུ་མི་ནུས་པའོ། །བཙུན་པ་དགེ་སློང་གིས་གཞལ་དུ་མི་རུང་བའི་དངོས་པོ་ཞིག་བརྐུས་ན། ཅིར་འགྱུར། མཐར་འགྱུར་རོ། །དེ་སྟེ་གཞལ་དུ་རུང་བའི་དངོས་པོ་ཞིག་བརྐུས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་བརྐུ་བའི་ཕྱིར་བཤམས་པ་ལས་མཚན་འཕོས་ཏེ། དགེ་སློང་མར་གྱུར་ནས་བརྐུས་ན། ཅིར་འགྱུར། མཐར་འགྱུར་རོ། །བཙུན་པ། དགེ་སློང་མས་བརྐུ་བར་བཤམས་པ་ལས་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། མཐར་འགྱུར་རོ། །བཙུན་པ། བསྙེན་པར་མ་རྫོགས་པར་བརྐུ་བར་བཤམས་ནས་བསྙེན་པར་མ་རྫོགས་པར་བརྐུས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བརྐུ་བར་བཤམས་ནས་བསྙེན་པར་རྫོགས་ཀར་བརྐུས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བརྐུ་བར་བཤམས་ཏེ་བསྙེན་པར་རྫོགས་ནས་ Na142b བརྐུས་ན། ཅིར་འགྱུར། མཐར་འགྱུར་རོ། །བསྙེན་པར་རྫོགས་ཀར་བརྐུ་བར་བཤམས་ནས་བསྙེན་པར་རྫོགས་ཀར་བརྐུས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བརྐུ་བའི་སླད་དུ་བཤམས་ནས་བསྙེན་པར་རྫོགས་ཏེ་བརྐུས་ན། ཅིར་འགྱུར། མཐར་འགྱུར་རོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་ཏེ་བརྐུ་བར་བཤམས་ལ་བསྙེན་པར་རྫོགས་ནས་བརྐུས་ན། ཅིར་འགྱུར། མཐར་འགྱུར་རོ། ། བསྙེན་པར་རྫོགས་ནས་བརྐུ་བར་བཤམས་ཏེ་བསྙེན་པར་མ་རྫོགས་པར་བརྐུས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་ནམ་མཁའ་ལས་ཤོ་གམ་བཟླས་ན། ཅིར་འགྱུར། དངོས་པོ་ཇི་ལྟ་བ་བཞིན་ནོ། །འོན་ཏེ་རྫུ་འཕྲུལ་གྱིས་བཟླས་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་ལམ་མ་ལགས་པ་ནས་ཤོ་གམ་བཟླས་ན། ཅིར་འགྱུར། དེ་སྟེ་དེའི་ས་ལས་འདས་ན། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་ཚོང་པ་རྣམས་ལ་འགྲོའོ། །ཞེས་སྨྲས་ན། ཅིར་འགྱུར། །ཉེས་བྱས་སོ། །བཙུན་པ། འདི་ལྟར་ཚོང་པ་རྣམས་ཀྱི་ཤོ་གམ་དུ་གཏོགས་པའི་རྫས་རྣམས་ཤོ་གམ་གྱི་སར་མ་ཕྱིན་པར་ཚོང་པ་རྣམས་ཀྱིས་དགེ་སློང་ལ། འཕགས་པ། ཤོ་གམ་གྱི་གནས་ལས་བསྒྲལ་ཏེ་སྩོལ་ཅིག་།ཅེས་སྨྲས་པ་ལས། དེ་དགེ་སློང་གིས་བཟླས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། འདི་ལྟར་ཚོང་པ་རྣམས་ཀྱི་ཤོ་གམ་དུ་གཏོགས་པའི་རྫས་རྣམས་ཤོ་གམ་གྱི་སར་མ་ཕྱིན་པར་ཚོང་པ་དག་གིས་དགེ་སློང་ལ། འཕགས་པ། ཤོ་གམ་གྱི་གནས་ལས་བསྒྲལ་ཏེ་སྩོལ་ཅིག། དེའི་ཤོ་གམ་ཅི་མཆིས་པའི་ཕྱེད་ནི། ཁྱེད་སྣོམས་ Na143a ༄#། །ཤིག་།ཅེས་དེ་སྐད་སྨྲས་པ་ལས། དེ་དགེ་སློང་གིས་བཟླས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། ཚོང་པ་རྣམས་ཀྱི་ཤོ་གམ་དུ་གཏོགས་པའི་རྫས་རྣམས་ཤོ་གམ་གྱི་སར་མ་ཕྱིན་པར་ཚོང་པ་རྣམས་ཀྱིས་དགེ་སློང་ལ། འཕགས་པ། ཤོ་གམ་གྱི་གནས་ལས་བསྒྲལ་ཏེ་སྩོལ་ཅིག་།དེ་ལ་ཤོ་གམ་ཅི་མཆིས་པ་ཁྱོད་ཉིད་སྣོམས་ཤིག་།ཅེས་དེ་སྐད་སྨྲས་པ་ལས། དེ་དགེ་སློང་གིས་བཟླས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། ཚོང་པ་རྣམས་ཀྱི་ཤོ་གམ་དུ་གཏོགས་པའི་རྫས་ཤོ་གམ་གྱི་སར་མ་ཕྱིན་པར་དགེ་སློང་གིས་ལམ་གཞན་དུ་བསྟན་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། འདི་ལྟར་ཚོང་པ་རྣམས་ཀྱི་ཤོ་གམ་དུ་གཏོགས་པའི་རྫས་རྣམས་ཤོ་གམ་གྱི་སར་ཕྱིན་ནས་ཚོང་པ་རྣམས་ཀྱིས་དགེ་སློང་ལ། འཕགས་པ། ཤོ་གམ་གྱི་གནས་ལས་སྒྲོལ་ཅིག་།ཅེས་དེ་སྐད་སྨྲས་པ་ལས། དེ་དགེ་སློང་གིས་བཟླས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། ཚོང་པ་རྣམས་ཀྱི་ཤོ་གམ་དུ་གཏོགས་པའི་རྫས་རྣམས་ཤོ་གམ་གྱི་སར་ཕྱིན་ནས་ཚོང་པ་རྣམས་ཀྱིས་དགེ་སློང་ལ། འཕགས་པ། ཤོ་གམ་གྱི་གནས་ལས་བསྒྲལ་ཏེ་སྩོལ་ཅིག་དང ། འདིར་ཤོ་གམ་ཇི་སྙེད་པའི་ཕྱེད་ཁྱོད་སྣོམས་ཤིག་།ཅེས་དེ་སྐད་སྨྲས་པ་ལས། དགེ་སློང་གིས་དེ་བཟླས་ན། ཅིར་འགྱུར། ཤོ་གམ་གྱི་རིན་ཐང་བརྩི་བར་བྱའོ། །བཙུན་པ། ཚོང་པ་རྣམས་ཀྱི་ཤོ་གམ་དུ་གཏོགས་པའི་རྫས་རྣམས་ཤོ་གམ་གྱི་སར་ཕྱིན་ནས་ཚོང་པ་རྣམས་ཀྱིས་དགེ་སློང་ལ། འཕགས་པ། ཤོ་གམ་གྱི་གནས་ལས་བསྒྲལ་ཏེ་སྩོལ་ཅིག་དང ། Na143b འདིར་ཤོ་གམ་ཇི་སྙེད་པ་དེ་ཐམས་ཅད་ཁྱོད་སྣོམས་ཤིག་།ཅེས་དེ་སྐད་སྨྲས་པ་ལས། དེ་དགེ་སློང་གིས་བཟླས་ན། ཅིར་འགྱུར། ཤོ་གམ་གྱི་རིན་ཐང་བརྩི་བར་བྱའོ། །མདོར་ན། ཆོས་གོས་གདང་ཤིང་བཞི་པ་དང ། །བརྐུ་བ་པ་ཎ་གསུམ་པ་དང ། །སྦྱོར་བ་གསུམ་དང་ཐེ་ཚོམ་དང ། །གླིང་དང་གཞན་ཕྱིར་མི་མ་ཡིན། །བཙུན་པ། དགེ་སློང་གིས་དང་པོར་བརྐུ་སེམས་ཀྱིས་ཆོས་གོས་ཀྱི་གདང་ཤིང་གི་ཐོག་མ་བཅད་དེ་ཕྱི་མ་ལ་བདག་གིར་འདུ་ཤེས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་དང་པོར་ཆོས་གོས་ཀྱི་གདང་ཤིང་གཅོད་པའི་ཚེ་བདག་གིར་འདུ་ཤེས་ལ། ཕྱིས་བརྐུ་བར་འདུ་ཤེས་ན། ཅིར་འགྱུར། རིན་ཐང་བརྩི་བར་བྱའོ། །བཙུན་པ། དགེ་སློང་གིས་ཆོས་གོས་ཀྱི་གདང་ཤིང་བརྐུ་སེམས་ཀྱིས་བརྐུས་པ་ལས། ཆོས་གོས་ཀྱི་གདང་ཤིང་དེ་ལ་ཆོས་གོས་བཀལ་ཅིང་མཆིས་པ་དང ། ཆོས་གོས་དང་བཅས་ཏེ་བརྐུས་ན། ཅིར་འགྱུར། ཆོས་གོས་ཀྱི་གདང་ཤིང་གི་རིན་ཐང་བརྩི་བར་བྱའོ། །བཙུན་པ། ཆོས་གོས་ཀྱི་གདང་ཤིང་ལ་ཆོས་གོས་བཀལ་ཏེ་བཞག་པ་དེ། དགེ་སློང་བཞིའམ་དེ་བས་མང་བས་བརྐུས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །འོན་ཏེ་སོ་སོར་བགོས་པ་ལས། རེ་རེ་ལ་ཡང་མ་ཤ་ལྔ་ཐོབ་ན། མཐར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། རྐུ་བ་ལ་རྣམ་པ་དུ། ཨུ་པ་ལི། དྲུག་སྟེ། སྒྱུས་རྐུ་བ་དང ། མཐུས་རྐུ་བ་དང ། བསྐྱིས་པ་ལས་བརྣོགས་ཏེ་རྐུ་བ་དང ། གཏམས་པ་ལས་བརྣོགས་ཏེ་རྐུ་བ་དང ། སྐྱོང་ཞིང་རྐུ་བ་དང ། ཆོས་རྐུ་བའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་རྐུ་བ་རྣམ་པ་དྲུག་གསུངས་ན། རྐུ་ Na144a ༄#། །བ་གང་གིས་མཐར་འགྱུར། ཆོས་རྐུ་བ་མ་གཏོགས་པའི་ལྷག་མ་རྣམས་ཀྱིས་མཐར་འགྱུར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་མ་ཤ་ལྔ་བརྐུས་ན། མཐར་འགྱུར་རོ། ། ཞེས་གསུངས་ན། བཙུན་པ། དགེ་སློང་གིས་མ་ཤ་གསུམ་བརྐུས་པས་མཐར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། མ་ཤ་གསུམ་གྱི་བཞི་ཆ་གཅིག་ཏུ་གྱུར་པའོ། །བཙུན་པ། དགེ་སློང་གིས་མ་ཤ་ལྔ་བརྐུས་ཀྱང་མཐར་མི་འགྱུར་བ་མཆིས་སམ། ཡོད་དེ། མ་ཤ་ལྔ་ལས་ལྷག་པས་བཞི་ཆ་གཅིག་ཏུ་གྱུར་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་མ་ཤ་ལྔ་བརྐུས་ཀྱང་མཐར་མི་འགྱུར་རོ། །ཞེས་གསུངས་ན། ན་ན་ཀ་ཇི་ལྟ་བུའི་མ་ཤ་ལྔ་བརྐུས་ན། མཐར་འགྱུར། ན་ན་ཀ་མ་ཤ་ཀ་ཉི་ཤུ་པའོ། །མ་ཤ་ཀ་ཇི་ལྟ་བུ། ཀ་ཀ་ནི། བཞི་པའོ། །ཀཪྴ་པ་ཎ་ཇི་ལྟ་བུ། རྒྱན་ཐམས་ཅད་ཀྱིས་བྱས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་མ་ཤ་ལྔ་བརྐུས་ཀྱང་མཐར་མི་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་ཀཪྴ་པ་ཎ་སྟོང་བརྐུས་ཀྱང་མཐར་མི་འགྱུར་བ་མཆིས་སམ། ཡོད་དེ། བོར་བར་འདུ་ཤེས་ནས་བླངས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་མ་ཤ་ལྔ་བརྐུས་པས་མཐར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་མ་ཤ་ལྔ་བརྐུས་ཀྱང་མཐར་མི་འགྱུར་བ་མཆིས་སམ། ཡོད་དེ། འདི་ལྟར་རེ་རེའམ། གཉིས་གཉིས་སམ། གསུམ་གསུམ་མམ། བཞི་བཞི་བརྐུས་ཀྱི། ནམ་ཡང་ལྔར་མ་ཚང་ནའོ། །བཙུན་པ། དགེ་སློང་གིས་ཡོ་ Na144b བྱད་ཆེན་པོ་བདག་གིར་འདུ་ཤེས་པས་བླངས་ལ། རྐུ་སེམས་ཀྱིས་སྦས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དེ་སྟེ་རྐུ་སེམས་ཀྱིས་བླངས་ལ། བདག་གིར་འདུ་ཤེས་པས་སྦས་ན།་ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་ཅི་འདི་དེའི་འམ་ཞེས་ཐེ་ཚོམ་དང་ཡིད་གཉིས་ཀྱིས་དེ་བརྐུས་སམ། དེ་འདི་ཡིན་ནམ། དེ་འདི་མ་ཡིན་ཞེས་དེ་ཡང་བརྐུས་ན། ཅིར་འགྱུར། དངོས་པོ་ཇི་ལྟ་བ་བཞིན་ནོ། །བཙུན་པ། དགེ་སློང་གིས་ནུབ་ཀྱི་བ་ལང་སྤྱོད་ཀྱི་གླིང་དུ་མ་སྩལ་བར་བརྐུས་ན། ཅིར་འགྱུར། དེ་སྟེ་དེ་དག་གི་གྲངས་ལྟར་མ་ཤ་ལྔ་བརྐུས་ན། མཐར་འགྱུར་རོ། ། བཙུན་པ། ཤར་གྱི་ལུས་འཕགས་གླིང་དུ་མ་སྩལ་པར་བརྐུས་ན། ཅིར་འགྱུར། དེ་སྟེ་དེ་དག་གི་གྲངས་ལྟར་མ་ཤ་ལྔ་བརྐུས་ན། མཐར་འགྱུར་རོ། །བཙུན་པ། བྱང་གི་སྒྲ་མི་སྙན་གྱི་གླིང་དུ་མ་སྩལ་བར་བརྐུས་ན། ཅིར་འགྱུར། ཨུ་པ་ལ། དེ་མ་བྱིན་པར་ལེན་པ་མེད་དེ། དེ་སྟེ་རྐུ་སེམས་བསྐྱེད་ན། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་གཞན་གྱི་སླད་དུ་མ་སྩལ་བར་བརྐུས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །དེ་སྟེ་དེའི་ཡོན་ནོ། །སྙམ་དུ་སེམས་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ནས་མ་སྩལ་བར་བརྐུས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་ན། ཉེས་པ་སྦོམ་པོར་འགྱུར་རོ། །མི་ལ་མི་མ་ཡིན་པར་འདུ་ཤེས་ན། ཉེས་པ་སྦོམ་པོར་འགྱུར་རོ། །མི་ལ་མིར་འདུ་ཤེས་ན། མཐར་འགྱུར་ Na145a ༄#། །རོ། །མདོར་ན། མཆོད་རྟེན་རིང་བསྲེལ་གླེགས་བམ་དང ། དགེ་འདུན་བསྔོས་དང་གཅིག་ནས་གཅིག་།འདུ་ཤེས་གཉིས་དང་དེ་ལྟར་གནས། མ་རྙེད་ཁྱིམ་ནི་ཐ་མའོ། །བཙུན་པ།་དགེ་སློང་གིས་མཆོད་རྟེན་དང་མཆོད་རྟེན་གྱི་ཉེ་འཁོར་གྱི་རྒྱན་བརྐུས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་རིང་བསྲེལ་བརྐུས་ན། ཅིར་འགྱུར། མཐར་འགྱུར་རོ། །བཙུན་པ།་དགེ་སློང་གིས་གླེགས་བམ་བརྐུས་ན། ཅིར་འགྱུར། གླེགས་བམ་གྱི་རིན་ཐང་བརྩི་བར་བྱའོ། །བཙུན་པ། དགེ་སློང་གིས་ཕྱོགས་བཞིའི་དགེ་འདུན་གྱི་མ་སྩལ་བར་བརྐུས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་གང་ཟག་མང་པོ་རྣམས་ཀྱི་མ་སྩལ་བར་བརྐུས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་ཏེ། དེ་ལས་སོ་སོའི་སྐལ་པ་ལ་མ་ཤ་ལྔ་བྱུང་བ་བརྐུས་ན། མཐར་འགྱུར་རོ། །བཙུན་པ། དགེ་སློང་གིས་བསྔོས་པ་ལས་མ་སྩལ་བར་བརྐུས་ན། ཅིར་འགྱུར། མཐར་འགྱུར་རོ། །བཙུན་པ། དགེ་སློང་མང་པོས་གཅིག་ནས་གཅིག་ཏུ་བརྒྱུད་དེ་མ་སྩལ་བར་བརྐུས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །འོན་ཏེ་སོ་སོར་བགོས་ནས་ཇི་སྙེད་ཀྱིས་བདག་གིར་བྱས་པ་དེ་སྙེད་ལ་རིན་ཐང་བརྩི་བར་བྱའོ། །བཙུན་པ། དགེ་སློང་གིས་གཞན་གྱི་ལགས་པར་འདུ་ཤེས་ཏེ་མ་སྩལ་བར་བརྐུས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་ཡོངས་སུ་བཟུང་བ་ལ་ཡོངས་སུ་བཟུང་བར་འདུ་ཤེས་ཏེ་མ་སྩལ་བར་བརྐུས་ན། ཅིར་འགྱུར། མཐར་འགྱུར་རོ། །ཡོངས་ Na145b སུ་མ་བཟུང་བ་ལ་ཡོངས་སུ་མ་བཟུང་བར་འདུ་ཤེས་ཏེ་མ་སྩལ་བར་བརྐུས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །ཡོངས་སུ་བཟུང་བ་ལ་མ་བཟུང་བར་འདུ་ཤེས་ཏེ་མ་སྩལ་བར་བླངས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །ཡོངས་སུ་བཟུང་བ་ལ་ཡོངས་སུ་མ་བཟུང་བར་འདུ་ཤེས་ན། ཉེས་པ་མེད་དོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཡོ་བྱད་ཆེན་པོ་མ་བྱིན་པར་བརྐུས་ན། མཐའ་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་ཡོ་བྱད་ཆེན་པོ་མ་སྩལ་བར་བརྐུས་ན། མཐར་མི་འགྱུར་བ་མཆིས་སམ། ཡོད་དེ། གནས་གང་དུ་བཞག་པར་གྱུར་པའི་གནས་དེ་ཉིད་ནས་བརྐུས་པའོ། །བཙུན་པ། དགེ་སློང་གིས་རྙེད་པ་མི་དབང་བར་དེ་བདག་ཉིད་དབང་ངོ ། །ཞེས་དེ་སྐད་མཆིས་ན། ཅིར་འགྱུར། དེ་ཤེས་བཞིན་དུ་རྫུན་སྨྲས་པའི་ལྟུང་བའོ། །དེ་སྟེ་སེམས་ཉེ་བར་བཞག་པ་ཡིན་ན་ནི། ཉེས་པ་སྦོམ་པོར་འགྱུར་རོ། །མངོན་དུ་གྲུབ་ན། རིན་ཐང་བརྩི་བར་བྱའོ། །བཙུན་པ། དགེ་སློང་གཅིག་པུ་ཁྱིམ་དུ་ཞུགས་པ་ལས་མ་སྩལ་བར་བླངས་པའི་སླད་དུ་མཐར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་དགེ་སློང་གིས་མ་བྱིན་པར་བླངས་པའི་རྐྱེན་གྱིས་བརྐུ་བའི་ཕྱིར་བཤམས་ནས་ནང་དུ་ཞུགས་སམ། ནང་དུ་ཞུགས་ཏེ་བཤམས་ན། མཐར་འགྱུར་རོ། །དེ་བཞིན་དུ་བསླབ་པ་བྱིན་པ་དང ། དགེ་སློང་མ་ལ་ཡང་མཐར་འགྱུར་རོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ནི། ཉེས་བྱས་སོ། །མདོར་ན། བྱོལ་སོང་གསུམ་དང་ལས་སྲིད་དང ། །སྲེད་པ་མ་དང་བཞི་པ་དང ། །མངལ་གཉིས་དང་ནི་གསོ་བ་ Na146a ༄#། །དང ། །འདུ་ཤེས་དང་ནི་བཞི་པའོ། །བཙུན་པ། དགེ་སློང་གིས་སྔགས་སམ། སྨན་གྱིས་མི་བྱོལ་སོང་གི་སྐྱེ་གནས་སུ་བསྒྱུར་ཏེ་འཚོ་བ་དང་ཕྲལ་ན། ཅིར་འགྱུར། མཐར་འགྱུར་རོ། །བཙུན་པ། དགེ་སློང་གིས་སྔགས་སམ། སྨན་གྱིས་བདག་ཉིད་བྱོལ་སོང་གི་སྐྱེ་གནས་སུ་བསྒྱུར་ཏེ་མིའི་འཚོ་བ་དང་ཕྲལ་ན། ཅིར་འགྱུར། དེ་སྟེ་དགེ་སློང་དུ་འདུ་ཤེས་ཡོད་ན་མི་ཆགས་པར་བྱ་བ་ལ་ངེས་བྱེད་པས་ན། མཐར་འགྱུར་རོ། །དགེ་སློང་དུ་འདུ་ཤེས་མེད་ན། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་ཕ་དང་མ་འཚོ་བ་དང་ཕྲལ་ན། མཐར་ཡང་མི་འགྱུར་ལ། མཚམས་མེད་པའི་ཁ་ན་མ་ཐོ་བར་ཡང་མི་འགྱུར་བ་མཆིས་སམ། ཡོད་དེ། གང་གི་ཕ་མ་བྱོལ་སོང་གི་སྐྱེ་གནས་སུ་གྱུར་པའོ། །བཙུན་པ། དགེ་སློང་གིས་ཕ་བཀུམ་ཡང་མཐར་ཡང་མི་འགྱུར་ལ་མཚམས་མེད་པའི་ཁ་ན་མ་ཐོ་བར་ཡང་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ལས་ཀྱི་སྲིད་པ་ནི། མངོན་པར་སྐྱེད་པའི་ཕྱིར་ཕ་ཞེས་བྱ་བས་ན། དེ་སྟེ་ཟག་པ་དང་བཅས་པའི་ལས་ཀྱི་སྲིད་པ་བསད་པར་གྱུར་པའོ། །དགེ་སློང་གིས་མ་བཀུམ་ན། མཐར་ཡང་མི་འགྱུར་ལ། མཚམས་མེད་པའི་ཁ་ན་མ་ཐོ་བར་ཡང་མི་འགྱུར་བ་མཆིས་སམ། ཨུ་པ་ལི། སྲེད་པ་ནི། སྐྱེད་པའི་ཕྱིར་མ་ཞེས་བྱ་བས་ན། སྲེད་པ་བསད་པར་གྱུར་པའོ། །བཙུན་པ། དགེ་སློང་གིས་མ་དགུམ་པར་འཚལ་བ་ལས། བུད་མེད་གཞན་བཀུམ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། Na146b དགེ་སློང་གིས་བུད་མེད་གཞན་དགུམ་པར་འཚལ་བ་ལས་མ་བཀུམ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་མ་དགུམ་པར་བཤམས་པ་ལས་བུད་མེད་གཞན་འཚོ་བ་དང་ཕྲལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་བུད་མེད་གཞན་དགུམ་པར་བཤམས་པ་ལས་མིའི་འཚོ་བ་དང་ཕྲལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་མའི་བུད་མེད་ཀྱི་མངལ་དུ་བྱོལ་སོང་གི་སྐྱེ་གནས་བཀུམ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་བྱོལ་སོང་མའི་མངལ་དུ་མི་བཀུམ་ན། ཅིར་འགྱུར། དེ་སྟེ་མངལ་ན་མིར་འདུ་ཤེས་ན་ནི། མཐར་འགྱུར་རོ། །དེ་སྟེ་མ་ཡིན་ན། ལྟུང་བའོ། །བཙུན་པ། མ་ནི། སྐྱེད་པ་ལགས་ལ། གཞན་ནི། གསོ་བ་ལགས་ན། དེ་གཉིས་གང་འཚོ་བ་དང་བྲལ་ན། མཐར་ཡང་འགྱུར་ལ། མཚམས་མེད་པའི་ཁ་ན་མ་ཐོ་བར་ཡང་འགྱུར། གང་གིས་བསྐྱེད་པའོ། །བཙུན་པ། དགེ་སློང་གིས་མི་ལ་མིང་འདུ་ཤེས་ཏེ་བཀུམ་ན། ཅིར་འགྱུར། མཐར་འགྱུར་རོ། །མི་ལ་མི་མ་ལགས་པར་འདུ་ཤེས་ཏེ་བཀུམ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ཏེ་བཀུམ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ཏེ་བཀུམ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མདོར་ན། ཐེ་ཚོམ་རྣམ་པ་གཉིས་པ་དང ། །བདག་དང་དགྲ་བཅོམ་གཉིས་དེ་བཞིན། །རྐུན་པོ་གཉིས་དང་གཞན་ Na147a ༄#། །འདུ་ཤེས། །བདུན་པ་དང་ཡང་ཐ་མའོ། །བཙུན་པ། དགེ་སློང་གིས་དེ་འདི་ཡིན་ནམ། དེ་འདི་མ་ཡིན་ཞེས་ཡིད་གཉིས་དང་ཐེ་ཚོམ་འཚལ་བཞིན་དེ་ཡང་འཚོ་བ་དང་ཕྲལ་ན། ཅིར་འགྱུར། མཐར་འགྱུར་རོ། །བཙུན་པ། དགེ་སློང་གིས་བདག་ཉིད་འཚོ་བ་དང་ཕྲལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་ཕ་དང་མ་དགུམ་པར་བཤམས་ནས་བདག་ཉིད་བཀུམ་ན། ཅིར་འགྱུར། དེ་སྟེ་ཕ་དང་མ་སྔར་དུས་བྱས་ན་མཐར་ཡང་འགྱུར་ལ་མཚམས་མེད་པའི་ཁ་ན་མ་ཐོ་བར་ཡང་འགྱུར་རོ། །འོན་ཏེ་དེ་ཉིད་སྔར་དུས་བྱས་ན། ཉེས་པ་སྦོམ་པོར་འགྱུར་ཏེ། མཚམས་མེད་པའི་ཁ་ན་མ་ཐོ་བར་ཡང་མི་འགྱུར་རོ། །བཙུན་པ། དགེ་སློང་གིས་དགྲ་བཅོམ་པ་དགུམ་པར་འཚལ་བ་ལས་སོ་སོའི་སྐྱེ་བོ་ཞིག་བཀུམ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་སོ་སོའི་སྐྱེ་བོ་ཞིག་དགུམ་པར་འཚལ་བ་ལས་དགྲ་བཅོམ་པ་ཞིག་བཀུམ་ན་ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགྲ་བཅོམ་པ་དགུམ་པར་བཤམས་ནས་སོ་སོའི་སྐྱེ་བོ་ཞིག་བཀུམ་ན་ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། ། བཙུན་པ། དགེ་སློང་གིས་སོ་སོའི་སྐྱེ་བོ་ཞིག་དགུམ་པར་བཤམས་པ་ལས་དགྲ་བཅོམ་པ་འཚོ་བ་དང་ཕྲལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། རྐུན་པོ་ཞིག་དགུམ་པར་དཀྲི་བ་ལས་བྲོས་ཏེ། དེ་ལ་གྲོང་གི་སྙེགས་མའམ། རྒྱལ་པོའི་སྙེགས་མ་ཡང་རུང ། ཕྱི་བཞིན་དུ་སྙེགས་པ་དང ། དགེ་སློང་ཞིག་ཤུལ་གྱི་མདུན་ནས་མཆི་བ་དེ་ལ། དེ་དག་གིས་ཁྱོད་ཀྱིས་རྐུན་པོ་ཞིག་བྲོས་པ་མཐོང་ངམ་ཞེས་དྲིས་པ་དང ། དགེ་སློང་དེས་རྐུན་པོ་དེ་ལ་གསོད་སེམས་ Na147b ཉེ་བར་གནས་པར་གྱུར་ནས་དེས་དེ་དག་ལ་བསྟན་ན། ཅིར་འགྱུར། མཐར་འགྱུར་རོ། །བཙུན་པ། རྐུན་པོ་ཞིག་དགུམ་པར་དཀྲི་བ་ལས་བྲོས་ཏེ། དེ་ལ་གྲོང་གི་སྙེགས་མའམ། རྒྱལ་པོའི་སྙེགས་མ་ཡང་རུང ། ཕྱི་བཞིན་དུ་བསྙེགས་པ་དང ། དགེ་སློང་ཞིག་ཀྱང་ཤུལ་གྱི་མདུན་ནས་མཆི་བ་དེ་ལ་དེ་དག་གིས་ཁྱོད་ཀྱིས་རྐུན་པོ་ཞིག་བྲོས་པ་མཐོང་ངམ་ཞེས་དྲིས་པ་དང ། དགེ་སློང་དེས་རྐུན་པོ་དེ་ལ་ཡང་གསོད་སེམས་ཉེ་བར་གནས་པར་གྱུར་ཏེ། དེས་དེ་དག་མ་བསྟན་ནས་དེ་དག་གི་འཚོ་བ་དང་ཕྲལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། གཉིས་ལྷན་ཅིག་མཆིས་པ་ལ་གཞན་དགུམ་མོ། །སྙམ་པ་ལས་གཞན་བཀུམ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བསྙེན་པར་མ་རྫོགས་པར་དགུམ་པར་བཤམས་ཏེ་བསྙེན་པར་རྫོགས་པར་བཀུམ་ན། ཅིར་འགྱུར། ཉེས་བྱས་སོ་།བསྙེན་པར་མ་རྫོགས་པར་དགུམ་པར་བཤམས་པ་ལས། བསྙེན་པར་རྫོགས་ཀར་བཀུམ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་དགུམ་པར་བཤམས་པ་ལས་བསྙེན་པར་རྫོགས་ཏེ་བཀུམ་ན། ཅིར་འགྱུར། མཐར་འགྱུར་རོ། །བསྙེན་པར་རྫོགས་ཀར་དགུམ་པར་བཤམས་ཏེ་བསྙེན་པར་རྫོགས་ཀར་བཀུམ་ན། ཅིར་འགྱུར། །ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་དགུམ་པར་བཤམས་ཏེ་བསྙེན་པར་རྫོགས་ནས་བཀུམ་ན། ཅིར་འགྱུར། མཐར་འགྱུར་རོ། །བསྙེན་པར་རྫོགས་ནས་དགུམ་པར་བཤམས་པ་ལས། བསྙེན་པར་རྫོགས་ནས་བཀུམ་ན། ཅིར་འགྱུར། མཐར་འགྱུར་རོ། །བསྙེན་པར་རྫོགས་ནས་དགུམ་པར་བཤམས་པ་ལས། བསྙེན་པར་མ་རྫོགས་པར་བཀུམ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་ Na148a ༄#། །རོ། །བཙུན་པ། དགེ་སློང་གཅིག་པུ་འཚོ་བ་དང་དབྲལ་བའི་སླད་དུ་ཁྱིམ་དུ་ཞུགས་ན། མཐར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་དགེ་སློང་དེས་གསད་པར་བཤམས་ནས་ནང་དུ་ཞུགས་པའོ། །ཇི་ལྟར་དགེ་སློང་གིས་འཚོ་བ་དང་ཕྲལ་བའི་རྐྱེན་གྱིས་མཐར་གྱུར་པ་དེ་བཞིན་དུ་བསླབ་པ་བྱིན་པ་དང ། དགེ་སློང་མ་ལ་ཡང་མཐར་འགྱུར་རོ། །དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་རྣམས་ལ་ཉེས་བྱས་སོ། །མདོར་ན། དག་དང་སྟོན་པ་རྣམ་པར་གཟིགས། །མི་སློབ་སློབ་དཔོན་ཉོན་མོངས་དང ། །ཉམས་དང་གྲོལ་དང་འཇིགས་པ་དང ། སྐྱེ་དང་རྙེད་དང་འདི་འདྲ་བའོ། །བཙུན་པ། དགེ་སློང་གིས་འདི་སྐད་དུ་བདག་ནི། དག་པའོ། །ཞེས་མཆི་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་འདི་སྐད་དུ་བདག་ནི། སྟོན་པའོ། །ཞེས་མཆི་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་འདི་སྐད་དུ་བདག་ནི། རྣམ་པར་གཟིགས་དང ། སྤྱི་ཏོར་དང ། གསོད་སྐྱབས་དང ། ལོག་པ་དང་སེལ་དང ། གསེར་ཐུབ་དང ། འོད་སྲུང་རྣམས་ཀྱི་ཉན་ཐོས་པའོ། །ཞེས་མཆི་ན། ཅིར་འགྱུར། དེ་སྟེ་སྔོན་གྱི་གནས་སུ་ལུང་སྟོན་ན་ནི། མཐར་འགྱུར་རོ། །འོན་ཏེ་དེས་འདི་སྐད་དུ་གང་གི་ཚེ་ཤཱཀྱ་ཐུབ་པ་ལ་སྐྱབས་སུ་སོང་བ་ནས་བཟུང་སྟེ་ཡང་དག་པར་རྫོགས་པའི་སངས་རྒྱས་ཐམས་ཅད་ལ་སྐྱབས་སུ་སོང་ངོ ། །ཞེས་སྨྲས་ན། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་འདི་སྐད་དུ་ Na148b བདག་ནི། མི་སློབ་པའོ། །ཞེས་མཆི་ན། ཅིར་འགྱུར། དེ་སྟེ་ཉོན་མོངས་པ་སྤངས་པར་ལུང་སྟོན་ན། མཐར་འགྱུར་རོ། །འོན་ཏེ་དེ་འདི་སྐད་དུ་བདག་བཟོ་གང་ཡང་མི་སློབ་པའོ། །ཞེས་སྨྲས་ན། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་འདི་སྐད་དུ་བདག་ནི། སློབ་པའོ། །ཞེས་མཆི་ན། ཅིར་འགྱུར། དེ་སྟེ་སློབ་པའི་སྤྱོད་པར་ལུང་སྟོན་ན། མཐར་འགྱུར་རོ། །འོན་ཏེ་དེ་འདི་སྐད་དུ་མཚུངས་པར་སྤྱོད་པ་ལ་སློབ་བོ། །ཞེས་སྨྲས་ན། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་འདི་སྐད་དུ་བདག་ལ་ཉོན་མོངས་པ་མེད་དོ། །ཞེས་མཆི་ན། ཅིར་འགྱུར། དེ་སྟེ་ཉོན་མོངས་པ་སྤངས་པར་ལུང་སྟོན་ན། མཐར་འགྱུར་རོ། །འོན་ཏེ་འདི་སྐད་དུ་བདག་ལ་ལྷུང་བཟེད་དམ། ཆོས་གོས་སམ། དགེ་སློང་གི་འཚོ་བའི་ཡོ་བྱད་གང་ཡང་རུང་བ་རྣམས་མེད་དོ། །ཞེས་སྨྲས་ན། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ།་དགེ་སློང་གིས་འདི་སྐད་དུ་བདག་ནི། ཉམས་པའོ། །ཞེས་མཆི་ན། ཅིར་འགྱུར། དེ་སྟེ་འདི་སྐད་དུ་དགེ་སྦྱོང་གི་འབྲས་བུ་ལས་ཉམས་པའོ། །ཞེས་སྨྲས་ན། མཐར་འགྱུར་རོ། །བཙུན་པ། དགེ་སློང་གིས་འདི་སྐད་དུ་བདག་ནི། གྲོལ་བའོ། །ཞེས་མཆི་ན། ཅིར་འགྱུར། དེ་སྟེ་འདི་སྐད་དུ་བདག་ནི། སྦྱོར་བ་དང ། བཅིངས་པ་དང ། བག་ལ་ཉལ་བ་དང ། ཉེ་བའི་ཉོན་མོངས་པ་དང ། ཀུན་ནས་དཀྲིས་ཏེ་འདས་པ་ལས་གྲོལ་ལོ།། ཞེས་སྨྲས་ན། མཐར་འགྱུར་རོ། །བཙུན་པ། དགེ་སློང་གིས་འདི་སྐད་དུ་བདག་ལ་འཇིགས་པ་མེད་དོ། །ཞེས་མཆི་ན། ཅིར་འགྱུར། དེ་སྟེ་འཇིགས་པ་སྤངས་པར་ལུང་སྟོན་ན། མཐར་འགྱུར་རོ། །དེ་སྟེ་འཇིག་རྟེན་ Na149a ༄#། །པས་ཅུང་ཟད་ཀྱང་མི་འཇིགས་སོ། །ཞེས་མཆི་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་འདི་སྐད་དུ་འདི་ནི། བདག་གི་སྐྱེ་བ་ཐ་མའོ། །ཞེས་མཆི་ན།་ཅིར་འགྱུར། དེ་སྟེ་སྐྱེ་བ་ཟད་པར་ལུང་སྟོན་ན། མཐར་འགྱུར་རོ། །འོན་ཏེ་དེ་འདི་སྐད་དུ་སྐྱེ་བ་ཟད། འགགས། བྲལ། རྣམ་པར་བྲལ་བ་སྟེ། དེ་ལྟར་འདི་ནི། སྐྱེ་བའི་ཐ་མའོ། །ཞེས་སྨྲས་ན། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་འདི་སྐད་དུ་བདག་གིས་རབ་ཏུ་ཐོབ་བོ། །ཞེས་མཆི་ན། ཅིར་འགྱུར། དེ་སྟེ་དགེ་སློང་གི་འབྲས་བུ་ཐོབ་བོ། །ཞེས་སྨྲས་ན། མཐར་འགྱུར་རོ། །འོན་ཏེ་འཇིག་རྟེན་གྱི་དངོས་པོར་ལུང་སྟོན་ན། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་འདི་སྐད་དུ། ཨེ་མའོ། །བདག་ཅི་འདྲ་བ་དེ་འདྲ་བར་ཁྱོད་གྱུར་པ་ངོ་མཚར་ཆེའོ། །ཞེས་མཆི་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མདོར་ན། མ་སྨིན་བཟོད་དང་རང་བྲིས་དང ། །སྤངས་དང་འབྲས་བུ་གཉིས་པ་དང ། འདུ་ཤེས་བཞི་དང་ཐོབ་བྱ་དང ། །འཇིག་རྟེན་གྱི་ནི་ཐ་མའོ། །བཙུན་པ། དགེ་སློང་གིས་དེ་ལ་ཚེ་དང་ལྡན་པ་ཁྱོད་ཟག་པ་ཟད་པའི་འབྲས་བུ་ཡོད་དམ་ཞེས་དྲིས་པ་དང ། དེས་ཀྱང་ཞིབ་ཏུ་ཤིང་ཐོག་མ་སྨིན་པ་ཞིག་བཅངས་པར་གྱུར་ནས་དེ་འདི་སྐད་དུ་མ་སྨིན་ཏོ། །ཞེས་མཆི་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་འདི་སྐད་དུ་རྒྱུན་དུ་ཞུགས་པའི་འབྲས་བུ་དང ། ལན་གཅིག་ཕྱིར་འོང་བ་དང ། ཕྱིར་མི་འོང་བ་དང ། མཆོག་གི་འབྲས་བུ་བདག་གིས་ཐོབ་བོ། ། Na149b ཞེས་མཆི་ན། ཅིར་འགྱུར། མཐར་འགྱུར་རོ། །བཙུན་པ། དགེ་སློང་གིས་བདག་ཉིད་ཀྱིས་བྲིས་ལ་འདི་སྐད་དུ་བདག་དགྲ་བཅོམ་པའོ། །ཞེས་འདི་སུས་བྲིས་ཞེས་མཆིས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་ལ་ཁྱིམ་བདག་ཅིག་གིས་ཁྱོད་ཀྱིས་འབྲས་བུ་ཐོབ་བོ། །ཞེས་དྲིས་པ་དང ། དེས་ཀྱང་མེ་ཏོག་དང ། འབྲས་བུ་སྨིན་པ་རྣམས་བཅངས་ནས་དེ་འདི་སྐད་དུ་མ་སྨིན་ནོ། །ཞེས་མཆི་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་འདི་སྐད་དུ་བདག་ནི། ཉམས་སོ། །ཞེས་མཆི་ན། ཅིར་འགྱུར། དེ་སྟེ་ཐོབ་པ་ལས་ཉམས་པར་ལུང་སྟོན་ན། མཐར་འགྱུར་རོ། །བཙུན་པ། དགེ་སློང་གིས་བདག་ནི། རྒྱུན་ཏུ་ཞུགས་པ་དང ། ལན་གཅིག་ཕྱིར་འོང་བ་དང ། ཕྱིར་མི་འོང་བ་དང ། དགྲ་བཅོམ་པ་རྣམས་མ་ཡིན་ནོ། །ཞེས་མཆི་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་འགྲོ་བ་ཞེས་བྱ་བའི་རི་ལ་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་བོ། །རི་དགུ་པོ་ཞེས་བྱ་བའི་ངོས་ལ་ལན་གཅིག་ཕྱིར་འོང་བའི་འབྲས་བུ། བྱ་རྒོད་སྤུངས་པ་ཞེས་བྱ་བ་ལ་ཕྱིར་མི་འོང་བའི་འབྲས་བུ། འོད་མའི་ཚལ་དུ་མཆོག་གི་འབྲས་བུ་ཐོབ་བོ། །ཞེས་མཆི་ན། ཅིར་འགྱུར། མཐར་འགྱུར་རོ། །བཙུན་པ། དགེ་སློང་གིས་མི་ལ་མི་མ་ལགས་པར་འདུ་ཤེས་ཏེ་མི་ལས་བླ་མར་གྱུར་པའི་ཆོས་ཤིག་ལུང་སྟོན་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་ན། ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ཡིན་པ་ལ་མི་མ་ཡིན་པར་འདུ་ཤེས་ Na150a ༄#། །ན།་ཉེས་པ་སྦོམ་པོར་འགྱུར་རོ། །མི་ལ་མིར་འདུ་ཤེས་ན། མཐར་འགྱུར་རོ། །བཙུན་པ། དགེ་སློང་གིས་འདི་སྐད་དུ་ཉན་ཐོས་ཀྱིས་ཐོབ་པར་བྱ་བ་གང་ཡིན་པ་དེ། བདག་གིས་ཐོབ་བོ། །ཞེས་མཆི་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་འདི་སྐད་དུ་དེང་བདག་གིས་འཇིག་རྟེན་གྱི་བསམ་གཏན་ལ་སྙོམས་པར་མ་ཞུགས་ཏེ། སྲོད་ལ་ནི། མ་ཡིན། དེ་ཕན་ཆད་མ་ཡིན་ནོ། །ཞེས་མཆི་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་འདི་སྐད་དུ། ལུང་བསྟན་གྱི། ཚུར་ཤོག་ཅེས་མཆི་ན། ཅིར་འགྱུར།་ཉེས་པ་སྦོམ་པོར་འགྱུར་རོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཞིག་ཟེར་དང་གཅིག་ནས་གཅིག་།སྨྱོན་པ་གང་དང་སེམས་འཁྲུགས་དང ། །ན་བ་འོན་པ་གླེན་པ་འོ། །བཙུན་པ། དགེ་སློང་གིས་ཕོ་ཉ་ལས་མི་ལས་བླ་མར་གྱུར་པའི་ཆོས་སྨྲས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ལ་བསྒོ་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་ན། ཐམས་ཅད་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་སྨྱོན་པ་ཞིག་ལ་མི་ལས་བླ་མར་གྱུར་པའི་ཆོས་སྨྲས་ནས། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། འོན་པ་དང ། གླེན་པ་ཐམས་ཅད་ལ་ཉེས་པ་སྦོམ་པོར་འགྱུར་རོ། །མདོར་ན། གཉིད་ལོག་ Na150b ར་རོ་རབ་མྱོས་དང ། །སྙོམས་ཞུགས་འགྲོ་བ་དེ་བཞིན་ཏེ། །སྐད་དང་ལུས་དང་དབེན་པ་སྔགས། །གཞན་གྱིས་གཞན་ལ་ཐ་མའོ། །བཙུན་པ། དགེ་སློང་གིས་གཉིད་ཀྱིས་ལོག་པ་ཞིག་གི་དྲུང་དུ་མི་ལས་བླ་མར་གྱུར་པའི་ཆོས་སྨྲས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་ར་རོ་བ་དང ། མྱོས་པ་དང ། འགྲོ་བ་གཞན་དུ་གྱུར་པ་རྣམས་ཀྱི་དྲུང་དུ་སྨྲས་པ་ཐམས་ཅད་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་འཕགས་པས་འཕགས་པའི་སྐད་དུ་དགེ་སློང་ཞིག་ལ་མི་ལས་བླ་མར་གྱུར་པའི་ཆོས་སྨྲས་ན། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །འཕགས་པ་ཞིག་གིས་མཐའ་འཁོབ་པའི་སྐད་དུ་སྨྲས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མཐའ་འཁོབ་པ་ཞིག་གིས་མཐའ་འཁོབ་པའི་སྐད་དུ་སྨྲས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། ། མཐའ་འཁོབ་པ་ཞིག་གིས་འཕགས་པའི་སྐད་དུ་མི་ལས་བླ་མར་གྱུར་པའི་ཆོས་སྨྲས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། ། བཙུན་པ། དགེ་སློང་གིས་ལུས་ཀྱི་དམིགས་བས་མི་ལས་བླ་མར་གྱུར་པའི་ཆོས་སྟོན་ན། ཅིར་གྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་དབེན་པ་ལ་མི་དབེན་པར་འདུ་ Na151a ༄#། །ཤེས་ཏེ་མི་ལས་བླ་མར་གྱུར་པའི་ཆོས་སྨྲས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་སྔགས་སམ། སྨན་གྱིས་བདག་ཉིད་མི་སྣང་བར་བགྱིས་ཏེ་མི་ལས་བླ་མར་གྱུར་པའི་ཆོས་སྨྲས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་གཞན་ལས་མི་ལས་བླ་མར་གྱུར་པའི་ཆོས་སྨྲས་ན།་ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་གཞན་ཞིག་གི་སླད་དུ་མི་ལས་བླ་མར་གྱུར་པའི་ཆོས་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །ཇི་ལྟར་དགེ་སློང་གིས་སྨྲས་པའི་རྐྱེན་གྱིས་མཐར་གྱུར་པ་དེ་བཞིན་དུ་བསླབ་པ་བྱིན་པ་དང ། དགེ་སློང་མ་རྣམས་ཀྱི་ཡང་མཐར་འགྱུར། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སོ། །ུ་པ་ལིས་ཞུས་པའི་ནང་ནས་ཕས་ཕམ་པ་དང་ལྡན་པ་རྫོགས་སོ།། །།མདོར་ན། མ་ལོག་སྦུ་བུ་དེ་བཞིན་གཡོས། །མི་རྩོལ་མེད་པ་རྣམས་དང་མཚན། །གཞན་དང་བདུན་ནི་དེ་བཞིན་ཏེ། །སྡེར་བཅས་བསྡུས་པར་གྱུར་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། གཉིད་ཀྱིས་མ་ལོག་པར་བརྩལ་ནས་ལོག་སྟེ་ཁུ་བ་བྱུང་ན། ཅིར་འགྱུར། ཉེས་པ་སྦོམ་པར་འགྱུར་རོ། །བཙུན་པ། གཉིད་ཀྱིས་ལོག་པའི་ཚེ་བརྩལ་ནས་མ་ལོག་པའི་ཚེ་ཁུ་བ་བྱུང་ན། ཅིར་ Na151b འགྱུར། དེ་སྟེ་བརྩལ་ན། ཉེས་པ་སྦོམ་པོར་འགྱུར་རོ། །མ་བརྩལ་ན། ཉེས་པ་མེད་དོ། །བཙུན་པས་ནི། སྤུ་བུར་འོངས་པའི་ཁུ་བ་ཕྱུང་ན། ཉེས་པ་སྦོམ་པོའོ། །ཞེས་གསུངས་ན། ཇི་ཙམ་གྱིས་ན། སྦུ་བུར་མཆིས་པ་ལགས། གནས་ནས་འཕགས་མ་ཐག་ཏུ་སྦུ་བུར་བཀག་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གཡོས་པ་ལས་བཀག་པའོ། །ཞེས་གསུངས་ཏེ། ཇི་ཙམ་གྱིས་ན་གཡོས་པ་ལས་བཀག་པ་ལགས། གནས་ནས་གཡོས་མ་ཐག་ཏུ་བཀག་པའོ། །བཙུན་པ། མ་བརྩལ་བར་ཁུ་བ་བྱུང་ན། ཅིར་འགྱུར། དེ་སྟེ་དགའ་བར་མ་ཚོར་ན། ཉེས་པ་མེད་དོ། །བཙུན་པ།་དགེ་སློང་གིས་ཁུ་བ་འབྱིན་པ་ལས་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མ་ལས་བྱུང་བའི་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་མ་ཞིག་ཁུ་བ་འབྱིན་པ་ལས་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བ་ལས་བྱུང་བའི་ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཞན་གྱི་ཕོ་མཚན་ལས་ཁུ་བ་ཕྱུང་ན། ཅིར་འགྱུར། ཉེས་པ་སྦོམ་པར་འགྱུར་རོ། །བཙུན་པ། བསྙེན་པར་མ་རྫོགས་པར་བརྩལ་ནས་བསྙེན་པར་མ་རྫོགས་པར་ཕྱུང་ན། ཅིར་འགྱུར། །ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བརྩལ་ནས་བསྙེན་པར་རྫོགས་ཀར་བྱུང་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བརྩལ་ནས་བསྙེན་པར་རྫོགས་ནས་ཕྱུང་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །བསྙེན་པར་རྫོགས་ Na152a ༄#། །ཀར་བརྩལ་ནས་བསྙེན་པར་རྫོགས་ཀར་ཕྱུང་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བརྩལ་ནས་བསྙེན་པར་རྫོགས་པ་དང་ཕྱུང་ན། ཅིར་འགྱུར། དགེ་འདུན་ལྷག་མའོ། །བསྙེན་པར་རྫོགས་ཏེ་བརྩལ་ནས་བསྙེན་པར་རྫོགས་ནས་ཕྱུང་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །བསྙེན་པར་རྫོགས་ནས་བརྩམས་ཏེ་བསྙེན་པར་མ་རྫོགས་པར་ཕྱུང་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །ཇི་ལྟར་དགེ་སློང་ཁུ་བ་ཕྱུང་བའི་རྐྱེན་གྱིས་དགེ་འདུན་གྱི་ལྷག་མར་གྱུར་པ་དེ་བཞིན་དུ་བསླབ་པ་བྱིན་པ་ལ་ཡང་དགེ་འདུན་གྱི་ལྷག་མའོ། །དགེ་སློང་མ་ལ་ནི་ཇི་ལྟར་དངོས་པོ་བཞིན་ནོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ནི། ཉེས་བྱས་སོ། །མདོར་ན། ལུས་དང་ཐེ་ཚོམ་སོ་དང་ནི། །རྨ་སྤུ་སེན་མོ་དེ་བཞིན་ཏེ། །བཞི་པ་གཉིས་དང་བདུན་པ་རྣམས། །སྡེ་ཚན་དག་ཏུ་བསྡུས་པའོ། །བཙུན་པ། བུད་མེད་ཀྱི་དབང་པོ་ཉམས་པ་དེ་དང་ལྷན་ཅིག་ཏུ་དགེ་སློང་གིས་ལུས་ཀྱིས་ཀུན་ཏུ་རེག་པར་བགྱིད་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་ལུས་ཀྱི་དབང་པོ་ཉམས་པར་གྱུར་པ་ཞིག་གིས་བུད་མེད་དང་ལྷན་ཅིག་ཏུ་ལུས་ཀྱིས་ཀུན་ཏུ་རེག་པར་བགྱིད་ན། ཅིར་འགྱུར་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། གཉིས་ཀའི་ལུས་ཀྱི་དབང་པོ་ཉམས་པར་གྱུར་པ་དེ་གཉིས་གཅིག་ལ་གཅིག་ཀུན་ཏུ་རེག་པར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་ Na152b པ།་དགེ་སློང་གིས་འདི་བུད་མེད་ལ་བུད་མེད་མ་ལགས་ཞེས་ཐེ་ཚོམ་དང ། ཡིད་གཉིས་དང ། དོགས་པ་སྐྱེས་བཞིན་དུ་དེ་དེ་དང་ལྷན་ཅིག་ཏུ་ལུས་ཀྱིས་ཀུན་ཏུ་རེག་པར་བགྱིད་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། སོས་རེག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། སོ་ལ་རེག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ།་རྨས་རེག་ན་ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། སྤུས་རེག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། སྤུ་ལ་རེག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། སེན་མོ་ལ་རེག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། སེན་མོས་རེག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་མིའི་བུད་མེད་ལ་མིར་འདུ་ཤེས་ཏེ་རེག་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །མི་ལ་མི་མ་ཡིན་པར་འདུ་ཤེས་ཏེ་རེག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། ། མི་མ་ལགས་པ་ལ་མིར་འདུ་ཤེས་ཏེ་རེག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ཏེ་རེག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་གཡོགས་པ་ལ་གཡོགས་པར་འདུ་ཤེས་ཏེ་རེག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །གཡོགས་པ་ལ་མ་གཡོགས་པར་འདུ་ཤེས་ Na153a ༄#། །ཏེ་རེག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མ་གཡོགས་པ་ལ་གཡོགས་པར་འདུ་ཤེས་ཏེ་རེག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མ་གཡོགས་པ་ལ་མ་གཡོགས་པར་འདུ་ཤེས་ཏེ་རེག་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །བཙུན་པ། བསྙེན་པར་མ་རྫོགས་པར་ལུས་ཀྱིས་ཀུན་ཏུ་རེག་པར་བཤམས་ནས་བསྙེན་པར་མ་རྫོགས་པར་རེག་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བཤམས་ལ་བསྙེན་པར་རྫོགས་ཀར་རེག་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བཤམས་ལ་བསྙེན་པར་རྫོགས་པ་དང་རེག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ཀར་རེག་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ནས་རེག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བསྙེན་པར་རྫོགས་ནས་བཤམས་ལ་བསྙེན་པར་རྫོགས་པ་ན་རེག་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །བསྙེན་པར་རྫོགས་ནས་བཤམས་ལ་བསྙེན་པར་མ་རྫོགས་པར་རེག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། ། མདོར་ན། གཞན་དུ་འདུ་ཤེས་རོ་རུས་པ། །མཚན་དང་སྐྱེས་པ་མཉེན་པ་དང ། །མ་ནིང་ཕ་དང་མ་ནིང་མ། །སྙོམས་ཞུགས་ཉལ་དང་འགྲོ་བའོ། །བཙུན་པ། དགེ་སློང་གིས་བུད་ Na153b མེད་གཞན་ཞིག་ལ་ཆགས་པ་ལས་གཞན་དང་ལྷན་ཅིག་ཏུ་ལུས་ཀྱིས་ཀུན་ཏུ་རེག་པར་བགྱིད་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། བུད་མེད་ཀྱི་རོ་དང་ལྷན་ཅིག་ཏུ་རེག་ན།་ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། བུད་མེད་ཀྱི་ཀེང་རུས་ཤ་མེད་པ་ལ་རེག་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བུད་མེད་དང་ལྷན་ཅིག་ཏུ་ལུས་ཀྱིས་ཀུན་ཏུ་རེག་པར་བགྱིད་པ་ལས། དེའི་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་མས་སྐྱེས་པ་དང་ལྷན་ཅིག་ཏུ་ལུས་ཀྱིས་ཀུན་ཏུ་རེག་པར་བགྱིད་པ་ལས། མཚན་འཕོས་ཏེ་དགེ་སློང་ཕར་གྱུར་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་སྐྱེས་པ་དང་ལྷན་ཅིག་ཏུ་ལུས་ཀྱིས་ཀུན་ཏུ་རེག་པར་བགྱིད་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་འཇམ་མམ་སྙམ་དུ་བསམ་སྟེ་རེག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མཉེན་ནམ། དྲོའམ་སྙམ་དུ་བསམ་པའང་དེ་བཞིན་ནོ། །བཙུན་པ། དགེ་སློང་གིས་མ་ནིང་ཕ་དང་ལྷན་ཅིག་ཏུ་རེག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མ་ནིང་མ་དང་ལྷན་ཅིག་ཏུ་རེག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་སྙོམས་པར་ཞུགས་པ་མོ་དང་ལྷན་ཅིག་ཏུ་རེག་ན། ཅིར་འགྱུར། དགེ་ Na154a ༄#། །འདུན་གྱི་ལྷག་མའོ། །བཙུན་པ། དགེ་སློང་གིས་བུད་མེད་ཉལ་བ་དང་ལྷན་ཅིག་ཏུ་རེག་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །བཙུན་པ། དགེ་སློང་གིས་འགྲོ་བ་གཞན་དུ་གནས་པ་མོ་དང་ལྷན་ཅིག་ཏུ་རེག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །ཇི་ལྟར་དགེ་སློང་གིས་ལུས་ཀྱིས་ཀུན་ཏུ་རེག་པར་བྱས་པ་ལས་དགེ་འདུན་གྱི་ལྷག་མར་གྱུར་པ་དེ་བཞིན་དུ་བསླབ་པ་བྱིན་པ་ལ་ཡང་དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་མ་རྣམས་ལ་ནི། ཕས་ཕམ་པར་འགྱུར་རོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སོ། །མདོར་ན། སྐད་དང་ལུས་དང་དབེན་སྔགས་དང ། །གཞན་ལས་གཞན་ཕྱིར་སྤྲུལ་པ་དང ། །འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཞིག་ཟེར་དང་བདུན་པ་སྟེ། །བསྒོ་བ་མ་ནིང་སྐྱེས་པ་དང ། །མ་ནིང་བཟང་དང་སྡིག་ཅན་ནོ། །བཙུན་པ། དགེ་སློང་འཕགས་པ་ཞིག་གིས་འཕགས་པའི་སྐད་དུ་བུད་མེད་ལ་གནས་ངན་ལེན་གྱིས་ཚིག་སྨྲས་པ་ལས་བུད་མེད་དེས་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །འཕགས་པས་མཐའ་ལ་འཁོབ་པའི་སྐད་དུ་སྨྲས་པ་དང ། བུད་མེད་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་ Na154b སྨྲས་པ་དང ། བུད་མེད་ངེས་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་བུད་མེད་ལ་གནས་ངན་ལེན་གྱི་སྐད་དུ་སྨྲས་པ་དང ། བུད་མེད་ངེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་བུད་མེད་ལ་ལུས་ཀྱི་དམིགས་པས་གནས་ངན་ལེན་པའི་ཚིག་བུད་མེད་ལ་སྨྲས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་དབེན་པ་ལ་དབེན་པར་འདུ་ཤེས་ཏེ་བུད་མེད་ལ་གནས་ངན་ལེན་གྱི་ཚིག་སྨྲས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་སྔགས་སམ། སྨན་གྱིས་བདག་ཉིད་མི་སྣང་བར་བགྱིས་ཏེ་བུད་མེད་ལ་གནས་ངན་ལེན་གྱི་ཚིག་སྨྲས་ན། ཅིར་འགྱུར་ཉེས་པོ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་བུད་མེད་ལ་གཞན་ཞིག་སྨྲར་བཅུག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་བུད་མེད་ལ་གཞན་གྱི་སླད་དུ་གནས་ངན་ལེན་གྱི་ཚིག་སྨྲས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་སྤྲུལ་པའི་བུད་མེད་ལ་གནས་ངན་ལེན་གྱི་ཚིག་སྨྲས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གི་བུད་མེད་ལ་འཕྲིན་པ་སྨྲར་བཅུག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་ Na155a ༄#། །དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། བསྙེན་པར་མ་རྫོགས་པས་གནས་ངན་ལེན་གྱི་ཚིག་བཤམས་ལ་བསྙེན་པར་མ་རྫོགས་པར་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བཤམས་ནས་བསྙེན་པར་རྫོགས་ཀར་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བཤམས་ནས་བསྙེན་པར་རྫོགས་ཏེ་སྨྲས་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །བསྙེན་པར་རྫོགས་ཀར་བཤམས་ནས་བསྙེན་པར་རྫོགས་ཀར་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ནས་བསྙེན་པར་རྫོགས་ཏེ་སྨྲས་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །བསྙེན་པར་རྫོགས་ནས་བཤམས་ཏེ་བསྙེན་པར་རྫོགས་པར་སྨྲས་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །བསྙེན་པར་རྫོགས་ཏེ་བཤམས་ནས་བསྙེན་པར་མ་རྫོགས་པ་ན་སྨྲས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་བུད་མེད་ལ་འདི་སྐད་དུ་ཆེ་ཞེ། མཉམ་པར་བགོས་ཤིག་།ཅེས་སྨྲས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ།་དགེ་སློང་གིས་མ་ནིང་ལ་སྨྲས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །སྐྱེས་པ་ལ་སྨྲས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མ་ནིང་མོ་ལ་སྨྲས་ན། ཅིར་ Na155b འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་བུད་མེད་ལ་འདི་སྐད་དུ་བཟང་ངོ ། །ཞེས་སྨྲས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་བུད་མེད་ལ་འདི་སྐད་དུ་སྡིག་ཅན་ནོ། །ཞེས་སྨྲས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མདོར་ན། སྨྱོན་མ་དང་ཡང་སེམས་འཁྲུགས་སམ། །ན་བ་འོན་མ་གླེན་མ་དང ། གཉིད་ལོག་ར་རོ་མྱོས་མ་དང ། །དགེ་སློང་མ་དང་སྙོམས་ཞུགས་སམ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། དགེ་སློང་གིས་བུད་མེད་སྨྱོན་མ་ལ་གནས་ངན་ལེན་གྱི་ཚིག་སྨྲས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་ཏེ། སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། འོན་མ་དང ། གླེན་མ་དང ། གཉིད་ལོག་པ་དང ། །ར་རོ་པ་དང ། མྱོས་མ་རྣམས་ལ་ཡང་དེ་བཞིན་ནོ། །བཙུན་པ། དགེ་སློང་གིས་བུད་མེད་ལ་གནས་ངན་ལེན་གྱི་ཚིག་སྨྲ་བ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་མས་སྐྱེས་པ་ལ་གནས་ངན་ལེན་གྱི་ཚིག་སྨྲ་བ་ན། མཚན་འཕོས་ཏེ་དགེ་སློང་ཕར་གྱུར་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་བུད་མེད་ལ་གནས་ངན་ལེན་གྱི་ཚིག་སྨྲས་ན། དགེ་འདུན་གྱི་ལྷག་མའོ། །ཞེས་གསུངས་ན། དགེ་སློང་གིས་བུད་མེད་ལ་གནས་ Na156a ༄#། །ངན་ལེན་གྱི་ཚིག་ཏུ་སྨྲ་བ་ལ་དགེ་འདུན་གྱི་ལྷག་མར་མི་འགྱུར་བ་མཆིས་སམ། ཡོད་དེ། དེ་སྟེ་གཞན་གྱི་ཕྱིར་ནའོ། །བཙུན་པ། དགེ་སློང་གིས་སྐྱེས་པ་ལ་སྨྲས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་མ་དང ། དགེ་སློང་མ་དང ། དགེ་ཚུལ་མ་རྣམས་ལ་སྨྲས་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ།། དགེ་སློང་གིས་དགེ་ཚུལ་ལ་སྨྲས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་མས་སྐྱེས་པ་ལ་སྨྲས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་མས་སྐྱེས་པ་དང ། དགེ་སློང་དང ། དགེ་ཚུལ་ཕ་ལ་སྨྲས་ན། ཉེས་བྱས་སུ་འགྱུར་རོ། །དགེ་ཚུལ་མས་སྐྱེས་པ་དང ། དགེ་སློང་དང ། དགེ་ཚུལ་མ་ལ་སྨྲས་ན། ཉེས་བྱས་སུ་འགྱུར་རོ། །དགེ་ཚུལ་ཕས་བུད་མེད་དང ། དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་སློང་དང ། དགེ་ཚུལ་ཕ་རྣམས་ལ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་སྙོམས་པར་ཞུགས་པའི་བུད་མེད་ལ་གནས་ངན་ལེན་གྱི་ཚིག་སྨྲས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མདོར་ན། བཞི་པ་གཉིས་དང་འདུ་ཤེས་གཞན། །གནས་ངན་ལེན་དུ་དེ་དག་བརྗོད། །ཀུན་སྤྱོད་པ་ཡང་དེ་བཞིན་དུ། །རྒྱས་པོར་བསྒྲག་པར་བྱ་བའོ། །བཙུན་པ། དགེ་སློང་གིས་མི་མ་ལགས་ Na156b པའི་བུད་མེད་ལ་མི་མ་ལགས་པར་འདུ་ཤེས་ཏེ་སྨྲས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མི་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མི་ལ་མིར་འདུ་ཤེས་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །བཙུན་པ། དགེ་སློང་གིས་མིའི་བུད་མེད་ལ་མིའི་བུད་མེད་དུ་འདུ་ཤེས་ཏེ་སྨྲས་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །བུད་མེད་ལ་སྐྱེས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །སྐྱེས་པ་ལ་བུད་མེད་དུ་འདུ་ཤེས་ན་ཡང་ཉེས་པ་སྦོམ་པོར་འགྱུར་རོ། །སྐྱེས་པ་ལ་སྐྱེས་པར་འདུ་ཤེས་ཏེ་སྨྲས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་གཞན་དུ་འདུ་ཤེས་པ་ལས་བུད་མེད་ཅིག་ལ་གནས་ངན་ལེན་གྱི་ཚིག་སྨྲས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་འདུན་གྱི་ལྷག་མ་གསུམ་པ་དང ། བཞི་པ་རྫོགས་ཏེ། ཇི་ལྟར་གནས་ངན་ལེན་པ་དེ་བཞིན་དུ་ཀུན་ཏུ་སྤྱོད་པ་ལ་ཡང་བྱའོ།། །།འདུལ་བ་གཞུང་དམ་པ་བམ་པོ་གཉིས་པ། མདོར་ན། ཆོས་གཉིས་བཞི་པ་རྣམ་པ་དྲུག། དབང་པོ་ཉེ་བར་བྱ་བ་གཉིས། །བདུན་པ་དང་ཡང་ཆད་པ་དང ། །བཞི་པ་གཉིས་དང་གཅིག་ནས་གཅིག་།སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། Na157a ༄#། །བཙུན་པ། ཆོས་གང་འདས་པ་ཡང་མ་ལགས། མ་འོངས་པ་ཡང་མ་ལགས། ད་ལྟར་བྱུང་བ་ཡང་མ་ལགས་ལ། ལས་ཀུན་རྫོགས་པའི་མཐར་ཐུག་པའི་ཆོས་དེ་གང་ལགས། ཨུ་པ་ལི། མྱ་ངན་ལས་འདས་པའོ། །བཙུན་པ། ཆོས་གང་སོང་ཞིང་འོངས་པ་ལས་ཀུན་རྫོགས་པའི་མཐར་ཐུག་པ་དེ་གང་ལགས། ཨུ་པ་ལི། སྨྱན་བྱེད་པའོ། །དེ་བསྐྱལ་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །བཙུན་པ། དགེ་སློང་གིས་སྨྱོན་པ་ཞིག་ལས་འཕྲིན་བླངས་ཏེ་སྨྱོན་པ་ལ་བསྐྱལ་ལ་སྨྱོན་པ་ལ་ལན་སླར་སྩལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །སྨྱོན་པ་ཞིག་ལས་འཕྲིན་བླངས་ཏེ་སྨྱོན་པ་ལ་བསྐྱལ་ལ་སླར་ལན་རང་བཞིན་དུ་གནས་པ་ཞིག་ལ་སྩལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །སྨྱོན་པ་ལས་འཕྲིན་བླངས་ཏེ་རང་བཞིན་དུ་གནས་པ་ལ་བསྐྱལ་ལ་སྨྱོན་པ་ལ་སླར་ལན་སྩལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །སྨྱོན་པ་ལས་འཕྲིན་བླངས་ཏེ་རང་བཞིན་དུ་གནས་པ་ལ་ལན་སླར་སྩལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་རང་བཞིན་དུ་གནས་པ་ལས་འཕྲིན་བླངས་ཏེ་རང་བཞིན་དུ་གནས་པ་ལ་བསྐྱལ་ལ་རང་བཞིན་དུ་གནས་པ་ལ་ལན་སླར་སྩལ་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མར་འགྱུར་རོ། །རང་བཞིན་དུ་གནས་པ་ལས་འཕྲིན་བླངས་ཏེ་རང་བཞིན་དུ་གནས་པ་ལ་བསྐྱལ་ལ། Na157b སྨྱོན་པ་ལ་སླར་ལན་སྩལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར། །རང་བཞིན་དུ་གནས་པ་ལས་འཕྲིན་བླངས་ཏེ་སྨྱོན་པ་ལ་བསྐྱལ་ལ་རང་བཞིན་དུ་གནས་པ་ལ་ལན་སླར་སྩལ་ན། ཅིར་འགྱུར་ཉེས་པ་སྦོམ་པོར་འགྱུར་རོ། །རང་བཞིན་དུ་གནས་པ་ལས་འཕྲིན་བླངས་ཏེ་སྨྱོན་པ་ལ་བསྐྱལ་ལ། སྨྱོན་པ་ལ་ལན་སླར་སྩལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །ཇི་ལྟར་སྨྱོན་པ་ལ་བཞི་རྒྱུད་གཉིས་པ་དེ་བཞིན་དུ་སེམས་འཁྲུགས་པ་ལའང་བཞི་རྒྱུད་གཉིས་ཏེ། ནད་ཀྱིས་གཟིར་བ་དང ། དབང་བ་དང ། མི་དབང་བ་རྣམས་ལ་ཡང་བཞི་རྒྱུད་གཉིས་པར་བྱའོ། །བཙུན་པ།་དགེ་སློང་གིས་དབང་བ་ལས་འཕྲིན་བླངས་ཏེ་དབང་བ་ལ་བསྐྱལ་ལ་དབང་བ་ལ་ལན་སླར་སྩལ་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །དབང་བ་ལས་འཕྲིན་བླངས་ཏེ་དབང་བ་ལ་བསྐྱལ་ལ་མི་དབང་བ་ལ་ལན་སླར་སྩལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །དབང་བ་ལས་འཕྲིན་བླངས་ཏེ་མི་དབང་བ་ལ་བསྐྱལ་ལ། དབང་བ་ལ་ལན་སླར་སྩལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །དབང་བ་ལས་འཕྲིན་བླངས་ཏེ་མི་དབང་བ་ལ་བསྐྱལ་ལ། མི་དབང་བ་ལ་ལན་སླར་སྩལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། ། བཙུན་པ། དགེ་སློང་གིས་མི་དབང་བ་ལས་འཕྲིན་བླངས་ཏེ་མི་དབང་བ་ལ་བསྐྱལ་ལ། མི་དབང་བ་ལ་ལན་སླར་སྩལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མི་དབང་བ་ལས་ Na158a ༄#། །འཕྲིན་བླངས་ཏེ་མི་དབང་བ་ལ་བསྐྱལ་ལ། དབང་བ་ལ་ལན་སླར་སྩལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མི་དབང་བ་ལས་འཕྲིན་བླངས་ཏེ་དབང་བ་ལ་བསྐྱལ་ལ། མི་དབང་བ་ལ་ལན་སླར་སྩལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མི་དབང་བ་ལས་འཕྲིན་བླངས་ཏེ་དབང་བ་ལ་བསྐྱལ་ལ། དབང་བ་ལ་ལན་སླར་སྩལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་ཁྱིམ་བདག་ཅིག་ལ་འདི་སྐད་དུ་བུད་མེད་ཉོས་ལ་ཤོག་ཅིག་།ཅེས་སྨྲས་ན། ཅིར་འགྱུར་ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཁྱིམ་བདག་ཅིག་ལ་འདི་སྐད་དུ་བུད་མེད་འདི་ཞེས་བྱ་བ་ཉོས་ཤིག་།ཅེས་སྨྲས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བསྙེན་པར་མ་རྫོགས་པར་འཕྲིན་བླངས་ཏེ་བསྙེན་པར་མ་རྫོགས་པར་བསྐྱལ་ལ། བསྙེན་པར་རྫོགས་པར་སླར་ལན་བསྐྱལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་འཕྲིན་བླངས་ཏེ་བསྙེན་པར་མ་རྫོགས་པར་བསྐྱལ་ལ། བསྙེན་པར་རྫོགས་ཀར་སླར་ལན་བསྐྱལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་འཕྲིན་བླངས་ཏེ་བསྙེན་པར་རྫོགས་ཀར་བསྐྱལ་ལ། བསྙེན་པར་རྫོགས་ཏེ་སླར་ལན་བསྐྱལ་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །བསྙེན་པར་རྫོགས་ཀར་འཕྲིན་བླངས་ཏེ་བསྙེན་པར་རྫོགས་ཀར་བསྐྱལ་ལ།། Na158b བསྙེན་པར་རྫོགས་ཀར་སླར་ལན་བསྐྱལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་འཕྲིན་བླངས་ཏེ་བསྙེན་པར་རྫོགས་ཀར་བསྐྱལ་ལ། བསྙེན་པར་རྫོགས་ཏེ་སླར་ལན་བསྐྱལ་ན།་ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །བསྙེན་པར་མ་རྫོགས་པས་འཕྲིན་བླངས་ཏེ་བསྙེན་པར་རྫོགས་ཀར་བསྐྱལ་ལ་བསྙེན་པར་རྫོགས་ཏེ་སླར་ལན་བསྐྱལ་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །བསྙེན་པར་རྫོགས་པས་འཕྲིན་བླངས་ཏེ་བསྙེན་པར་རྫོགས་པས་བསྐྱལ་ལ། བསྙེན་པར་མ་རྫོགས་པ་ན་སླར་ལན་བསྐྱལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། གང་ཟག་དེ་ཉིད་ཆད་པས་བཅད་པ་ལགས་ལ། དེ་ཉིད་ཀྱིས་ཆད་པ་ཡང་བགྱིད་ཤིང ། དེ་ཉིད་ཡིད་མགུ་བར་སྤྱོད་པ་ཡང་ལགས་ལ། དེ་ཉིད་ཀྱིས་མགུ་བར་བགྱིད་པ་སྤྱད་ལགས་པར་འགྱུར་བ་མཆིས་སམ། ཡོད་དེ། དེ་ནི། འདི་ལྟར་མགུ་བར་སྤྱད་པ་སྤྱད་ཟིན་པའི་གང་ཟག་དེ་ལ་དགེ་འདུན་གྱི་ལྷག་མའི་ཉེས་པ་ཞིག་བྱུང་ནས་མ་བཅབས་པར་དགེ་འདུན་གྱི་དྲུང་དུ་སོང་ནས་ཡིད་དམ་མགུ་བར་བྱ་བ་གསོལ་བ་དང ། དེས་དགེ་འདུན་གྱི་ཡིད་མགུ་བར་བྱ་བ་བྱིན་ཏེ། དེས་ཡང་མགུ་བར་བྱ་བ་སྤྱད་ཟིན་པ་དང ། དགེ་འདུན་གྱི་ལྷག་མའི་ཉེས་པ་གཉིས་བྱུང་སྟེ། ཉེས་པ་གཅིག་ནི། ཞག་གཅིག་བཅབས། ཉེས་པ་གཅིག་ནི། ཞག་གཉིས་བཅབས་ནས་དེས་དགེ་འདུན་ལ་ཆད་པ་གསོལ་པ་དང ། དེས་དགེ་ Na159a ༄#། །འདུན་གྱིས་ཀྱང་ཆད་པ་བྱིན་ཏེ། དེས་ཞག་གཅིག་ཆད་པ་བྱས་པས་ཉེས་པ་གཅིག་གི་ཆད་པ་ནི། བྲི། གཉིས་པའི་ཆད་པ་ནི། བྱེད། གསུམ་པ་ནི། ཡིད་མགུ་བར་སྤྱོད་པ། བཞི་པ་ནི། ཡིད་མགུ་བར་སྤྱད་ཟིན་པའོ། །བཙུན་པ། མིའི་བུད་མེད་དང ། མིའི་སྐྱེས་པ་དེ་གཉིས་ཀྱི་སྨྱན་བགྱིད་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། ། མིའི་བུད་མེད་དང ། མི་མ་ལགས་པའི་སྐྱེས་པ་དེ་གཉིས་ཀྱི་སྨྱན་བགྱིས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ལགས་པའི་བུད་མེད་དང་མིའི་སྐྱེས་པ་དེ་གཉིས་ཀྱི་སྨྱན་བགྱིད་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ལགས་པའི་བུད་མེད་དང ། མི་མ་ལགས་པའི་སྐྱེས་པ་དེ་གཉིས་ཀྱི་སྨྱན་བགྱིད་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། མི་ལ་མིར་འདུ་ཤེས་ཏེ་སྨྱན་བགྱིས་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །མི་ལ་མི་མ་ལགས་པར་འདུ་ཤེས་ཏེ་སྨྱན་བགྱིད་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ཏེ་སྨྱན་བགྱིད་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་གཅིག་ནས་གཅིག་ཏུ་བརྒྱུད་དེ་སྨྱན་བགྱིད་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །མདོར་ན། གཞོན་ནུ་མ་དང་བུད་མེད་མངལ། །ཟ་མ་མ་ནིང་མ་ནིང་མོ། །དགེ་འདུན་ཐམས་ Na159b ཅད་བརྟུལ་ཞུགས་གནས། །མཚན་གཉིས་དང་ནི་འདྲ་བའོ། །བཙུན་པ། གཞོན་ནུའི་སྨྱན་བགྱིད་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། ཁྱིམ་བདག་གི་བུ་མ་མཆིས་པར་སྨྱན་བགྱིད་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ་མངལ་ན་གནས་པའི་སྨྱན་བགྱིད་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། ཟ་མའི་སྨྱན་བགྱིད་ན།་ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མ་ནིང་དང་མ་ནིང་མོའི་སྨྱན་བགྱིད་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་འདུན་ཐམས་ཅད་ཚོགས་པ་དང ། ཁྱིམ་བདག་ཅིག་མཆིས་ནས་འདི་སྐད་དུ། འཕགས་པ་རྣམས་བདག་གི་ཚིག་གིས་ཁྱིམ་བདག་འདི་ཞེས་བགྱི་བ་ལ་སྲིང་མོའམ། ཚ་མོའམ། ཡང་ཚ་མོ་བྱིན་ཅིག་།ཅེས་གསུང་སྤྱོད་དམ་ཞེས་སྨྲས་པ་དང ། གལ་ཏེ་དགེ་འདུན་ཐམས་ཅད་ཀྱིས་འཕྲིན་བླངས་ཏེ་ལན་སླར་བསྐྱལ་ན། དགེ་འདུན་ཐམས་ཅད་ལ་ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །དེ་སྟེ་དགེ་འདུན་ཐམས་ཅད་བགྲོས་ནས་དགེ་སློང་གཅིག་གིས་བསྐྱལ་ཏེ་ལན་སླར་བསྐྱལ་ན། དགེ་འདུན་ཐམས་ཅད་ལ་ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །འོན་ཏེ་དགེ་སློང་གཅིག་གིས་རང་གི་བློན་བསྐྱལ་ཏེ་ལན་བྱིན་ན་ཡང་དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་མ་དང ། བརྟུལ་ཞུགས་ལ་གནས་པ་ཚངས་པར་སྤྱོད་པ་གཞན་སྨྱན་བགྱིད་ Na160a ༄#། །ན།་ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་འཕྲིན་བླངས་པ་དང ། དེ་བླངས་མ་ཐག་ཏུ་མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་བསྐྱལ་ཏེ་ལན་སླར་བསྐྱལ་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །བཙུན་པ། དགེ་སློང་མས་འཕྲིན་བླངས་ནས་བསྐྱལ་ཏེ་ལན་སླར་བསྐྱལ་བ་དང ། དེའི་མཚན་འཕོས་ཏེ་དགེ་སློང་ཕར་གྱུར་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །བཙུན་པ། དགེ་སློང་གིས་འཕྲིན་བླངས་ནས་བསྐྱལ་བ་དང ། དེའི་མཚན་འཕོས་བཞིན་དུ་ལན་སླར་བསྐྱལ་ན། ཅིར་འགྱུར།་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་འཕྲིན་བླངས་པ་དང ། སྐྱེས་པ་དེའི་མཚན་འཕོས་ནས་མཚན་འཕོས་བཞིན་དུ་བསྐྱལ་ཏེ་ལན་སླར་བསྐྱལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་འཕྲིན་བླངས་པ་དང ། བུད་མེད་ལ་ནི། སྐྱེས་པའི་མཚན་སྐྱེས། སྐྱེས་པ་ལ་ནི། བུད་མེད་ཀྱི་མཚན་འཕོས་པ་ལ་འཕོས་བཞིན་དུ་བསྐྱལ་ནས་ལན་སླར་བསྐྱལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། སྐྱེས་པས་བུད་མེད་དང་ལྷན་ཅིག་ཏུ་དུས་བརྡ་བགྱིས་པར་གྱུར་པ་ལས། སྐྱེས་པས་དགེ་སློང་ཞིག་ལ་འདི་སྐད་དུ། འཕགས་པ། བུད་མེད་ཅིག་གཟིགས་སམ་ཞེས་སྨྲས་པ་དང ། Na160b དགེ་སློང་གིས་འཚལ་བཞིན་དུ་འདི་སྐད་དུ། རྩིག་པ་འདིའི་དྲུང་ན་འདུག་གོ་།ཞེས་མཆི་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །དེ་སྟེ་དེས་འདི་སྐད་དུ། འཕགས་པ། བཞུད་ལ་བུད་མེད་དེ་ཚུར་ཤོག་།ཅེས་གསུངས་ཤིག་ཅེས་སྲ་སྤ་དང ། དགེ་སློང་དེ་སོང་སྟེ་དེ་ལ་སྨྲས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །ཇི་ལྟར་དགེ་སློང་གིས་སྨྱན་བྱས་པས་དགེ་འདུན་གྱི་ལྷག་མར་འགྱུར་བ་དེ་བཞིན་དུ་བསླབ་པ་བྱིན་པ་དང ། དགེ་སློང་མ་ལ་ཡང་དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་རྣམས་ལ་ནི། ཉེས་བྱས་སུ་འགྱུར་རོ། །མདོར་ན། མ་གནང་བ་དང་ཚད་བྱ་དང ། །བདག་དང་གཞན་དང་མ་གཡོགས་པ། །ཕྱིར་བབས་བདུན་བརྒྱུད་དེ་བཞིན་ཏེ། །མཚན་ནི་ཐ་མར་གྱུར་པའོ། །བཙུན་པ་དགེ་སློང་གིས་དངོས་པོ་མ་གནང་བར་ཁང་བ་བརྩིགས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །དངོས་པོ་གསོལ་ནས་ཁང་པ་མ་བརྩིགས་ན། ཅིར་འགྱུར། ཉེས་བྱས་སོ། །ཁང་པ་བརྩིགས་པར་གནང་ནས་ཚད་ལས་འདས་པར་བགྱིས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བདག་གིས་བརྩམས་ནས་མ་ལགས་པར་བོར་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། གཞན་གྱིས་མ་ལགས་པ་ལགས་པར་བགྱིས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །སྟེང་མ་གཡོགས་པ་ཞིག་བགྱིས་ན། ཅིར་འགྱུར། ཉེས་པ་སྦོམ་ Na161a ༄#། །པོར་འགྱུར་རོ། །བརྩམས་ནས་སླར་བབས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་བདག་ཉིད་ཀྱི་འཚོ་བ་དང་ཕྲལ་བ་དང ། དགེ་ཚུལ་ཕར་ཁས་ལེན་པ་ཐམས་ཅད་ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་མ་ནིང་ལ་སོགས་པ་རྒྱས་པར་ནི། ཇི་ལྟར་བསླབ་པ་ཕུལ་བ་བཞིན་ནོ། །བསྙེན་པར་མ་རྫོགས་པར་བརྩམས་ནས་བསྙེན་པར་མ་རྫོགས་པར་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བརྩམས་ནས་བསྙེན་པར་རྫོགས་ཀར་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བརྩམས་ནས་བསྙེན་པར་རྫོགས་ཏེ་ལགས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བསྙེན་པར་རྫོགས་ཀར་བརྩམས་ནས་བསྙེན་པར་རྫོགས་ཀར་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བརྩམས་ནས་བསྙེན་པར་རྫོགས་པ་ན་ལགས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བསྙེན་པར་རྫོགས་པ་ན་བརྩམས་ནས་བསྙེན་པར་རྫོགས་པ་ན་ལགས་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །བསྙེན་པར་རྫོགས་པ་ན་བརྩམས་ནས་བསྙེན་པར་མ་རྫོགས་པར་ལགས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་ཁང་པ་རྩིག་པར་བརྩམས་པ་དང ། དེའི་མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་ལགས་པར་བགྱིད་ན། ཅིར་འགྱུར། ཉེས་པ་ Na161b སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་མས་ཁང་པ་རྩིག་པར་བརྩམས་པ་དང ། མཚན་འཕོས་ནས་དགེ་སློང་ཕར་གྱུར་ཏེ་ལགས་པར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། ། བསླབ་པ་སྩལ་པས་བགྱིད་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །དགེ་སློང་མས་བགྱིད་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་ལ་ཉེས་བྱས་སོ། །གཙུག་ལག་ཁང་ཆེན་པོ་ཡང་དེ་བཞིན་དུ་བྱའོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག ། སྨྱོན་པ་སེམས་འཁྲུགས་ན་པ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཕྱི་རོལ་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གིས་འཁོན་ཏེ་འཁོན་མ་བཏང་པས། དགེ་སློང་གཙང་མ་ཉེས་པ་མེད་པ་ལ་བྱ་བ་མེད་པར་ཕས་ཕམ་པའི་ཆོས་ཀྱིས་སྐུར་ན། དགེ་འདུན་གྱི་ལྷག་མའོ། །ཞེས་གསུངས་ན། དགེ་སློང་གིས་བྱ་བ་མ་མཆིས་པར་ཕས་ཕམ་པའི་ཆོས་ཀྱིས་སྐུར་ཀྱང་དགེ་འདུན་གྱི་ལྷག་མར་མི་འགྱུར་བ་མཆིས་སམ། ཡོད་དེ། དགེ་སློང་གིས་འཕྲིན་གྱིས་སྐུར་ན། ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་ Na162a ༄#། །གཅིག་ཏུ་བརྒྱུད་དེ་སྐུར་ན། ཐམས་ཅད་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་སྨྱོན་པ་ལ་སྐུར་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ལ་སྐུར་ནའང་ཐམས་ཅད་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་འདི་ལས་ཕྱི་རོལ་གྱི་མུ་སྟེགས་ཅན་གཞན་དགེ་སྦྱོང་དང ། བྲམ་ཟེ་དང ། སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་བ་རྣམས་ལ་སྐུར་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། སྐད་དང་ལུས་དང་དབེན་པ་དང ། །སྔགས་དང་སྨན་གྱིས་གཞན་ལ་བདུན། །ཁྱིམ་པ་ལ་ནི་སོགས་པ་དང ། །མཚན་ཡང་རྣམ་པ་བཞི་རྒྱུད་འགྱུར། །བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་དགེ་སློང་ལ་སྐུར་པ་དང ། དགེ་སློང་དེས་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་སྐུར་བ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མཐའ་འཁོབ་པས་ཀྱང་མཐའ་འཁོབ་པའི་སྐད་དུ་སྐུར་པ་དང ། དགེ་སློང་དེས་ Na162b ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་སྐུར་པ་དང ། དགེ་སློང་དེས་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་ལུས་ཀྱི་དམིགས་པས་སྐུར་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ།་དགེ་སློང་གིས་དབེན་པ་ལ་དབེན་པར་འདུ་ཤེས་ཏེ་སྐུར་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་སྔགས་དང་སྨན་གྱིས་བདག་ཉིད་མི་སྣང་བར་བསྒྱུར་ཏེ་དགེ་སློང་ལ་སྐུར་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་གཞན་ཞིག་སྐུར་པ་འདེབས་སུ་བཅུག་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་གཞན་གྱི་སླད་དུ་སྐུར་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། བསྙེན་པར་མ་རྫོགས་པར་སྐུར་པ་གདབ་པར་བཤམས་ནས་བསྙེན་པར་མ་རྫོགས་པར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བཤམས་ནས་བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བཤམས་ནས་བསྙེན་པར་རྫོགས་ཏེ་གྲུབ་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །བསྙེན་པར་རྫོགས་ཀར་བཤམས་ནས་བསྙེན་པར་རྫོགས་ Na163a ༄#། །ཀར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ནས་བསྙེན་པར་རྫོགས་ཏེ་གྲུབ་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། ། བསྙེན་པར་རྫོགས་པ་ན་བཤམས་ཏེ་བསྙེན་པར་རྫོགས་པ་ན་གྲུབ་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །བསྙེན་པར་རྫོགས་པ་ན་བཤམས་ཏེ་བསྙེན་པར་མ་རྫོགས་པ་ན་བགྱིས་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་ཁྱིམ་པ་ལ་སྐུར་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། ཀུན་གནས་དང ། སྔར་འཁྲུགས་པ་དང ། སྔར་ཉེས་པ་བྱུང་བ་རྣམས་ལ་སྐུར་ན། ཐམས་ཅད་ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་སྐུར་ན། ཅིར་འགྱུར།་དགེ་འདུན་གྱི་ལྷག་མའོ། །དེ་བཞིན་དུ་དགེ་འདུན་ཕྱེ་བ་དང ། མི་གནས་པ་དང ། རྗེས་སུ་ཕྱོགས་པ་དང ། བསླབ་པ་བྱིན་པའི་དགེ་སློང་རྣམས་ལ་སྐུར་ན། ཐམས་ཅད་དགེ་འདུན་གྱི་ལྷག་མར་འགྱུར་རོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་སྐུར་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་ Na163b མའོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་སྐུར་པ་དང ། དེའི་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །བཙུན་པ། དགེ་སློང་མས་དགེ་སློང་མ་ལ་སྐུར་པ་དང ། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་སྐུར་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་སྐུར་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་སྐུར་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་སྐུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མི་ལ་མིར་འདུ་ཤེས་ཏེ་སྐུར་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །མི་ལ་མི་མ་ལགས་པར་འདུ་ཤེས་ཏེ་སྐུར་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ཏེ་སྐུར་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ཏེ་སྐུར་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །མདོར་ན། མཐའ་དང་འོན་ཏེ་མཚམས་མེད་པ། །གསད་པར་མི་བྱ་གཅིག་ལ་གཅིག་།བྲིས་དང་ཆས་སྐུར་དེ་བཞིན་ཏེ། །རྒྱས་པར་བྱེད་དང་དེ་བཞིན་ནོ། ། Na164a ༄#། །བཙུན་པ། དགེ་སློང་ཞིག་བདག་ཉིད་འདི་སྐད་དུ། བདག་གིས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བགྱིས་སོ། །ཞེས་མཆི་བའི་དགེ་སློང་དེ་ལ་དགེ་སློང་གིས་རྩ་བ་མ་མཆིས་པར་རྐུ་བ་དང ། གསོད་པ་དང ། རྫུན་རྣམས་ཀྱིས་སྐུར་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མར་འགྱུར་རོ། །བཙུན་པ། དགེ་སློང་ཞིག་བདག་ཉིད་འདི་སྐད་དུ། བདག་གིས་ཡོ་བྱད་ཆེན་པོ་ཞིག་བརྐུས་སོ། །ཞེས་མཆི་བའི་དགེ་སློང་དེ་ལ་དགེ་སློང་གིས་རྩ་བ་མ་མཆིས་པར་གསོད་པ་དང ། རྫུན་དང ། མི་ཚངས་པར་སྤྱོད་པ་རྣམས་ཀྱིས་སྐུར་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །བཙུན་པ། དགེ་སློང་ཞིག་བདག་ཉིད་འདི་སྐད་དུ། བདག་གིས་མི་ཞིག་འཚོ་བ་དང་ཕྲལ་ལོ། །ཞེས་མཆི་བའི་དགེ་སློང་དེ་ལ་དགེ་སློང་གིས་རྩ་བ་མ་མཆིས་པར་རྫུན་དང ། མི་ཚངས་པར་སྤྱོད་པ་དང ། རྐུ་བ་རྣམས་ཀྱིས་སྐུར་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །བཙུན་པ། དགེ་སློང་ཞིག་བདག་ཉིད་འདི་སྐད་དུ་བདག་གིས་མི་ལས་བླ་མར་གྱུར་པའི་ཆོས་སྨྲས་སོ། །ཞེས་མཆི་བའི་དགེ་སློང་དེ་ལ་དགེ་སློང་གིས་རྩ་བ་མ་མཆིས་པར་མི་ཚངས་པར་སྤྱོད་པ་དང ། རྐུ་བ་དང ། གསོད་པ་རྣམས་ཀྱི་སྐུར་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དགེ་སློང་ལ་རྩ་བ་མེད་པར་ཕས་ཕམ་པའི་ཆོས་ཀྱིས་སྐུར་ན། དགེ་འདུན་གྱི་ལྷག་མར་འགྱུར་རོ། །ཞེས་གསུངས་ན། བཙུན་ Na164b པ།་དགེ་སློང་གིས་དགེ་སློང་ལ་རྩ་བ་མ་མཆིས་པར་མཚམས་མེད་པས་སྐུར་ན། ཅིར་འགྱུར། དེ་སྟེ་ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་རྣམས་ཀྱིས་སྐུར་ན། དགེ་འདུན་གྱི་ལྷག་མར་འགྱུར་རོ། །གང་ལ་རྩ་བ་མེད་པར་དགེ་འདུན་གྱི་དབྱེན་དང ། ངན་སེམས་ཀྱིས་ཁྲག་ཕྱུང་བས་སྐུར་ན། ཉེས་བྱས་སུ་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པས་སྐུར་པ་གང་ཡིན་པ་དེ་ནི། ཕས་ཕམ་པས་སྐུར་བའོ། །དགེ་འདུན་གྱི་དབྱེན་དང ། ངན་སེམས་ཀྱིས་ཁྲག་ཕྱུང་བས་སྐུར་པ་གང་ཡིན་པ་དེ་ནི། ཉེས་པ་སྦོམ་པོས་སྐུར་བ་སྟེ། ཉེས་པ་སྦོམ་པོས་ནི། དགེ་སློང་མ་ཡིན་པར་མི་འགྱུར་གྱི། དེ་ནི། བཤགས་པར་འོས་སོ། །དགེ་སློང་གིས་དགེ་སློང་ལ་རྩ་བ་མེད་པར་ཕས་ཕམ་པའི་ཆོས་ཀྱིས་སྐུར་ན། དགེ་འདུན་གྱི་ལྷག་མར་འགྱུར་རོ། །རྩ་བ་མེད་པར་དགེ་འདུན་གྱི་ལྷག་མས་སྐུར་ན། ལྟུང་བར་འགྱུར་རོ། །རྩ་བ་མེད་པར་ལྟུང་བ་དང ། སོ་སོར་མཐོལ་བ་རྣམས་དང ། ཉེས་བྱས་རྣམས་ཀྱིས་སྐུར་ན། ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་རྩ་བ་མེད་པར་ཉེས་པ་སྦོམ་པོས་སྐུར་ན་ཡང་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་ལ་སྐུར་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དགེ་སློང་ལ་སྐུར་ན། དགེ་འདུན་གྱི་ལྷག་མར་འགྱུར་རོ། །ཞེས་གསུངས་ན། དགེ་སློང་གིས་དགེ་སློབ་མ་དང ། དགེ་ཚུལ་ཕ་ Na165a ༄#། །དང ། དགེ་ཚུལ་མ་རྣམས་ལ་སྐུར་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་མས་དགེ་སློང་མ་ལ་སྐུར་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །དགེ་སློང་མས་དགེ་སློང་ལ་སྐུར་ན། ཅིར་འགྱུར། དགེ་འདུན་གྱི་ལྷག་མའོ། །དགེ་ཚུལ་ཕས་དགེ་སློབ་མ་དང ། དགེ་ཚུལ་མ་ལ་སྐུར་ན། ཉེས་བྱས་སུ་འགྱུར་རོ། །དགེ་སློང་མས་དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་རྣམས་ལ་སྐུར་ན། ཉེས་བྱས་སུ་འགྱུར་རོ། །དགེ་ཚུལ་གྱིས་དགེ་སློང་དང ། དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་རྣམས་ལ་སྐུར་ན། ཉེས་བྱས་སུ་འགྱུར་རོ། །དགེ་ཚུལ་མས་དགེ་སློང་དང ། དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་རྣམས་ལ་སྐུར་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་བདག་ཉིད་ཀྱིས་བྲིས་ལ་འདི་སྐད་དུ། ཡི་གེ་འདི་ནི། འདི་སྐད་ཟེར་ཏེ། ཁྱོད་ནི། མི་ཚངས་པར་སྤྱོད་པའི་ཕས་ཕམ་ཕ་བྱུང་ངོ ། །ཞེས་མཆི་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །ཇི་ལྟར་རྩ་བ་མེད་པ་དེ་བཞིན་དུ་ཆས་སྐུར་པའང་དེ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ། །མདོར་ན། བསྡུས་པའི་གསོལ་པ་བཏང་སྙོམས་དང་།། གླེན་པ་དྲན་པར་བྱ་བ་དང ། བཞི་པ་འདུག་དང་རྟག་པ་དང ། །དད་དང་གཅིག་བུ་ནམ་མཁའ་དང ། །ཁྱེར་བ་རྒྱས་པར་དེ་བཞིན་བྱ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ Na165b ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། དགེ་སློང་སྡུམ་པར་མ་བསྒོས་པར་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ན། བསྒོ་བ་ཞེས་བགྱིའམ། མ་བསྒོ་བ་ཞེས་བགྱི། བསྒོ་བ་ཆགས་སམ། མི་འཆགས། ཨུ་པ་ལི། མི་འཆགས་ཏེ། དགེ་འདུན་ལ་ཡང་འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ། སྡུམ་པར་བསྒོ་བས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ན། བསྒོ་བ་ཞེས་བགྱི་འམ། མ་བསྒོ་བ་ཞེས་བགྱི། བསྒོ་བ་འཆགས་སམ། མི་འཆགས། ཨུ་པ་ལི། འཆགས་ཏེ། དགེ་འདུན་ལ་ཡང་འདས་པ་དང་བཅས་པར་མི་འགྱུར་རོ། །བཙུན་པ། བསྐྲད་པའི་ལས་མ་བགྱིས་པར་སྡུམ་པར་བསྒོ་ན། བསྒོ་བ་ཞེས་བགྱིའམ། མ་བསྒོ་བ་ཞེས་བགྱི། བསྒོ་བ་འཆགས་སམ། མ་འཆགས། ཨུ་པ་ལི། མི་འཆགས་ཏེ། དགེ་འདུན་ལའང་འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ། བསྐྲད་པའི་ལས་བགྱིས་ལ་སྡུམ་པར་བསྒོ་ན། བསྒོ་བ་ཞེས་བགྱིའམ། མ་བསྒོ་བ་ཞེས་བགྱི། བསྒོ་བ་འཆགས་སམ། མི་འཆགས། ཨུ་པ་ལི། འཆགས་ཏེ། དགེ་འདུན་ལ་ཡང་འདས་པ་དང་བཅས་པར་མི་འགྱུར་རོ། །བཙུན་པ། བསྐྲད་པའི་ལས་མ་བགྱིས་པར་གསོལ་པ་དང་བཞིའི་ལས་ཀྱིས་བསྒོ་ན། བསྒོ་བ་ཞེས་བགྱི་འམ། མ་བསྒོ་བ་ཞེས་བགྱི། བསྒོ་བ་འཆགས་སམ། མི་འཆགས། ཨུ་པ་ལི། མི་འཆགས་ཏེ། དགེ་འདུན་ལ་ཡང་འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ། བསྐྲད་ Na166a ༄#། །པའི་ལས་བགྱིས་ནས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ན། བསྒོ་བ་ཞེས་བགྱིའམ། མ་བསྒོ་བ་ཞེས་བགྱི། བསྒོ་བ་འཆགས་སམ། མི་འཆགས། ཨུ་པ་ལི། མི་འཆགས་ཏེ། དགེ་འདུན་ལའང་འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ། བསྐྲད་པའི་ལས་བགྱིས་ནས་གསོལ་བ་དང་བཞིའི་ལས་ཀྱིས་བསྒོ་ན། བསྒོ་བ་ཞེས་བགྱི་འམ། མ་བསྒོ་བ་ཞེས་བགྱི། བསྒོ་བ་འཆགས་སམ། མི་འཆགས། ཨུ་པ་ལི། འཆགས་ཏེ། དགེ་འདུན་ལའང་འདས་པ་དང་བཅས་པར་མི་འགྱུར་རོ། །བཙུན་པ། མ་གླེང་ཞིང་དྲན་པར་མ་བགྱིས་པར་བདག་ཉིད་ཚིག་བཀའ་བློ་མི་བདེ་བ་ལ་གནས་ན། བསྒོ་བར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བསྒོ་བ་འཆགས་སམ། ཨུ་པ་ལི། མི་འཆགས་སོ། །བཙུན་པ།་གླེང་ཞིང་དྲན་པར་བགྱིས་ལ་བདག་ཉིད་ཚིག་བཀའ་བློ་མི་བདེ་བ་ལ་གནས་ན། ཅིར་འགྱུར། ཉེས་བྱས་སོ། །བསྒོ་བ་ཞེས་བགྱིའམ། ཨུ་པ་ལི། བསྒོ་བ་ཞེས་བྱའོ། །བསྒོ་བ་འཆགས་སམ། ཨུ་པ་ལི། འཆགས་སོ། །བཙུན་པ། མཚམས་ཀྱི་ནང་ན་མཆིས་པས་མཚམས་ཀྱི་སླད་རོལ་ན་མཆིས་པ་རྣམས་ལ་བསྒོ་ན། བསྒོ་བ་ཞེས་བགྱིའམ། ཨུ་པ་ལི།་མ་ཡིན་ནོ། །མཚམས་ཀྱི་སླད་རོལ་ན་མཆིས་པས་མཚམས་ཀྱི་ནང་ན་མཆིས་པ་རྣམས་ལ་བསྒོ་ན། བསྒོ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ལས་བགྱིད་ Na166b པ་མཚམས་ཀྱི་ནང་ན་མཆིས་པས་མཚམས་ཀྱི་སླད་རོལ་ན་མཆིས་པ་རྣམས་ལ་བསྒོ་ན། བསྒོ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ལས་བགྱིད་པ་མཚམས་ཀྱི་སླད་རོལ་ན་མཆིས་པས་མཚམས་ཀྱི་ནང་ན་མཆིས་པ་རྣམས་ལ་བསྒོ་ན། བསྒོ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ལས་བགྱིད་པས་མཚམས་མནན། མཚམས་བཟུང ། མཚམས་སུ་འགྲེང་ངམ་འདུག་སྟེ་བསྒོ་ན། བསྒོ་བ་ཞེས་བགྱིའམ། བསྒོ་བ་འཆགས་སམ། ཨུ་པ་ལི། བསྒོ་བ་ཞེས་བྱ་སྟེ། བསྒོ་བ་འཆགས་སོ། །བཙུན་པ། དགེ་སློང་ལས་བགྱིད་པ་མ་བསྐོས་པས་མཚམས་ཀྱི་ནང་ནས་གང་ཟག་བཞི་ཞིག་སྤངས་ན། སྤངས་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་སློང་ལས་བགྱིད་པར་བསྒོ་བས་མཚམས་ཀྱི་ནང་ནས་གང་ཟག་བཞི་ཞིག་སྤངས་ན། སྤངས་པ་ཞེས་བགྱིའམ། འོན་ཏེ་རེ་རེ་ནས་སམ། གཉིས་གཉིས་ནས་སམ། གསུམ་གསུམ་ནས་སྤངས་ན། སྤངས་པ་ཞེས་བྱའོ། །བཙུན་པ། མཚམས་གཅིག་པའི་ཕྱོགས་བཞིན་མཚུངས་པར་གནས་པའི་དགེ་སློང་དག་གིས་དགེ་སློང་བཞི་ལ་བསྒོ་ན། བསྒོ་བ་ཞེས་ཀྱང་བགྱི་ལ། ནོངས་པ་ཅུང་ཟད་དུ་ཡང་མི་འགྱུར་ཞིང ། དེས་དགེ་འདུན་མི་མཐུན་པར་ཡང་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། གཅིག་ལ་གཅིག་དད་པ་བྱིན་ལ། དེ་སྟེ་རེ་རེའམ། གཉིས་གཉིས་སམ། Na167a ༄#། །གསུམ་གསུམ་ལ་བསྒོ་སྟེ། བཞིར་མཚང་ནའོ། །དེ་ཅིའི་ཕྱིར་ཞེ་ན། མང་པོས་མང་པོ་ལ་ལས་བྱར་མི་རུང་ངོ ། །བཙུན་པ། ལས་བགྱིད་པ་ཕྱོགས་གཅིག་ཏུ་མཆིས་པ་གནས་བཞིའི་ལས་ཐམས་ཅད་བགྱི་བ་རུང་ངམ། ཨུ་པ་ལི། རུང་སྟེ། ཇི་ལྟར་དེ་ཡང་དགེ་སློང་ལས་བྱེད་པ་དེས་གནས་བཞི་ཆར་གྱི་མཚམས་ཀྱི་མདོར་ཁྲིའམ། ཁྲིའུའམ། སྨྱུག་མའམ། རེ་ལྡེ་ལ་མནན་ཏེ་འདུག་པར་གྱུར་ལ། གནས་དེ་དག་ཏུ་འདི་ལྟ་སྟེ། བཞི་སྡེས་བྱ་བའི་ལས་སམ། ལྔ་སྡེས་བྱ་བའི་ལས་སམ། བཅུ་སྡེས་བྱ་བའི་ལས་སམ། ཉི་ཤུ་སྡེས་བྱ་བའི་ལས་ཀྱང་རུང་སྟེ། ལས་འདི་ལྟ་བུ་དག་ཉེ་བར་བྱུང་བར་གྱུར་པ་སྟེ། དེ་ཅིའི་ཕྱིར་ཞེ་ན། དེ་ནི། དེ་དག་གི་ལས་བྱེད་པའོ། །དེ་ནི། དེ་དག་གི་གྲངས་སུ་སྐོང་པའོ། །ས་ལ་མཆིས་པས་ནམ་མཁའ་ལ་མཆིས་པ་རྣམས་ལ་བསྒོ་ན། བསྒོ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ལས་བགྱིད་པ་ནམ་མཁའ་ལ་མཆིས་ལས་ལ་མཆིས་པ་རྣམས་ལ་བསྒོ་ན། བསྒོ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དགེ་འདུན་གྱི་ལྷག་མའོ། །བཞི་པོ་ལུས་པ་ལ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །དགེ་སློང་ལ་ཇི་ལྟ་བ་བཞིན་བསླབ་པ་བྱིན་པ་དང ། དགེ་སློང་མ་རྣམས་ལ་ཡང་དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་རྣམས་ལ་ཉེས་བྱས་སོ། །ུ་པ་ལིས་ཞུས་པའི་ནང་ནས་ Na167b དགེ་འདུན་གྱི་ལྷག་མ་རྫོགས་སོ།། །།མདོར་ན། ཐ་མ་ལམ་དང་རྒྱལ་རིགས་དང ། །ཕུང་པོ་ལྷག་མ་དེ་བཞིན་ཏེ། །ཁ་དང་ཤ་ཁ་ར་དང་ཧཝགས། །བུ་རམ་མར་དང་མི་མངོན་པའོ། ། བཙུན་པ། དགེ་བསྙེན་མ་དད་པ་ཞིག་དགེ་སློང་གི་དྲུང་དུ་མཆིས་ནས་འདི་སྐད་དུ། བཙུན་པ། བདག་གིས་དགེ་སློང་ཞིག་ལ་ཐ་མ་དང་པོ་བགྱིད་པ་མཐོང་ངོ ། །ཞེས་མཆི་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་བགྱིའམ། མི་བགྱི། མི་བྱའོ། །དེ་དེའི་ངོ་བོ་ཚོལ་དུ་སྩལ་ཏམ། མི་སྩལ། མི་གཞུག་སྟེ། དེ་ན་ཟླ་ལྟ་ཡོད་དམ་ཞེས་དེ་ལ་དྲི་བར་བྱའོ། །དེ་སྟེ་ཡོད་དོ། །ཞེས་ཟེར་ན། གཉིས་ཀ་ལ་དྲིས་ལ། དེ་སྟེ་མཐུན་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་གྱིས་ཤིག་།དེ་དེའི་ངོ་བོ་ཚོལ་དུ་ཡང་ཆུག་ཅིག་།འོན་ཏེ་དེས་འདི་སྐད་སྨྲས་ཏེ། ཐ་མ་དང་པོའི་ཉེས་པ་ནི། མ་བྱུང་གི་།བདག་གིས་གཉིས་པའམ། གསུམ་པའམ། བཞི་པ་ཡང་རུང ། ཉེས་པ་བྱུང་བ་ནི། མཐོང་ངོ ། །ཞེས་སྨྲས་ན། དགེ་སློང་དེ་དམ་འཆར་ཆུག་ཅིག་།ཇི་ལྟར་དང་པོ་པ་དེ་བཞིན་དུ་གཉིས་པ་དང ། གསུམ་པ་དང ། བཞི་པའི་ཐ་མ་རྣམས་ལ་ཡང་དེ་ལྟར་བྱའོ། །བཙུན་པ། དགེ་བསྙེན་མ་དད་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་དུ། བཙུན་པ། དགེ་སློང་ཞིག་གིས་ཁའི་སྒོར་མ་རུང་པར་བགྱིས་པ་བདག་གིས་མཐོང་ངོ ། །ཞེས་མཆི་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བགྱིའམ། མི་བྱའོ། ། Na168a ༄#། །དེ་དེའི་ངོ་བོ་ཚོལ་དུ་སྩལ་ཏམ། མི་གཞུག་གོ་།དེ་ལ། དེ་ན་ཟླ་ལྟ་ཡོད་དམ་ཞེས་དྲིས་ལ། དེ་སྟེ་ཡོད་དོ། །ཞེས་ཟེར་ན། གཉིས་ཀ་ལ་དྲིས་ཤིག་།དེ་སྟེ་མཐུན་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བྱ་སྟེ། དེ་དེའི་ངོ་བོ་ཚོལ་ཏུ་ཡང་ཆུག་ཅིག་།འོན་ཏེ་དེས་འདི་སྐད་དུ། འདིས་ཁའི་སྒོར་ནི་མ་རུང་བར་ཡང་མ་གྱུར་མོད་ཀྱི། བཤང་བའི་སྒོར་མ་རུང་ངོ ། །ཞེས་ཟེར་ན། དགེ་སློང་དེ་དམ་འཆར་ཆུག་ཅིག་།ཁའི་སྒོར་ཇི་ལྟ་བ་དེ་བཞིན་དུ་གཅི་བའི་སྒོ་དང ། བཤང་བའི་སྒོར་ཡང་དེ་བཞིན་བྱའོ། །བཙུན་པ། དགེ་བསྙེན་མ་དད་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་དུ། བཙུན་པ། དགེ་སློང་ཞིག་རྒྱལ་རིགས་མ་ཞིག་དང་ལྷན་ཅིག་ཏུ་མ་རུང་བར་གྱུར་པ་བདག་གིས་མཐོང་ངོ ། །ཞེས་མཆི་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བགྱིའམ། མི་བྱའོ། །དེའི་ངོ་བོ་ཚོལ་དུ་སྩལ་ཏམ། མི་གཞུག་གོ་།དེ་ལ་དེ་ནི་ཅི་ཟླ་ལྟ་ཡོད་དམ་ཞེས་དྲིས་ཤིག་།དེ་སྟེ་ཡོད་དོ། ཞེས་ཟེར་ན། གཉིས་ཀ་ལ་དྲིས་ལ། དེ་སྟེ་མཐུན་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བྱ་སྟེ། དེ་དེའི་ངོ་བོ་ཚོལ་དུ་གཞུག་གོ་།འོན་ཏེ་དེས་འདི་སྐད་དུ། རྒྱལ་རིགས་མ་དང་ལྷན་ཅིག་ཏུ་མ་རུང་བར་མ་གྱུར་གྱི། འདི་ནི། བྲམ་ཟེ་མོ་དང་མ་རུང་བར་གྱུར་ཏོ། །ཞེས་ཟེར་ན། དགེ་སློང་དམ་འཆར་ཆུག་ཅིག་།རྒྱལ་རིགས་མ་ལ་ཇི་ལྟ་བ་བཞིན་དུ་བྲམ་ཟེ་ Na168b མོ་དང ། རྗེའུ་རིགས་མོ་དང ། དཀར་མོ་དང ། སྔོན་མོ་དང ། སེར་སྐྱ་མོ་དང ། རིང་མོ་དང ། ཐུང་ངུ་དང ། ཤིན་ཏུ་ལེགས་པ་མོ་དང ། རིད་དེ་མ་དང ། ཚོན་མོ་དང ། ལུས་མཉམ་པ་དང ། འགྲོ་བ་དང ། འདུག་པ་དང ། འགྲེང་བ་དང ། འཕྲེས་པ་རྣམས་ལ་ཡང་རྒྱས་པར་བྱའོ། །བཙུན་པ། དགེ་བསྙེན་མ་དད་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་དུ། བཙུན་པ།་དགེ་སློང་ཞིག་གིས་ལྟུང་བའི་ཕུང་པོ་དང་པོའི་ཉེས་པ་བྱུང་བ་བདག་གིས་མཐོང་ངོ ། །ཞེས་མཆི་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བགྱིའམ། མི་བྱའོ། །དེའི་ངོ་བོ་ཚོལ་དུ་སྩལ་ཏམ། མི་གཞུག་གོ་།དེ་ལ། དེ་ན་ཅི་ཟླ་ལྟ་ཡོད་དམ་ཞེས་དྲིས་ཤིག་།དེ་སྟེ་ཡོད་དོ། །ཞེས་ཟེར་ན། གཉིས་ཀ་ལ་དྲིས་ལ། དེ་སྟེ་མཐུན་པར་ཟེར་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བྱ་སྟེ། དེ་དེའི་ངོ་བོ་ཚོལ་དུ་ཡང་ཆུག་ཅིག་།འོན་ཏེ་དེས་འདི་སྐད་འདིས་ལྟུང་བའི་ཕུང་པོ་དང་པོ་ནི། མ་བྱུང་གི། གཉིས་པ་དང ། གསུམ་པ་དང ། བཞི་པ་དང ། ལྔ་པའི་ཕུང་པོ་རྣམས་ནི། བྱུང་ངོ ། །ཞེས་ཟེར་ན། དེ་བཞིན་དུ་ལྔ་པའི་བར་དུ་སྨྲོས་ཤིག་།བཙུན་པ། དགེ་བསྙེན་མ་དད་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་དུ། བཙུན་པ། དགེ་སློང་ཞིག་གིས་དགེ་འདུན་གྱི་ལྷག་མ་བྱུང་བ་བདག་གིས་མཐོང་ངོ ། །ཞེས་མཆི་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བགྱིའམ། མི་བྱའོ། །དེ་དེའི་ངོ་བོ་ཚོལ་དུ་སྩལ་ཏམ། མི་ Na169a ༄#། །གཞུག་གོ་།དེ་ལ། ཅི་དེ་ན་ཟླ་ལྟ་ཡོད་དམ་ཞེས་དྲིས་ཤིག་།དེ་སྟེ་ཡོད་དོ། །ཞེས་ཟེར་ན། གཉིས་ཀ་ལ་དྲིས་ལ། དེ་སྟེ་མཐུན་པར་སྨྲས་ན་ནི། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བྱོས་ཤིག་།དེ་དེའི་ངོ་བོ་ཚོལ་དུ་ཆུག་ཅིག་།འོན་ཏེ་དེས་འདི་སྐད་དུ། དགེ་འདུན་གྱི་ལྷག་མ་དང་པོ་ནི། མ་བྱུང་གི་།གཉིས་པ་དང ། གསུམ་པ་དང ། བཞི་པ་ནས་དགེ་འདུན་གྱི་ལྷག་མ་བཅུ་གསུམ་པའི་བར་དུ་བྱུང་ངོ ། །ཞེས་ཟེར་ན། དེ་དགེ་སློང་དམ་འཆར་ཆུག་ཅིག་།དང་པོ་ལ་ཇི་ལྟ་བ་བཞིན་གཉིས་པ་དང ། གསུམ་པ་ནས་དགེ་འདུན་གྱི་ལྷག་མ་བཅུ་གསུམ་པའི་བར་དུ་ཡང་དེ་བཞིན་ནོ། །དགེ་བསྙེན་མ་དད་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་དུ། བཙུན་པ། དགེ་སློང་ཞིག་གིས་ཁར་ཁུ་བ་ཕྱུང་བ་བདག་གིས་མཐོང་ངོ ། །ཞེས་མཆི་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བགྱིའམ། མི་བྱའོ། །དེའི་ངོ་བོ་ཚོལ་དུ་སྩལ་ཏམ། མི་གཞུག་གོ་།དེ་ལ། ཅི་དེ་ན་ཟླ་ལྟ་ཡོད་དམ་ཞེས་དྲིས་ཤིག་།དེ་སྟེ་ཡོད་དོ། །ཞེས་ཟེར་ན། དེ་གཉིས་ཀ་ལ་ཡང་དྲིས་ལ། དེ་སྟེ་མཐུན་པར་སྨྲས་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བྱ་སྟེ། དེ་དེའི་ངོ་བོ་ཚོལ་དུ་ཡང་གཞུག་གོ་།འོན་ཏེ་དེས་འདི་སྐད་དུ། ཁར་མ་རུང་བར་ནི་མ་གྱུར་ཀྱི། སོའི་ཕྱི་རོལ་མཆུར་ཁུ་བ་ཕྱུང་ངོ ། །ཞེས་ཟེར་ན། དགེ་སློང་དམ་འཆར་ཆུག་ཅིག་།བཙུན་པ། དགེ་བསྙེན་མ་དད་པ་ཞིག་དགེ་སློང་རྣམས་ Na169b ཀྱི་དྲུང་དུ་མཆིས་ནས་འདི་སྐད་དུ། བཙུན་པ། དགེ་སློང་ཞིག་གིས་གཅི་བའི་ལམ་དུ་ཁུ་བ་ཕྱུང་བར་བདག་གིས་མཐོང་ངོ ། །ཞེས་མཆི་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བགྱིའམ། མི་བྱའོ། །དེའི་ངོ་བོ་ཚོལ་དུ་སྩལ་ཏམ། མི་གཞུག་གོ་།དེ་ལ། ཅི་དེ་ན་ཟླ་ལྟ་ཡོད་དམ་ཞེས་དྲིས་ཤིག་།དེ་སྟེ་ཡོད་དོ། །ཞེས་ཟེར་ན། དེ་གཉིས་ཀ་ལ་ཡང་དྲིས་ལ། དེ་སྟེ་མཐུན་པར་སྨྲས་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བྱ་སྟེ། དེ་དེའི་ངོ་བོ་ཚོལ་དུ་ཡང་གཞུག་གོ་།འདིས་གཅི་བའི་ལམ་དུ་ནི། མ་རུང་བར་མ་བྱས་ཀྱི། བརླའི་ནང་དུ་ཁུ་བ་བླུགས་སོ། །ཞེས་ཟེར་ན། དགེ་སློང་དམ་འཆར་ཆུག་ཅིག་།བཙུན་པ། དགེ་བསྙེན་མ་དད་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་དུ། དགེ་སློང་ཞིག་གིས་བཤང་བའི་ལམ་དུ་ཁུ་བ་ཕྱུང་བར་བདག་གིས་མཐོང་ངོ ། །ཞེས་མཆི་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བགྱིའམ། མི་བྱའོ། །དེ་དེའི་ངོ་བོ་ཚོལ་དུ་སྩལ་ཏམ། མི་གཞུག་གོ་།དེ་ལ། ཅི་དེ་ན་ཟླ་ལྟ་ཡོད་དམ་ཞེས་དྲིས་ཤིག་།དེ་སྟེ་ཡོད་དོ། །ཞེས་ཟེར་ན། དེ་གཉིས་ཀ་ལ་ཡང་དྲིས་ལ། དེ་སྟེ་མཐུན་པར་སྨྲ་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་བྱ་སྟེ། དེ་དེའི་ངོ་བོ་ཚོལ་དུ་ཡང་གཞུག་གོ་།འོན་ཏེ་དེས་འདི་སྐད་དུ་བཤང་བའི་ལམ་དུ་ནི། མ་རུང་བར་མ་གྱུར་ཀྱི། འདིས་སྣའི་ནང་དུ་ཁུ་བ་ཕྱུང་ངོ ། །ཞེས་ཟེར་ན། དགེ་སློང་དམ་འཆར་ཆུག་ཅིག་།བཙུན་པ། དགེ་བསྙེན་ Na170a ༄#། །མ་དད་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་དུ། བཙུན་པ། བདག་གིས་དགེ་སློང་ཞིག་དུས་མ་ཡིན་པར་སྐྱོ་མ་འཐུང་བ་མཐོང་ངོ ། །ཞེས་མཆི་ན།་དེ་དེའི་ངོ་བོ་ཚོལ་དུ་སྩལ་ཏམ། མི་གཞུག་གོ་།དེ་ལ། ཅི་དེ་ན་ཟླ་ལྟ་ཡོད་དམ་ཞེས་དྲིས་ཤིག་།དེ་སྟེ་ཡོད་དོ། །ཞེས་ཟེར་ན། གཉིས་ཀ་ལ་ཡང་དྲིས་ལ། དེ་སྟེ་མཐུན་པར་སྨྲ་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བྱ་སྟེ། དེ་དེའི་ངོ་བོ་ཚོལ་དུ་ཆུག་ཅིག་།འོན་ཏེ་དེས་འདི་སྐད་དུ། འདི་དུས་མ་ཡིན་པར་སྐྱོ་མ་ནི། མ་མཐུངས་ཀྱི། ཤ་ཁ་རའི་ཆུ་ཞིག་ནི། འདིས་འཐུངས་སོ། །ཞེས་ཟེར་ན། དགེ་སློང་དམ་འཆར་ཆུག་ཅིག་།བཙུན་པ། དགེ་བསྙེན་མ་དད་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་དུ། བཙུན་པ། དགེ་སློང་ཞིག་གིས་བུ་རམ་ཆང་ཞིག་འཐུངས་པ་བདག་གིས་མཐོང་ངོ ། །ཞེས་ཟེར་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བགྱིའམ། མི་བྱའོ། །དེ་དེའི་ངོ་བོ་ཚོལ་དུ་སྩལ་ཏམ། མི་གཞུག་གོ། དེ་ལ། ཅི་དེ་ན་ཟླ་ལྟ་ཡོད་དམ་ཞེས་དྲིས་ཤིག་།དེ་སྟེ་ཡོད་དོ། །ཞེས་ཟེར་ན། དེ་གཉིས་ཀ་ལ་དྲིས་ལ། དེ་སྟེ་མཐུན་པར་སྨྲ་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བྱ་སྟེ། དེ་དེའི་ངོ་བོ་ཚོལ་དུ་ཆུག་ཅིག་།འོན་ཏེ་དེས་འདི་སྐད་དུ། འདིས་བུ་རམ་ཆང་ནི། མ་མཐུངས་ཀྱི། འདིས་ཧཝགས་ཀྱི་ཆུ་ཞིག་འཐུངས་སོ། །ཞེས་ཟེར་ན། དགེ་སློང་དམ་འཆར་ཆུག་ཅིག་།བཙུན་པ། དགེ་ Na170b བསྙེན་མ་དད་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ནས་འདི་སྐད་དུ། བཙུན་པ། དགེ་སློང་ཞིག་གིས་དུས་མ་ལགས་པར་ཤ་ཟ་བ་བདག་གིས་མཐོང་ངོ ། །ཞེས་མཆི་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བགྱིའམ། མི་བྱའོ། །དེ་དེའི་ངོ་བོ་ཚོལ་དུ་སྩལ་ཏམ། མི་གཞུག་གོ་།དེ་ལ། ཅི་དེ་ན་ཟླ་ལྟ་ཡོད་དམ་ཞེས་དྲིས་ཤིག་།དེ་སྟེ་ཡོད་དོ། །ཞེས་ཟེར་ན། གཉིས་ཀ་ལའང་དྲིས་ལ།་དེ་སྟེ་མཐུན་པར་སྨྲ་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བྱ་སྟེ། དེ་དེའི་ངོ་བོ་ཚོལ་དུ་ཆུག་ཅིག་།འོན་ཏེ་དེས་འདི་སྐད་དུ། འདིས་དུས་མ་ཡིན་པར་ཤ་ནི་མ་ཟོས་ཀྱི། འདིས་བུ་རམ་ཞིག་ཟོས་སོ། །ཞེས་ཟེར་ན། དགེ་སློང་དམ་འཆར་ཆུག་ཅིག་།བཙུན་པ། དགེ་བསྙེན་མ་དད་པ་ཞིག་དགེ་སློང་རྣམས་ཀྱི་དྲུང་དུ་མཆིས་ན་འདི་སྐད་དུ། བཙུན་པ། དགེ་སློང་ཞིག་གིས་དུས་མ་ལགས་པར་ཁ་ཟས་ཟ་བ་བདག་གིས་མཐོང་ངོ ། །ཞེས་མཆི་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བགྱིའམ། མི་བྱའོ། །དེ་དེའི་ངོ་བོ་ཚོལ་དུ་སྩལ་ཏམ། མི་གཞུག་གོ་།དེ་ལ། ཅི་དེ་ན་ཟླ་ལྟ་ཡོད་དམ་ཞེས་དྲིས་ཤིག་།དེ་སྟེ་ཡོད་དོ། །ཞེས་ཟེར་ན། དེ་གཉིས་ཀ་ལའང་དྲིས་ལ། དེ་སྟེ་མཐུན་པར་སྨྲ་ན། དགེ་བསྙེན་མ་དད་པའི་ཚིག་བཞིན་དུ་བྱ་སྟེ། དེ་དེའི་ངོ་བོ་ཚོལ་དུ་ཆུག་ཅིག་།འོན་ཏེ་དེས་འདི་སྐད་དུ། འདིས་དུས་མ་ཡིན་པར་ཁ་ཟས་ནི་མ་ཟོས་ཀྱི། འདིས་མར་ཞིག་ཟོས་སོ། །ཞེས་ཟེར་ན། དགེ་སློང་དམ་འཆར་ཆུག་ཅིག་།དགེ་བསྙེན་མ་དད་པ་བདེན་པ་མཐོང་བས་མི་མངོན་ Na171a ༄#། །པའི་དངོས་པོ་གང་སྨྲས་ཀྱང་རུང་སྟེ། དགེ་སློང་དམ་འཆར་ཆུག་ཅིག་།མི་མངོན་པ་རྫོགས་སོ།། །།འདུལ་བ་གཞུང་དམ་པ་བམ་པོ་གསུམ་པ། མདོར་ན།་དེ་ཉིད་སྟོར་དང་ཚིག་པ་དང ། །སེམས་འཁྲུགས་བྱིན་གྱིས་མ་བརླབས་པ། །མི་རུང་བ་དང་དུས་ལས་འདས། །མཚན་དང་བཞི་རྒྱུད་གསུམ་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། དགུང་བཅུ་ལས་འདས་པའི་གོས་ཀྱང་དེ་ཉིད་ལགས་ལ། དེ་ཉིད་དགུང་གཅིག་གིས་བྲལ་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་ཡང་དགེ་སློང་དེས་གོས་ཀྱི་རྒྱུད་མ་ཆད་པར་ཞག་བཅུ་པོའི་ཐ་མ་ལ་གོས་ཤིག་རྙེད་དེ། དེས་གོས་དེ་བྱིན་གྱིས་བརླབས་ནས་མཚམས་ཀྱི་ཕྱི་རོལ་ཏུ་གོས་དེ་མེད་པར་སྐྱ་རེངས་ཤར་ན། གོས་དེ་ནི། ཞག་བཅུ་འདས་ཤིང་ནུབ་གཅིག་གིས་བྲལ་བའོ། །བཙུན་པ། དགེ་སློང་གིས་སྤང་བའི་གོས་སྟོར་བར་གྱུར་ན། ནོངས་པ་བཤགས་པར་བགྱིའམ། ཨུ་པ་ལི། བཤགས་པར་བྱའོ། །ནོངས་པ་བཤགས་ནས་རྙེད་ན། སྤང་ངམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་སློང་གིས་སྤང་བའི་གོས་མེས་ཚིག་གམ་ཟོས་པར་གྱུར་ན། དུམ་བུ་དེ་སྤང་བར་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། ཉེས་པ་འབའ་ཞིག་བཤགས་པར་བྱའོ། །འོན་ཏེ་ཁྲུ་གང་གྲུ་བཞི་ཡན་ཆད་ལུས་པར་གྱུར་ན། སྤང་བར་བྱའོ། །བཙུན་པ། དགེ་སློང་གིས་གོས་རྙེད་མ་ཐག་ཏུ་སེམས་ Na171b འཁྲུགས་པར་གྱུར་ན། གང་ནས་བཟུང་སྟེ་དེའི་དགུང་བཅུར་བགྲང་བར་བགྱིའམ། ནམ་རང་གི་སེམས་ཕྱིར་རྙེད་པ་ནས་གཟུང་ངོ ། །བཙུན་པ། དགེ་སློང་གིས་གོས་བརྒྱད་དམ་དགུ་ཞིག་བྱིན་གྱིས་མ་བརླབས་མ་བསྔོས་པར་ནམ་འཚོ་བའི་བར་དུ་བཅངས་ན། ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་དགེ་སློང་གིས་ཉི་མ་རེ་རེ་ཞིང་གོས་ལས་སླར་ཕྱུང་སྟེ། གཞན་ལ་བྱིན་གྱིས་རློབ་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགུང་བཅུ་འདས་ན། གོས་སྤང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་གོས་དགུང་བཅུ་ལས་ལྷག་པར་བཅངས་ཀྱང་སྤང་པའི་ལྟུང་བར་མི་འགྱུར་པ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་གོས་ཀྱི་རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བར་གྱུར་པ་དང ། རྒྱུ་མི་རུང་བར་གྱུར་ལ་སྤུན་རུང་བར་གྱུར་པ་དང ། གཉིས་ཀ་མི་རུང་བར་གྱུར་བ་སྟེ། མི་རུང་བ་ནི། རྔ་མོའི་བལ་དང ། བ་ལང་གི་བལ་དང ། རའི་བལ་དང ། རི་དྭགས་ཀྱི་བལ་དང་འདྲེས་པ་དང ། ཐགས་སུ་མ་བཏགས་པ་དེ་ལྟ་བུའི་གོས་ཞག་བཅུ་ལས་ལྷག་པར་བཅངས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཞག་བཅུའི་བར་དུ་གོས་ལྷག་པ་བཅང་བར་བྱའོ། ། ཞེས་གསུངས་ན། བཙུན་པ། དགེ་སློང་གིས་ནམ་འཚོའི་བར་དུ་གོས་ལྷག་པ་བཅངས་ན། ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཞག་བཅུ་ཚུན་ཆད་དུ་དུས་ Na172a ༄#། །ལས་འདས་པར་གྱུར་ནའོ། །བཙུན་པ། བཅངས་ན་ནོངས་པར་མི་འགྱུར་བའི་གོས་ཀྱང་དེ་ཉིད་ལགས་ལ། བཅངས་ན་ནོངས་པར་འགྱུར་བའི་གོས་ཀྱང་དེ་ཉིད་ལགས་པ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་དགེ་སློང་དེས་རིན་ཆེ་བའི་གོས་ཤིག་བཅངས་པ་ལས་མཚན་འཕོས་ནས་དགེ་སློང་མར་གྱུར་ཏེ་བཅངས་ན། ཉེས་པར་འགྱུར་རོ། །བཙུན་པ།་དགེ་སློང་གིས་གོས་རྙེད་ནས་དགུང་བཅུ་འདས་པ་དང་མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་དགུང་བཅུ་འདས་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་རྙེད་ནས་དགུང་བཅུ་འདས་པ་དང་མཚན་འཕོས་ནས་དགེ་སློང་ཕར་གྱུར་ཏེ་དགུང་བཅུ་འདས་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགུང་བཅུ་ལ་དགུང་བཅུར་འདུ་ཤེས་ཏེ་སྐྱ་རེངས་ཤར་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ། དགུང་བཅུ་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་པ་མེད་དོ། ། དགུང་བཅུ་མ་ལགས་པ་ལ་དགུང་བཅུར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །ཞག་བཅུར་མ་ལོན་པ་ལ་ཞག་བཅུ་མ་ལོན་པར་འདུ་ཤེས་ན། ལྟུང་བ་མེད་དོ། །བཙུན་པ། གཏན་པ་བཏིང་བའི་གནས་སུ་དགེ་སློང་གིས་གོས་ཤིག་རྙེད་ན། གོས་དེ་སྤང་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་དགེ་སློང་དེའི་གོས་སྤང་བར་གྱུར་ནས་དགེ་ Na172b སློང་དེས་གོས་དེ་མ་སྤངས། བྲལ་བར་མ་བྱས། ཉེས་པ་མ་མཐོལ་བའི་བར་དུ་དགེ་འདུན་གྱིས་གཏན་པ་བཏིང་བ་དང ། དགེ་སློང་དེ་གོས་རྙེད་ན། སྤང་བར་འགྱུར་རོ། །བཙུན་པ། བསླབ་པ་སྩལ་བ་རྣམས་ཀྱིས་དགུང་བཅུ་ལས་ལྷག་པར་གོས་ལྷག་པ་བཅངས་ན། ཅིར་འགྱུར། སྤང་པའི་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་དགུང་བཅུ་ལས་འདས་པར་གོས་ལྷག་པ་བཅངས་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་རྣམས་ཀྱིས་ཞག་བཅུ་ལས་འདས་པར་གོས་ལྷག་པ་བཅངས་ན། ཉེས་བྱས་སུ་འགྱུར་རོ། །མདོར་ན། དགེ་འདུན་གྱི་དང་ས་དང་མཚམས། །མནན་དང་བསྐོར་བར་མ་བྱས་དང ། །མཚམས་མ་བཅད་དང་མ་གཡོགས་དང ། །བཞི་རྒྱུད་མཚན་ཡང་དེ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། དགེ་འདུན་གྱི་ཆོས་གོས་བྱིན་གྱིས་བརླབས་པར་གནང་ངམ། ཨུ་པ་ལི། མི་གནང་ངོ ། །བཙུན་པ། དེ་འདྲ་བའི་རྐྱེན་བྱུང་ན། གནང་ངམ། ཨུ་པ་ལི། གནང་ངོ ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱིས་ཆོས་གོས་བྱིན་གྱིས་བརླབས་ཏེ་ཆོས་གོས་མ་མཆིས་པར་མཚམས་ཀྱི་སླད་རོལ་ཏུ་བྲལ་བར་བགྱིས་ན་ཆོས་གོས་དང་བྲལ་བཞེས་བགྱིའམ། བྲལ་བ་ཞེས་བྱའོ། །ཆོས་གོས་དེ་སྤང་བར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །ནོངས་པ་མཐོལ་བར་བགྱིའམ། མཐོལ་བར་བྱའོ། ། Na173a ༄#། །བཙུན་པ། དགེ་སློང་གིས་ཆོས་གོས་ས་ལ་བཞག་སྟེ་ནམ་མཁའ་ལ་སྐྱ་རེངས་ཤར་རམ། ཆོས་གོས་ནམ་མཁའ་ལ་བཞག་སྟེ་ས་ལ་སྐྱ་རེངས་ཤར་ན། ཆོས་གོས་དང་བྲལ་བའམ། མ་བྲལ་བ་ཞེས་བགྱི། བྲལ་བ་ཞེས་བྱའོ། །བཙུན་པ། དགེ་སློང་གིས་ཆོས་གོས་མཚམས་ཀྱི་ནང་དུ་བཞག་སྟེ་མཚམས་ཀྱི་སླད་རོལ་ཏུ་སྐྱ་རེངས་ཤར་རམ། མཚམས་ཀྱི་སླད་རོལ་ཏུ་ཆོས་གོས་བཞག་ལ་མཚམས་ཀྱི་ནང་དུ་སྐྱ་རེངས་ཤར་ན། ཆོས་གོས་དང་བྲལ་བ་ཞེས་བགྱིའམ། བྲལ་བ་ཞེས་བྱའོ། །བཙུན་པ། དགེ་སློང་གིས་མཚམས་མནན་ན། མཚམས་བཟུང ། མཚམས་སུ་འགྲེང་ངམ་འདུག་ལ། མཚམས་ཀྱི་བར་དུ་ཆོས་གོས་བཞག་སྟེ་སྐྱ་རེངས་ཤར་ན། ཆོས་གོས་དང་བྲལ་བ་ཞེས་བགྱིའམ། བྲལ་བ་ཞེས་བྱའོ། ། བཙུན་པ། དགེ་སློང་མཚམས་ཀྱི་ནང་དུ་མཆིས་ལ། ཆོས་གོས་ཀྱང་མཚམས་ཀྱི་ནང་དུ་བཞག་པ་ལས། ཆོས་གོས་དེ་དང་འབྲལ་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཆོས་གོས་ཀྱི་སྡོམ་པ་མ་བསྐོས་པའོ། །བཙུན་པ། མཚམས་མ་བཅད་པའི་གནས་སུ་ཇི་ཙམ་གྱིས་ན། དགེ་སློང་ཆོས་གོས་དང་བྲལ་བ་ཞེས་བགྱི། ཨུ་པ་ལི། ཇི་ཙམ་གཙུག་ལག་ཁང་གི་ཉེ་འཁོར་ཏམ། ཁང་པའམ། སྒོ་ཁྱམས་སམ། བསྐོར་བའི་ཁང་པའམ། དགེ་སློང་གིས་ཀུན་ཏུ་སྤྱད་པའི་ཀུན་དགའ་ར་བའམ། ཕྱིརའམ། ཤིང་ཐགས་སམ། Na173b འོ་བས་རྣམས་ཤེས་པར་བྱའོ། །བཙུན་པ། དགེ་སློང་གིས་གནས་གཅིག་ལ་ཐོག་ཀྱང་གཅིག་པར་གནས་ལ། དེ་ཉིད་དུ་ཆོས་གོས་ཀྱང་བཞག་ན། དེ་ཆོས་གོས་དང་བྲལ་བར་འགྱུར་བ་མཆིས་སམ།་ཨུ་པ་ལི། ཡོད་དེ། ཇི་ལྟར་གནས་དེར་མུ་སྟེགས་ཅན་སྣ་ཚོགས་དང ། དགེ་སྦྱོང་དང ། བྲམ་ཟེ་དང ། སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་བ་རྣམས་གནས་པ་དང་སྤུན་སོ་སོར་བགོས་པ་རྣམས་སུའོ། །བཙུན་པ། དགེ་སློང་གིས་མཚམས་ཀྱི་སླད་རོལ་ལ་མཚམས་ཀྱི་སླད་རོལ་ཏུ་འདུ་ཤེས་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །མཚམས་ཀྱི་ནང་ལ་མཚམས་ཀྱི་སླད་རོལ་ཏུ་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །མཚམས་ཀྱི་སླད་རོལ་ལ་མཚམས་ཀྱི་ནང་དུ་འདུ་ཤེས་ན། ཅིར་འགྱུར། ཉེས་པ་མེད་དོ། །མཚམས་ཀྱི་ནང་ལ་མཚམས་ཀྱི་ནང་དུ་འདུ་ཤེས་ན།་ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་མཚམས་ཀྱི་ནང་དུ་ཆོས་གོས་བཞག་སྟེ་མཚམས་ཀྱི་སླད་རོལ་ཏུ་སྐྱ་རེངས་ཤར་བ་དང་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན།་ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་མཚམས་ཀྱི་ནང་དུ་ཆོས་གོས་བཞག་ལ། མཚམས་ཀྱི་སླད་རོལ་ཏུ་སྐྱ་རེངས་ཤར་བ་དང་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་སུའི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བགྱི། ཨུ་པ་ལི། དགེ་སློང་གིས་དགེ་སློང་དང ། Na174a ༄#། །དགེ་ཚུལ་ཕའི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱའོ། །དགེ་ཚུལ་ཕས་ནི། དགེ་སློང་དང ། དགེ་ཚུལ་ཕའི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱའོ། ། དགེ་སློང་མས་ནི། དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མའི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱའོ། །དགེ་སློབ་མས་ནི། དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་རྣམས་ཀྱི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱའོ། །དགེ་ཚུལ་མས་ནི། དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་རྣམས་ཀྱི་མདུན་དུ་ཆོས་གོས་བྱིན་གྱིས་བརླབ་པར་བྱ་སྟེ། སླར་དབྱུང་བ་དང ། བསྔོ་བ་ཡང་དེ་བཞིན་དུ་བྱའོ། །བཙུན་པ། བསླབ་པ་སྩལ་བས་ཆོས་གོས་མ་མཆིས་པར་མཚམས་ཀྱི་སླད་རོལ་ཏུ་སྐྱ་རེངས་ཤར་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །དེ་བཞིན་དུ་དགེ་སློང་མ་ལ་ཡང་སྤང་བའི་ལྟུང་བ་རྒྱས་པར་བརྗོད་དོ། །དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་རྣམས་ལ་ཉེས་བྱས་སོ། ། མདོར་ན། སེམས་འཁྲུགས་པ་དང་དུས་ལས་འདས། །རུང་བ་དག་ཀྱང་དེ་བཞིན་ཏེ། །མི་རུང་བ་དང་གདིང་བ་ཡང ། །དེ་བཞིན་རྫོགས་པ་བཞི་དང་མཚན། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་རིང་ན་ཡང་ཟླ་བ་གཅིག་ཏུ་གོས་ཞོག་ཅིག་ཅེས་གསུངས་ན། བཙུན་པ། དགེ་སློང་ Na174b གིས་གོས་རྙེད་མ་ཐག་ཏུ་སེམས་འཁྲུགས་པར་གྱུར་ན། གང་ནས་བཟུང་སྟེ་དེའི་ཟླ་བ་བགྲང་བར་བགྱི། ནམ་རང་གི་སེམས་ཕྱིར་རྙེད་པ་ཚུན་ཆད་དོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ནི། དགེ་སློང་གིས་རིང་ན་ཟླ་བ་གཅིག་ཏུ་གོས་ཆོངས་ཤིག་ཅེས་གསུངས་ན། བཙུན་པ། དགེ་སློང་གིས་ནམ་འཚོའི་བར་དུ་གོས་བཞག་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཟླ་བ་གཅིག་ཚུན་ཆད་དུས་བྱས་ནའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་རིང་ན་ཡང་ཟླ་བ་གཅིག་ཏུ་གོས་ཞོག་ཅིག་ཅེས་གསུངས་ན། གོས་དེ་ཇི་ལྟ་བུ་ལགས། རུང་བ་བདུན་པོ་ལས་གང་ཡང་རུང་བ་སྟེ། བཅོམ་ལྡན་འདས་ཀྱིས་ཀྱང་མ་བཀག་སྟེ། གནང་བའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་རིང་ན་ཡང་ཟླ་བ་གཅིག་ཏུ་གོས་ཞོག་ཅིག་ཅེས་གསུངས་ན། དགེ་སློང་གིས་ཟླ་བ་གཅིག་ལས་ལྷག་པར་བཞག་ཀྱང་སྤང་བའི་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་གོས་དེ་རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང ། སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང ། གཉིས་ཀ་མི་རུང་བ་སྟེ། མི་རུང་བ་ནི། རྔ་མོའི་བལ་དང ། བ་ལང་གི་བལ་དང ། རའི་བལ་དང ། རི་དྭགས་ཀྱི་བལ་དང་འདྲེས་པ་པ་དང ། ཐགས་སུ་མ་བཏགས་པ་དེ་ལྟ་བུའི་གོས་ནི། ཟླ་བ་གཅིག་ལས་ལྷག་པར་བཞག་ཀྱང་ཉེས་བྱས་སུ་འགྱུར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་རིང་ན་ཡང་དགེ་སློང་གིས་གོས་ Na175a ༄#། །ཟླ་བ་གཅིག་ཏུ་ཞོག་ཅིག་ཅེས་གསུངས་ན། བཙུན་པ། དགེ་སློང་གིས་ཟླ་བ་དྲུག་ཏུ་གོས་བཞག་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། གོས་རྙེད་ནས་ཞག་སུམ་ཅུ་ལོན་པ་དང ། དགེ་འདུན་གྱི་གཏན་པ་བཏིང་པར་གྱུར་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཆོས་གོས་གསུམ་དུ་མ་ལོངས་པ་ཟླ་བ་གཅིག་ཏུ་ཞོག་ཅིག་ཅེས་གསུངས་ན། བཙུན་པ། དགེ་སློང་གང་ཆོས་གོས་གསུམ་ལོངས་པར་ཡང་གྱུར་ལ། དེས་ཆོས་གོས་གསུམ་མ་ལོངས་པ་ཞིག་རྙེད་ན། དེ་ཡང་རིང་ན་ཟླ་བ་གཅིག་ཏུ་གཞག་པར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཆོས་གོས་གསུམ་ཚང་ན། གང་གོས་གཞན་རྙེད་པ་དག་ལོངས་ཀྱང་རུང ། མ་ལོངས་ཀྱང་རུང་སྟེ། དེ་ཐམས་ཅད་ཀྱང་རིང་ན་ཡང་ཞག་བཅུར་ཞོག་ཅིག་།ཆོས་གོས་གསུམ་ལོངས་པ་ཞིག་ལ་གལ་ཏེ་ཆོས་གོས་སུ་ལོངས་པ་རྙེད་ན། དེ་ཡང་རིང་ན། ཞག་བཅུར་ཞོག་ཅིག་།འོན་ཏེ་མ་ལོངས་པ་ཞིག་རྙེད་ན། རིང་ན་ཡང་ཟླ་བ་གཅིག་ཏུ་གཞག་པར་བྱའོ། །དེ་ལས་འདས་པར་བཞག་ན། སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་ཟླ་བ་གཅིག་ལ་ཟླ་བ་གཅིག་ཏུ་འདུ་ཤེས་ཏེ་སྐྱ་རེངས་ཤར་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །ཟླ་བ་གཅིག་ལ་ཟླ་བ་གཅིག་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་པ་མེད་དོ། །ཟླ་བ་གཅིག་མ་ཡིན་པ་ལ་ཟླ་བ་གཅིག་ཏུ་འདུ་ཤེས་ Na175b ན།་ཉེས་བྱས་སུ་འགྱུར་རོ། །ཟླ་བ་གཅིག་མ་ལོན་པ་ལ་ཟླ་བ་གཅིག་མ་ལོན་པར་འདུ་ཤེས་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་རྙེད་ནས་ཟླ་བ་གཅིག་ཏུ་བཞག་པ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་ཟླ་བ་གཅིག་འདས་ན། ཅིར་འགྱུར། སྤང་པའི་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་གོས་རྙེད་ནས་ཟླ་བ་གཅིག་ཏུ་བཞག་པ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ནས་ཟླ་བ་གཅིག་འདས་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ། བསླབ་པ་སྩལ་བས་རིང་ན་ཟླ་བ་གཅིག་ཏུ་གོས་བཞག་པ་ལས་འདས་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་རིང་ན་ཟླ་བ་གཅིག་ཏུ་གོས་བཞག་པ་ལས་འདས་ན། ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །དགེ་སློང་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་རྣམས་ཀྱིས་རིང་ན་ཟླ་བ་གཅིག་འདས་པར་གོས་བཅངས་ན། ཅིར་འགྱུར། ཉེས་བྱས་སོ། མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་གླེན་པ་དང ། །ཁྱིམ་པ་དག་ལ་སོགས་པ་སྟེ། །བསླབ་པ་བྱིན་པ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ།་བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་རྙིང་པ་འཁྲུར་སྩལ་ན། སྤང་བའི་ལྟུང་བར་འགྱུར་རོ། །ཞེས་གསུངས་ན། Na176a ༄#། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་འཕྲིན་གྱིས་གོས་འཁྲུར་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་དེ་འཁྲུར་བཅུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་སྨྱོན་མ་ལ་འཁྲུར་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་མ་དང ། ལྐུགས་མ་དང ། འོན་མ་རྣམས་ལ་འཁྲུར་བཅུག་ན། ཐམས་ཅད་ཀྱང་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་མ་ནིང་མ་ལ་འཁྲུར་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། སོ་སོར་གནས་པ་དང ། མི་གནས་པ་དང ། སྔར་འཁྲུགས་པ་དང ། སྔར་ཉེས་པ་བྱུང་བ་རྣམས་ལ་འཁྲུར་བཅུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་མ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་བ་རྣམས་ལ་འཁྲུར་སྩལ་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །མདོར་ན། ཐུན་མོང་བཀྲུས་དང་དགེ་འདུན་དང ། །མཚན་གཉིས་དང་ནི་མི་རུང་བ། །སྤངས་དང་གཞན་ Na176b དང་གྱོན་པ་དང ། །བདུན་པ་བཞི་པ་དེ་བཞིན་ཏེ། །དགེ་སློང་མ་དང་ཐ་མའོ། །བཙུན་པ། དགེ་སློང་གིས་གོས་ཐུན་མོང་བ་འཁྲུར་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཀྲུས་པ་འཁྲུར་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་གོས་འཁྲུར་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་སྟེ་གང་ཟག་གིས་སྤྱད་པར་འགྱུར་བ་ཞིག་ཡོངས་སུ་སྤྱད་དེ་དྲི་མ་ཅན་ན་ཡང་ཉེས་བྱས་སུ་འགྱུར་རོ། །འོན་ཏེ་མལ་སྟན་གྱི་དངོས་པོ་འཁྲུར་བཅུག་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་རྙིང་པ་འཁྲུར་སྩལ་པ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མ་ལ་གཉེན་མ་ལགས་པའི་དགེ་སློང་གིས་གོས་འཁྲུར་སྩལ་བ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར་ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་འཁྲུར་སྩལ་བ་ན། དགེ་སློང་མ་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ནས་བཀྲུས་ན། ཅིར་འགྱུར། ཉེས་བྱས་སོ། དེ་བཞིན་དུ་དགེ་སློང་ལའང་བྱའོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་རྙིང་པ་འཁྲུར་སྩལ་ན། སྤང་བའི་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་གོས་དེ་ཡང་རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང ། སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང ། གཉིས་ཀ་མི་རུང་བར་གྱུར་པ་སྟེ། མི་རུང་བ་ནི། རྔ་མོའི་བལ་དང ། རའི་བལ་དང ། Na177a ༄#། །བ་ལང་གི་བལ་དང ། རི་དྭགས་ཀྱི་བལ་དང་འདྲེས་པ་དང ། ཐགས་སུ་མ་བཏགས་པ་དེ་ལྟ་བུའི་གོས་རྣམས་འཁྲུར་བཅུག་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་གོས་སྤངས་བ་ཞིག་འཁྲུར་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་སྟེ་སྤངས་པ་མ་ཡིན་པ་ཞིག་འཁྲུར་བཅུག་ན། སྤང་བའི་ལྟུང་བར་འགྱུར་རོ། །འོན་ཏེ་སྤངས་པ་ཞིག་འཁྲུར་བཅུག་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་གཞན་གྱི་གོས་འཁྲུར་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གོས་རུང་བ་དང ། གྲོང་དུ་ཞུགས་པ་ལས་གོས་དེ་ལུས་ལས་མ་བྲལ་བཞིན་དུ་སྤངས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། །ཇི་ལྟར་ཡང་དགེ་སློང་དེས་ཁྱིམ་གྱི་ནང་དུ་ཞུགས་པ་དང ། གོས་ལ་བཤང་བ་དང ། གཅི་བའམ། གཞན་ཡང་མི་གཙང་བས་རེག་པར་གྱུར་པ་དང ། དེས་གཉེན་མ་ཡིན་པའི་དགེ་སློང་མ་ལ་འཁྲུར་བཅུག་ན། སྤང་བའི་ལྟུང་བར་འགྱུར་རོ། །བསྙེན་པར་མ་རྫོགས་པར་འཁྲུར་སྩལ་ནས་བསྙེན་པར་མ་རྫོགས་པར་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་འཁྲུར་སྩལ་ནས་བསྙེན་པར་རྫོགས་ཀར་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་འཁྲུར་སྩལ་ནས་བསྙེན་པར་རྫོགས་ནས་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་སྩལ་ནས་བསྙེན་པར་རྫོགས་ཀར་ལགས་ན། ཅིར་འགྱུར། Na177b ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་འཁྲུར་སྩལ་ནས་བསྙེན་པར་རྫོགས་པ་དང་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པས་འཁྲུར་སྩལ་ནས་བསྙེན་པར་རྫོགས་ནས་ལགས་ན། ཅིར་འགྱུར།་སྤང་བར་འགྱུར་རོ། །བསྙེན་པར་རྫོགས་པས་འཁྲུར་སྩལ་ནས་བསྙེན་པར་མ་རྫོགས་པར་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་གོས་རྙིང་པ་འཁྲུར་སྩལ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གཉེན་མ་ལགས་པར་འདུ་ཤེས་ཏེ་གོས་རྙིང་པ་འཁྲུར་སྩལ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །གཉེན་མ་ཡིན་པ་ལ་གཉེན་ཡིན་པར་འདུ་ཤེས་ན། ཉེས་པ་མེད་དོ། །གཉེན་ལ་གཉེན་མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །གཉེན་ལ་གཉེན་དུ་འདུ་ཤེས་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་རྙིང་པ་འཁྲུར་སྩལ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། ཁྱིམ་པ་མོ་དང ། མུ་སྟེགས་ཅན་གཞན་དགེ་སྦྱོང་དང ། བྲམ་ཟེ་དང ། སྤྱོད་པ་པ་དང ། Na178a ༄#། །ཀུན་ཏུ་རྒྱུ་བ་རྣམས་ལ་འཁྲུར་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་འགྲོ་བ་གཞན་དུ་གནས་པ་ལ་འཁྲུར་བཅུག་ན་ཡང་ཉེས་བྱས་སུ་འགྱུར་རོ། །དགེ་སློང་མས་དགེ་སློང་དང ། དགེ་ཚུལ་དང ། མུ་སྟེགས་ཅན་གཞན་དགེ་སྦྱོང་དང ། བྲམ་ཟེ་དང ། སྤྱོད་པ་དང ། ཀུན་ཏུ་རྒྱུ་བ་རྣམས་དང ། འགྲོ་བ་གཞན་དུ་གནས་པ་ལ་འཁྲུར་སྩལ་ན། ཅིར་འགྱུར་ཉེས་བྱས་སུ་འགྱུར་རོ། །ཁྱིམ་པ་དང ། ཁྱིམ་པ་མོ་ལ་འཁྲུར་བཅུག་ན་ཡང་ཉེས་བྱས་སུ་འགྱུར་རོ། །དགེ་སློབ་མ་དང ། དགེ་ཚུལ་མ་ལ་ཉེས་བྱས་སོ། །བཙོ་བ་དང་བརྡུང་བ་རྣམས་ལ་ཡང་དེ་བཞིན་དུ་རྒྱས་པར་བྱའོ། །མདོར་ན། སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་གླེན་པ་དང ། །མ་ནིང་མ་ལ་སོགས་པ་དང ། །བསླབ་པ་བྱིན་པ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལས་གོས་བསླངས་ན། སྤང་བའི་ལྟུང་བར་འགྱུར་རོ། །ཞེས་གསུངས་ན།་བཙུན་པ། དགེ་སློང་གིས་དགེ་སློང་མ་སྨྱོན་མ་ལས་གོས་ཤིག་བླངས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། ལྐུགས་པ་དང ། གླེན་པ་དང ། འོན་པ་དང ། མ་ནིང་མོ་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བ་དང ། Na178b མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། སྔར་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་མོ་རྣམས་ལས་གོས་བསླངས་ན། ཅིར་འགྱུར། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ།་དགེ་སློང་གིས་དགེ་སློང་མ་དགེ་འདུན་གྱི་དབྱེན་བགྱིད་པ་དང ། སོ་སོར་གནས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་ལ་གོས་ཤིག་བསླངས་ན། ཅིར་འགྱུར། །སྤང་བའི་ལྟུང་བར་འགྱུར་རོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་གླེན་མ་དང ། །གཉིད་ལོག་ར་རོ་མྱོས་མ་དང ། །སྙོམས་ཞུགས་འགྲོ་བ་མ་ནིང་མ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལས་འཕྲིན་གྱིས་གོས་བསླངས་ཏེ་གོས་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམས་ནི། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་སྨྱོན་མ་ལས་གོས་བསླངས་ཏེ་གོས་ཐོབ་ན།་ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་སྨྱོན་མ་ལ་སོགས་པ་ལ་གོས་བསླངས་ཏེ་གོས་ཐོབ་ན། ཅིར་འགྱུར། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་དགེ་འདུན་གྱི་དབྱེན་བགྱིས་པ་དང ། སོ་སོར་གནས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་བ་རྣམས་ལས་གོས་བསླངས་ཏེ་གོས་ཐོབ་ན། ཅིར་འགྱུར། སྤང་བའི་ལྟུང་བར་ Na179a ༄#། །འགྱུར་རོ། །མདོར་ན། མི་རུང་བ་དང་བཞི་བ་གཉིས། །བདུན་པ་དང་ཡང་མཚན་དེ་བཞིན། །དགེ་སློང་དགེ་སློང་མ་དེ་བཞིན། །སྡེར་གྱུར་པ་ནི་བསྡུས་པའོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལས་གོས་བསླངས་ཀྱང་སྤང་བའི་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། །ཇི་ལྟར་གོས་ཏེ་རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང ། སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང ། གཉིས་ཀ་མི་རུང་བར་གྱུར་པ་སྟེ། མི་རུང་བ་ནི། བ་ལང་གི་བལ་དང ། རྔ་མོའི་བལ་དང ། རའི་བལ་དང ། རི་དྭགས་ཀྱི་བལ་དང་འདྲེས་པ་དང ། ཐགས་སུ་མ་བཏགས་པའི་གོས་དེ་འདྲ་བ་ཞིག་བསླངས་ན། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལས་གཉེན་མ་ལགས་པར་འདུ་ཤེས་ཏེ་གོས་བསླངས་ན། ཅིར་འགྱུར་སྤང་བའི་ལྟུང་བར་འགྱུར་རོ། །གཉེན་མ་ཡིན་པ་ལ་གཉེན་ཡིན་པར་འདུ་ཤེས་ན། ཉེས་པ་མེད་དོ། །གཉེན་ལ་གཉེན་མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །གཉེན་ལ་གཉེན་དུ་འདུ་ཤེས་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་པའི་དགེ་སློང་མ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་བསླངས་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། ། བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་ Na179b བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཉེས་བྱས་སོ། །བཙུན་པ། བསྙེན་པར་མ་རྫོགས་པས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་བསླངས་ནས་བསྙེན་པར་མ་རྫོགས་པར་བླངས་ན། ཅིར་འགྱུར།་ཉེས་བྱས་སོ། །བསྙེན་པར་མ་རྫོགས་པས་བསླངས་ནས་བསྙེན་པར་རྫོགས་ཀར་བླངས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བསླངས་ནས་བསྙེན་པར་རྫོགས་ཏེ་བླངས་ན།་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ནས་བསྙེན་པར་རྫོགས་ཀར་བླངས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ནས་བསྙེན་པར་རྫོགས་ཏེ་བླངས་ན།་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཏེ་བསླངས་ནས་བསྙེན་པར་རྫོགས་ཏེ་བླངས་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །བསྙེན་པར་རྫོགས་ཏེ་བསླངས་ནས་བསྙེན་པར་མ་རྫོགས་པར་བླངས་ན། ཅིར་འགྱུར། ཉེས་བྱས་སོ། བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལས་གོས་ལེན་པ་ན། མཚན་འཕོས་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་གཉེན་མ་ལགས་པའི་དགེ་སློང་མ་ལས་གོས་ལེན་པ་ན། མཚན་འཕོས་ཏེ་དགེ་སློང་ཕར་གྱུར་ནས་བླངས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ།་དགེ་སློང་མས་གཉེན་མ་ལགས་པའི་དགེ་སློང་ཕ་ལས་གོས་ལེན་པ་ན། དགེ་སློང་མ་དེ་ཡང་མཚན་འཕོས་ཏེ་དགེ་སློང་ཕ་ལས་བླངས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་ Na180a ༄#། །སློང་མས་གཉེན་མ་ལགས་པའི་དགེ་སློང་ལས་གོས་ལེན་པ་ན། དགེ་སློང་དེ་ཡང་མཚན་འཕོས་ཏེ་དགེ་སློང་མ་ལས་བླངས་ན། ཅིར་འགྱུར། ཉེས་བྱས་སོ། །དགེ་སློབ་མ་དང ། དགེ་ཚུལ་མ་ལས་བླངས་ན། ཅིར་འགྱུར། ཉེས་བྱས་སོ། །དགེ་སློང་མས་དགེ་སློང་དང ། དགེ་ཚུལ་ཕ་ལས་བླངས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློབ་མ་དང ། དགེ་ཚུལ་མ་ལས་བླངས་ན་ཡང་ཉེས་བྱས་སུ་འགྱུར་རོ། དགེ་ཚུལ་ཕས་དགེ་སློང་མ་དང ། དགེ་ཚུལ་མ་དང ། དགེ་སློབ་མ་ལས་བླངས་ན་ཡང་ཉེས་བྱས་སུ་འགྱུར་རོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་གླེན་པ་དང ། །གཉིད་ལོག་པ་དང་ར་རོ་བ། །མྱོས་པ་འགྲོ་བ་ཕྱི་རོལ་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གིས་གཉེན་མ་ལགས་པའི་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ལས་གོས་བསླངས་ན། སྤང་བར་འགྱུར་རོ། །ཞེས་གསུངས་ན། དགེ་སློང་གིས་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ལས་གོས་བསླངས་ཀྱང་སྤང་པའི་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་ཡང་འཕྲིན་གྱིས་བསླངས་ན། ཉེས་བྱས་སུ་འགྱུར་ཏེ། ཐོབ་ན་ཡང་ཉེས་བྱས་སུ་ཟད་དོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་རྒྱུད་པ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་ཁྱིམ་བདག་སྨྱོན་པ་ལས་བསླངས་ཏེ་གོས་ཐོབ་ན་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་ Na180b དང ། ནད་ཀྱིས་གཟིར་བ་དང ། འོན་པ་དང ། གླེན་པ་དང ། ལྐུགས་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ལས་བསླངས་ཏེ་གོས་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། མདོར་ན། མི་རུང་བཞི་པ་གཉིས་པ་དང ། བདུན་པ་མཚན་ཡང་དེ་བཞིན་ཏེ། །ཉུག་རུམ་དེ་བཞིན་མ་ནིང་མོ། །མ་ནིང་དགེ་སློང་དེ་བཞིན་ནོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་ཁྱིམ་བདག་གི་མཆིས་བྲང་ལ་གོས་བསླངས་ཀྱང་སྤང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་ཡང་གོས་དེའི་རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང ། སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང ། གཉིས་ཀ་མི་རུང་བ་སྟེ། མི་རུང་བ་ནི། རྔ་མོའི་བལ་དང ། རའི་བལ་དང ། བ་ལང་གི་བལ་དང ། རི་དྭགས་ཀྱི་བལ་དང་འདྲེས་པ་དང ། ཐགས་སུ་མ་བཏགས་པ་དེ་འདྲ་བའི་གོས་ཤིག་བསླངས་ཏེ་གོས་རྙེད་ན། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པ་ལ་གཉེན་མ་ལགས་པར་འདུ་ཤེས་ནས་གོས་བསླངས་ཏེ་གོས་ཐོབ་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །གཉེན་མ་ཡིན་པ་ལ་གཉེན་དུ་འདུ་ཤེས་ན། ཉེས་པ་མེད་དོ།། གཉེན་ལ་གཉེན་མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །གཉེན་ལ་གཉེན་དུ་འདུ་ཤེས་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་མི་ལ་མིར་འདུ་ཤེས་ཏེ་གོས་བསླངས་པ་ལས་གོས་ཐོབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །མི་ལ་མི་མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་ན་ཡང་ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མི་མ་ཡིན་པར་འདུ་ཤེས་ན་ཡང་ Na181a ༄#། །ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པར་བསླངས་ཏེ་བསྙེན་པར་མ་རྫོགས་པར་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བསླངས་ཏེ་བསྙེན་པར་རྫོགས་ཀར་ཐོབ་ན།་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བསླངས་ནས་བསྙེན་པར་རྫོགས་ཏེ་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ཏེ་བསྙེན་པར་རྫོགས་ཀར་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ཏེ་བསྙེན་པར་རྫོགས་ནས་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཏེ་བསླངས་ནས་བསྙེན་པར་རྫོགས་ཏེ་ཐོབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་ནས་བསླངས་ཏེ་བསྙེན་པར་མ་རྫོགས་པར་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ལས་གོས་བསླངས་པ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་ཐོབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་གཉེན་མ་ལགས་པའི་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ལས་གོས་བསླངས་པ་ན། མཚན་འཕོས་ནས་དགེ་སློང་ཕར་གྱུར་ཏེ་ཐོབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་ཁྱིམ་བདག་ལ་གོས་བསླངས་པ་ལས་ཁྱིམ་བདག་དེ་ཡང་མཚན་འཕོས་ཏེ་བུད་མེད་ལས་བླངས་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་ཁྱིམ་བདག་གིས་མཆིས་བྲང་ལ་བསླངས་པ་ན། ཁྱིམ་བདག་གིས་མཆིས་བྲང་དེ་ཡང་མཚན་འཕོས་ཏེ་སྐྱེས་པ་ལས་བླངས་ན། ཅིར་འགྱུར། སྤང་བར་འགྱུར། །དེ་བཞིན་དུ་ Na181b དགེ་སློང་མ་ལ་ཡང་བརྗོད་པར་བྱའོ། །བཙུན་པ། དགེ་སློང་གིས་ཉུག་རུམ་ལས་གོས་བསླངས་ཏེ་གོས་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་མ་ནིང་དང ། མ་ནིང་མོ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གཉེན་མ་ལགས་པའི་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ལས་གོས་བསླངས་ན། སྤང་བའི་ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་དགེ་སློང་མ་ལ་བསླངས་ཏེ་གོས་ཐོབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་སློང་མ་དང ། དགེ་ཚུལ་ཕ་རྣམས་ལ་བསླངས་ཏེ་གོས་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ལ་བསླངས་ཏེ་གོས་ཐོབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །དགེ་སློང་མས་དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་བསླངས་ཏེ་གོས་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློབ་མ་དང ། དགེ་ཚུལ་ཕ་རྣམས་ལའང་ཉེས་བྱས་ཏེ། རྒྱས་པར་བརྗོད་པར་བྱའོ། །བསླངས་པ་ལ་ཇི་ལྟ་བ་བཞིན་དུ་སྟོད་གཡོགས་དང ། མཐང་གོས་ལ་ཐ་དད་པ་ཅི་ཞེ་ན། སྟོད་གཡོགས་དང ། མཐང་གོས་ལ་གཉིས་ཏེ། དགེ་སློང་གི་སྟོད་གཡོགས་དང ། མཐང་གོས་དང ། ཁྱིམ་པའི་སྟོད་གཡོགས་དང ། མཐང་གོས་སོ། །དགེ་སློང་གིས་ཁྱིམ་པའི་སྟོད་གཡོགས་དང ། །མཐང་གོས་ཐོབ་ནས་ཁྱིམ་པའི་མཐང་གོས་དང ། སྟོད་གཡོགས་བླངས་པ་ལས། དེ་སྟེ་མ་ཆོག་པར་གྱུར་ན། མ་སློངས་ཤིག་།འོན་ཏེ་ལྷག་ན་ཡང་མ་སྦྱིན་ཅིག་།དགེ་སློང་གིས་ཁྱིམ་བདག་གི་སྟོད་གཡོགས་དང ། མཐང་གོས་མ་ཆོག་གམ་ལྷག་ནས་བསླངས་ Na182a ༄#། །པ་དེ་ནི། ཉེས་བྱས་སུ་འགྱུར་རོ། །ཐོབ་ན། སྤང་བའི་ལྟུང་བའོ། །དགེ་སློང་གིས་དགེ་སློང་གི་སྟོད་གཡོགས་དང ། མཐང་གོས་ཐོབ་ནས་སྟོད་གཡོགས་དང་མཐང་གོས་བླངས་པ་ལས། དེ་སྟེ་མ་ཆོག་པར་གྱུར་ན། བསླང་བར་བྱའོ། །འོན་ཏེ་ལྷག་པར་གྱུར་ན། ཕྱིར་སྦྱིན་པར་བྱའོ། །དགེ་སློང་གིས་མཐང་གོས་དང ། སྟོད་གཡོགས་ལྷག་པ་ཕྱིར་མ་བྱིན་ནམ། ལྷག་པར་བསླངས་ན། དེས་བསླངས་པ་ནི། ཉེས་བྱས་སོ། །ཐོབ་ན། སྤང་བའི་ལྟུང་བའོ། །དེ་ལ་ཁྱིམ་བདག་གི་མཐང་གོས་དང ། སྟོད་གཡོགས་མ་ཆོག་པའམ། ལྷག་པར་བསླངས་སམ། དགེ་སློང་གིས་མཐང་གོས་དང ། སྟོད་གཡོགས་ལྷག་པ་ཕྱིར་མ་བྱིན་ནམ། ལྷག་པར་བསླངས་ན། སྤང་པར་འགྱུར་རོ། །ལྷག་པ་རྣམས་ནི། ཇི་ལྟར་བསླབ་པའི་གནས་ཀྱི་གཞུང་སྔ་མའི་རིམ་པ་དེ་བཞིན་དུ་བསླབ་པའི་གནས་འདི་ལ་ཡང་བྱའོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ནད་པ་དང ། །གཉིད་ལོག་ར་རོ་མྱོས་པ་དང་།། སྙོམས་ཞུགས་འགྲོ་བ་ཕྱི་རོལ་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་ལ་གཉེན་མ་ལགས་པའི་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་གིས་གོས་ཀྱི་རིན་ཞིག་བཞག་པར་གྱུར་པ་དང ། དེ་ལ་སྔར་མ་སྩལ་བར་དགེ་སློང་དེས་གོས་བསྒྲུབ་པའི་ཕྱིར་རྟོག་པ་ཅུང་ཟད་ཅིག་བསྐྱེད་ནས་མངོན་པར་གྲུབ་ན། Na182b སྤང་བའི་ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་རྣམ་པར་རྟོག་པ་བསྐྱེད་ནས་འཕྲིན་གྱིས་གོས་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་སྨྱོས་པ་ལ་རྣམ་པར་རྟོག་པ་བསྐྱེད་ནས་གོས་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འདི་ལས་ཕྱི་རོལ་ཏུ་གྱུར་པ་མུ་སྟེགས་ཅན་གཞན་དགེ་སྦྱོང་དང ། བྲམ་ཟེ་དང ། སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་བ་རྣམས་ལ་རྟོག་པ་བསྐྱེད་དེ་གོས་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། མི་རུང་བ་དང་བཞི་བ་གཉིས། །བདུན་པ་དང་ནི་མཚན་དེ་བཞིན། །ཉུག་རུམ་མ་ནིང་དེ་བཞིན་ཏེ། །མ་ནིང་དགེ་སློང་དེ་བཞིན་ནོ། །བཙུན་པ། ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ལ་རྟོག་པ་བསྐྱེད་ཀྱང་སྤང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་ཡང་གོས་དེའི་རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བར་གྱུར་པ་དང ། རྒྱུ་མི་རུང་བར་གྱུར་ལ་སྤུན་རུང་བ་དང ། གཉིས་ཀ་མི་རུང་བར་གྱུར་པ་སྟེ། མི་རུང་བ་ནི། རྔ་མོའི་བལ་དང ། རའི་བལ་དང ། བ་ལང་གི་བལ་དང ། རི་དྭགས་ཀྱི་བལ་དང་འདྲེས་པ་དང ། ཐགས་སུ་མ་བཏགས་པ་དེ་ལྟ་བུའི་གོས་ཀྱི་ཕྱིར་རྟོག་ Na183a ༄#། །པ་བསྐྱེད་དེ་གོས་ཐོབ་ན། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པ་ལ་གཉེན་མ་ལགས་པར་འདུ་ཤེས་ཏེ་རྟོག་པ་བསྐྱེད་ནས་གོས་ཐོབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །གཉེན་མ་ཡིན་པ་ལ་གཉེན་དུ་འདུ་ཤེས་ན། ཉེས་པ་མེད་དོ། །གཉེན་ལ་གཉེན་མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སོ། །གཉེན་ལ་གཉེན་དུ་འདུ་ཤེས་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་མི་ལ་མིར་འདུ་ཤེས་ཏེ་རྟོག་པ་བསྐྱེད་དེ་གོས་ཐོབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །མི་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསྙེན་པར་མ་རྫོགས་པར་རྟོག་པ་བསྐྱེད་ཏེ་བསྙེན་པར་མ་རྫོགས་པར་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན། རྟོགས་པ་བསྐྱེད་ནས་བསྙེན་པར་རྫོགས་ཀར་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་རྟོག་པ་བསྐྱེད་ནས་བསྙེན་པར་རྫོགས་ནས་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་རྣམ་པར་རྟོག་པ་བསྐྱེད་ནས་བསྙེན་པར་རྫོགས་ཀར་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ནས་རྣམ་པར་རྟོག་པ་བསྐྱེད་ནས་བསྙེན་པར་རྫོགས་ནས་ཐོབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་ Na183b ནས་རྣམ་པར་རྟོག་པ་བསྐྱེད་ནས་བསྙེན་པར་མ་རྫོགས་པ་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ལ་རྣམ་པར་རྟོག་པ་བསྐྱེད་པ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་ཐོབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ལ་རྣམ་པར་རྟོག་པ་བསྐྱེད་པ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ནས་ཐོབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་ཁྱིམ་བདག་ལ་རྣམ་པར་རྟོག་པ་བསྐྱེད་པ་ན། ཁྱིམ་བདག་དེ་ཡང་མཚན་འཕོས་ཏེ་བུད་མེད་དུ་གྱུར་པ་ལས་བླངས་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་ཁྱིམ་བདག་གི་མཆིས་བྲང་ལ་རྣམ་པར་རྟོག་པ་བསྐྱེད་པ་ན། ཁྱིམ་བདག་གི་མཆིས་བྲང་དེ་ཡང་མཚན་འཕོས་ཏེ་སྐྱེས་པར་གྱུར་པ་ལས་བླངས་ན། ཅིར་འགྱུར། སྤང་བར་འགྱུར་རོ། །དགེ་སློང་མ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །བཙུན་པ། དགེ་སློང་གིས་ཉུག་རུམ་ལ་རྣམ་པར་རྟོག་པ་བསྐྱེད་ནས་གོས་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་མ་ནིང་དང ། མ་ནིང་མོ་ལ་ཡང་ཉེས་བྱས་སོ། །བཙུན་པ།་དགེ་སློང་གོས་མ་གཏོགས་པར་ཡོ་བྱད་གཞན་གྱི་ཕྱིར་རྣམ་པར་རྟོག་པ་བསྐྱེད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་དང ། དགེ་སློང་མ་དང ། དགེ་སློབ་མ་ Na184a ༄#། །དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་རྣམས་ཀྱི་སླད་དུ་རྣམ་པར་རྟོག་པ་བསྐྱེད་ན། ཅིར་འགྱུར། ཉེས་བྱས་སོ། །ཇི་ལྟར་དགེ་སློང་གིས་རྣམ་པར་རྟོག་པ་བསྐྱེད་ན། སྤང་བའི་ལྟུང་བར་འགྱུར་བ་དེ་བཞིན་དུ་བསླབ་པ་བྱིན་པ་དང ། དགེ་སློང་མ་ལ་ཡང་སྤང་བའི་ལྟུང་བར་འགྱུར་རོ། །དགེ་ཚུལ་ཕ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་རྣམས་ལ་ཉེས་བྱས་སུ་རྒྱས་པར་བྱའོ། །ཇི་ལྟར་བསླབ་པའི་གནས་ཀྱི་གཞུང་འདི་བཞིན་དུ་བསླབ་པའི་གནས་གཉིས་པ་ལ་ཡང་རྒྱས་པར་བྱའོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཕྱི་རོལ་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ལན་བཞི། ལན་ལྔ། ལན་དྲུག་ཏུ་བསླངས་པའི་འོག་ཏུ་མ་སྨྲ་བར་གནས་སུ་འདུག་ཅིག་།དེ་སྟེ་དགེ་སློང་དེས་གོས་མངོན་དུ་གྲུབ་ན་ནི། ལེགས། དེ་སྟེ་མངོན་དུ་མ་གྲུབ་ན། དེ་ལས་ལྷག་པར་བརྩལ་ཏེ་གོས་དེ་མངོན་དུ་འགྲུབ་པའི་ཕྱིར་དེ་ལས་ལྷག་པར་བརྩལ་ནས་གོས་མངོན་དུ་གྲུབ་ན། སྤང་བའི་ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་ལན་བཞི། ལན་ལྔ། ལན་དྲུག་ཕན་ཆད་ལས་འདས་པར་གོས་བསྒྲུབ་པའི་སླད་དུ་བརྩལ་ཀྱང་སྤང་བའི་ལྟུང་བར་མི་ Na184b འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་ཡང་འཕྲིན་གྱིས་ལན་བཞི། ལན་ལྔ། ལན་དྲུག་ཏུ་བསླངས་པ་ལས་ལྷག་པར་གོས་བསྒྲུབ་པའི་ཕྱིར་བསླངས་ཏེ་གོས་མངོན་དུ་གྲུབ་ན། ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་སྨྱོན་པ་ལ་ལན་བཞི། ལན་ལྔ། ལན་དྲུག་ཏུ་བསླངས་པ་ལས། ལྷག་པར་གོས་བསྒྲུབ་པའི་ཕྱིར་བསླངས་ཏེ་གོས་མངོན་དུ་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། འོན་པ་དང ། ལྐུགས་པ་རྣམས་ཐམས་ཅད་ལ་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་གཉིད་ལོག་པ་ལ་ལན་བཞི། ལན་ལྔ། ལན་དྲུག་ཏུ་བསླངས་པ་ལས་ལྷག་པར་བསྒྲུབ་པའི་ཕྱིར་བསླངས་ནས་གོས་མངོན་དུ་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པ་དང ། འདི་ལས་ཕྱིའི་མུ་སྟེགས་ཅན་གཞན་དགེ་སྦྱོང་དང ། བྲམ་ཟེ་དང ། སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་བ་རྣམས་ལ་ལན་བཞི། ལན་ལྔ། ལན་དྲུག་ཏུ་བསླངས་པ་ལས། ལྷག་པར་གོས་བསྒྲུབ་པའི་ཕྱིར་བསླངས་ཏེ་གོས་མངོན་དུ་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། མི་རུང་བ་དང་བཞི་པ་དང ། །བདུན་པ་མཚན་ཡང་དེ་ Na185a ༄#། །བཞིན་ཏེ། ཉུག་རུམ་དང་ནི་མ་ནིང་མ། །མ་ནིང་ཐ་མར་གྱུར་པའོ། །བཙུན་པ། དགེ་སློང་གིས་ཆོས་གོས་བསྒྲུབ་པའི་སླད་དུ་ལན་བཞི། ལན་ལྔ། ལན་དྲུག་ཏུ་བསླངས་པ་ལས་ལྷག་པར་བསླངས་ཀྱང་སྤང་བར་མི་འགྱུར་པ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་ཡང་གོས་དེའི་རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང ། སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བར་གྱུར་པ་དང ། གཉིས་ཀ་མི་རུང་བར་གྱུར་པ་སྟེ། མི་རུང་བ་ནི། རྔ་མོའི་བལ་དང ། བ་ལང་གི་བལ་དང ། རའི་བལ་དང ། རི་དྭགས་ཀྱི་བལ་དང་འདྲེས་པ་དང ། ཐགས་སུ་མ་བཏགས་པ་དེ་ལྟ་བུའི་གོས་གྱི་ཕྱིར་ལན་བཞི། ལན་ལྔ། ལན་དྲུག་ལས་ལྷག་པར་བསླངས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་མི་ལ་མིར་འདུ་ཤེས་ཏེ་ལྷག་པར་བསླངས་ན། ཅིར་འགྱུར།་སྤང་བར་འགྱུར་རོ། །མི་ལ་མི་མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སོ། །མི་མ་ཡིན་པ་ལ་མི་མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་བསྙེན་པར་མ་རྫོགས་པར་བསླངས་ཏེ་བསྙེན་པར་མ་རྫོགས་པར་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བསླངས་ཏེ་བསྙེན་པར་རྫོགས་ཀར་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བསླངས་ཏེ་བསྙེན་པར་རྫོགས་ནས་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་ Na185b བསླངས་ནས་བསྙེན་པར་རྫོགས་ཀར་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ནས་བསྙེན་པར་རྫོགས་ཏེ་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ནས་བསླངས་ནས་བསྙེན་པར་རྫོགས་ནས་ཐོབ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་ལན་བཞི། ལན་ལྔ། ལན་དྲུག་ཏུ་བསླངས་པ་ལས། དེའི་མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་ཐོབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་ལྷག་པར་བསླངས་པ་དང ། དེའི་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ནས་ཐོབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་ཁྱིམ་བདག་ལ་ལྷག་པར་བསླངས་པ་དང ། ཁྱིམ་བདག་དེ་ཡང་མཚན་འཕོས་ཏེ་བུད་མེད་དུ་གྱུར་པ་ལས་བསླངས་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་ཁྱིམ་བདག་གི་མཆིས་བྲང་ལ་ལྷག་པར་བསླངས་པ་དང ། ཁྱིམ་བདག་གི་མཆིས་བྲང་དེ་ཡང་མཚན་འཕོས་ཏེ་སྐྱེས་པར་གྱུར་པ་ལས་བསླངས་ན། ཅིར་འགྱུར། སྤང་བར་འགྱུར་རོ། །དགེ་སློང་མ་ལ་ཡང་དེ་བཞིན་དུ་སྦྱར་བར་བྱའོ། །བཙུན་པ། དགེ་སློང་གིས་གོས་བསྒྲུབ་པའི་སླད་དུ་ཉུག་རུམ་ལ་ལན་བཞི། ལན་ལྔ། ལན་དྲུག་ཏུ་བསླངས་པ་ལས་ལྷག་པར་གོས་བསྒྲུབ་པའི་ཕྱིར་བསླངས་ཏེ་གོས་མངོན་དུ་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་མ་ནིང་དང ། མ་ནིང་མ་ཐམས་ཅད་ལ་ཉེས་བྱས་སུ་འགྱུར་རོ། ། Na186a ༄#། །བཙུན་པ། དགེ་སློང་གིས་དགེ་སློང་དང ། དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་རྣམས་ཀྱི་སླད་དུ་ལྷག་པར་བསླངས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དེ་ལས་གཞན་པའི་ཡོ་བྱད་རྣམས་ཀྱི་སླད་དུ་ལྷག་པར་བསླངས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་བས་ལན་དྲུག་ཏུ་བསླངས་པ་ལས་ལྷག་པར་བསླངས་ན། ཅིར་འགྱུར། སྤང་བར་འགྱུར་རོ། །དགེ་སློང་མས་བསླངས་ན། ཅིར་འགྱུར། སྤང་བར་འགྱུར་རོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སུ་འགྱུར་རོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་གླེན་པའོ། །བཙུན་པ། དགེ་སློང་གི་འཕྲིན་གྱིས་གདིང་བ་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་དང ། སྨྱོན་པ་དང ། སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། འོན་པ་དང ། ལྐུགས་པ་དང ། དམུས་ལོང་དང ། གླེན་པ་རྣམས་ཏེ། ཐམས་ཅད་ཀྱང་ཉེས་བྱས་སོ། །ཇི་ལྟར་དགེ་སློང་གིས་སྲིན་བལ་ལས་གདིང་བ་བྱེད་དུ་བཅུག་ན། སྤང་བའི་ལྟུང་བར་འགྱུར་བ་དེ་བཞིན་དུ་བསླབ་པ་བྱིན་པ་ལ་ཡང་སྤང་བའི་ལྟུང་བར་འགྱུར་རོ། །དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ Na186b ལ་ཉེས་བྱས་སོ། །ཇི་ལྟར་བསླབ་པའི་གནས་ཀྱི་ལེའུ་འདི་ཇི་ལྟ་བ་བཞིན་དུ་བལ་རང་བཞིན་གྱིས་ནག་པ་ལ་ཡང་རྒྱས་པར་རོ། །དེ་ལ་ཐ་དད་དུ་བྱ་བ་གང་ཞེ་ན། བཞི་སྟེ། རང་བཞིན་གྱིས་ནག་པ་ལ་རང་བཞིན་གྱིས་ནག་པར་འདུ་ཤེས་པ་དག་ནི། གཞིར་བྱའོ། །དེ་བཞིན་དུ་བསླབ་པའི་གནས་གཉིས་པོར་ཡང་ཐམས་ཅད་སྨྲ་བར་བྱའོ། །དེ་ལ་ཐ་དད་དུ་བྱ་བ་གང་ཞེ་ན། དགེ་སློང་གིས་བལ་དཀར་པོ་དང་ངན་པ་ཉུང་བ་ལ་ཉུང་བར་འདུ་ཤེས་ཏེ་བསྲེས་པ་ནི། གཞིར་བྱའོ། །མདོར་ན། གཞན་གྱིས་གཞན་གྱི་མ་ཟིན་དང ། བླངས་དང་མུ་སྟེགས་འགྲོ་བ་གཞན། །མི་རུང་མཚན་དང་བཞི་པ་དང ། བདེ་བར་གཤེགས་ཀྱི་བདུན་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་གདིང་བ་བགྱིད་དུ་སྩལ་ན། སྤང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་གཞན་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །གཞན་གྱི་སླད་དུ་བགྱིད་དུ་སྩལ་ན། ཅིར་འགྱུར་ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཞན་གྱིས་མ་ལགས་པ་ལགས་པར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །ཁྱིམ་པ་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་ཚུལ་ཕ་དང ། བསླབ་པ་བྱིན་པ་དང ། སྔར་འཁྲུགས་པ་དང ། སྔར་ཉེས་པ་བྱུང་བ་དང ། རྐུན་གནས་དང ། སོ་སོར་གནས་པ་དང ། མི་གནས་པ་རྣམས་ལ་བྱེད་དུ་བཅུག་ན། ཐམས་ Na187a ༄#། །ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་འདི་ལས་སླད་རོལ་གྱི་མུ་སྟེགས་ཅན་དགེ་སློང་གཞན་བྲམ་ཟེ་དང ། སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་བ་རྣམས་ལ་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་འགྲོ་བ་གཞན་དུ་གནས་པ་རྣམས་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་གདིང་བ་བགྱིད་ཀྱང་སྤང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་ཡང་གདིང་བ་དེའི་རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང ། སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང ། གཉིས་ཀ་མི་རུང་བར་གྱུར་པ་སྟེ། མི་རུང་བ་ནི། རྔ་མོའི་བལ་དང ། བ་ལང་གི་བལ་དང ། རའི་བལ་དང ། རི་དྭགས་ཀྱི་བལ་དང་འདྲེས་པར་བྱས་པ་དང ། ཐགས་སུ་མ་བཏགས་པ་རྣམས་ནི། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་གདིང་བ་བགྱིད་པ་ལས། མཚན་འཕོས་ནས་དགེ་སློང་མར་གྱུར་ཏེ་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་ལོ་དྲུག་ཚུན་ཆད་དུ་གདིང་བ་བགྱིད་པ་ལས། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ནས་ལགས་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་ལོ་དྲུག་འདས་པ་ལ་འདས་པར་འདུ་ཤེས་ཏེ་གདིང་བ་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་པ་མེད་དོ། ། Na187b འདས་པ་ལ་མ་འདས་པར་འདུ་ཤེས་ཏེ་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །མ་འདས་པ་ལ་འདས་པར་འདུ་ཤེས་ན། ཉེས་པ་མེད་དོ། །མ་འདས་པ་ལ་མ་འདས་པར་འདུ་ཤེས་ཏེ་བྱེད་དུ་བཅུག་ན། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་གདིང་བ་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསྙེན་པར་མ་རྫོགས་པས་ལོ་དྲུག་ཚུན་ཆད་དུ་བརྩམས་ཏེ་བསྙེན་པར་མ་རྫོགས་པར་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བདུན་བརྒྱུད་དུ་ཡང་རྒྱས་པར་བྱའོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་གླེན་པའོ། །བཙུན་པ། དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་འཕྲིན་པ་ལས་གདིང་བ་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་དང ། སྨྱོན་པ་དང ། སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་རྣམས་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། ། ཇི་ལྟར་དགེ་སློང་གིས་ལོ་དྲུག་ཚུན་ཆད་དུ་གདིང་བ་བྱེད་དུ་བཅུག་ན། སྤང་བའི་ལྟུང་བར་འགྱུར་བ་དེ་བཞིན་དུ་བསླབ་པ་བྱིན་པ་ལ་ཡང་སྤང་བའི་ལྟུང་བར་འགྱུར་རོ། །དགེ་སློང་ Na188a ༄#། །ལ་ཉེས་བྱས་སོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཡང་ཉེས་བྱས་སུ་འགྱུར་རོ། །མདོར་ན། གཞན་གྱིས་གཞན་གྱི་མ་ཟིན་དང་།། ཁྱིམ་པ་མུ་སྟེགས་འགྲོ་བ་དང ། །མི་རུང་བ་དང་དེ་བཞིན་མཚན། །བཞི་པ་བདུན་པ་དེ་ལྟར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གདིང་བ་གསར་པ་ཁ་དོག་ངན་པར་བགྱི་བའི་སླད་དུ་གཡོགས་མ་རྙིང་པ་ལས་བདེ་བར་གཤེགས་པའི་མཐོ་གང་གིས་མ་གླན་པར་གཡོགས་མ་བགྱིས་ན། སྤང་བའི་ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་བདེ་བར་གཤེགས་པའི་མཐོ་གང་ལས་སོར་གཅིག་གམ། སོར་ཕྱེད་ཕྲི་ན། །ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་གཞན་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །གཞན་གྱི་སླད་དུ་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །གཞན་གྱིས་མ་ལགས་པ་ལགས་པར་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །ཁྱིམ་པ་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བསླབ་པ་བྱིན་པ་དང ། སྔར་འཁྲུགས་པ་དང ། སྔོན་ཉེས་པ་བྱུང་བ་དང ། རྐུན་གནས་རྣམས་བྱེད་དུ་བཅུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་འདི་ལས་སླད་རོལ་གྱི་མུ་སྟེགས་ཅན་དགེ་སྦྱོང་གཞན་ Na188b བྲམ་ཟེ་དང ། སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་རྣམས་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །འགྲོ་བ་གཞན་དུ་གནས་པ་ཞིག་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ།་དགེ་སློང་གིས་བདེ་བར་གཤེགས་པའི་མཐོ་གང་ལས་སོར་གཅིག་གམ། སོར་ཕྱེད་ཕྲི་ནས་གཡོགས་མ་བགྱིད་ཀྱང་སྤང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དོ། ཇི་ལྟར་ཡང་གཡོགས་མ་དེའི་རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང ། སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང ། གཉིས་ཀ་མི་རུང་བ་སྟེ། མི་རུང་བ་ནི། རྔ་མོའི་བལ་དང ། བ་ལང་གི་བལ་དང ། རའི་བལ་དང ། རི་དྭགས་ཀྱི་བལ་དང་འདྲེས་པ་དང ། ཐགས་སུ་མ་བཏགས་པ་འདི་འདྲ་བ་ཞིག་ལས་གཡོགས་མ་ཞིག་བྱས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་བདེ་བར་གཤེགས་པའི་མཐོ་གང་ལས་སོར་གཅིག་གམ་སོར་ཕྱེད་ཕྲི་སྟེ་གཡོགས་མ་བགྱིད་པ་ལས། མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་བདེ་བར་གཤེགས་པའི་མཐོ་གང་ལས་སོར་གཅིག་གམ་སོར་ཕྱེད་ཕྲི་སྟེ་གཡོགས་མ་བགྱིད་པ་ལས། མཚན་འཕོས་ཏེ་དགེ་སློང་དུ་གྱུར་པས་ལགས་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་བདེ་བར་གཤེགས་པའི་མཐོ་གང་བས་ཆུང་བ་ལ་ཆུང་བར་འདུ་ཤེས་ཏེ་གླན་ནས་གཡོགས་མ་བགྱིད་དུ་སྩལ་ན། ཅིར་འགྱུར། སྤང་བའི་ལྟུང་བར་ Na189a ༄#། །འགྱུར་རོ། །ཆུང་བ་ལ་ཆེ་བར་འདུ་ཤེས་ཏེ་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་པ་མེད་དོ། །ཆེ་བ་ལ་ཆུང་བར་འདུ་ཤེས་ཏེ་གླན་ནས་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །ཆེ་བ་ལ་ཆེ་བར་འདུ་ཤེས་ཏེ་གླན་ནས་བྱེད་དུ་བཅུག་ན། ཉེས་པ་མེད་དོ། །བཙུན་པ། བསྙེན་པར་མ་རྫོགས་པས་བདེ་བར་གཤེགས་པའི་མཐོ་གང་ལས་སོར་གཅིག་གམ་སོར་ཕྱེད་ཕྲི་སྟེ་གཡོགས་མ་གཞན་བརྩམས་ནས་བསྙེན་པར་མ་རྫོགས་པར་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བརྩམས་ཏེ་བསྙེན་པར་རྫོགས་ཀར་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བརྩམས་ཏེ་བསྙེན་པར་རྫོགས་ནས་ལགས་ན། ཅིར་འགྱུར། ཉེས་བྱས་སོ། ། བསྙེན་པར་རྫོགས་ཀར་བརྩམས་ཏེ་བསྙེན་པར་རྫོགས་ཀར་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བརྩམས་ཏེ་བསྙེན་པར་རྫོགས་ནས་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཏེ་བརྩམས་ནས་བསྙེན་པར་རྫོགས་ནས་ལགས་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་པ་ན་བརྩམས་ཏེ་བསྙེན་པར་མ་རྫོགས་པར་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པར་གྱུར་དང་སེམས་ Na189b འཁྲུགས་དང ། །ན་བ་འོན་པ་གླེན་པའོ། །བཙུན་པ། དགེ་སློང་གིས་བདེ་བར་གཤེགས་པའི་མཐོ་གང་ལས་སོར་གཅིག་གམ། སོར་ཕྱེད་ཕྲི་ནས་འཕྲིན་གྱིས་གཡོགས་མ་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་དང ། སྨྱོན་པ་དང ། སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་རྣམས་ལ་བྱེད་དུ་བཅུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །ཇི་ལྟར་དགེ་སོང་གིས་གཡོགས་མ་བྱེད་དུ་བཅུག་པ་ལས་སྤང་བར་འགྱུར་བ་དེ་བཞིན་དུ་བསླབ་པ་བྱིན་པས་བྱེད་དུ་བཅུག་ན་ཡང་སྤང་བར་འགྱུར་རོ། །དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་རྣམས་ལ་ཉེས་བྱས་སོ། །མདོར་ན། ནམ་མཁའ་རྫུ་འཕྲུལ་སྤྲུལ་པ་དང ། །སྔགས་དང་གཞན་གསུམ་དེ་བཞིན་ཏེ། །མི་རུང་བ་དང་མཚན་གཉིས་པ། །བཞི་པ་བདུན་རྒྱུད་དེ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དཔག་ཚད་གསུམ་ལས་འདས་པར་ལུག་གི་བལ་འཚལ་ན། སྤང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་དཔག་ཚད་གསུམ་ལས་འདས་པར་ནམ་མཁའ་ལས་ལུག་གི་བལ་འཚལ་ན། ཅིར་འགྱུར། ཉེས་ Na190a ༄#། །བྱས་སོ། །རྫུ་འཕྲུལ་གྱིས་འཚལ་ན། ཅིར་འགྱུར། ཉེས་པ་མེད་དོ། །རུང་བར་བྱེད་པ་སྤྲུལ་པས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་སྔགས་སམ། སྨན་གྱིས་བདག་མི་སྣང་བར་བགྱིས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །གཞན་གྱི་སླད་དུ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །གཞན་ལ་བསྐུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དཔག་ཚད་གསུམ་ལས་འདས་པར་ལུག་གི་བལ་འཚལ་ཀྱང་སྤང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དགེ་སློང་ལམ་དུ་ཞུགས་པ་ཞིག་གིས་ལུག་གི་བལ་ཞིག་རྙེད་ནས་དེ་དེས་དཔག་ཚད་གསུམ་གྱི་བར་དུ་རང་གིས་ཁྱེར་བ་དང ། དེས་ལུག་གིས་བལ་གཞན་ཞིག་རྙེད་ནས་དེས་སྔ་མ་བོར་ཏེ་ཕྱི་མ་ཁྱེར་ནས་སོང་བ་སྟེ། དེ་ལྟར་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་ལུག་གི་བལ་མ་གཏོགས་པར་དེ་ལས་གཞན་པ་མི་རུང་བའི་བལ་རྔ་མོའི་བལ་དང ། བ་ལང་གི་བལ་དང ། རའི་བལ་དང ། རི་དྭགས་ཀྱི་བལ་རྣམས་དང་འདྲེས་པ་མི་རུང་བ་ཞིག་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལུག་གི་བལ་དཔག་ཚད་གསུམ་ལས་འདས་པར་འཚལ་བ་དང ། མཚན་འཕོས་ཏེ་དགེ་སློང་མར་གྱུར་ལ་མཚམས་ལས་འདས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་ལུག་གི་བལ་དཔག་ཚད་གསུམ་ལས་འདས་ Na190b པར་འཚལ་བ་དང ། མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་མཚམས་ལས་འདས་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་ལུག་གི་བལ་དཔག་ཚད་གསུམ་ལས་འདས་པར་རྒྱང་གྲགས་ལ་རྒྱང་གྲགས་སུ་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །རྒྱང་གྲགས་ལ་རྒྱང་གྲགས་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །རྒྱང་གྲགས་མ་ལགས་པ་ལ་རྒྱང་གྲགས་སུ་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །རྒྱང་གྲགས་མ་ལགས་པ་ལ་རྒྱང་གྲགས་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསྙེན་པར་མ་རྫོགས་པ་ཞིག་གིས་ལུག་གི་བལ་ཞིག་བཙལ་ཏེ་མཆིས་ནས་བསྙེན་པར་མ་རྫོགས་པར་མཚམས་ལས་འདས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་འཚལ་ནས་བསྙེན་པར་རྫོགས་པར་མཚམས་ལས་འདས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་འཚལ་ནས་བསྙེན་པར་རྫོགས་ཏེ་མཚམས་ལས་འདས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་འཚལ་ནས་བསྙེན་པར་རྫོགས་ཀར་མཚམས་ལས་འདས་ན། ཅིར་འགྱུར། ཉེས་བྱས་སོ། ། བསྙེན་པར་རྫོགས་ཀར་འཚལ་ཏེ་བསྙེན་པར་རྫོགས་ནས་མཚམས་ལས་འདས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཏེ་འཚལ་ནས་བསྙེན་པར་རྫོགས་ནས་མཚམས་ Na191a ༄#། །ལས་འདས་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་ཏེ་འཚལ་ལ་བསྙེན་པར་མ་རྫོགས་པར་མཚམས་ལས་འདས་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་གླེན་པའོ། །བཙུན་པ། དགེ་སློང་གིས་ལུག་གི་བལ་དཔག་ཚད་གསུམ་ལས་འདས་པར་འཕྲིན་པ་ལ་བསྐུར་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་དང ། སྨྱོན་པ་དང ། སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། དམུས་ལོང་རྣམས་ལ་བསྐུར་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །ཇི་ལྟར་དགེ་སློང་གིས་ལུག་གི་བལ་དཔག་ཚད་གསུམ་ལས་འདས་ན། སྤང་བའི་ལྟུང་བར་འགྱུར་བ་དེ་བཞིན་དུ་བསླབ་པ་བྱིན་པ་ལ་ཡང་སྤང་བའི་ལྟུང་བར་འགྱུར་རོ། །དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་རྣམས་ལ་ཉེས་བྱས་སུ་འགྱུར་རོ།། །། འདུལ་བ་གཞུང་དམ་པ་བམ་པོ་བཞི་པ། མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། ། Na191b ན་བ་དང་ནི་འགྲོ་བ་རྣམས། །ཁྱིམ་བདག་དག་ལ་སོགས་པ་སྟེ། །བསླབ་པ་བྱིན་པ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་ལུག་གི་བལ་འཁྲུར་སྩལ་ན། སྤང་བའི་ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་འཕྲིན་གྱིས་ལུག་གི་བལ་འཁྲུར་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་དེ་འཁྲུར་བཅུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་སྨྱོན་མ་ལ་ལུག་གི་བལ་འཁྲུར་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། ལྐུགས་པ་དང ། འོན་པ་རྣམས་ལ་འཁྲུར་བཅུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་ཁྱིམ་པ་མོ་ལ་འཁྲུར་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་མ་ནིང་མ་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དུ་སོང་བ་རྣམས་དང ། རྐུན་གནས་དང ། སྔར་འཁྲུགས་པ་རྣམས་ལ་འཁྲུར་བཅུག་ན། ཐམས་ཅད་ Na192a ༄#། །ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་དགེ་འདུན་དབྱེན་བགྱིད་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་བ་རྣམས་ལ་འཁྲུར་སྩལ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བསླབ་པ་སྩལ་པ་ཞིག་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་དེ་བཞིན་དུ་ལུག་གི་བལ་འཁྲུར་སྩལ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །མདོར་ན། ཐུན་མོང་དག་དང་བཀྲུས་པ་དང ། །དེ་བཞིན་དགེ་འདུན་མཚན་གཉིས་དང ། །མི་རུང་བ་དང་སྤང་བ་དང ། །མི་ཤེས་པ་ཡང་དེ་བཞིན་ཏེ། །བདུན་པ་དང་ནི་བཞི་པ་དང ། །དགེ་སློང་མ་ནི་ཐ་མའོ། །བཙུན་པ། དགེ་སློང་གིས་ལུག་གི་བལ་ཐུན་མོང་བ་ཞིག་འཁྲུར་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཀྲུས་པ་ཞིག་འཁྲུར་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་ལུག་གི་བལ་ཞིག་འཁྲུར་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་སྟེ་གང་ཟག་གིས་ཡོངས་སུ་སྤྱད་པ་ཞིག་ཡིན་ཏེ་ཡོངས་སུ་སྤྱད་ནས་དྲི་མ་ཅན་དུ་གྱུར་ན་ནི། ཉེས་བྱས་སོ། །འོན་ཏེ་མལ་སྟན་གྱི་དངོས་པོ་ཞིག་འཁྲུར་བཅུག་ན་ནི། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་ལ་ལུག་གི་བལ་ཞིག་འཁྲུར་སྩལ་པ་དང ། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་གཉེན་མ་ལགས་པའི་དགེ་སློང་ལ་ Na192b ལུག་གི་བལ་ཞིག་འཁྲུར་སྩལ་པ་དང ། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་ལུག་གི་བལ་འཁྲུར་སྩལ་ན། སྤང་བའི་ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་ལུག་གི་བལ་འཁྲུར་སྩལ་ཀྱང་སྤང་བའི་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། མི་རུང་བ་དང་འདྲེས་པ་འཁྲུར་བཅུག་པ་སྟེ། མི་རུང་བ་ནི། རྔ་མོའི་བལ་དང ། བ་ལང་གི་བལ་དང ། རའི་བལ་དང ། རི་དྭགས་ཀྱི་བལ་ཏེ། དེ་དག་དང་འདྲེས་པ་ཞིག་འཁྲུར་བཅུག་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་སྤང་བའི་ལུག་གི་བལ་འཁྲུར་སྩལ་ན། ཅིར་འགྱུར། དེ་སྟེ་མ་སྤངས་པར་གྱུར་ན་ནི། སྤང་བའི་ལྟུང་བར་འགྱུར་རོ། །འོན་ཏེ་སྤངས་པར་གྱུར་པ་ཞིག་ན་ནི། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་གཞན་གྱི་ལུག་གི་བལ་ཞིག་འཁྲུར་སྩལ་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསྙེན་པར་མ་རྫོགས་པར་ལུག་གི་བལ་ཞིག་འཁྲུར་སྩལ་ལ། བསྙེན་པར་མ་རྫོགས་པར་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་འཁྲུར་སྩལ་ལ། བསྙེན་པར་རྫོགས་ཀར་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པར་འཁྲུར་སྩལ་ལ་བསྙེན་པར་རྫོགས་ཏེ་ལགས་ན། ཅིར་འགྱུར། ཉེས་ Na193a ༄#། །བྱས་སོ། །བསྙེན་པར་རྫོགས་ཀར་འཁྲུར་སྩལ་ན། བསྙེན་པར་རྫོགས་ཀར་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་འཁྲུར་སྩལ་ལ། བསྙེན་པར་རྫོགས་ནས་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ནས་འཁྲུར་སྩལ་ལ། བསྙེན་པར་རྫོགས་ནས་ལགས་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་པ་ན་འཁྲུར་སྩལ་ལ། བསྙེན་པར་མ་རྫོགས་པར་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པ་ལ་གཉེན་མ་ལགས་པར་འདུ་ཤེས་ཏེ་ལུག་གི་བལ་འཁྲུར་སྩལ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །གཉེན་མ་ཡིན་པ་ལ་གཉེན་དུ་འདུ་ཤེས་ན། ཉེས་པ་མེད་དོ། །གཉེན་ལ་གཉེན་མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སོ། །གཉེན་ལ་གཉེན་དུ་འདུ་ཤེས་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་མ་ལ་བསྙེན་པར་རྫོགས་མར་འདུ་ཤེས་ཏེ་ལུག་གི་བལ་འཁྲུར་སྩལ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་མ་ལ་བསྙེན་པར་མ་རྫོགས་མར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་མ་ལ་བསྙེན་པར་རྫོགས་མར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་མ་ལ་བསྙེན་པར་མ་རྫོགས་མར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་གཉེན་མ་ལགས་ Na193b པའི་དགེ་སློང་མ་ལ་ལུག་གི་བལ་འཁྲུར་སྩལ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །དགེ་སློང་མ་དང ། དགེ་ཚུལ་མ་དང ། ཁྱིམ་པ་མོ་དང ། མུ་སྟེགས་ཅན་དགེ་སྦྱོང་གཞན་སྤྱད་པ་པ་དང ། ཀུན་ཏུ་རྒྱུ་བ་དང ། དེ་བཞིན་དུ་འགྲོ་བ་གཞན་དུ་གནས་པ་རྣམས་ལ་འཁྲུར་བཅུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །དགེ་སློང་མས་དགེ་སློང་དང ། དགེ་ཚུལ་ཕ་དང ། འདི་ལས་ཕྱིའི་མུ་སྟེགས་ཅན་དགེ་སྦྱོང་གཞན་བྲམ་ཟེ་དང ། སྤྱོད་པ་དང ། ཀུན་ཏུ་རྒྱུ་བ་དང ། དེ་བཞིན་དུ་འགྲོ་བ་གཞན་དུ་གནས་པ་རྣམས་ལ་འཁྲུར་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །ཁྱིམ་བདག་དང ། ཁྱིམ་བདག་མོ་ལ་ཡང་ཉེས་བྱས་སུ་འགྱུར་རོ། །དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་རྣམས་ལ་ཉེས་བྱས་ཏེ། བཙོ་བ་དང་རྨེལ་བའང་དེ་བཞིན་དུ་ཤེས་པར་བྱའོ། ། མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་གླེན་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་བདག་གི་ལག་གིས་གསེར་རམ་དངུལ་བླངས་སམ། ལེན་དུ་སྩལ་ན། སྤང་བའི་ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་འཕྲིན་པ་ལ་གསེར་དང་དངུལ་ལེན་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། Na194a ༄#། །གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་དེ་ལེན་དུ་བཅུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་གསེར་རམ་དངུལ་སྨྱོན་པ་ཞིག་ལེན་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། དིག་པ་དང ། ལྐུགས་པ་དང ། འོན་པ་རྣམས་ལེན་དུ་བཅུག་ན།་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་སྨྱོན་པ་ལས་གསེར་རམ་དངུལ་བླངས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། ལྐུགས་པ་དང ། འོན་པ་དང ། ར་རོ་བ་དང ། མྱོས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ལས་གསེར་རམ་དངུལ་བླངས་སམ། ལེན་དུ་བཅུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། མི་ཉེ་མཚན་དང་མ་ཤ་དང ། །བཞི་པ་དང་ནི་བདུན་པ་དང ། །བརྒྱད་དང་ཁྱིམ་པ་ལ་སོགས་པ། །ཁྱིམ་པ་གཞན་དང་དགེ་སློང་མ། ། བཙུན་པ། དགེ་སློང་གིས་གསེར་དང་དངུལ་བླངས་སམ། ལེན་དུ་སྩལ་ན་ཡང་སྤང་བའི་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དོ། །གནས་མི་ཉེ་བ་ནས་བླངས་པ་དང ། ཡོ་བྱད་གཞན་དུ་འདུ་ཤེས་པའོ། །བཙུན་པ། དགེ་སློང་གིས་གསེར་དང་དངུལ་ལེན་པ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་ Na194b པ།་དགེ་སློང་མས་གསེར་དང ། དངུལ་ལེན་པ་ན། མཚན་འཕོས་ཏེ་དགེ་སློང་ཕར་གྱུར་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་གསེར་གྱི་མ་ཤའམ་དངུལ་གྱི་མ་ཤ་བླངས་ན། ཅིར་འགྱུར། སྤང་བར་འགྱུར་རོ། །དེ་སྟེ་ལྕགས་ཀྱི་མ་ཤའམ། ཟངས་ཀྱི་མ་ཤ་བླངས་སམ། ལེན་དུ་བཅུག་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་གསེར་ལ་གསེར་དུ་འདུ་ཤེས་ཏེ་བླངས་ན། ཅིར་འགྱུར། སྤང་བར་འགྱུར་རོ། །གསེར་ལ་གསེར་མ་ཡིན་པར་འདུ་ཤེས་ན། ཉེས་པ་མེད་དོ། །གསེར་མ་ལགས་པ་ལ་གསེར་དུ་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །གསེར་མ་ཡིན་པ་ལ་གསེར་མ་ཡིན་པར་འདུ་ཤེས་ན། ཉེས་པ་མེད་དོ། །བཙུན་པ། བསྙེན་པར་མ་རྫོགས་པར་གསེར་དང་དངུལ་ཞིག་བསླངས་ནས་བསྙེན་པར་མ་རྫོགས་པར་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བསླངས་ནས་བསྙེན་པར་རྫོགས་ཀར་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བསླངས་ལ་བསྙེན་པར་རྫོགས་ཏེ་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ལ་བསྙེན་པར་རྫོགས་ཀར་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ལ་བསྙེན་པར་རྫོགས་ཏེ་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཏེ་བསླངས་ལ་བསྙེན་པར་རྫོགས་ནས་ Na195a ༄#། །ཐོབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་པ་ན་བསླངས་ལ་བསྙེན་པར་མ་རྫོགས་པར་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ།་དགེ་སློང་གིས་གསེར་དང་དངུལ་མངོན་སུམ་དུ་ཁྱིམ་པ་ལེན་དུ་སྩལ་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དགེ་འདུན་གྱི་དབྱེན་བྱས་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། སོ་སོར་གནས་པ་དང ། མི་གནས་པ་དང ། ཉེ་བར་ཕྱོགས་པ་དང ། སྔར་འཁྲུགས་པ་དང ། སྔར་ཉེས་པ་བྱུང་བ་དང ། བསླབ་པ་བྱིན་པ་རྣམས་ཀྱིས་མངོན་སུམ་དུ་བླངས་སམ། ལེན་དུ་བཅུག་ན། ཐམས་ཅད་སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་བདག་གིས་གསེར་དང་དངུལ་བླངས་སམ། ལེན་དུ་སྩལ་ཀྱང་ནོངས་པར་མི་འགྱུར་པ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་ཡང་དེ་ནི། དགེ་སློང་གི་གསེར་དང་དངུལ་བླངས་ཀྱང་བདག་གིར་བྱ་བའི་སེམས་མ་བསྐྱེད་པ་སྟེ། དེ་ཕྱིར་མི་རུང་བས་རུང་བའི་དངོས་པོ་གཞན་བླང་ངོ ། །སྙམ་ནས་བླངས་པའོ། །བཙུན་པ། དགེ་སློང་གིས་གཞན་གྱི་སླད་དུ་གསེར་དང་དངུལ་བླངས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། Na195b བསླབ་པ་སྩལ་པས་གསེར་དང་དངུལ་བླངས་སམ། ལེན་དུ་སྩལ་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་གསེར་དང་དངུལ་བདག་གི་ལག་གིས་བླངས་སམ། ལེན་དུ་སྩལ་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་དག་གིས་གསེར་དང་དངུལ་བདག་གིས་བླངས་སམ། ལེན་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་འགྲོ་བའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་ནོར་རྣམ་པ་སྣ་ཚོགས་ཀྱིས་སྤོགས་བགྱིད་ན། སྤང་བའི་ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་འཕྲིན་པ་ལས་ནོར་རྣམ་པ་སྣ་ཚོགས་ཀྱིས་སྤོགས་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་གྱི་ཕྱིར་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པའོ། །བཙུན་པ། དགེ་སློང་གིས་སྨྱོན་པ་དང་ལྷན་ཅིག་ཏུ་ནོར་རྣམ་པ་སྣ་ཚོགས་ཀྱིས་སྤོགས་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། འོན་པ་དང ། ལྐུགས་པ་དང ། དེ་བཞིན་དུ་འགྲོ་བ་གཞན་དུ་གནས་པ་ལྷན་ཅིག་ཏུ་ནོར་ Na196a ༄#། །རྣམ་པ་སྣ་ཚོགས་ཀྱིས་སྤོགས་བྱས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། མཚན་དང་བཞི་པ་བདུན་དེ་ལྟར། །དེ་བཞིན་དུ་ཡང་བསླབ་པ་དང ། །འདྲ་བ་དང་ནི་གཉེན་པ་དང ། །དགེ་སློང་མ་ནི་ཐ་མ་ཡིན། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། དགེ་སློང་གིས་ནོར་རྣམ་པ་སྣ་ཚོགས་ཀྱིས་སྤོགས་བགྱིད་པ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་པ་དང་རྙེད་པ་མངོན་པར་གྲུབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་ནོར་རྣམ་པ་སྣ་ཚོགས་ཀྱིས་སྤོགས་བགྱིད་པ་ལས། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ནས་རྙེད་པ་གྲུབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་མི་ལ་མིར་འདུ་ཤེས་ཏེ་ནོར་རྣམ་པ་སྣ་ཚོགས་ཀྱིས་སྤོགས་བགྱིས་ན། ཅིར་འགྱུར། །སྤང་བར་འགྱུར་རོ། །མི་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསྙེན་པར་མ་རྫོགས་པར་ནོར་རྣམ་པ་སྣ་ཚོགས་ཀྱིས་སྤོགས་བགྱིས་ནས་བསྙེན་པར་མ་རྫོགས་པར་རྙེད་པ་མངོན་པར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བཤམས་ལ་བསྙེན་པར་རྫོགས་ཀར་མངོན་པར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་ Na196b པར་མ་རྫོགས་པར་བཤམས་ལ་བསྙེན་པར་རྫོགས་ཏེ་མངོན་པར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ཀར་མངོན་པར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ཏེ་མངོན་པར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་ནས་མངོན་པར་གྲུབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་པས་བཤམས་ལ་བསྙེན་པར་མ་རྫོགས་པ་ན་མངོན་པར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་པས་ནོར་རྣམ་པ་སྣ་ཚོགས་ཀྱིས་སྤོགས་བགྱིད་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། གཉེན་དང་ལྷན་ཅིག་ཏུ་ནོར་རྣམ་པ་སྣ་ཚོགས་ཀྱིས་སྤོགས་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ནོར་རྣམ་པ་སྣ་ཚོགས་ཀྱིས་སྤོགས་བགྱིས་ཀྱང་སྤང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདྲ་བས་འདྲ་བ་བརྗེས་ན། ཉེས་པ་མེད་དོ། བཙུན་པ། དགེ་སློང་མས་ནོར་རྣམ་པ་སྣ་ཚོགས་ཀྱིས་སྤོགས་བགྱིད་ན། ཅིར་འགྱུར། སྤང་བར་འགྱུར་རོ། །དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་རྣམས་ལ་ཉེས་བྱས་སོ། །བསླབ་པའི་གནས་འདིར་ཇི་ལྟ་བ་དེ་ལྟར་ཉོ་བ་དང ། བཙོང་པ་ཡང་རྒྱས་པར་བྱའོ། །མདོར་ན། དེ་ཉིད་དང་ནི་སྟོར་བ་དང ། །ཡུལ་གཞན་མུ་སྟེགས་ཅན་རྣམས་དང ། །མ་བསྲེགས་པ་དང་དཀར་པོ་དང ། །སྨྱོན་པ་ Na197a ༄#། །མཚན་དང་འཕྲིན་པ་དང ། །ཡོད་དང་འཚོ་བ་དགེ་སློང་མ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། ལྷུང་བཟེད་དེ་ཉིད་བཅངས་ན།་ནོངས་པར་འགྱུར་བ་དང ། དེ་ཉིད་བཅངས་བས་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་ཡང་དགེ་སློང་གིས་ལྷུང་བཟེད་ཆེན་པོ་ཞིག་བཅངས་པ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་བཅངས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་སྤང་བའི་ལྟུང་བཟེད་སྟོར་བར་གྱུར་ན། ལྟུང་བ་བཤགས་པར་བགྱིའམ། ཨུ་པ་ལི། བཤགས་པར་བྱའོ། །ནོངས་པ་བཤགས་ནས་སླད་རྙེད་ན། སྤང་བར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དགུང་བཅུ་ལས་འདས་པར་ལྷུང་བཟེད་ལྷག་པ་མ་འཆང་ཞིག་།ཅེས་གསུངས་ན། བཙུན་པ། དགེ་སློང་གིས་དགུང་བཅུ་ལས་འདས་པར་ལྷུང་བཟེད་ལྷག་པ་བཅངས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི་ཡོད་དེ། ཇི་ལྟར་དགེ་སློང་གིས་ཡུལ་གཞན་དུ་དགེ་སློང་ལ་ལྷུང་བཟེད་ཅིག་བསྐུར་བར་བྱས་ནས་དེས་ལྷུང་བཟེད་དེ་ཤིན་ཏུ་ཡུན་རིང་པོར་བཅངས་ཀྱང་ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་མུ་སྟེགས་ཅན་གྱིས་ལྷུང་བཟེད་བཅངས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལྷུང་བཟེད་མ་བསྲེགས་པའམ། ལྷུང་བཟེད་ཆུང་ངུའམ། ལྷུང་བཟེད་ཆེན་པོ་བཅངས་ Na197b ན།་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལྷུང་བཟེད་དཀར་པོ་བཅངས་ན། ཅིར་འགྱུར། ཉེས་བྱས་སོ། །དགེ་སློང་གིས་ལྷུང་བཟེད་རྙེད་མ་ཐག་ཏུ་སྨྱོས་པར་གྱུར་ན། གང་ནས་བཟུང་སྟེ་དགུང་བཅུར་བགྲང་བར་བགྱི། གང་གི་ཚེ་རང་གི་སེམས་སླར་རྙེད་པ་དེ་ནས་གཟུང་ངོ ། །བཙུན་པ། དགེ་སློང་གིས་དགུང་བཅུ་ལས་འདས་པར་ལྷུང་བཟེད་ལྷག་པ་བཅངས་ཀྱང་སྤང་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་ཡང་དགེ་སློང་གིས་ལྷུང་བཟེད་རྙེད་ནས་ཞག་བཅུ་ལོན་པ་དང་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་མས་དགུང་བཅུ་ལས་འདས་པར་ལྷུང་བཟེད་ལྷག་པ་བཅངས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་ཡང་དགེ་སློང་མ་དེ་ལྷུང་བཟེད་རྙེད་མ་ཐག་ཏུ་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་ཤིན་ཏུ་རིང་བར་ལྷུང་བཟེད་ལྷག་པ་བཅངས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་ཡང་དགེ་སློང་གིས་དགེ་སློང་ལ་ལྷུང་བཟེད་ཀྱི་ཕྱིར་འཕྲིན་པ་བཏང་བ་དེས་ལྷུང་བཟེད་བླངས་ཏེ་ཤིན་ཏུ་རིང་བར་བཅངས་ཀྱང་ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་ལྷུང་བཟེད་གཅིག་མཆིས་ལ་མཆིས་བཞིན་དུ་ལྷུང་བཟེད་གཅིག་པོ་དེ་སྤང་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། བྱིན་གྱིས་མ་བརླབས་པར་བཅངས་པའོ། །དགེ་སློང་གིས་ནམ་འཚོའི་བར་དུ་ལྷུང་བཟེད་ Na198a ༄#། །ལྷག་པ་བཅངས་ཀྱང་སྤང་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་དགེ་སློང་དེ་ཞག་བཅུར་མ་ལོན་པར་དུས་བྱས་པའོ། །བཙུན་པ། བསླབ་པ་སྩལ་པ་དགུང་བཅུ་ལས་འདས་པར་ལྷུང་བཟེད་ལྷག་པ་བཅངས་ན། ཅིར་འགྱུར། སྤང་བར་འགྱུར་རོ། །དགེ་སློང་མས་ཞག་བཅུ་ལས་འདས་པར་ལྷུང་བཟེད་ལྷག་པ་བཅངས་ན། སྤང་བའི་ལྷུང་བར་འགྱུར་རོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སུ་འགྱུར་རོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་འགྲོ་བའོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་ལྷན་པ་ལྔ་ལས་ཉུང་བའི་ལྷུང་བཟེད་སྤྱད་དུ་ཡོད་བཞིན་དུ་ལྷུང་བཟེད་གཞན་བཙལ་ན། སྤང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་འཕྲིན་པ་ལས་ལྷུང་བཟེད་གཉིས་པ་བཙལ་ཏེ་ལྷུང་བཟེད་རྙེད་ན། ཅིར་འགྱུར། ཉེས་བྱས་སོ། །འཕྲིན་པ་ལས་ཇི་ལྟ་བ་དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་པ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་སྨྱོན་པ་ལས་ལྷུང་བཟེད་གཉིས་པ་བཙལ་ན། ཅིར་འགྱུར། ལྷུང་བཟེད་རྙེད་ན། ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། Na198b ནད་ཀྱིས་གཟིར་བ་དང ། དིག་པ་དང ། ལྐུགས་པ་དང ། འོན་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ལས་ལྷུང་བཟེད་གཉིས་པ་བཙལ་ཏེ་ལྷུང་བཟེད་རྙེད་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། མུ་སྟེགས་ཅན་དང་ཟ་མ་མཚན། །རྣམ་པ་བདུན་ཡང་དེ་བཞིན་ཏེ། །ཐུན་མོང་པ་དང་བཞི་པ་དང ། །ཡོ་བྱད་རྣམས་དང་དགེ་སློང་མ། །བཙུན་པ། དགེ་སློང་གིས་འདི་ལ་གཞན་ཕྱིའི་མུ་སྟེགས་ཅན་དགེ་སྦྱོང་གཞན་བྲམ་ཟེ་དང ། སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་བ་རྣམས་ལས་ལྷུང་བཟེད་གཉིས་པ་བླངས་ནས་ལྷུང་བཟེད་གཉིས་པ་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ།་དགེ་སློང་གིས་མུ་སྟེགས་ཅན་གྱི་སྣོད་ཅིག་གང་གིས་སྙེད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཟ་མ་ལས་ལྷུང་བཟེད་གཉིས་པ་བཙལ་ཏེ་ལྷུང་བཟེད་རྙེད་ན།་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་མ་ནིང་ཕ་དང ། མ་ནིང་མ་དང ། མཚན་གཉིས་པ་རྣམས་ལས་བཙལ་ཏེ་ལྷུང་བཟེད་ཐོབ་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་ལྷུང་བཟེད་སྤྱད་པ་མཆིས་བཞིན་དུ་ལྷུང་བཟེད་གཞན་བླངས་པ་དང ། དེའི་མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་ཐོབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་ལྷུང་བཟེད་མཆིས་བཞིན་དུ་གཉིས་པ་བཙལ་པ་ལས། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ནས་རྙེད་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་ Na199a ༄#། །ལྷུང་བཟེད་མཆིས་བཞིན་དུ་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ལས་ལྷུང་བཟེད་གཉིས་པ་ཚོལ་བ་ན། དེ་གཉིས་མཚན་འཕོས་ཏེ་མཚན་འཕོས་ནས་རྙེད་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་ཁྱིམ་བདག་གམ། ཁྱིམ་བདག་གི་མཆིས་བྲང་ལས་ལྷུང་བཟེད་གཉིས་པ་སློང་བ་ན། དེ་གཉིས་མཚན་འཕོས་ཏེ་མཚན་འཕོས་ནས་ཐོབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་མ་རྫོགས་པར་བསླངས་ལ་བསྙེན་པར་མ་རྫོགས་པར་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བསླངས་ལ་བསྙེན་པར་རྫོགས་ཀར་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བསླངས་ལ། བསྙེན་པར་རྫོགས་ནས་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ལ་བསྙེན་པར་རྫོགས་ཀར་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ལ་བསྙེན་པར་རྫོགས་ཏེ་ཐོབ་ན། ཅིར་འགྱུར་ཉེས་བྱས་སོ། །བསྙེན་པར་རྫོགས་ནས་བསླངས་ཏེ་བསྙེན་པར་རྫོགས་པ་ན་ཐོབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་ནས་བསླངས་ཏེ་བསྙེན་པར་རྫོགས་པར་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །དགེ་སློང་གཉིས་ཀྱིས་ལྷུང་བཟེད་གཅིག་བསླངས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མི་ལ་མིར་འདུ་ཤེས་ཏེ་ལྷུང་བཟེད་བསླངས་ Na199b ནས་ལྷུང་བཟེད་ཐོབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །མི་ལ་མི་མ་ལགས་པར་འདུ་ཤེས་ཏེ་བསླངས་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ཏེ་བསླངས་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ཏེ་བསླངས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་རང་གིས་ཡོ་བྱད་དམ། རིན་གྱིས་ལྷུང་བཟེད་གཉིས་པ་བཙལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་པས་ལྷུང་བཟེད་མཆིས་བཞིན་དུ་ལྷུང་བཟེད་གཉིས་པ་བཙལ་ཏེ་ལྷུང་བཟེད་རྙེད་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་ལྷུང་བཟེད་མཆིས་བཞིན་དུ་ལྷུང་བཟེད་གཉིས་པ་བཙལ་ཏེ་ལྷུང་བཟེད་རྙེད་ན། ཅིར་འགྱུར། སྤང་བར་འགྱུར་རོ། །དགེ་སློང་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཀྱིས་ལྷུང་བཟེད་མཆིས་བཞིན་དུ་ལྷུང་བཟེད་གཉིས་པ་བཙལ་ཏེ་ལྷུང་བཟེད་རྙེད་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་འགྲོ་བའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གཉེན་མ་ལགས་པའི་ཐག་པ་ལ་གོས་འཐག་ཏུ་སྩལ་ན། སྤང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་འཕྲིན་པ་ལས་འཐག་ཏུ་སྩལ་ན། ཅིར་ Na200a ༄#། །འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་དང ། གཞན་གྱི་ཕྱིར་འཐག་ཏུ་བཅུག་ན།་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་ཐ་ག་པ་སྨྱོན་པ་ཞིག་ལ་གོས་འཐག་ཏུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། མི་མ་ཡིན་པའི་འགྲོ་བའི་གནས་པ་ཐ་ག་པ་རྣམས་ལ་གོས་འཐག་ཏུ་བཅུག་ན། ཐམས་ཅད་ཉེས་བྱས་སོ། །མདོར་ན། མ་ནིང་དག་དང་ཟ་མ་དང ། །ཐུན་མོང་མཚན་ཡང་དེ་བཞིན་ཏེ། །དེ་ལྟར་མི་རུང་བདུན་པ་དང ། །བཞི་པ་སློབ་དང་དགེ་སློང་མ། །བཙུན་པ། དགེ་སློང་གིས་ཐ་ག་པ་མ་ནིང་ཞིག་ལ་གོས་འཐག་ཏུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་མ་དང ། མཚན་གཉིས་པ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་ཐུན་མོང་གོས་ཤིག་འཐག་ཏུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཐ་ག་པ་གཉེན་མ་ལགས་བ་ལ་གོས་ཞིག་འཐག་ཏུ་སྩལ་པ་དང ། དེའི་མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་ཐོབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་ངམ་དགེ་སློང་མས་ཐ་ག་པ་གཉེན་མ་ལགས་པ་ལ་གོས་ཤིག་འཐག་ཏུ་སྩལ་པ་དང ། མཚན་འཕོས་ Na200b ཏེ་མཚན་འཕོས་ནས་བླངས་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་ཐ་ག་པ་གཉེན་མ་ལགས་པ་ལ་གོས་འཐག་ཏུ་སྩལ་ཀྱང་སྤང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་ཡང་གོས་ཀྱི་རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང ། སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང ། གཉིས་ཀ་ཡང་མི་རུང་བར་གྱུར་པ་སྟེ། མི་རུང་བ་ནི། རྔ་མོའི་བལ་དང ། བ་ལང་གི་བལ་དང ། རའི་བལ་དང ། རི་དྭགས་ཀྱི་བལ་དང་འདྲེས་པ་རྣམས་འཐག་ཏུ་བཅུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། བསྙེན་པར་མ་རྫོགས་པར་འཐག་ཏུ་སྩལ་ལ་བསྙེན་པར་མ་རྫོགས་པར་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་འཐག་ཏུ་སྩལ་ལ་བསྙེན་པར་རྫོགས་ཀར་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་འཐག་ཏུ་སྩལ་ལ་བསྙེན་པར་རྫོགས་ནས་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་འཐག་ཏུ་སྩལ་ལ་བསྙེན་པར་རྫོགས་ཀར་ཐོབ་ན། ཅིར་འགྱུར་ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་འཐག་ཏུ་སྩལ་ལ་བསྙེན་པར་རྫོགས་ནས་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པས་འཐག་ཏུ་སྩལ་ལ་བསྙེན་པར་རྫོགས་པས་ཐོབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་པས་འཐག་ཏུ་སྩལ་ལ་བསྙེན་པར་མ་རྫོགས་པས་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་ Na201a ༄#། །སློང་གིས་མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ཏེ་འཐག་ཏུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །མི་ལ་མི་མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །མི་ལ་མིར་འདུ་ཤེས་ཏེ་འཐག་ཏུ་སྩལ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པར་འདུ་ཤེས་ཏེ་འཐག་ཏུ་སྩལ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །གཉེན་མ་ཡིན་པ་ལ་གཉེན་དུ་འདུ་ཤེས་ན། ཉེས་པ་མེད་དོ། །གཉེན་ལ་གཉེན་མ་ཡིན་པར་འདུ་ཤེས་ཏེ་འཐག་ཏུ་བཅུག་ན། ཉེས་བྱས་སུ་འགྱུར་རོ། །གཉེན་ལ་གཉེན་དུ་འདུ་ཤེས་ཏེ་འཐག་ཏུ་བཅུག་ན། ཉེས་པ་མེད་དོ། །བཙུན་པ། བསླབ་པ་སྩལ་པས་ཐ་ག་པ་གཉེན་མ་ལགས་པ་ལ་གོས་ཤིག་འཐག་ཏུ་སྩལ་ཏེ་གོས་ཐོབ་ན། ཅིར་འགྱུར་རོ། །སྤང་བར་འགྱུར་རོ། །དགེ་སློང་ལ་ཇི་ལྟ་བ་བཞིན་དུ་དགེ་སློང་མ་ལ་ཡང་སྔ་མ་བཞིན་ཏེ། ཇི་ལྟར་བསླབ་པའི་གནས་སྔ་མ་བཞིན་པ་ནས་བསྙེན་པར་རྫོགས་ཀར་རྙེད་ན། ཅིར་འགྱུར། ཉེས་བྱས་སོ། །ཞེས་བྱ་བའི་བར་དུའོ། །བསྙེན་པར་མ་རྫོགས་པར་རྣམ་པར་རྟོག་པ་བསྐྱེད་ནས་བསྙེན་པར་རྫོགས་པས་རྙེད་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པས་རྣམ་པར་རྟོག་པ་བསྐྱེད་ལ་བསྙེན་པར་རྫོགས་ཀར་ཐོབ་ན། ཅིར་འགྱུར། Na201b ཉེས་བྱས་སོ། །བསྙེན་པར་མ་རྫོགས་པས་རྣམ་པར་རྟོག་པ་བསྐྱེད་ལ་བསྙེན་པར་རྫོགས་ཏེ་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་རྣམ་པར་རྟོག་པ་བསྐྱེད་ལ་བསྙེན་པར་རྫོགས་ཀར་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་རྣམ་པར་རྟོག་པ་བསྐྱེད་ལ་བསྙེན་པར་རྫོགས་ནས་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པས་རྣམ་པར་རྟོག་པ་བསྐྱེད་ལ་བསྙེན་པར་རྫོགས་པས་ཐོབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་པས་རྣམ་པར་རྟོག་པ་བསྐྱེད་ལ་བསྙེན་པར་མ་རྫོགས་པར་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མི་ལ་མིར་འདུ་ཤེས་ཏེ་རྣམ་པར་རྟོག་པ་བསྐྱེད་ནས་གོས་མངོན་དུ་གྲུབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །མི་ལ་མི་མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མི་མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། ། བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་ཐ་ག་པ་ལ་གཉེན་མ་ལགས་པར་འདུ་ཤེས་ཏེ་རྣམ་པར་རྟོག་པ་བསྐྱེད་ནས་གོས་མངོན་དུ་གྲུབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །གཉེན་མ་ལགས་པ་ལ་གཉེན་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་པ་མེད་དོ། །གཉེན་ལ་གཉེན་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །གཉེན་ལ་གཉེན་དུ་འདུ་ Na202a ༄#། །ཤེས་ན། ཉེས་པ་མེད་དོ། །བསླབ་པ་སྩལ་པས་རྣམ་པར་རྟོག་པ་བསྐྱེད་ནས་གོས་མངོན་དུ་གྲུབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་རྣམ་པར་རྟོག་པ་བསྐྱེད་དེ་གོས་མངོན་དུ་གྲུབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །དགེ་ཚུལ་ཕ་དང ། དགེ་ཚུལ་མ་རྣམས་ཀྱིས་རྣམ་པར་རྟོག་པ་བསྐྱེད་དེ་གོས་མངོན་དུ་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། །འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་འགྲོ་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གིས་དགེ་སློང་ལ་གོས་ཤིག་སྩལ་ནས་འཕྲོག་གམ་འཕྲོག་ཏུ་སྩལ་ན། སྤང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་འཕྲིན་གྱིས་འཕྲོག་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་དང ། གཞན་གྱི་ཕྱིར་འཕྲོག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་སྨྱོན་པ་ལ་གོས་ཤིག་སྩལ་པ་ལས་སླར་འཕྲོག་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་རྣམས་ལ་ Na202b གོས་བྱིན་པ་ལས་སླར་འཕྲོག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་འདི་ལས་སླད་རོལ་གྱི་མུ་སྟེགས་ཅན་དགེ་སྦྱོང་གཞན་བྲམ་ཟེ་དང ། སྤྱོད་པ་བ་དང ། ཀུན་ཏུ་རྒྱུ་བ་རྣམས་ལ་གོས་སྩལ་པ་ལས་སླར་འཕྲོག་ན། ཅིར་འགྱུར། ཐམས་ཅད་ཉེས་བྱས་སོ། །བཙུན་པ། འགྲོ་བ་གཞན་དུ་གནས་པ་ཞིག་ལ་གོས་སྩལ་བ་ལས་འཕྲོག་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། ཁྱིམ་པ་དག་ལ་སོགས་པ་དང ། །ཐུན་མོང་མཚན་ཡང་དེ་བཞིན་ཏེ། །མ་ཆོག་མི་རུང་དེ་བཞིན་དུ། །བཞི་པ་བདུན་པ་དེ་ལྟར་རོ། །བཙུན་པ། དགེ་སློང་གིས་ཁྱིམ་པ་ལ་གོས་སྩལ་པ་ལས་སླར་འཕྲོག་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། སྔར་འཁྲུགས་པ་དང ། སྔོན་ཉེས་པ་བྱུང་བ་རྣམས་ལ་གོས་ཤིག་བྱིན་པ་གོས་ཤིག་འཕྲོག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་ཕ་མ་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། སྔར་འཁྲུགས་པའི་དགེ་སློང་རྣམས་ལ་གོས་སྩལ་པ་ལས་སླར་འཕྲོག་ན། ཅིར་འགྱུར། ཉེས་བྱས་སོ། །དགེ་འདུན་གྱིས་དབྱེན་གྱིས་པ་དང ། དེ་ལ་ཉེ་བར་ཕྱོགས་པ་དང ། བསླབ་པ་བྱིན་པ་རྣམས་ལ་གོས་ཤིག་ Na203a ༄#། །བྱིན་པ་ལས་ཁྱིམ་པ་འཕྲོག་ཏུ་བཅུག་ན། ཐམས་ཅད་ཀྱང་སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་དང ། དགེ་སློང་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་གོས་སྩལ་པ་ལས་སླར་འཕྲོག་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་ཞིག་ལ་གོས་སྩལ་ནས་ཁྱིམ་པ་ཞིག་འཕྲོག་ཏུ་སྩལ་ན། ཅིར་འགྱུར། སྤང་བའི་ལྟུང་བར་འགྱུར་རོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དགེ་འདུན་གྱིས་དབྱེན་བྱས་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་པ་དང ། སོ་སོར་གནས་པ་དང ། མི་གནས་པ་དང ། སྔར་འཁྲུགས་པ་དང ། སྔར་ཉེས་པ་བྱུང་བ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་བྱིན་པ་དང ། དགེ་སློང་དང ། དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་རྣམས་འཕྲོག་ཏུ་བཅུག་ན། ཐམས་ཅད་སྤང་བའི་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གཉིས་ཀྱིས་གོས་ཐུན་མོང་ཞིག་སྩལ་ལ་དེ་ནས་ཕྱིས་གཅིག་གིས་འཕྲོག་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་གོས་ཤིག་སྩལ་ཏེ་སླར་འཕྲོག་ན། དེའི་ Na203b མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་མངོན་དུ་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དགེ་སློང་མ་ལ་གོས་ཤིག་སྩལ་ཏེ་སླར་འཕྲོག་པ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ནས་མངོན་དུ་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་གོས་ཁྲུ་གང་ལས་ཆུང་བ་ཞིག་སྩལ་པ་ལས་འཕྲོག་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་གོས་སྩལ་ནས་སླར་འཕྲོག་ཀྱང་སྤང་བའི་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་གོས་དེའི་རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང ། སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང ། གཉིས་ཀ་མི་རུང་བར་གྱུར་པ་སྟེ། མི་རུང་བ་ནི། རྔ་མོའི་བལ་དང ། བ་ལང་གི་བལ་དང ། རའི་བལ་དང ། རི་དྭགས་ཀྱི་བལ་དང་འདྲེས་པ་དང ། དེ་དག་དང་འདྲ་བར་ཐགས་སུ་མ་བཏགས་པའི་གོས་ཤིག་སྩལ་ཏེ་འཕྲོག་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་གོས་སྩལ་པ་ལས་སླར་འཕྲོག་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་གོས་སྩལ་པ་ལས་སླར་འཕྲོག་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་སྩལ་པ་ལས་སླར་ Na204a ༄#། །འཕྲོག་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་གོས་སྩལ་པ་ལས་སླར་འཕྲོག་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསྙེན་པར་མ་རྫོགས་པར་དབྲོག་པར་བཤམས་ནས་བསྙེན་པར་མ་རྫོགས་པར་འཕྲོག་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་དབྲོག་པར་བཤམས་ནས་བསྙེན་པར་རྫོགས་ཀར་མངོན་དུ་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་དབྲོག་པར་བཤམས་ནས་བསྙེན་པར་རྫོགས་ཏེ་མངོན་དུ་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་དབྲོག་པར་བཤམས་ནས་བསྙེན་པར་རྫོགས་ཀར་མངོན་དུ་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་དབྲོག་པར་བཤམས་ནས་བསྙེན་པར་རྫོགས་ཏེ་མངོན་དུ་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ནས་དབྲོག་པར་བཤམས་ནས་བསྙེན་པར་རྫོགས་ཏེ་མངོན་དུ་གྲུབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་པ་ན་དབྲོག་པར་བཤམས་ནས་བསྙེན་པར་མ་རྫོགས་པར་མངོན་དུ་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་པས་དགེ་སློང་ལ་གོས་སྩལ་ནས་སླར་འཕྲོག་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་ལ་གོས་ Na204b ཤིག་སྩལ་པ་ལས་འཕྲོག་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་ཕས་དགེ་སློང་མ་ལ་གོས་ཤིག་སྩལ་པ་ལས་འཕྲོག་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དགེ་སློང་མ་ལ་གོས་ཤིག་སྩལ་པ་ལས་སླར་འཕྲོག་ན། ཅིར་འགྱུར། སྤང་བར་འགྱུར་རོ། །དགེ་སློང་མས་དགེ་སློང་དང ། དགེ་སློང་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་རྣམས་ལ་གོས་ཤིག་སྩལ་པ་ལས་སླར་འཕྲོག་ན། ཅིར་འགྱུར། ཉེས་བྱས་སོ། །དགེ་སློབ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སུ་རྒྱས་པར་སྦྱར་རོ། །མདོར་ན། སེམས་འཁྲུགས་པ་དང་དུས་འདས་པ། །མཚན་དང་ཐུན་མོང་དེ་བཞིན་ཏེ། །མི་རུང་བཞི་པ་དེ་ལྟ་བུར། །བདུན་པ་དུས་དང་དགེ་སློང་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་བརྟད་པའི་གོས། ནམ་གོས་འབུལ་བའི་དུས་ཀྱི་བར་གཞག་ཅིང ། །དེ་ལས་འདས་པར་བཞག་ན། སྤང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ།་འདས་པར་བཞག་ཀྱང་སྤང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་དགེ་སློང་དེ་གོས་རྙེད་མ་ཐག་ཏུ་སེམས་འཁྲུགས་པར་གྱུར་པའོ། །བཙུན་པ། དགེ་སློང་གིས་ནམ་འཚོའི་བར་དུ་བརྟད་པའི་གོས་བཅངས་ཀྱང་སྤང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ནམ་གོས་འབུལ་བའི་དུས་ཚུན་ཚད་དུ་དུས་བྱས་པའོ། །བཙུན་པ། དགེ་སློང་གིས་ Na205a ༄#། །བརྟད་པའི་གོས། ནམ་གོས་འབུལ་བའི་དུས་ལས་འདས་པ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་བརྟད་པའི་གོས་ཤིག་།ནམ་གོས་འབུལ་བའི་དུས་ལས་འདས་པ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་བརྟད་པའི་གོས་ཐུན་མོང་བ་ཞིག་།ནམ་གོས་འབུལ་བའི་དུས་ལས་འདས་པར་བཞག་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བརྟད་པའི་གོས་ཤིག། ནམ་གོས་འབུལ་བའི་དུས་ལས་འདས་པར་བཞག་ཀྱང་སྤང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དོ། ཇི་ལྟར་ཡང་གོས་དེའི་རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང ། སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང ། གཉིས་ཀ་མི་རུང་བ་སྟེ། མི་རུང་བ་ནི། རྔ་མོའི་བལ་དང ། བ་ལང་གི་བལ་དང ། རའི་བལ་དང ། རི་དྭགས་ཀྱི་བལ་དང་འདྲེས་པའོ། །དེ་ལྟ་བུའི་གོས་ཐགས་སུ་མ་བཏགས་པ་ཞིག་།གོས་འབུལ་བའི་དུས་ལས་འདས་པར་བཞག་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་གོས་འབུལ་བའི་དུས་ལས་འདས་པ་ལ་འདས་པར་འདུ་ཤེས་ཏེ་གོས་བཞག་ན། ཅིར་འགྱུར། སྤང་བར་འགྱུར་རོ། །འདས་པ་ལ་མ་འདས་པར་འདུ་ཤེས་ཏེ་བཞག་ན། ཅིར་འགྱུར། ཉེས་པ་མེད་དོ། །མ་འདས་པ་ལ་འདས་པར་ Na205b འདུ་ཤེས་ཏེ་བཞག་ན། ཉེས་བྱས་སུ་འགྱུར་རོ། །མ་འདས་པ་ལ་མ་འདས་པར་འདུ་ཤེས་ཏེ་བཞག་ན། ཉེས་པ་མེད་དོ། །བཙུན་པ། བསྙེན་པར་མ་རྫོགས་པར་བཞག་སྟེ་བསྙེན་པར་མ་རྫོགས་པར་དུས་ལས་ཡོལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བཞག་སྟེ་བསྙེན་པར་རྫོགས་ཀར་དུས་ལས་ཡོལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བཞག་སྟེ་བསྙེན་པར་རྫོགས་ནས་དུས་ལས་ཡོལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཞག་སྟེ་བསྙེན་པར་རྫོགས་ཀར་དུས་ལས་ཡོལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཞག་སྟེ་བསྙེན་པར་རྫོགས་ནས་དུས་ལས་ཡོལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ནས་བཞག་སྟེ་བསྙེན་པར་རྫོགས་ནས་དུས་ལས་ཡོལ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་པས་བཞག་ནས་བསྙེན་པར་མ་རྫོགས་པར་དུས་ལས་ཡོལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། ཚུལ་ནས་མ་བྱུང་བར་རྒྱལ་པོས་ཤོལ་བོར་ན། དགེ་སློང་གིས་བརྟད་པའི་གོས་ཇི་ལྟར་བསྒྲུབ་པར་བགྱི། ཇི་ལྟར་ཚུལ་དུ་ཞུགས་པ་བཞིན་ནོ། །བརྟད་པའི་གོས་ཞག་བཅུ་ལས་འདས་པ་ཞེས་བགྱིའམ། ཞག་བཅུ་ལས་མ་འདས་པ་ཞེས་བགྱི། ཞག་བཅུ་ལས་འདས་པ་ཞེས་བྱའོ། །བཙུན་པ། བརྟད་པའི་གོས་དུས་མ་ལགས་པའི་གོས་སུ་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། བཅོམ་ལྡན་འདས་ཀྱིས་བརྟད་པའི་གོས། ནམ་གོས་འབུལ་བའི་དུས་ཀྱི་ Na206a ༄#། །བར་དུ་ཆོངས་ཤིག་།ཅེས་གསུངས་ན། བཙུན་པ། གོས་འབུལ་བའི་དུས་གང་ལགས། ཨུ་པ་ལི། ཚུལ་ནས་བྱུང་བ་སྟེ། ཚུལ་ནས་མ་བྱུང་གི་བར་དུ་ནི། ཐམས་ཅད་དུས་མ་ཡིན་ནོ། །བཙུན་པ། བསླབ་པ་སྩལ་པས་གོས་འབུལ་བའི་དུས་ལས་འདས་པར་གོས་བཞག་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་བརྟད་པའི་གོས་འབུལ་བའི་དུས་ལས་འདས་པར་བཞག་ན། ཅིར་འགྱུར། སྤང་བར་འགྱུར་རོ། །དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་རྣམས་ལ་ཉེས་བྱས་ཏེ། རྒྱས་པར་བརྗོད་པར་བྱའོ། ། མདོར་ན། མི་རུང་བ་དང་བཞི་བ་དང ། །བར་ཆད་བདུན་པ་དེ་བཞིན་ཏེ། །སྡོམ་པ་དང་ནི་དགེ་འདུན་གྱི། །ནམ་མཁའ་མཚན་དང་དགེ་སློང་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་རིང་ན་ཡང་ཞག་དྲུག་ཏུ་དགེ་སློང་དེས་གོས་དེ་དང་བྲལ་བར་འདུག་ཅིག་།དེ་ལས་རིང་དུ་བྲལ་ན། སྤང་བར་འགྱུར་རོ། །ཞེས་གསུངས་ན།་བཙུན་པ། དགེ་སློང་གིས་ཞག་དྲུག་ལས་འདས་པར་གོས་དེ་དང་བྲལ་ཡང་སྤང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་ཡང་གོས་དེའི་རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང ། སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང ། གཉིས་ཀ་མི་རུང་བར་གྱུར་པ་སྟེ། མི་རུང་བ་ནི། རྔ་མོའི་བལ་དང ། བ་ལང་གི་བལ་དང ། རའི་བལ་དང ། རི་དྭགས་ཀྱི་བལ་དང་འདྲེས་པའོ། ། Na206b དེ་དང་འདྲ་བར་ཐགས་སུ་མ་བཏགས་པའི་གོས་ཞག་དྲུག་ལས་འདས་པར་བྲལ་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་ཞག་དྲུག་ལས་འདས་པ་ལ་འདས་པར་འདུ་ཤེས་ཏེ་གོས་དེ་དང་བྲལ་ན།་ཅིར་འགྱུར། སྤང་བར་འགྱུར་རོ། །འདས་པ་ལ་མ་འདས་པར་འདུ་ཤེས་ཏེ་བྲལ་ན། ཉེས་པ་མེད་དོ། །མ་འདས་པ་ལ་འདས་པར་འདུ་ཤེས་ཏེ་བྲལ་ན། ཉེས་བྱས་སུ་འགྱུར་རོ། །མ་འདས་པ་ལ་མ་འདས་པར་འདུ་ཤེས་ཏེ་བྲལ་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་ཞག་དྲུག་ལས་འདས་པར་གོས་དེ་དང་བྲལ་ཀྱང་སྤང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་ཡང་དགེ་སློང་དེ་འོང་བ་ན་དེ་ལ་བར་ཆད་བརྒྱུད་ལས་གང་ཡང་རུང་བའི་བར་ཆད་གཅིག་བྱུང་བར་གྱུར་བའོ། །བཙུན་པ། བསྙེན་པར་མ་རྫོགས་པར་བཞག་ལ་བསྙེན་པར་མ་རྫོགས་པར་བྲལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པར་བཞག་ལ་བསྙེན་པར་རྫོགས་ཀར་བྲལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བཞག་ལ་བསྙེན་པར་རྫོགས་ཏེ་བྲལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཞག་ལ་བསྙེན་པར་རྫོགས་ཀར་བྲལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཞག་ལ་བསྙེན་པར་རྫོགས་ཏེ་བྲལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པས་བཞག་ལ་བསྙེན་པར་རྫོགས་ནས་བྲལ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་ཏེ་བཞག་ལ་བསྙེན་པར་མ་རྫོགས་པར་བྲལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་ Na207a ༄#། །གིས་ཞག་དྲུག་ལས་འདས་པར་གོས་དེ་དང་བྲལ་ཡང་སྡང་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་ཡང་དགེ་སློང་དེས་གོས་དང་མི་འབྲལ་བའི་སྡོམ་པ་ཐོབ་པར་གྱུར་པའོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱིས་གོས་ཤིག་བྱིན་གྱིས་བསླབས་ཏེ་བཞག་ནས་ཞག་དྲུག་ལས་འདས་པར་བྲལ་ན། བྲལ་བ་ཞེས་བགྱིའམ། མ་བྲལ་བ་ཞེས་བགྱི། ཨུ་པ་ལི། བྲལ་བ་ཞེས་བྱའོ། །སྤང་བར་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། ལྟུང་བ་གཅིག་པུ་བཤགས་པར་བྱའོ། །བཙུན་པ། དགེ་སློང་གིས་ཁྱིམ་གྱི་ནང་དུ་གོས་བཞག་པར་གྱུར་ལ། དེ་ནམ་མཁའ་ལ་མཆིས་ནས་ཞག་དྲུག་ལས་འདས་པར་བགྱིས་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་ཁྱིམ་གྱི་ནང་དུ་གོས་བཞག་པར་གྱུར་ལ། གོས་དེ་དང་ཞག་དྲུག་ལས་འདས་པར་བྲལ་བ་ན། དེའི་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་ཁྱིམ་གྱི་ནང་དུ་གོས་བཞག་པར་གྱུར་ལ། གོས་དེ་དང་ཞག་དྲུག་ལས་འདས་པར་བྲལ་བ་ན། དེའི་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། བསླབ་པ་སྩལ་པས་ཞག་དྲུག་ལས་འདས་པར་བྲལ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །དགེ་སློང་མས་བྲལ་ན་ནི། ཉེས་བྱས་སོ། །དགེ་སློབ་མ་དང ། དགེ་ཚུལ་མ་ལ་ཡང་ཉེས་བྱས་སོ། །བཙུན་པ། དགེ་ཚུལ་ཕས་ཞག་དྲུག་ལས་འདས་པར་བྲལ་ན། ཅིར་འགྱུར། ཉེས་བྱས་སོ།། །།འདུལ་བ་གཞུང་ Na207b དམ་པ། བམ་པོ་ལྔ་པ། མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ནད་པ་འོན་པ་གླེན་པའོ། །གཉིད་ལོག་ར་རོ་མྱོས་པ་དང ། །སྙོམས་ཞུགས་མུ་སྟེགས་འགྲོ་བ་འོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་བ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དབྱར་གྱི་རས་ཆེན་ཤིན་ཏུ་མྱུར་དུ་ཚོལ་ལམ།་ཤིན་ཏུ་རིང་དུ་བཅངས་ན། སྤང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་དབྱར་གྱི་རས་ཆེན་འཕྲིན་པ་ལས་མྱུར་དུ་བཙལ་ཏེ་རས་རྙེད་ན། ཅིར་འགྱུར། ཉེས་བྱས་སོ། །ཤིན་ཏུ་རིང་བར་བཅངས་ན། ཅིར་འགྱུར། ཉེས་བྱས་སོ། །འཕྲིན་པ་ལས་ཇི་ལྟ་བ་དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམས་སོ། །བཙུན་པ། དགེ་སློང་གིས་སྨྱོན་པ་ལས་དབྱར་གྱི་རས་ཆེན་མྱུར་དུ་བཙལ་ཏེ་རས་རྙེད་ན། ཅིར་འགྱུར། ཉེས་བྱས་སོ། །ཤིན་ཏུ་རིང་བར་བཅངས་ན། ཅིར་འགྱུར། །ཉེས་བྱས་སོ། །སྨྱོན་པ་ལས་ཇི་ལྟ་བ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། དེ་བཞིན་དུ་འདི་ལས་ཕྱི་རོལ་གྱི་མུ་སྟེགས་ཅན་དགེ་སྦྱོང་གཞན་བྲམ་ཟེ་དང ། སྤྱོད་པ་བ་དང ། ཀུན་ཏུ་རྒྱུ་བ་རྣམས་ལས་བཙལ་བ་དང ། དེ་བཞིན་དུ་འགྲོ་བ་གཞན་དུ་གནས་པ་ལས་ཤིན་ཏུ་མྱུར་བར་བཙལ་ཏེ་རྙེད་ན། ཅིར་འགྱུར། ཉེས་བྱས་སོ། །ཤིན་ཏུ་རིང་བར་བཅངས་ན་ཡང་ཉེས་བྱས་ Na208a ༄#། །སུ་འགྱུར་རོ། །མདོར་ན། མི་རུང་བ་དང་དེ་བཞིན་མཚན། །ཐུན་མོང་བདུན་པ་དེ་བཞིན་ཏེ། །མཆོག་པ་དང་སེང་རས་དང ། །བཞི་པ་དང་ཡང་དགེ་སློང་མའོ། །བཙུན་པ། དགེ་སློང་གིས་དབྱར་གྱི་རས་ཆེན་ཤིན་ཏུ་མྱུར་བར་བཙལ་ལ། ཤིན་ཏུ་རིང་བར་བཅངས་ཀྱང་སྤང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། གོས་དེའི་རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང ། སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང ། གཉིས་ཀ་མི་རུང་བ་སྟེ། མི་རུང་བ་ནི། རྔ་མོའི་བལ་དང ། བ་ལང་གི་བལ་དང ། རའི་བལ་དང ། རི་དྭགས་ཀྱི་བལ་དང་འདྲེས་པ་དང ། དེ་ལྟ་བུ་ལས་ཐགས་སུ་མ་བཏགས་པའི་དབྱར་གྱི་རས་ཆེན་ཞིག་ཤིན་ཏུ་མྱུར་བར་བཙལ་ཏམ། ཤིན་ཏུ་རིང་བར་བཅངས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དབྱར་གྱི་རས་ཆེན་ཤིན་ཏུ་མྱུར་བར་བཙལ་ཏམ།་ཤིན་ཏུ་རིང་བར་བཅངས་པ་ན། དེའི་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མ་ཞིག་གིས་དབྱར་གྱི་རས་ཆེན་ཤིན་ཏུ་མྱུར་བར་བཙལ་ཏམ། ཤིན་ཏུ་རིང་བར་བཅངས་པ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་དབྱར་གྱི་རས་ཆེན་ཐུན་མོང་བ་ཞིག་ཤིན་ཏུ་མྱུར་བར་བཙལ་ཏམ། ཤིན་ཏུ་རིང་བར་བཅངས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསྙེན་པར་མ་རྫོགས་པར་དབྱར་གྱི་རས་ཆེན་བསླངས་ནས་བསྙེན་པར་མ་རྫོགས་པར་ཐོབ་སྟེ་ཤིན་ཏུ་རིང་བར་བཅངས་ན། ཅིར་ Na208b འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བསླངས་ཏེ་བསྙེན་པར་རྫོགས་ཀར་ཐོབ་ནས་ཤིན་ཏུ་རིང་བར་བཅངས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པར་བསླངས་ཏེ་བསྙེན་པར་རྫོགས་ནས་ཐོབ་ལ་ཤིན་ཏུ་རིང་བར་བཅངས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ལ་བསྙེན་པར་རྫོགས་ཀར་ཐོབ་སྟེ་ཤིན་ཏུ་རིང་བར་བཅངས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པར་བསླངས་ལ་བསྙེན་པར་རྫོགས་ནས་ཐོབ་སྟེ་ཤིན་ཏུ་རིང་བར་བཅངས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ནས་བསླངས་ལ་བསྙེན་པར་རྫོགས་ནས་ཐོབ་སྟེ་ཤིན་ཏུ་རིང་བར་བཅངས་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་པ་ན་བསླངས་ལ་བསྙེན་པར་མ་རྫོགས་པར་ཐོབ་སྟེ་ཤིན་ཏུ་རིང་བར་བཅངས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དབྱར་གྱི་རས་ཆེན་དུ་མ་འཚལ་བ་ཞིག་ཤིན་ཏུ་མྱུར་བར་བཙལ་ཏམ། ཤིན་ཏུ་རིང་བར་བཅངས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། སེང་རས་ཀྱི་དབྱར་གྱི་རས་ཆེན་ཞིག་ཤིན་ཏུ་མྱུར་བར་བཙལ་ཏམ། ཤིན་ཏུ་རིང་བར་བཅངས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མི་ལ་མིར་འདུ་ཤེས་ཏེ། དེ་ལས་དབྱར་གྱི་རས་ཆེན་ཞིག་ཤིན་ཏུ་མྱུར་བར་བཙལ་ནས་རས་ཆེན་རྙེད་ན། ཅིར་འགྱུར། སྤང་བར་འགྱུར་རོ། །རིང་དུ་བཙངས་ན་ཡང་དེ་བཞིན་ནོ། །མི་ལ་མི་མ་ཡིན་པར་འདུ་ཤེས་ཏེ། དེ་ལས་ཐོབ་ན་ནི། ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་ཏེ། དེ་ལས་ཐོབ་ན་ནི། ཉེས་བྱས་སུ་ Na209a ༄#། །འགྱུར་རོ། །མི་མ་ཡིན་པ་ལ་མི་མ་ཡིན་པར་འདུ་ཤེས་ཏེ། དེ་ལས་ཐོབ་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དབྱར་གྱི་རས་ཆེན་ཚུལ་ནས་འབྱུང་བ་ལས་ཟླ་བ་ཕྱེད་འདས་པ་ལ་འདས་པར་འདུ་ཤེས་ཏེ་བཅངས་ན། ཅིར་འགྱུར། སྤང་བར་འགྱུར་རོ། །འདས་པ་ལ་མ་འདས་པར་འདུ་ཤེས་ན། ཉེས་པ་མེད་དོ། །མ་འདས་པ་ལ་འདས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །མ་འདས་པ་ལ་མ་འདས་པར་འདུ་ཤེས་ན། ཉེས་པ་མེད་དོ། །བཙུན་པ། དབྱར་ཚུལ་དུ་ཞུགས་པ་དང་རྒྱལ་པོས་ཤོལ་བོར་ན། དགེ་སློང་དེ་དག་གིས་ཇི་ལྟར་དབྱར་ཚུལ་དུ་ཞུགས་ནས་འབྱུང་བར་བགྱི། ཇི་ལྟར་ཚུལ་དུ་ཞུགས་པ་བཞིན་ནོ། །དབྱར་གྱི་རས་ཆེན་ཇི་ལྟར་བཅང་བར་བགྱི། ཇི་ལྟར་ཚུལ་ནས་བྱུང་ང་བཞིན་ནོ། །བཙུན་པ། བསླབ་པ་སྩལ་བས་དབྱར་གྱི་རས་ཆེན་ཤིན་ཏུ་མྱུར་བར་བཙལ་ཏམ། ཤིན་ཏུ་རིང་བར་བཅངས་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་ཚུལ་ཕས་དབྱར་གྱི་རས་ཆེན་ཤིན་ཏུ་མྱུར་བར་བཙལ་ཏམ། ཤིན་ཏུ་རིང་བར་བཅངས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དབྱར་གྱི་རས་ཆེན་བཙལ་ན། ཅིར་འགྱུར། ཉེས་བྱས་སོ། ཞག་བཅུ་ལས་འདས་པར་བཅངས་ན། སྤང་བར་འགྱུར་རོ། །དགེ་སློབ་མ་དང ། དགེ་ཚུལ་མས་དབྱར་གྱི་རས་ཆེན་བཙལ་ཏམ། ཞག་བཅུ་ལས་འདས་པར་བཅངས་ན། ཉེས་བྱས་སུ་འགྱུར་རོ། །མདོར་ན། Na209b འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་པ་དང་གཅིག་ནས་གཅིག་།སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་གླེན་པ་འོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གང་གིས་རྙེད་པ་དགེ་འདུན་ལ་བསྔོས་པར་འཚལ་བཞིན་དུ་བདག་ཉིད་ལ་བསྔོས་ན། སྤང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ།་དགེ་སློང་གིས་རྙེད་པ་དགེ་འདུན་ལ་བསྔོས་པར་འཚལ་བཞིན་དུ་འཕྲིན་པ་ལས་བདག་ཉིད་ལ་བསྔོས་ཏེ་རྙེད་པ་མངོན་དུ་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །འཕྲིན་པས་ཇི་ལྟ་བ་དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམས་སོ། །བཙུན་པ། དགེ་སློང་སྨྱོན་པ་ཞིག་གིས་རྙེད་པ་དགེ་འདུན་ལ་བསྔོས་པར་འཚལ་བཞིན་དུ་བདག་ཉིད་ལ་བསྔོས་ཏེ་རྙེད་པ་མངོན་པར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །སྨྱོན་པ་ལ་ཇི་ལྟ་བ་དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་རྣམས་ཀྱིས་ཀྱང་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། མ་ཆོག་པ་དང་མི་རུང་རིགས། །བདུན་པ་དག་དང་བཞི་པ་མཚན། །ཁྱིམ་པ་དག་ལ་སོགས་པ་དང ། །འགྲོ་བ་བསླབ་དང་དགེ་སློང་མའོ། །བཙུན་པ། དགེ་སློང་གིས་དགེ་འདུན་ལ་བསྔོས་པའི་གོས་ཁྲུ་གང་བས་ཆུང་བ་ཞིག་བདག་ཉིད་ལ་བསྔོས་ཏེ་གོས་མངོན་དུ་གྲུབ་ན། ཅིར་འགྱུར། །ཉེས་བྱས་སོ། །འོན་ཏེ་ཁྲུ་གང་གྲུ་བཞི་པར་གྱུར་པའམ། དེ་བས་ཆེ་ Na210a ༄#། །བ་ནི། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་ལ་རྙེད་པ་བསྔོས་པར་འཚལ་བཞིན་དུ་བདག་ཉིད་ལ་བསྔོས་ཀྱང་སྤང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་གོས་དེའི་རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང ། སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང ། གཉིས་ཀ་མི་རུང་བར་གྱུར་པ་སྟེ། མི་རུང་བ་ནི། རྔ་མོའི་བལ་དང ། བ་ལང་གི་བལ་དང ། རའི་བལ་དང ། རི་དྲགས་ཀྱི་བལ་དང་འདྲེས་པ་དང ། ཐགས་སུ་མ་བཏགས་པ་དེ་ལྟ་བུའི་གོས་ཤིག་བདག་ཉིད་ལ་བསྔོས་ཏེ་མངོན་དུ་གྲུབ་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་ཕ་དང་མ་ལས་གོས་བླངས་ན། སྤང་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་ཡང་དེ་ནི། ཕ་དང་མ་གཉིས་ཀྱིས་དགེ་འདུན་ལ་བསྔོས་པར་ཤེས་བཞིན་དུ་བདག་ཉིད་ལ་བསྔོས་ན། སྤང་བར་འགྱུར་རོ། །བཙུན་པ། བསྙེན་པར་མ་རྫོགས་པར་བསླངས་ལ་བསྙེན་པར་མ་རྫོགས་པར་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བསླངས་ལ་བསྙེན་པར་རྫོགས་ཀར་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བསླངས་ལ་བསྙེན་པར་རྫོགས་ནས་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ལ་བསྙེན་པར་རྫོགས་ཀར་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ལ་བསྙེན་པར་རྫོགས་ནས་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་བསླངས་ལ་ Na210b བསྙེན་པར་རྫོགས་པ་ན་ཐོབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་པ་ན་བསླངས་ལ་བསྙེན་པར་མ་རྫོགས་པར་ཐོབ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་ལ་རྙེད་པ་བསྔོས་པར་འཚལ་བཞིན་དུ་བསྔོས་པར་འདུ་ཤེས་ཏེ་བདག་ཉིད་ལ་བསྔོས་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བསྔོས་པ་ལ་མ་བསྔོས་པར་འདུ་ཤེས་ན། ཉེས་པ་མེད་དོ། མ་བསྔོས་པ་ལ་བསྔོས་པར་འདུ་ཤེས་ན། ཉེས་བྱས་སོ། །མ་བསྔོས་པ་ལ་མ་བསྔོས་པར་འདུ་ཤེས་ཏེ་ཐོབ་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་རྙེད་པ་དགེ་འདུན་ལ་བསྔོས་པར་འཚལ་བཞིན་དུ་བདག་ཉིད་ལ་བསྔོས་པ་དང་མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་ཐོབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་རྙེད་པ་དགེ་འདུན་ལ་བསྔོས་པར་འཚལ་བཞིན་དུ་བདག་ཉིད་ལ་བསྔོས་པ་དང་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ནས་ཐོབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་རྙེད་པ་ཁྱིམ་པ་ལ་བསྔོས་པ་བདག་ཉིད་ལ་བསྔོས་ཏེ་རྙེད་པ་མངོན་དུ་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་བསད་པ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དགེ་འདུན་ཕྱེ་བ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་པ་དང ། སོ་ Na211a ༄#། །སོར་གནས་པ་དང ། མི་གནས་པ་དང ། ཉེ་བར་ཕྱོགས་པ་དང ། སྔོན་ཉེས་པ་བྱུང་བ་དང ། སྔོན་འཁྲུགས་པ་དང ། བསླབ་པ་སྩལ་པ་རྣམས་ལ་རྙེད་པ་བསྔོས་པ་བདག་ཉིད་ལ་བསྔོས་ཏེ་རྙེད་པ་མངོན་དུ་གྲུབ་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་འགྲོ་བ་གཞན་དུ་གནས་པ་རྣམས་ལ་རྙེད་པ་བསྔོས་པ་བདག་ཉིད་ལ་བསྔོས་ཏེ་རྙེད་པར་མངོན་དུ་གྲུབ་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། བསླབ་པ་སྩལ་པས་རྙེད་པ་དགེ་འདུན་ལ་བསྔོས་པར་འཚལ་བཞིན་དུ་བདག་ཉིད་ལ་བསྔོས་ཏེ་རྙེད་པ་མངོན་དུ་གྲུབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་ཞིག་གིས་དགེ་སློང་གཉིས་སམ། མང་པོ་རྣམས་ལ་རྙེད་པ་བསྔོས་པ་ལས། བདག་ཉིད་ལ་བསྔོས་ཏེ་རྙེད་པ་མངོན་དུ་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །དགེ་སློང་གིས་དགེ་འདུན་ནམ། དགེ་སློང་མའི་དགེ་འདུན་ནམ། དགེ་འདུན་གཉིས་ཀ་ལ་རྙེད་པ་བསྔོས་པ་བདག་ཉིད་ལ་བསྔོས་ཏེ་རྙེད་པ་མངོན་དུ་གྲུབ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་ལ་རྙེད་པ་བསྔོས་པ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་རྙེད་པ་བསྔོས་པ་བདག་ཉིད་ལ་བསྔོས་ཏེ་རྙེད་པ་མངོན་དུ་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་མས་དགེ་སློང་དང ། དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་རྙེད་པ་ Na211b བསྔོས་པ་བདག་ཉིད་ལ་བསྔོས་ཏེ་རྙེད་པ་མངོན་དུ་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་རྣམས་ལ་ཡང་ཉེས་བྱས་སུ་རྒྱས་པར་བརྗོད་པར་པར་བྱའོ། །མདོར་ན། མི་རུང་བ་དང་བཞི་པ་དག་།སྟོར་བ་འཚོ་བ་མཚན་དེ་བཞིན། །དེ་ཉིད་དང་ནི་བདུན་པ་འབྱུང ། །བྱིན་གྱིས་མ་བརླབས་བྱིན་གྱིས་བརླབས། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་སྨན་ཞག་བདུན་ལས་འདས་ན། སྤང་བའོ། །ཞེས་གསུངས་ན། བཙུན་པ། སྨན་ཞག་བདུན་ལས་འདས་ཀྱང་སྤང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། སྨན་མི་རུང་བར་གྱུར་པ་སྟེ། མི་རུང་བ་ནི། མི་རུང་བ་དང་འདྲེས་པ་དང ། གང་དགེ་སློང་རྣམས་ཀྱིས་སྤྱད་དུ་མི་རུང་བའོ། །བཙུན་པ། དགེ་སློང་གིས་སྨན་རྙེད་ནས་ཞག་བདུན་ལོན་ལ་ཞག་བདུན་ལོན་པར་ཡང་འདུ་ཤེས་ཏེ་སྐྱ་རེངས་ཤར་ན། ཅིར་འགྱུར། སྤང་བར་འགྱུར་རོ། །ཞག་བདུན་ལ་ཞག་བདུན་མ་ལོན་པར་འདུ་ཤེས་ན། ཉེས་པ་མེད་དོ། །ཞག་བདུན་མ་ལོན་པ་ལ་ཞག་བདུན་དུ་འདུ་ཤེས་ན། ཉེས་བྱས་སོ། །ཞག་བདུན་མ་ལོན་པ་ལ་ཞག་བདུན་མ་ལོན་པར་འདུ་ཤེས་ཏེ་སྐྱ་རེངས་ཤར་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་སྨན་སྤང་བ་ཞིག་སྟོར་བར་གྱུར་ན། ལྟུང་བ་བཤགས་པར་བགྱིའམ། མི་བཤགས་པར་བགྱི། ཨུ་པ་ལི། བཤགས་པར་བྱའོ། །ལྟུང་བ་བཤགས་ནས་སླར་རྙེད་པ་ན། སྤང་བར་བགྱིའམ། ཨུ་པ་ལི། མི་བྱའོ། ། Na212a ༄#། །བཙུན་པ། དགེ་སློང་གིས་ནམ་འཚོའི་བར་དུ་སྨན་བཅངས་ཀྱང་སྤང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཞག་བདུན་མ་ལོན་པར་དུས་བྱས་པའོ། །བཙུན་པ། དགེ་སློང་གིས་སྨན་རྙེད་ནས་ཞག་བདུན་ལོན་པ་དང་ཞག་བདུན་ལས་འདས་པ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་ཞག་བདུན་ལོན་པ་དང ། སྨན་རྙེད་ནས་ཞག་བདུན་ལས་འདས་པ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། སྨན་དེ་ཉིད་སྤང་བར་འགྱུར་ལ།་དེ་ཉིད་སྤང་བར་མི་འགྱུར་བ་ཡང་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་དགེ་སློང་གི་སྨན་དེ་ཞག་བདུན་ལས་འདས་ལ། དུས་ཀྱང་ཡོལ་བའོ། །བཙུན་པ། བསྙེན་པར་མ་རྫོགས་པར་རྙེད་ལ། བསྙེན་པར་མ་རྫོགས་པར་ཞག་བདུན་ལས་འདས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་རྙེད་ལ། བསྙེན་པར་རྫོགས་ཀར་ཞག་བདུན་ལས་འདས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་རྙེད་ལ། བསྙེན་པར་རྫོགས་ནས་ཞག་བདུན་ལས་འདས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་རྙེད་ལ། བསྙེན་པར་རྫོགས་ཀར་ཞག་བདུན་ལས་འདས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་རྙེད་ལ། བསྙེན་པར་རྫོགས་ནས་ཞག་བདུན་ལས་འདས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་རྙེད་ལ། Na212b བསྙེན་པར་རྫོགས་པ་ན་ཞག་བདུན་ལས་འདས་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བསྙེན་པར་རྫོགས་པ་ན་རྙེད་ལ། བསྙེན་པར་མ་རྫོགས་པར་ཞག་བདུན་ལས་འདས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ།་དགེ་སློང་གིས་སྨན་རྙེད་པ་དང་ཞག་བདུན་ལོན་ནས་སེམས་འཁྲུགས་པར་གྱུར་ན། གང་ནས་བཟུང་སྟེ་ཞག་བདུན་དུ་བགྲང་བར་བགྱི། གང་གི་ཚེ་སེམས་སླར་རྙེད་པ་ནས་གཟུང་ངོ ། །བཙུན་པ། སྔ་དྲོ་དང ། ཕྱི་དྲོ་དང ། ཞག་བདུན་དང ། ནམ་འཚོའི་བར་ཀྱི་སྨན་གང་ཡིན་པ་དེ་དག་བྱིན་ལེན་མ་བགྱིས། བྱིན་གྱིས་མ་བརླབས་པར་བདག་གིའོ། །ཞེས་བདག་གིར་བྱས་ཏེ་ཀུན་ཏུ་སྤྱད་པ་སྤྱོད་དུ་གནང་ངམ། ཨུ་པ་ལི། མི་གནང་ངོ ། །ཇི་ལྟར་ཡང་དེ་དགེ་སློང་གིས་སྨན་དེ་སྔ་དྲོའི་དུས་སུ་བྱིན་ལེན་བྱས་ན་ནི། སྔ་དྲོའི་དུས་སུ་ཡོངས་སུ་སྤྱད་པར་བྱའོ། །ཕྱི་དྲོའི་དུས་སུ་བྱིན་ལེན་བྱས་ན་ནི། ཕྱི་དྲོའི་དུས་སུ་ཡོངས་སུ་སྤྱད་པར་བྱའོ། །དེ་སྟེ་དུས་ལས་ཡོལ་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་སྨན་སྤངས་པ་ཞིག་བཙལ་ལམ། བྱིན་གྱིས་རློབ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། སྔོ་དྲོའི་དང ། ཕྱི་དྲོའི་དང ། ཞག་བདུན་གྱི་དང ། ནམ་འཚོའི་བར་གྱི་སྨན་གང་ཡིན་པ་འདི་དག་བྱིན་ལེན་བགྱིས་ལ་བྱིན་གྱིས་བརླབས་ན། འཚལ་དུ་གནང་ངམ། ཨུ་པ་ལི། གནང་སྟེ། སྔ་དྲོའི་ནི། སྔ་དྲོ་སྤྱད་པར་བྱ་སྟེ། དུས་ལས་ཡོལ་ན། སྤྱད་པར་མི་བྱའོ། །ཕྱི་དྲོའི་ཡང་ཕྱི་དྲོ་སྤྱད་པར་བྱ་སྟེ། ཕྱི་དྲོ་ལས་ཡོལ་ན། སྤྱད་པར་མི་བྱའོ། །ཞག་བདུན་པའི་ཡང་ཞག་བདུན་དུ་སྤྱད་པར་བྱ་སྟེ། Na213a ༄#། །ཞག་བདུན་ལས་ཡོལ་ན། སྤྱད་པར་མི་བྱའོ། །ནམ་འཚོའི་བར་གྱི་ཡང་ན་མ་འཚོའི་བར་དུ་སྤྱད་པར་བྱའོ། །དེ་སྟེ་སྤྱད་ན། ཅིར་འགྱུར། སྤངས་པ་སྤྱད་པའི་ཕྱིར་ལྟུང་བའོ། །བཙུན་པ། དེ་སྟེ་བྱིན་གྱིས་བརླབས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་བས་སྨན་ཞག་བདུན་ལས་འདས་ན། ཅིར་འགྱུར། སྤང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་སྨན་ཞག་བདུན་ལས་འདས་ན། ཅིར་འགྱུར། སྤང་བར་འགྱུར་རོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ནི། ཉེས་བྱས་སུ་རྒྱས་པར་བརྗོད་པར་བྱའོ། །སྤང་བའི་ལྟུང་བ་རྫོགས་སོ།། །།མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་གླེན་པ་དང ། །གཉིད་ལོག་ར་རོ་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མ་འོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་འཚལ་བཞིན་དུ་རྫུན་སྨྲས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་འཕྲིན་པ་ལས་རྫུན་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། །ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམས་སོ། །བཙུན་པ། དགེ་སློང་གིས་སྨྱོན་པ་ཞིག་ལ་རྫུན་སྨྲས་ན། ཅིར་འགྱུར། ཉེས་ Na213b བྱས་སུ་འགྱུར་རོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། །ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ཀྱིས་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ལ་རྫུན་སྨྲས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། དབེན་དང་སྐད་དང་བཞི་པ་དང ། །མུ་སྟེགས་ཅན་དང་མི་སྨྲ་དང ། །མཚན་དང་བདུན་པ་དེ་བཞིན་ཏེ། ། ལུས་དང་སློབ་དང་དགེ་སློང་མ། །བཙུན་པ། དགེ་སློང་གིས་དབེན་པ་ལ་མི་དབེན་པར་འདུ་ཤེས་ཏེ་རྫུན་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་མཐའ་འཁོབ་པ་ལ་རྫུན་སྨྲས་པ་དང ། མཐའ་འཁོབ་པ་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་འཕགས་པ་ཞིག་ལ་རྫུན་སྨྲས་པ་དང ། འཕགས་པ་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་འཕགས་པ་ལ་རྫུན་སྨྲས་པ་དང ། འཕགས་པ་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་མཐའ་འཁོབ་པ་ལ་རྫུན་སྨྲས་པ་དང ། མཐའ་འཁོབ་པ་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མི་ལ་མིར་འདུ་ཤེས་ཏེ་རྫུན་སྨྲས་ན། ཅིར་འགྱུར། ལྟུང་བའོ། །མི་ལ་མི་ Na214a ༄#། །མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ཏེ་རྫུན་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་ཁྱོད་སུ་ཞེས་དྲིས་པ་དང ། དེས་འདི་སྐད་དུ་མུ་སྟེགས་ཅན་ནོ། །ཞེས་སྨྲས་ན། བསླབ་པ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། ཤེས་བཞིན་དུ་རྫུན་སྨྲས་པས་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ། ཅི་ཁྱོད་མུ་སྟེགས་ཅན་ནམ་ཞེས་དྲིས་ན། མི་སྨྲ་པས་ཁས་བླངས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་རྫུན་སྨྲ་བ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་རྫུན་སྨྲ་བ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། བསྙེན་པར་མ་རྫོགས་པར་རྫུན་སྨྲ་བར་བཤམས་ལ་བསྙེན་པར་མ་རྫོགས་པར་སྨྲས་ན།་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བཤམས་ལ་བསྙེན་པར་རྫོགས་ཀར་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བཤམས་ནས་བསྙེན་པར་རྫོགས་ཏེ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ཀར་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ Na214b ཀར་བཤམས་ལ་བསྙེན་པར་རྫོགས་ཏེ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཏེ་བཤམས་ལ་བསྙེན་པར་རྫོགས་ཏེ་སྨྲས་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་ཏེ་བཤམས་ལ་བསྙེན་པར་མ་རྫོགས་པར་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ། ཅི་ཁྱོད་ཀྱིས་འདི་ཞེས་བྱ་བ་མཐོང་ངམ་ཞེས་དྲིས་པ་དང ། དེས་མ་མཐོང་བར་ལུས་ཀྱི་དམིགས་པས་མཐོང་ངོ ། །ཞེས་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་བས་རྫུན་སྨྲས་ན། ཅིར་འགྱུར། ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་རྫུན་སྨྲས་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་གླེན་པ་དང ། །གཉིད་ལོག་པ་དང་ར་རོ་དང ། །མྱོས་པ་སྙོམས་ཞུགས་ཐ་མ་འོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་མིའི་སྐྱོན་སྨྲས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་འཕྲིན་གྱིས་མིའི་སྐྱོན་གྱི་ཚིག་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །འཕྲིན་གྱིས་ཇི་ལྟ་བ་དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་ Na215a ༄#། །ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་སྨྱོན་པ་ལ་མིའི་སྐྱོན་གྱི་ཚིག་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་རྣམས་ལ་མིའི་སྐྱོན་གྱི་ཚིག་སྨྲས་ན། ཅིར་འགྱུར། ཐམས་ཅད་ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་འགྲོ་བ་གཞན་དུ་གནས་པ་ལ་མིའི་སྐྱོན་གྱི་ཚིག་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། སྐད་དང་ལུས་དང་དེ་བཞིན་དབེན། །མཚན་དང་བཞི་པ་བདུན་པ་དང ། །ཁྱིམ་པ་དག་ལ་སོགས་པ་རྣམས། །བསླབ་པ་བྱིན་དང་དགེ་སློང་མའོ། །བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་མཐའ་འཁོབ་བ་ལ་མིའི་སྐྱོན་གྱི་ཚིག་སྨྲས་པ་དང ། མཐའ་འཁོབ་པ་དེས་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་འཕགས་པ་ལ་མིའི་སྐྱོན་གྱི་ཚིག་སྨྲས་པ་དང ། འཕགས་པ་དེས་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་འཕགས་པ་ལ་མིའི་སྐྱོན་གྱི་ཚིག་སྨྲས་པ་དང ། འཕགས་པ་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་ Na215b འཕགས་པའི་སྐད་དུ་མཐའ་འཁོབ་པ་ལ་མིའི་སྐྱོན་གྱི་ཚིག་སྨྲས་པ་དང ། མཐའ་འཁོབ་པ་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། ལུས་ཀྱི་དམིགས་པས་མིའི་སྐྱོན་གྱི་ཚིག་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དབེན་པ་ལ་མི་དབེན་པར་འདུ་ཤེས་ཏེ་མིའི་སྐྱོན་གྱི་ཚིག་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་དགེ་སློང་ལ་མིའི་སྐྱོན་གྱི་ཚིག་སྨྲ་བ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་དགེ་སློང་མ་ལ་མིའི་སྐྱོན་གྱི་ཚིག་སྨྲ་བ་ན། མཚན་འཕོས་ཏེ་དགེ་སློང་ཕར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་མིའི་སྐྱོན་གྱི་ཚིག་སྨྲས་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་མི་ལ་མི་འདུ་ཤེས་ཏེ་མིའི་སྐྱོན་གྱི་ཚིག་སྨྲས་ན། ཅིར་འགྱུར། ལྟུང་བའོ། །མི་ལ་མི་མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མི་མ་ Na216a ༄#། །ཡིན་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། བསྙེན་པར་མ་རྫོགས་པར་མིའི་སྐྱོན་གྱི་ཆིག་སྨྲ་བར་བཤམས་ལ་བསྙེན་པར་མ་རྫོགས་པར་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བཤམས་ལ་བསྙེན་པར་རྫོགས་ཀར་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བཤམས་ལ་བསྙེན་པར་རྫོགས་ཏེ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པར་བཤམས་ལ་བསྙེན་པར་རྫོགས་ཀར་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ཏེ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་ཏེ་སྨྲས་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་བཤམས་ལ་བསྙེན་པར་མ་རྫོགས་པར་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཁྱིམ་པ་ལ་མིའི་སྐྱོན་གྱི་ཚིག་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མ་ནིང་ལ་མིའི་སྐྱོན་གྱི་ཚིག་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་མ་སུན་ཕྱུང་བ་དང ། ཕ་བསད་པ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། ཟ་མ་དང ། མི་གནས་པ་དང ། སོ་སོར་གནས་པ་ Na216b དག་སྔར་འཁྲུགས་པ་དང ། སྔར་ཉེས་པ་བྱུང་བ་རྣམས་ལ་མིའི་སྐྱོན་གྱི་ཚིག་སྨྲས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་བའི་དགེ་སློང་རྣམས་ལ་མིའི་སྐྱོན་གྱི་ཚིག་སྨྲས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། བསླབ་པ་སྩལ་པས་མིའི་སྐྱོན་གྱི་ཆིས་སྨྲས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་མིའི་སྐྱོན་གྱི་ཚིག་སྨྲས་ན། ཅིར་འགྱུར། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་མས་དགེ་སློང་མ་ལ་མིའི་སྐྱོན་གྱི་ཚིག་སྨྲས་ན། ཅིར་འགྱུར། ལྟུང་བའོ། །དགེ་སློང་མས་དགེ་སློང་ཕ་དང ། དགེ་ཚུལ་ཕ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་རྣམས་ལ་མིའི་སྐྱོན་གྱི་ཚིག་སྨྲས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཡང་ཉེས་བྱས་སུ་རྒྱས་པར་བརྗོད་པར་བྱའོ། །ཇི་ལྟར་མིའི་སྐྱོན་སྨྲ་བ་དེ་བཞིན་དུ་ཕྲ་མ་སྨྲ་བ་ལ་ཡང་གཞུང་རྒྱས་པར་བྱའོ། །མདོར་ན། སྐད་དང་ལུས་དང་དབེན་པ་དང ། །མཚན་དང་བཞི་པ་བདུན་པ་དང ། །ཁྱིམ་པ་དག་ལ་སོགས་པ་རྣམས། །བསླབ་པ་བྱིན་པ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློབ་གང་དགེ་འདུན་མཐུན་པས་ Na217a ༄#། །ཆོས་བཞིན་དུ་རྩོད་པ་ཞི་བར་བགྱིས་པར་འཚལ་བཞིན་དུ་ཡང་ཕྱིས་ལས་ཀྱིས་བསྐྱོས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་ཆོས་བཞིན་གྱིས་རྩོད་པ་ཞི་བར་བགྱིས་པ་ལ་ལས་ཀྱིས་བསྐྱོས་ཀྱང་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་ཡང་དེ་ནི། སྔོན་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་དང ། མི་གནས་པ་རྣམས་ཀྱིས་ཆོས་བཞིན་དུ་རྩོད་པ་ཞི་བར་བྱས་པ་ལས། ཕྱིས་ལས་ཀྱིས་བསྐྱོས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། ཆོས་བཞིན་དུ་རྩོད་པ་ཞི་བར་བགྱིས་པ་ལས། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་ཕྱིས་ཡང་ལས་ཀྱིས་བསྐྱོས་པ་དང ། མཐའ་འཁོབ་པ་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ།། ཆོས་བཞིན་དུ་ཞི་བར་གྱུར་བ་ལ་འཕགས་པས་མཐའ་འཁོབ་པའི་སྐད་དུ་འཕགས་པ་ལ་ཕྱིས་ལས་ཀྱིས་བསྐྱོས་པ་དང ། འཕགས་པ་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན།་ཅིར་འགྱུར། ཉེས་བྱས་སོ། །ཆོས་བཞིན་དུ་རྩོད་པ་ཞི་བར་གྱུར་པའི་འཕགས་པ་ལ་མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་ཕྱིས་ལས་ཀྱིས་བསྐྱོས་པ་དང ། འཕགས་པ་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །ཆོས་བཞིན་དུ་རྩོད་པ་ཞི་བར་གྱུར་པའི་མཐའ་འཁོབ་པ་ལ་མཐའ་འཁོབ་པས་འཕགས་པའི་ Na217b སྐད་དུ་ཕྱིས་ལས་ཀྱིས་བསྐྱོས་པ་དང ། མཐའ་འཁོབ་པ་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཆོས་བཞིན་དུ་རྩོད་པ་ཞི་བར་གྱུར་པ་ལ་ཕྱིས་ལུས་ཀྱི་དམིགས་པས་ལས་ཀྱིས་བསྐྱོས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་རྩོད་པ་ཆོས་བཞིན་དུ་ཞི་བར་བགྱིས་པར་འཚལ་བཞིན་དུ་དབེན་པ་ལ་མི་དབེན་པར་འདུ་ཤེས་ཏེ་བསྐྱོས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཆོས་བཞིན་དུ་རྩོད་པ་ཞི་བར་གྱུར་པ་ལས་ཕྱིས་ལས་དེ་སྐྱོ་བར་བགྱིད་པ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་ཆོས་བཞིན་དུ་རྩོད་པ་ཞི་བར་གྱུར་པ་ལ་ཕྱིས་ལས་དེ་སྐྱོ་བར་བགྱིད་པ་ན། མཚན་འཕོས་ཏེ་དགེ་སློང་ཕར་གྱུར་ན། ཅིར་འགྱུར། ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་ཆོས་བཞིན་དུ་རྩོད་པ་ཞི་བར་གྱུར་པ་ཆོས་བཞིན་དུ་རྩོད་པར་འདུ་ཤེས་ཏེ་ཕྱིས་ལས་ཀྱིས་བསྐྱོས་ན། ཅིར་འགྱུར། ལྟུང་བར་འགྱུར་རོ། །ཆོས་བཞིན་དུ་རྩོད་པ་ལ་ཆོས་བཞིན་མ་ལགས་པར་འདུ་ཤེས་ཏེ་ཕྱིས་ལས་ཀྱིས་བསྐྱོས་ན། ཅིར་འགྱུར། ཉེས་བྱས་སོ། །ཆོས་བཞིན་དུ་རྩོད་པ་མ་ལགས་པ་ལ་ཆོས་བཞིན་དུ་རྩོད་པར་འདུ་ཤེས་ཏེ་ཕྱིས་ལས་ཀྱིས་བསྐྱོས་ན། ཅིར་འགྱུར། ཉེས་བྱས་སོ། །ཆོས་བཞིན་དུ་རྩོད་པ་མ་ལགས་པ་ལ་ཆོས་བཞིན་དུ་རྩོད་པ་མ་ལགས་པར་འདུ་ Na218a ༄#། །ཤེས་ཏེ་ཕྱིས་ལས་ཀྱིས་བསྐྱོས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་ཆོས་བཞིན་དུ་རྩོད་པ་ཞི་བ་ལ་ཕྱིས་ལས་ཀྱིས་བསྐྱོས་ན། ཅིར་འགྱུར། ལྟུང་བར་འགྱུར་རོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་ཆོས་བཞིན་དུ་རྩོད་པ་ཞི་བ་ལ་ཕྱིས་ལས་ཀྱིས་བསྐྱོས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་རྩོད་པ་ཆོས་བཞིན་དུ་ཞི་བ་ལ་ཕྱིས་ལས་ཀྱིས་བསྐྱོས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་ཆོས་བཞིན་དུ་རྩོད་པ་ཞི་བ་ལ་ཕྱིས་ལས་ཀྱིས་བསྐྱོས་ན། ཅིར་འགྱུར། ཉེས་བྱས་སོ། ། བཙུན་པ། བསྙེན་པར་མ་རྫོགས་པས་ཆོས་བཞིན་དུ་རྩོད་པ་ཞི་བ་ལ་ཕྱིས་ལས་ཀྱིས་བསྐྱོས་པར་བཤམས་ནས་བསྙེན་པར་མ་རྫོགས་པར་ལགས་པར་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བཤམས་ནས་བསྙེན་པར་རྫོགས་ཀར་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བཤམས་ལ་བསྙེན་པར་རྫོགས་ཏེ་ལགས་ན།་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ཀར་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་ Na218b པར་རྫོགས་ཏེ་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་པ་ན་ལགས་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་བཤམས་ལ་བསྙེན་པར་མ་རྫོགས་པ་ན་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཁྱིམ་པའི་རྩོད་པ་ཆོས་བཞིན་དུ་གྱུར་པ་ལ་ཕྱིས་ལས་ཀྱིས་བསྐྱོས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཟ་མ་དང ། མ་ནིང་དང ། མཚན་གཉིས་པ་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། མི་གནས་པ་དང ། སྔར་འཁྲུགས་པ་དང ། སྔར་ཉེས་པར་བྱུང་བ་རྣམས་ཀྱི་རྩོད་པ་ཆོས་བཞིན་དུ་ཞི་བར་གྱུར་པ་ལ་ཕྱིས་ལས་ཀྱིས་བསྐྱོས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་བྱས་པ་དང ། ཉེ་བར་སོང་བ་དང ། བསླབ་པ་བྱིན་པ་རྣམས་ཀྱི་རྩོད་པ་ཆོས་བཞིན་དུ་རྩོད་པ་ཞི་བར་གྱུར་པ་ལ་ཕྱིས་ལས་ཀྱིས་བསྐྱོས་ན། ཅིར་འགྱུར། ལྟུང་བའོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སེམས་འཁྲུགས་པ་དང་ན་བ་དང ། །འོན་པ་དག་དང་འགྲོ་བའོ། །བཙུན་པ། དགེ་སློང་གིས་དགེ་སློང་གི་རྩོད་པ་ཆོས་བཞིན་དུ་ཞི་བར་གྱུར་པ་ལ་ཕྱིས་འཕྲིན་ Na219a ༄#། །གྱིས་བསྐྱོས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་སྨྱོན་པའི་རྩོད་པ་ཆོས་བཞིན་དུ་ཞི་བར་གྱུར་པ་ལ་ཕྱིས་ལས་ཀྱིས་བསྐྱོས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་པ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ཀྱི་རྩོད་པ་ཆོས་བཞིན་དུ་ཞི་བར་གྱུར་པ་ལ་ཕྱིས་ལས་ཀྱིས་བསྐྱོས་ན།་ཐམས་ཅད་ཀྱང་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་མའི་རྩོད་པ་ཆོས་བཞིན་དུ་ཞི་བར་གྱུར་པ་ལ་ཕྱིས་ལས་ཀྱིས་བསྐྱོས་ན། ཅིར་འགྱུར། ཉེས་བྱས་སོ།། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཀྱིས་བསྐྱོས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །དགེ་སློང་མས་དགེ་སློང་མའི་བསྐྱོས་ན། ལྟུང་བར་འགྱུར་རོ། །དགེ་སློང་གིས་དགེ་ཚུལ་ཕ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་རྣམས་ཀྱི་བསྐྱོས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་བས་རྩོད་པ་ཆོས་བཞིན་དུ་ཞི་བར་གྱུར་པ་ལ་ཕྱིས་ལས་ཀྱིས་བསྐྱོས་ན། ཅིར་འགྱུར། ལྟུང་བར་འགྱུར་རོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཀྱིས་ནི། ཉེས་བྱས་ཏེ། རྒྱས་པར་བརྗོད་པར་བྱའོ། །མདོར་ Na219b ན།་འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་གླེན་པ་དང ། །གཉིད་ལོག་ར་རོ་མྱོས་པ་དང་།། སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གིས་རིག་པའི་སྐྱེས་བ་མེད་པར་བུད་མེད་ལ་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་བཤད་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་རིག་པའི་སྐྱེས་པ་མ་མཆིས་པར་འཕྲིན་པ་ལས་བུད་མེད་ལ་ཚིག་ལྔའམ་དྲུག་ལས་ལྷག་པར་བཤད་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམས་སོ། །བཙུན་པ། དགེ་སློང་གིས་སྨྱོན་མ་ལ་རིག་པའི་སྐྱེས་པ་མ་མཆིས་པར་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་བཤད་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་མ་དང ། ནད་ཀྱིས་གཟིར་བ་དང ། གླེན་མ་དང ། ལྐུགས་མ་དང ། འོན་མ་དང ། གཉིད་ཀྱིས་ལོག་པ་དང ། ར་རོ་བ་དང ། མྱོས་མ་དང ། སྙོམས་པར་ཞུགས་མ་དང ། འགྲོ་བ་གཞན་དུ་གནས་མ་རྣམས་ལ་བཤད་ན། ཐམས་ཅད་ཀྱང་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་རིག་པའི་སྐྱེས་པ་མེད་པར་སྨྱོན་པ་ཞིག་དང་ཚིག་ལྔའམ་དྲུག་ Na220a ༄#། །ལས་ལྷག་པར་བུད་མེད་ལ་ཆོས་བཤད་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། དམུས་ལོང་དང ། མཐའ་འཁོབ་པ་དང ། འགྲོ་བ་གཞན་དུ་གནས་པའི་རིག་པའི་སྐྱེས་པ་ཞིག་དང་ཆོས་བཤད་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། སྐད་དང་ལུས་དང་དབེན་པ་དང ། །དེ་ལྟར་ཟ་མ་མ་ནིང་མ། །མཚན་དང་བཞི་པ་དེ་བཞིན་དུ། བསླབ་པ་བྱིན་དང་དགེ་སློང་མའོ། །བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་རིག་པའི་སྐྱེས་པ་མ་མཆིས་པར་བུད་མེད་ལ་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་བཤད་པ་དང ། བུད་མེད་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་རིག་པའི་སྐྱེས་པ་མ་མཆིས་པར་བུད་མེད་ལ་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་བཤད་པ་དང ། བུད་མེད་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་རིག་པའི་སྐྱེས་པ་མ་མཆིས་པར་བུད་མེད་ལ་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་བཤད་པ་དང ། བུད་མེད་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། Na220b ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་རིག་པའི་སྐྱེས་པ་མ་མཆིས་པར་བུད་མེད་ལ་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་བཤད་པ་དང ། བུད་མེད་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་གཡོག་མཐའ་འཁོབ་པ་དང་ལྷན་ཅིག་ཏུ་བུད་མེད་ལ་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་བཤད་པ་དང ། གཡོག་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་འཕགས་པས་མཐའ་འཁོབ་པའི་སྐད་དུ་གཡོག་འཕགས་པ་དང་ལྷན་ཅིག་ཏུ་ཆོས་འཆད་ན། ཉེས་བྱས་སུ་འགྱུར་རོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་གཡོག་འཕགས་པ་དང་ལྷན་ཅིག་ཏུ་ཆོས་བཤད་ན། ཉེས་བྱས་སུ་འགྱུར་རོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་གཡོག་མཐའ་འཁོབ་པ་དང་ལྷན་ཅིག་པ་དང་བུད་མེད་ལ་ཚིག་ལྔའམ་དུག་ལས་ལྷག་པར་ཆོས་བཤད་པ་དང ། གཡོག་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལུས་ཀྱི་དམིགས་པས་བུད་མེད་ལ་ཆོས་ལྔའམ་དྲུག་ལས་ལྷག་པར་ཆོས་བཤད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ།་དགེ་སློང་གིས་དབེན་པ་ལ་དབེན་པར་འདུ་ཤེས་ཏེ་བུད་མེད་ལ་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་བཤད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གཡོག་མ་ནིང་དང་ Na221a ༄#། །ལྷན་ཅིག་ཏུ་བུད་མེད་ལ་ཆོས་བཤད་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་གཡོག་ཟ་མ་དང ། མཚན་གཉིས་པ་དང་ལྷན་ཅིག་ཏུ་བུད་མེད་ལ་ཆོས་བཤད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་རིག་པའི་སྐྱེས་པ་མ་མཆིས་པར་མ་ནིང་མོ་ལ་ཆོས་བཤད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བུད་མེད་ལ་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་བཤད་པ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་སྐྱེས་པ་ལ་ཆོས་འཆད་པ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བུད་མེད་ལ་བུད་མེད་དུ་འདུ་ཤེས་ཏེ་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་འཆད་ན། ཅིར་འགྱུར། ལྟུང་བའོ། །བུད་མེད་ལ་བུད་མེད་མ་ཡིན་པར་འདུ་ཤེས་ན། ཉེས་པ་མེད་དོ། །བུད་མེད་མ་ཡིན་པ་ལ་བུད་མེད་དུ་འདུ་ཤེས་ན། ཉེས་བྱས་སོ། །བུད་མེད་མ་ཡིན་པ་ལ་བུད་མེད་མ་ཡིན་པར་འདུ་ཤེས་ཏེ་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་བཤད་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་མིའི་བུད་མེད་ལ་མིའི་བུད་མེད་དུ་འདུ་ཤེས་ཏེ་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་བཤད་ན། ཅིར་འགྱུར། ལྟུང་བའོ། །མི་ལ་མི་མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་ན། Na221b ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མི་མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཡོག་མི་ལ་མིར་འདུ་ཤེས་ཏེ་བུད་མེད་ལ་ཆོས་བཤད་ན། ཅིར་འགྱུར། ཉེས་པ་མེད་དོ། །མི་ལ་མི་མ་ལགས་པར་འདུ་ཤེས་ཏེ་ཆོས་བཤད་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ཏེ་ཆོས་བཤད་ན། ཅིར་འགྱུར། ཉེས་པ་མེད་དོ། མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ཏེ་བཤད་ན། ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །བཙུན་པ། བསླབ་པ་སྩལ་པས་བུད་མེད་ལ་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་བཤད་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་སྐྱེས་པ་ལ་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་བཤད་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སུ་རྒྱས་པར་བརྗོད་པར་བྱའོ། །མདོར་ན། སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་འགྲོ་བ་དང ། །ཁྱིམ་པ་དེ་བཞིན་ཚིག་རྣམས་དང ། །མཚན་ཡང་དེ་བཞིན་དགེ་སློང་མ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་བསྙེན་པར་མ་རྫོགས་པའི་གང་ཟག་དང་ཚིག་མཉམ་དུ་ཆོས་བཀླགས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་སྨྱོན་པ་དང་ཚིག་མཉམ་དུ་ཆོས་བཀླགས་ན། ཅིར་འགྱུར། ཉེས་བྱས་སོ། ། Na222a ༄#། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། དིག་པ་དང ། འོན་པ་དང ། དེ་བཞིན་དུ་འགྲོ་བ་གཞན་དུ་གནས་པ་དག་དང་ཚིག་མཉམ་དུ་ཆོས་བཀླགས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་ཁྱིམ་པ་དང་ཚིག་མཉམ་དུ་ཆོས་བཀླགས་ན། ཅིར་འགྱུར། ལྟུང་བར་འགྱུར་རོ། །ཟ་མ་དང ། མ་ནིང་དང་ཚིག་མཉམ་དུ་ཆོས་བཀླགས་ན། ཅིར་འགྱུར། ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་པ་དང ། སོ་སོར་གནས་པ་དང ། སྔོན་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་རྣམས་དང་ཚིག་མཉམ་དུ་ཆོས་བཀླགས་ན། ཅིར་འགྱུར། ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་དང་ཚིག་མཉམ་དུ་ཆོས་བཀླགས་ན། ཅིར་འགྱུར། ཉེས་བྱས་སོ། འཕགས་པས་འཕགས་པའི་སྐད་དུ་དགེ་སློང་དང་ཚིག་མཉམ་དུ་ཆོས་བཀླགས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ།། Na222b འཕགས་པས་མཐའ་འཁོབ་པའི་སྐད་དུ་དགེ་སློང་དང་ཚིག་མཉམ་དུ་ཆོས་བཀླགས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། ། མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དགེ་སློང་དང་ཚིག་མཉམ་དུ་ཆོས་བཀླགས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་དགེ་སློང་དང་ཚིག་མཉམ་དུ་ཆོས་བཀླགས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། བཙུན་པ། དགེ་སློང་གིས་བསྙེན་པར་མ་རྫོགས་པའི་གང་ཟག་དང་ཚིག་མཉམ་དུ་ཆོས་ཀློག་པ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་བསྙེན་པར་མ་རྫོགས་པའི་གང་ཟག་དང་ཚིག་མཉམ་དུ་ཆོས་ཀློག་པ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་ངམ། དགེ་སློང་མས་བསྙེན་པར་མ་རྫོགས་པའི་གང་ཟག་དང་ཚིག་མཉམ་དུ་ཆོས་ཀློག་པ་དང ། བསྙེན་པར་མ་རྫོགས་པ་དེ་ཡང་མཚན་འཕོས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་ཚིག་མཉམ་དུ་ཆོས་བཀླགས་ན། ཅིར་འགྱུར། ལྟུང་བར་འགྱུར་རོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན་ Na223a ༄#། །ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་བཀླགས་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་མི་ལ་མིར་འདུ་ཤེས་ཏེ་བཀླགས་ན། ཅིར་འགྱུར། ལྟུང་བའོ། །མི་ལ་མི་མ་ལགས་པར་འདུ་ཤེས་ཏེ་བཀླགས་ན། ཅིར་འགྱུར། ཉེས་བྱས་སོ་།མི་མ་ལགས་པ་ལ་མིར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མ་དང་ཚིག་མཉམ་དུ་ཆོས་བཀླགས་ན། ཅིར་འགྱུར། ཉེས་བྱས་སོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། ཚིག་མཉམ་དུ་ཆོས་བཀླགས་ན། ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་བསྙེན་པར་མ་རྫོགས་པའི་གང་ཟག་དང་ཚིག་མཉམ་དུ་ཆོས་བཀླགས་ན། ཅིར་འགྱུར། །ལྟུང་བའོ། །དགེ་སློང་མ་དང་དགེ་སློང་ཚིག་མཉམ་དུ་ཆོས་ཀློག་ན། ཉེས་བྱས་སུ་འགྱུར་རོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་དང་ཀློག་ན། ལྟུང་བར་འགྱུར་རོ། །དགེ་སློང་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་པས་བསྙེན་པར་མ་རྫོགས་པའི་གང་ཟག་དང་ཚིག་མཉམ་དུ་ཆོས་བཀླགས་ན། ཅིར་འགྱུར། ལྟུང་བར་འགྱུར་རོ།། །། Na223b འདུལ་བ་གཞུང་དམ་པ་བམ་པོ་དྲུག་པ། མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །འོན་པ་གླེན་པ་གཉིད་ལོག་རྣམས། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་འདུན་གྱིས་སྡོམ་པ་སྩལ་པ་མ་གཏོགས་པར་བསྙེན་པར་མ་རྫོགས་པའི་གང་ཟག་ལ་གནས་ངན་ལེན་གྱི་ནོངས་པ་སྨྲས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་བསྙེན་པར་མ་རྫོགས་པའི་གང་ཟག་ལ་འཕྲིན་པ་ལས་གནས་ངན་ལེན་གྱི་ནོངས་པ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་པ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་སྨྱོན་པ་ལ་གནས་ངན་ལེན་གྱི་ནོངས་པ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། དིག་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ལ་གནས་ངན་ལེན་གྱི་ནོངས་པ་སྨྲས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། ཚིག་དང་ལུས་དང་དབེན་དེ་ལྟར། བཞི་པ་མཚན་ཡང་དེ་བཞིན་ཏེ། བསྐོས་དང་ Na224a ༄#། །བདུན་པ་དག་ཉིད་དང ། །ཁྱིམ་པ་བསླབ་དང་དགེ་སློང་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་མཐའ་འཁོབ་པ་ལ་གནས་ངན་ལེན་གྱི་ནོངས་པ་སྨྲས་པ་དང ། མཐའ་འཁོབ་པ་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། ། འཕགས་པས་མཐའ་འཁོབ་པའི་སྐད་དུ་འཕགས་པ་ལ་སྨྲས་པ་དང ། འཕགས་པ་དེས་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་འཕགས་པ་ལ་སྨྲས་པ་དང ། འཕགས་པ་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་མཐའ་འཁོབ་པ་ལ་སྨྲས་པ་དང ། མཐའ་འཁོབ་པ་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལུས་ཀྱི་དམིགས་པས་གནས་ངན་ལེན་གྱི་ནོངས་པ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དབེན་པ་ལ་མི་དབེན་པར་འདུ་ཤེས་ཏེ་གནས་ངན་ལེན་གྱི་ཉེས་པ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་གནས་ངན་ལེན་གྱི་ནོངས་པ་སྨྲས་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་ Na224b པར་རྫོགས་པར་འདུ་ཤེས་ཏེ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་སྨྲས་ན། ཉེས་པ་མེད་དོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མི་ལ་མིར་འདུ་ཤེས་ཏེ་སྨྲས་ན། ཅིར་འགྱུར། ལྟུང་བར་འགྱུར་རོ། །མི་ལ་མི་མ་ལགས་པར་འདུ་ཤེས་ཏེ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ཏེ་སྨྲས་ན། ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ཏེ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསྙེན་པར་མ་རྫོགས་པ་ལ་གནས་ངན་ལེན་ཀྱི་ཉེས་པ་སྨྲ་བ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་བསྙེན་པར་མ་རྫོགས་པའི་གང་ཟག་ལ་གནས་ངན་ལེན་གྱི་ཉེས་པ་ཞིག་སྨྲ་བ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བར་འགྱུར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གིས་དགེ་འདུན་གྱིས་སྩལ་པ་མ་གཏོགས་པར་བསྙེན་པར་མ་རྫོགས་པའི་གང་ཟག་ལ་གནས་ངན་ལེན་གྱི་ཉེས་པ་སྨྲས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་འདུན་གྱིས་མ་བསྐོས་པའི་དགེ་སློང་གིས་བསྙེན་པར་མ་རྫོགས་པའི་གང་ཟག་ལ་གནས་ངན་ལེན་གྱི་ཉེས་པ་སྨྲས་ཀྱང་ནོངས་ Na225a ༄#། །པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། གང་ཟག་འདི་བཞིའོ། །འདི་ལྟ་སྟེ། གང་ཟག་གང་ཉེས་པའི་མཐར་བྱ་བ་དང ། རིགས་ཀྱི་མཐར་བྱ་བ་སྦྱིན་པའང་ཡོད། གང་ཟག་གང་ཉེས་པའི་མཐར་བྱ་བ་དང ། རིགས་ཀྱི་མཐར་བྱ་བ་མེད་པ་སྦྱིན་པའང་ཡོད། གང་ཟག་གང་རིགས་ཀྱི་མཐར་བྱ་བ་དང ། ཉེས་པའི་མཐར་བྱ་བ་མེད་པ་སྦྱིན་པའང་ཡོད། གང་ཟག་གང་ཉེས་པའི་མཐར་བྱ་བ་ཡང་མེད། རིགས་ཀྱི་མཐར་བྱ་བ་ཡང་མེད་པར་སྦྱིན་པ་ཡང་ཡོད་དོ། །ཉེས་པའི་མཐར་བྱ་བ་དང ། རིགས་ཀྱི་མཐར་བྱ་བ་སྦྱིན་པ་གང་ཞེ་ན། ཉེས་པ་ཆུང་ངུ་གང་གིས་རིགས་མང་དུ་སུན་པའོ། །ཉེས་པའི་མཐར་བྱ་བ་མེད་པ་དང ། རིགས་ཀྱི་མཐར་བྱ་བ་མེད་པ་སྦྱིན་པ་གང་ཞེ་ན། གང་གིས་ཉེས་པ་ཆུང་ངུས་རིགས་མང་དུ་སུན་པའོ། །རིགས་ཀྱི་མཐར་བྱ་བ་དང ། ཉེས་པའི་མཐར་བྱ་བ་མེད་པ་སྦྱིན་པ་གང་ཞེ་ན། གང་གིས་ཉེས་པ་ཆེན་པོས་རིགས་ཉུང་ངུ་སུན་པའོ། །ཉེས་པའི་མཐར་བྱ་བ་ཡང་མེད། རིགས་ཀྱི་མཐར་བྱ་བ་ཡང་མེད་པ་སྦྱིན་པ་གང་ཞེ་ན། གང་གིས་ཉེས་པ་ཆེན་པོས་རིགས་མང་དུ་སུན་པའོ། །གང་ཟག་གང་ལ་ཉེས་པའི་མཐར་བྱ་བ་དང ། རིགས་ཀྱི་མཐར་བྱ་བ་སྦྱིན་པ་ནི། དེ་ལ་ཉེས་པ་ཇི་ཙམ་པ་དང ། རིགས་ཇི་སྙེད་དུ་སོ་སོར་རིག་པ་དེ་དག་ལ་བསྒོ་བར་བྱའོ། །དེ་ལས་ལྷག་པར་བསྒོ་ན། ལྟུང་བར་འགྱུར་རོ། །གང་ཟག་གང་ལ་ཉེས་པའི་མཐར་ Na225b བྱའི། རིགས་ཀྱི་མཐར་བྱ་བ་མེད་པ་སྦྱིན་པ་ནི། དེའི་ཉེས་པ་ཇི་ཙམ་པ་དང ། རིགས་ཇི་སྙེད་ཀྱི་སོ་སོར་རིག་པ་ཐམས་ཅད་ལ་བསྒོ་བར་བྱའོ། །དེ་ལས་ལྷག་པར་བསྒོ་ན། ལྟུང་བར་འགྱུར་རོ། །གང་ཟག་གང་ལ་རིགས་ཀྱི་མཐར་བྱའི། ཉེས་པའི་མཐར་བྱ་བ་མེད་པ་སྦྱིན་པ་ནི། དེ་ལ་ཉེས་པ་ཐམས་ཅད་བསྒོ་བར་བྱའི། རིགས་ཇི་སྙེད་ཀྱི་སོ་སོར་རིག་པ་དེ་དག་ཐམས་ཅད་ལ་ནི།་བསྒོ་བར་མི་བྱའོ། །དེ་ལས་ལྷག་པར་བསྒོ་ན། ལྟུང་བར་འགྱུར་རོ། །གང་ཟག་གང་ལ་ལྟུང་བའི་མཐར་ཡང་བྱ་བ་མེད་ལ། རིགས་ཀྱི་མཐར་ཡང་བྱ་བ་མེད་པ་སྦྱིན་པ་ནི། དེའི་ཉེས་པ་ཐམས་ཅད་དང ། རིགས་ཇི་སྙེད་ཀྱི་སོ་སོར་རིག་པ་དེ་དག་ཐམས་ཅད་ལ་བསྒོ་བར་བྱ་སྟེ། བསྒོ་ཡང་ལྟུང་བ་མེད་དོ། །བཙུན་པ། བསྙེན་པར་མ་རྫོགས་པས་བསྙེན་པར་མ་རྫོགས་པའི་གང་ཟག་ལ་གནས་ངན་ལེན་གྱི་ནོངས་པ་སྨྲ་བར་བཤམས་ནས་བསྙེན་པར་མ་རྫོགས་པར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བཤམས་ལ་བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བཤམས་ལ་བསྙེན་པར་རྫོགས་ཏེ་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ཏེ་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་ Na226a ༄#། །པར་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་པ་ན་གྲུབ་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་བཤམས་ལ་བསྙེན་པར་མ་རྫོགས་པ་ན་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བདག་ཉིད་ཀྱི་གནས་ངན་ལེན་གྱི་ནོངས་པ་བསྙེན་པར་མ་རྫོགས་པ་ལ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །དགེ་སློང་གིས་དགེ་སློང་གི་གནས་ངན་ལེན་གྱི་ནོངས་པ་ཟ་མ་ལ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་མ་ནིང་དང ། མ་ནིང་མོ་རྣམས་དང ། མཚན་གཉིས་པ་ལ་སྨྲས་ན། ཐམས་ཅད་ཉེས་བྱས་སོ། །དགེ་སློང་གིས་དགེ་སློང་གི་གནས་ངན་ལེན་གྱི་ནོངས་པ་དགེ་སློང་མ་སུན་ཕྱུང་བ་ལ་སྨྲས་ན། ཅིར་འགྱུར། ལྟུང་བའོ། །དེ་བཞིན་དུ་ཕ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། སྔར་འཁྲུགས་པ་དང ། སྔར་ཉེས་པ་བྱུང་བ་རྣམས་ལ་སྨྲས་ན། ཐམས་ཅད་ལྟུང་བར་འགྱུར་རོ། །དགེ་སློང་གིས་དགེ་སློང་གི་གནས་ངན་ལེན་གྱི་ནོངས་པ་དགེ་འདུན་གྱི་དབྱེན་བྱས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་བྱིན་པ་རྣམས་ཀྱི་དགེ་སློང་དང་དགེ་སློང་མ་རྣམས་ལ་སྨྲས་ན། ཐམས་ཅད་ཉེས་བྱས་སུ་ Na226b འགྱུར་རོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་སྨྲས་ན། ཐམས་ཅད་ལྟུང་བར་འགྱུར་རོ། །དགེ་སློང་མས་དགེ་སློང་མའི་གནས་ངན་ལེན་གྱི་ནོངས་པ་བསྙེན་པར་མ་རྫོགས་པ་ལ་སྨྲས་ན། ཅིར་འགྱུར། ལྟུང་བའོ། །དགེ་སློང་གིས་དགེ་སློང་མ་ལ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་སྨྲས་ན། ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ། བསླབ་པ་སྩལ་པས་གནས་ངན་ལེན་གྱི་ནོངས་པ་བསྙེན་པར་མ་རྫོགས་པ་ལ་སྨྲས་ན། ཅིར་འགྱུར། ལྟུང་བའོ། །དེ་བཞིན་དུ་དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཡང་ཐམས་ཅད་ཉེས་བྱས་སུ་རྒྱས་པར་བརྗོད་པར་བྱའོ། །སངས་རྒྱས་སྟོན་པའོ། །ཞེས་བྱ་བ་མ་གཏོགས་པ་མི་ལས་བླ་མར་གྱུར་པའི་ཆོས་ཡང་དག་པར་སྨྲས་ན། ཕས་ཕམ་པར་བཤད་པ་ལས་རིམ་པར་དབྱེའོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག། སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་གླེན་པ་དང ། །གཉིད་ལོག་ར་རོ་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་སྔར་ཡིད་མཐུན་པར་བགྱིས་པ་ལས་ཕྱིས་འདི་སྐད་དུ། ཚེ་དང་ལྡན་པ། དགེ་འདུན་གྱི་རྙེད་པ་འདི་ལྟར་མཛའ་ Na227a ༄#། །བའི་གང་ཟག་ལ་བསྔོས་སོ། །ཞེས་མཆིས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་འཕྲིན་པ་ལས་འདི་སྐད་དུ། ཚེ་དང་ལྡན་པ།་དགེ་འདུན་གྱི་རྙེད་པ་འདི་ལྟར་མཛའ་བའི་གང་ཟག་ལ་བསྔོས་སོ། །ཞེས་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་སྨྱོན་པ་ལ་འདི་སྐད་དུ། ཚེ་དང་ལྡན་པ། དགེ་འདུན་གྱི་རྙེད་པ་འདི་ལྟར་མཛའ་བའི་གང་ཟག་ལ་བསྔོས་སོ། །ཞེས་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། དིག་པ་དང ། འོན་པ་དང ། གཉིད་ལོག་པ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ལ་འདི་སྐད་དུ། ཚེ་དང་ལྡན་པ། དགེ་འདུན་གྱི་རྙེད་པ་འདི་ལྟར་མཛའ་བའི་གང་ཟག་ལ་བསྔོས་སོ། །ཞེས་སྨྲས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། སྐད་དང་ལུས་དང་དབེན་པ་དང ། །མཚན་དང་བཞི་པ་བདུན་པ་དང ། ཁྱིམ་པ་མི་རུང་ཆུང་ངུ་དང ། །རྙེད་པ་ཐ་མ་དགེ་སློང་མ། །བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་དགེ་སློང་ཞིག་ལ་འདི་སྐད་དུ། ཚེ་དང་ལྡན་པ། དགེ་འདུན་གྱི་རྙེད་པ་འདི་ལྟར་མཛའ་བའི་གང་ཟག་ལ་ Na227b བསྔོས་སོ། །ཞེས་སྨྲས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་དགེ་སློང་ཞིག་ལ་འདི་སྐད་དུ། ཚེ་དང་ལྡན་པ། དགེ་འདུན་གྱི་རྙེད་པ་འདི་ལྟར་མཛའ་བའི་གང་ཟག་ལ་བསྔོས་སོ། །ཞེས་སྨྲས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། ། མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དགེ་སློང་ཞིག་ལ་འདི་སྐད་དུ། ཚེ་དང་ལྡན་པ། དགེ་འདུན་གྱི་རྙེད་པ་འདི་ལྟར་མཛའ་བའི་གང་ཟག་ལ་བསྔོས་སོ། །ཞེས་སྨྲས་པ་དང ། འཕགས་པ་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་དགེ་སློང་ཞིག་ལ་འདི་སྐད་དུ། ཚེ་དང་ལྡན་པ། དགེ་འདུན་གྱི་རྙེད་པ་འདི་ལྟར་མཛའ་བའི་གང་ཟག་ལ་བསྔོས་སོ། །ཞེས་སྨྲས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལུས་ཀྱི་དམིགས་པས་འདི་སྐད་དུ། ཚེ་དང་ལྡན་པ། དགེ་འདུན་གྱི་རྙེད་པ་འདི་ལྟར་མཛའ་བའི་གང་ཟག་ལ་བསྔོས་སོ། །ཞེས་གོ་བར་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དབེན་པ་ལ་མི་དབེན་པར་འདུ་ཤེས་ཏེ་འདི་སྐད་དུ། ཚེ་དང་ལྡན་པ། དགེ་འདུན་གྱི་རྙེད་པ་འདི་ལྟར་མཛའ་བའི་གང་ཟག་ལ་བསྔོས་སོ། །ཞེས་སྨྲས་ན། ཅིར་འགྱུར། ཉེས་ Na228a ༄#། །བྱས་སོ། །བཙུན་པ། དགེ་སློང་གིས་འདི་སྐད་དུ། ཚེ་དང་ལྡན་པ། དགེ་འདུན་གྱི་རྙེད་པ་འདི་ལྟར་མཛའ་བའི་གང་ཟག་ལ་བསྔོས་སོ། །ཞེས་སྨྲ་བ་ན། དེའི་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་འདི་སྐད་དུ་སྨྲ་བ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ནས་འདི་སྐད་དུ། ཚེ་དང་ལྡན་པ། དགེ་འདུན་གྱི་རྙེད་པ་འདི་ལྟར་མཛའ་བའི་གང་ཟག་ལ་བསྔོས་སོ། །ཞེས་སྨྲས་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་དེ་བཞིན་དུ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་དེ་བཞིན་དུ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་དེ་བཞིན་དུ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསྙེན་པར་མ་རྫོགས་པར་ཡིད་མཐུན་པར་གྱུར་ལ་བསྙེན་པར་མ་རྫོགས་པས་འདི་སྐད་དུ། ཚེ་དང་ལྡན་པ། དགེ་འདུན་གྱི་རྙེད་པ་འདི་ལྟར་མཛའ་བའི་གང་ཟག་ལ་བསྔོས་སོ། །ཞེས་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་ཡིད་མཐུན་པར་གྱུར་ལ་བསྙེན་པར་རྫོགས་ཀར་འདི་སྐད་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། ། Na228b བསྙེན་པར་མ་རྫོགས་པར་ཡིད་མཐུན་པར་གྱུར་ལ་བསྙེན་པར་རྫོགས་ནས་དེ་བཞིན་དུ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་ཡིད་མཐུན་པར་གྱུར་ལ་བསྙེན་པར་རྫོགས་ཀར་དེ་བཞིན་དུ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པར་ཡིད་མཐུན་པར་གྱུར་ལ་བསྙེན་པར་རྫོགས་ནས་དེ་བཞིན་དུ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པར་ཡིད་མཐུན་པར་གྱུར་ལ་བསྙེན་པར་རྫོགས་ནས་དེ་སྐད་སྨྲས་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པར་ཡིད་མཐུན་པར་གྱུར་ལ་བསྙེན་པར་མ་རྫོགས་པས་འདི་སྐད་སྨྲས་ན། ཅིར་འགྱུར།་ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཁྱིམ་པ་ལ་འདི་སྐད་དུ། ཚེ་དང་ལྡན་པ། དགེ་འདུན་གྱི་རྙེད་པ་འདི་ལྟར་མཛའ་བའི་གང་ཟག་ལ་བསྔོས་སོ། །ཞེས་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། མཚན་གཉིས་པ་དང ། ཕ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དགེ་སློང་མ་སུན་ཕྱུང་བ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། སྔར་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་རྣམས་ལ་འདི་སྐད་དུ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཉེས་བར་ཕྱོགས་པ་དང ། བསླབ་པ་སྩལ་བ་རྣམས་ལ་འདི་སྐད་དུ། ཚེ་དང་ལྡན་པ། དགེ་འདུན་གྱི་རྙེད་པ་ Na229a ༄#། །འདི་ལྟར་མཛའ་བའི་གང་ཟག་ལ་བསྔོས་སོ། །ཞེས་སྨྲས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་འདི་སྐད་དུ། ཚེ་དང་ལྡན་པ། དགེ་འདུན་གྱི་རྙེད་པ་འདི་ལྟར་མཛའ་བའི་གང་ཟག་ལ་བསྔོས་སོ། །ཞེས་སྨྲས་ཀྱང་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་ཡང་གོས་དེའི་རྒྱུ་རུང་ལ་སྤུན་མི་རུང་བ་དང ། སྤུན་རུང་ལ་རྒྱུ་མི་རུང་བར་གྱུར་པ་དང ། གཉིས་ཀ་མི་རུང་བ་སྟེ། མི་རུང་བ་ནི། རྔ་མོའི་བལ་དང ། བ་ལང་གི་བལ་དང ། རའི་བལ་དང ། རི་དྭགས་ཀྱི་བལ་དང་འདྲེས་པ་དང ། ཐགས་སུ་མ་བཏགས་པ་དང ། གོས་ཀྱི་རྒྱུ་དེ་ལྟ་བུ་དག་གི་ཕྱིར་འདི་སྐད་སྨྲས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་འདུན་གྱི་གོས་ཁྲུ་གང་དུ་མ་འཚལ་བ་ཞིག་རྙེད་པར་གྱུར་ཏེ། དེ་ཡང་དགེ་སློང་གིས་མཐུན་པར་བགྱིས་པའི་འོག་ཏུ་འདི་སྐད་དུ། ཚེ་དང་ལྡན་པ། དགེ་འདུན་གྱི་རྙེད་པ་འདི་ལྟར་མཛའ་བའི་གང་ཟག་ལ་བསྔོས་སོ། །ཞེས་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གོས་ཀྱི་རྙེད་པ་མ་གཏོགས་པར་དེ་ལས་གཞན་པའི་རྙེད་པ་རྣམས་ཀྱི་ཕྱིར་འདི་སྐད་དུ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་འདུན་གྱིས་དགེ་སློང་དེའི་མངོན་དུ་མ་བབ་པར་གོས་སྩལ་པར་གྱུར་པ་ལས། དེའི་འོག་ཏུ་མཆིས་ནས་འདི་སྐད་དུ། ཚེ་དང་ལྡན་པ། དགེ་འདུན་གྱི་རྙེད་པ་འདི་ལྟར་མཛའ་བའི་གང་ཟག་ལ་བསྔོས་སོ། །ཞེས་སྨྲས་ Na229b ན།་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་པས་འདི་སྐད་དུ་སྨྲས་ན། ཅིར་འགྱུར། ལྟུང་བའོ། །དགེ་སློང་མས་འདི་སྐད་དུ་སྨྲས་ན་ཡང་ལྟུང་བར་འགྱུར་རོ། །དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་རྣམས་ཀྱིས་འདི་སྐད་དུ། ཚེ་དང་ལྡན་པ། དགེ་འདུན་གྱི་རྙེད་པ་འདི་ལྟར་མཛའ་བའི་གང་ཟག་ལ་བསྔོས་སོ། །ཞེས་སྨྲས་ན། ཉེས་བྱས་སུ་འགྱུར་རོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་གླེན་པ་དང ། །གཉིད་ལོག་ར་རོ་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་བསླབ་པ་ལ་འཕྱ་ན། ལྟུང་བའོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་འཕྲིན་པས་བསླབ་པ་ལ་དཔྱས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་སྨྱོན་པའི་དྲུང་དུ་བསླབ་པ་ལ་དཔྱས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། འོན་པ་དང ། ལྐུགས་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་ Na230a ༄#། །གཞན་དུ་གནས་པ་རྣམས་ཀྱི་དྲུང་དུ་བསླབ་པ་ལ་དཔྱས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། སྐད་དང་ལུས་དང་དབེན་པ་དང ། །དེ་བཞིན་མཚན་དང་བཞི་པ་དང ། །ཁྱིམ་པ་ལ་སོགས་སྤྲུལ་པ་དང ། །བསླབ་པ་དང་ཡང་དགེ་སློང་མའོ། །བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་དགེ་སློང་གི་དྲུང་དུ་བསླབ་པ་ལ་དཔྱས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་དགེ་སློང་གི་དྲུང་དུ་བསླབ་པ་ལ་དཔྱས་པ་དང ། དགེ་སློང་དེས་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དགེ་སློང་གི་དྲུང་དུ་བསླབ་པ་ལ་དཔྱས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་དགེ་སློང་གི་དྲུང་དུ་བསླབ་པ་ལ་དཔྱས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལུས་ཀྱི་དམིགས་པས་བསླབ་པ་ལ་དཔྱས་ན། ཅིར་འགྱུར། ཉེས་བྱས་སོ།། བཙུན་པ། དགེ་སློང་གིས་དབེན་པ་ལ་མི་དབེན་པར་འདུ་ཤེས་ཏེ་བསླབ་པ་ལ་དཔྱས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསླབ་པ་ལ་དཔྱ་བ་ན། མཚན་འཕོས་ཏེ་ Na230b དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་བསླབ་པ་ལ་དཔྱ་བ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་དེའི་དྲུང་དུ་བསླབ་པ་ལ་དཔྱས་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་དེའི་དྲུང་དུ་བསླབ་པ་ལ་དཔྱས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་དེའི་དྲུང་དུ་བསླབ་པ་ལ་དཔྱས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་དེའི་དྲུང་དུ་བསླབ་པ་ལ་དཔྱས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཁྱིམ་པའི་དྲུང་དུ་བསླབ་པ་ལ་དཔྱས་ན། ཅིར་འགྱུར། ཉེས་བྱས་སོ། །ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། སྔར་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་རྣམས་ཀྱི་དྲུང་དུ་བསླབ་པ་ལ་དཔྱས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་ཀྱི་དྲུང་དུ་བསླབ་པ་ལ་དཔྱས་ན། ཅིར་འགྱུར། ཐམས་ཅད་ཉེས་བྱས་སུ་ Na231a ༄#། །འགྱུར་རོ། །བཙུན་པ། དགེ་སློང་གིས་སྤྲུལ་པའི་དྲུང་དུ་བསླབ་པ་ལ་དཔྱས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཀྱི་དྲུང་དུ་བསླབ་པ་ལ་དཔྱས་ན། ཅིར་འགྱུར། ཉེས་བྱས་སོ། །དགེ་སློང་མས་དགེ་སློང་མའི་དྲུང་དུ་བསླབ་པ་ལ་དཔྱས་ན། ཅིར་འགྱུར། ལྟུང་བའོ། །དགེ་སློང་མས་དགེ་སློང་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཀྱི་དྲུང་དུ་བསླབ་པ་ལ་དཔྱས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་བས་བསླབ་པ་ལ་དཔྱས་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་རྣམས་ལ་ཉེས་བྱས་སུ་འགྱུར་རོ། །མདོར་ན། རྫུ་འཕྲུལ་ལུས་དང་རྡོ་དྲེག་དང ། །རྩ་བ་མེ་ཏོག་ཉ་ལྕིབས་དང ། །གནས་ཚང་ཤ་མོ་རྙིང་པ་དང ། །མེ་ཏོག་འབྲས་བུ་ཤུན་པ་དང ། །མཚན་དང་བཞི་པ་བདུན་པ་དང ། །ཐ་མར་གྱུར་པ་འབྲས་བུ་འོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ།་བཙུན་པ། བཅོམ་ལྡན་འདས་ཀྱིས་ས་བོན་གྱི་གྲོང་དང ། སྲོག་ཆགས་ཀྱི་གྲོང་བཤིག་གམ། འཇིག་ཏུ་སྩལ་ན། ལྟུང་བའོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་རྫུ་འཕྲུལ་གྱིས་ཤིང་བཀུམ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལུས་ཀྱི་དམིགས་པས་ཤིང་བཀུམ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་རྡོའི་དྲེག་པ་བཀོགས་ Na231b ན།་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་རྩ་བ་མ་ཟུག་པའི་ས་བོན་གྱི་དངོས་པོ་ཕྱུང་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཡའ་ཅན་དང ། རླམ་ཅན་བཀྲུས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་འདམ་རྫབ་ནས་ཉ་ལྕིབས་ཕྱུང་སྟེ་ཐང་ལ་བོར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་སྲོག་ཆགས་ཀྱི་གནས་བཤིག་ན། ཅིར་འགྱུར། ཉེས་བྱས་སོ། །བསྲེགས་སམ་མ་རུང་བར་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བྱའི་ཚང་དྲལ་ཏམ། ཕྱུང་ངམ། བཤིག་ན།་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་འཛིམ་མམ། ཤ་མོ་བཏོགས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཤིང་རྒན་གྱི་ཤུན་པ་བཤུས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མེ་ཏོག་དང ། འབྲས་བུ་དང ། ལོ་མ་རྙིང་པ་བཏོགས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཤིང་འགུམས་པ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་ཤིང་འགུམས་པ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་ས་བོན་ལ་ས་བོན་དུ་འདུ་ཤེས་ཏེ་ཆུད་གསན་ན། ཅིར་འགྱུར། ལྟུང་བའོ། །ས་བོན་ལ་ས་བོན་མ་ལགས་པར་འདུ་ཤེས་ཏེ་ཆུད་གསན་ན། ཅིར་འགྱུར། ཉེས་པ་མེད་དོ། །ས་བོན་མ་ཡིན་པ་ Na232a ༄#། །ལ་ས་བོན་དུ་འདུ་ཤེས་ན། ཉེས་བྱས་སུ་འགྱུར། ས་བོན་མ་ཡིན་པ་ལ་ས་བོན་མ་ཡིན་པར་འདུ་ཤེས་ཏེ་བཤིག་ན། ཉེས་པ་མེད་དོ། །བཙུན་པ། བསྙེན་པར་མ་རྫོགས་པ་ན་དགུམ་པར་བཤམས་ལ་བསྙེན་པར་མ་རྫོགས་པར་བཀུམ་ན། ཅིར་འགྱུར། ཉེས་པ་མེད་དོ། །བསྙེན་པར་མ་རྫོགས་པར་བཤམས་ལ་བསྙེན་པར་རྫོགས་ཀར་བཀུམ་ན། ཅིར་འགྱུར། ཉེས་པ་མེད་དོ། །བསྙེན་པར་མ་རྫོགས་པར་བཤམས་ལ་བསྙེན་པར་རྫོགས་ཏེ་བཀུམ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ཀར་བཀུམ་ན། ཅིར་འགྱུར། ཉེས་པ་མེད་དོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ཏེ་བཀུམ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཏེ་བཤམས་ལ་བསྙེན་པར་རྫོགས་ཏེ་བཀུམ་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་བཤམས་ལ་བསྙེན་པར་མ་རྫོགས་པ་ན་བཀུམ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་རུང་བར་མ་བགྱིས་པའི་འབྲས་བུ་འཚལ་ཡང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། མངོན་པར་མ་སྨིན་པའི་ས་བོན་ནི་ས་བོན་གྱི་དངོས་པོ་མ་ཡིན་ནོ། །སྙམ་དུ་བསམ་ནས་ཟོས་པའོ། །བཙུན་པ། དགེ་སློང་གིས་ས་བོན་གྱི་རིགས་ལྔ་ལ་མེས་རུང་བར་བགྱིས་ཏེ་འཚལ་ཡང་ལྟུང་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ས་བོན་གྱི་རིགས་ལྔ་ལ་རུང་བར་བྱས་ Na232b ཀྱང་སའི་ནང་དུ་བཞག་གམ། སྣོད་ཀྱི་ནང་དུ་བཞག་གམ། གདང་ཤིང་ལ་བཀལ་ཡང་རུང་སྟེ། མྱུ་གུ་སྐྱེས་པར་གྱུར་པའོ། །དེ་ཆུད་གསད་ན། ཅིར་འགྱུར། ལྟུང་བའོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་དང་ནི་འགྲོ་བ་དང ། །ཁྱིམ་པ་དག་ལ་སོགས་པ་རྣམས། །བསླབ་པ་བྱིན་དང་དགེ་སློང་མའོ། །བཙུན་པ། དགེ་སློང་གིས་འཕྲིན་གྱིས་ཤིང་བཀུམ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་སྨྱོན་པ་ཞིག་ཤིང་འགུམ་སུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ཤིང་གཅོད་དུ་བཅུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་མངོན་སུམ་དུ་ཁྱིམ་པ་ཤིང་འགུམས་སུ་སྩལ་ན། ཅིར་འགྱུར། ལྟུང་བའོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དགེ་འདུན་གྱི་དབྱེན་བྱས་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་ Na233a ༄#། །སོང་བ་དང ། རྐུན་གནས་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། སྔར་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་བྱིན་པ་རྣམས་མངོན་སུམ་དུ་ཤིང་གཅོད་དུ་བཅུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། བསླབ་པ་སྩལ་པས་རན་སྔོན་པོ་བཀུམ་མམ། འགུམས་སུ་སྩལ་ན། ཅིར་འགྱུར། །ལྟུང་བའོ། །བཙུན་པ། དགེ་སློང་མས་རན་སྔོན་པོ་བཀུམ་མམ། འགུམས་སུ་སྩལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་རན་སྔོན་པོ་བཀུམ་མམ། འགུམས་སུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དགེ་ཚུལ་ཕ་དང ། དགེ་ཚུལ་མ་རྣམས་ལ་ཉེས་པ་མེད་དོ། །མདོར་ན། སྐད་དང་ལུས་དང་དབེན་པ་དང ། །མཚན་དང་བཞི་པ་བདུན་པ་དང ། ཁྱིམ་པ་དག་ལ་སོགས་པ་རྣམས། །བསྐོས་པ་དག་དང་མ་བསྐོས་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ནོངས་པ་ངོར་བརྗོད་ཅིང་དཔྱས་འདོགས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། དགེ་སློང་གིས་ཉེས་པ་ངོར་བརྗོད་ཅིང་དཔྱས་བཏགས་ཀྱང་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་ཡང་དེ་ནི། མི་མ་ཡིན་པ་ལས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པ་ལ་ཉེས་པ་ངོར་བརྗོད་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་འཕགས་པས་འཕགས་ Na233b པའི་སྐད་དུ་དགེ་སློང་ལ་ནོངས་པ་ངོར་བརྗོད་ཅིང་དཔྱས་བཏགས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །འཕགས་པས་མཐར་འཁོབ་པའི་སྐད་དུ་དགེ་སློང་ལ་ནོངས་པ་ངོར་བརྗོད་ཅིང་དཔྱས་བཏགས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དགེ་སློང་ལ་ནོངས་པ་ངོར་བརྗོད་ཅིང་དཔྱས་བཏགས་ཀྱང་དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་དགེ་སློང་ལ་ནོངས་པ་ངོར་བརྗོད་ཅིང་དཔྱས་བཏགས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལུས་ཀྱི་དམིགས་པས་ནོངས་པ་ངོར་བརྗོད་ཅིང་དཔྱས་བཏགས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དབེན་པ་ལ་མི་དབེན་པར་འདུ་ཤེས་ཏེ་ནོངས་པ་ངོར་བརྗོད་ཅིང་དཔྱས་བཏགས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ནོངས་པ་ངོར་བརྗོད་ཅིང་དཔྱས་འདོགས་པ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་ནོངས་པ་ངོར་བརྗོད་ཅིང་དཔྱས་འདོགས་པ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ Na234a ༄#། །བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་ནོངས་པ་ངོར་བརྗོད་ཅིང་དཔྱས་འདོགས་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། བསྙེན་པར་མ་རྫོགས་པ་ཞིག་ལ་དགེ་འདུན་གྱིས་ནོངས་པ་ངོར་བརྗོད་ཅིང་དཔྱས་འདོགས་པར་བགྲང་བར་གྱུར་ལ། བསྙེན་པར་མ་རྫོགས་པར་ནོངས་པ་ངོར་བརྗོད་ཅིང་དཔྱས་འདོགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བགྲང་ལ་བསྙེན་པར་རྫོགས་ཀར་ནོངས་པ་ངོར་བརྗོད་ཅིང་དཔྱས་འདོགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བགྲང་ལ་བསྙེན་པར་རྫོགས་ཏེ་ནོངས་པ་ངོར་བརྗོད་ཅིང་དཔྱས་འདོགས་ན། ཅིར་འགྱུར། ཉེས་བྱས་སོ།། བསྙེན་པར་རྫོགས་ཀར་བགྲང་ལ་བསྙེན་པར་རྫོགས་ཀར་ནོངས་པ་ངོར་བརྗོད་ཅིང་དཔྱས་འདོགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བགྲང་ལ་བསྙེན་པར་རྫོགས་ཏེ་ནོངས་པ་ངོར་བརྗོད་ཅིང་དཔྱས་འདོགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཏེ་བགྲང་ལ་བསྙེན་པར་རྫོགས་ནས་ནོངས་པ་ངོར་བརྗོད་ཅིང་དཔྱས་འདོགས་ན། ལྟུང་བའོ། ། Na234b བསྙེན་པར་རྫོགས་ནས་བགྲང་ལ་བསྙེན་པར་མ་རྫོགས་པ་ན་ནོངས་པ་ངོར་བརྗོད་ཅིང་དཔྱས་འདོགས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཁྱིམ་པ་ལ་ནོངས་པ་ངོར་བརྗོད་ཅིང་དཔྱས་འདོགས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། སྔར་ཉེས་པ་བྱུང་བ་དང ། སྔོན་འཁྲུགས་པ་རྣམས་ལ་ཉེས་པ་ངོར་བརྗོད་ཅིང་དཔྱས་འདོགས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པའི་དགེ་སློང་ལ་ནོངས་པ་ངོར་བརྗོད་ཅིང་དཔྱས་འདོགས་ན། ཅིར་འགྱུར། ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་བསྐོས་སམ་མ་བསྐོས་ཀྱང་རུང ། དགེ་འདུན་གྱི་ཞལ་ཏ་བྱེད་པ་མ་གཏོགས་པར་དེ་ལས་གཞན་ལ་ནོངས་པ་ངོར་བརྗོད་ཅིང་དཔྱས་འདོགས་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མ་འོ། །བཙུན་པ། དགེ་སློང་གིས་འཕྲིན་པ་ལས་ནོངས་པ་ངོར་བརྗོད་ཅིང་དཔྱས་ Na235a ༄#། །འདོགས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་སྨྱོན་པ་ལས་ནོངས་པ་ངོར་བརྗོད་ཅིང་དཔྱས་འདོགས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ལ་ཉེས་པ་ངོར་བརྗོད་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ནོངས་པ་ངོར་བརྗོད་ཅིང་དཔྱས་འདོགས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དགེ་སློང་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་དང ། དགེ་སློང་མ་རྣམས་ལ་ནོངས་པ་ངོར་བརྗོད་ཅིང་དཔྱས་འདོགས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་བས་ནོངས་པ་ངོར་བརྗོད་ཅིང་དཔྱས་འདོགས་ན། ཅིར་འགྱུར། ལྟུང་བའོ། ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ནོངས་པ་དོར་བརྗོད་ཅིང་དཔྱས་འདོགས་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། ཉེས་པ་དག་ཀྱང་དེ་ Na235b བཞིན་ཏེ། ལུས་དང་ཚིག་དང་མི་སྨྲ་མཚན། ཁྱིམ་པ་དག་ལ་སོགས་པ་རྣམས། །བཞི་པ་ཐ་མར་གྱུར་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་བསྒོ་བ་བཞིན་མི་བགྱིད་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་ནོངས་པ་མ་གཏོགས་པར་དེ་ལས་གཞན་ཞིག་བསྒོ་བ་བཞིན་དུ་མི་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལུས་ཀྱི་དམིགས་པས་བསྒོ་བ་བཞིན་མི་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་བསྒོ་བ་བཞིན་མ་བགྱིས་པ་དང ། དགེ་སློང་དེས་ཀྱ་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་བསྒོ་བ་བཞིན་མ་བགྱིས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དགེ་སློང་གིས་བསྒོ་བ་བཞིན་མ་བགྱིས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་དགེ་སློང་གིས་བསྒོ་བ་བཞིན་མ་བགྱིས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་མི་སྨྲ་བས་བསྒོ་བ་བཞིན་མ་བགྱིས་ Na236a ༄#། །ན།་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་གིས་བསྒོ་བ་བཞིན་མ་བགྱིས་པ་དང ། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དགེ་སློང་མས་བསྒོ་བ་བཞིན་མ་བགྱིས་པ་དང ། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཁྱིམ་པས་བསྒོ་བ་བཞིན་མ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། སོ་སོར་གནས་པ་དང ། མི་གནས་པ་དང ། སྔར་འཁྲུགས་པ་དང ། སྔོན་ཉེས་པ་བྱུང་བ་རྣམས་ཀྱིས་བསྒོ་བ་བཞིན་མ་བགྱིས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་བ་རྣམས་ཀྱིས་བསྒོ་བ་བཞིན་མ་བགྱིས་ན། ཅིར་འགྱུར། ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་བསྒོ་བ་བཞིན་མ་བགྱིས་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ Na236b ཤེས་ཏེ་བསྒོ་བ་བཞིན་མ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་བསྒོ་བ་བཞིན་མ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་བསྒོ་བ་བཞིན་མ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག། སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་གླེན་པའོ། །བཙུན་པ། དགེ་སློང་གིས་འཕྲིན་གྱིས་བསྒོ་བ་བཞིན་མ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་དེ་བསྒོ་བ་བཞིན་མ་བགྱིས་ན། ཅིར་འགྱུར། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་སྨྱོན་པས་བསྒོ་བ་བཞིན་མ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ཀྱིས་བསྒོ་བ་བཞིན་མ་བགྱིས་ན། ཐམས་ཅད་ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཀྱིས་བསྒོ་བ་བཞིན་མ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་པས་བསྒོ་བ་བཞིན་མ་བགྱིས་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ Na237a ༄#། །ཚུལ་ཕ་རྣམས་ལས་བསྒོ་བ་བཞིན་མ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། མི་རུང་བ་དང་གང་ཟག་དང ། །མ་ཆོག་ལྷག་དང་བདུན་པ་དང ། །མཚན་དང་བཞི་པ་དེ་བཞིན་དུ། །ལུས་དང་སྐད་དང་དབེན་དེ་བཞིན། །ཁྱིམ་པ་དག་ལ་སོགས་པ་རྣམས། །བར་དུ་གཅོད་པ་ཐ་མ་ཡིན། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་འདུན་གྱི་མལ་སྟན་བླ་གབ་མེད་པར་བཏིང་ངམ། འདིང་དུ་སྩལ་བར་འཚལ་བཞིན་དུ་མ་བརྟུལ་ཏམ་བརྟུལ་དུ་མ་སྩལ་ཏམ། དགེ་སློང་ལ་ཡང་མ་གཏད་པར་གཞན་དུ་མཆིས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་དགེ་འདུན་གྱི་མལ་སྟན་བཏིང་པ་ལས་མ་གཏད་པར་གཞན་དུ་མཆིས་ཀྱང་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་མལ་སྟན་དེའི་རྒྱུ་རུང་ལ་སྤུན་མི་རུང་བ་དང ། སྤུན་རུང་ལ་རྒྱུ་མི་རུང་བ་དང ། གཉིས་ཀ་མི་རུང་བ་སྟེ། མི་རུང་བ་ནི། རྔ་མོའི་བལ་དང ། བ་ལང་གི་བལ་དང ། རའི་བལ་དང ། རི་དྭགས་ཀྱི་བལ་དང་འདྲེས་པ་དང ། ཐགས་སུ་མ་བཏགས་པ་དེ་ལྟ་བུའི་མལ་སྟན་ཞིག་བཏིང་ངམ་འདིང་དུ་བཅུག་པ་ལས་མ་གཏད་པར་སོང་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་ Na237b གང་ཟག་གི་མལ་སྟན་བཏིང་ངམ། འདིང་དུ་བཅུག་པ་ལས། མ་གཏད་པར་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་ཁྲི་དང་ཁྲིའུ་བཀྲམ་པ་ལས་མ་གཏད་པར་གཞན་དུ་མཆིས་ཀྱང་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། རྐང་པའི་ཚད་བདེ་བར་གཤེགས་པའི་སོར་བརྒྱད་ལས་ལྷག་གམ། མ་ཆོག་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། བསྙེན་པར་མ་རྫོགས་པས་མལ་སྟན་བཏིང་བ་ལ་བསྙེན་པར་མ་རྫོགས་པར་ཉེ་འཁོར་ལས་འདས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བཏིང་ལ་བསྙེན་པར་རྫོགས་ཀར་ཉེ་འཁོར་ལས་འདས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བཏིང་ལ་བསྙེན་པར་རྫོགས་པ་ན་ཉེ་འཁོར་ལས་འདས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཏིང་ལ་བསྙེན་པར་རྫོགས་ཀར་ཉེ་འཁོར་ལས་འདས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཏིང་ལ་བསྙེན་པར་རྫོགས་ཏེ་ཉེ་འཁོར་ལས་འདས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་བཏིང་ལ་བསྙེན་པར་རྫོགས་ཏེ་ཉེ་འཁོར་ལས་འདས་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་བཏིང་ལ་བསྙེན་པར་མ་རྫོགས་པར་ཉེ་འཁོར་ལས་འདས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་མལ་སྟན་བཏིང་ནས་མ་བརྟུལ་ Na238a ༄#། །ཅིང་དགེ་སློང་མཆིས་པ་ལའང་མ་གཏད་པར་གཞན་དུ་མཆིས་པ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་དགེ་འདུན་གྱི་མལ་སྟན་བཏིང་བ་མ་བརྟུལ་ཅིང་དགེ་སློང་མ་མཆིས་པ་ལ་ཡང་མ་གཏད་པར་གཞན་དུ་མཆིས་པ་དང ། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་མལ་སྟན་བཏིང་པ་ལས་མ་བརྟུལ་ཅིང་དགེ་སློང་མཆིས་པ་ལ་ཡང་མ་གཏད་པར་མཚམས་ཀྱི་སླད་རོལ་ལ་མཚམས་ཀྱི་སླད་རོལ་ཏུ་འདུ་ཤེས་ཏེ་གཞན་དུ་མཆིས་ན། ཅིར་འགྱུར། ལྟུང་བའོ། །མཚམས་ཀྱི་ཕྱི་རོལ་ལ་མཚམས་ཀྱི་ནང་དུ་འདུ་ཤེས་ན། ཉེས་པ་མེད་དོ། །མཚམས་ཀྱི་ཕྱི་ནང་ལ་མཚམས་ཀྱི་ཕྱི་རོལ་ཏུ་འདུ་ཤེས་ན། ཉེས་བྱས་སོ། །མཚམས་ཀྱི་ནང་ལ་མཚམས་ཀྱི་ནང་དུ་འདུ་ཤེས་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་ཀྱིས་དགེ་སློང་ལ་དགེ་འདུན་གྱི་མལ་སྟན་གཏད་དེ་གཞན་དུ་མཆིས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། འཕགས་པས་མཐའ་འཁོབ་པའི་སྐད་དུ་དགེ་སློང་ལ་དགེ་འདུན་གྱི་མལ་སྟན་གཏད་དེ་གཞན་དུ་མཆིས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། ། Na238b མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དགེ་སློང་ལ་གཏད་དེ་གཞན་དུ་མཆིས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་དགེ་སློང་ལ་གཏད་དེ་གཞན་དུ་མཆིས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་མལ་སྟན་བཏིང་བ་ལ་ལུས་ཀྱི་དམིགས་པས་དགེ་སློང་མཆིས་པ་ལ་གཏད་དེ་གཞན་དུ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་མལ་སྟན་བཏིང་པ་དབེན་པ་ལ་མི་དབེན་པར་འདུ་ཤེས་ནས་གཏད་དེ་གཞན་དུ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་མལ་སྟན་བཏིང་པ་དགེ་སློང་མཆིས་པ་ལ་ནི། མ་གཏད་ཀྱི། ཁྱིམ་པ་ལ་གཏད་དེ་གཞན་དུ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་ཟ་མ་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། སྔར་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་རྣམས་ལ་གཏད་དེ་གཞན་དུ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་ Na239a ༄#། །བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་བ་ལ་གཏད་དེ་གཞན་དུ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་མལ་སྟན་བཏིང་བ་མ་བརྟུལ་ཅིང་དགེ་སློང་མཆིས་བཞིན་དུ་མ་གཏད་པར་ཉེ་འཁོར་འདས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དེ་ནི། འདི་ལྟར་དགེ་སློང་དེས་ཀྱང་མལ་སྟན་དེ་ཡལ་བར་མ་བོར་བར་སོང་བ་དང ། གཙུག་ལག་ཁང་དེར་བར་ཆད་བརྒྱད་ལས་གང་ཡང་རུང་བའི་བར་ཆད་གཅིག་བྱུང་བར་གྱུར་པའོ། །མདོར་ན། སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་མལ་སྟན་བཏིང་བ་མ་བརྟུལ་བར་དགེ་སློང་སྨྱོན་པ་ཞིག་ལ་གཏད་དེ་གཞན་དུ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། །གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ལ་གཏད་དེ་གཞན་དུ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་ལ་གཏད་དེ་གཞན་དུ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །དགེ་སློང་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་ལ་གཏད་དེ་ Na239b གཞན་དུ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་གཏད་དེ་གཞན་དུ་མཆིས་ན། ཅིར་འགྱུར།་ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་བས་དགེ་འདུན་གྱི་མལ་སྟན་བཏིང་བ་དགེ་སློང་མཆིས་བཞིན་དུ་མ་གཏད་པར་གཞན་དུ་མཆིས་ན། ཅིར་འགྱུར། ལྟུང་བའོ། ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སོ། །མལ་སྟན་ལ་ཇི་ལྟ་བ་དེ་བཞིན་དུ་གདིང་བ་ལ་ཡང་རྒྱས་པར་བྱའོ། །ཚད་བདེ་བར་གཤེགས་པའི་སོར་བརྒྱད་ལས་ཆུང་ངམ་ལྷག་པ་ནི། མི་རུང་བས་ན། མ་གཏོགས་སོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ།་བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གང་གིས་འཚལ་བཞིན་དུ་དགེ་འདུན་གྱི་གཙུག་ལག་ཁང་ནས་དགེ་སློང་ཞིག་བསྐྲད་དམ་སྐྲོད་དུ་སྩལ་ན། ལྟུང་བར་འགྱུར་རོ། ། ཞེས་གསུངས་ན། བཙུན་པ། དགེ་སློང་གིས་འཕྲིན་གྱིས་བསྐྲད་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ Na240a ༄#། །ཏུ་བརྒྱུད་པ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་སྨྱོན་པ་ཞིག་བསྐྲད་དམ། སྐྲོད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་བསྐྲད་དམ། སྐྲོད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ།། །།འདུལ་བ་གཞུང་དམ་པ་བམ་པོ་བདུན་པ། མདོར་ན། མཚན་དང་བཞི་པ་བདུན་པ་དང ། །དེ་བཞིན་ཁྱིམ་པ་ལ་སོགས་རྣམས། །དགེ་འདུན་ཐ་མར་གྱུར་བའོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་གཙུག་ལག་ཁང་ནས་དགེ་སློང་ཞིག་བསྐྲད་དམ། སྐྲོད་དུ་སྩལ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དགེ་འདུན་གྱི་གཙུག་ལག་ཁང་ནས་དགེ་སློང་མ་བསྐྲད་དམ། སྐྲོད་དུ་སྩལ་བ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་བསྐྲད་དམ། སྐྲོད་དུ་སྩལ་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ Na240b ཤེས་ན། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། བསྙེན་པར་མ་རྫོགས་པ་ན་དགེ་སློང་ཞིག་བསྐྲད་པར་བཤམས་ནས་བསྙེན་པར་མ་རྫོགས་པ་ན་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བཤམས་ལ་བསྙེན་པར་རྫོགས་ཀར་བསྐྲད་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བཤམས་ལ་བསྙེན་པར་རྫོགས་ཏེ་བསྐྲད་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ཀར་བསྐྲད་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ཏེ་བསྐྲད་ན། ཅིར་འགྱུར། ཉེས་བྱས་སོ། ། བསྙེན་པར་རྫོགས་ནས་བཤམས་ལ་བསྙེན་པར་རྫོགས་པ་ན་བསྐྲད་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་ནས་བཤམས་ལ་བསྙེན་པར་མ་རྫོགས་པ་ན་བསྐྲད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཁྱིམ་པ་ཞིག་བསྐྲད་དམ། སྐྲོད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། སྔར་ཉེས་པ་བྱུང་བར་ Na241a ༄#། །བ་དང ། སྔར་འཁྲུགས་པ་རྣམས་བསྐྲད་དམ། སྐྲོད་དུ་བཅུག་ན། ཐམས་ཅད་ཀྱང་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་བ་རྣམས་བསྐྲད་དམ། སྐྲོད་དུ་སྩལ་ན། ཅིར་འགྱུར། ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་ཞིག་མངོན་སུམ་དུ་ཁྱིམ་པ་ཞིག་སྐྲོད་དུ་སྩལ་ན། ཅིར་འགྱུར། ལྟུང་བའོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། སོ་སོར་གནས་པ་དང ། མི་གནས་པ་དང ། སྔར་འཁྲུགས་པ་དང ། སྔར་ཉེས་པ་བྱུང་བ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་བ་དང ། དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕས་སྐྲོད་དུ་སྩལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མ་ཞིག་གིས་དགེ་སློང་མ་བསྐྲད་དམ། སྐྲོད་དུ་སྩལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་བསྐྲད་དམ། སྐྲོད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་བས་དགེ་སློང་མ་ཞིག་བསྐྲད་དམ། སྐྲོད་དུ་སྩལ་ན། ཅིར་འགྱུར། ལྟུང་བའོ། ། Na241b དགེ་སློང་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སོ། །མདོར་ན། སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མ་འོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གིས་སྔ་ན་མཆིས་པའི་དགེ་སློང་ལ་སླད་ཀྱིས་མཆིས་ཏེ་ཤིན་ཏུ་གནོད་པར་བགྱིད་ཅིང་མཆིས་སམ། ཉལ་བར་བགྱིད་ན། ལྟུང་བའོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་དགེ་སློང་སྨྱོན་པ་ཞིག་ལ་ཤིན་ཏུ་གནོད་པར་བགྱིད་ཅིང་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ལ་ཤིན་ཏུ་གནོད་པར་བགྱིད་ཅིང་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། གང་ཟག་གི་དང་དགེ་འདུན་གྱི། །དེ་བཞིན་མཚན་དང་བཞི་པ་དང ། །ཁྱིམ་པ་དག་ལ་སོགས་པ་རྣམས། །མི་རུང་བ་ནི་ཐ་མར་གྱུར། །བཙུན་པ། དགེ་སློང་གིས་གང་ཟག་གི་གཙུག་ལག་ཁང་ན་སྔ་ན་མཆིས་པའི་དགེ་སློང་རྣམས་ལ་ཤིན་ཏུ་གནོད་པར་བགྱིད་ཅིང་མཆིས་སམ། ཉལ་བར་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་ Na242a ༄#། །སློང་གིས་དགེ་འདུན་གྱི་གཙུག་ལག་ཁང་མ་གཏོགས་པར་དེ་ལས་གཞན་པའི་གནས་ན་སྔ་ན་མཆིས་པའི་དགེ་སློང་རྣམས་ལ་ཤིན་ཏུ་གནོད་པར་བགྱིད་ཅིང་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་རྣམས་ལ་ཤིན་ཏུ་གནོད་པར་བགྱིད་ཅིང་མཆིས་སམ། ཉལ་བར་བགྱིད་པ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་ཤིན་ཏུ་གནོད་པར་བགྱིད་ཅིང་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་ཁྱིམ་པ་ལ་ཤིན་ཏུ་གནོད་པར་བགྱིད་ཅིང་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། སྔར་ཉེས་པ་བྱུང་བ་རྣམས་ལ་ཤིན་ཏུ་གནོད་པར་བགྱིད་ཅིང་མཆིས་སམ། ཉལ་བར་བྱེད་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་ Na242b པ་སྩལ་པ་རྣམས་ལ་ཤིན་ཏུ་གནོད་བར་བགྱིད་ཅིང་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར། ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་གཙུག་ལག་ཁང་ན་སྔ་མ་མཆིས་པའི་དགེ་སློང་རྣམས་ལ་ཤིན་ཏུ་གནོད་པར་བགྱིད་ཅིང་མཆིས་སམ། ཉལ་བར་བགྱིད་ཀྱང་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། མི་རུང་བའི་མལ་སྟན་ཡིན་ཏེ། གང་དགེ་སློང་རྣམས་ཀྱིས་སྤྱད་དུ་མི་རུང་བའོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཤིན་ཏུ་གནོད་པར་བགྱིད་ཅིང་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དགེ་སློང་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཤིན་ཏུ་གནོད་པར་བགྱིད་ཅིང་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་པས་སྔ་ན་མཆིས་པའི་དགེ་སློང་རྣམས་ལ་ཤིན་ཏུ་གནོད་པར་བགྱིད་ཅིང་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ནི། ཉེས་བྱས་སོ། །མདོར་ན། གང་ཟག་གི་དང་དགེ་འདུན་གྱི། །དེ་བཞིན་མཚན་དང་བཞི་བ་དང ། །མི་རུང་བ་དང་དེ་བཞིན་བདུན། །ནམ་མཁའ་གཡོགས་པ་ཐ་མ་འོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། Na243a ༄#། །བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་འདུན་གྱི་གཙུག་ལག་ཁང་གི་སྟེང་དུ་ཁང་བུ་བརྩེགས་པའི་ནང་དུ་ཁྲིའམ། ཁྲིའུ་ཡང་རུང ། རྐང་པ་གཟེར་བུ་མ་མཆིས་པར་འཚལ་བཞིན་དུ་མཆིས་སམ། ཉལ་བར་བགྱིད་ན། ལྟུང་བའོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་གང་ཟག་གི་གཙུག་ལག་ཁང་གི་སྟེང་དུ་ཁང་བུ་བརྩེགས་པའི་ཁྲིའམ། ཁྲིའུ་ཡང་རུང ། གཟེར་བུ་མ་མཆིས་པ་ལ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་གཙུག་ལག་ཁང་མ་གཏོགས་པར་དེ་ལས་གཞན་པའི་གནས་ཀྱི་སྟེང་དུ་ཁང་བུ་བརྩེགས་པའི་ནང་དུ་གཟེར་བུ་མ་མཆིས་པའི་ཁྲིའམ། ཁྲིའུའི་སྟེང་དུ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་སྟེང་གི་ཡང་ཐོག་གི་ཁང་བུར་ཤིན་ཏུ་གནོད་པར་བགྱིད་ཅིང་མཆིས་སམ། ཉལ་བར་བགྱིད་པ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་སྟེང་གི་ཡང་ཐོག་གི་ཁང་བུ་ལ་ཡང་ཐོག་ཏུ་འདུ་ཤེས་ཏེ་གཟེར་བུ་མ་མཆིས་པའི་ཁྲིའམ་ཁྲིའུའི་སྟེང་དུ་ལྗིད་ཀྱིས་ཕབ་སྟེ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར། ལྟུང་བའོ། །ཡང་ཐོག་ལ་ཡང་ཐོག་མ་ཡིན་པར་འདུ་ཤེས་ན། ཉེས་པ་མེད་དོ། །ཡང་ཐོག་མ་ཡིན་པ་ལ་ཡང་ཐོག་ཡིན་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །ཡང་ཐོག་མ་ཡིན་པ་ལ་ཡང་ཐོག་མ་ཡིན་པར་འདུ་ཤེས་ Na243b ན།་ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་སྟེང་གི་ཡང་ཐོག་གི་ཁང་བུར་ཁྲིའམ་ཁྲིའུ་རྐང་པ་གཟེར་བུ་མ་མཆིས་པའི་སྟེང་དུ་ལྗིད་ཀྱིས་ཕབ་སྟེ་མཆིས་སམ། ཉལ་བར་བགྱིད་ཀྱང་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། མལ་སྟན་མི་རུང་བར་གྱུར་པ་གང་ལ་དགེ་སློང་རྣམས་ཀྱིས་སྤྱད་པར་མི་རུང་བའོ། །བཙུན་པ། བསྙེན་པར་མ་རྫོགས་པར་བཤམས་ལ་བསྙེན་པར་མ་རྫོགས་པར་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བཤམས་ལ་བསྙེན་པར་རྫོགས་ཀར་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་པ་ན་ལྗིད་ཀྱིས་ཕབ་སྟེ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ཀར་ཤིན་ཏུ་ལྗིད་ཀྱིས་ཕབ་སྟེ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ཏེ་ལྗིད་ཀྱིས་ཕབ་སྟེ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་ནས་ལྗིད་ཀྱིས་ཕབ་སྟེ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་བཤམས་ལ་བསྙེན་པར་མ་རྫོགས་པ་ན་ལྗིད་ཀྱིས་ཕབ་སྟེ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཁྲིའམ། ཁྲིའུ་རྐང་པ་གཟེར་བུ་མཆིས་པ་ལ་ལྗིད་ཀྱིས་ཕབ་སྟེ་མཆིས་སམ། ཉལ་བར་ Na244a ༄#། །བགྱིད་ཀྱང་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དེ་ནི། འདི་ལྟར་གཙུག་ལག་ཁང་གི་སྟེང་སྤང་ལེབ་ཀྱིས་གཡོགས་པ་དང་ས་གང་དུ་གྱུར་པ་ཡང་རུང་སྟེ། སྟེང་དུ་འདུག་གམ། ཉལ་བར་བྱེད་ན། ཉེས་པ་མེད་དོ། །བཙུན་པ། བསླབ་པ་སྩལ་པས་སྟེང་གི་ཡང་ཐོག་གི་ཁང་བུའི་ཁྲིའམ་ཁྲིའུ་རྐང་པ་གཟེར་བུ་མ་མཆིས་པ་ལ་ལྗིད་ཀྱིས་ཕབ་སྟེ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར། ལྟུང་བའོ། །དགེ་སློང་མས་ལྗིད་ཀྱིས་ཕབ་སྟེ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལྗིད་ཀྱིས་ཕབ་སྟེ་མཆིས་སམ། ཉལ་བར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །སྲོག་ཆགས་དང་བཅས་པའི་ཆུས་རྩཝ་དང ། ས་དང ། བ་ལང་གི་ལྕི་བ་ལ་བཏབ་ན། ལྟུང་བའོ། །ཞེས་གསུངས་པ་ཡང་བསྟན་པ་བཞིན་རྒྱས་པར་བརྗོད་པར་བྱའོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག། །སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་དང་ནི་འགྲོ་བ་རྣམས། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་གཙུག་ལག་ཁང་ཆེན་པོ་ཞིག་རྩིག་ན་འཇིམ་པ་དང་ཕ་གུར་སྤེལ་ཏེ་རིམ་པ་གཉིས་སམ། གསུམ་གྱི་བར་དུ་རྩིགས་ཤིག་།དེ་ལས་ལྷག་པར་བརྩིགས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་འཕྲིན་གྱིས་རིམ་ Na244b པ་གཉིས་སམ། གསུམ་ལས་ལྷག་པར་བརྩིགས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་སྨྱོན་པས་རིམ་པ་གཉིས་སམ། གསུམ་ལས་ལྷག་པར་བརྩིགས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་རྩིག་ཏུ་སྩལ་ན། ཅིར་འགྱུར། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། ཆེན་པོ་གང་ཟག་རྡོ་བ་དང ། །གཞན་གྱིས་བརྩམས་པའང་དེ་བཞིན་ཏེ། །མཚན་དང་བཞི་པ་དེ་བཞིན་དུ། །བསླབ་པ་བྱིན་དང་དགེ་སློང་མའོ། །བཙུན་པ། དགེ་སློང་གིས་གཙུག་ལག་ཁང་ཆེན་པོ་མ་གཏོགས་པར་དེ་ལས་གཞན་པ་དགེ་འདུན་གྱི་དངོས་པོ་ཞིག་བརྩིགས་ཏེ་རིམ་པ་གཉིས་སམ། གསུམ་ལས་ལྷག་པར་བརྩིགས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གང་ཟག་གི་གཙུག་ལག་ཁང་ཞིག་རྩིག་པ་ལྷག་པར་བརྩིགས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་གཙུག་ལག་ཁང་རྩིག་པའི་ཚེ་ན། རིམ་པ་གཉིས་སམ། གསུམ་ལས་ལྷག་པར་བརྩིགས་ཀྱང་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དེ་ནི། འདི་ལྟར་གཙུག་ལག་ཁང་དེ་རྡོ་བ་འབའ་ཞིག་གིས་བརྩིགས་སམ། སྦྱིན་བདག་ Na245a ༄#། །གིས་འདི་སྐད་དུ། སྦྱིན་པ་ཟིན་ན་བལྟའོ། །ཞེས་སྨྲས་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་གཞན་གྱིས་རིམ་པ་གཉིས་སམ། གསུམ་བརྩིགས་སམ། གཞན་གྱིས་བརྩམས་པ་ལས་ལགས་པར་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་འཇིམ་པ་དང་ཕ་གུར་སྤེལ་ཏེ་རིམ་པ་གཉིས་སམ། གསུམ་ལས་ལྷག་པར་བརྩམས་ཏེ་ལགས་པར་མ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །སེམས་འཁྲུགས་པར་གྱུར་པའམ། དུས་བྱས་པ་ཡང་དེ་བཞིན་ནོ། །བཙུན་པ། དགེ་སློང་གིས་འཇིམ་པ་དང་ཕ་གུར་སྤེལ་ཏེ་རིམ་པ་གཉིས་སམ། གསུམ་ལས་ལྷག་པར་བརྩིགས་པ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་ལགས་པར་བགྱིས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་འཇིམ་པ་དང་ཕ་གུར་སྤེལ་ཏེ་རིམ་པ་གཉིས་སམ། གསུམ་ལས་ལྷག་པར་བརྩིགས་པ་ན། མཚན་འཕོས་ཏེ་དགེ་སློང་ཕར་གྱུར་ནས་ལགས་པར་བགྱིས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་འཇིམ་པ་དང་ཕ་གུར་སྤེལ་ཏེ་རིམ་པ་གཉིས་སམ་གསུམ་ལས་ལྷག་པ་ལ་ལྷག་པར་འདུ་ཤེས་ཏེ་བརྩིགས་ན། ཅིར་འགྱུར། ལྟུང་བའོ། །ལྷག་པ་ལ་མ་ལྷག་པར་འདུ་ཤེས་ན། ཉེས་པ་མེད་དོ། །མ་ལྷག་པ་ལ་ལྷག་པར་འདུ་ཤེས་ན། ཉེས་བྱས་སོ། །མ་ལྷག་པ་ལ་མ་ལྷག་པར་འདུ་ཤེས་ན། ཉེས་པ་མེད་དོ། །བཙུན་པ། བསླབ་པ་སྩལ་པས་རིམ་པ་གཉིས་སམ། གསུམ་ Na245b ལས་ལྷག་པར་བརྩིགས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་རིམ་པ་གཉིས་སམ། གསུམ་ལས་ལྷག་པར་བརྩིགས་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་འདུན་གྱིས་མ་བསྐོས་པར་དགེ་སློང་མ་ལ་སྟོན་ན། ལྟུང་བའོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་དགེ་འདུན་གྱིས་མ་བསྐོས་པར་འཕྲིན་གྱིས་དགེ་སློང་མ་ལ་སྟོན་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱིས་མ་བསྐོས་པར་དགེ་སློང་མ་སྨྱོན་མ་ཞིག་ལ་བསྟན་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། འོན་པ་དང ། ལྐུགས་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། སྨྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ལ་ Na246a ༄#། །བསྟན་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། ཚིག་དང་ལུས་དང་དབེན་པ་དང ། །མཚན་དང་བཞི་པ་ལྔ་པ་དང ། །བཏང་བ་དང་ནི་ཉེ་བར་སོང ། །སློབ་པ་གཞན་དང་ལན་གཉིས་བསྐོས། །བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་དགེ་སློང་མ་ལ་བསྟན་པ་དང ། དགེ་སློང་མ་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་དགེ་སློང་མ་ལ་བསྟན་པ་དང ། དགེ་སློང་མ་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་དགེ་སློང་མ་ལ་བསྟན་པ་དང ། དགེ་སློང་མ་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དགེ་སློང་མ་ལ་བསྟན་པ་དང ། དགེ་སློང་མ་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལུས་ཀྱི་དམིགས་པས་དགེ་སློང་མ་ལ་བསྟན་ན།་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དབེན་པ་ལ་མི་དབེན་པར་འདུ་ཤེས་ཏེ་བསྟན་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་ལ་སྟོན་པ་ན། དེའི་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་ལ་སྟོན་པ་ན། དགེ་སློང་མ་དེའི་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་ Na246b འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་བསྟན་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་མ་ནིང་དང ། རྐུན་གནས་དང ། སོ་སོར་གནས་པ་དང ། སྔར་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་རྣམས་ལ་བསྟན་ན། ཅིར་འགྱུར། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིད་མ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་མ་རྣམས་ལ་བསྟན་ན། ཅིར་འགྱུར། ཐམས་ཅད་ལྟུང་བར་འགྱུར་རོ། །དགེ་སློང་མ་དང ། དགེ་ཚུལ་མ་རྣམས་ལ་བསྟན་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་མ་ལ་སྟོན་པར་བགྱིད་པ་དེས་བར་དུ་བཏང་བར་གྱུར་ན། ལན་གཉིས་སུ་བསྐོ་འཚལ་ལམ། ཨུ་པ་ལི། མི་དགོས་ཏེ། སྔར་སྡོམ་པ་བྱིན་པ་ཉིད་ཀྱིས་སྟོན་ཅིག་།བཙུན་པ། རྗེས་སུ་མ་ཕྱོགས་པའི་དགེ་སློང་གིས་རྗེས་སུ་ཕྱོགས་པའི་དགེ་སློང་མ་ལ་བསྟན་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། རྗེས་སུ་ཕྱོགས་པའི་དགེ་སློང་གིས་རྗེས་སུ་མ་ཕྱོགས་པའི་དགེ་སློང་མ་ལ་བསྟན་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་པ་ཞིག་སྔར་དགེ་སློང་མ་ལ་སྟོན་པར་བསྐོས་པ་ལས། །དེ་ Na247a ༄#། །ནི། ནོངས་པ་ཚངས་ན། ལན་གཉིས་བསྐོ་འཚལ་ལམ། ཨུ་པ་ལི། མི་དགོས་ཏེ། སྔར་སྡོམ་པ་བྱིན་པ་ཉིད་ཀྱིས་སྟོན་ཅིག་།བཙུན་པ། དགེ་སློང་མ་ལ་སྟོན་པའི་དགེ་སློང་གནས་གཞན་དུ་བསྐོས་པ་ལས། གནས་གཞན་དུ་མཆིས་ནས་སྟོན་ན། སྔར་སྟོན་པ་དེ་ཉིད་ཀྱིས་དགེ་སློང་མ་ལ་བསྟན་པར་བགྱིའམ། བསྟན་པར་མི་བགྱི། ཨུ་པ་ལི། བསྟན་པར་བྱའོ། ། བཙུན་པ། དགེ་སློང་མ་ལ་སྟོན་པ་སེམས་འཁྲུགས་པར་གྱུར་ནས་རང་གི་སེམས་སླར་རྙེད་ན། ལན་གཉིས་སུ་བསྐོ་འཚལ་ལམ། ཨུ་པ་ལི། མི་དགོས་སོ། །ཆོས་ལྔ་དང་ལྡན་པ་དགེ་སློང་མ་ལ་སྟོན་པར་བསྐོས་ན། བསྐོས་པ་ཞེས་བགྱིའམ། མ་བསྐོས་པ་ཞེས་བགྱི། ཨུ་པ་ལི། བསྐོས་པ་ཞེས་བྱ་སྟེ། དགེ་འདུན་ཡང་འདས་པ་དང་བཅས་པར་མི་འགྱུར་རོ། །བཙུན་པ། དགེ་སློང་དགེ་འདུན་གྱིས་དགེ་སློང་མ་ལ་སྟོན་པར་བསྐོས་ཀྱང་ནོངས་པ་དང་བཅས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཆོས་ལྔ་དང་མི་ལྡན་པར་གྱུར་པའོ། །བཙུན་པ། དགེ་སློང་དགེ་སློང་མ་ལ་སྟོན་པར་དགེ་འདུན་གྱིས་མ་བསྐོས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དགྲ་བཅོམ་པས་བསྟན་པའོ། །བཙུན་པ། བསླབ་པ་སྩལ་པ་ཞིག་དགེ་སློང་མ་ལ་སྟོན་པར་དགེ་འདུན་གྱིས་མ་བསྐོས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་ཚུལ་ཕ་ཞིག་དགེ་སློང་མ་ལ་སྟོན་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། ། Na247b གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་དགེ་འདུན་གྱིས་གདུགས་པས་ཀྱི་བར་དུ་དགེ་སློང་མ་ལ་སྟོན་པར་བསྐོས་པ་དང ། དེ་ལས་འདས་པར་སྟོན་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་འཕྲིན་གྱིས་གདུགས་པས་པའི་དུས་ལས་འདས་པར་བསྟན་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་སྨྱོན་མ་ཞིག་ལ་གདུགས་པས་པའི་དུས་ལས་འདས་པར་བསྟན་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་མ་དང ། ནད་ཀྱིས་གཟིར་མ་དང ། གླེན་མ་དང ། ལྐུགས་མ་དང ། འོན་མ་དང ། དམུས་ལོང་མ་དང ། གཉིད་ལོག་མ་དང ། ར་རོ་མ་དང ། མྱོས་མ་དང ། སྙོམས་ཞུགས་མ་དང ། འགྲོ་བ་གཞན་དུ་གནས་མ་རྣམས་ལ་བསྟན་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། སྐད་དང་ལུས་དང་དབེན་ཕ་དང ། །མཚན་དང་བཞི་བ་དེ་བཞིན་ཏེ། །མ་ནིང་མ་དང་བར་ཆད་དང ། །དབྱར་ནི་ཐ་མར་གྱུར་པའོ། །བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་གདུགས་བས་པའི་དུས་ལས་འདས་པར་དགེ་སློང་མ་ལ་བསྟན་པ་དང ། དགེ་སློང་མ་དེས་ཀྱང་འཕགས་ Na248a ༄#། །པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །འཕགས་པ་ཞིག་གིས་མཐའ་འཁོབ་པའི་སྐད་དུ་དགེ་སློང་མ་ལ་བསྟན་པ་དང ། དགེ་སློང་མ་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དགེ་སློང་མ་ལ་བསྟན་པ་དང ། དགེ་སློང་མ་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་གདུགས་བས་བའི་དུས་ལས་འདས་པར་དགེ་སློང་མ་ལ་བསྟན་པ་དང ། དགེ་སློང་མ་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན།་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལུས་ཀྱི་དམིགས་པས་གདུགས་པས་པའི་དུས་ལས་འདས་པར་དགེ་སློང་མ་ལ་བསྟན་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དབེན་པ་ལ་མི་དབེན་པར་འདུ་ཤེས་ཏེ་གདུགས་བས་པའི་དུས་ལས་འདས་པར་དགེ་སློང་མ་ལ་བསྟན་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གདུགས་པས་པའི་དུས་ལས་འདས་པར་དགེ་སློང་མ་ལ་སྟོན་པ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གདུགས་བས་པའི་དུས་ལས་འདས་པར་དགེ་སློང་མ་ལ་བསྟན་པ་ལས། དགེ་སློང་མ་དེ་ཡང་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ Na248b ཏེ་གདུགས་པས་པའི་དུས་ལས་འདས་པར་དགེ་སློང་མ་ལ་བསྟན་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། ། བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་གདུགས་པས་པའི་དུས་ལས་འདས་པར་དགེ་སློང་མ་ལ་བསྟན་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་གདུགས་བས་པ་ལ་གདུགས་བས་པར་འདུ་ཤེས་ཏེ་དགེ་སློང་མ་ལ་བསྟན་ན། ཅིར་འགྱུར། ལྟུང་བའོ། །ཉི་མ་མ་ནུབ་པ་ལ་ཉི་མ་མ་ནུབ་པར་འདུ་ཤེས་ཏེ་བསྟན་ན། ཅིར་འགྱུར། ཉེས་པ་མེད་དོ། །ཉི་མ་མ་ནུབ་པ་ལ་ནུབ་པར་འདུ་ཤེས་ཏེ་བསྟན་ན། ཉེས་བྱས་སོ། །ཉི་མ་མ་ནུབ་པ་ལ་ཉི་མ་མ་ནུབ་པར་འདུ་ཤེས་ཏེ་བསྟན་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་མ་ནིང་དང ། རྐུན་གནས་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། སྔར་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་རྣམས་ལ་བསྟན་ན། ཅིར་འགྱུར། ཐམས་ཅད་ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་ལ་གདུགས་བས་པའི་དུས་ལས་འདས་པར་བསྟན་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་གདུགས་བས་པའི་དུས་ལས་འདས་པར་དགེ་སློང་མ་ལ་བསྟན་ཀྱང་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དགེ་སློང་ Na249a ༄#། །མ་དག་འོང་བ་ལས་བར་དུ་བར་ཆད་བརྒྱད་ལས་གང་ཡང་རུང་བ་ཞིག་བྱུང་བར་གྱུར་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་གདུགས་བས་པའི་དུས་ལས་འདས་པར་དགེ་སློང་མ་ལ་བསྟན་ཀྱང་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དགེ་སློང་མའི་གནས་སུ་སོང་སྟེ་སྟོན་ན། ཉེས་པ་མེད་དོ། །མདོར་ན། སྐད་དང་ལུས་དང་དབེན་པ་དང ། །མཚན་དང་བཞི་པ་དེ་བཞིན་དུ། །བདུན་པ་མ་ནིང་དེ་བཞིན་ཏེ། །བསླབ་པ་སྩལ་དང་དགེ་སློང་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་སློང་མ་ལ་འདི་སྐད་དུ་ཟས་ཅུང་ཟད་ཙམ་གྱི་ཕྱིར་ཚེ་དང་ལྡན་པ་དགེ་སློང་མ་ལ་སྟོན་ཏོ། །ཞེས་མཆི་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་དགེ་སློང་ལ་འདི་སྐད་དུ་ཟད་ཅུང་ཟད་ཙམ་གྱི་ཕྱིར་ཚེ་དང་ལྡན་པ་ཁྱོད་དགེ་སློང་མ་ལ་སྟོན་ཏོ། །ཞེས་སྨྲས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར་ཉེས་བྱས་སོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་དགེ་སློང་ལ་དེ་སྐད་སྨྲས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དགེ་སློང་ལ་དེ་སྐད་སྨྲས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་དགེ་སློང་ Na249b ལ་འདི་ལྟར། ཚེ་དང་ལྡན་པ། ཁྱོད་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ། །ཞེས་སྨྲས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་ལ་ལུས་ཀྱི་དམིགས་པས་འདི་ལྟར་ཚེ་དང་ལྡན་པ་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ། །ཞེས་གོ་བར་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དབེན་པ་ལ་མི་དབེན་པར་འདུ་ཤེས་ནས་འདི་སྐད་དུ། ཚེ་དང་ལྡན་པ། ཁྱོད་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ། །ཞེས་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་འདི་སྐད་དུ། ཚེ་དང་ལྡན་པ། ཁྱོད་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་ཆོས་སྟོན་ཏོ། །ཞེས་སྨྲ་བ་ན། དེའི་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དགེ་སློང་ལ་འདི་སྐད་དུ། འཕགས་པ་ཁྱོད་ཀྱིས་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ། །ཞེས་སྨྲ་བ་ན། དགེ་སློང་མ་དེ་ཡང་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ནས་འདི་སྐད་དུ། ཚེ་དང་ལྡན་པ། ཁྱོད་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ། །ཞེས་སྨྲས་ན། ཅིར་འགྱུར། ལྟུང་བའོ། ། བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་ Na250a ༄#། །པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། བསྙེན་པར་མ་རྫོགས་པས་མཐོང་ནས་བསྙེན་པར་མ་རྫོགས་པས་འདི་སྐད་དུ། ཚེ་དང་ལྡན་པ། ཁྱོད་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ། །ཞེས་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་མཐོང་ལ་བསྙེན་པར་རྫོགས་ཀར་དེ་སྐད་སྨྲས་ན། ཅིར་འགྱུར་ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་མཐོང་ལ་བསྙེན་པར་རྫོགས་ཏེ་དེ་སྐད་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་མཐོང་ལ་བསྙེན་པར་རྫོགས་ཀར་དེ་སྐད་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པར་མཐོང་ལ་བསྙེན་པར་རྫོགས་ནས་དེ་སྐད་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་མཐོང་ལ་བསྙེན་པར་རྫོགས་པ་ན་དེ་སྐད་སྨྲས་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་མཐོང་ལ་བསྙེན་པར་མ་རྫོགས་པ་ན་དེ་སྐད་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །དགེ་སློང་གིས་ཟ་མ་དང ། དགེ་སློང་མ་སུན་ཕྱུང་བ་ནས་སྔར་འཁྲུགས་པའི་བར་དུ་དེ་དག་ལ་འདི་སྐད་དུ། ཚེ་དང་ལྡན་པ། ཁྱོད་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ། །ཞེས་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་ལ་དེ་སྐད་སྨྲས་ན། ཅིར་འགྱུར། ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ། བསླབ་པ་སྩལ་པས་འདི་སྐད་དུ་ Na250b ཚེ་དང་ལྡན་པ། ཁྱོད་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ། །ཞེས་སྨྲས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་འདི་སྐད་དུ། ཚེ་དང་ལྡན་པ། ཁྱོད་ཟས་ཅུང་ཟད་ཙམ་གྱི་ཕྱིར་དགེ་སློང་མ་ལ་སྟོན་ཏོ། །ཞེས་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་འཕྲིན་གྱིས་འདི་སྐད་དུ།་ཚེ་དང་ལྡན་པ། ཁྱོད་ཟས་ཅུང་ཟད་ཙམ་ཞིག་གི་ཕྱིར་དགེ་སློང་མ་ལ་སྟོན་ཏོ། །ཞེས་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་དང ། སྨྱོན་པ་དང ། སེམས་འཁྲུགས་པ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ལ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། མི་རུང་བ་དང་བདུན་པ་དང ། །དེ་བཞིན་མཚན་དང་བཞི་པ་དང ། །གཞན་གྱིས་བརྩམས་དང་མ་ཟིན་དང ། །ཆེ་བ་མཆོག་གི་ལྷག་དེ་བཞིན། ། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གིས་གཉེན་མ་ལགས་པའི་དགེ་སློང་མའི་གོས་བགྱིས་ན། ལྟུང་བར་འགྱུར་རོ།། Na251a ༄#། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མའི་གོས་བགྱིས་ཀྱང་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དེ་ནི། འདི་ལྟར་རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང ། སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བར་གྱུར་པ་དང ། གཉིས་ཀ་མི་རུང་བར་གྱུར་བ་སྟེ། མི་རུང་བ་ནི། རྔ་མོའི་བལ་དང ། བ་ལང་གི་བལ་དང ། རི་དྭགས་ཀྱི་བལ་དང ། རའི་བལ་དང་འདྲེས་པ་དང ། ཐགས་སུ་མ་བཏགས་པ་དང ། གོས་དེ་འདྲ་བ་ཞིག་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསྙེན་པར་མ་རྫོགས་པས་གཉེན་མ་ལགས་པའི་དགེ་སློང་མའི་གོས་བགྱི་བར་བརྩམས་ནས་བསྙེན་པར་མ་རྫོགས་པར་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བརྩམས་ལ་བསྙེན་པར་རྫོགས་ཀར་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བརྩམས་ལ་བསྙེན་པར་རྫོགས་པ་ན་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བརྩམས་ལ་བསྙེན་པར་རྫོགས་ཀར་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བརྩམས་ལ་བསྙེན་པར་རྫོགས་ཏེ་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་བརྩམས་ལ་བསྙེན་པར་རྫོགས་པ་ན་ལགས་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་བརྩམས་ལ་བསྙེན་པར་མ་རྫོགས་པ་ན་ལགས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་ Na251b སློང་གིས་གཉེན་མ་ལགས་པའི་དགེ་སློང་མའི་གོས་བགྱིད་པ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་གཉེན་མ་ལགས་པའི་དགེ་སློང་གིས་གོས་བགྱིད་པ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མའི་གོས་བགྱིད་པ་ན། དགེ་སློང་མ་དེ་ཡང་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གཉེན་མ་ལགས་པར་འདུ་ཤེས་ཏེ་གོས་བགྱིད་ན། ཅིར་འགྱུར། ལྟུང་བའོ། །གཉེན་མ་ལགས་པ་ལ་གཉེན་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་གཉེན་ལ་གཉེན་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །གཉེན་ལ་གཉེན་དུ་འདུ་ཤེས་ཏེ་གོས་བགྱིད་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་གོས་བགྱིད་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མའི་གོས་གཞན་བགྱིད་དུ་ Na252a ༄#། །སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མའི་གོས་གཞན་གྱིས་བརྩམས་པ་ལགས་པར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མའི་གོས་བགྱིད་པ་ལས་མ་ལགས་པར་བོར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མའི་གོས་ཚད་ལས་ཆུང་བ་ཞིག་བགྱིས་ནས་བྱིན་གྱིས་བརླབ་ཏུ་མི་རུང་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མའི་གོས་ཚད་ལས་ལྷག་པར་བགྱིད་ན། བྱིན་གྱིས་བརླབ་ཏུ་མི་རུང་ན། ཅིར་འགྱུར། ཉེས་བྱས་སོ།། །།འདུལ་བ་གཞུང་དམ་པ། བམ་པོ་བརྒྱད་པ། མདོར་ན།་སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་དང་ནི་གླེན་པ་དང ། །མ་ནིང་འགྲོ་བ་དེ་བཞིན་ཏེ། །བསླབ་པ་སྩལ་དང་དགེ་སློང་མའོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་སྨྱོན་པའི་གོས་བགྱིས་ན།་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་མ་དང ། ནད་ཀྱིས་གཟིར་མ་དང ། ལྐུགས་མ་དང ། འོན་མ་དང ། དམུས་ལོང་མ་དང ། མ་ནིང་མ་དང ། རྐུན་གནས་མ་དང ། མི་གནས་མ་དང ། སོ་སོར་གནས་མ་དང ། སྔར་འཁྲུགས་པ་དང ། སྔར་ཉེས་བ་བྱུང་བ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ཀྱི་གོས་བྱས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། Na252b དགེ་སློང་མས་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་བ་རྣམས་ཀྱིས་གོས་བགྱིས་ན། ཅིར་འགྱུར། ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློབ་མ་དང ། དགེ་ཚུལ་མའི་གོས་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་གཉེན་མ་ལགས་པའི་དགེ་སློང་དང ། དགེ་ཚུལ་ཕ་རྣམས་ཀྱི་གོས་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། ། བཙུན་པ། བསླབ་པ་སྩལ་པས་གཉེན་མ་ལགས་པའི་དགེ་སློང་མའི་གོས་བགྱིས་ན། ཅིར་འགྱུར། ལྟུང་བའོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་སྩལ་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་འཕྲིན་གྱིས་གོས་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་རྣམས་དང ། དེ་བཞིན་དུ་དགེ་སློང་མ་སྨྱོན་མ་ལ་གོས་བྱིན་པ་དང ། སེམས་འཁྲུགས་མ་དང ། ནད་ཀྱིས་གཟིར་མ་དང ། ལྐུགས་མ་དང ། འོན་པ་མ་དང ། གཉིད་ལོག་མ་དང ། ར་རོ་མ་དང ། མྱོས་མ་དང ། སྙོམས་པར་ཞུགས་མ་དང ། དེ་བཞིན་དུ་འགྲོ་ Na253a ༄#། །བ་གཞན་དུ་གནས་མ་རྣམས་ལ་གོས་བྱིན་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། མི་རུང་བ་དང་བཞི་པ་དང ། །དེ་བཞིན་མཚན་དང་མཆོག་ལྷག་།དེ་ལྟར་བདུན་པ་རིན་ཆེ་བ། །ཐུན་མོང་བ་དང་མ་ནིང་ངོ ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་སྩལ་ཀྱང་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་གོས་དེའི་རྒྱུ་རུང་བར་གྱུར་ལ་སྤུན་མི་རུང་བ་དང ། སྤུན་རུང་བར་གྱུར་ལ་རྒྱུ་མི་རུང་བ་དང ། གཉིས་ཀ་མི་རུང་བ་སྟེ། མི་རུང་བ་ནི། རྔ་མོའི་བལ་དང ། བ་ལང་གི་བལ་དང ། རའི་བལ་དང ། རི་དྭགས་ཀྱི་བལ་དང་འདྲེས་པ་དང ། ཐགས་སུ་མ་བཏགས་པའོ། །གོས་དེ་འདྲ་བ་ཞིག་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་གོས་སྩལ་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གཉེན་མ་ལགས་པར་འདུ་ཤེས་ཏེ་སྩལ་ན། ཅིར་འགྱུར། ལྟུང་བའོ། །གཉེན་མ་ལགས་པ་ལ་གཉེན་དུ་འདུ་ཤེས་ན། ཅིར་འགྱུར། ཉེས་པ་མེད་དོ། །གཉེན་ལ་གཉེན་ Na253b མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །གཉེན་ལ་གཉེན་དུ་འདུ་ཤེས་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་སྩལ་པ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་གཉེན་མ་ལགས་པའི་དགེ་སློང་ལ་གོས་སྩལ་པ་ན། མཚན་འཕོས་ཏེ་དགེ་སློང་བར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་སྩལ་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཁྲུ་གང་ལས་ཆུང་བར་གྱུར་པའི་གོས་དང ། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་གྱུར་པའོ། །བཙུན་པ། བསྙེན་པར་མ་རྫོགས་པ་ན་བསྔོས་ལ་བསྙེན་པར་མ་རྫོགས་པ་ན་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་བསྔོས་ལ་བསྙེན་པར་རྫོགས་ཀར་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བསྔོས་ལ་བསྙེན་པར་རྫོགས་ཏེ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསྔོས་ལ་བསྙེན་པར་རྫོགས་ཀར་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསྔོས་ལ་བསྙེན་པར་རྫོགས་ཏེ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་བསྔོས་ལ་བསྙེན་པར་རྫོགས་པ་ན་སྩལ་ན། ཅིར་འགྱུར། ལྟུང་བའོ། ། བསྙེན་པར་རྫོགས་པ་ན་བསྔོས་ལ་བསྙེན་པར་མ་རྫོགས་པར་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་རིན་པོ་ཆེ་ཞིག་སྩལ་ན། ཅིར་ Na254a ༄#། །འགྱུར།་ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་སྩལ་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། རིན་དུ་བཙོང་ལ་རིན་གྱིས་ཉོས་པའོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་ཐུན་མོང་བསྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཁྱིམ་པ་ཞིག་ལ་གོས་སྩལ་ན། ཅིར་འགྱུར། གལ་ཏེ་དགེ་སྦྱོང་གི་གོས་བྱིན་ན། ཉེས་བྱས་སུ་འགྱུར་རོ། །འོན་ཏེ་ཁྱིམ་པའི་གོས་བྱིན་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་དགེ་སློབ་མ་དང ། དགེ་ཚུལ་མ་ལ་གོས་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་མ་ནིང་དང ། རྐུན་གནས་མ་དང ། མི་གནས་མ་དང ། སོ་སོར་གནས་མ་དང ། སྔོན་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་རྣམས་ལ་གོས་བྱིན་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་མ་དང ། ཉེ་བར་ཕྱོགས་མ་དང ། བསླབ་པ་སྩལ་བ་མོ་རྣམས་ལ་གོས་སྩལ་ན། ཅིར་འགྱུར། ཐམས་ཅད་ལྟུང་བའོ། །བཙུན་པ། དགེ་སློང་མས་ཁྱིམ་པ་ལ་གོས་སྩལ་ན། ཅིར་འགྱུར། གལ་ཏེ་དགེ་སྦྱོང་གི་གོས་བྱིན་ན། ལྟུང་བར་འགྱུར་རོ། །འོན་ཏེ་ཁྱིམ་པའི་གོས་བྱིན་ན། ཉེས་པ་མེད་དོ། ། བཙུན་པ། དགེ་སློང་མས་དགེ་སློང་དང ། དགེ་ཚུལ་ཕ་ལ་གོས་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་པས་གཉེན་མ་ལགས་པའི་དགེ་སློང་མ་ལ་གོས་སྩལ་ན། Na254b ཅིར་འགྱུར། ལྟུང་བའོ། །དགེ་སློང་མ་དང ། དགེ་ཚུལ་མ་ལ་ཉེས་བྱས་སོ། །མདོར་ན། སྔགས་དང་བཞི་བ་རྫུ་འཕྲུལ་དང ། །མཚན་དང་དུས་དང་བདུན་པ་དང ། །ལམ་མ་ཡིན་དང་ཁྱིམ་ལ་སོགས། །སྐད་དང་ལུས་དང་དབྱེན་དེ་བཞིན། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་སློང་མའི་འགྲོན་པོ་མང་པོ་དང་ལྷན་ཅིག་ཏུ་འཐམས་ཏེ་ཤུལ་དུ་ཞུགས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གི་འཐམས་ནས་སྔགས་སམ། སྨན་གྱིས་བདག་ཉིད་མི་སྣང་བར་བགྱིས་ཏེ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་མ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་འཐམས་ནས་མཆིས་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་མ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་མ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར། །བསྙེན་པར་མ་རྫོགས་མ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་དང་འཐམས་ནས་ལྷན་ཅིག་ཏུ་རྫུ་འཕྲུལ་གྱིས་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་མའི་མགྲོན་པོ་མང་པོ་དང་འཐམས་ནས་ལྷན་ཅིག་ཏུ་འགྲོགས་ཏེ་མཆི་བ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མ་དགེ་སློང་ཕའི་མགྲོན་པོ་ Na255a ༄#། །མང་པོ་དང་འཐམས་ནས་ལྷན་ཅིག་ཏུ་ཤུལ་དུ་ཞུགས་ཏེ་མཆི་བ་ན། མཚན་འཕོས་ཏེ་དགེ་སློང་ཕར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་དང་འཐམས་ནས་ཤུལ་དུ་ཞུགས་ཏེ་མཆིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དེ་ནི། འདི་ལྟར་ལམ་དུ་བར་ཆད་བརྒྱད་པོ་ལས་གང་ཡང་རུང་སྟེ། བར་ཆད་གཅིག་བྱུང་བར་གྱུར་པའོ། །བཙུན་པ། བསྙེན་པར་མ་རྫོགས་པར་འཐམས་ལ་བསྙེན་པར་མ་རྫོགས་པར་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་འཐམས་ལ་བསྙེན་པར་རྫོགས་ཏེ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པར་འཐམས་ལ་བསྙེན་པར་རྫོགས་ཀར་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་འཐམས་ལ་བསྙེན་པར་རྫོགས་ཀར་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་འཐམས་ལ་བསྙེན་པར་རྫོགས་ཏེ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་འཐམས་ལ་བསྙེན་པར་རྫོགས་པ་ན་མཆིས་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་འཐམས་ལ་བསྙེན་པར་མ་རྫོགས་པ་ན་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ།་དགེ་སློང་གིས་འཐམས་ན་ཤུལ་མ་ལགས་པར་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཁྱིམ་པ་མོ་ནས་སྔར་འཁྲུགས་པའི་བར་དུ་ལྷན་ཅིག་ཏུ་འཐམས་ Na255b ཏེ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱིས་དབྱེན་མ་དང ། །རྗེས་སུ་ཕྱོགས་མ་དང ། བསླབ་པ་སྩལ་པ་མོ་དང་འཐམས་ནས་ལྷན་ཅིག་མཆིས་ན། ཅིར་འགྱུར་ལྟུང་བའོ། །བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་དགེ་སློང་མ་དང་ལྷན་ཅིག་འཐམས་པ་དང ། དགེ་སློང་མ་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། ། འཕགས་པས་མཐའ་འཁོབ་པའི་སྐད་དུ་འཐམས་པ་དང ། དགེ་སློང་མ་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་འཐམས་པ་དང ། དགེ་སློང་མ་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་འཐམས་པ་དང ། དགེ་སློང་མ་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་དང་ལྷན་ཅིག་ཏུ་ལུས་ཀྱི་དམིགས་པས་འཐམས་ཏེ་ཤུལ་དུ་ཞུགས་པ་ན། ཅིར་འགྱུར། ཉེས་བྱས་སོ།། བཙུན་པ། དགེ་སློང་གིས་དབེན་པ་ལ་མི་དབེན་པར་འདུ་ཤེས་ཏེ་འཐམས་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་དང་ལྷན་ཅིག་ཏུ་འཕྲིན་གྱིས་འཐམས་ Na256a ༄#། །ནས་ཤུལ་དུ་ཞུགས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་སྨྱོན་མ་དང་འཐམས་ནས་ལྷན་ཅིག་ཏུ་ཤུལ་དུ་ཞུགས་ཏེ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་མ་དང ། ནད་ཀྱིས་གཟིར་མ་དང ། གླེན་མ་དང ། ལྐུགས་མ་དང ། འོན་མ་དང ། དམུས་ལོང་མ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། དེ་བཞིན་དུ་འགྲོ་བ་གཞན་དུ་གནས་མ་རྣམས་དང་འཐམས་ནས་ལྷན་ཅིག་ལམ་དུ་ཞུགས་ཏེ་དོང་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། བསླབ་པ་སྩལ་བས་དགེ་སློང་མ་དང་འཐམས་ནས་ལྷན་ཅིག་ཏུ་ཤུལ་དུ་ཞུགས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་དགེ་སློབ་མ་དང ། དགེ་ཚུལ་མ་དང་འཐམས་ནས་ལྷན་ཅིག་ཏུ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དགེ་སློང་དང ། དགེ་ཚུལ་ཕ་དང ། ཁྱིམ་པ་རྣམས་དང་འཐམས་ནས་ལྷན་ཅིག་ཏུ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་དང་འཐམས་ནས་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །ཇི་ལྟར་ལམ་དུ་ཞུགས་པ་དེ་བཞིན་དུ་གྲུ་རྒལ་བ་ལ་ཡང་ཤེས་པར་བྱ་སྟེ། རྫུ་འཕྲུལ་ལམ། ལམ་གཞན་དུ་འགྲོ་བ་མ་ Na256b གཏོགས་པར་ལྷག་མ་རྣམས་ནི། དེ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ། །མདོར་ན། སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་གླེན་པ་དང ། །གཉིད་ལོག་ར་རོ་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མ་འོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་བུད་མེད་དང་ལྷན་ཅིག་གཉིས་པུ་དབེན་པ་སྐྱབས་མཆིས་པ་ན་མཆིས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་ཞིག་སྨྱོན་པ་དང་ལྷན་ཅིག་ཏུ་དབེན་པ་སྐྱབས་མཆིས་པ་ན་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། ། དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། དམུས་ལོང་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། དེ་བཞིན་དུ་འགྲོ་བ་གཞན་དུ་གནས་པ་རྣམས་དང་ལྷན་ཅིག་ཏུ་དབེན་པ་སྐྱབས་མཆིས་པ་ན་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། གཞོན་ནུ་མ་དང་ནམ་མཁའ་དང ། །སྔགས་དང་མཚན་དང་བཞི་པ་དང ། །མ་ནིང་དབེན་པ་དེ་བཞིན་ཏེ། །བསླབ་པ་སྩལ་པ་དགེ་སློང་མའོ། །བཙུན་པ། དགེ་སློང་ཞིག་གཞོན་ནུ་མ་དང་ལྷན་ཅིག་ཏུ་དབེན་པ་སྐྱབས་མཆིས་པར་མཆིས་པ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བུད་མེད་དོགས་ལ་མཆིས་ལ་དགེ་སློང་ནམ་མཁའ་ལ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་སྔགས་དང ། Na257a ༄#། །སྨན་གྱིས་བདག་ཉིད་མི་སྣང་བར་བསྒྱུར་ཏེ་མཆིས་པར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བུད་མེད་དང་ལྷན་ཅིག་ཏུ་དབེན་པ་སྐྱབས་མཆིས་པར་མཆིས་པ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མ་སྐྱེས་པ་དང་ལྷན་ཅིག་གཉིས་པུ་དབེན་པ་སྐྱབས་མཆིས་པ་ན་མཆིས་པ་དང ། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། མིའི་བུད་མེད་ལ་མིར་འདུ་ཤེས་ཏེ་གཉིས་སུ་དབེན་པ་སྐྱབས་མཆིས་པར་མཆིས་ན། ཅིར་འགྱུར། ལྟུང་བའོ། །མི་ལ་མི་མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མི་མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་མ་ནིང་མ་དང་ལྷན་ཅིག་གཉིས་པུ་དབེན་པ་སྐྱབས་མཆིས་པ་ན་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །མཚན་གཉིས་པ་ཡང་དེ་བཞིན་ནོ། །བཙུན་པ། དགེ་སློང་གིས་མ་ནིང་དང་ལྷན་ཅིག་དབེན་པ་སྐྱབས་མཆིས་པར་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་སུན་ཕྱུང་བ་དང་ལྷན་ཅིག་ཏུ་དབེན་པ་སྐྱབས་མཆིས་པར་མཆིས་ན། ཅིར་འགྱུར། ལྟུང་བའོ། །དེ་བཞིན་དུ་ཕ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་ Na257b དུ་སོང་བ་མོ་རྣམས་དང་ལྷན་ཅིག་ཏུ་དབེན་པ་སྐྱབས་མཆིས་པར་མཆིས་ན། ཅིར་འགྱུར། ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་དང་ལྷན་ཅིག་ཏུ་གཉིས་པུ་དབེན་པ་སྐྱབས་མཆིས་པར་མཆིས་ན། ཅིར་འགྱུར། ལྟུང་བའོ། །དེ་བཞིན་དུ་དགེ་སློབ་མ་དང ། དགེ་ཚུལ་མ་དང ། རྐུན་གནས་མ་དང ། སོ་སོར་གནས་མ་དང ། མི་གནས་མ་དང ། དགེ་འདུན་གྱི་དབྱེན་མ་དང ། སྔར་ཉེས་པ་བྱུང་མ་དང ། བསླབ་པ་སྩལ་པ་མོ་དང་གཉིས་པུ་ལྷན་ཅིག་དབེན་པ་སྐྱབས་ཡོད་པ་ན་འདུག་ན། ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་མ་སྐྱེས་པ་དང་གཉིས་པུ་ལྷན་ཅིག་ཏུ་དབེན་པ་སྐྱབས་མཆིས་པ་ན་མཆིས་ན། ཅིར་འགྱུར། ལྟུང་བའོ། །དགེ་སློང་དང་ལྷན་ཅིག་ཏུ་དབེན་པ་སྐྱབས་མཆིས་པ་ན་མཆིས་ན། ཅིར་འགྱུར། ལྟུང་བའོ། །དགེ་ཚུལ་ཕ་དང་ལྷན་ཅིག་ཏུ་གཉིས་པུ་དབེན་པ་སྐྱབས་མཆིས་པ་ན་མཆིས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། བསླབ་པ་སྩལ་པ་བུད་མེད་དང་ལྷན་ཅིག་ཏུ་གཉིས་པུ་དབེན་པ་སྐྱབས་མཆིས་པ་ན་མཆིས་ན། ཅིར་འགྱུར། ལྟུང་བའོ།། བཙུན་པ། དགེ་སློང་བུད་མེད་དང་གཉིས་པུ་ལྷན་ཅིག་མི་དབེན་པ་ལ་དབེན་པར་འདུ་ཤེས་ཏེ་སྐྱབས་མཆིས་པ་ན་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སོ། །ཇི་ལྟར་བུད་མེད་དང་ལྷན་ཅིག་ཏུ་འདུག་པར་བྱེད་པ་དེ་བཞིན་དུ་དགེ་སློང་མ་དང་ལྷན་ཅིག་ཏུ་འདུག་པ་ལ་ཡང་རྒྱས་པར་བརྗོད་པར་བྱའོ། །མདོར་ན། འཕྲིན་པ་སྤྲིང་ Na258a ༄#། །ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག། སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་སློང་མ་རྣམས་ཀྱིས་སྦྱོར་དུ་སྩལ་པའི་ཟས་ཟོས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་དགེ་སློང་མས་འཕྲིན་གྱིས་སྦྱོར་དུ་སྩལ་པའི་ཟས་འཚལ་བཞིན་དུ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་སྨྱོན་མས་སྦྱོར་དུ་སྩལ་པའི་ཟས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་མ་སེམས་འཁྲུགས་མ་དང ། ནད་ཀྱིས་གཟིར་མ་དང ། གླེན་མ་དང ། ལྐུགས་མ་དང ། འོན་མ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ལ་སྦྱོར་དུ་བཅུག་པའི་ཟས་ཟོས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་ཁྱིམ་བདག་གམ། ཁྱིམ་བདག་གི་ཆུང་མ་སྨྱོན་མས་སྦྱོར་དུ་སྩལ་བའི་ཟས་དགེ་སློང་དེས་འཚལ་བཞིན་དུ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་མ་དང ། ནད་ཀྱིས་གཟིར་མ་དང ། གླེན་མ་དང ། ལྐུགས་མ་དང ། འོན་མ་དང ། གཉིད་ལོག་ Na258b པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པ་མོ་རྣམས་ཀྱིས་སྦྱོར་དུ་བཅུག་པ་དགེ་སློང་དེས་ཤེས་བཞིན་དུ་ཟོས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། གཞན་གྱི་ཕྱིར་དང་དེ་བཞིན་ལུས། །མཚན་དང་བཞི་པ་བདུན་པ་དང ། །ཚུལ་ཁྲིམས་གཞན་དང་དགེ་སློང་དང ། །ཁྱིམ་པ་བསླབ་པ་ཐ་མའོ། །བཙུན་པ། དགེ་སློང་མས་གཞན་གྱི་སླད་དུ་སྦྱོར་དུ་སྩལ་པ་དེས་ཀྱང་དེ་ལྟར་འདུ་ཤེས་ཏེ་གཞན་ལ་སྩལ་པ་དང ། དགེ་སློང་དེས་ཀྱང་འཚལ་བཞིན་དུ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་ལུས་ཀྱི་དམིགས་པས་ཟས་སྦྱོར་དུ་སྩལ་པ་དང ། དགེ་སློང་དེས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་མས་སྦྱོར་དུ་སྩལ་པའི་ཟས་འཚལ་བ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དགེ་སློང་གིས་སྦྱོར་དུ་སྩལ་པའི་ཟས་འཚལ་བ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་མས་སྦྱོར་དུ་སྩལ་པའི་ཟས་ལ་སྦྱོར་དུ་སྩལ་པར་འདུ་ཤེས་ན། ཅིར་འགྱུར། ལྟུང་བའོ། །སྦྱོར་དུ་བཅུག་པ་ལ་སྦྱོར་དུ་མ་བཅུག་པར་འདུ་ཤེས་ཏེ་ཟོས་ན། ཉེས་པ་མེད་དོ། །སྦྱོར་དུ་མ་བཅུག་པ་ལ་སྦྱོར་དུ་བཅུག་པར་འདུ་ཤེས་ཏེ་ཟོས་ན། ཉེས་བྱས་སོ། །སྦྱོར་དུ་མ་བཅུག་པ་ལ་སྦྱོར་དུ་མ་བཅུག་པར་འདུ་ཤེས་ཏེ་ཟོས་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་བསྙེན་པར་རྫོགས་པ་ལ་བསྙེན་ Na259a ༄#། །པར་རྫོགས་པར་འདུ་ཤེས་ཏེ་སྦྱོར་དུ་སྩལ་བ་འཚལ་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་སྦྱོར་དུ་སྩལ་ལ་བསྙེན་པར་མ་རྫོགས་པར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་སྦྱོར་དུ་སྩལ་ལ་བསྙེན་པར་རྫོགས་ཀར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་སྦྱོར་དུ་སྩལ་ལ་བསྙེན་པར་རྫོགས་པ་ན་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་སྦྱོར་དུ་སྩལ་ལ་བསྙེན་པར་རྫོགས་ཀར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པར་སྦྱོར་དུ་སྩལ་ལ་བསྙེན་པར་རྫོགས་ནས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་སྦྱོར་དུ་སྩལ་ལ་བསྙེན་པར་རྫོགས་པར་འཚལ་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་སྦྱོར་དུ་སྩལ་ལ་བསྙེན་པར་མ་རྫོགས་པ་ན་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཚུལ་ཁྲིམས་དང ། ཐོས་པ་དང་ལྡན་པའི་སླད་དུ་སྦྱོར་དུ་སྩལ་ Na259b པ་མ་གཏོགས་པར་ཡོན་ཏན་གཞན་གྱི་སླད་དུ་སྩལ་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཟས་མ་གཏོགས་པར་དེ་ལས་གཞན་པའི་རྩ་བ་དང ། འབྲས་བུ་ལ་སོགས་པ་སྦྱོར་དུ་སྩལ་བ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་ཞིག་སྦྱོར་དུ་སྩལ་བ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་ཚུལ་ཕ་དང ། ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་ནས་རྒྱས་པར་བསླབ་པ་སྩལ་པ་རྣམས་ཀྱིས་སྦྱོར་དུ་བཅུག་པའི་ཟས་ཟོས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་མས་སྦྱོར་དུ་སྩལ་བའི་ཟས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་ཚུལ་མ་དང ། མ་ནིང་མ་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་པ་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། སྔར་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་དང ། ཁྱིམ་པ་མོ་རྣམས་ཀྱིས་སྦྱོར་དུ་བཅུག་པ་ཟོས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་ཀྱིས་སྦྱོར་དུ་སྩལ་པ་འཚལ་ན། ཅིར་འགྱུར། ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་མས་དགེ་སློང་གིས་སྦྱོར་དུ་སྩལ་པའི་ཟས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་ Na260a ༄#། །དགེ་ཚུལ་ཕ་དང ། དགེ་སློང་མ་དང ། དགེ་ཚུལ་མ་དང ། ཁྱིམ་པ་མོ་དང ། མ་ནིང་མོ་དང ། བསླབ་བསྩལ་པ་རྣམས་ཀྱིས་སྦྱོར་དུ་སྩལ་པའི་ཟས་ཟོས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་བར་རྒྱས་པར་སྦྱར་རོ། །བཙུན་པ། བསླབ་པ་སྩལ་པས་དགེ་སློང་མས་སྦྱོར་དུ་སྩལ་པའི་ཟས་འཚལ་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཀྱིས་སྦྱོར་དུ་སྩལ་པའི་ཟས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། ཟས་དང་གཙེས་ཀྱང་དེ་བཞིན་ཏེ། །མཉམ་པ་གཉིས་དང་མི་རུང་དང ། །སྤུན་གྱི་ལྷག་མ་འཚལ་རྣམས་དང ། །བཞི་པ་བདུན་པ་གཉིས་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དུས་ལ་བབ་པ་མ་གཏོགས་པར་ཡང་ཡང་འཚལ་ན། ལྟུང་བར་འགྱུར་རོ།། ཞེས་གསུངས་ན། བཙུན་པ། དགེ་སློང་གིས་ཁ་གཉིས་སུ་མགྲོན་དུ་བོས་པ་བདག་གིར་བགྱིས་ཀྱང་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དེ་ཡང་སྔར་བཟའ་བ་དང ། བཅའ་བ་དང ། བཏུང་བ་དང ། གཞིབས་པ་དང ། བལྡག་པ་ལ་སོགས་པ་ལ་མགྲོན་དུ་བོས་ལ་ཕྱིས་ཟན་ལ་མགྲོན་དུ་བོས་པའོ། །བཙུན་པ། དགེ་སློང་ལ་གཙེས་པར་སེམས་ཤིང་མགྲོན་དུ་བོས་པར་དགེ་སློང་དེས་འཚལ་ནས་སླད་ཀྱིས་མགྲོན་དུ་བོས་པ་ལ་ཁས་བླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་ལན་གཉིས། ལན་གསུམ་དུ་མགྲོན་དུ་བོས་ཏེ་འཚལ་ན། ནོངས་ Na260b པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དེ་ནི། འདི་ལྟར་དགེ་སློང་གིས་གོས་མེད་པར་མགྲོན་དུ་བོས་ཏེ་ཟོས་པའི་འོག་ཏུ་གོས་དང་བཅས་པ་དང་ཁ་གཉིས་སུ་མགྲོན་དུ་བོས་པར་གྱུར་པའོ། །བཙུན་པ། དགེ་སློང་གིས་གོས་དང་བཅས་པ་གཉིས་སུ་འཚལ་ཡང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། གོས་མི་རུང་བའོ། །དེ་ཡང་དགེ་སློང་གིས་ཤེས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མི་རུང་བའི་ཟས་ལ་མགྲོན་དུ་བོས་པ་དང ། དེའི་འོག་ཏུ་རུང་བའི་ཟས་བཙལ་ཏེ་འཚལ་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། དགེ་སློང་ནང་པར་ཟས་ལ་མགྲོན་དུ་བོས་ལ་དེའི་འོག་ཏུ་ཡང་བོས་པའི་ཟན་འཚལ་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་གོས་མ་མཆིས་པའི་ཟས་སླད་མ་འཚལ་བ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མ་གོས་མ་མཆིས་པའི་མགྲོན་དུ་བོས་པ་སླད་མ་འཚལ་བ་ན། མཚན་འཕོས་ཏེ་དགེ་སློང་ཕར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གོས་མ་མཆིས་པ་ལ་གོས་མ་མཆིས་པར་འདུ་ཤེས་ཏེ་མགྲོན་དུ་བོས་པ་སླད་མ་འཚལ་ན། ཅིར་འགྱུར། ལྟུང་བའོ། །གོས་མེད་པ་ལ་གོས་དང་བཅས་པར་འདུ་ཤེས་ཏེ་ཟོས་ན། ཉེས་པ་མེད་དོ། །གོས་དང་བཅས་པ་ལ་གོས་མེད་པར་འདུ་ཤེས་ཏེ་ཟོས་ན། ཉེས་བྱས་སུ་འགྱུར་རོ། །གོས་དང་བཅས་པ་ལ་གོས་དང་བཅས་པར་འདུ་ཤེས་ཏེ་ཟོས་ན། ཉེས་པ་མེད་དོ། །བཙུན་པ། བསྙེན་པར་མ་རྫོགས་པ་ན་གོས་མ་མཆིས་པར་མགྲོན་དུ་ Na261a ༄#། །བོས་བསླད་མར་ཁས་བླངས་ལ། བསྙེན་པར་མ་རྫོགས་པར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་ཁས་བླངས་ལ་བསྙེན་པར་རྫོགས་ཀར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་ཁས་བླངས་ལ་བསྙེན་པར་རྫོགས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་ཁས་བླངས་ལ་བསྙེན་པར་རྫོགས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་ཁས་བླངས་ལ་བསྙེན་པར་རྫོགས་ཀར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་ཁས་བླངས་ལ་བསྙེན་པར་རྫོགས་ནས་འཚལ་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་ཁས་བླངས་ལ་བསྙེན་པར་མ་རྫོགས་པ་ན་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གནས་གཅིག་ཏུ་མཆིས་ཏེ་འཚལ་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དེ་ནི། འདི་ལྟར་དགེ་སློང་ཁྱིམ་བདག་གཉིས་ཀྱིས་ལྷན་ཅིག་ཟས་ལ་མགྲོན་དུ་བས་པའོ། །བཙུན་པ། བསླབ་པ་སྩལ་བས་ཟས་ཡང་ཡང་འཚལ་ན། ཅིར་འགྱུར། ལྟུང་བའོ། །མདོར་ན། སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་གླེན་པ་དང ། །མ་ནིང་འགྲོ་བ་དེ་བཞིན་ཏེ། །དགེ་སློང་མ་ནི་ཐ་མ་འོ། །བཙུན་པ། དགེ་སློང་གིས་སྨྱོན་པ་ཞིག་གིས་གོས་མ་མཆིས་པར་མགྲོན་དུ་བོས་པ་སླད་མར་ཁས་བླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ།། Na261b སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། མ་ནིང་དང ། མ་ནིང་མ་དང ། འདི་ལས་ཕྱི་རོལ་གྱི་མུ་སྟེགས་ཅན་དགེ་སྦྱོང་གཞན་བྲམ་ཟེ་དང ། སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་བ་ཡང་དེ་བཞིན་ནོ། །དེ་བཞིན་དུ་དགེ་སློང་དང ། དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ཀྱིས་ཀྱང་གོས་མེད་པར་མགྲོན་དུ་བོས་པ་ཕྱི་མ་སྩལ་ཏེ་ཟོས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་མས་ཟས་ཡང་ཡང་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དགེ་སློབ་མ་དང ། དགེ་ཚུལ་མ་རྣམས་ཀྱིས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། སྔགས་དང་བཞི་པ་ནམ་མཁའ་དང ། །མཚན་དང་ཟས་ཀྱང་དེ་བཞིན་ཏེ། །བདུན་པ་གཉིས་པ་གཞན་དག་དང ། །གཞན་དུ་གྱུར་པ་ཐ་མ་འོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་བྲོ་མ་འཚལ་བར་མུ་སྟེགས་ཅན་གྱི་གནས་སུ་དགོངས་ན། ཟན་ལན་གཅིག་ཟོ་ཞིག་།དེ་ལས་ལྷག་པར་ཟོས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་སྔགས་སམ། སྨན་གྱིས་བདག་མི་སྣང་བར་བགྱིས་ཏེ་ཟས་ལན་གཉིས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མུ་སྟེགས་ཅན་གྱི་གནས་ལ་མུ་སྟེགས་ཅན་གྱི་གནས་སུ་འདུ་ཤེས་ཏེ་ཟན་ལན་གཉིས་འཚལ་ན། ཅིར་འགྱུར། ལྟུང་བའོ། །མུ་སྟེགས་ཅན་གྱི་གནས་ལ་མུ་སྟེགས་ཅན་གྱི་གནས་མ་ཡིན་པར་འདུ་ Na262a ༄#། །ཤེས་ན། ཉེས་པ་མེད་དོ། །མུ་སྟེགས་ཅན་གྱི་གནས་མ་ཡིན་པ་ལ་མུ་སྟེགས་ཅན་གྱི་གནས་སུ་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །མུ་སྟེགས་ཅན་གྱི་གནས་མ་ཡིན་པ་ལ་མུ་སྟེགས་ཅན་གྱི་གནས་མ་ཡིན་པར་འདུ་ཤེས་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་ནམ་མཁའ་ལ་གནས་ནས་ཟན་ལན་གཉིས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མུ་སྟེགས་ཅན་གྱི་གནས་སུ་ཟན་ལན་གཉིས་འཚལ་བ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་མུ་སྟེགས་ཅན་གྱི་གནས་སུ་ཟན་ལན་གཉིས་འཚལ་བ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་ཟན་མ་གཏོགས་པར་དེ་ལས་གཞན་པའི་བཟའ་བ་དང ། བཅའ་བ་དང ། བཏུང་བ་དང ། བལྡག་པ་རྣམས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསྙེན་པར་མ་རྫོགས་པ་ན་མུ་སྟེགས་ཅན་གྱིས་གནས་སུ་དགོངས་ལ་བསྙེན་པར་མ་རྫོགས་པས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། ། བསྙེན་པར་རྫོགས་པ་ན་གནས་ལ་བསྙེན་པར་རྫོགས་ཀར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་གནས་ལ་བསྙེན་པར་རྫོགས་ནས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་གནས་ལ་བསྙེན་པར་རྫོགས་ཀར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་གནས་ལ་བསྙེན་པར་རྫོགས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་ Na262b སོ། །བསྙེན་པར་རྫོགས་པ་ན་གནས་ལ་བསྙེན་པར་རྫོགས་པ་ན་འཚལ་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་གནས་ལ་བསྙེན་པར་མ་རྫོགས་པར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། ། བཙུན་པ། དགེ་སློང་གིས་གཞན་ནས་ཟས་བླངས་ཏེ་མུ་སྟེགས་ཅན་གྱི་གནས་སུ་མཆིས་ནས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མུ་སྟེགས་ཅན་གྱི་གནས་ནས་ཟས་བླངས་ལ་གཞན་དུ་མཆིས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མུ་སྟེགས་ཅན་གྱི་གནས་མ་གཏོགས་པར་དེ་ལས་གཞན་པའི་དགེ་སྦྱོང་དང་བྲམ་ཟེའི་གནས་སུ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་འགྲོ་བ་དང ། །ཟ་མ་མ་ནིང་དེ་བཞིན་ཏེ། །བསླབ་པ་བྱིན་དང་དགེ་སློབ་མའོ། །བཙུན་པ། དགེ་སློང་གིས་སྨྱོན་པའི་གནས་སུ་ཟས་སླད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། ཟ་མ་དང ། མ་ནིང་རྣམས་དང ། དེ་བཞིན་དུ་འགྲོ་བ་གཞན་དུ་གནས་པ་རྣམས་ཀྱི་གནས་སུ་ཟས་ཕྱི་མ་ཟོས་ན། ཐམས་ཅད་ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་པས་མུ་སྟེགས་ཅན་གྱི་གནས་སུ་དགོང་ལ་ཟས་སླད་མ་འཚལ་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་རྣམས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ།། །།འདུལ་བ་གཞུང་དམ་པ་བམ་པོ་དགུ་པ། Na263a ༄#། །མདོར་ན། འཕྲིན་བ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། ན་བ་འོན་པ་འགྲོ་བའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་མང་པོ་གྲོང་དུ་འདོང་བ་དང་དེ་དག་ལ་བྲམ་ཟེ་དང་ཁྱིམ་བདག་དག་གིས་སྐྱོ་མ་དང ། མར་དང ། ཁུར་བ་རྣམས་མང་དུ་བྱིན་པ་ལ་དགེ་སློང་དེ་དག་གིས་འདོད་ན། ལྷུང་བཟེད་གང་བ་གཉིས་སམ། གསུམ་ལོངས་ཤིག། དེ་ལས་ལྷག་པར་བླངས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་འཕྲིན་གྱིས་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་བླངས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་དེ་བླངས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་སྨྱོན་པ་ལས་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་བླངས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ལས་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་བླངས་ན།་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། གཞན་གྱིས་གཞན་དང་འདི་ལས་ཕྱི། །ཟས་དང་མི་རུང་བ་དག་དང ། །མཚན་དང་བཞི་པ་བདུན་པ་དང ། །མ་ནིང་དག་ཀྱང་དེ་བཞིན་ནོ། ། Na263b བཙུན་པ། དགེ་སློང་གིས་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་གཞན་ལེན་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཞན་ཞིག་གི་ཕྱིར་བླངས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་འདི་ལས་གཞན་གྱི་ཕྱི་རོལ་གྱི་མུ་སྟེགས་ཅན་དགེ་སྦྱོང་གཞན་བྲམ་ཟེ་དང ། སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་བ་རྣམས་ལས་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་བླངས་ན།་ཅིར་འགྱུར། ཐམས་ཅད་ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་བླངས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཟས་མི་རུང་བ་བླངས་ན། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཟས་མ་གཏོགས་པར་དེ་ལས་གཞན་པའི་བཟའ་བ་དང ། བཅའ་བ་དང ། བཏུང་བ་དང ། གཞིབ་པ་རྣམས་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་བླངས་ན།་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་ལེན་པ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་ལེན་པ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་མི་ལ་མིར་འདུ་ཤེས་ཏེ་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་བླངས་ན། ཅིར་འགྱུར། ལྟུང་བའོ། །མི་ལ་མི་མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་ Na264a ༄#། །མི་མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དྲུག་ཕུལ་ཕྱེད་དང་ལྔ་ལས་ལྷག་པར་ལ་ལྷག་པར་འདུ་ཤེས་ཏེ་བླངས་ན། ཅིར་འགྱུར། ལྟུང་བའོ། །ལྷག་པ་ལ་མ་ལྷག་པར་འདུ་ཤེས་ན། ཉེས་པ་མེད་དོ། །མ་ལྷག་པ་ལ་ལྷག་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །མ་ལྷག་པ་ལ་མ་ལྷག་པར་འདུ་ཤེས་ན། ཉེས་པ་མེད་དོ། ། བཙུན་པ། བསྙེན་པར་མ་རྫོགས་པ་ན་རྙེད་ལ་བསྙེན་པར་མ་རྫོགས་པར་བླངས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་རྙེད་ལ་བསྙེན་པར་རྫོགས་ཀར་བླངས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་རྙེད་ལ་བསྙེན་པར་རྫོགས་པ་ན་བླངས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་རྙེད་ལ་བསྙེན་པར་རྫོགས་ཀར་བླངས་ན། ཅིར་འགྱུར། ཉེས་བྱས་སོ། ། བསྙེན་པར་རྫོགས་ཀར་རྙེད་ལ་བསྙེན་པར་རྫོགས་ནས་བླངས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་རྙེད་ལ་བསྙེན་པར་རྫོགས་ནས་བླངས་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་རྙེད་ལ་བསྙེན་པར་མ་རྫོགས་པར་བླངས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་བླངས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཁྱིམ་དེ་ཉིད་དུ་འདུག་སྟེ་ཟ་བའོ། །བཙུན་པ། དགེ་སློང་གིས་མ་ནིང་ལས་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་བླངས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་ Na264b བཞིན་དུ་ཟ་མ་དང ། མ་ནིང་རྣམས་ལས་བླངས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། བསླབ་པ་སྩལ་པས་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་བླངས་ན། ཅིར་འགྱུར། ལྟུང་བའོ། ། བཙུན་པ། དགེ་སློང་མས་ལྷུང་བཟེད་གང་བ་གསུམ་ལས་ལྷག་པར་བླངས་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཀྱིས་བླངས་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། དུས་དང་མཚན་ནི་དེ་བཞིན་ཏེ། །བཟའ་བ་དང་ནི་གཞིབ་པ་དང ། །མི་རུང་བདུན་པ་དེ་བཞིན་ཏེ། །ཀུན་རྫོགས་མ་བྱས་བྱས་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གིས་འཚལ་མ་འཚལ་ལགས་ལ། ལྷག་པོར་མ་བགྱིས་པར་བཟའ་བ་དང ། བཅའ་བ་རྣམས་འཆོས་སམ། འཚལ་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་ལྷག་པོར་མ་བགྱིས་པའི་བཟའ་བ་དང་བཅའ་བ་ཞིག་འཆོས་སམ། འཚལ་ཡང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ན་བའི་དུས་སུ་བྱིན་གྱིས་བརླབས་ཏེ་ཟོས་པའོ། །བཙུན་པ། དགེ་སློང་གིས་འཚལ་མ་འཚལ་ལགས་ནས་སྤངས་པ་ལས། དེ་ལས་ལྷག་པོར་མ་བགྱིས་པར་བཅའ་བ་དང ། བཟའ་བ་ཞིག་འཚལ་བ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་ཟས་འཚལ་ལགས་ནས་སྤངས་པ་ལས། དེས་ལྷག་པོར་མ་བགྱིས་པར་བཅའ་བ་དང ། བཟའ་བ་ཞིག་འཚལ་བ་ན། Na265a ༄#། །མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་ལྷག་པོར་བགྱིས་པ་ན། མཚན་འཕོས་ན་ལྷག་པོར་བགྱིས་པ་ཞེས་བགྱིའམ། ལྷག་པོར་མ་བྱས་པ་ཞེས་བྱའོ། །བཙུན་པ། དགེ་སློང་གིས་ཟས་མ་གཏོགས་པར་དེ་ལས་གཞན་པ་བཟའ་བ་དང ། བཅའ་བ་དང ། བཏུང་བ་དང ། གཞིབ་པ་དང ། བལྡག་པ་ལ་སོགས་པ་བཟའ་བའི་ཟས་ཡིན་གྱི། སྨན་མ་ལགས་པ་དེ་དག་ལྷག་པོར་མ་བགྱིས་པར་འཚལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་ཟས་མ་གཏོགས་པར་དེ་ལས་གཞན་པའི་བཟའ་བ་དང ། བཅའ་བ་དང ། བཏུང་བ་དང ། གཞིབ་པ་དང ། བལྡག་པ་ལ་སོགས་པ་སྤངས་ན། སྤངས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། བཟའ་བ་དང ། བཏུང་བ་དང ། གཞིབ་པ་དང ། བལྡག་པ་ལ་སོགས་པ་ལ་སྤངས་པ་མེད་དོ། །བཙུན་པ། དགེ་སློང་གིས་སྤངས་པ་ལ་སྤངས་པར་འདུ་ཤེས་ཏེ་ལྷག་པོར་མ་བགྱིས་པའི་བཟའ་བ་དང ། བཏུང་བ་རྣམས་འཚལ་ན། ཅིར་འགྱུར། ལྟུང་བའོ། །སྤངས་པ་ལམ་སྤངས་པར་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། ཉེས་པ་མེད་དོ། །མ་སྤངས་པ་ལ་སྤངས་པར་འདུ་ཤེས་ཏེ་ཟོས་ན། ཉེས་བྱས་འགྱུར་རོ། །མ་སྤངས་པ་ལ་མ་སྤངས་པར་འདུ་ཤེས་ཏེ་ཟོས་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་ལྷག་པོར་མ་བགྱིས་པ་ལ་ལྷག་པོར་མ་བགྱིས་པར་འདུ་ཤེས་ཏེ་བཅའ་བ་དང ། བཟའ་བ་རྣམས་འཚལ་ན། ཅིར་འགྱུར། ལྟུང་བའོ། །ལྷག་པོར་མ་བྱས་པ་ Na265b ལ་ལྷག་པོར་འདུ་ཤེས་ཏེ་བཟའ་བ་དང ། བཅའ་བ་རྣམས་ཟོས་ན། ཉེས་པ་མེད་དོ། །ལྷག་པོར་བྱས་པ་ལ་ལྷག་པོར་མ་བྱས་པར་འདུ་ཤེས་ཏེ་ཟོས་ན། ཉེས་བྱས་སོ། །ལྷག་པོར་བྱས་པ་ལ་ལྷག་པོར་བྱས་པར་འདུ་ཤེས་ཏེ་ཟོས་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་མི་རུང་བའི་ཟས་འཚལ་ལ་སྤངས་ན། སྤངས་པ་ཞེས་བགྱིའམ། མ་སྤངས་པ་ཞེས་བགྱི། ཨུ་པ་ལི། སྤངས་པ་ཞེས་བྱའོ། །བཙུན་པ། བསྙེན་པར་མ་རྫོགས་པ་ན་སྤངས་ལ་བསྙེན་པར་མ་རྫོགས་པར་ལྷག་པོར་མ་བགྱིས་པ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་སྤངས་ལ་བསྙེན་པར་རྫོགས་ཀར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་སྤངས་ལ་བསྙེན་པར་རྫོགས་པ་ན་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་སྤངས་ལ་བསྙེན་པར་རྫོགས་ཀར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་སྤངས་ལ་བསྙེན་པར་རྫོགས་ནས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་སྤངས་ལ་བསྙེན་པར་རྫོགས་པ་ན་འཚལ་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་སྤངས་ལ་བསྙེན་པར་མ་རྫོགས་པར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཀུན་ཏུ་རྫོགས་པར་མ་བྲིམས་པར་སྤངས་ན། སྤངས་པ་ཞེས་བགྱིའམ། མ་སྤངས་པ་ཞེས་བགྱི། ཨུ་པ་ལི། མ་སྤངས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། ཀུན་ཏུ་རྫོགས་པར་མ་བྲིམས་པ་ལ་ཡང་སྤངས་པ་མེད་དོ། །བཙུན་པ། རྣམ་པ་དུས་ན། ལྷག་པོར་མ་བགྱིས་པ་ Na266a ༄#། །ཞེས་བགྱི། ཨུ་པ་ལི། ལྔ་སྟེ། གཞན་ལ་མ་བླངས་པ་དང ། བཅའ་བ་དང ། བཟའ་བ་རྣམས་མངོན་སུམ་དུ་མ་གྱུར་པ་དང ། བྱིན་ལེན་མ་བྱས་པ་དང ། བསྙེན་པར་མ་རྫོགས་པ་དང ། རང་བཞིན་དུ་གནས་པ་མ་ཡིན་པ་ལས་ལྷག་པོར་བྱས་པ་རྣམས་ནི། ལྷག་མར་མ་བྱས་པ་ཞེས་བརྗོད་པར་བྱའོ། །ུ་པ་ལི། རྣམ་པ་ལྔས་ན། ལྷག་པོར་བྱས་པ་ཞེས་བྱ་སྟེ། གཞན་ལས་བླངས་པ་དང ། བཅའ་བ་དང་བཟའ་བ་རྣམས་མངོན་སུམ་དུ་གྱུར་པ་དང ། བྱིན་ལེན་བྱས་པ་དང ། བསྙེན་པར་རྫོགས་པ་དང ། རང་བཞིན་དུ་གནས་པ་ལས་ལྷག་པོར་བྱས་པ་ནི། ལྷག་པོར་བྱས་པ་ཞེས་བྱའོ། །བཙུན་པ། སུའི་མདུན་དུ་ལྷག་པོར་བགྱི། ཨུ་པ་ལི། དགེ་སློང་གིས་ནི། དགེ་སློང་གི་མདུན་དུ་ལྷག་པོར་བྱའོ། །དགེ་སློང་མའི་མདུན་དུ་ནི། མ་ཡིན་ནོ། །དགེ་སློང་མས་ནི། དགེ་སློང་མ་ལའོ། །དགེ་ཚུལ་ཕས་ནི། དགེ་ཚུལ་ཕའི་མདུན་དུ་ལྷག་པོར་བྱའོ། །དགེ་སློབ་མས་ནི། དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མའི་མདུན་དུ་ལྷག་པོར་བྱའོ། །བཙུན་པ། དགེ་སློང་མའི་མདུན་དུ་ལྷག་པོར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་སྟེ་བཙུན་པ། ལྷག་པོར་བགྱིས་ན། ལྷག་པོར་བགྱིས་པ་ཞེས་བགྱིའམ། འཚལ་བར་ཡང་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། །བཙུན་པ། དགེ་སློང་གིས་འཕྲིན་པ་ལས་ལྷག་པར་བགྱིས་ན། ལྷག་པོར་བགྱིས་པ་ཞེས་ Na266b བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་དེ་ལྷག་པོར་བྱས་ནའང་ལྷག་པོར་མ་བྱས་པ་ཞེས་བྱའོ། །བཙུན་པ། དགེ་སློང་གིས་སྨྱོན་པ་ཞིག་ལས་ལྷག་པོར་བགྱིས་ན། ལྷག་པོར་བགྱིས་པ་ཞེས་བགྱིའམ། ལྷག་པོར་མ་བགྱིས་པ་ཞེས་བགྱི། ལྷག་པོར་མ་བྱས་པ་ཞེས་བྱའོ། །དེ་བཞིན་དུ་དགེ་སློང་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ཀྱི་དྲུང་དུ་ལྷག་པོར་བགྱིས་ན། ལྷག་པར་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་སློང་གིས་མ་ནིང་ལས་ལྷག་པོར་བགྱིས་ན། ལྷག་པོར་བགྱི་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་དགེ་སློང་མ་སུན་བྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། སྔར་ཉེས་པ་བྱུང་བ་དང ། སྡར་འཁྲུགས་པ་རྣམས་ལས་ལྷག་པོར་བགྱིས་ན། ལྷག་པོར་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། དེ་ནི། མ་ཡིན་ནོ། །བཙུན་པ། དགེ་སློང་གིས་དགེ་སློང་ཟ་མ་ལས་ལྷག་པོར་བགྱིས་ན། ལྷག་པོར་བགྱིས་པ་ཞེས་བགྱིའམ། ལྷག་པོར་བྱས་པ་ཞེས་མི་བྱ་སྟེ། ལྷག་པོར་བྱེད་པ་ཉིད་ཤིན་ཏུ་འདས་པ་དང་བཅས་པའོ། །བཙུན་པ། དགེ་ Na267a ༄#། །སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་ལས། ལྷག་པོར་བགྱིས་ན། ལྷག་པོར་བགྱིས་པ་ཞེས་བགྱིའམ། ལྷག་པོར་མ་བགྱིས་པ་ཞེས་བགྱི། ཨུ་པ་ལི། ལྷག་པོར་བྱས་པ་ཞེས་མི་བྱ་སྟེ། ལྷག་པོར་བྱེད་པ་ནི། ཤིན་ཏུ་འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ། བསླབ་པ་སྩལ་པས་ལྷག་པོར་མ་བགྱིས་པའི་བཟའ་བ་དང ། བཅའ་བ་འཚལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་ཟས་འཚལ་ཏེ་སྤངས་པའི་འོག་ཏུ་བཟའ་བ་དང ། བཅའ་བ་འཚལ་ན། ཅིར་འགྱུར། ལྟུང་བའོ། བཙུན་པ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཀྱིས་ལྷག་པོར་མ་བགྱིས་པའི་བཟའ་བ་དང ། བཅའ་བ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། སྐད་དང་ལུས་དང་དབེན་དེ་བཞིན། །ཟས་དང་མི་རུང་བ་དག་དང ། །མཚན་དང་བཞི་པ་དེ་བཞིན་ཏེ། །དགེ་འདུན་དབྱེན་དང་དགེ་སློང་མའོ། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གིས་འཚལ་མ་འཚལ་ལགས་ཏེ་སྤངས་པར་འཚལ་བཞིན་དུ་ལྷག་པོར་མ་བགྱིས་པའི་ཟས་དུས་ཀྱིས་སྟོབ་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་དགེ་སློང་ལ་ལྷག་པོར་མ་བགྱིས་པའི་བཅའ་བ་དང ། བཟའ་བ་བསྟབས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། Na267b ཅིར་འགྱུར། ཉེས་བྱས་སོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་བསྟབས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་བསྟབས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་བསྟབས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལུས་ཀྱི་དམིགས་པས་དགེ་སློང་ལ་ལྷག་པར་མ་བགྱིས་པའི་བཅའ་བ་དང ། བཟའ་བ་རྣམས་བསྟབས་ན། ཅིར་འགྱུར་ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མི་དབེན་པ་ལ་དབེན་པར་འདུ་ཤེས་ཏེ་ལྷག་པོར་མ་བགྱིས་པའི་བཅའ་བ་དང ། བཟའ་བ་རྣམས་བསྟབས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཟས་མ་གཏོགས་པར་དེ་ལས་གཞན་པའི་བཅའ་བ་དང ། བཏུང་བ་དང ། གཞིབ་པ་དང ། བལྡག་པ་ལ་སོགས་པ་དུས་ཀྱིས་སྟོབ་ན། ཅིར་འགྱུར། ལྟུང་བའོ། བཙུན་པ། དགེ་སློང་གིས་ཟས་འཚལ་ལགས་པར་འཚལ་བཞིན་དུ་མི་རུང་བ་བཞག་པའི་བཅའ་བ་དང ། བཟའ་བ་རྣམས་དུས་ཀྱི་བསྟབས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཟས་འཚལ་ལགས་པར་འཚལ་བཞིན་དུ་ལྷག་པོར་མ་བགྱིས་པའི་བཅའ་བ་དང ། བཟའ་བ་རྣམས་དུས་ཀྱིས་སྟོབ་པ་ན། མཚན་དངོས་ཏེ་དགེ་སློང་མ་འགྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དགེ་སློང་མ་ཞིག་ཟས་འཚལ་ Na268a ༄#། །ལགས་པར་འཚལ་བཞིན་དུ་ལྷག་པོར་མ་བགྱིས་པའི་བཅའ་བ་དང ། བཟའ་བ་རྣམས་དུས་ཀྱིས་སྟོབ་པ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་དུས་ཀྱིས་བསྟབས་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་བསྟབས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་བསྟབས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་བསྟབས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་ཞིག་ཟས་འཚལ་ལགས་པར་འཚལ་བཞིན་དུ་སྤངས་པ་ལས་སྤངས་པར་འདུ་ཤེས་ཏེ་ཤིན་ཏུ་བསྟབས་ན། ཅིར་འགྱུར། ལྟུང་བའོ། །སྤངས་པ་ལ་མ་སྤངས་པར་འདུ་ཤེས་ཏེ་བསྟབས་ན། ཅིར་འགྱུར། ཉེས་པ་མེད་དོ། །མ་སྤངས་པ་ལ་སྤངས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །མ་སྤངས་པ་ལ་མ་སྤངས་པར་འདུ་ཤེས་ཏེ་བསྟབས་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་ཟ་མ་དང ། མ་ནིང་ཟས་འཚལ་ལགས་ཏེ་སྤངས་པ་ལ་བཅའ་བ་དང ། བཟའ་བ་ཤིན་ཏུ་བསྟབས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། སྔར་ཉེས་པ་བྱུང་བ་ Na268b རྣམས་ལ་དུས་ཀྱིས་བསྟབས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་ཀྱིས་ཟས་འཚལ་ཏེ་སྤངས་པ་ལ་དུས་ཀྱིས་བསྟབས་ན། ཅིར་འགྱུར། ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཟས་འཚལ་ལགས་ཏེ་སྤངས་པར་འཚལ་བཞིན་དུ་དུས་ཀྱིས་བསྟབས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དགེ་སློང་མ་དང ། དགེ་ཚུལ་དང ། དགེ་ཚུལ་ཕ་ལ་ལྷག་པོར་མ་བགྱིས་པས་ཤིན་ཏུ་བསྟབས་ན། ཅིར་འགྱུར། ཉེས་བྱས་སོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་ལ་ཡང་ཉེས་བྱས་ཏེ། གཅིག་ལ་གཅིག་རྒྱས་པར་སྦྱར་བར་བྱའོ། །བཙུན་པ། བསླབ་པ་སྩལ་པའི་དགེ་སློང་ཞིག་ཟས་འཚལ་ལགས་ཏེ་སྤངས་པ་ལ་ལྷག་པོར་མ་བགྱིས་པའི་བཟའ་བ་དང ། བཅའ་བ་དུས་ཀྱིས་བསྟབས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་ལོང་མས་ཟས་འཚལ་ཏེ་སྤངས་པར་འཚལ་བཞིན་དུ་བཟའ་བ་དང ། བཅའ་བ་རྣམ་པ་ལྔ་དུས་ཀྱིས་བསྟབས་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། ར་རོ་བ་དང་མྱོས་པ་དང ། སྙོམས་ཞུགས་འགྲོ་བ་ཐ་མའོ། །བཙུན་པ། དགེ་སློང་གིས་དགེ་སློང་ཞིག་ཟས་འཚལ་ཏེ་སྤངས་པར་འཚལ་བཞིན་དུ་ལྟག་པོར་མ་བགྱིས་པའི་བཅའ་བ་དང ། བཟའ་བ་ Na269a ༄#། །རྣམས་འཕྲིན་པ་ལ་དུས་ཀྱིས་བསྟབས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་དང ། སྨྱོན་པ་དང ། སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པའི་དགེ་སློང་ལ་ལྷག་པོར་མ་བྱས་པའི་བཅའ་བ་དང ། བཟའ་བ་དུས་ཀྱིས་བསྟབས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། སྔགས་དང་ནམ་མཁའ་མཚན་རྣམས་དང ། མི་རུང་དུས་དང་བཟའ་བ་དང ། །དེ་ཉིད་དང་ནི་གཞན་དུ་དང ། ། མང་པོ་མཚན་དང་བཞི་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གང་དུས་ལ་བབ་པ་མ་གཏོགས་པར་མང་པོ་འདུས་ཤིང་ཟ་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་སྔགས་དང ། སྨན་གྱིས་བདག་མི་སྣང་བར་བགྱིས་ཏེ་མང་པོ་འདུས་པར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དགེ་སློང་གིས་ནམ་མཁའ་ལ་མཆིས་ཏེ་ཟས་དོགས་ལ་མཆིས་པ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དོག་ས་ལ་མཆིས་ཏེ་ཟས་ནམ་མཁའ་ལ་མཆིས་པར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མཚམས་ཀྱི་སླད་རོལ་ན་མཆིས་ཏེ་ཟས་མཚམས་ཀྱི་ནང་ན་མཆིས་པ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མཚམས་ཀྱི་ནང་ན་མཆིས་ཏེ་ཟས་མཚམས་ཀྱི་སླད་རོལ་ན་མཆིས་པ་འཚལ་ Na269b ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཟས་མི་རུང་བ་མང་པོ་འདུས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མང་པོ་འདུས་ཤིང་ཟས་འཚལ་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དུས་དྲུག་ལས་གང་ཡང་རུང་བའི་དུས་ཤིག་བྱུང་བར་འགྱུར་བའོ། །བཙུན་པ། དགེ་སློང་གིས་ཟས་མ་གཏོགས་པར་དེ་ལས་གཞན་པའི་བཟའ་བ་དང ། བཏུང་བ་དང ། གཞིབ་པ་དང ། བལྡག་པ་རྣམས་མང་པོ་འདུས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མཚམས་ཀྱི་སླད་རོལ་ནས་གཞན་ཞིག་གིས་ཟས་བླངས་ཏེ་མཚམས་ཀྱི་ནང་དུ་མཆིས་ནས་མང་པོ་འདུས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མཚམས་ཀྱི་ནང་ནས་ཟས་ཤིག་བླངས་ཏེ་གཞན་དུ་མཆིས་ནས་མང་པོ་འདུས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། ། བཙུན་པ། མཚམས་གཅིག་ནས་གཅིག་པའི་དགེ་སློང་མང་པོ་ཞིག་སོ་སོར་འདུས་ཏེ་འཚལ་ཡང་ལྷུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དེ་སྟེ་གནས་གསུམ་གསུམ་འདུས་ཏེ་ཟོས་ཀྱི། བཞིར་མཚང་བའོ། ། བཙུན་པ། དགེ་སློང་མང་པོ་འདུས་ཏེ་ཟས་འཚལ་བ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མ་མང་དུ་འདུས་ཏེ་ཟས་འཚལ་བ་ན། མཚན་འཕོས་ཏེ་དགེ་སློང་ཕར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་མཚམས་ཀྱི་ནང་ལ་མཚམས་ཀྱི་ནང་དུ་འདུ་ཤེས་ཏེ་མང་པོ་འདུས་ཤིང་ཟས་འཚལ་ན། ཅིར་འགྱུར། ལྟུང་བའོ། །མཚམས་ཀྱི་ནང་ལ་མཚམས་ཀྱི་ཕྱི་རོལ་ཏུ་འདུ་ཤེས་ Na270a ༄#། །ཏེ་ཟོས་ན། ཉེས་པ་མེད་དོ། །མཚམས་ཀྱི་ཕྱི་རོལ་ལ་མཚམས་ཀྱི་ནང་དུ་འདུ་ཤེས་ཏེ་ཟོས་ན། ཉེས་བྱས་སོ། །མཚམས་ཀྱི་ཕྱི་རོལ་ལ་མཚམས་ཀྱི་ཕྱི་རོལ་ཏུ་འདུ་ཤེས་ཏེ་ཟོས་ན། ཉེས་པ་མེད་དོ། །མདོར་ན། སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་གླེན་པ་དང ། མ་ནིང་འགྲོ་བ་དེ་བཞིན་ཏེ། མང་པོ་འདུས་སྨད་དགེ་སློང་མའོ། །བཙུན་པ། དགེ་སློང་གིས་སྨྱོན་པས་མང་པོའི་གྲངས་སུ་བསྐངས་ཏེ་ལྷན་ཅིག་མཚམས་ཀྱི་ནང་དུ་མང་པོ་འདུས་ནས་ཟས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། འོན་པ་དང ། གླེན་པ་ཡང་དེ་བཞིན་ནོ། །བཙུན་པ། དགེ་སློང་གིས་ཟ་མ་དང ། མ་ནིང་གིས་མང་པོའི་གྲངས་སུ་བསྐངས་ཏེ་ལྷན་ཅིག་མཚམས་ཀྱི་ནང་དུ་མང་པོ་འདུས་ཤིང་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། སྔར་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་རྣམས་ཀྱིས་མང་པོའི་གྲངས་སུ་བསྐངས་ཏེ་མཚམས་ཀྱི་ནང་དུ་ལྷན་ཅིག་ཏུ་མང་པོ་འདུས་ཤིང་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་ Na270b དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་ཀྱིས་མང་པོའི་གྲངས་སུ་བསྐངས་ཏེ་ལྷན་ཅིག་མང་པོ་འདུས་ཤིང་འཚལ་ན། ཅིར་འགྱུར། ཐམས་ཅད་ལྟུང་བོར་འགྱུར་རོ། །བཙུན་པ། དགེ་སློང་གིས་འགྲོ་བ་གཞན་དུ་གནས་པའི་དགེ་སློང་གིས་མང་པོའི་གྲངས་སུ་བསྐངས་ཏེ་ལྷན་ཅིག་མཚམས་ཀྱི་ནང་དུ་མང་པོ་འདུས་ཤིང་ཟས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཀྱིས་མང་པོའི་གྲངས་སུ་བསྐངས་ཏེ་ལྷན་ཅིག་མཚམས་ཀྱི་ནང་དུ་མང་པོ་འདུས་ཤིང་ཟས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མང་པོ་འདུས་ཏེ་ཟས་འཚལ་ཡང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དེ་ཡང་འདི་ལྟར་གནས་དེ་ཉིད་དུ་ཟས་ནར་མར་གྱུར་ཏམ། ཟས་ཕན་ཚུན་དུ་བསྐུར་བར་གྱུར་བའོ། །བཙུན་པ། དགེ་སློང་གིས་དབེན་པ་ལ་མང་པོར་འདུ་ཤེས་ཏེ་ཟས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་པས་མང་པོ་འདུས་ཤིང་ཟས་འཚལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་མང་པོ་འདུས་ཤིང་འཚལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཀྱིས་མང་པོར་འདུས་ཤིང་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། ལྷ་ཟས་བཞི་པ་དེ་བཞིན་ཏེ། གླིང་དང་ལྷ་དང་མཚན་རྣམས་དང ། །ཁ་ཟས་མ་ Na271a ༄#། །ཡིན་ཉེས་པ་དང ། །ངན་པ་དག་དང་དགེ་སློང་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དུས་མ་ལགས་པར་བཅའ་བ་དང ། བཟའ་བ་རྣམས་འཆོས་སམ། འཚལ་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་དུས་མ་ལགས་པར་ཟས་འཚལ་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ལྷའི་ཟས་ཟོས་པའོ། །བཙུན་པ། ལྷའི་ཟས་ཀྱི་རང་བཞིན་ཇི་ལྟ་བུ། ཨུ་པ་ལི། མར་གྱི་རང་བཞིན་ལྟ་བུའོ། །བཙུན་པ། དགེ་སློང་གིས་དུས་མ་ལགས་པར་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། ལྟུང་བའོ། །དུས་མ་ལགས་པ་ལ་དུས་སུ་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། ཉེས་པ་མེད་དོ། །དུས་ལ་དུས་མ་ལགས་པར་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དུས་ལ་དུས་སུ་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། ཉེས་པ་མེད་དོ། །ཟས་ལ་ཟས་སུ་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། ལྟུང་བའོ། །ཟས་ལ་ཟས་མ་ལགས་པར་འདུ་ཤེས་ཏེ་ཟོས་ན། ཉེས་པ་མེད་དོ། །ཟས་མ་ལགས་པ་ལ་ཟས་སུ་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །ཟས་མ་ལགས་པ་ལ་ཟས་མ་ལགས་པར་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་དུས་མ་ལགས་པར་བཅའ་བ་དང ། བཟའ་བ་རྣམས་འཆོས་ཀྱང་ནོངས་པར་མི་འགྱུར་བ་མཆིས་ Na271b སམ།་ཨུ་པ་ལི། ཡོད་དེ། གླིང་གསུམ་དང་ལྷའི་གནས་སུ་ཡང་འཛམ་བུའི་གླིང་གི་དུས་སུ་ཟོས་པའོ། །བཙུན་པ། དགེ་སློང་གིས་དུས་མ་ལགས་པར་བཅའ་བ་དང ། བཟའ་བ་རྣམས་འཚལ་བ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་དུས་མ་ལགས་པར་བཅའ་བ་དང ། བཟའ་བ་རྣམས་འཚལ་བ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར།་ལྟུང་བའོ། །བཙུན་པ། དགེ་སློང་གིས་དུས་མ་ལགས་པར་བཅའ་བ་དང ། བཟའ་བ་རྣམས་འཚལ་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཟས་དང་བཅས་པའི་བཅའ་བ་དང ། བཟའ་བ་རྣམས་མ་གཏོགས་པར་གང་དེ་ལས་གཞན་པའི་བཟའ་བ་རྣམས་སྨན་དུ་བྱ་བའི་ཕྱིར་ཡིན་གྱི། ཟས་ཀྱི་ཕྱིར་མ་ཡིན་པའོ། །བཙུན་པ། དགེ་སློང་གིས་སྐད་ཅིག་སྤྱད་པའི་ལྟུང་བས་ལྟུང་བ་བཞིར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། མ་བྱིན་པ་མི་རུང་བ་བཞག་པར་གྱུར་པ་དུས་མ་ཡིན་པར་ཟོས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ནད་པ་ལ་ཟས་ངན་པ་ལ་ཟས་ངན་པ་སྩོལ་ཅིག། ཅེས་གསུངས་པ་དེ་ནི། ཇི་ལྟ་བུ། ཐལ་བ་དང ། ས་དང ། ཚན་བུ་དང ། གཅིན་ནོ། །བཙུན་པ། འདི་ཐམས་ཅད། ཅི་དུས་མ་ལགས་པར་རུང་ངམ། ཚན་བུ་མ་གཏོགས་པར་གཞན་ཐམས་ཅད་ནི། དུས་མ་ཡིན་པར་རུང་ངོ ། །བཙུན་པ། བསླབ་པ་སྩལ་པས་དུས་མ་ལགས་པར་བཅའ་བ་དང ། བཟའ་བ་རྣམས་འཚལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་དུས་མ་ལགས་པར་བཅའ་བ་དང ། Na272a ༄#། །བཟའ་བ་རྣམས་འཚལ་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཀྱིས་དུས་མ་ལགས་པར་བཅའ་བ་དང ། བཟའ་བ་རྣམས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་མ་ནིང་འགྲོ་བ་དང ། །མཚན་དང་བཞི་པ་བཟའ་བ་དང ། །ལྷ་ཟས་གླིང་དང་དགེ་སློང་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གིས་བཞག་པའི་བཅའ་བ་དང ། བཟའ་བ་འཚལ་ན། ལྟུང་བར་འགྱུར་རོ། ། ཞེས་གསུངས་ན། བཙུན་པ། དགེ་སློང་གིས་སྨྱོན་པས་བགྱིས་པའི་བཅའ་བ་དང ། བཟའ་བ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། སོ་སོར་གནས་པ་དང ། སྔར་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་དང ། དེ་བཞིན་དུ་འགྲོ་བ་གཞན་དུ་གནས་པའི་དགེ་སློང་རྣམས་ཀྱིས་བཞག་པར་བྱས་པ་ཟོས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་ Na272b རྣམས་ཀྱིས་བཞག་པར་བགྱིས་པ་འཚལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་བཞག་པའི་བཅའ་བ་དང ། བཟའ་བ་རྣམས་འཚལ་བ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་བཞག་པའི་བཅའ་བ་དང ། བཟའ་བ་རྣམས་འཚལ་བ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་བཞག་པ་ལ་བཞག་པར་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། ལྟུང་བའོ། །བཞག་པ་ལ་མ་བཞག་པར་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། ཉེས་པ་མེད་དོ། །མ་བཞག་པ་ལ་བཞག་པར་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མ་བཞག་པ་ལ་མ་བཞག་པར་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་བཅའ་བ་དང ། བཟའ་བ་མ་གཏོགས་པར་དེ་ལས་གཞན་པའི་སྨན་བཅའ་བ་དང ། བཏུང་བ་དང ། གཞིབ་པ་དང ། བལྡག་པ་དང ། ཐལ་བ་དང ། ལན་ཚཝ་དང ། རྒྱ་སྐྱེགས་དང ། བསྔལ་བ་ལ་སོགས་པ་བཞག་པར་གྱུར་པ་འཚལ་ན།་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཟས་ངན་པ་བཞག་པ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བཞག་པའི་ཟས་འཚལ་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ལྷའི་ཟས་ཟོས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་ཤར་གྱི་ལུས་འཕགས་གླིང་དང ། ནུབ་ཀྱི་བ་ལང་སྤྱོད་དང ། བྱང་གི་སྒྲ་མི་སྙན་ Na273a ༄#། །གྱི་གླིང་རྣམས་ཀྱིས་བཞག་པ་འཚལ་ན། ཅིར་འགྱུར། ཨུ་པ་ལི། གལ་ཏེ་འཛམ་བུའི་གླིང་གི་དུས་སུ་དུས་ལས་འདས་པ་བཞག་པ་ཀུན་ཏུ་སྤྱད་དེ་ཟོས་ན། ལྟུང་བར་འགྱུར་རོ། །འོན་ཏེ་དེ་དག་གི་དུས་སུ་དུས་ལས་འདས་ཏེ་ཟོས་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་དགེ་སློང་མས་བཞག་པ་འཚལ་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། དགེ་སློང་མས་དགེ་སློང་གིས་བཞག་པ་འཚལ་ན། ཅིར་འགྱུར། ཉེས་པ་མེད་དོ། །དགེ་སློང་དང ། དགེ་སློང་མས་བཞག་པ་དགེ་སློབ་མས་ཟོས་ན། ཉེས་པ་མེད་དོ། །བཙུན་པ། བསླབ་པ་སྩལ་པས་བཞག་པའི་བཅའ་བ་དང ། བཟའ་བ་འཚལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་བཞག་པ་འཚལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློབ་མས་བཞག་པ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དགེ་ཚུལ་ཕ་དང ། དགེ་ཚུལ་མ་རྣམས་ཀྱིས་བཞག་པ་ཟོས་ན། ཉེས་པ་མེད་དོ།། །།འདུལ་བ་གཞུང་དམ་པ། བམ་པོ་བཅུ་པ། མདོར་ན། སྨྱོན་པ་བྱིན་ལེན་བཅའ་བ་དང ། །མྱོས་པ་གཉིས་དང་དོན་མེད་དང ། །མཚན་དང་བཞི་པ་གླིང་རྣམས་དང ། །སྤྲུལ་པ་མི་སྣང་འགྲོ་བའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་མ་སྩལ་བར་ཁར་བཅའ་བ་མིད་ན། ཆབ་དང་སོ་ཤིང་མ་གཏོགས་ཏེ་ལྟུང་བར་འགྱུར་རོ། །ཞེས་གསུངས་ན། Na273b བཙུན་པ། དགེ་སློང་གིས་སྨྱོན་པ་ལས་བྱིན་ལེན་བགྱིས་ན། བྱིན་ལེན་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། དེ་སྟེ་གཏོང་བའི་འདུ་ཤེས་དང་ལྡན་ན། བྱིན་ལེན་བྱས་པ་ཞེས་བྱའོ། །གལ་ཏེ་གཏོང་པའི་འདུ་ཤེས་དང་མི་ལྡན་ན། བྱིན་ལེན་མ་བྱས་པ་ཞེས་བྱའོ། །སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། ར་རོ་བ་དང ། མྱོས་པ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། །བཙུན་པ། དགེ་སློང་གིས་བཟའ་བ་དང ། བཅའ་བ་བྱིན་ལེན་མ་བགྱིས་པར་འཚལ་ཡང་ནོངས་པ་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། སྨོད་པའི་སྐྱེ་བོ་མང་པོ་རྣམས་ཀྱིས་བསམ་པ་ཡོངས་སུ་བཏང་ནས་བོར་བ་རུང་བར་བྱས་པ་ཟོས་པའོ། །བཙུན་པ། དགེ་སློང་གིས་བྱིན་ལེན་བགྱིས་པའི་བཅའ་བ་དང ། བཟའ་བ་རྣམས་འཚལ་ན། ནོངས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། གཞན་དུ་འདུ་ཤེས་ཏེ་བྱིན་ལེན་བྱས་ནས་ཟོས་པའོ། །བཙུན་པ། དགེ་སློང་གིས་བཅའ་བ་དང ། བཟའ་བ་མ་གཏོགས་པར་དེ་ལས་གཞན་པའི་སྨན་བཅའ་བ་དང ། བཏུང་བ་དང ། གཞིབ་པ་དང ། བལྡག་པ་དང ། ཐལ་བ་དང ། ལན་ཚཝ་དང ། སྦྲང་རྩི་དང ། བསྔལ་བ་ལ་སོགས་པ་བྱིན་ལེན་མ་བགྱིས་པར་འཚལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་ཟས་ངན་པ་བྱིན་ལེན་མ་བགྱིས་པར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལྷུང་བཟེད་དུ་མྱོས་པ་ཞིག་གིས་བཅའ་བ་དང ། བཟའ་བ་བླུགས་ན། བྱིན་ལེན་བྱས་པ་ཞེས་ Na274a ༄#། །བགྱིའམ། ཨུ་པ་ལི། མི་རུང་གི། བྱིན་ལེན་ཕྱིས་གྱིས་ཤིག་།བཙུན་པ། དགེ་སློང་གཉིས་སམ། མང་ཡང་རུང་སྟེ། སྦྱོར་བ་གཅིག་གིས་བྱིན་ལེན་བགྱིད་དུ་སྩལ་ན། བྱིན་ལེན་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱིན་ལེན་བྱས་པ་ཞེས་བྱའོ། །བཙུན་པ། དགེ་སློང་གིས་འདོད་པར་མ་བསམ་པར་བྱིན་ལེན་བགྱིས་ན། བྱིན་ལེན་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མི་འདོད་པ་ལ་བྱིན་ལེན་མེད་ཀྱི། ཕྱིས་ཡང་བྱིན་ལེན་བྱོས་ཤིག་།བཙུན་པ། དགེ་སློང་གིས་བཟའ་བ་དང ། བཅའ་བ་བྱིན་ལེན་མ་བགྱིས་པར་འཚལ་བ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་བཟའ་བ་དང ། བཅའ་བ་བྱིན་ལེན་མ་བགྱིས་པར་འཚལ་བ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་བཟའ་བ་དང ། བཅའ་བ་བྱིན་ལེན་མ་བགྱིས་པ་ལ་བྱིན་ལེན་མ་བགྱིས་པར་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། ལྟུང་བའོ། །བྱིན་ལེན་མ་བགྱིས་པ་ལ་བྱིན་ལེན་བགྱིས་པར་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། ཉེས་པ་མེད་དོ། །བྱིན་ལེན་བགྱིས་པ་ལ་བྱིན་ལེན་མ་བགྱིས་པར་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བྱིན་ལེན་བགྱིས་པ་ལ་བྱིན་ལེན་བགྱིས་པར་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། བྱང་གི་སྒྲ་མི་སྙན་གྱི་གླིང་དུ་བྱིན་ Na274b ལེན་མ་བགྱིས་པར་འཚལ་བར་བགྱིའམ། མི་འཚལ་བར་བགྱི། ཨུ་པ་ལི། བཟའ་བར་བྱའོ། །བཙུན་པ། དེ་ལས་གཞན་པའི་གླིང་དུ་བྱིན་ལེན་མ་བགྱིས་པར་འཚལ་བར་བགྱིའམ། ཨུ་པ་ལི།་མ་ཡིན་ནོ། །བཙུན་པ། དགེ་སློང་སྤྲུལ་པ་སེམས་ཅན་གྱི་གྲངས་སུ་མི་གཏོགས་པར་རུང་བར་བགྱིད་པས་བྱིན་ལེན་བགྱིས་ན། བྱིན་ལེན་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། ཕྱིས་བྱིན་ལེན་བྱའོ། །བཙུན་པ། དགེ་སློང་རུང་བར་བགྱིད་པ་མི་གདའ་བཞིན་དུ་བྱིན་ལེན་བགྱིད་དུ་སྩལ་ན། བྱིན་ལེན་བགྱིས་པ་ཞེས་བགྱིའམ། བྱིན་ལེན་བྱས་པ་ཞེས་བྱ་མོད་ཀྱི། ཉེས་བྱས་སུ་འགྱུར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་འགྲོ་བ་གཞན་དུ་གནས་པ་རྣམས་ལས་བྱིན་ལེན་བྱོས་ཤིག་ཅེས་གསུངས་ན། བཙུན་པ། ཇི་ལྟ་བུའི་འགྲོ་བ་གཞན་དུ་གནས་པ་རྣམས་ལས་བྱིན་ལེན་བགྱི། ཨུ་པ་ལི། གང་ལ་འབུལ་བར་སྣང་ཞིང་ཡོངས་སུ་གཏོང་བའི་འདུ་ཤེས་དང་ཡང་ལྡན་ན། བྱིན་ལེན་བྱས་ལ་བཟའ་བར་བྱའོ། །བཙུན་པ། བསླབ་པ་སྩལ་པས་བྱིན་ལེན་མ་བགྱིས་པར་འཚལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་བྱིན་ལེན་མ་བགྱིས་པར་འཚལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་བྱིན་ལེན་མ་བགྱིས་པར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་ཚུལ་མ་དང ། དགེ་ཚུལ་ཕས་བྱིན་ལེན་མ་བགྱིས་པར་འཚལ་ན། ཅིར་འགྱུར། ཉེས་པ་མེད་དོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང་།། Na275a ༄#། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། ། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་བདག་གི་སླད་དུ་བྲོ་མ་འཚལ་བར་རིགས་གཞན་ལས་བསོད་པའི་ཟས་ཤིག་བསླངས་ཏེ་འཚལ་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་བསོད་པའི་ཟས་འཕྲིན་གྱིས་བསླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང།་ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་ཅིང་བསླངས་ཏེ་ཟོས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་སྨྱོན་པ་ལས་བསོད་པའི་ཟས་ཤིག་བསླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ལས་བསོད་པའི་ཟས་ཤིག་བསླངས་ཏེ་ཟོས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། སྐད་དང་ལུས་དང་དབེན་པ་དང ། །གཞན་གྱི་ཕྱིར་དང་མི་རུང་དང ། །མཚན་དང་བཞི་པ་གཉེན་པ་དག་།བསོད་པ་བདུན་ལ་དེ་བཞིན་ཏེ། །ཁྱིམ་པ་དག་ལ་སོགས་པ་དང ། །བསླབ་པ་བྱིན་དང་དགེ་སློང་མའོ། །བཙུན་པ། དགེ་སློང་འཕགས་པས་ Na275b འཕགས་པའི་སྐད་དུ་བསོད་པའི་ཟས་བསླངས་པ་དང ། ཁྱིམ་བདག་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་བསོད་པའི་ཟས་བསླངས་པ་དང ། ཁྱིམ་བདག་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་བསོད་པའི་ཟས་བསླངས་པ་དང ། ཁྱིམ་བདག་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་བསོད་པའི་ཟས་བསླངས་པ་དང ། ཁྱིམ་བདག་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལུས་ཀྱི་དམིགས་པས་བསོད་པའི་ཟས་བསླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དབེན་པ་ལ་མི་དབེན་པར་འདུ་ཤེས་ཏེ་བསོད་པའི་ཟས་བསླངས་ནས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཞན་གྱི་སླད་དུ་བསོད་པའི་ཟས་བསླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཤ་དང།་འོ་མ་མི་རུང་བ་བསླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསོད་པའི་ཟས་བསླངས་ཏེ་འཚལ་བ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། སོ་སོར་བཤགས་པར་བྱའོ། །བཙུན་པ། དགེ་སློང་མས་བསོད་པའི་ཟས་བསླངས་ཏེ་འཚལ་བ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་མི་ལ་མིར་ Na276a ༄#། །འདུ་ཤེས་ནས་བསོད་པའི་ཟས་བསླངས་ཏེ་འཚལ་ན། ཅིར་འགྱུར། ལྟུང་བའོ། །མི་ལ་མི་མ་ལགས་པར་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ནས་བསླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ནས་བསླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཟས་བསོད་པ་ལ་བསོད་པར་འདུ་ཤེས་ཏེ་བསླངས་ནས་འཚལ་ན། ཅིར་འགྱུར། ལྟུང་བའོ། །བསོད་པ་ལ་མི་བསོད་པར་འདུ་ཤེས་ཏེ་བསླངས་ནས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མི་བསོད་པ་ལ་བསོད་པར་འདུ་ཤེས་ནས་བསླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མི་བསོད་པ་ལ་མི་བསོད་པར་འདུ་ཤེས་ནས་བསླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བྲོ་མ་འཚལ་བ་ན་བསླངས་ལ་བྲོ་མ་འཚལ་བ་ལ་འཚལ་ན། ཅིར་འགྱུར། ལྟུང་བའོ། །བྲོ་མ་འཚལ་བ་ན་བསླངས་ལ་བྲོ་འཚལ་བ་ན། ཅིར་འགྱུར། ཉེས་བྱས་སོ། །བྲོ་འཚལ་བ་ན་བསླངས་ལ་བྲོ་མ་འཚལ་བར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བྲོ་འཚལ་བ་ན་བསླངས་ལ་བྲོ་འཚལ་བ་ན་འཚལ་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གཉེན་ལས་བསོད་པའི་ཟས་བསླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་བསོད་པའི་ཟས་མ་གཏོགས་པར་དེ་ལས་གཞན་པ་བཅའ་བ་དང ། བཏུང་བ་དང ། བཞིབ་པ་དང ། བལྡག་པ་ལ་སོགས་པ་བསླངས་ཏེ་འཚལ་ Na276b ན།་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསྙེན་པར་མ་རྫོགས་པ་ན་བསོད་པའི་ཟས་བསླངས་ལ་བསྙེན་པར་མ་རྫོགས་པ་ན་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བསླངས་ལ་བསྙེན་པར་རྫོགས་ཀར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བསླངས་ལ་བསྙེན་པར་རྫོགས་ནས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ལ་བསྙེན་པར་རྫོགས་ཀར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ལ་བསྙེན་པར་རྫོགས་ནས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་བསླངས་ལ་བསྙེན་པར་རྫོགས་པ་ན་འཚལ་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་བསླངས་ལ་བསྙེན་པར་མ་རྫོགས་པ་ན་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཁྱིམ་པ་བསོད་པའི་ཟས་ཤིག་སློང་དུ་སྩལ་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་བསད་པ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་པ་དང ། སོ་སོར་གནས་པ་དང ། མི་གནས་པ་དང ། སྔར་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་བ་དང ། དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ Na277a ༄#། །ལས་བསླངས་ཏེ་འཚལ་ན། ཅིར་འགྱུར། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། བསླབ་པ་སྩལ་པས་བསོད་པའི་ཟས་བསླངས་ཏེ་འཚལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་བསོད་པའི་ཟས་བསླངས་ཏེ་འཚལ་ན། ཅིར་འགྱུར། བཤགས་པར་བྱའོ། །བཙུན་པ། དགེ་སློང་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕས་བསོད་པའི་ཟས་བསླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །སྲོག་ཆགས་དང་བཅས་པའི་ཆུ་ལྟུང་བར་བཤད་པ་ཡང་རྒྱས་པར་བརྗོད་པར་བྱའོ། །མདོར་ན། དབེན་པ་དང་ནི་ནམ་མཁའ་སྔགས།། མཚན་དང་བཞི་པ་མ་ནིང་དང ། །མ་ནིང་མོ་དང་གཡོགས་པ་དང ། །གཞོན་ནུ་མ་དང་དགེ་སྦྱོང་ངོ ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་འཚལ་བཞིན་དུ་སྨེན་ངན་དང་བཅས་པའི་གྲོང་དུ་ནན་གྱིས་མཆིས་པར་བགྱིད་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་འཚལ་བཞིན་དུ་སྨེན་ངན་དང་བཅས་པའི་གྲོང་དབེན་པ་ལ་དབེན་པར་འདུ་ཤེས་ཏེ་ནན་གྱིས་མཆིས་པར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་འཚལ་བཞིན་དུ་སྨེན་ངན་དང་བཅས་པའི་གྲོང་དུ་ནམ་མཁའ་ལ་ནན་གྱིས་མཆིས་པར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་འཚལ་བཞིན་དུ་སྨེན་ངན་དང་བཅས་པའི་གྲོང་དུ་སྔགས་ Na277b སམ། སྨན་གྱིས་བདག་མི་སྣང་བར་བསྒྱུར་ཏེ་མཆིས་པར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་འཚལ་བཞིན་དུ་སྨེན་ངན་དང་བཅས་པའི་གྲོང་དུ་ནན་གྱིས་མཆིས་པར་བགྱིད་པ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་འཚལ་བཞིན་དུ་སྨེན་ངན་དང་བཅས་པའི་གྲོང་དུ་ནན་གྱིས་མཆིས་པར་བགྱིད་པ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་གྲོང་དུ་མི་ལ་མིར་འདུ་ཤེས་ཏེ་ནན་གྱིས་མཆིས་པར་བགྱིད་ན། ཅིར་འགྱུར། ལྟུང་བའོ། །མི་ལ་མི་མ་ལགས་པར་འདུ་ཤེས་ཏེ་ནན་གྱིས་མཆིས་པར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ཏེ་མཆིས་པར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ཏེ་ནན་གྱིས་མཆིས་པར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་སྨེན་ངན་ལ་སྨེན་ངན་དུ་འདུ་ཤེས་ན། ཅིར་འགྱུར། ལྟུང་བའོ། །སྨེན་ངན་ལ་སྨེན་ངན་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་པ་མེད་དོ། །སྨེན་ངན་མ་ལགས་པ་ལ་སྨེན་ངན་དུ་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །སྨེན་ངན་མ་ལགས་པ་ལ་སྨེན་ངན་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་འཚལ་བཞིན་དུ་མ་ནིང་གི་གྲོང་དུ་སྨེན་ངན་དང་བཅས་པར་ནན་གྱིས་མཆིས་པར་བགྱིད་ན། ཅིར་འགྱུར། ཉེས་ Na278a ༄#། །བྱས་སོ། །བཙུན་པ། དགེ་སློང་གིས་མ་ནིང་དང་ལྷན་ཅིག་ཏུ་ནན་གྱིས་མཆིས་པར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་སྨེན་ངན་དང་བཅས་པའི་གྲོང་དུ་སྐྱབས་སུ་མཆིས་པར་ནན་གྱིས་མཆིས་པར་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་དག་གིས་གཞོན་ནུ་བག་མར་མཆིས་ལགས་པའི་དྲུང་དུ་ནན་གྱིས་མཆིས་པར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་འཚལ་བཞིན་དུ་སྨེན་ངན་དང་བཅས་པའི་གྲོང་དུ་ཐོས་པ་ཙམ་གྱི་ཉེ་འཁོར་དུ་སྤངས་ཏེ་ནན་ཏན་གྱིས་མཆིས་པར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། །བཙུན་པ།་དགེ་སློང་གིས་སྨྱོན་པའི་གྲོང་དུ་ནན་གྱིས་མཆིས་པར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་དང་ལྷན་ཅིག་ཏུ་ནན་གྱིས་འདུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། བསླབ་པ་སྩལ་བས་འཚལ་བཞིན་དུ་སྨེན་ངན་དང་བཅས་པའི་གྲོང་དུ་ནན་གྱིས་མཆིས་པར་བགྱིད་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་འཚལ་བཞིན་ Na278b དུ་སྨེན་ངན་དང་བཅས་པའི་གྲོང་དུ་ནན་གྱིས་མཆིས་པར་བགྱིས་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕས་འཚལ་བཞིན་དུ་སྨེན་ངན་དང་བཅས་པའི་གྲོང་དུ་འདུག་པར་བགྱིད་པའི་ལེའུ་བཞིན་དུ་སྨེན་ངན་དང་བཅས་པར་གབ་སྟེ་འདུག་པ་ཡང་བརྗོད་པར་བྱའོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག ། སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ།་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གཅེར་བུ་པའམ། གཅེར་བུ་མའམ། ཀུན་ཏུ་རྒྱུ་བའམ། ཀུན་ཏུ་རྒྱུ་བ་མོ་ཡང་རུང་སྟེ། རང་གི་སུག་པ་ནས་བཅའ་བ་དང ། བཟའ་བ་སྩལ་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་འཕྲིན་གྱིས་གཅེར་བུ་པའམ། གཅེར་བུ་མའམ། ཀུན་ཏུ་རྒྱུ་བ་ཕོའམ། ཀུན་ཏུ་རྒྱུ་བ་མོ་ཡང་རུང་སྟེ། རང་གི་ལག་གིས་བཅའ་བ་དང ། བཟའ་བ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་དེ་བྱིན་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་གཅེར་བུ་པ་ཡང་རུང ། གཅེར་བུ་མ་ཡང་རུང ། ཀུན་ཏུ་རྒྱུ་ཕོའམ། ཀུན་ཏུ་རྒྱུ་བ་མོ་ཡང་རུང་སྟེ། སྨྱོན་པ་ལ་རང་གི་སུག་པ་ནས་བཅའ་བ་དང ། བཟའ་བ་སྩལ་ན། ཅིར་འགྱུར། ཉེས་བྱས་ Na279a ༄#། །སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ཀྱིས་གཅེར་བུ་པ་དང ། གཅེར་བུ་མ་དང ། ཀུན་ཏུ་རྒྱུ་བའམ། ཀུན་ཏུ་རྒྱུ་བ་མོ་ཡང་རུང་བ་ལ་བཅའ་བ་དང ། བཟའ་བ་བྱིན་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། མི་རུང་ཟས་དང་གཅེར་བུ་པ། །སྣོད་དང་མཚན་དང་བདུན་པ་དང ། །བཞི་པ་དག་དང་སྔགས་རྣམས་དང ། །གཞན་གྱིས་གཞན་གྱི་མ་ནིང་ངོ ། ། བཙུན་པ། དགེ་སློང་གིས་གཅེར་བུ་པའམ། ཀུན་ཏུ་རྒྱུ་བ་ཕོ་ཡང་རུང་སྟེ། བཅའ་བ་དང ། བཟའ་བ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བཟའ་བ་མ་གཏོགས་པར་དེ་ལས་གཞན་པའི་བཅའ་བ་དང ། བཏུང་བ་དང ། གཞིབ་པ་དང ། བལྡག་པ་ལ་སོགས་པ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཅེར་བུ་པའམ། ཀུན་ཏུ་རྒྱུ་བ་མ་གཏོགས་པར་དེ་ལས་གཞན་པ་དགེ་སྦྱོང་དང ། བྲམ་ཟེ་རྣམས་ལ་རང་གི་སུག་པ་ནས་བཅའ་བ་དང ། བཟའ་བ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཅེར་བུ་པའམ། ཀུན་ཏུ་རྒྱུ་བ་ཡང་རུང ། དེ་ལ་བཅའ་བ་དང ། བཟའ་བ་སྩལ་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། སྣོད་ས་ལ་བཞག་ནས་བླུགས་ཏེ་བྱིན་པ་དང ། Na279b སྡིག་པར་ལྟ་བ་དེ་ལས་བྲལ་བར་འདོད་པ་དང ། གཉེན་ལ་བྱིན་པའོ། །བཙུན་པ། དགེ་སློང་གིས་གཅེར་བུ་པའམ། ཀུན་ཏུ་རྒྱུ་བ་ལ་རང་གི་སུག་པ་ནས་བཅའ་བ་དང ། བཟའ་བ་སྩལ་བ་ན། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་གཅེར་བུ་པའམ། ཀུན་ཏུ་རྒྱུ་བ་ལ་རང་གི་སུག་པ་ནས་བཅའ་བ་དང ། བཟའ་བ་སྩོལ་བ་ན། མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། བསྙེན་པར་མ་རྫོགས་པ་ན་གཅེར་བུ་པའམ། ཀུན་ཏུ་རྒྱུ་བ་ལ་བཅའ་བ་དང ། བཟའ་བ་རང་གི་སུག་པ་ནས་བསྔོས་ལ་བསྙེན་པར་མ་རྫོགས་པ་ན་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བསྔོས་ལ་བསྙེན་པར་རྫོགས་ཀར་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བསྔོས་ལ་བསྙེན་པར་རྫོགས་ཏེ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསྔོས་ལ་བསྙེན་པར་རྫོགས་ཀར་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསྔོས་ལ་བསྙེན་པར་རྫོགས་ཏེ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པས་བསྔོས་ལ་བསྙེན་པར་རྫོགས་ནས་སྩལ་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་བསྔོས་ལ་བསྙེན་པར་མ་རྫོགས་པ་ན་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མི་ལ་མིར་འདུ་ཤེས་ཏེ་གཅེར་བུ་པའམ། ཀུན་ཏུ་རྒྱུ་བ་ལ་བཅའ་བ་དང ། བཟའ་བ་སྩལ་ན། ཅིར་ Na280a ༄#། །འགྱུར།་ལྟུང་བའོ། །མི་ལ་མི་ལགས་པར་འདུ་ཤེས་ཏེ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ཏེ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ཏེ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་སྔགས་སམ། སྨན་གྱིས་བདག་མི་སྣང་བར་བསྒྱུར་ཏེ་གཅེར་བུ་པའམ། ཀུན་ཏུ་རྒྱུ་བ་ལ་བཅའ་བ་དང ། བཟའ་བ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཅེར་བུ་པའམ། ཀུན་ཏུ་རྒྱུ་བ་ལ་བཅའ་བ་དང ། བཟའ་བ་གཞན་ལས་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཅེར་བུ་པའམ། ཀུན་ཏུ་རྒྱུ་བ་ལ་བཅའ་བ་དང ། བཟའ་བ་གཞན་གྱི་སླད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཅེར་བུ་པའམ། ཀུན་ཏུ་རྒྱུ་བ་མ་ནིང་ལ་བཅའ་བ་དང ། བཟའ་བ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཅེར་བུ་པ་འམ།་ཀུན་ཏུ་རྒྱུ་བ་མོ་ཡང་རུང ། མ་ནིང་མོ་ལ་བཅའ་བ་དང ། བཟའ་བ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་པས་གཅེར་བུ་པའམ། ཀུན་ཏུ་རྒྱུ་བ་ལ་བཅའ་པ་དང ། བཟའ་བ་སྩལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་གཅེར་བུ་པའམ། ཀུན་ཏུ་རྒྱུ་བ་ལ་རང་གི་སུག་པ་ནས་བཅའ་བ་དང ། བཟའ་བ་སྩལ་ན། ཅིར་ Na280b འགྱུར།་ལྟུང་བའོ། །བཙུན་པ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཀྱིས་གཅེར་བུ་པའམ། ཀུན་ཏུ་རྒྱུ་བ་ལ་རང་གི་སུག་པ་ནས་བཅའ་བ་དང ། བཟའ་བ་སྩལ་ན། ཅིར་འགྱུར།་ཉེས་བྱས་སོ། །མདོར་ན། སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་འགྲོ་དང་མཚན་རྣམས་དང ། །ལྟ་བ་རྒྱལ་པོ་བདུན་པ་དང ། །བཞི་པ་དག་དང་མ་ནིང་ངོ ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གཡུལ་ཤོམ་པ་ལ་བལྟར་མཆི་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་སྨྱོན་པ་གཡུལ་ཤོམ་པ་ལ་བལྟར་མཆི་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང།་འོན་པ་རྣམས་ཀྱིས་གཡུལ་ཤོམ་པ་ལ་བལྟར་མཆི་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་འགྲོ་བ་གཞན་དུ་གནས་པའི་གཡུལ་ཤོམ་པ་ལ་བལྟར་མཆི་ན།་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཡུལ་ཤོམ་པ་ལ་བལྟར་མཆི་བ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མ་གཡུལ་ཤོམ་པ་ལ་བལྟར་མཆི་བ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་གཡུལ་ཤོམ་པ་ལ་བལྟ་བའི་ཚེ་འཁོར་ཙམ་དུ་བསྐྱེད་དེ་ Na281a ༄#། །མཆི་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཡུལ་ཤོམ་པ་ལ་བལྟར་མཆིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དེ་ནི། འདི་ལྟར་དགེ་སློང་རྒྱལ་པོའི་ཕོ་ཉས་བཀུག་པའོ། །བཙུན་པ། བསྙེན་པར་མ་རྫོགས་པ་ན་ལུས་ཀྱིས་མཆིས་ལ། བསྙེན་པར་མ་རྫོགས་པ་ན་བལྟས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་མཆིས་ལ། བསྙེན་པར་རྫོགས་ཀར་བལྟས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་མཆིས་ལ། བསྙེན་པར་རྫོགས་ནས་བལྟས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་མཆིས་ལ། བསྙེན་པར་རྫོགས་ཀར་བལྟས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་མཆིས་ལ། བསྙེན་པར་རྫོགས་ནས་བལྟས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་མཆིས་ལ། བསྙེན་པར་རྫོགས་པ་ན་བལྟས་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་མཆིས་ལ། བསྙེན་པར་མ་རྫོགས་པ་ན་བལྟས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མིའི་གཡུལ་ལ་མིའི་གཡུལ་དུ་འདུ་ཤེས་ཏེ་བལྟར་མཆིས་ན། ཅིར་འགྱུར། ལྟུང་བའོ། ། མིའི་གཡུལ་ལ་མི་མ་ལགས་པའི་གཡུལ་དུ་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པའི་གཡུལ་ལ་མིའི་གཡུལ་དུ་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ Na281b ལགས་པའི་གཡུལ་ལ་མི་མ་ལགས་པའི་གཡུལ་དུ་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མ་ནིང་གི་གཡུལ་ཤོམ་པ་ལ་བལྟར་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་པས་གཡུལ་ཤོམ་པ་ལ་བལྟར་མཆིས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མ་གཡུལ་ཤོམ་པ་ལ་བལྟར་མཆིས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་གཡུལ་ཤོམ་པ་ལ་བལྟར་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བསླབ་པའི་གནས་ཀྱི་ལེའུ་འདི་བཞིན་དུ་གཡུལ་ཤོམ་པར་བལྟ་ན་ཞག་གཉིས་ལས་མི་འདའ་བ་ཡང་རྒྱས་པར་བརྗོད་པར་བྱའོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་པ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གིས་དགེ་སློང་ལ་བརྡེགས་ན་ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་དགེ་སློང་ཞིག་འཕྲིན་གྱིས་བརྡེག་ཏུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་དེ་བརྡེག་ཏུ་བཅུག་ན། ཐམས་ཅད་ཉེས་བྱས་ Na282a ༄#། །སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་སྨྱོན་པ་ལ་བརྡེགས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང་གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། དེ་བཞིན་དུ་འགྲོ་བ་གཞན་དུ་གནས་པའི་དགེ་སློང་རྣམས་ལ་བརྡེགས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། སྔགས་དང་སྨན་དང་གཞན་གྱི་དང ། །གཞན་གྱི་བཞི་པ་བདུན་པ་དང ། །ཁྱིམ་པ་དག་ལ་སོགས་པ་རྣམས། །མཚན་དང་དེ་བཞིན་དགེ་སློང་མའོ། །དགེ་སློང་གིས་སྔགས་སམ་སྨན་གྱིས་བདག་མི་སྣང་བར་བསྒྱུར་ཏེ་དགེ་སློང་ལ་བརྡེགས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་བརྡེགས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། རྩེད་མོར་བསམ་སྟེ་བརྡེགས་སམ། གཟས་པར་སེམས་པའོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་གཞན་གྱི་ཕྱིར་བརྡེགས་ན།་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་གཞན་བརྡེག་ཏུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མི་ལ་མིར་འདུ་ཤེས་ཏེ་བརྡེགས་ན།་ཅིར་འགྱུར། ལྟུང་བའོ། །མི་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ན་ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་ Na282b མི་མ་ལགས་པར་འདུ་ཤེས་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་བརྡེགས་ན་ཅིར་འགྱུར། ལྟུང་བའོ། ། བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། བསྙེན་པར་མ་རྫོགས་པ་ན་བརྡེགས་པར་བཤམས་ལ། བསྙེན་པར་མ་རྫོགས་པ་ན་བརྡེགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བཤམས་ལ། བསྙེན་པར་རྫོགས་ཀར་བརྡེགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བཤམས་ལ། བསྙེན་པར་རྫོགས་ནས་བརྡེགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ། བསྙེན་པར་རྫོགས་ཀར་བརྡེགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ། བསྙེན་པར་རྫོགས་ནས་བརྡེགས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་བཤམས་པ། བསྙེན་པར་རྫོགས་ནས་བརྡེགས་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་བཤམས་ལ། བསྙེན་པར་མ་རྫོགས་པ་ན་བརྡེགས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཁྱིམ་པ་ལ་བརྡེགས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་ཟ་མ་ Na283a ༄#། །དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། སྔར་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་རྣམས་ལ་བརྡེགས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་ལ་བརྡེགས་ན། ཅིར་འགྱུར། ཐམས་ཅད་དུ་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་བརྡེགས་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དགེ་སློང་མ་ལ་བརྡེགས་པ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་བརྡེགས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དགེ་སློང་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་བརྡེགས་ན། ཅིར་འགྱུར། ཉེས་བྱས་སོ། ། བཙུན་པ། བསླབ་པ་སྩལ་པས་དགེ་སློང་ལ་བརྡེགས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་དགེ་སློང་མ་ལ་བརྡེགས་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། Na283b དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སོ། །ཇི་ལྟར་བརྡེགས་པའི་ལེའུ་སྨྲས་པ་དེ་བཞིན་དུ་བརྡེགས་པར་གཟས་པ་ཡང་བརྗོད་པར་བྱའོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་སློང་གི་གནས་ངན་ལེན་གྱི་ནོངས་པ་བཅབས་ན། ལྟུང་བའོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་དགེ་སློང་གི་གནས་ངན་ལེན་གྱི་ནོངས་པ་འཕྲིན་གྱིས་བཅབས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་དེ་གནས་ངན་ལེན་གྱི་ནོངས་པ་བཅབས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་གི་གནས་ངན་ལེན་གྱི་ནོངས་པ་སྨྱོན་པ་ལ་བཅབས་ན། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ལ་དགེ་སློང་གི་གནས་ངན་ལེན་གྱི་ཉེས་པ་བཅབས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློབ་གིས་དགེ་སློང་སྨྱོན་པས་གནས་ངན་ལེན་གྱི་ནོངས་པ་ Na284a ༄#། །བཅབས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་པ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པའི་དགེ་སློང་རྣམས་ཀྱིས་གནས་ངན་ལེན་གྱི་ཉེས་པ་བཅབས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། སྐད་དང་ལུས་དང་དབེན་པ་དང ། །ཉེས་མཚན་བཞི་པ་བདུན་པ་དང ། །ཁྱིམ་པ་དག་ལ་སོགས་པ་རྣམས། །བཅབས་དང་དེ་ལྟར་དགེ་སློང་མའོ། །བཙུན་པ། དགེ་སློང་གིས་དྲིས་ནས་འཕགས་པས་འཕགས་པའི་སྐད་དུ་དགེ་སློང་གི་གནས་ངན་ལེན་གྱི་ནོངས་པ་བཅབས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་དགེ་སློང་གི་གནས་ངན་ལེན་གྱི་ནོངས་པ་བཅབས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དགེ་སློང་གི་གནས་ངན་ལེན་གྱི་ནོངས་པ་བཅབས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་གནས་ངན་ལེན་གྱི་ནོངས་པ་བཅབས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དྲིས་ Na284b ནས་ལུས་ཀྱི་དམིགས་པས་དགེ་སློང་གི་གནས་ངན་ལེན་གྱི་ནོངས་པ་བཅབས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་གི་གནས་ངན་ལེན་གྱི་ནོངས་པ་བཅབས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དེ་ནི། འདི་ལྟར་དགེ་སློང་ཞིག་དེའི་རྒྱུས་འཚོ་བའི་བར་ཆད་དམ། དགེ་སློང་གིས་བར་ཆད་དམ། ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་བའོ། །བཙུན་པ། དགེ་སློང་གིས་དགེ་སློང་གི་ནོངས་པ་བཅབས་ཀྱང་ནོངས་པ་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། གནས་ངན་ལེན་གྱི་ཉེས་པ་མ་གཏོགས་པར་དེ་ལས་གཞན་པའི་ཉེས་པ་ཞིག་བཅབས་པའོ། །བཙུན་པ། དགེ་སློང་གིས་དགེ་སློང་གི་གནས་ངན་ལེན་གྱི་ནོངས་པ་འཆབ་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དགེ་སློང་མའི་གནས་ངན་ལེན་གྱི་ནོངས་པ་འཆབ་པ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་གི་གནས་ངན་ལེན་ལ་གནས་ངན་ལེན་དུ་འདུ་ཤེས་ཏེ་བཅབས་ན། ཅིར་འགྱུར། ལྟུང་བའོ། །གནས་ངན་ལེན་ལ་གནས་ངན་ལེན་མ་ལགས་པར་འདུ་ཤེས་ཏེ་བཅབས་ན། ཅིར་འགྱུར། ཉེས་བྱས་སོ། །གནས་ངན་ལེན་མ་ལགས་ལ་གནས་ངན་ལེན་མ་ལགས་པར་འདུ་ཤེས་ཏེ་བཅབས་ན། ཅིར་འགྱུར། ཉེས་པ་མེད་དོ། །གནས་ངན་ལེན་མ་ལགས་པ་ལ་གནས་ངན་ལེན་དུ་འདུ་ཤེས་ཏེ་བཅབས་ན། ཅིར་ Na285a ༄#། །འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་གནས་ངན་ལེན་གྱི་ནོངས་པ་བཅབས་ན། ཅིར་འགྱུར།་ལྟུང་བའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་དགེ་སློང་གི་གནས་ངན་ལེན་གྱི་ནོངས་པ་བཅབས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་བཅབས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་བཅབས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསྙེན་པར་རྫོགས་པ་ན་དགེ་སློང་གི་གནས་ངན་ལེན་གྱི་ནོངས་པ་མཐོང་ལ། བསྙེན་པར་མ་རྫོགས་པ་ན་བཅབས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་མཐོང་ལ། བསྙེན་པར་རྫོགས་ཀར་བཅབས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་མ་མཐོང་ལ། བསྙེན་པར་རྫོགས་པ་ན་བཅབས་ན། ཅིར་འགྱུར། ཉེས་བྱས་སོ། ། བསྙེན་པར་རྫོགས་ཀར་མཐོང་ལ། བསྙེན་པར་རྫོགས་ཀར་བཅབས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་མཐོང་ལ། བསྙེན་པར་རྫོགས་ནས་བཅབས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་མཐོང་ལ། བསྙེན་པར་རྫོགས་པ་ན་བཅབས་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་མཐོང་ལ། བསྙེན་པར་མ་རྫོགས་པ་ན་བཅབས་ Na285b ན།་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཁྱིམ་པའི་གནས་ངན་ལེན་གྱི་ནོངས་པ་བཅབས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། པ་བསད་པ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། རྐུན་གནས་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། སྔར་འཁྲུགས་པ་དང ། སྔར་ཉེས་པ་བྱུང་བ་རྣམས་ཀྱི་གནས་ངན་ལེན་གྱི་ཉེས་པ་བཅབས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་ཀྱི་གནས་ངན་ལེན་གྱི་ནོངས་པ་བཅབས་ན། ཅིར་འགྱུར། ལྟུང་བར་འགྱུར་རོ། ། བཙུན་པ། དགེ་སློང་གིས་དགེ་སློང་གི་གནས་ངན་ལེན་གྱི་ནོངས་པ་ཁྱིམ་པ་ལ་བཅབས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་ནས་སྔར་འཁྲུགས་པ་རྣམས་ཀྱི་བར་དུ་བཅབས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་གི་གནས་ངན་ལེན་གྱི་ནོངས་པ་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་ལ་བཅབས་ན། ཅིར་འགྱུར། ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་གི་གནས་ངན་ལེན་གྱི་ནོངས་པ་ཁྱིམ་པ་ལ་སྨྲས་ན། བཅབས་པ་ཞེས་བགྱིའམ། ཨུ་པ་ Na286a ༄#། །ལི།་མ་ཡིན་ནོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། བསླབ་པ་སྩལ་པའི་བར་དུ་དེ་དག་ལ་སྨྲས་ན། བཅབས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ་དགེ་སློང་གིས་དགེ་སློང་མའི་གནས་ངན་ལེན་གྱི་ནོངས་པ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཀྱི་གནས་ངན་ལེན་གྱི་ནོངས་པ་བཅབས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དགེ་སློང་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཀྱི་གནས་ངན་ལེན་གྱི་ནོངས་པ་བཅབས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་པས་གནས་ངན་ལེན་གྱི་ནོངས་པ་བཅབས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་དགེ་སློང་མའི་གནས་ངན་ལེན་གྱི་ནོངས་པ་བཅབས་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཀྱི་གནས་ངན་ལེན་གྱི་ནོངས་པ་བཅབས་ན། ཅིར་འགྱུར། ཉེས་བྱས་སོ།། །། འདུལ་བ་གཞུང་དམ་པ། བམ་པོ་བཅུ་གཅིག་པ། མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མ་འོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ Na286b ཀྱིས་ཡང་དགེ་སློང་གང་དགེ་སློང་ལ་འདི་སྐད་དུ། ཟས་དང་དབྲལ་བར་འདོད་ནས་ཚེ་དང་ལྡན་པ། ཁྱོད་ནི། ཁོ་བོ་དང་ལྷན་ཅིག་ཏུ་གཏམ་ཟེར་རམ། འགྲོགས་ཀྱང་རུང་སྟེ། བདེ་བར་མི་འགྱུར་གྱི། ཁྱོད་སོང་ཞིག།་ཅེས་སྨྲས་ནས་དགེ་སློང་དེ་སྐད་ཅིག་ཙམ་ཡང་ཟས་དང་བྲལ་བར་འགྱུར་བ་དེ་འདྲ་བའི་རྐྱེན་ཅིག་བགྱིས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་དགེ་སློང་ལ་འཕྲིན་གྱིས་ཟས་དང་ཕྲལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་དེ་ཟས་དང་ཕྲལ་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་སྨྱོན་པ་ཞིག་ཟས་དང་ཕྲལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་པ་དང ། ལྐུགས་པ་དང།་འོན་པ་དང ། གླེན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པའི་དགེ་སློང་རྣམས་ཟས་དང་ཕྲལ་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། སྐད་དང་ལུས་དང་དབེན་པ་དང ། །གཞན་གྱིས་གཞན་གྱི་མཚན་དག་དང ། །ཁྱིམ་པ་དག་ལ་སོགས་པ་རྣམས། །བཞི་པ་བདུན་པ་བཟའ་བའོ། །བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་ཟས་དང་ཕྲལ་བ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་ Na287a ༄#། །ཟས་དང་ཕྲལ་བ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་ཟས་དང་ཕྲལ་བ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་ཟས་དང་ཕྲལ་བ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་ལུས་ཀྱི་དམིགས་པས་ཟས་དང་ཕྲལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དབེན་པ་ལ་མི་དབེན་པར་འདུ་ཤེས་ཏེ་ཟས་དང་ཕྲལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་གཞན་ལས་ཟས་དང་བྲལ་བར་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཞན་གྱི་སླད་དུ་ཟས་དང་ཕྲལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་ཟས་དང་ཕྲལ་བ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དགེ་སློང་མ་ཟས་དང་བྲལ་བར་བགྱིད་པ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། ། བཙུན་པ། དགེ་སློང་གིས་ཁྱིམ་པ་ཟས་དང་ཕྲལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་བསད་པ་དང ། མ་བསད་པ་དང ། Na287b དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། སྔར་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་རྣམས་ཟས་དང་ཕྲལ་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་བ་རྣམས་ཟས་དང་ཕྲལ་ན། ཅིར་འགྱུར། ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་མི་ལ་མིར་འདུ་ཤེས་ཏེ་ཟས་དང་ཕྲལ་ན། ཅིར་འགྱུར། ལྟུང་བའོ། །མི་ལ་མི་མ་ལགས་པར་འདུ་ཤེས་ཏེ་ཟས་དང་ཕྲལ་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ཏེ་ཟས་དང་ཕྲལ་ན། ཅིར་འགྱུར། ཉེས་བྱས་སོ། ། མི་མ་ལགས་པ་ལ་མིར་འདུ་ཤེས་ཏེ་ཟས་དང་ཕྲལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་ཟས་དང་ཕྲལ་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་ཟས་དང་ཕྲལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་ཟས་དང་ཕྲལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་ཟས་དང་ཕྲལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསྙེན་ Na288a ༄#། །པར་མ་རྫོགས་པ་ན་མགྲོན་དུ་བོས་ལ་བསྙེན་པར་མ་རྫོགས་པ་ན་ཟས་དང་ཕྲལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་མགྲོན་དུ་བོས་ལ་བསྙེན་པར་རྫོགས་ཏེ་ཟས་དང་ཕྲལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་མགྲོན་དུ་བོས་ལ་བསྙེན་པར་རྫོགས་ཀར་ཟས་དང་ཕྲལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་མགྲོན་དུ་བོས་ལ་བསྙེན་པར་རྫོགས་ཀར་ཟས་དང་ཕྲལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་མགྲོན་དུ་བོས་ལ་བསྙེན་པར་རྫོགས་ནས་ཟས་དང་ཕྲལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་མགྲོན་དུ་བོས་ལ་བསྙེན་པར་རྫོགས་ཏེ་ཟས་དང་ཕྲལ་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་མགྲོན་དུ་བོས་ལ་བསྙེན་པར་མ་རྫོགས་པ་ན་ཟས་དང་ཕྲལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་ཟས་དང་ཕྲལ་ཀྱང་ནོངས་པ་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། སྨན་པས་ལུང་བསྒོས་ཏེ་ཟས་དང་ཕྲལ་བའོ། །བཙུན་པ། དགེ་སློང་ཟས་དང་ཡང་ཕྲལ། ནོངས་པ་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཟས་མ་གཏོགས་པར་དེ་ལས་གཞན་པའི་བཅའ་བ་དང ། བཟའ་བ་དང ། བཏུང་བ་དང ། བལྡག་པ་དང ། གཞིབ་པ་ལ་སོགས་པའི་ཟས་དང་ཕྲལ་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་ Na288b སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཟས་དང་ཕྲལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དགེ་སློང་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཟས་དང་ཕྲལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་བས་དགེ་སློང་ཟས་དང་ཕྲལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་དགེ་སློང་མ་ཟས་དང་ཕྲལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཀྱིས་དགེ་སློང་དང ། དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་ཕ་རྣམས་ཟས་དང་ཕྲལ་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་འགྲོ་བའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་བྲོ་མ་འཚལ་བར་བདག་གི་སླད་དུ་བདག་གིས་ཞུགས་བུས་སམ། འབུད་དུ་སྩལ་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་འཕྲིན་གྱིས་ཞུགས་འབུད་དུ་སྩལ་ན།་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་དེ་མེ་འབུད་དུ་བཅུག་ན། ཉེས་བྱས་སུ་འགྱུར་རོ། ། Na289a ༄#། །བཙུན་པ། དགེ་སློང་གིས་སྨྱོན་པ་ཞུགས་འབུད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་མེ་འབུད་དུ་བཅུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། སྐད་དང་ལུས་དང་དབེན་པ་དང ། དེ་ལྟར་གཞན་གྱིས་གཞན་གྱི་མཚན། །ཁྱིམ་པ་དག་ལ་སོགས་པ་རྣམས། །བཞི་པ་བདུན་པ་དེ་བཞིན་ནོ། །བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་ཞུགས་འབུད་དུ་སྩལ་བ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །འཕགས་པས་མཐའ་འཁོབ་བའི་སྐད་དུ་ཞུགས་འབུད་དུ་སྩལ་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་ཞུགས་འབུད་དུ་སྩལ་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན།་ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་ཞུགས་འབུད་དུ་སྩལ་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། ། བཙུན་པ། དགེ་སློང་གིས་ལུས་ཀྱི་དམིགས་པས་ཞུགས་འབུད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དབེན་པ་ལ་མི་དབེན་པར་འདུ་ཤེས་ཏེ་ཞུགས་ Na289b འབུད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཞན་ཞུགས་འབུད་དུ་སྩལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་གཞན་གྱི་སླད་དུ་ཞུགས་འབུད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཞུགས་འབུད་དུ་སྩོལ་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་ཞུགས་འབུད་དུ་སྩོལ་པ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། །ལྟུང་བའོ། །བཙུན་པ། དགེ་སློང་གིས་ཁྱིམ་པ་མངོན་སུམ་དུ་ཞུགས་འབུད་དུ་སྩལ་ན། ཅིར་འགྱུར། ལྟུང་བའོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་བསད་པ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། སྔར་འཁྲུགས་པ་དང ། སྔར་ཉེས་པ་བྱུང་བ་རྣམས་མེ་འབུད་དུ་བཅུག་ན། ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ།་དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་ཞུགས་འབུད་དུ་སྩལ་ན། ཅིར་འགྱུར། ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་མི་ལ་མིར་འདུ་ཤེས་ཏེ་ཞུགས་འབུད་དུ་སྩལ་ན། ཅིར་འགྱུར། ལྟུང་བའོ། །མི་ལ་མི་མ་ལགས་པར་འདུ་ཤེས་ཏེ་ཞུགས་འབུད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །མི་ Na290a ༄#། །མ་ལགས་པ་ལ་མིར་འདུ་ཤེས་ཏེ་ཞུགས་འབུད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ཏེ་ཞུགས་འབུད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསྙེན་པར་མ་རྫོགས་པ་ན་བཤམས་ལ་བསྙེན་པར་མ་རྫོགས་པ་ན་ཞུགས་འབུད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་ཀར་ཞུགས་འབུད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་པ་ན་ཞུགས་འབུད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་བར་རྫོགས་ཀར་ཞུགས་འབུད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ནས་ཞུགས་འབུད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་པ་ན་ཞུགས་འབུད་དུ་སྩལ་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་བཤམས་ལ་བསྙེན་པར་མ་རྫོགས་པ་ན་ཞུགས་འབུད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་བ་སྩལ་བས་ཞུགས་འབུད་དུ་སྩལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་ཞུགས་འབུད་དུ་སྩལ་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཀྱིས་ Na290b ཞུགས་འབུད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མ་འོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་འདུན་གྱི་ཆོས་དང་མཐུན་པར་བགྱིད་པ་ལ་དད་པ་ཕུལ་བ་ལས་དེའི་འོག་ཏུ་འཁྱིག་པའི་ཆོས་བགྱིད་དེ། དགེ་སློང་ཁྱོད་ལ་དད་པ་མི་སྦྱིན་གྱི། ཐོང་ཞིག་།ཅེས་སྨྲས་ན།་ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་དགེ་འདུན་གྱི་ཆོས་དང་མཐུན་པའི་དད་པ་སྩལ་བས། དེའི་འོག་ཏུ་འཕྲིན་གྱིས་འཁྱིག་པའི་ཆོས་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་དེ་འཁྱིག་པའི་ཆོས་བྱས་ན། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་ཆོས་དང་ལྡན་པའི་བགྱི་བ་ལ་དད་པ་སྩལ་ནས་དེའི་འོག་ཏུ་སྨྱོན་པ་ལ་འཁྱིག་པའི་ཆོས་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་པ་དང ། གླེན་པ་དང ། ལྐུགས་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ལ་འཁྱིག་ Na291a ༄#། །པའི་ཆོས་བྱས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། སྐད་དང་ལུས་དང་དབེན་པ་དང ། །དེ་བཞིན་གཞན་གྱིས་གཞན་གྱི་མཚན། །ཁྱིམ་པ་དག་ལ་སོགས་པ་རྣམས། །བཞི་པ་བདུན་པ་དེ་བཞིན་ནོ། །བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་འཁྱིག་པའི་ཆོས་བགྱིས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་འཁྱིག་པའི་ཆོས་བགྱིས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་འཁྱིག་པའི་ཆོས་བགྱིས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ།། མཐའ་འཁོབ་པས་འཕགས་པའི་སྐད་དུ་འཁྱིག་པའི་ཆོས་བགྱིས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལུས་ཀྱི་དམིགས་པས་འཁྱིག་པའི་ཆོས་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དབེན་པ་ལ་མི་དབེན་པར་འདུ་ཤེས་ཏེ་འཁྱིག་པའི་ཆོས་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཞན་འཁྱིག་ཏུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཞན་གྱི་སླད་དུ་འཁྱིག་པའི་ཆོས་བགྱིས་ན། ཅིར་འགྱུར། ཉེས་ Na291b བྱས་སོ། །བཙུན་པ། དགེ་སློང་གིས་འཁྱིག་པའི་ཆོས་བགྱིད་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་འཁྱིག་པའི་ཆོས་བགྱིད་པ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཁྱིམ་པ་ལ་འཁྱིག་པའི་ཆོས་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་བསད་པ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། སྔར་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་རྣམས་ལ་འཁྱིག་པའི་ཆོས་བྱས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་ལ་འཁྱིག་པའི་ཆོས་བགྱིས་ན། ཅིར་འགྱུར། ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་ཆོས་དང་མཐུན་པའི་ལས་ལ་ཆོས་དང་མཐུན་པའི་ལས་སུ་འདུ་ཤེས་ཏེ་དད་པ་སྩལ་ནས་འཁྱིག་པའི་ཆོས་བགྱིས་ན། ཅིར་འགྱུར། ལྟུང་བའོ། །ཆོས་དང་མཐུན་པའི་ལས་ལ་ཆོས་དང་མཐུན་པའི་ལས་མ་ལགས་པར་འདུ་ཤེས་ཏེ་འཁྱིག་པའི་ཆོས་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །ཆོས་དང་མི་མཐུན་པའི་ལས་ལ་ཆོས་དང་མཐུན་པའི་ Na292a ༄#། །ལས་སུ་འདུ་ཤེས་ཏེ་འཁྱིག་པའི་ཆོས་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །ཆོས་དང་མི་མཐུན་པའི་ལས་ལ་ཆོས་དང་མི་མཐུན་པའི་ལས་སུ་འདུ་ཤེས་ནས་འཁྱིག་པའི་ཆོས་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་འཁྱིག་པའི་ཆོས་བགྱིས་ན། ཅིར་འགྱུར།་ལྟུང་བའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་འཁྱིག་པའི་ཆོས་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་འཁྱིག་པའི་ཆོས་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་འཁྱིག་པའི་ཆོས་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་དད་པ་སྩལ་ལ་བསྙེན་པར་མ་རྫོགས་པ་ན་འཁྱིག་པའི་ཆོས་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་དད་པ་སྩལ་ལ་བསྙེན་པར་རྫོགས་ཀར་འཁྱིག་པའི་ཆོས་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསྙེན་པར་མ་རྫོགས་པ་ན་དད་པ་སྩལ་ལ་བསྙེན་པར་རྫོགས་པ་ན་འཁྱིག་པའི་ཆོས་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་དད་པ་ལ་སྩལ་ལ་བསྙེན་པར་རྫོགས་ཀར་འཁྱིག་པའི་ཆོས་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་ Na292b རྫོགས་ཀར་དད་པ་སྩལ་ལ་བསྙེན་པར་རྫོགས་ནས་འཁྱིག་པའི་ཆོས་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ནས་དད་པ་སྩལ་ལ་བསྙེན་པར་རྫོགས་པས་འཁྱིག་པའི་ཆོས་བགྱིས་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་དད་པ་སྩལ་ལ་བསྙེན་པར་མ་རྫོགས་པ་ན་འཁྱིག་པའི་ཆོས་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་ཆོས་དང་ལྡན་པའི་བགྱི་བ་ལ་དད་པ་སྩལ་ནས་དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་འཁྱིག་པའི་ཆོས་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དགེ་སློང་དང ། དགེ་སློང་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་འཁྱིག་པའི་ཆོས་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ།་བསླབ་པ་སྩལ་པས་དགེ་འདུན་གྱི་ཆོས་དང་མཐུན་པའི་བགྱི་བ་ལ་དད་པ་སྩལ་ནས་འཁྱིག་པའི་ཆོས་བགྱིས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་ཆོས་དང་མཐུན་པའི་བགྱི་བ་ལ་དད་པ་སྩལ་པ་ལས་འཁྱིག་པའི་ཆོས་བགྱིས་ན། ཅིར་འགྱུར། ལྟུང་བའོ། །དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སུ་འགྱུར་རོ། །མདོར་ན། སྨྱོན་པར་གྱུར་དང་སེམས་འཁྲུགས་པ། །ན་བ་འོན་པ་འགྲོ་བ་སྔགས། །ནམ་མཁའ་གཉིས་དང་བཞི་པ་མཚན། །དེ་བཞིན་སྤྲུལ་པ་མ་ནིང་དང་།། Na293a ༄#། །གཡོགས་སུ་བསྐོར་བ་དགེ་སློང་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་བསྙེན་པར་མ་རྫོགས་པའི་གང་ཟག་དང་ལྷན་ཅིག་ཏུ་ནུབ་གཉིས་ལས་འདས་པར་ཁྱིམ་གཅིག་གི་ནང་ན་ཉལ་བར་བགྱིད་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ།་དགེ་སློང་གིས་སྨྱོན་པ་དང་ལྷན་ཅིག་ཏུ་ནུབ་གཉིས་ཁྱིམ་གྱི་ནང་ན་ཉལ་ལ། ནུབ་གསུམ་པ་ལ་རང་བཞིན་དུ་གནས་པ་དང་ལྷན་ཅིག་ཏུ་ཉལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ།་དགེ་སློང་གིས་ནུབ་གཉིས་སུ་རང་བཞིན་དུ་གནས་པ་དང་ཉལ་ལ། ནུབ་གསུམ་པ་ལ་སྨྱོན་པ་དང་ལྷན་ཅིག་ཏུ་ཉལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། འོན་པ་དང ། ལྐུགས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་དང་ལྷན་ཅིག་ཉལ་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་སྔགས་སམ་སྨན་གྱིས་བདག་མི་སྣང་བར་བསྒྱུར་ཏེ་བསྙེན་པར་མ་རྫོགས་པའི་གང་ཟག་དང་ལྷན་ཅིག་ཏུ་ནུབ་གཉིས་ལས་འདས་པར་ཁང་པ་གཅིག་གི་ནང་ན་ཉལ་བར་བགྱིད་ན།་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསྙེན་པར་མ་རྫོགས་པའི་གང་ཟག་དང་ལྷན་ཅིག་ཏུ་ནུབ་གཉིས་ལས་འདས་པར་ནམ་མཁའ་ལ་ཉལ་ན། ཅིར་འགྱུར། Na293b ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསྙེན་པར་མ་རྫོགས་པའི་གང་ཟག་དང་ལྷན་ཅིག་ཏུ་ནུབ་གཉིས་ཁང་པ་གཅིག་ཏུ་ཉལ་ལ། ནུབ་གསུམ་པར་བུད་མེད་དང་ལྷན་ཅིག་ཏུ་ཉལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་ནུབ་གཉིས་འདས་པར་ཉལ་བར་བགྱིད་ན། ཅིར་འགྱུར། ལྟུང་བའོ། ། བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་པ་མེད་དོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་ཉལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་ཉལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མི་ལ་མིར་འདུ་ཤེས་ཏེ་ནུབ་གཉིས་ལས་འདས་པར་ཉལ་ན། ཅིར་འགྱུར། ལྟུང་བའོ། །མི་ལ་མི་མ་ལགས་པར་འདུ་ཤེས་ཏེ་ཉལ་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ཏེ་ཉལ་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ཏེ་ཉལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་བསྙེན་པར་མ་རྫོགས་པའི་གང་ཟག་དང་ནུབ་གཉིས་ལས་འདས་པར་ལྷན་ཅིག་ཉལ་བ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་བསྙེན་པར་མ་རྫོགས་པའི་གང་ཟག་དང་ལྷན་ཅིག་ཏུ་ནུབ་གཉིས་ལས་འདས་ Na294a ༄#། །པར་ཉལ་བ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་སྤྲུལ་པ་དང་ལྷན་ཅིག་ཏུ་ནུབ་གཉིས་ལས་འདས་པར་ཁྱིམ་གཅིག་ན་ཉལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསྙེན་པར་མ་རྫོགས་པའི་གང་ཟག་དང་ལྷན་ཅིག་ཏུ་ནུབ་གཉིས་ཉལ་ལ་ནུབ་གསུམ་པར་མ་ནིང་དང་ལྷན་ཅིག་ཏུ་ཉལ་ན། ཅིར་འགྱུར། ལྟུང་བ་དང ། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་བསྙེན་པར་མ་རྫོགས་པའི་གང་ཟག་དང་ལྷན་ཅིག་ཁང་པ་གཅིག་གི་ནང་ན་ཉལ་ཡང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་དེ་ནི། དེའི་གནས་ཐམས་ཅད་མ་གཡོགས་པར་གྱུར་པའམ། ར་བས་བསྐོར་བའམ། ཕྱེད་བསྐོར་བའམ། ཐམས་ཅད་མ་བསྐོར་བར་གྱུར་པའམ། མ་གཡོགས་པའམ། དེ་ཕྱེད་མ་གཡོགས་པ་དེ་ལྟ་བུའི་གནས་སུ་ཉལ་ན། ཉེས་མེད་དུ་འགྱུར་རོ། །བཙུན་པ། དགེ་སློང་གིས་རི་གྲོག་པོའམ། ཤིང་གི་ཕུག་གམ། ཤིང་སྟུག་པོར་དེ་བསྙེན་པར་མ་རྫོགས་པ་དང་ལྷན་ཅིག་ཏུ་ནུབ་གཉིས་ལས་འདས་པར་ཉལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་པས་བསྙེན་པར་མ་རྫོགས་པའི་གང་ཟག་དང་ལྷན་ཅིག་ཏུ་ནུབ་གཉིས་ལས་འདས་པར་ཉལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མ་བསྙེན་པར་མ་རྫོགས་པའི་གང་ཟག་དང་ Na294b ལྷན་ཅིག་ཏུ་ཁྱིམ་གཅིག་གི་ནང་ན་ནུབ་གཉིས་ལས་འདས་པར་ཉལ་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་པ་མེད་དོ། །དགེ་སློང་ཨ་རིཥྚས་ལན་གསུམ་དུ་ངག་བཅག་པས་དགེ་འདུན་གྱི་ལྷག་མར་བཤད་པ་དང་སྦྱར་རོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པར་གྱུར་དང་སེམས་འཁྲུགས་པ། །ན་བ་འོན་པ་འགྲོ་བའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་ཟག་དེ་ལྟར་སྨྲ་བས་ཆོས་ཀྱི་རྗེས་སུ་མ་བགྱིས། སྡིག་པ་དེ་ལ་ལྟ་བར་གྱུར་པ་མ་སྤངས་པར་འཚལ་བཞིན་དུ་དེ་དང་ལྷན་ཅིག་ཏུ་སྨྲའམ། ཀུན་ཏུ་སྨྲའམ། ཟས་འཚལ་ལམ། དེ་དང ། ལྷན་ཅིག་ཏུ་ཁྱིམ་གཅིག་ཏུ་ཉལ་བར་བགྱིད་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་གང་ཟག་དེ་ལྟར་སྨྲ་བར་འཚལ་བཞིན་དུ་འཕྲིན་གྱིས་སྨྲའམ། ཀུན་ཏུ་སྨྲ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་པ་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་སྨྱོན་པ་ཆོས་ཀྱི་རྗེས་སུ་མ་བགྱིས་པ་ཞིག་ལ་སྨྲའམ། ཀུན་ཏུ་སྨྲའམ། ཟས་འཚལ་ན། ཁང་པ་གཅིག་ཏུ་ལྷན་ཅིག་ཉལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་ Na295a ༄#། །དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་པ་དང ། ལྐུགས་པ་དང ། འོན་པ་དང ། གླེན་པ་དང ། འགྲོ་བ་གཞན་དུ་གནས་པའི་དགེ་སློང་ཆོས་ཀྱི་རྗེས་སུ་མ་བྱས་པ་ལ་སྨྲའམ། ཀུན་ཏུ་སྨྲའམ། ཟའམ། ཁང་པ་གཅིག་ཏུ་ལྷན་ཅིག་ཉལ་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་གང་ཟག་དེ་ལྟར་སྨྲ་བ་ཆོས་ཀྱི་རྗེས་སུ་མ་བགྱིས་པར་འཚལ་བཞིན་དུ་སྔགས་སམ་སྨན་གྱིས་བདག་མི་སྣང་བར་བསྒྱུར་ཏེ་དེ་དང་ལྷན་ཅིག་སྨྲའམ། ཀུན་ཏུ་སྨྲའམ། ཟས་འཚལ་ལམ། དེ་དང་ལྷན་ཅིག་ཏུ་ཁྱིམ་གཅིག་གི་ནང་དུ་ཉལ་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། སྔགས་དང་ནམ་མཁའ་སྐད་རྣམས་དང ། །ལུས་དང་དབེན་དང་ཟ་མ་དང ། །བདུན་པ་བཞི་པ་དེ་ལྟར་ཏེ། །མཚན་དང་མ་ནིང་དེ་བཞིན་ནོ། །བཙུན་པ། དགེ་སློང་གིས་གང་ཟག་དེ་ལྟར་སྨྲ་ཞིང་ཆོས་ཀྱི་རྗེས་སུ་མ་བགྱིས་པར་འཚལ་བཞིན་དུ་སྔགས་སམ། སྨན་གྱིས་བདག་མི་སྣང་བར་བསྒྱུར་ཏེ། དེ་དང་ལྷན་ཅིག་སྨྲའམ། ཀུན་ཏུ་སྨྲའམ། ཟས་འཚལ་ཞིང ། དེ་དང་ལྷན་ཅིག་ཏུ་ཉལ་བར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གང་ཟག་དེ་ལྟར་སྨྲ་བར་འཚལ་བཞིན་དུ་དེ་དང་ལྷན་ཅིག་ནམ་མཁའ་ལ་མཆིས་ཏེ་ཉལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དེ་ལྟར་སྨྲ་བའི་གང་ཟག་ལ་དགེ་སློང་འཕགས་པས་འཕགས་པའི་སྐད་དུ་སྨྲས་པ་ Na295b དང ། གང་ཟག་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་གང་ཟག་དེ་ལ་དེ་ལྟར་སྨྲ་ཞིང་ཆོས་ཀྱི་རྗེས་སུ་མ་བགྱིས་པ་ལ་སྨྲས་པ་དང ། གང་ཟག་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དེ་ལྟར་སྨྲ་བའི་གང་ཟག་ལ་སྨྲས་པ་དང།་གང་ཟག་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་དེ་ལྟར་སྨྲ་བའི་གང་ཟག་ལ་སྨྲས་པ་དང ། གང་ཟག་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གང་ཟག་དེ་ལྟར་སྨྲ་བར་འཚལ་བཞིན་དུ་ལུས་ཀྱི་དམིགས་པས་གོ་བར་བགྱིས་ན།་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དབེན་པ་ལ་མི་དབེན་པར་འདུ་ཤེས་ཏེ་གང་ཟག་དེ་ལྟར་སྨྲ་བ་ལ་སྨྲས་སམ། ཉལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ།་དགེ་སློང་གིས་འཚལ་བཞིན་དུ་དེ་ལྟར་སྨྲ་བའི་གང་ཟག་དང་ལྷན་ཅིག་ཟས་མ་གཏོགས་པར་དེ་ལས་གཞན་པའི་བཅའ་བ་དང ། བཏུང་བ་དང ། བལྡག་པ་དང ། གཞིབ་པ་ལ་སོགས་པ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསྙེན་པར་མ་རྫོགས་པ་ན་དེ་ལྟར་སྨྲ་བའི་གང་ཟག་ཏུ་འཚལ་ལ་བསྙེན་པར་མ་རྫོགས་པ་ན་སྨྲས་ན། ཅིར་འགྱུར། ཉེས་ Na296a ༄#། །བྱས་སོ། །བསྙེན་པར་མ་རྫོགས་པ་ན་འཚལ་ལ་བསྙེན་པར་རྫོགས་ཀར་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་འཚལ་ལ་བསྙེན་པར་རྫོགས་པ་ན་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་འཚལ་ལ་བསྙེན་པར་རྫོགས་ཀར་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་འཚལ་ལ་བསྙེན་པར་རྫོགས་པ་ན་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་འཚལ་ལ་བསྙེན་པར་རྫོགས་པ་ན་སྨྲས་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་འཚལ་ལ་བསྙེན་པར་མ་རྫོགས་པ་ན་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དེ་ལྟར་སྨྲ་བའི་གང་ཟག་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་སྨྲས་ན། ཅིར་འགྱུར།་ལྟུང་བའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་སྨྲས་ན།་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་འཚལ་བཞིན་དུ་དེ་ལྟར་སྨྲ་བའི་གང་ཟག་བཟོད་པར་མ་བགྱིས་པ་ལ་བཟོད་པར་མ་བགྱིད་པར་འདུ་ཤེས་ཏེ་སྨྲས་ན། ཅིར་འགྱུར། ལྟུང་བའོ། བཟོད་པར་མ་བགྱིས་པ་ལ་བཟོད་པར་བགྱིས་པར་འདུ་ཤེས་ཏེ་སྨྲས་ན། Na296b ཅིར་འགྱུར། ཉེས་པ་མེད་དོ། །བཟོད་པ་བགྱིས་པ་ལ་བཟོད་པ་མ་བགྱིས་པར་འདུ་ཤེས་ཏེ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཟོད་པར་བགྱིས་པ་ལ་བཟོད་པར་བགྱིས་པར་འདུ་ཤེས་ཏེ་སྨྲས་ན། ཅིར་འགྱུར་ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་དེ་ལྟར་སྨྲ་བའི་གང་ཟག་ལ་སྨྲ་བ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དེ་ལྟར་སྨྲ་བའི་དགེ་སློང་མ་ལ་འཚལ་བཞིན་དུ་སྨྲ་བ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་འཚལ་བཞིན་དུ་དེ་ལྟར་སྨྲ་བའི་གང་ཟག་མ་ནིང་ལ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་མ་སུན་ཕྱུང་བ་དང ། ཕ་བསད་པ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། སྔར་འཁྲུགས་པ་དང ། སྔར་ཉེས་པ་བྱུང་བའི་གང་ཟག་རྣམས་ལ་སྨྲས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དེ་དེ་ལྟར་སྨྲ་བར་འཚལ་བཞིན་དུ་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་བའི་གང་ཟག་ལ་སྨྲས་ན། ཅིར་འགྱུར། ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་གཉིད་ཀྱིས་ལོག་པ་དང ། ར་རོ་བ་དང ། མྱོས་པའི་གང་ཟག་ལ་དེ་ལྟར་སྨྲ་ཞིང་ཆོས་ཀྱི་རྗེས་སུ་མ་བགྱིས་པ་ལ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། ། Na297a ༄#། །བཙུན་པ། དགེ་སློང་གིས་དེ་ལྟར་སྨྲ་བའི་དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ།་བསླབ་པ་སྩལ་བས་གང་ཟག་དེ་ལྟར་སྨྲ་བའི་ཆོས་ཀྱི་རྗེས་སུ་མ་བགྱིས་པར་འཚལ་བཞིན་དུ་དེ་དང་ལྷན་ཅིག་སྨྲས་སམ། ཀུན་ཏུ་སྨྲས་སམ། ཟས་འཚལ་ཏམ། དེ་དང་ལྷན་ཅིག་ཏུ་ཉལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་དེ་ལྟར་སྨྲ་བའི་དགེ་སློང་མར་འཚལ་བཞིན་དུ་སྨྲའམ། ཀུན་ཏུ་སྨྲའམ། དེ་དང་ལྷན་ཅིག་ཏུ་ཁྱིམ་གཅིག་ཏུ་ཉལ་བར་བགྱིད་ན། ཅིར་འགྱུར་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་མ་དང ། དགེ་ཚུལ་ཕ་དེ་ལྟར་སྨྲ་ཞིང་ཆོས་ཀྱི་རྗེས་སུ་མ་བགྱིས་པ་ལ་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སོ། །ཇི་ལྟར་དེ་ལྟར་སྨྲ་བའི་གང་ཟག་དེ་བཞིན་དུ་དེ་ལྟར་དགེ་སྦྱོང་མ་རུང་བར་བྱས་པ་བསྟན་པ་ཡང་བརྗོད་པར་བྱའོ། །ཐ་དད་པ་ཅི་ཡོད་ཅེས་གསོལ་པ་དང ། ལུས་དང་ལོངས་སྤྱོད་མ་གཏོགས་པར་བསྙེན་བཀུར་དང་ཡིད་བཞོ་བ་ཡང་བརྗོད་པར་བྱའོ། །མདོར་ན། མི་རུང་བ་དང་མཚན་དག་དང ། །བཞི་པ་བདུན་པ་དེ་ལྟར་ཏེ། །མ་ཆོག་ཐམས་ཅད་རང་བཞིན་དང ། །ཚོན་དང་བསླབ་པ་དགེ་སློང་མ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གིས་གོས་གསར་ Na297b པ་རྙེད་ན། ཁ་དོག་ངན་པར་བྱ་བ་གསུམ་ལས་གང་ཡང་རུང་བ་ཞིག་གིས་ཁ་དོག་ངན་པར་གྱིས་ཤིག་།དགེ་སློང་གིས་ཁ་དོག་ངན་པར་བྱ་བ་གསུམ་ལས་གང་ཡང་རུང་བ་ཞིག་གིས་ཁ་དོག་ངན་པར་མ་བསྒྱུར་བར་གོས་བགོས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་ཁ་དོག་ངན་པར་བསྒྱུར་བ་གསུམ་ལས་གང་ཡང་རུང་བ་ཞིག་གིས་ཁ་དོག་ངན་པར་མ་བསྒྱུར་བའི་གོས་བགོས་ཀྱང་ནོངས་པ་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། མི་རུང་བའི་གོས་སྤྱོད་པ་སྟེ། མི་རུང་བ་ནི། རྔ་མོའི་བལ་དང ། བ་ལང་གི་བལ་དང ། རའི་བལ་དང ། རི་དྭགས་ཀྱི་བལ་དང་འདྲེས་པ་དང ། ཐགས་སུ་མ་བཏགས་པ་སྟེ། དེ་ལྟ་བུའི་གོས་སྤྱད་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་ཁ་དོག་ངན་པར་བསྒྱུར་བ་གསུམ་ལས་གང་ཡང་རུང་བ་ཞིག་གིས་ཁ་དོག་ངན་པར་མ་བསྒྱུར་བར་གོས་སྤྱོད་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །དགེ་སློང་མས་ཁ་དོག་ངན་པར་བསྒྱུར་བ་གསུམ་ལས་གང་ཡང་རུང་བ་ཞིག་གིས་ཁ་དོག་ངན་པར་མ་བསྒྱུར་བར་གོས་སྤྱོད་པ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་ཁ་དོག་ངན་པར་བསྒྱུར་བའི་གོས་ལ་ཁ་དོག་ངན་པར་བསྒྱུར་བ་མ་ལགས་པར་འདུ་ཤེས་ཏེ་སྤྱད་ན། ཅིར་འགྱུར། ལྟུང་བའོ། །ཁ་དོག་ངན་པར་མ་བསྒྱུར་བ་ལ་ཁ་དོག་ངན་པར་བསྒྱུར་བར་འདུ་ཤེས་ཏེ་སྤྱད་ན། ཉེས་པ་ Na298a ༄#། །མེད་དོ། །ཁ་དོག་ངན་པར་བསྒྱུར་བ་ལ་ཁ་དོག་ངན་པར་མ་བསྒྱུར་བར་འདུ་ཤེས་ཏེ་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། །ཁ་དོག་ངན་པར་བསྒྱུར་བ་ལ་ཁ་དོག་ངན་པར་འགྱུར་བར་འདུ་ཤེས་ཏེ་སྤྱད་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། བསྙེན་པར་མ་རྫོགས་པ་ན་རྙེད་ལ་བསྙེན་པར་མ་རྫོགས་པ་ན་ཁ་དོག་ངན་པར་བསྒྱུར་བ་གསུམ་ལས་གང་ཡང་རུང་སྟེ། ཁ་དོག་ངན་པར་མ་བསྒྱུར་བར་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་རྙེད་ལ་བསྙེན་པར་རྫོགས་ཀར་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་རྙེད་ལ་བསྙེན་པར་རྫོགས་ནས་སྤྱད་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་ཀར་རྙེད་ལ་བསྙེན་པར་རྫོགས་ཀར་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་རྙེད་ལ་བསྙེན་པར་རྫོགས་ནས་སྤྱད་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་རྙེད་ལ་བསྙེན་པར་རྫོགས་ནས་སྤྱད་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་ཀར་རྙེད་ལ་བསྙེན་པར་མ་རྫོགས་པ་ན་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གོས་ཁྲུ་གང་ལས་ཆུང་བའམ། བདེ་བར་གཤེགས་པའི་ཆོས་གོས་ཀྱི་ཚད་ཅིག་ཁ་དོག་ངན་པར་བསྒྱུར་བ་གསུམ་ལས་གང་ཡང་རུང་བ་ཞིག་གིས་ཁ་དོག་ངན་པར་མ་བསྒྱུར་བར་སྤྱད་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་ཁ་དོག་ངན་པར་བསྒྱུར་བ་གསུམ་ལས་གང་ཡང་ Na298b རུང་བ་ཞིག་གིས་ཁ་དོག་ངན་པར་བསྒྱུར་བའི་གོས་སྤྱད་ཀྱང་ནོངས་པ་དང་བཅས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དེ་འདི་ལྟར་དགེ་སློང་གིས་ཐམས་ཅད་སྔོན་པོའམ། སེར་པོའམ། ཐམས་ཅད་དམར་པོའི་གོས་སྤྱད་པའོ། །བཙུན་པ། དགེ་སློང་གིས་ཁ་དོག་ངན་པར་བསྒྱུར་བ་རྣམ་པ་གསུམ་ལས་གང་ཡང་རུང་བ་ཞིག་གིས་ཁ་དོག་ངན་པར་མ་བསྒྱུར་བར་སྤྱད་ཀྱང་ནོངས་པར་མི་འགྱུར་བ་མ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་དགེ་སློང་དེས་གོས་ཀྱི་རང་བཞིན་བགོས་པའོ། །བཙུན་པ། དགེ་སློང་གིས་ཁ་དོག་ངན་པར་བསྒྱུར་བ་གསུམ་ལས་གང་ཡང་རུང་བ་ཞིག་གིས་ཁ་དོག་ངན་པར་བསྒྱུར་བའི་གོས་སྤྱད་ཀྱང་ནོངས་པ་དང་བཅས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཚོན་ཆེན་པོར་བཙོས་པའོ། །དེ་ལ་ཚོན་ཆེན་པོ་ནི། གུར་གུམ་དང ། ལེ་བརྒན་རྩི་དང ། རྒྱ་སྐྱེགས་དང ། བཙོད་དང ། རྨ་ཤིང་དང ། འདི་ལྟ་བུའི་ཚོན་གྱིས་བཙོས་པ་ཞིག་སྤྱད་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། བསླབ་པ་སྩལ་པས་ཁ་དོག་ངན་པར་བསྒྱུར་བ་གསུམ་ལས་གང་ཡང་རུང་བ་ཞིག་གིས་ཁ་དོག་ངན་པར་མ་བསྒྱུར་བའི་གོས་སྤྱད་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་ཁ་དོག་ངན་པར་བསྒྱུར་བ་གསུམ་ལས་གང་ཡང་རུང་བ་ཞིག་གིས་ཁ་དོག་ངན་པར་མ་བསྒྱུར་བའི་གོས་སྤྱད་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཀྱིས་ཁ་དོག་ངན་པར་ Na299a ༄#། །བསྒྱུར་བ་གསུམ་ལས་གང་ཡང་རུང་བ་ཞིག་གིས་ཁ་དོག་ངན་པར་མ་བསྒྱུར་བར་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། བུད་མེད་རིན་ཆེན་མཚན་དེ་བཞིན། །བཞི་པ་རེག་པ་ཡང་དེ་བཞིན། །གཞན་གྱིས་དང་ནི་བདུན་པ་མཚོན། །རོལ་མོ་དག་དང་སྤྲུལ་པ་ཡིན། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ།་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་རང་གི་སུག་པས་བཟུང་ངམ། འཛིན་ཏུ་སྩལ་ན། ར་བའི་ནང་ན་མཆིས་སམ། གནས་ཀྱི་ནང་ན་མཆིས་པ་མ་གཏོགས་ཏེ་ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་རང་གི་སུག་པས་བཟུང་ཡང་ནོངས་པ་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། བུད་མེད་རིན་པོ་ཆེ་ལ་སོགས་པ་རིན་པོ་ཆེ་ལྔ་བཟུང་ན། ཇི་ལྟར་དངོས་པོ་བཞིན་དུ་ཉེས་པར་འགྱུར་རོ། །འོན་ཏེ་ནོར་བུ་རིན་པོ་ཆེ་དང ། འཁོར་ལོ་རིན་པོ་ཆེ་བཟུང་ན། ལྟུང་བའོ། །བཙུན་པ། དགེ་སློང་གིས་རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་ཞིག་འཛིན་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། ། བཙུན་པ། དགེ་སློང་མས་རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་ཞིག་འཛིན་པ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་རིན་པོ་ཆེ་ལ་ Na299b རིན་པོ་ཆེར་འདུ་ཤེས་ཏེ་བཟུང་ན། ཅིར་འགྱུར། ལྟུང་བའོ། །རིན་པོ་ཆེ་ལ་རིན་པོ་ཆེ་མ་ལགས་པར་འདུ་ཤེས་ཏེ་བཟུང་ན། ཅིར་འགྱུར། ཉེས་པ་མེད་དོ། །རིན་པོ་ཆེ་མ་ལགས་པ་ལ་རིན་པོ་ཆེར་འདུ་ཤེས་ཏེ་བཟུང་ན། ཅིར་འགྱུར། ཉེས་བྱས་སོ། །རིན་པོ་ཆེ་མ་ལགས་པ་ལ་རིན་པོ་ཆེ་མ་ལགས་པར་འདུ་ཤེས་ཏེ་བཟུང་ན། ཅིར་འགྱུར། ཉེས་པ་མེད་དོ། །དེ་བཞིན་དུ་རིན་པོ་ཆེར་གཏོགས་པར་འདུ་ཤེས་པ་ཡང་བཞིར་སྦྱར་རོ། །བཙུན་པ། དགེ་སློང་གིས་རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་ལ་རེག་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་ལ་གཞན་འཛིན་དུ་སྩལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། བསྙེན་པར་མ་རྫོགས་པ་ན་རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་ཞིག་བཟུང་བར་བཤམས་ལ་བསྙེན་པར་མ་རྫོགས་པ་ན་བཟུང་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་ཀར་བཟུང་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་ནས་བཟུང་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ཀར་བཟུང་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ནས་བཟུང་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་པ་ན་བཟུང་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་ Na300a ༄#། །རྫོགས་པ་ན་བཤམས་ལ་བསྙེན་པར་མ་རྫོགས་པ་ན་བཟུང་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་བཟུང་ཡང་ནོངས་པ་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ལྷ་རྫས་ཀྱི་རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་བཟུང་ན། ཉེས་མེད་དུ་འགྱུར་རོ། །བཙུན་པ། དགེ་སློང་གིས་རིན་པོ་ཆེར་གཏོགས་པ་བཟུང་ཡང་ནོངས་པ་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཉམས་པ་བཟུང་བའོ། །བཙུན་པ། དགེ་སློང་གིས་སྤྲུལ་པའི་རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་བཟུང་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་སྤྱད་ཀྱང་ནོངས་པ་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ལྷའི་གནས་སམ། ཀླུའི་གནས་སམ། གནོད་སྦྱིན་གྱི་གནས་སམ། རྒྱལ་པོའི་ཕོ་བྲང་ངམ། རྒྱལ་པོའམ། བློན་པོའི་ཁྱིམ་དེ་དག་ཏུ་སྟན་དང་སྣོད་གཞན་མེད་པར་གྱུར་པའོ། །བཙུན་པ། བསླབ་པ་སྩལ་པས་རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་བཟུང་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་བཟུང་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློབ་མས་རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་བཟུང་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་ཚུལ་མ་དང ། དགེ་ཚུལ་ཕས་རིན་པོ་ཆེའམ། རིན་པོ་ Na300b ཆེར་གཏོགས་པ་བཟུང་ན། ཅིར་འགྱུར། ཉེས་པ་མེད་དོ།། །།འདུལ་བ་གཞུང་དམ་པ། བམ་པོ་བཅུ་གཉིས་པ། མདོར་ན། དུས་དང་བཞི་པ་དེ་ལྟ་སྟེ། །སྦྱོར་བ་དང་ནི་དེ་བཞིན་མཚན། །དེ་བཞིན་ཆུ་དང་ཆར་པ་དང ། །བསླབ་པ་བྱིན་དང་དགེ་སློང་མ། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཟླ་བ་ཕྱེད་ཅིང་ཁྲུས་བགྱིས་ན། དུས་ལ་བབ་པ་མ་གཏོགས་པར་ལྟུང་བར་འགྱུར་རོ། །ཞེས་གསངས་ན། བཙུན་པ། དགེ་སློང་གིས་རྟག་ཏུ་ཁྲུས་བགྱིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དུས་ལ་བབ་པ་བདུན་ལས་གང་ཡང་རུང་སྟེ། དུས་ལ་བབ་པ་ཞིག་ཏུ་ཁྲུས་བྱའོ། །བཙུན་པ། དགེ་སློང་གིས་ཟླ་བ་ཕྱེད་མ་ལོན་པར་འདུ་ཤེས་ཏེ་ཁྲུས་བགྱིས་ན། ཅིར་འགྱུར། ལྟུང་བའོ། །ཟླ་བ་ཕྱེད་མ་ལོན་པ་ལ་ཟླ་བ་བྱེད་ལོན་པར་འདུ་ཤེས་ཏེ་ཁྲུས་བྱས་ན། ཉེས་པ་མེད་དོ། །ཟླ་བ་ཕྱེད་ལོན་པ་ལ་ཟླ་བ་ཕྱེད་མ་ལོན་པར་འདུ་ཤེས་ཏེ་ཁྲུས་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །ཟླ་བ་ཕྱེད་ལོན་པ་ལ་ཟླ་བ་ཕྱེད་ལོན་པར་འདུ་ཤེས་ཏེ་ཁྲུས་བགྱིས་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་ཆབ་ལ་ཆབ་ཏུ་འདུ་ཤེས་ཏེ་ཁྲུས་བགྱིས་ན། ཅིར་འགྱུར། ལྟུང་བའོ། །ཆབ་ལ་ཆབ་མ་ལགས་པར་འདུ་ཤེས་ཏེ་ཁྲུས་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །ཆབ་མ་ལགས་པ་ལ་ཆབ་ཏུ་འདུ་ཤེས་ཏེ་ཁྲུས་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །ཆབ་མ་ལགས་པ་ལ་ཆབ་མ་ལགས་ Na301a ༄#། །པར་འདུ་ཤེས་ཏེ་ཁྲུས་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དུས་སུ་བྱིན་གྱིས་བརླབས་ཏེ་ཁྲུས་བགྱིས་ཀྱང་དེ་ལ་ནོངས་པ་དང་བཅས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཁྲུས་བྱེད་པ་བཏང་ནས་བྱིའུ་ཟུལ་བྱེད་པའོ། །བཙུན་པ། དགེ་སློང་གིས་ཟླ་བ་ཕྱེད་ཚུན་ཆད་དུ་དུས་སུ་བྱིན་གྱིས་མ་བརླབས་པར་ཁྲུས་བགྱིས་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་དུས་སུ་བྱིན་གྱིས་མ་བརླབས་པར་ཁྲུས་བགྱིད་པ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་ཆབ་མ་གཏོགས་པ་དེ་ལས་གཞན་པའི་དངོས་པོ་ཞིག་གིས་ཁྲུས་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། ། དགེ་སློང་གིས་རྟག་ཏུ་ཁྲུས་བགྱིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཆུ་རྒལ་བར་བསམ་པའམ། ཆར་པ་བབ་སྟེ་ཁྲུས་བྱས་པའོ། །བཙུན་པ། བསླབ་པ་སྩལ་པས་ཟླ་བ་ཕྱེད་ཚུན་ཆད་དུས་སུ་བྱིན་གྱིས་མ་བརླབས་པར་ཁྲུས་བགྱིས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་ཟླ་བ་ཕྱེད་ཚུན་ཆད་དུས་སུ་བྱིན་གྱིས་མ་བརླབས་པར་ཁྲུས་བགྱིས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཀྱིས་བྱིན་གྱིས་མ་བརླབས་པར་ཟླ་བ་ཕྱེད་ཚུན་ཆད་ Na301b ཁྲུས་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །ཤེས་བཞིན་དུ་བྱོལ་སོང་དུ་གྱུར་པའི་སྲོག་ཆགས་འཚོ་བ་དང་བྲལ་བ་ནི། ཕས་ཕམ་པའི་སྐབས་སུ་བཤད་པ་བཞིན་རྣམ་པར་དབྱེའོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གིས་དགེ་སློང་ལ་འཚལ་བཞིན་དུ་འགྱོད་པ་བསྐྱེད་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་དགེ་སློང་ཞིག་འཕྲིན་གྱིས་འགྱོད་པ་བསྐྱེད་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་དེ་འགྱོད་པ་བསྐྱེད་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་སྨྱོན་པ་འགྱོད་པ་བསྐྱེད་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པའི་དགེ་སློང་རྣམས་འགྱོད་པ་བསྐྱེད་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། སྐད་དང་ལུས་དང་དབེན་པ་སྔགས། །མཚན་དང་བཞི་པ་བདུན་པ་དང ། ། Na302a ༄#། །ཁྱིམ་པ་དག་ལ་སོགས་པ་རྣམས། །ལྷག་མ་གཞན་གྱིས་དགེ་སློང་མའོ། །བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་འགྱོད་པ་བསྐྱེད་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་འཕགས་པས་མཐའ་འཁོབ་པའི་སྐད་དུ་འགྱོད་པ་བསྐྱེད་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་འགྱོད་པ་བསྐྱེད་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་འགྱོད་པ་བསྐྱེད་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་ལུས་ཀྱི་དམིགས་པས་འགྱོད་པ་བསྐྱེད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དབེན་པ་ལ་མི་དབེན་པར་འདུ་ཤེས་ཏེ་འགྱོད་པ་བསྐྱེད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་སྔགས་སམ། སྨན་གྱིས་བདག་མི་སྣང་བར་བསྒྱུར་ཏེ་དགེ་སློང་ལ་འགྱོད་པ་བསྐྱེད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་གི་འགྱོད་པ་བསྐྱེད་པ་ན་མཚན་འཕོས་ཏེ་དགེ་སློང་མར་འགྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་འགྱོད་པ་བསྐྱེད་ན་མཚན་འཕོས་ཏེ་དགེ་སློང་དུ་ Na302b གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་འགྱོད་པ་བསྐྱེད་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་འགྱོད་པ་བསྐྱེད་ན། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་འགྱོད་པ་བསྐྱེད་ན། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་འགྱོད་པ་བསྐྱེད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསྙེན་པར་མ་རྫོགས་པ་ན་འགྱོད་པ་བསྐྱེད་པར་བཤམས་ལ་བསྙེན་པར་མ་རྫོགས་པ་ན་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་ཏེ་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ནས་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་པ་ན་གྲུབ་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་བཤམས་ལ་བསྙེན་པར་མ་རྫོགས་པ་ན་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཁྱིམ་པ་ལ་འགྱོད་པ་བསྐྱེད་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། དགེ་སློང་ Na303a ༄#། །མ་སུན་ཕྱུང་བ་དང ། ཕ་བསད་པ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། སོ་སོར་གནས་པ་དང ། མི་གནས་པ་དང ། སྔར་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་རྣམས་ལ་འགྱོད་པ་བསྐྱེད་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བ་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་ལ་འགྱོད་པ་བསྐྱེད་ན། ཅིར་འགྱུར། ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་འགྱོད་པ་བསྐྱེད་ཀྱང་ནོངས་པ་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཉེས་པའི་ལྷག་མར་བཅས་པའི་ཉེས་པ་ཞིག་འགྱོད་པ་བསྐྱེད་པར་གྱུར་བའོ། །བཙུན་པ། དགེ་སློང་གིས་གཞན་དག་གིས་སླད་དུ་འགྱོད་པ་བསྐྱེད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་འགྱོད་པ་བསྐྱེད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དགེ་སློང་མ་འགྱོད་པ་བསྐྱེད་ན། ཅིར་འགྱུར། ལྟུང་བའོ། །དགེ་སློང་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་འགྱོད་པ་བསྐྱེད་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་གཅིག་ Na303b ལ་གཅིག་འགྱོད་པ་བསྐྱེད་ན། ཉེས་བྱས་སུ་སྦྱར་རོ། །བཙུན་པ། བསླབ་པ་སྩལ་པས་དགེ་སློང་རྣམས་ལ་འགྱོད་པ་བསྐྱེད་ན། ཅིར་འགྱུར། ལྟུང་བའོ། །མདོར་ན། སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མ་འོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་མཛུབ་མོས་ག་ག་ཚིལ་བགྱིས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་དགེ་སློང་སྨྱོན་པ་ལ་ག་ག་ཚིལ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པའི་དགེ་སློང་རྣམས་ལ་ག་ག་ཚིལ་བྱས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། ལུས་དང་སོ་དང་སོར་མོ་དང ། །སྤུ་དང་གཡོགས་དང་རྨ་དེ་བཞིན། །ཁྱིམ་པ་དག་ལ་སོགས་པ་རྣམས། །མཚན་དང་བཞི་པ་བདུན་པའོ། །བཙུན་པ། དགེ་སློང་གིས་མཛུབ་མོས་ག་ག་ཚིལ་བགྱིས་པ་མ་གཏོགས་པར་དེ་ལས་གཞན་པ་ལུས་ཀྱི་ཕྱོགས་སུ་མགོ་བོའམ། ཕྲག་པའམ། གྲུ་མོའམ། པུས་མོའམ། རྟིང་པའམ། ཤིང་ངམ། རྡོའམ། བོང་བ་རྣམས་ཀྱིས་ག་ག་ཚིལ་བགྱིས་ན། ཅིར་འགྱུར། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་ལུས་ཀྱི་ Na304a ༄#། །དབང་པོ་ཉམས་པས་ལུས་ཀྱི་དབང་པོ་མ་ཉམས་པ་ལ་ག་ག་ཚིལ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལུས་ཀྱི་དབང་པོ་མ་ཉམས་པས་ལུས་ཀྱི་དབང་པོ་ཉམས་པ་ལ་ག་ག་ཚིལ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །དགེ་སློང་གིས་སོས་ག་ག་ཚིལ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་སོ་ལ་ག་ག་ཚིལ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་སེན་མོས་ག་ག་ཚིལ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་སྤུས་ག་ག་ཚིལ་བགྱིས་སམ། སྤུ་ལ་ག་ག་ཚིལ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཡོགས་པ་དང་བཅས་པ་ལ་ག་ག་ཚིལ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་རྨས་ག་ག་ཚིལ་བགྱིས་སམ། རྨ་ག་ག་ཚིལ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཁྱིམ་པ་ལ་ག་ག་ཚིལ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ།། དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་བསད་པ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། སོ་སོར་གནས་པ་དང ། མི་གནས་པ་དང ། སྔར་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་རྣམས་ལ་ག་ག་ Na304b ཚིལ་བྱས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སོང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་བ་ལ་ག་ག་ཚིལ་བགྱིས་ན། ཅིར་འགྱུར་ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་ལ་ག་ག་ཚིལ་བགྱིས་སམ། དགེ་སློང་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ག་ག་ཚིལ་བགྱིས་ན། ཅིར་འགྱུར། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་མས་དགེ་སློང་དང ། དགེ་སློབ་མ་དང ། དགེ་སློབ་མ་དང ། དགེ་ཚུལ་ཕ་རྣམས་ལ་ག་ག་ཚིལ་བགྱིས་ན། ཅིར་འགྱུར། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་ག་ག་ཚིལ་བགྱིད་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དགེ་སློང་མ་ལ་ག་ག་ཚིལ་བགྱིད་པ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་ག་ག་ཚིལ་བགྱིས་ན།་ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་ག་ག་ཚིལ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་ག་ག་ཚིལ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ།། བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་ག་ག་ཚིལ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་ Na305a ༄#། །མི་ལ་མིར་འདུ་ཤེས་པ་ཡང་བཞིར་སྦྱར་རོ། བཙུན་པ། བསྙེན་པར་མ་རྫོགས་པ་ན་བསམ་ལ་བསྙེན་པར་མ་རྫོགས་པ་ན་ག་ག་ཚིལ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བསམ་ལ་བསྙེན་པར་རྫོགས་ཀར་ག་ག་ཚིལ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བསམ་ལ་བསྙེན་པར་རྫོགས་པ་ན་ག་ག་ཚིལ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསམ་ལ་བསྙེན་པར་རྫོགས་ཀར་ག་ག་ཚིལ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསམ་ལ་བསྙེན་པར་རྫོགས་པ་ན་ག་ག་ཚིལ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །གང་བསྙེན་པར་རྫོགས་པ་ན་བསམ་ལ་བསྙེན་པར་རྫོགས་པ་ན་ག་ག་ཚིལ་བགྱིས་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་བསམ་ལ་བསྙེན་པར་མ་རྫོགས་པ་ན་ག་ག་ཚིལ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་པས་དགེ་སློང་ལ་ག་ག་ཚིལ་བགྱིས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་དགེ་སློང་མ་ལ་ག་ག་ཚིལ་བགྱིས་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང ། Na305b མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཆབ་ལ་དགའ་བར་བགྱིས་ན་ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་འཕྲིན་གྱིས་ཆབ་ལ་དགའ་བར་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་དེ་ཆུ་ལ་དགའ་བར་བྱེད་དུ་བཅུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་སྨྱོན་པ་ལ་ཆབ་ཀྱིས་དགའ་བར་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ཆུ་ལ་དགའ་བར་བྱས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །ཇི་ལྟར་དགའ་བར་བྱེད་པ་དེ་བཞིན་དུ་རྩེ་བ་དང ། མོས་པ་ཡང་རྒྱས་པར་བརྗོད་པར་བྱའོ། །མདོར་ན། ཆུ་དང་གཉིས་དང་དེ་བཞིན་བསྔགས། །གཞན་གྱིས་གཞན་གྱིས་མཚན་རྣམས་དང ། །དབེན་དང་བཞི་མ་ནིང་དང ། །བསླབ་པ་བྱིན་དང་དགེ་སློང་མའོ། །བཙུན་པ། དགེ་སློང་གིས་ཆབ་མ་གཏོགས་པར་དེ་ལས་གཞན་པའི་དངོས་པོས་དགའ་བར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཆར་འབབ་པའི་ Na306a ༄#། །ཆུའི་ཐིགས་པའམ། ཁ་བའམ། ཟིལ་བའི་ཐིགས་པ་རྣམས་ཀྱིས་དགའ་བར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་སྔགས་སམ། སྨན་གྱིས་བདག་མི་སྣང་བར་བ་སྒྱུར་ཏེ་དགའ་བར་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གཞན་གྱིས་དགའ་བར་བགྱིད་དུ་སྩལ་ན། ཅིར་འགྱུར། ལྟུང་བའོ།། བཙུན་པ། དགེ་སློང་གིས་གཞན་དག་གི་སླད་དུ་དགའ་བར་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཆབ་ལ་དགའ་བར་བགྱིད་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་ཆབ་ལ་དགའ་བར་བགྱིད་པ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་དབེན་པ་ལ་མི་དབེན་པར་འདུ་ཤེས་ཏེ་དགའ་བར་བགྱིད་ན། ཅིར་འགྱུར། ལྟུང་བའོ། །ཆུ་ལ་ཆུ་མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །ཆབ་མ་ལགས་པ་ལ་ཆབ་མ་ལགས་པར་འདུ་ཤེས་ཏེ་དགའ་བར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་མི་ལ་མིར་འདུ་ཤེས་པ་ཡང་བཞིར་སྦྱར་རོ། །བཙུན་པ། དགེ་སློང་གིས་མ་ནིང་ཞིག་དགའ་བར་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་མ་ནིང་དང ། མཚན་གཉིས་པ་ཞིག་དགའ་བར་བྱེད་དུ་བཅུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །ཇི་ལྟར་དགའ་བར་བྱེད་པ་དེ་བཞིན་ Na306b དུ་རྩེ་བ་དང ། མོས་པ་དང ། རྒོད་པ་དང ། རྒྱུག་པ་དང ། ལུས་ཀྱིས་བརྡེག་པ་རྣམས་སུ་ཡང་རྒྱས་པར་བཤད་དོ། །བཙུན་པ། བསླབ་པ་སྩལ་པས་དགའ་བར་བགྱིས་ན། ཅིར་འགྱུར། ལྟུང་བའོ།། བཙུན་པ། དགེ་སློང་མས་ཆབ་ཀྱིས་དགའ་བར་བགྱིད་དམ། དགའ་བར་བགྱིད་དུ་སྩལ་ན། ཅིར་འགྱུར། ལྟུང་བའོ། །དགེ་སློང་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སོ། ། མདོར་ན། སྨྱོན་པ་སེམས་འཁྲུགས་ན་བ་དང ། །མ་ནིང་མ་དང་འགྲོ་བ་སྤྲུལ། །ནམ་མཁའ་དང་ནི་སྔགས་དང་མཚན། །བཞི་པ་དེ་བཞིན་མ་ནིང་ངོ ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་བུད་མེད་དང་ཁྱིམ་གཅིག་ཏུ་ཉལ་བར་བགྱིད་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་སྨྱོན་པ་དང་ལྷན་ཅིག་ཏུ་ཁྱིམ་གཅིག་ཏུ་ཉལ་ན། ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། འགྲོ་བ་གཞན་དུ་གནས་པ་དང ། ལྷན་ཅིག་ཁྱིམ་གཅིག་ཏུ་ཉལ་བར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བུད་མེད་སྤྲུལ་པ་དང་ལྷན་ཅིག་ཏུ་ཁྱིམ་གཅིག་ཏུ་ཉལ་ན། ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་བུད་མེད་དང་ལྷན་ཅིག་ཏུ་ཁྱིམ་གཅིག་གི་ནང་དུ་ནམ་མཁའ་ལ་ཉལ་བར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་སྔགས་སམ་སྨན་གྱིས་བདག་མི་སྣང་བར་ Na307a ༄#། །བསྒྱུར་ཏེ་བུད་མེད་དང་ལྷན་ཅིག་ཏུ་ཁྱིམ་གཅིག་ཏུ་ཉལ་བར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བུད་མེད་དང་ལྷན་ཅིག་ཏུ་ཁྱིམ་གཅིག་ཏུ་ཉལ་བར་བགྱིད་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་སྐྱེས་པ་དང་ལྷན་ཅིག་ཏུ་ཁྱིམ་གཅིག་ཏུ་ཉལ་བར་བགྱིད་པ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བུད་མེད་ལ་བུད་མེད་དུ་འདུ་ཤེས་ཏེ་ཉལ་བར་བགྱིད་ན། ཅིར་འགྱུར། ལྟུང་བའོ། །བུད་མེད་ལ་བུད་མེད་མ་ཡིན་པར་འདུ་ཤེས་ན། ཉེས་པ་མེད་དོ། །བུད་མེད་མ་ཡིན་པ་ལ་བུད་མེད་དུ་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བུད་མེད་མ་ཡིན་པ་ལ་བུད་མེད་མ་ཡིན་པར་འདུ་ཤེས་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་མིའི་བུད་མེད་ལ་མིར་འདུ་ཤེས་ཏེ་ལྷན་ཅིག་ཁྱིམ་གཅིག་ཏུ་ཉལ་བར་བགྱིད་ན། ཅིར་འགྱུར། ལྟུང་བའོ། །མི་ལ་མི་མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མི་མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་མ་ནིང་དང་ལྷན་ཅིག་ཁྱིམ་གཅིག་ཏུ་ཉལ་བར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། རི་དང་སྟུག་པོའི་ཤིང་དང་ནི། །བསྐོར་དང་གཡོགས་དང་ཆེན་པོ་དང ། །གཟུང་བ་དེ་བཞིན་ Na307b ཉིན་པར་དང ། །བསླབ་པ་བྱིན་དང་དགེ་སློང་མ། །བཙུན་པ། དགེ་སློང་གིས་བུད་མེད་དང་ལྷན་ཅིག་ཏུ་རིའི་གྲོག་པོའམ། ཤིང་སྟུག་པོའམ། ཤིང་ཕུག་ཏུ་ཉལ་བར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བུད་མེད་དང་ལྷན་ཅིག་ཐམས་ཅད་གཡོགས་པའམ། ཕྱེད་བསྐོར་བའམ། མ་བསྐོར་བར་ཉལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བུད་མེད་དང་ལྷན་ཅིག་རིས་བསྐོར་བའམ། མ་གཡོགས་པའམ། ཕྱེད་གཡོགས་པའམ། ཕྱེད་མ་གཡོགས་པར་ཉལ་བར་བགྱིད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་བྱོལ་སོང་མོའི་སྐྱེ་གནས་དང་ལྷན་ཅིག་ཁྱིམ་གཅིག་ཏུ་ཉལ་ན། ཉེས་བྱས་སུ་འགྱུར་རོ། །ཞེས་གསུངས་ན། དེ་ནི། ཇི་ལྟ་བུ་ལགས། ཨུ་པ་ལི། བྱོལ་སོང་གི་སྐྱེ་གནས་སུ་གྱུར་པ་ཆེན་པོའོ། །ཆེན་པོ་ཇི་ལྟ་བུ་ལགས། བཀའ་སྩལ་པ། བྱའི་ནང་ན་ཁྱིམ་བྱ་མོའོ། །གཞན་ཡང་ཁྱིམ་བྱ་མོ་དང་འདྲ་བའོ། །རྐང་པ་བཞི་པའི་ནང་ན་སྤྲེའུ་མོའམ། གཞན་ཡང་སྤྲེའུ་མོ་དང་འདྲའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་མི་མ་ཡིན་པའི་བུད་མེད་དང་ལྷན་ཅིག་ཁྱིམ་གཅིག་ཏུ་ཉལ་བར་བགྱིད་ན། ཉེས་བྱས་སུ་འགྱུར་རོ། །ཞེས་གསུངས་ན། མི་མ་ལགས་པ་ཇི་ལྟ་བུ་ལགས། ཡན་ལག་ཐམས་ཅད་ནས་གཟུང་ཞིང་བལྟར་ཡོད་པའོ། །བཙུན་པ། དགེ་སློང་གིས་བུད་མེད་དང་ལྷན་ཅིག་ཁྱིམ་གཅིག་གི་ནང་དུ་ཉིན་པར་ཉལ་བར་བགྱིད་ན། ཅིར་འགྱུར། ཨུ་པ་ལི། སྐྱ་རེངས་མ་ཤར་ Na308a ༄#། །གྱི་བར་དུ་ཉེས་བྱས་སུ་འགྱུར་རོ། །སྐྱ་རེངས་ཤར་ནས་ལྟུང་བྱེད་དུ་འགྱུར་རོ། །བཙུན་པ། བསླབ་པ་སྩལ་པས་བུད་མེད་དང་ལྷན་ཅིག་ཁྱིམ་གཅིག་གི་ནང་དུ་ཉལ་བར་བགྱིད་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་སྐྱེས་པ་དང་ལྷན་ཅིག་ཏུ་ཁྱིམ་གཅིག་ཏུ་ཉལ་བར་བགྱིད་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང། །འོན་པ་གླེན་པ་གཉིད་ལོག་དང ། ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མ་འོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ།་བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་ལ་བསྡིགས་སམ། སྡིགས་སུ་སྩལ་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་དགེ་སློང་ལ་འཕྲིན་གྱིས་སྡིགས་སུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་དེ་སྡིགས་སུ་བཅུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་དགེ་སློང་སེམས་འཁྲུགས་པ་དང ། །ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་ Na308b པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་བསྡིགས་སམ། བསྡིགས་སུ་བཅུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། སྐད་དང་ལུས་དང་དབེན་པ་སྔས། །གཞན་གྱིས་གཞན་གྱི་བདུན་པ་དང ། །ཁྱིམ་པ་དག་ལ་སོགས་པ་རྣམས། །བཞི་པ་མཚན་ཡང་དེ་བཞིན་ནོ། །བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་དགེ་སློང་བསྡིགས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་དགེ་སློང་བསྡིགས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དགེ་སློང་མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དགེ་སློང་བསྡིགས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་དགེ་སློང་བསྡིགས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལུས་ཀྱི་དམིགས་པས་དགེ་སློང་བསྡིགས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དབེན་པ་ལ་མི་དབེན་པར་འདུ་ཤེས་ཏེ་དགེ་སློང་བསྡིགས་ན།་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་སྔགས་སམ་སྨན་གྱིས་བདག་མི་སྣང་བར་བསྒྱུར་ཏེ་དགེ་སློང་བསྡིགས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ Na309a ༄#། །གཞན་སྡིགས་སུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་གཞན་གྱི་སླད་དུ་བསྡིགས་ན། ཅིར་འགྱུར། ཉེས་བྱས་སོ། ། བཙུན་པ། བསྙེན་པར་མ་རྫོགས་པ་ན་དགེ་སློང་བསྡིགས་པར་བཤམས་ལ་བསྙེན་པར་མ་རྫོགས་པར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ཏེ་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ཏེ་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་པ་ན་གྲུབ་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་བཤམས་ལ་བསྙེན་པར་མ་རྫོགས་པ་ན་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཁྱིམ་པ་བསྡིགས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་བསད་པ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། སོ་སོར་ Na309b གནས་པ་དང ། མི་གནས་པ་དང ། སྔར་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་སྡིགས་སུ་བཅུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་བའི་དགེ་སློང་མངོན་སུམ་དུ་བསྡིགས་སམ། སྡིགས་སུ་སྩལ་ན། ཅིར་འགྱུར། ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་མངོན་སུམ་དུ་ཁྱིམ་པ་སྡིགས་སུ་སྩལ་ན། ཅིར་འགྱུར། ལྟུང་བའོ། །དེ་བཞིན་དུ་མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་བསད་པ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། སོ་སོར་གནས་པ་དང ། མི་གནས་པ་དང ། སྔར་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་བསྩལ་བའི་དགེ་སློང་དང ། དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཀྱིས་བསྡིགས་ན། ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་བསྡིགས་སམ། སྡིགས་སུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དགེ་སློང་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་བསྡིགས་སམ། སྡིགས་སུ་སྩལ་ན། ཅིར་ Na310a ༄#། །འགྱུར། ཐམས་ཅད་ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་བསྡིགས་སམ། སྡིགས་སུ་སྩལ་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་མ་རྫོགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་བསྡིགས་སམ། སྡིགས་སུ་བཅུག་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་བསྡིགས་སམ། སྡིགས་སུ་སྩལ་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དགེ་སློང་མ་བསྡིགས་སམ། སྡིགས་སུ་སྩལ་པ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་བས་དགེ་སློང་ལ་བསྡིགས་སམ། སྡིགས་སུ་སྩལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་དགེ་སློང་མ་ལ་བསྡིགས་སམ། སྡིགས་སུ་སྩལ་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སུ་རྒྱས་པར་བརྗོད་པར་བྱའོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་ Na310b གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གང་གིས་དགེ་སློང་གི་ལྷུང་བཟེད་དམ། གོས་སམ། གཞན་གང་ཡང་རུང་སྟེ། དགེ་སློང་གི་ཡོ་བྱད་གཅིག་སྦས་སམ། སྦེད་དུ་སྩལ་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ།་དགེ་སློང་གིས་དགེ་སློང་གི་ལྷུང་བཟེད་དམ། གོས་སམ། གཞན་གང་ཡང་རུང་སྟེ། དགེ་སློང་གི་ཡོ་བྱད་གཅིག་འཕྲིན་གྱིས་སྦེད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་ནས་སྦེད་དུ་བཅུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་སྨྱོན་པའི་ལྷུང་བཟེད་དམ། གོས་སམ། གཞན་གང་ཡང་དགེ་སྦྱོང་གི་ཡོ་བྱད་གཅིག་སྦས་སམ། སྦེད་དུ་སྩལ་ན། ཅིར་འགྱུར། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་དགེ་སློང་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ཀྱི་ལྷུང་བཟེད་དམ། གོས་སམ། གཞན་གང་ཡང་རུང་དགེ་སྦྱོང་གི་ཡོ་བྱད་སྦས་སམ། སྦེད་དུ་བཅུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། མི་རུང་བ་དང་དེ་བཞིན་སྔགས། །ཆུང་ Na311a ༄#། །དང་ཆེ་དང་གོས་རྣམས་དང ། །ཁྱིམ་པ་དག་ལ་སོགས་པ་རྣམས། །མཚན་དང་བཞི་པ་བདུན་པ་དང ། །གཞན་གྱིས་དགེ་འདུན་གཞན་གྱི་ཕྱིར། །བསླབ་པ་བྱིན་དང་དགེ་སློང་མའོ། །བཙུན་པ། དགེ་སློང་གིས་དགེ་སློང་གི་ལྷུང་བཟེད་དམ། གོས་སམ། གཞན་གང་ཡང་རུང་དགེ་སློང་གི་ཡོ་བྱད་མི་རུང་བ་སྦས་སམ། སྦེད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་སྔགས་སམ་སྨན་གྱིས་བདག་མི་སྣང་བར་བསྒྱུར་ཏེ་དགེ་སློང་གི་ལྷུང་བཟེད་དམ། གོས་སམ། གཞན་གང་ཡང་རུང་དགེ་སྦྱོང་གི་ཡོ་བྱད་ཅིག་སྦས་སམ། སྦེད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་སྔགས་སམ། སྨན་ནམ། རྫུ་འཕྲུལ་གྱིས་དགེ་སློང་གི་ལྷུང་བཟེད་དམ། གོས་སམ། གཞན་གང་རུང་དགེ་སྦྱོང་གི་ཡོ་བྱད་སྦས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གོས་ཁྲུ་གང་ལས་ཆུང་བའམ། ལྷུང་བཟེད་ཆུང་བའམ། ཚད་ལས་ཆེ་བའི་ལྷུང་བཟེད་སྦེད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལྷུང་བཟེད་དམ། གོས་སམ། གཞན་གང་ཡང་རུང་སྟེ། དགེ་སློང་གི་ཡོ་བྱད་མ་གཏོགས་པར་དེ་ལས་གཞན་ཁྱིམ་པ་དང་མཐུན་པའི་ཡོ་བྱད་སྦས་སམ། སྦེད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཁྱིམ་པའི་སྣོད་དམ། གོས་སམ། གཞན་གང་ཡང་རུང་སྟེ། ཡོ་བྱད་སྦེད་དུ་སྩལ་ན། ཅིར་འགྱུར། Na311b ཉེས་བྱས་སོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་བསད་པ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། སོ་སོར་གནས་པ་དང ། མི་གནས་པ་དང ། སྔར་འཁྲུགས་པ་དང ། སྔར་ཉེས་པ་བྱུང་བའི་ལྷུང་བཟེད་དམ། གོས་སམ། གཞན་གང་ཡང་རུང་སྟེ། དགེ་སྦྱོང་གི་ཡོ་བྱད་སྦས་སམ། སྦེད་དུ་བཅུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པའི་དགེ་སློང་གི་ལྷུང་བཟེད་དམ། གོས་སྦས་སམ། སྦེད་དུ་སྩལ་ན། ཅིར་འགྱུར། ཐམས་ཅད་ལྟུང་བའོ། །བཙུན་པ། དགེ་སློང་གིས་དགེ་སློང་མའམ། དགེ་སློང་མ་དང ། དགེ་ཚུལ་མའམ། དགེ་ཚུལ་ཕའི་ལྷུང་བཟེད་དམ། གོས་སམ། གཞན་གང་ཡང་རུང་སྟེ། དགེ་སྦྱོང་གི་ཡོ་བྱད་སྦས་སམ། སྦེད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དགེ་སློང་ངམ། དགེ་སློབ་མའམ། དགེ་ཚུལ་མའམ། དགེ་ཚུལ་ཕའི་ལྷུང་བཟེད་དམ། གོས་སམ། གཞན་གང་ཡང་རུང་སྟེ། དགེ་སྦྱོང་གི་ཡོ་བྱད་སྦས་སམ། སྦེད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལྷུང་བཟེད་དམ། གོས་སམ། གཞན་གང་ཡང་རུང་དགེ་སྦྱོང་གི་ཡོ་བྱད་མངོན་སུམ་དུ་ཁྱིམ་པ་སྦེད་དུ་སྩལ་ན། ཅིར་ Na312a ༄#། །འགྱུར།་ལྟུང་བའོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་བསད་པ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། སོ་སོར་གནས་པ་དང ། མི་གནས་པ་དང ། སྔར་ཉེས་བ་བྱུང་བ་དང ། སྔར་འཁྲུགས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་བྱིན་པ་དང ། དགེ་སློང་དང ། དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་མངོན་སུམ་དུ་སྦེད་དུ་བཅུག་ན། ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་གི་ལྷུང་བཟེད་དམ། གོས་སམ། གཞན་གང་ཡང་རུང་དགེ་སློང་གི་ཡོ་བྱད་སྦས་སམ། སྦེད་དུ་སྩོལ་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དགེ་སློང་མའི་ལྷུང་བཟེད་དམ། གོས་སམ། གཞན་གང་ཡང་རུང་དགེ་སྦྱོང་གི་ཡོ་བྱད་སྦས་སམ། སྦེད་དུ་སྩོལ་པ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་སྦས་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་ Na312b འགྱུར་རོ། །བཙུན་པ། བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་སྦས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསྙེན་པར་མ་རྫོགས་པ་ན་སྦ་བར་བཤམས་ལ་བསྙེན་པར་རྫོགས་པ་ན་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་ནས་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ནས་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་ནས་གྲུབ་ན། ཅིར་འགྱུར། ལྟུང་བའོ། ། བསྙེན་པར་རྫོགས་པ་ན་བཤམས་ལ་བསྙེན་པར་མ་རྫོགས་པ་ན་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་གི་ལྷུང་བཟེད་དམ། གོས་སམ། གཞན་གང་ཡང་རུང་དགེ་སློང་གི་ཡོ་བྱད་རྣམས་གཞན་སྦེད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་ཡོ་བྱད་སྦས་སམ། སྦེད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་གི་ལྷུང་བཟེད་དམ། གོས་སམ། གཞན་གང་ཡང་རུང་དགེ་སྦྱོང་གི་འཚོ་བའི་ཡོ་བྱད་རྣམས་གཞན་གྱི་སླད་དུ་སྦས་ན། ཅིར་འགྱུར། ཉེས་ Na313a ༄#། །བྱས་སོ། །བཙུན་པ། བསླབ་པ་སྩལ་པས་དགེ་སློང་གི་ལྷུང་བཟེད་དམ། གོས་སམ། གཞན་གང་ཡང་རུང་དགེ་སྦྱོང་གི་ཡོ་བྱད་གཅིག་སྦས་སམ། སྦེད་དུ་སྩལ་ན།་ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་དགེ་སློང་མའི་ལྷུང་བཟེད་དམ། གོས་སམ། གཞན་གང་ཡང་རུང་དགེ་སྦྱོང་གི་ཡོ་བྱད་ཅིག་སྦས་སམ། སྦེད་དུ་སྩལ་ན། ཅིར་འགྱུར།་ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག། སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གིས་གོས་སྩལ་ལ་སླར་མ་གཡར་བར་སྤྱད་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་དགེ་སློང་མ་འཕྲིན་གྱིས་གོས་སྩལ་ལ་སླར་མ་གཡར་བར་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་ནས་གོས་བྱིན་པ་ལས་ཕྱིར་མ་བརྙས་པར་སྤྱད་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་སྨྱོན་པ་ལ་གོས་སྩལ་པ་ལས་སླར་མ་གཡར་བར་སྤྱད་ན། Na313b ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པའི་དགེ་སློང་ལ་གོས་བྱིན་པ་ལས་ཕྱིར་མ་བརྙས་པར་སྤྱད་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། མི་རུང་བ་དང་དེ་བཞིན་སྔགས། །ཆུང་དང་ཆེ་དང་གོས་རྣམས་དང ། །ཁྱིམ་པ་དག་ལ་སོགས་པ་རྣམས། །མཚན་དང་བཞི་པ་བདུན་པ་དང ། །གཞན་གྱི་རྒྱུ་དང་གཞན་ལ་དང ། །བསླབ་པ་བྱིན་དང་དགེ་སློང་མའོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་གོས་སྩལ་ལ་སླར་མ་གཡར་བར་སྤྱད་ཀྱང་ནོངས་པ་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། གོས་མི་རུང་བར་གྱུར་བ་སྟེ། དེ་ལ་མི་རུང་བ་ནི། རྔ་མོའི་བལ་དང ། བ་ལང་གི་བལ་དང ། རི་དྭགས་ཀྱི་བལ་དང ། རའི་བལ་དང་འདྲེས་པ་དང ། ཐགས་སུ་མ་བཏགས་པའོ། །དེ་འདྲ་བའི་གོས་སྩལ་པ་ལས་སླར་མ་གཡར་བར་སྤྱད་ན། ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་སྔགས་སམ། སྨན་ནམ། རྫུ་འཕྲུལ་གྱིས་སྤྲུལ་ཏེ་སྩལ་ནས་སླར་མ་གཡར་བར་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གོས་ཁྲུ་གང་བས་ཆུང་བའམ། བདེ་བར་གཤེགས་པའི་གོས་ཀྱི་ཚད་གཅིག་སྩལ་པ་ལས། སླར་མ་གཡར་བར་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གོས་མ་གཏོགས་པར་དེ་ལས་ Na314a ༄#། །གཞན་པའི་དགེ་སྦྱོང་གི་ཡོ་བྱད་སྩལ་བ་ལས། སླར་མ་གཡར་བར་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཁྱིམ་པ་ལ་གོས་སྩལ་པ་ལས་སླར་མ་གཡར་བར་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་ཟ་མ་དང ། མ་ནིང་ལ་གོས་སྩལ་པ་ལས་སླར་མ་གཡར་བར་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། ། དེ་བཞིན་དུ་ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང།་མི་གནས་པ་དང ། སོ་སོར་གནས་པ་དང ། སྔར་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་རྣམས་ལ་གོས་བྱིན་ཏེ་ཕྱིར་མ་བརྙས་པར་སྤྱད་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ།་དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པའི་དགེ་སློང་ལ་གོས་སྩལ་བ་ལས་སླར་མ་གཡར་བར་སྤྱད་ན། ཅིར་འགྱུར། ལྟུང་བའོ། ། བཙུན་པ། དགེ་སློང་གིས་དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་གོས་སྩལ་པ་ལས་སླར་མ་གཡར་བར་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ།་དགེ་སློང་གིས་དགེ་སློང་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་གོས་སྩལ་པ་ལས་སླར་མ་གཡར་བར་སྤྱོད་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་ Na314b འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་གོས་སྩལ་པ་ལས་སླར་མ་གཡར་བར་སྤྱད་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དགེ་སློང་མ་ལ་གོས་སྩལ་པ་ལས་སླར་མ་གཡར་བར་སྤྱོད་པ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ནས་གོས་སྩལ་པ་ལས་སླར་མ་གཡར་བར་སྤྱད་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་གོས་སྩལ་བ་ལས་སླར་མ་གཡར་བར་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསྙེན་པར་མ་རྫོགས་པ་ན་གོས་སྩལ་ལ་བསྙེན་པར་མ་རྫོགས་པ་ན་སླར་མ་གཡར་བར་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་སྩལ་ལ་བསྙེན་པར་རྫོགས་ཀར་སླར་མ་གཡར་བར་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་སྩལ་ལ་བསྙེན་པར་རྫོགས་ནས་སླར་མ་གཡར་བར་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་གོས་སྩལ་ལ་བསྙེན་པར་རྫོགས་ཀར་སླར་མ་གཡར་བར་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་གོས་སྩལ་ལ་བསྙེན་པར་རྫོགས་ནས་སླར་མ་གཡར་བར་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་གོས་སྩལ་ལ་བསྙེན་པར་རྫོགས་པ་ Na315a ༄#། །ན་སླར་མ་གཡར་བར་སྤྱད་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་གོས་སྩལ་ལ་བསྙེན་པར་མ་རྫོགས་པ་ན་སླར་མ་གཡར་བར་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་གཞན་ལས་གོས་སྩལ་བ་ལས་སླར་མ་གཡར་བར་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་གོས་ཐུན་མོང་བ་ཞིག་སྩལ་པ་ལས། སླར་མ་གཡར་བར་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་ལ་གཞན་གྱི་སླད་དུ་གོས་སྩལ་པ་ལས་སླར་མ་གཡར་བར་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་པས་དགེ་སློང་ལ་གོས་སྩལ་ཏེ་སླར་མ་གཡར་བར་སྤྱད་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཐམས་ཅད་ཉེས་བྱས་སུ་རྒྱས་པར་བྱའོ། །དགེ་འདུན་གྱི་ལྷག་མས་སྐུར་པ་ནི། ཕས་ཕམ་པས་སྐུར་པར་བཤད་པ་བཞིན་རྣམ་པར་དབྱེའོ།། །།འདུལ་བ་གཞུང་དམ་པ་།བམ་པོ་བཅུ་གསུམ་པ། མདོར་ན། སྨྱོན་པ་སེམས་འཁྲུགས་ན་པ་དང ། །སྔགས་དང་ནམ་མཁའ་དེ་བཞིན་ཏེ། །མཚན་དང་དེ་བཞིན་བཞི་བ་དང ། །གཞོན་ནུ་དག་དང་མ་ནིང་མ། །སྤྲུལ་པ་མ་ནིང་དེ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་སྐྱེས་པ་མ་མཆིས་པར་བུད་མེད་དང་ལྷན་ཅིག་ཤུལ་ Na315b དུ་ཞུགས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་སྨྱོན་མ་དང་ལྷན་ཅིག་ཤུལ་དུ་ཞུགས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་མ་དང ། ནད་ཀྱིས་གཟིར་མ་དང ། གླེན་མ་དང ། ལྐུགས་མ་དང ། འོན་མ་དང ། དེ་བཞིན་དུ་འགྲོ་བ་གཞན་དུ་གནས་མ་དང་ལྷན་ཅིག་ལམ་དུ་ཞུགས་ཏེ་འགྲོ་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་སྐྱེས་པ་སྨྱོན་པ་དང ། བུད་མེད་དང་ལྷན་ཅིག་ཤུལ་དུ་ཞུགས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྐྱེས་པ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་དང ། བུད་མེད་དང་ལྷན་ཅིག་ལམ་དུ་ཞུགས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བུད་མེད་དང ། མ་ནིང་དང་ལྷན་ཅིག་ཤུལ་དུ་ཞུགས་ན། ཅིར་འགྱུར།་ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་སྔགས་སམ་སྨན་གྱིས་བདག་མི་སྣང་བར་བསྒྱུར་ཏེ་སྐྱེས་པ་མ་མཆིས་པར་བུད་མེད་དང་ལྷན་ཅིག་ཤུལ་དུ་ཞུགས་ཏེ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་སྐྱེས་པ་མ་མཆིས་པར་བུད་མེད་དང་ལྷན་ཅིག་ནམ་མཁའ་ལ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་སྐྱེས་པ་མ་མཆིས་པར་བུད་མེད་དང་ལྷན་ཅིག་ཤུལ་དུ་ཞུགས་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་སྐྱེས་པ་དང་ལྷན་ཅིག་ཤུལ་དུ་ཞུགས་པ་ན་མཚན་འཕོས་ཏེ་དགེ་སློང་ Na316a ༄#། །དུ་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མིའི་བུད་མེད་ལ་མིར་འདུ་ཤེས་ཏེ་ཤུལ་དུ་ཞུགས་ན། ཅིར་འགྱུར། ལྟུང་བའོ། །མི་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ་དགེ་སློང་གིས་མིའི་བུད་མེད་ལ་བུད་མེད་དུ་འདུ་ཤེས་ནས་ཤུལ་དུ་ཞུགས་ན། ཅི་འགྱུར། ལྟུང་བའོ། །མིའི་བུད་མེད་ལ་སྐྱེས་པར་འདུ་ཤེས་ཏེ་ཤུལ་དུ་ཞུགས་ན། ཅིར་འགྱུར། ཉེས་པ་མེད་དོ།། སྐྱེས་པ་ལ་བུད་མད་ལ་བུད་མེད་དུ་འདུ་ཤེས་ནས་ཤུལ་དུ་ཞུགས་ན། ཅིར་འགྱུར། ཉེས་བྱས་སོ། །སྐྱེས་པ་ལ་སྐྱེས་པར་འདུ་ཤེས་ཏེ་ཤུལ་དུ་ཞུགས་པ་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་སྐྱེས་པ་མེད་པར་གཞོན་ནུ་མ་དང་ལྷན་ཅིག་ཤུལ་དུ་ཞུགས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མ་ནིང་མོ་དང་ལྷན་ཅིག་ཤུལ་དུ་ཞུགས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་སྐྱེས་པ་མ་མཆིས་པར་བུད་མེད་དང་ལྷན་ཅིག་ཤུལ་དུ་ཞུགས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་མ་ནིང་དང་ལྷན་ཅིག་ཤུལ་དུ་ཞུགས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་པ་སྐྱེས་པ་མ་མཆིས་པར་བུད་མེད་དང་ལྷན་ཅིག་ཤུལ་དུ་ཞུགས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མ་བུད་མེད་མ་མཆིས་པར་ Na316b སྐྱེས་པ་དང་ལྷན་ཅིག་ཤུལ་དུ་ཞུགས་ན། ཅིར་འགྱུར། དངོས་པོ་ཇི་ལྟ་བ་བཞིན་ནོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སུ་བརྗོད་པར་བྱའོ། །མདོར་ན། སྨྱོན་པར་གྱུར་དང ། སེམས་འཁྲུགས་དང ། །ན་བ་འོན་པ་འགྲོ་བ་རྣམས། ནམ་མཁའ་མཚན་དང་བཞི་པ་དང ། །སྤྲུལ་པ་དང་ནི་མ་ནིང་ལམ། །ལམ་མ་ཡིན་དང་དགེ་སློང་མའོ། །སངས་རྒྱས་བཅོམ་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་མགོན་པོ་མང་པོ་རྐུ་བ་དང་ལྷན་ཅིག་ཤུལ་དུ་ཞུགས་མཆིས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་རྐུན་པོ་སྨྱོན་པ་ཞིག་དང་ལྷན་ཅིག་ཤུལ་དུ་ཞུགས་ཏེ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་མགོན་པོ་མང་པོ་རྐུ་བ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་དང་ལྷན་ཅིག་ལམ་དུ་ཞུགས་ཏེ་སོང་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་སྔགས་སམ་སྨན་གྱིས་བདག་མི་སྣང་བར་བསྒྱུར་ཏེ་མགོན་པོ་མང་པོ་དང་ལྷན་ཅིག་འགྲོགས་ཏེ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མགོན་པོ་མང་པོ་རྐུ་བ་དང་ལྷན་ཅིག་ནམ་མཁའ་ལ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མགྲོན་པོ་མང་པོ་རྐུ་བ་དང་ལྷན་ཅིག་མཆི་བ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ་ Na317a ༄#། །དགེ་སློང་མ་མགོན་པོ་མང་པོ་རྐུ་བ་དང་ལྷན་ཅིག་ཏུ་ཞུགས་ཏེ་མཆི་བ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་པ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་མགྲོན་པོ་མང་པོ་རྐུ་བ་ལ་མགྲོན་པོ་མང་པོ་རྐུ་བར་འདུ་ཤེས་ཏེ་ཤུལ་དུ་ཞུགས་ཏེ་མཆིས་ན། ཅིར་འགྱུར། ལྟུང་བའོ། །མགོན་པོ་མང་པོ་རྐུ་བ་ལ་རྐུ་བ་མ་ལགས་པར་འདུ་ཤེས་ཏེ་མཆིས་ན། ཅིར་འགྱུར། ཉེས་པ་མེད་དོ། །མགྲོན་པོ་མང་པོ་རྐུ་བ་མ་ལགས་པ་ལ་མགྲོན་པོ་རྐུ་བར་འདུ་ཤེས་ཏེ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །མགྲོན་པོ་མང་པོ་རྐུ་བ་མ་ལགས་པ་ལ་མགྲོན་པོ་མང་པོ་རྐུ་བ་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་མི་ལ་མིར་འདུ་ཤེས་ཏེ་མགྲོན་པོ་མང་པོ་རྐུ་བ་དང་ལྷན་ཅིག་ལམ་དུ་ཞུགས་ཏེ་མཆིས་ན། ཅིར་འགྱུར། ལྟུང་བའོ། །མི་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མགྲོན་པོ་མང་པོ་རྐུ་བ་སྤྲུལ་པ་དང་ལྷན་ཅིག་ཤུལ་དུ་ཞུགས་ཏེ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་རྐུན་པོ་མ་ནིང་དང་ལྷན་ཅིག་ཤུལ་དུ་ཞུགས་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མགྲོན་པོ་མང་པོ་རྐུ་བ་དང་ལྷན་ཅིག་ཤུལ་དུ་ Na317b ཞུགས་ཏེ་མཆིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། རྒྱང་གྲགས་གཅིག་ཚུན་ཆད་ཕྱིར་ལྡོག་གམ། རྐུན་པོས་དགེ་སློང་བཟུང་སྟེ་ཁྲིད་དམ། འོན་དེ་དག་ཉིད་བསེལ་བར་གྱུར་ཏམ། ལམ་སྟོར་ནས་ལམ་སྟོན་པའོ། །བཙུན་པ། དགེ་སློང་གིས་མགྲོན་པོ་མང་པོ་རྐུ་བ་དང་ལྷན་ཅིག་ཤུལ་མ་ལགས་པར་མཆིས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ་དང ། བསླབ་པ་སྩལ་པ་མགྲོན་པོ་མང་པོ་རྐུ་བ་དང་ལྷན་ཅིག་ཤུལ་དུ་ཞུགས་ཏེ་མཆིས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་མགོན་པོ་མང་པོ་རྐུ་བ་དང་ལྷན་ཅིག་ཤུལ་དུ་ཞུགས་མཆིས་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སོ། །མདོར་ན། སྔར་འཁྲུགས་བསྙེན་པར་རྫོགས་དང ། མཚན། །བཞི་པ་སྨྱོན་པ་སེམས་འཁྲུགས་དང ། །ན་བ་འོན་པ་འགྲོ་བ་དང ། །ཁྱིམ་པ་ལ་སོགས་ཁྱིམ་པ་མོ། །བསླབ་པ་བྱིན་དང་དགེ་སློང་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་ལོ་ཉིས་ཤུར་མ་ལོན་པའི་གང་ཟག་ཅིག་དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བགྱིད་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་ལོ་ཉི་ཤུ་ལ་ལགས་པར་འདུ་ཤེས་ཏེ་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། འདི་བཞི་ནི། སྔར་འཁྲུགས་པ་སྟེ། ལོ་ཉི་ཤུར་ཡང་མ་ལོན་ལ་ལོ་ཉི་ Na318a ༄#། །ཤུ་མ་ལོན་པར་ཡང་འདུ་ཤེས་ནས་དེ་ལ་དགེ་སློང་གིས་ལོ་ཉི་ཤུ་ལོན་ནམ་ཞེས་དྲིས་པ་དང ། དེས་འདི་སྐད་དུ། བདག་ནི། ལོ་ཤི་ཤུ་མ་ལོན་པར་ཤེས་ཤིང་དྲན་ཏེ་ཐེ་ཚོམ་མེད་དོ། །ཞེས་སྨྲས་པ་དང ། གང་ཟག་དེ་དགེ་སློང་གིས་དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བྱས་ན། འདི་ནི། སྔར་འཁྲུགས་པ་དང་པོའོ། །ལོ་ཉི་ཤུ་མ་ལོན་པར་འགྱུར་པ་ལ་ལོ་ཉི་ཤུ་མ་ལོན་པར་འདུ་ཤེས་ནས་དགེ་སློང་གིས་ལོ་ཉི་ཤུ་ལོན་ནམ་ཞེས་དྲིས་པ་དང ། དེས་འདི་སྐད་དུ། མི་ཤེས་སོ། །མི་དྲན་ནོ། །ཞེས་སྨྲས་པའི་གང་ཟག་དེ། དགེ་སློང་རྣམས་ཀྱིས་དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བྱས་ན། འདི་ན། སྔར་འཁྲུགས་པ་གཉིས་པའོ། །ལོ་ཉི་ཤུ་མ་ལོན་པར་གྱུར་པ་ལོ་ཉི་ཤུ་མ་ལོན་པར་འདུ་ཤེས་ནས་དགེ་སློང་གིས་ལོ་ཉི་ཤུ་ལོན་ནམ་ཞེས་དྲིས་པ་དང ། དེས་འདི་སྐད་དུ། བདག་ནི། ཐེ་ཚོམ་ཟའོ། །ཞེས་སྨྲས་པ་དང ། གང་ཟག་དེ། དགེ་སློང་གིས་དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བྱས་ན། འདི་ནི། སྔར་འཁྲུགས་པ་གསུམ་པའོ། །ལོ་ཉི་ཤུ་མ་ལོན་པར་གྱུར་པ་ལ་ལོ་ཉི་ཤུར་མ་ལོན་པར་འདུ་ཤེས་ནས་དགེ་སློང་གིས་དྲིས་ཀྱང་ལན་ནི་མི་གློན་པའི་གང་ཟག་དེ། དགེ་སློང་རྣམས་ཀྱིས་དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བྱས་ན། འདི་ནི། སྔར་འཁྲུགས་པ་བཞི་པ་སེ། ཨུ་པ་ལི། སྔར་འཁྲུགས་པ་འདི་བཞི་མ་གཏོགས་པར་ལྷག་མ་རྣམས་ནི། བསྙེན་པར་རྫོགས་པ་ཞེས་བྱའོ། ། Na318b བཙུན་པ། དགེ་སློང་གིས་ལོ་ཉི་ཤུ་མ་ལགས་པའི་གང་ཟག་ཅིག་དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བགྱིད་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ།་དགེ་སློང་མས་ལོ་ཤི་ཤུ་མ་ལགས་པའམ། ལོ་བཅུ་གཉིས་མ་ལགས་པ་ཞིག་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་པར་བགྱིད་པ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་ལོ་ཉི་ཤུ་མ་ལགས་པ་ལ་ལོ་ཉི་ཤུ་མ་ལགས་པར་འདུ་ཤེས་ཏེ་བསྙེན་པར་རྫོགས་པར་བགྱིས་ན། ཅིར་འགྱུར། ལྟུང་བའོ། །ལོ་ཉི་ཤུ་མ་ལོན་པ་ལ་ལོ་ཉི་ཤུ་ལོན་པར་འདུ་ཤེས་ཏེ་བསྙེན་པར་རྫོགས་པར་བྱས་ན། ཉེས་པ་མེད་དོ། །ལོ་ཉི་ཤུ་ལོན་པ་ལ་ལོ་ཉི་ཤུ་མ་ལོན་པར་འདུ་ཤེས་ཏེ་བསྙེན་པར་རྫོགས་པར་བྱས་ན། ཉེས་བྱས་སུ་འགྱུར་རོ།། ལོ་ཉི་ཤུ་ལོན་པ་ལ་ལོ་ཉི་ཤུ་ལོན་པར་འདུ་ཤེས་ཏེ་བསྙེན་པར་རྫོགས་པར་བྱས་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་སྨྱོན་པ་ཞིག་ལོ་ཉི་ཤུ་མ་ལགས་པར་འདུ་ཤེས་ཏེ་བསྙེན་པར་རྫོགས་པར་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ལོ་ཉི་ཤུ་མ་ལོན་པར་འདུ་ཤེས་ཏེ་བསྙེན་པར་རྫོགས་པར་བྱས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་ཁྱིམ་པ་ལོ་ཉི་ཤུ་མ་ལགས་པར་འདུ་ཤེས་ཏེ་བསྙེན་ Na319a ༄#། །པར་རྫོགས་པར་བགྱིས་ན། ཅིར་འགྱུར། ལྟུང་བའོ། །དགེ་ཚུལ་ཕའང་དེ་བཞིན་ནོ། །བཙུན་པ། དགེ་སློང་གིས་མ་ནིང་ལོ་ཉི་ཤུ་མ་ལགས་པར་འདུ་ཤེས་ཏེ་བསྙེན་པར་རྫོགས་པར་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། སྔར་འཁྲུགས་པ་དང ། སྔར་ཉེས་པ་བྱུང་བ་རྣམས་ལོ་ཉི་ཤུ་མ་ལོན་པར་འདུ་ཤེས་ཏེ་བསྙེན་པར་རྫོགས་པར་བྱས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་ལོ་ཉི་ཤུ་མ་ལགས་པར་དུ་ཤེས་ཏེ་བསྙེན་པར་རྫོགས་པར་བགྱིས་ཀྱང་ནོངས་པ་ལྟུང་བར་ཡང་མི་འགྱུར་ལ། ལེགས་པར་བསྙེན་པར་རྫོགས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། མི་ལ་སོང་བ་ནི། ལོ་ཉི་ཤུ་མ་ལོན་ཡང་བསྙེན་པར་རྫོགས་པར་བྱོས་ཤིག ། བཙུན་པ། བསླབ་པ་སྩལ་བས་ལོ་ཤི་ཤུ་མ་ལོན་པའི་གང་ཟག་བསྙེན་པར་རྫོགས་པར་བགྱིས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་གཞོན་ནུ་མ་ལོ་ཉི་ཤུ་མ་ལོན་པ་དང ། མི་ལ་སོང་བ་ལོ་བཅུ་གཉིས་སུ་མ་ལོན་པར་བསྙེན་པར་རྫོགས་པར་བགྱིས་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་རྣམས་ལ་ཉེས་པ་མེད་དོ། །མདོར་ན། Na319b འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་འགྲོ་བ་འོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་བདག་གིས་སུག་པས་ས་བརྐོས་སམ། རྐོར་སྩལ་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་འཕྲིན་གྱིས་ས་རྐོར་སྩལ་ན།་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་དེ་རྐོར་བཅུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་སྨྱོན་པས་རྐོར་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ནི། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། མདོར་ན། མཚན་དང་བཞི་པ་བདུན་དེ་བཞིན། །ཁྱིམ་པ་དག་ལ་སོགས་པ་དང ། སྐད་དང་ལུས་དང་མ་འཐས་པ། །ཕུང་པ་ས་ཞག་ཚིག་པའོ། །བཙུན་པ།་དགེ་སློང་གིས་རང་གི་སུག་པས་ས་ལ་རྐོ་བ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་རང་གི་སུག་པས་ས་ལ་རྐོ་བ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་ས་ལ་སར་འདུ་ཤེས་ཏེ་བརྐོས་སམ། རྐོར་སྩལ་ན། ཅིར་འགྱུར། ལྟུང་བའོ། །ས་ལ་ས་མ་ཡིན་པར་འདུ་ཤེས་ན། ཉེས་པ་མེད་དོ། །ས་མ་ Na320a ༄#། །ཡིན་པ་ལ་སར་འདུ་ཤེས་ཏེ་རྐོར་བཅུག་ན། ཉེས་བྱས་སོ། །ས་མ་ཡིན་པ་ལ་ས་མ་ཡིན་པར་འདུ་ཤེས་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་གཞན་ས་རྐོར་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཞན་གྱི་སླད་དུ་ས་བརྐོས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། བསྙེན་པར་མ་རྫོགས་པ་ནས་རྐོ་བར་བཤམས་ལ་བསྙེན་པར་མ་རྫོགས་པར་གྲུབ་ན་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་ན་གྲུབ་ན།་ཅིར་འགྱུར། ཉོས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་པ་ན་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་པ་ན་གྲུབ་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་བཤམས་ལ་བསྙེན་པར་མ་རྫོགས་པ་ན་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མངོན་སུམ་དུ་ཁྱིམ་པ་ས་རྐོར་སྩལ་ན། ཅིར་འགྱུར། ལྟུང་བའོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དགེ་འདུན་གྱི་དབྱེན་བྱས་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། Na320b རྐུན་གནས་དང ། སོ་སོར་གནས་པ་དང ། མི་གནས་པ་དང ། སྔར་འཁྲུགས་པ་དང ། སྔར་ཉེས་པ་བྱུང་བ་དང ། ཉེས་བར་ཕྱོགས་པ་དང ། བསླབ་པ་བྱིན་པ་དང ། དགེ་སློང་དང ། དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་མངོན་སུམ་དུ་ས་རྐོར་བཅུག་ན། ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་ས་རྐོར་སྩལ་བ་དང ། གང་ཟག་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་ས་རྐོར་སྩལ་པ་དང ། གང་ཟག་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་ས་རྐོར་སྩལ་པ་དང ། གང་ཟག་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་ས་རྐོར་སྩལ་པ་དང ། གང་ཟག་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལུས་ཀྱི་དམིགས་པས་ས་རྐོར་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མ་འཐས་པའི་ས་རྐོར་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ས་ལ་ཕུར་པ་བཏབ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དེ་སྟེ་ཕྱུང་ན། ཅིར་འགྱུར། ཉེས་བྱས་སོ།། བཙུན་པ། དགེ་སློང་གིས་ས་ཞག་བཤུས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ས་ལ་བྲུད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་ Na321a ༄#། །གིས་ས་ལ་བ་ལང་གི་ལྕི་བའམ། གྱོ་རལ་ཆགས་པ་བཀོགས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཚིག་པ་བརྐོས་ན། ཅིར་འགྱུར། ཉེས་བྱས་སོ། ། བཙུན་པ། བསླབ་པ་སྩལ་པས། བདག་གིས་སུག་པས་ས་བརྐོས་སམ། རྐོར་སྩལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་བདག་གིས་སུག་པས་ས་བརྐོས་སམ། རྐོར་སྩལ་ན། ཅིར་འགྱུར། ལྟུང་བའོ། །དགེ་སློང་མ་ལ་ཉེས་བྱས་སོ། །དགེ་ཚུལ་དང ། དགེ་ཚུལ་ཕ་ལ་ཉེས་པ་མེད་དོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཟླ་བ་བཞིར་ནི། མགྲོན་དུ་བོས་པ་བདག་གིར་བྱོས་ཤིག་།དེ་ལས་ལྷག་པར་བདག་གིར་བགྱིས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་དུས་ཇི་སྲིད་དུ་ཇི་ཙམ་ཞིག་གིས་མགྲོན་བགྱིས་པ་དེ་ལས་འདས་པར་འཕྲིན་གྱིས་བསླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་ནས་བསླངས་ཏེ་ཟོས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་ཞིག་སྨྱོན་པས་མགྲོན་ Na321b བགྱིས་པ་དང ། དེ་ལས་འདས་པ་བསླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་སྤར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ཀྱིས་དུས་ཇི་སྲིད་དུ་ཇི་ཙམ་ཞིག་གིས་མགྲོན་བྱས་པ་དེ་ལས་འདས་པར་བསླངས་ཏེ་ཟོས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། མི་རུང་བ་དང་མ་གཏོགས་དང ། །མཚན་དང་བཞི་པ་དེ་བཞིན་ཏེ། །བསྐོས་པ་དང་ཡང་བར་ཆད་དང ། །གཞན་གྱིས་གཞན་གྱི་བདུན་པའོ། །བཙུན་པ། དགེ་སློང་གིས་དུས་ཇི་སྲིད་ཅིག་ཏུ་བཅའ་བ་དང ། བཟའ་བ་ཇི་ཙམ་གྱིས་མགྲོན་བགྱིས་པ་དེ་ལས་འདས་པར་བཅའ་བ་དང ། བཟའ་བ་རུང་བ་བསླངས་ཏེ་འཚལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་དུས་ཇི་སྲིད་དུ་ཇི་ཙམ་གྱིས་མགྲོན་བགྱིས་པ་དེ་ལས་འདས་པར་བཅའ་བ་དང ། བཟའ་བ་མ་གཏོགས་པར་དེ་ལས་གཞན་པ་སྨན་རྣམས་སྨན་དུ་བགྱི་བར་འཚལ་ཏེ་ཟས་སུ་མ་ལགས་པ་དེ་དག་བསླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དུས་ཇི་སྲིད་དུ་ཇི་ཙམ་ཞིག་གིས་མགྲོན་བགྱིས་པ་དེ་ལས་འདས་པར་བསླངས་ཏེ་འཚལ་བ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་དུས་ཇི་སྲིད་དུ་ཇི་ཙམ་གྱིས་མགྲོན་བགྱིས་པ་དེ་ལས་འདས་པར་བསླངས་ཏེ་འཚལ་བ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། ། Na322a ༄#། །བཙུན་པ། དགེ་སློང་གིས་མི་ལ་མིར་འདུ་ཤེས་ཏེ་བསླངས་ནས་འཚལ་ན། ཅིར་འགྱུར། ལྟུང་བའོ། །མི་ལ་མི་མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ནས་དེ་ལས་འདས་པར་བསླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དུས་ཇི་སྲིད་ཇི་ཙམ་ཞིག་གིས་མགྲོན་དུ་བོས་པ་དེ་ཙམ་ཞིག་འཚལ་ཡང་ནོངས་པ་དང་བཅས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་དགེ་སློང་གིས་བསླབ་པའི་སྡོམ་པ་སྩལ་བའི་གྲོང་དུ་སྤྱན་དྲངས་ཏེ་ཟོས་པའོ། །བཙུན་པ། དགེ་སློང་གིས་དུས་ཇི་སྲིད་ཇི་ཙམ་ཞིག་གིས་མགྲོན་དུ་བོས་པ་དེ་ལས་འདས་པར་བསླངས་ཏེ་འཚལ་ཡང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་དགེ་སློང་དེ་ན་སྟེ་ཟོས་སམ། གཞན་དུ་འགྲོ་བའི་ཕྱིར་བར་ཆད་བརྒྱད་ལས་གང་ཡང་རུང་སྟེ་བར་ཆད་གཅིག་བྱུང་བར་གྱུར་པའོ། །བཙུན་པ། དགེ་སློང་གིས་དུས་ཇི་སྲིད་དུ་ཇི་ཙམ་གྱིས་མགྲོན་དུ་བོས་པ་དེ་ལས་འདས་པར་གཞན་གྱི་སླད་དུ་བསླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དུས་ཇི་སྲིད་དུ་ཇི་ཙམ་ཞིག་གིས་མགྲོན་དུ་བོས་པ་དེ་ལས་འདས་པར་གཞན་སློང་དུ་སྩལ་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསྙེན་པར་མ་རྫོགས་པ་ན་བསླངས་ལ་བསྙེན་པར་མ་རྫོགས་པ་ན་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་ Na322b མ་རྫོགས་པ་ན་བསླངས་ལ་བསྙེན་པར་རྫོགས་ཀར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བསླངས་ལ་བསྙེན་པར་རྫོགས་པ་ན་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ལ་བསྙེན་པར་རྫོགས་ཀར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ལ་བསྙེན་པར་རྫོགས་ནས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་བསླངས་ལ་བསྙེན་པར་རྫོགས་ནས་འཚལ་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་བསླངས་ལ་བསྙེན་པར་མ་རྫོགས་པ་ན་འཚལ་ན། ཅིར་འགྱུར། ཉེས་བྱས་སོས། །བཙུན་པ། བསླབ་པ་སྩལ་པས་དེ་ལས་ལྷག་པར་བསླངས་ཏེ་འཚལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་དེ་ལས་ལྷག་པར་བསླངས་ཏེ་འཚལ་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཀྱིས་དེ་ལས་ལྷག་པར་བསླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག། སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་སློང་གིས་དགེ་སློང་ལ་ཚེ་དང་ལྡན་པ། ཁྱོད་ཀྱིས་བསླབ་པ་འདི་ལ་སློབས་ཤིག་ཅེས་བསྒོ་བ་དང ། དེས་དེ་དག་ལ་འདི་སྐད་དུ། བདག་ནི། Na323a ༄#། །ཚེ་དང་ལྡན་པས་བསྒོ་བ་བཞིན་དུ་བསླབ་པ་འདི་མི་སློབ་བོ། །ཞེས་སྨྲས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་དགེ་སློང་ལ་བསྒོ་བ་དང ། འཕྲིན་གྱིས་འདི་སྐད་དུ། བདག་ནི། ཚེ་དང་ལྡན་པ་དག་གིས་བསྒོ་བ་བཞིན་དུ་བསླབ་པ་འདི་ལ་མི་སློབ་བོ། །ཞེས་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་དེ་སྨྲས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་ཞིག་ལ་དགེ་སློང་རྣམས་ཀྱིས་བསྒོ་བ་དང ། དགེ་སློང་སྨྱོན་པ་ཞིག་འདི་སྐད་དུ། བདག་ནི། ཚེ་དང་ལྡན་པས་བསྒོ་བ་བཞིན་བསླབ་པ་འདི་ལ་མི་སློབ་བོ། །ཞེས་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པའི་དགེ་སློང་རྣམས་ཀྱིས་འདི་སྐད་དུ། བདག་ནི། ཚེ་དང་ལྡན་པས་བསྒོ་བ་བཞིན་བསླབ་པ་འདི་ལ་མི་སློབ་བོ། །ཞེས་སྨྲས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། སྐད་དང་ལུས་དང་དབེན་པ་དང ། །གཞན་གྱིས་གཞན་གྱི་བདུན་པ་དང ། །ཁྱིམ་པ་དག་ལ་སོགས་པ་སྟེ། །མཚན་དང་བཞི་པ་བདུན་པའོ། །བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་དགེ་སློང་ལ་འདི་སྐད་དུ། བདག་ཚེ་དང་ལྡན་པས་བསྒོ་བ་བཞིན་བསླབ་པ་འདི་ལ་མི་སློབ་ Na323b པོ། །ཞེས་སྨྲས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོས། །འཕགས་པས་མཐའ་འཁོབ་པའི་སྐད་དུ་དེ་སྐད་སྨྲས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དེ་སྐད་སྨྲས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་དེ་སྐད་སྨྲས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོས། །བཙུན་པ། དགེ་སློང་གིས་ལུས་ཀྱི་དམིགས་པས་འདི་སྐད་དུ། བདག་ཚེ་དང་ལྡན་པས་བསྒོ་བ་བཞིན་བསླབ་པ་འདི་ལ་མི་སློབ་བོ། །ཞེས་གོ་བར་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དབེན་པ་ལ་མི་དབེན་པར་འདུ་ཤེས་ནས་འདི་སྐད་དུ། བདག་ཚེ་དང་ལྡན་པའི་ཚིག་གིས་སློབས་ཤིག་བ་མི་སློབ་བོ། །ཞེས་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བདག་ཚེ་དང་ལྡན་པས་བསྒོ་བ་བཞིན་བསླབ་པ་འདི་ལ་མི་སློབ་བོ། །ཞེས་གཞན་སྨྲར་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཞན་གྱི་སླད་དུ་འདི་སྐད་དུ། ཚེ་དང་ལྡན་པས་བསྒོ་བ་བཞིན་བསླབ་པ་འདི་ལ་མི་སློབ་བོ། །ཞེས་སྨྲས་ན། ཅིར་འགྱུར། ཉེས་བྱས་སོས། །བཙུན་པ། བསྙེན་པར་མ་རྫོགས་པ་ན་བསྒོ་བ་ལ་བསྙེན་པར་མ་རྫོགས་པ་ན་འདི་སྐད་དུ། བདག་ཚེ་དང་ལྡན་པས་བསྒོ་བ་བཞིན་བསླབ་པ་འདི་ལ་མི་ Na324a ༄#། །སློབ་བོ། །ཞེས་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བསྒོ་ལ་བསྙེན་པར་རྫོགས་ཀར་དེ་སྐད་སྨྲས་ན། ཅིར་འགྱུར། ཉེས་བྱས་སོས། །བསྙེན་པར་མ་རྫོགས་པ་ན་བསྒོ་ལ་བསྙེན་པར་རྫོགས་པ་ན་འདི་སྐད་དུ། བདག་ཚེ་དང་ལྡན་པས་བསྒོ་བ་བཞིན་བསླབ་པ་འདི་ལ་མི་སློབ་བོ། །ཞེས་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསྒོ་ལ་བསྙེན་པར་རྫོགས་ཀར་དེ་སྐད་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསྒོ་ལ་བསྙེན་པར་རྫོགས་པ་ན་དེ་སྐད་སྨྲས་ན། ཅིར་འགྱུར། ཉེས་བྱས་སོས། །བསྙེན་པར་རྫོགས་པ་ན་བསྒོ་བ་ལ་བསྙེན་པར་རྫོགས་པ་ན་དེ་སྐད་སྨྲས་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་བསྒོ་ལ་བསྙེན་པར་མ་རྫོགས་པ་ན་དེ་སྐད་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་ཞིག་ལ་ཁྱིམ་པས་བསྒོ་བ་དང་འདི་སྐད་དུ། བདག་ཚེ་དང་ལྡན་པས་བསྒོ་བ་བཞིན་བསླབ་པ་འདི་ལ་མི་སློབ་བོ། །ཞེས་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་བསད་པ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། སྔར་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་རྣམས་ཀྱིས་བསྒོ་ལ་དེ་སྐད་སྨྲས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་ Na324b དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པའི་དགེ་སློང་རྣམས་ཀྱིས་བསྒོ་བ་དང་དེ་སྐད་སྨྲས་ན། ཅིར་འགྱུར། ཐམས་ཅད་ཉེས་བྱས་སོ། །བཙུན་པ། དགེ་སློང་ལ་དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཀྱིས་བསྒོ་བ་དང་དེ་སྐད་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་འདི་སྐད་དུ། བདག་ཚེ་དང་ལྡན་པས་བསྒོ་བ་བཞིན་བསླབ་པ་འདི་ལ་མི་སློབ་བོ། །ཞེས་སྨྲ་བ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་དེ་སྐད་སྨྲ་བ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་འདི་སྐད་དུ། བདག་ཚེ་དང་ལྡན་པས་བསྒོ་བ་བཞིན་བསླབ་པ་འདི་ལ་མི་སློབ་བོ། །ཞེས་སྨྲས་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། ། བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །ཇི་ལྟར་དགེ་སློང་གིས་དེ་སྐད་སྨྲས་པས་ལྟུང་བར་འགྱུར་བ་དེ་བཞིན་དུ་བསླབ་པ་བྱིན་པ་དང ། དགེ་སློང་མ་ལ་ཡང་ལྟུང་བར་འགྱུར་རོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སོ། །མདོར་ན། སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་འགྲོ་བ་དང ། །མཚན་དང་བཞི་ Na325a ༄#། །པ་དེ་བཞིན་ཏེ། སྔགས་དང་གཞན་གྱིས་འདི་དག་བདུན། །ཁྱིམ་པ་དག་ལ་སོགས་པ་སྟེ། །ཉེ་བར་ཞི་དང་དགེ་སློང་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་སློང་རྣམས་འཐབ་པར་གྱུར། མཚང་འདྲུ་བར་གྱུར་ཅིང་མཆིས་པ་ལ་ཅང་མི་མཆི་བར་ཉན་ཅིང་མཆིས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་དགེ་སློང་སྨྱོན་པ་དག་འཐབ་པར་གྱུར་ཅིང་མཆིས་པ་ལ་ཅང་མི་མཆི་བར་ཉན་ཅིང་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། འགྲོ་བ་གཞན་དུ་གནས་པའི་དགེ་སློང་རྣམས་ལ་ཅང་མི་ཟེར་བར་ཉན་ཅིང་འདུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་རྣམས་འཐབ་པར་གྱུར་ཅིང་མཆིས་པ་ལ་ཅང་མི་མཆི་བར་ཉན་ཅིང་མཆི་བ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་ཅང་མི་མཆི་བར་ཉན་ཅིང་མཆི་བ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་ཅང་མི་མཆི་བར་ཉན་ཅིང་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་སྔགས་སམ་སྨན་གྱིས་བདག་མི་སྣང་བར་བསྒྱུར་ཏེ་ཅང་མི་མཆི་བར་ཉན་ཅིང་མཆིས་ན། ཅིར་འགྱུར། Na325b ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་རྣམས་འཐབ་པར་གྱུར་ཅིང་མཆིས་པ་ལ་གཞན་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་རྣམས་འཐབ་པར་གྱུར་ཅིང་མཆིས་པ་ལ་གཞན་དག་གི་སླད་དུ་མཉན་ན། ཅིར་འགྱུར། ཉེས་བྱས་སོས། །བཙུན་པ། བསྙེན་པར་མ་རྫོགས་པ་ན་མཉན་པར་བཤམས་ལ་བསྙེན་པར་མ་རྫོགས་པར་མཉན་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་ཀར་མཉན་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་ནས་མཉན་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པར་བཤམས་ལ་བསྙེན་པར་རྫོགས་ཀར་མཉན་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བཤམས་ལ་བསྙེན་པར་རྫོགས་པ་ན་མཉན་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་བཤམས་ལ་བསྙེན་པར་རྫོགས་པ་ན་མཉན་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་བཤམས་ལ་བསྙེན་པར་མ་རྫོགས་པ་ན་མཉན་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཁྱིམ་པ་རྣམས་འཐབ་པར་གྱུར་ཅིང་མཆིས་པ་ལ་ཅང་མི་མཆི་བར་ཉན་ཅིང་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ Na326a ༄#། །ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། སྔར་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་རྣམས་ལ་ཅང་མི་ཟེར་བར་ཉན་ཅིང་འདུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་ལ་ཅང་མི་མཆི་བར་ཉན་ཅིང་མཆིས་ན། ཅིར་འགྱུར། ལྟུང་བའོ། །ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་ལ་ཅང་མི་མཆི་བར་ཉན་ཅིང་མཆིས་ན། ཅིར་འགྱུར། ཐམས་ཅད་ལྟུང་བར་འགྱུར་རོ། ། བཙུན་པ། དགེ་སློང་གིས་དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཅང་མི་མཆི་བར་ཉན་ཅིང་མཆིས་ན། ཅིར་འགྱུར། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་རྣམས་འཐབ་མོར་གྱུར་ཅིང་མཆིས་པ་ལ་ཅང་མི་མཆི་བར་ཉན་ཅིང་མཆིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དེ་ནི། འདི་ལྟར་དགེ་སློང་དེས་ཞི་བར་བྱ་བར་བསམ་ནས་ཉན་པའོ། །བཙུན་པ། བསླབ་པ་སྩལ་པས་ཅང་མི་མཆི་བར་ཉན་ཅིང་མཆིས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་ཅང་མི་མཆི་བར་ཉན་ཅིང་མཆིས་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ནི་ཅང་མི་སྨྲ་བར་ཉན་ཅིང་མཆིས་ན། ཅིར་འགྱུར། Na326b ཉེས་བྱས་སོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་འདུན་རྣམས་ཆོས་ངེས་པའི་གཏམ་སྨྲ་བ་ན། དགེ་སློང་མཆིས་བཞིན་འཚལ་བར་མ་བགྱིས་པར་ཅང་མི་སྨྲ་བར་སྟན་ལས་ལངས་ཏེ་མཆིས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་དགེ་འདུན་ཆོས་ངེས་པའི་གཏམ་འཕྲིན་གྱིས་དད་པ་ཕུལ་ཏེ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་ནས་དད་པ་བྱིན་ནས་སོང་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་ཆོས་ངེས་པའི་གཏམ་སྨྲ་བའི་ཚེ་དགེ་སློང་སྨྱོན་པ་ལ་དད་པ་ཕུལ་ཏེ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། འོན་པ་དང ། ལྐུགས་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པ་ལ་དད་པ་བྱིན་ཏེ་སོང་ན། ཐམས་ཅད་ Na327a ༄#། །ཉེས་བྱས་སུ་འགྱུར་རོ། །མདོར་ན། མ་ནིང་དག་ལ་སོགས་པ་དང ། །མཚན་དང་དེ་བཞིན་བཞི་པ་དང ། །དགེ་སློང་དང་ནི་ནམ་མཁའ་སྔགས། །ལུས་དང་སྐད་དང་དགེ་སློང་མའོ། །བཙུན་པ། དགེ་སློང་གིས་མ་ནིང་ལ་དད་པ་སྩལ་ཏེ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་མ་ནིང་མ་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང།་དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། སྔར་འཁྲུགས་པ་དང ། སྔར་ཉེས་པ་བྱུང་བ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་བྱིན་པ་རྣམས་ལ་དད་པ་བྱིན་ཏེ་སོང་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་ཆོས་ངེས་པའི་གཏམ་སྨྲ་བ་ན་དད་པ་མ་སྩལ་ཏེ་ཅང་མི་མཆི་བར་སྟན་ལས་ལངས་ཏེ་མཆི་བ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་ཆོས་ངེས་པའི་གཏམ་སྨྲས་པའི་ཚེ་དད་པ་མ་སྩལ་པར་ཅང་མི་མཆི་བར་བསྟན་ལས་ལངས་ཏེ་མཆི་བ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་ཆོས་ཀྱི་ལས་སུ་འདུ་ཤེས་ནས་དད་པ་མ་སྩལ་བར་མཆིས་ན། ཅིར་ Na327b འགྱུར།་ལྟུང་བའོ། །ཆོས་ཀྱི་ལས་ལ་ཆོས་ཀྱི་ལས་མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །ཆོས་མ་ཡིན་པའི་ལས་ལ་ཆོས་ཀྱིས་ལས་སུ་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །ཆོས་མ་ལགས་པའི་ལས་ལ་ཆོས་མ་ལགས་པའི་ལས་སུ་འདུ་ཤེས་ཏེ་དད་པ་མ་སྩལ་བར་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་ཆོས་ངེས་པའི་གཏམ་སྨྲ་བ་ན་ཅང་མི་མཆི་བར་སྟན་ལས་ལངས་ཏེ་མཆིས་ཀྱང་ནོངས་པ་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཐོས་པའི་ཉེ་འཁོར་ཙམ་དུ་འདུག་ལ་སྨྲ་བ་ནི།་ཐོས་ཀྱི། དོན་གོ་བར་མ་གྱུར་པའོ། །བཙུན་པ། དགེ་སློང་གིས་དགེ་འདུན་ཆོས་ངེས་པའི་གཏམ་སྨྲས་པ་ན་དད་པ་མ་སྩལ་པར་སྟེང་གི་ནམ་མཁའ་ལ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་ཆོས་ངེས་པའི་གཏམ་སྨྲ་བ་ན་སྔགས་སམ་སྨན་གྱིས་བདག་མི་སྣང་བར་བསྒྱུར་ཏེ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ།་དགེ་སློང་གིས་དགེ་འདུན་ཆོས་ངེས་པའི་གཏམ་སྨྲ་བ་ན་ལུས་ཀྱི་དམིགས་པས་དད་པ་སྩལ་ཏེ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་ཆོས་ངེས་པའི་གཏམ་སྨྲ་བའི་ཚེ་དགེ་སློང་འཕགས་པས་འཕགས་པའི་སྐད་དུ་དད་པ་སྩལ་ཏེ་མཆིས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ།། Na328a ༄#། །འཕགས་པས་མཐའ་འཁོབ་པའི་སྐད་དུ་དད་པ་སྩལ་ཏེ་མཆིས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། ། མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དད་པ་སྩལ་ཏེ་མཆིས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་དད་པ་སྩལ་ཏེ་མཆིས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་པས་དགེ་འདུན་ཆོས་ངེས་པའི་གཏམ་སྨྲ་བ་ན་ཅང་མི་མཆི་བར་སྟན་ལས་ལངས་ཏེ་མཆིས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་དགེ་འདུན་ངེས་པའི་གཏམ་སྨྲ་བ་ན་ཅང་མི་མཆི་བར་སྟན་ལས་ལངས་ཏེ་མཆིས་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་བསྒོ་བ་རྣ་ལ་གཟོན་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་དགེ་ Na328b འདུན་གྱི་ཞལ་ཏ་བས་བསྒོས་ནས་འཕྲིན་གྱིས་སླར་བཟློག་སྟེ་མ་མཉན་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་ནས་སླར་བཟློག་སྟེ་མ་མཉན་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་ཞལ་ཏ་བ་སྨྱོན་པས་བསྒོ་བ་སླར་བཟློག་སྟེ་མ་མཉན་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་རྣམས་ཀྱིས་བསྒོ་བ་སླར་བཟློག་སྟེ་མ་མཉན་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་ཞལ་ཏ་བས་བསྒོ་བ་དང་གཉིད་ལོག་ནས་མ་མཉན་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་རྣམས་ལས་མ་མཉན་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་འགྲོ་བ་གཞན་དུ་གནས་པའི་དགེ་འདུན་གྱི་ཞལ་ཏ་བས་བསྒོ་བ་ལས་སླར་བཟློག་སྟེ་མ་མཉན་ན། ཅིར་འགྱུར། ཉེས་བྱས་སོ།། །།འདུལ་བ་གཞུང་དམ་པ། བམ་པོ་བཅུ་བཞི་པ། མདོར་ན། སྐད་དང་ལུས་དང་དབེན་པ་སྔགས། །མཚན་དང་བཞི་པ་བདུན་པ་དང། །བགྲངས་དང་བདུན་པ་མི་སྨྲ་དང ། །བསླབ་པ་བྱིན་དང་དགེ་སློང་མའོ། །བཙུན་པ། དགེ་འདུན་གྱི་ཞལ་ཏ་བས་བསྒོ་བ་ན། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་སླར་ Na329a ༄#། །བཟློག་སྟེ་མ་མཉན་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་སླར་བཟློག་སྟེ་མ་མཉན་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་སླར་བཟློག་སྟེ་མ་མཉན་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་སླར་བཟློག་སྟེ་མ་མཉན་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་ཞལ་ཏ་བས་བསྒོ་བ་ན་ལུས་ཀྱི་དམིགས་པས་སླར་བཟློག་སྟེ་མ་མཉན་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་ཞལ་ཏ་བས་བསྒོ་བ་ན་དབེན་པ་ལ་མི་དབེན་པར་འདུ་ཤེས་ཏེ་སླར་བཟློག་ནས་མ་མཉན་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་ཞལ་ཏ་བས་བསྒོ་བ་ན་སྔགས་སམ་སྨན་གྱིས་བདག་མི་སྣང་བར་བསྒྱུར་ཏེ་སླར་བཟློག་ནས་མ་མཉན་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་བཀའ་ Na329b སླར་བཟློག་སྟེ་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་དགེ་འདུན་གྱི་བཀའ་སླར་བཟློག་སྟེ་མི་ཉན་པ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན།་ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་ཞལ་ཏ་བས་བསྒོ་བ་ན་ཆོས་ལ་ཆོས་སུ་འདུ་ཤེས་ཏེ་སླར་བཟློག་ནས་མ་མཉན་ན། ཅིར་འགྱུར། ལྟུང་བའོ། །ཆོས་ལ་ཆོས་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །ཆོས་མ་ལགས་པ་ལ་ཆོས་སུ་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །ཆོས་མ་ལགས་པ་ལ་ཆོས་མ་ལགས་པར་འདུ་ཤེས་ན།་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་འདུན་གྱི་ཞལ་ཏ་བས་བསྒོ་བ་ན་སླར་བཟློག་སྟེ་མ་མཉན་ཀྱང་ནོངས་པ་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དགེ་འདུན་གྱིས་མ་གུས་པར་མ་བགྲངས་པ་ཡིན་ཏེ། དེ་ཡང་དགེ་འདུན་གྱི་བྱ་བར་བཅས་པ་ལས་འདས་པས་ཉེས་བྱས་སོ། །བཙུན་པ། བསྙེན་པར་མ་རྫོགས་པ་ན་དགེ་འདུན་གྱིས་མ་གུས་པར་བགྲངས་པར་གྱུར་ལ་བསྙེན་པར་མ་རྫོགས་པ་ན་སླར་བཟློག་སྟེ་མ་མཉན་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བགྲངས་ལ་བསྙེན་པར་རྫོགས་ཀར་སླར་བཟློག་སྟེ་མ་མཉན་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བགྲངས་ལ་བསྙེན་པར་རྫོགས་པ་ན་སླར་བཟློག་སྟེ་མ་མཉན་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ Na330a ༄#། །ཀར་བགྲངས་ལ་བསྙེན་པར་རྫོགས་ཀར་སླར་བཟློག་སྟེ་མ་མཉན་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བགྲངས་ལ་བསྙེན་པར་རྫོགས་པ་ན་སླར་བཟློག་སྟེ་མ་མཉན་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་བགྲངས་ལ་བསྙེན་པར་རྫོགས་པ་ན་སླར་བཟློག་སྟེ་མ་མཉན་ན། ཅིར་འགྱུར། ལྟུང་བའོ། ། བསྙེན་པར་རྫོགས་པ་ན་བགྲངས་ལ་བསྙེན་པར་མ་རྫོགས་པ་ན་སླར་བཟློག་སྟེ་མ་མཉན་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་ཞལ་ཏ་བས་བསྒོ་བ་ན་ཅང་མི་མཆི་བར་མ་མཉན་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་བས་དགེ་འདུན་གྱི་ཞལ་ཏ་བས་བསྒོ་བ་ན་སླར་བཟློག་སྟེ་མ་མཉན་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་དགེ་འདུན་གྱི་ཞལ་ཏ་བས་བསྒོ་བ་ན་སླར་བཟློག་སྟེ་མ་མཉན་ན། ཅིར་འགྱུར། ལྟུང་བའོ། །དགེ་སློང་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སོ། །མདོར་ན། འབྲས་བུ་གཉིས་དང་དེ་བཞིན་སྔགས། །ཕབས་དང་ཚཝ་དང་འཁུར་ཆང་དང ། །རྩ་བ་སྡོང་བུ་འབྲས་ཅན་དང ། །བདུན་པ་རྩ་མེད་བསྲེས་པ་དང ། །བསྒོས་དང་ལྷ་དང་བཞི་པ་མཚན། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཆང་དང ། འབྲས་བུའི་ཆང་སྨྱོས་ Na330b པར་འགྱུར་བ་འཚལ་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་རྩ་བ་དང ། སྡོང་བུ་དང ། ལོ་མ་དང ། མེ་ཏོག་དང ། འབྲས་བུ་རྣམས་ཀྱི་མྱོས་པར་འགྱུར་བ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་རྩ་བ་དང ། སྡོང་བུ་དང ། ལོ་མ་དང ། མེ་ཏོག་དང ། འབྲས་བུ་དང ། དངོས་པོ་གཞན་ཆང་གི་ནང་དུ་བཞག་པ་འཚལ་ན།་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཆང་ངམ་འབྲས་བུའི་ཆང་མྱོས་པར་འགྱུར་བ་བདག་གི་དྲུང་དུ་སྔགས་སམ་སྨན་གྱིས་བླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཕབས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། ཆང་ཚཝར་གྱུར་པ་འཚལ་བར་བགྱིའམ། ཨུ་པ་ལི། དེ་སྟེ་ཆང་གི་དངོས་པོ་མང་དུ་གྱུར་ལ་ཚཝའི་དངོས་པོ་ཉུང་ན། མི་བཏུང་ངོ ། །འོན་ཏེ་ཚཝའི་དངོས་པོ་མང་བར་མངོན་ལ་ཆང་གི་དངོས་པོ་ཉུང་ན་འཐུང་ཞིག་།ུ་པ་ལི། དེ་ཅིའི་ཕྱིར་ཞེ་ན། དེས་ནི། ཆང་གི་བྱ་བ་བྱེད་མི་ནུས་སོ། །བཙུན་པ། ཆང་ཚཝར་གྱུར་པ་དུས་མ་ལགས་པར་འཚལ་དུ་གནང་ངམ། ཨུ་པ་ལི། དེ་སྟེ་དད་པར་གྱུར་ལ་རྣམ་པར་དང་ཞིང་མྱོས་པར་མི་འགྱུར་ན། ཆུས་བསླད་དེ་ཆུ་ཚགས་ཀྱིས་ཚོགས་ལ་འཐུང་ཞིག་།བཙུན་པ། དགེ་སློང་གིས་ཆང་འཁུར་བ་ན་འཛིན་པ་ལས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། རྩ་བ་དང ། སྡོང་བུ་དང ། ལོ་མ་དང ། མེ་ཏོག་དང ། Na331a ༄#། །འབྲས་བུ་འདི་རྣམས་ཀྱི་ཁུ་བ་དུས་མ་ལགས་པར་འཚལ་དུ་གནང་ངམ། ཨུ་པ་ལི། དེ་སྟེ་དང་ཞིང་རབ་ཏུ་གསལ་བར་གྱུར་ལ་ཆུ་ཚགས་ཀྱིས་བཙགས་ལ་ཆུས་བསླད་དེ་འཐུང་ཞིག་།དེ་སྟེ་རང་གི་དངོས་པོ་ལས་གྱུར་ནས་ཆང་གི་དངོས་པོར་གྱུར་ན། འཚལ་བར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་སློང་གིས་མྱོས་པར་འགྱུར་བའི་ཆང་མ་གཏོགས་པར་དེ་ལས་གཞན་པའི་ཆང་གི་དྲི་དང ། ཆང་གི་རོ་དང ། ཆང་གི་ཁ་དོག་དང ། ཆང་གི་བྲོ་བ་རྣམས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །ཁ་དོག་ཆང་འདྲ་བའི་ཚཝ་ནི།་ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་ཆང་དང་འབྲས་ཆན་དུ་འདྲེས་པ་ལས་ཆང་བཙགས་ནས་འབྲས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསྙེན་པར་མ་རྫོགས་པ་ན་བསླངས་ལ་བསྙེན་པར་མ་རྫོགས་པ་ན་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བསླངས་ལ་བསྙེན་པར་རྫོགས་ཀར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བསླངས་ལ་བསྙེན་པར་རྫོགས་པ་ན་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ལ་བསྙེན་པར་རྫོགས་ཀར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བསླངས་ལ་བསྙེན་པར་རྫོགས་པ་ན་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་བསླངས་ལ་བསྙེན་ Na331b པར་རྫོགས་པ་ན་འཚལ་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་བསླངས་ལ་བསྙེན་པར་མ་རྫོགས་པ་ན་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་རྒུན་ཆང་གི་དཔུང་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཆང་གི་ནང་དུ་སྩལ་བའི་དངོས་པོ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཆང་གི་རླངས་པས་བདུགས་པ་ལ་བྲོ་མ་འཚལ་བས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མྱོས་པར་འགྱུར་བའི་བཏུང་བ་འཚལ་ཡང་ནོངས་པ་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ལྷའི་ཆང་འཐུངས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་ཆང་ལ་ཆང་དུ་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། །ལྟུང་བའོ། །ཆང་ལ་ཆང་མ་ལགས་པར་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། ཉེས་པ་མེད་དོ། །ཆང་མ་ལགས་པ་ལ་ཆང་དུ་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །ཆང་མ་ལགས་པ་ལ་ཆང་མ་ལགས་པར་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་ཆང་དང ། འབྲས་བུའི་ཆང་འཚལ་བ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མ་ཆང་དང ། འབྲས་བུའི་ཆང་འཚལ་བ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། བསླབ་པ་སྩལ་པས་ཆད་ Na332a ༄#། །དང ། འབྲས་བུའི་ཆང་འཚལ་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་ཆང་དང ། འབྲས་བུའི་ཆང་འཚལ་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་ལ་ཉེས་བྱས་སུ་འགྱུར་རོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མ་འོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ།་བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་དགེ་སློང་མཆིས་བཞིན་དུ་འཚལ་བར་མ་བགྱིས་པར་སླད་དྲོ་གྲོང་དུ་མཆིས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན།་བཙུན་པ། དགེ་སློང་གིས་དགེ་སློང་ལ་འཕྲིན་གྱིས་འཚལ་བར་བགྱིས་ཏེ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང།་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཤེས་པར་བྱས་ཏེ་སོང་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་སྨྱོན་པ་ཞིག་ལ་འཚལ་བར་བགྱིས་ཏེ་སླད་དྲོ་གྲོང་དུ་ཞུགས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་ Na332b པ་དང།་ར་རོ་བ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པའི་དགེ་སློང་རྣམས་ལ་ཤེས་པར་བྱས་ཏེ་སོང་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། སྔགས་དང་ནམ་མཁའ་སྐད་དང་ལུས། །དབེན་པ་དང་ནི་དགེ་སློང་མེད། །གཙུག་ལག་ཁང་དད་བསྐོར་བ་དང ། །མཚམས་དང་མཚན་དང་བཞི་པ་དང ། །ཁྱིམ་པ་བར་ཆད་དགེ་འདུན་དང ། །བསླབ་པ་བྱིན་དང་དགེ་སློང་མའོ། །བཙུན་པ། དགེ་སློང་གིས་སྔགས་སམ་སྨན་གྱིས་བདག་མི་སྣང་བར་བསྒྱུར་ཏེ་མཆིས་པའི་དགེ་སློང་མཆིས་བཞིན་དུ་འཚལ་བར་མ་བགྱིས་པར་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མཆིས་པའི་དགེ་སློང་མཆིས་བཞིན་དུ་འཚལ་བར་མ་བགྱིས་པར་ནམ་མཁའ་ལས་སླད་དྲོ་གྲོང་དུ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་དགེ་སློང་ལ་འཚལ་བར་བགྱིས་ཏེ་མཆིས་པ་དང ། །དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་འཚལ་བར་བགྱིས་ཏེ་མཆིས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་འཚལ་བར་བགྱིས་ཏེ་མཆིས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་འཚལ་བར་ Na333a ༄#། །བགྱིས་ཏེ་མཆིས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལུས་ཀྱི་དམིགས་པས་དགེ་སློང་མཆིས་པ་ལ་འཚལ་བར་བགྱིས་ཏེ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དབེན་པ་ལ་མི་དབེན་པར་འདུ་ཤེས་ནས་འཚལ་བར་བགྱིས་ཏེ་གྲོང་དུ་མཆིས་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་དགེ་སློང་མཆིས་པ་ལ་འཚལ་བར་མ་བགྱིས་པར་སླད་དྲོ་གྲོང་དུ་མཆིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ།་ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་དགེ་སློང་དེ་ནི། དགེ་སློང་མེད་པའི་གནས་ན་འདུག་པའོ། །བཙུན་པ། གྲོང་གི་ནང་ན་གཙུག་ལག་ཁང་ཞིག་མཆིས་སམ་བསྐོར་བར་གྱུར་པ་དེ་ནས་འཚལ་བར་མ་བགྱིས་པར་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་ནམ་མཁའ་ལ་མཆིས་པས་ས་ལ་མཆིས་པ་ཞིག་ལ་འཚལ་བར་བགྱིས་ན། འཚལ་བར་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། ཤེས་པར་བྱས་པ་ཞེས་བྱའོ། །དེ་བཞིན་དུ་ས་ལ་གནས་པས་ནམ་མཁའ་ལ་གནས་པ་དང ། མཚམས་ཀྱི་ནང་ན་གནས་པས་མཚམས་ཀྱི་ཕྱི་རོལ་ན་གནས་པ་ལ་འཚལ་བར་བགྱིས་ན། འཚལ་བར་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། ཤེས་པར་བྱས་པ་ཞེས་བྱའོ། །བཙུན་པ། དགེ་སློང་གིས་མཆིས་པའི་དགེ་སློང་འཚལ་ Na333b བར་མ་བགྱིས་པར་སླད་དྲོ་གྲོང་དུ་མཆིས་པ་དང ། མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་མཆིས་པ་དགེ་སློང་མ་ལ་འཚལ་བར་མ་བགྱིས་པར་སླད་དྲོ་དབྱར་མོ་ཁང་ནས་གྲོང་དུ་མཆིས་པ་དང་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་སླད་དྲོ་ལ་སླད་དྲོར་འདུ་ཤེས་ཏེ་དགེ་སློང་མཆིས་བཞིན་དུ་འཚལ་བར་མ་བགྱིས་པར་གྲོང་དུ་མཆིས་ན། ཅིར་འགྱུར། ལྟུང་བའོ། །དུས་མ་ལགས་པ་ལ་དུས་སུ་འདུ་ཤེས་ཏེ་མཆིས་ན། ཅིར་འགྱུར། ཉེས་པ་མེད་དོ། །དུས་ལ་དུས་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །དུས་ལ་དུས་སུ་འདུ་ཤེས་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་ཁྱིམ་པ་ཞིག་འཚལ་བར་བགྱིས་ན།་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། ཉེ་བར་ཕྱོགས་པ་དང ། སྔར་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་དང ། བསླབ་པ་བྱིན་པ་རྣམས་ལ་ཤེས་པར་བྱས་ཏེ་སོང་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་སླད་དྲོ་གྲོང་དུ་མཆིས་ཀྱང་ནོངས་ Na334a ༄#། །པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་དགེ་སློང་དེ་གཙུག་ལག་ཁང་དུ་བར་ཆད་བརྒྱད་ལས་གང་ཡང་རུང་བའི་བར་ཆད་གཅིག་བྱུང་བར་གྱུར་པའོ། །བཙུན་པ། དགེ་འདུན་ཐམས་ཅད་དམ། སློབ་དཔོན་ནམ། མཁན་པོའམ། གཞན་ཡང་རུང་སྟེ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་དག་དུས་མ་ལགས་པར་དགེ་སློང་འཚལ་བར་མ་བགྱིས་པར་གྲོང་དུ་མཆིས་ན། དེ་དག་གིས་ཀྱང་འཚལ་བར་བགྱིའམ། ཨུ་པ་ལི། དེས་ཀྱང་ཤེས་པར་བྱོས་ཤིག་།བཙུན་པ། སླབ་པ་སྩལ་བས་དགེ་སློང་མཆིས་བཞིན་དུ་འཚལ་བར་མ་བགྱིས་པར་སླད་དྲོ་གྲོང་དུ་མཆིས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་དགེ་སློང་མ་མཆིས་པར་འཚལ་བཞིན་དུ་དབྱར་མོ་ཁང་ནས་གྲོང་དུ་མཆིས་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སུ་འགྱུར་རོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གྲོང་དུ་ཟས་ལ་མགྲོན་དུ་བོས་པ་དང ། ཟས་སྔ་མའམ། ཕྱི་མ་ཡང་རུང་སྟེ། Na334b དེས་ཁྱིམ་བདག་དེ་ལ་འཚལ་བར་མ་བགྱིས་པར་གྲོང་གཞན་དུ་སོང་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་ཟས་ལ་མགྲོན་དུ་བོས་པ་དང ། འཕྲིན་གྱིས་ཁྱིམ་བདག་འཚལ་བར་བགྱིས་ཏེ་གྲོང་གཞན་དུ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་ནས་ཤེས་པར་བྱས་ཏེ་གྲོང་གཞན་དུ་སོང་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གྲོང་གཞན་དུ་ཟས་ལ་མགྲོན་དུ་བོས་པ་དང ། ཟས་སྔ་མའམ། ཕྱི་མ་ཡང་རུང་སྟེ། དེས་ཁྱིམ་བདག་སྨྱོན་པ་ཞིག་ལ་འཚལ་བར་མ་བགྱིས་པར་གྲོང་གཞན་དུ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ལ་ཤེས་པར་མ་བྱས་པར་གྲོང་གཞན་དུ་སོང་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། སྐད་དང་ལུས་དང་དབེན་པ་དང ། །སྔགས་དང་མཚན་དང་བདུན་པ་དང ། །ཟས་དང་མགྲོན་དུ་བོས་པ་གཉིས། །མ་ནིང་བསླབ་བྱིན་དགེ་སློང་མའོ། །བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་འཚལ་བར་བགྱིས་ཏེ་གྲོང་དུ་མཆིས་པ་དང ། ཁྱིམ་བདག་དེས་ཀྱང་འཕགས་པའི་སྐད་མ་ Na335a ༄#། །འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་འཚལ་བར་བགྱིས་ཏེ་གྲོང་དུ་མཆིས་པ་དང ། ཁྱིམ་བདག་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་འཚལ་བར་བགྱིས་ཏེ་གྲོང་དུ་མཆིས་པ་དང ། ཁྱིམ་བདག་གིས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་ཁྱིམ་བདག་འཚལ་བར་བགྱིས་ཏེ་གྲོང་དུ་མཆིས་པ་དང ། ཁྱིམ་བདག་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལུས་ཀྱི་དམིགས་པས་ཁྱིམ་བདག་འཚལ་བར་བགྱིས་ཏེ་གྲོང་དུ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དབེན་པ་ལ་མི་དབེན་པར་འདུ་ཤེས་ནས་འཚལ་བར་བགྱིས་ཏེ་གྲོང་དུ་མཆིས་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་སྔགས་སམ་སྨན་གྱིས་བདག་མི་སྣང་བར་བསྒྱུར་ཏེ་འཚལ་བར་བགྱིས་ནས་གྲོང་དུ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཁྱིམ་བདག་འཚལ་བར་མ་བགྱིས་བར་གྲོང་དུ་མཆིས་པ་དང་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་ཁྱིམ་བདག་འཚལ་བར་མ་བགྱིས་པར་གྲོང་ Na335b དུ་མཆིས་པ་དང་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་མི་ལ་མིར་འདུ་ཤེས་ཏེ་འཚལ་བར་མ་བགྱིས་པར་གྲོང་དུ་མཆིས་ན། ཅིར་འགྱུར།་ལྟུང་བའོ། །མི་ལ་མི་མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མི་མ་ཡིན་པར་འདུ་ཤེས་ན།་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་ཟན་མ་གཏོགས་པར་དེ་ལས་གཞན་པའི་བཅའ་བ་དང ། བཏུང་བ་དང ། བཞིབ་པ་དང ། བལྡག་པ་ལ་སོགས་པ་ལ་མགྲོན་དུ་བོས་པ་དང ། ཁྱིམ་བདག་འཚལ་བར་མ་བགྱིས་པར་གྲོང་དུ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཁྱིམ་བདག་འཚལ་བར་མ་བགྱིས་པ་གྲོང་གཅིག་ཏུ་མཆིས་ཀྱང་ནོངས་པ་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། གྲོང་གཅིག་ཏུ་ཞུགས་ནས་གདུགས་ཚོད་ཡོལ་བར་བྱེད་པའོ། །བཙུན་པ། དགེ་སློང་ཞིག་ཟ་མའམ། མ་ནིང་ངམ། མཚན་གཉིས་པས་མགྲོན་དུ་བོས་པ་དང ། འཚལ་བར་མ་བགྱིས་པར་གྲོང་དུ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་པས་ཟས་ལ་གྲོང་དུ་བོས་པ་དང ། དེས་ཁྱིམ་བདག་འཚལ་བར་མ་བགྱིས་པར་གྲོང་དུ་མཆིས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་ཟས་ལ་གྲོང་དུ་མགྲོན་དུ་བོས་པ་ Na336a ༄#། །དང ། དེས་ཁྱིམ་བདག་འཚལ་བར་མ་བགྱིས་པར་གྲོང་དུ་མཆིས་ན། ཅིར་འགྱུར། ཉེས་བྱས་སོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སུ་འགྱུར་རོ། །མདོར་ན། སྔགས་དང་ནམ་མཁའ་དེ་བཞིན་ཏེ། །མཚན་དང་དེ་བཞིན་བཞི་པ་དང ། །གྲོང་དང་སྟོང་པ་བསྐོར་བ་དང ། །མ་བཞག་པ་དང་བཞག་པ་འོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་རྒྱལ་པོ་རྒྱལ་རིགས་རྒྱལ་ཐབས་སྤྱི་བོ་ནས་བླུགས་པའི་ཁྱིམ་དུ་ནམ་མ་ནངས་ཤིང་སྐྱ་རེངས་མ་ཤར་ལ། རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་རྣམས་མ་བསྡུས་པར་སྒོ་གཏན་ནམ་སྒོ་གཏན་གྱི་ཉེ་འཁོར་ལས་འདས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་ནམ་མ་ནངས་ཤིང་སྐྱ་རེངས་མ་ཤར་ལ། རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་རྣམས་མ་བསྡུས་པར་སྔགས་སམ་སྨན་གྱིས་བདག་མི་སྣང་བར་བསྒྱུར་ཏེ་སྒོ་གཏན་ཉི་ཚེ་ལས་འདས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ནམ་མ་ནངས་ཤིང་སྐྱ་རེངས་མ་ཤར་ལ། རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་རྣམས་མ་བསྡུས་པར་ནམ་མཁའ་ལ་སྒོ་གཏན་ཉི་ཚེ་ལས་འདས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ནམ་མ་ནངས་ཤིང་ Na336b སྐྱ་རེངས་མ་ཤར་ལ། རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་རྣམས་མ་བསྡུས་པར་སྒོ་གཏན་ཉི་ཚེ་འདའ་བར་བགྱིད་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་སྒོ་གཏན་ཉི་ཚེ་འདའ་བར་བགྱིད་པ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་སྐྱ་རེངས་མ་ཤར་བ་ལ་མ་ཤར་བར་འདུ་ཤེས་ཏེ་རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་རྣམས་མ་བསྡུས་པར་སྒོ་གཏན་ཉི་ཚེ་འདས་ན། ཅིར་འགྱུར། ལྟུང་བའོ། །མ་ཤར་བ་ལ་ཤར་བར་འདུ་ཤེས་ཏེ་འདས་ན། ཅིར་འགྱུར། ཉེས་པ་མེད་དོ། །ཤར་བ་ལ་མ་ཤར་བར་འདུ་ཤེས་ཏེ་འདས་ན། ཉེས་བྱས་སོ། །ཤར་བ་ལ་ཤར་བར་འདུ་ཤེས་ཏེ་འདས་ན། ཉེས་པ་མེད་དོ། །བཙུན་པ།་དགེ་སློང་གིས་རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་རྣམས་མ་བསྡུས་པ་ལ་མ་བསྡུས་པར་འདུ་ཤེས་ཏེ་སྒོ་གཏན་ཉི་ཚེ་འདས་ན། ཅིར་འགྱུར། ལྟུང་བའོ། །མ་བསྡུས་པ་ལ་བསྡུས་པར་འདུ་ཤེས་ཏེ་འདས་ན། ཅིར་འགྱུར། ཉེས་པ་མེད་དོ། །བསྡུས་པ་ལ་མ་བསྡུས་པར་འདུ་ཤེས་ཏེ་འདས་ན། ཅིར་འགྱུར། ཉེས་བྱས་སོ། །བསྡུས་པ་ལ་བསྡུས་པར་འདུ་ཤེས་ཏེ་འདས་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་མི་ལ་མིར་འདུ་ཤེས་ཏེ་སྒོ་གཏན་ཉི་ཚེ་འདས་ན། ཅིར་འགྱུར། ལྟུང་བའོ། །མི་ལ་མི་མ་ལགས་པར་འདུ་ Na337a ༄#། །ཤེས་ན།་ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་རྒྱལ་པོའི་ཁབ་མ་གཏོགས་པར་དེ་ལས་གཞན་པའི་གྲོང་དུ་ནམ་མ་ནངས་ཤིང་སྐྱ་རེངས་མ་ཤར་ལ། རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་མ་བསྡུས་པར་སྒོ་གཏན་ཉི་ཚེ་ལས་འདས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ནམ་མ་ནངས་ཤིང་སྐྱ་རེངས་མ་ཤར་ལ། རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་མ་བསྡུས་པར་སྒོ་གཏན་ཉི་ཚེ་ལས་འདས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་དགེ་སློང་དེས་རྒྱལ་པོའི་ཁབ་སྟོང་པར་སོང་བའོ། །བཙུན་པ། རྒྱལ་པོའི་ཕོ་བྲང་ཐམས་ཅད་བསྐོར་བར་གྱུར་ལ། ཕྱེད་གཡོགས་པའམ། མ་གཡོགས་པ་ཡང་རུང་སྟེ། དེར་དགེ་སློང་དེས་ནམ་མ་ནངས་ཤིང་སྐྱ་རེངས་མ་ཤར་ལ། རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་མ་བསྡུས་པར་སྒོ་གཏན་ཉི་ཚེ་ལས་འདས་ན། ཅིར་འགྱུར། ལྟུང་བའོ། ། བཙུན་པ། དགེ་སློང་གིས་རྒྱལ་པོའི་ཁབ་ཐམས་ཅད་གཡོགས་པར་གྱུར་ལ། ཕྱེད་བསྐོར་བ་ཞིག་ཏུ་ནམ་མ་ནངས་སྐྱ་རེངས་མ་ཤར་ལ། རིན་པོ་ཆེའམ། རིན་པོ་ཆེར་ Na337b གཏོགས་པ་རྣམས་མ་བསྡུས་པར་སྒོ་གཏན་ཉི་ཚེ་ལས་འདས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་ནམ་ནངས་ཏེ་སྐྱ་རེངས་ཤར་ལ། རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་རྣམས་བསྡུས་ནས་སྒོ་གཏན་ཉི་ཚེ་ལས་འདས་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་ནམ་མ་ནངས་སྐྱ་རེངས་མ་ཤར་བར་རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་མ་བསྡུས་པར་སྒོ་གཏན་ཉི་ཚེ་ལས་འདས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ནམ་མ་ནངས་སྐྱ་རེངས་མ་ཤར་བར་རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་མ་བསྡུས་པར་སྒོ་གཏན་ཉི་ཚེ་ལས་འདས་ཀྱང་ནོངས་པ་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། མིའི་འགྲོ་བ་མ་གཏོགས་པར་དེ་ལས་འགྲོ་བ་གཞན་དུ་གནས་པ་རྣམས་ཀྱི་སྒོ་གཏན་གཅིག་པུ་ལས་འདས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། བསླབ་པ་སྩལ་པས་ནམ་མ་ནངས་སྐྱ་རེངས་མ་ཤར་ལ། རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་མ་བསྡུས་པར་སྒོ་གཏན་ཉི་ཚེ་ལས་འདས་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་ནམ་མ་ནངས་སྐྱ་རེངས་མ་ཤར་ལ། རིན་པོ་ཆེའམ། རིན་པོ་ཆེར་གཏོགས་པ་རྣམས་མ་བསྡུས་པར་སྒོ་གཏན་ཉི་ཚེ་ལས་འདས་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ Na338a ༄#། །ལ་ཉེས་བྱས་སུ་འགྱུར་རོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང་།། འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མ་འོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་ཟླ་བ་ཕྱེད་ཕྱེད་ཅིང་སོ་སོར་ཐར་པའི་མདོ་བཤད་པ་ཀློག་པའི་ཚེ་འདི་སྐད་དུ། ཚེ་དང་ལྡན་པ། བདག་གིས་ཇི་ལྟར་ཆོས་འདི་དག་མདོ་སྡེར་གཏོགས་ཤིང་མདོ་སྡེར་འདུས་པར་ད་གདོད་འཚལ་ཏོ། །ཞེས་སྨྲ་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་འཕྲིན་གྱིས་འདི་སྐད་དུ། ཚེ་དང་ལྡན་པ། བདག་གིས་ཇི་ལྟར་ཆོས་འདི་དག་མདོ་སྡེར་གཏོགས་ཤིང་མདོ་སྡེར་འདུས་པར་ད་གདོད་འཚལ་ཏོ། །ཞེས་མཆི་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་ནས་དེ་སྐད་སྨྲས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་སྨྱོན་པ་ལ་འདི་སྐད་དུ། ཚེ་དང་ལྡན་པ་བདག་གིས་ཆོས་འདི་དག་མདོ་སྡེར་གཏོགས་ཤིང ། མདོ་སྡེར་འདུས་པར་ད་གདོད་འཚལ་ཏོ། །ཞེས་མཆི་ན། ཅིར་འགྱུར། ཉེས་བྱས་ Na338b སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། འགྲོ་བ་གཞན་དུ་གནས་པའི་དགེ་སློང་རྣམས་ལ་འདི་སྐད་དུ། ཚེ་དང་ལྡན་པ། བདག་གིས་ཆོས་འདི་དག་མདོ་སྡེར་གཏོགས་ཤིང་མདོ་སྡེར་འདུས་པར་ད་གདོད་འཚལ་ཏོ། །ཞེས་མཆི་ན།་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། སྐད་དང་ལུས་དང་དབེན་པ་དང ། །སྔགས་དང་མཚན་དང་བཞི་པ་དང ། །ཁྱིམ་པ་དག་ལ་སོགས་པ་རྣམས། །གཞན་གྱི་ཕྱིར་དང་དགེ་སློང་མའོ། །བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་འདི་སྐད་དུ། ཚེ་དང་ལྡན་པ། བདག་གིས་འདི་ལྟར་ཆོས་འདི་དག་མདོ་སྡེར་གཏོགས་ཤིང་མདོ་སྡེར་འདུས་པར་ད་གདོད་འཚལ་ཏོ། །ཞེས་སྨྲ་བ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་དེ་སྐད་སྨྲས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དེ་སྐད་སྨྲས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་འདི་སྐད་དུ། ཚེ་དང་ལྡན་པ། བདག་གིས་འདི་ལྟར་ཆོས་འདི་ Na339a ༄#། །དག་མདོ་སྡེར་གཏོགས་ཤིང་མདོ་སྡེར་འདུས་པར་ད་གདོད་འཚལ་ཏོ། །ཞེས་སྨྲས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལུས་ཀྱི་དམིགས་པས་ཚེ་དང་ལྡན་པ། བདག་གིས་འདི་དག་མདོ་སྡེར་གཏོགས་ཤིང་མདོ་སྡེར་འདུས་པར་ད་གདོད་འཚལ་ཏོ། །ཞེས་གོ་བར་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དབེན་པ་ལ་མི་དབེན་པར་འདུ་ཤེས་ཏེ་འདི་སྐད་དུ། ཚེ་དང་ལྡན་པ། བདག་གིས་འདི་ལྟར་ཆོས་འདི་དག་མདོ་སྡེར་གཏོགས་ཤིང་མདོ་སྡེར་འདུས་པར་ད་གདོད་འཚལ་ཏོ། །ཞེས་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་སྔགས་སམ་སྨན་གྱིས་བདག་མི་སྣང་བར་བསྒྱུར་ཏེ་འདི་སྐད་དུ། ཚེ་དང་ལྡན་པ། བདག་གིས་འདི་ལྟར་ཆོས་འདི་དག་མདོ་སྡེར་གཏོགས་ཤིང་མདོ་སྡེར་འདུས་པར་ད་གདོད་འཚལ་ཏོ། །ཞེས་སྨྲས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་དེ་སྐད་སྨྲ་བ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་དེ་སྐད་སྨྲ་བ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར་ལྟུང་བའོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་འདི་སྐད་དུ། ཚེ་དང་ལྡན་པ། བདག་གིས་འདི་ལྟར་ཆོས་འདི་དག་མདོ་སྡེར་ Na339b གཏོགས་ཤིང་མདོ་སྡེར་འདུས་པར་ད་གདོད་འཚལ་ཏོ། །ཞེས་སྨྲ་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། ། བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། ། བཙུན་པ། དགེ་སློང་གིས་ཁྱིམ་པ་ལ་འདི་སྐད་དུ། ཚེ་དང་ལྡན་པ། བདག་གིས་འདི་ལྟར་ཆོས་འདི་དག་མདོ་སྡེར་གཏོགས་ཤིང་མདོ་སྡེར་འདུས་པར་ད་གདོད་འཚལ་ཏོ། །ཞེས་སྨྲས་ན། ཅིར་འགྱུར།་ཉེས་བྱས་སོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། སྔར་འཁྲུགས་པ་དང ། སྔར་ཉེས་པ་བྱུང་བ་རྣམས་ལ་སྨྲས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་ལ་དེ་སྐད་དུ་སྨྲས་ན། ཅིར་འགྱུར།་ཐམས་ཅད་ལྟུང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་དང ། དགེ་སློང་མ་དང ། དགེ་ཚུལ་ཕ་རྣམས་ལ་འདི་སྐད་དུ། ཚེ་དང་ལྡན་པ། བདག་ནི། འདི་ལྟར་ཆོས་ Na340a ༄#། །འདི་དག་མདོ་སྡེར་གཏོགས་ཤིང་མདོ་སྡེར་འདུས་པར་ད་གདོད་འཚལ་ཏོ། །ཞེས་མཆི་ན། །ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་བར་གྱུར་དང་སེམས་འཁྲུགས་དང ། །ན་པ་འོན་པ་འགྲོ་བ་འོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་རུས་པའམ། བ་སོའམ། རཝས་ཁབ་རལ་བགྱིས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ།་དགེ་སློང་གིས་འཕྲིན་གྱིས་རུས་པའམ། བ་སོའམ། རཝ་ལས་ཁབ་རལ་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་དེ་བྱེད་དུ་བཅུག་ན། ཉེས་བྱས་སོ། །དེ་བཞིན་དུ་སྨྱོན་པ་ལ་བྱེད་དུ་བཅུག་པ་དང ། སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་བྱེད་དུ་བཅུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། གཞན་དང་གཞན་ཕྱིར་མ་ཟིན་མཚན། ། བཞི་པ་མི་རུང་བདུན་པ་དང ། །དེ་བཞིན་མ་གཏོགས་ཐ་མའོ། །བཙུན་པ། དགེ་སློང་གིས་རུས་པའམ། བ་སོའམ། རཝ་ལས་ཁབ་རལ་གཞན་གྱིས་བརྩམས་པ་ལགས་པར་བགྱིས་ན། Na340b ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཞན་གྱི་སླད་དུ་ཁབ་རལ་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་མ་ལགས་པར་བགྱིས་ཏེ་བོར་ན། ཅིར་འགྱུར།་ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་རུས་པའམ། བ་སོའམ། རཝ་ལས་ཁབ་རལ་བགྱིད་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་རུས་པའམ། བ་སོའམ། རཝ་ལས་ཁབ་རལ་བགྱིད་པ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་མི་ལ་མིར་འདུ་ཤེས་ཏེ་ཁབ་རལ་བགྱིད་དུ་སྩལ་ན། ཅིར་འགྱུར། ལྟུང་བའོ། །མི་ལ་མི་མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །མི་མ་ཡིན་པ་ལ་མི་མ་ཡིན་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་རུས་པའམ། བ་སོའམ། རཝ་ལས་ཁབ་རལ་བགྱིད་དུ་སྩལ་ཀྱང་ནོངས་པ་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ།་མི་རུང་བ་ལས་བྱས་པའོ། །བཙུན་པ། བསྙེན་པར་མ་རྫོགས་པ་ན་བརྩམས་ལ་བསྙེན་པར་མ་རྫོགས་པ་ན་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བརྩམས་ལ་བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བརྩམས་ལ་བསྙེན་པར་རྫོགས་པ་ན་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བརྩམས་ Na341a ༄#། །ལ་བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་བརྩམས་ལ་བསྙེན་པར་རྫོགས་པ་ན་གྲུབ་ན། ཅིར་འགྱུར། ལྟུང་བའོ།། བསྙེན་པར་རྫོགས་པ་ན་བརྩམས་ལ་བསྙེན་པར་མ་རྫོགས་པར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཁབ་རལ་མ་གཏོགས་པར་དེ་ལས་གཞན་པའི་ཡོ་བྱད་རྣམས་རུས་པའམ། བ་བསོའམ། རཝ་ལས་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་པས་རུས་པའམ། བ་སོའམ། རཝ་ལས་ཁབ་རལ་བགྱིད་དུ་སྩལ་ན། ཅིར་འགྱུར། ལྟུང་བའོ། །དགེ་སློང་མས་བྱེད་དུ་བཅུག་ནའང་ལྟུང་བར་འགྱུར་རོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཀྱིས་བགྱིད་དུ་སྩལ་ན། ཅིར་འགྱུར།་ཉེས་བྱས་སོ། །མདོར་ན། གཞན་གྱིས་གཞན་ཕྱིར་མ་ཟིན་དང ། །མཚན་དང་དེ་བཞིན་བཞི་པ་དང ། །ཁྱིམ་པ་དག་ལ་སོགས་པ་རྣམས། །མི་རུང་བ་དང་བདུན་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དགེ་འདུན་གྱི་ཁྲིའམ། ཁྲིའུ་བགྱིད་ན། བུ་གར་གཞུག་པ་མ་གཏོགས་པར་རྐང་པ་བདེ་བར་གཤེགས་པའི་སོར་བརྒྱད་ལས་ལྷག་པར་བགྱིས་ནས་བཅངས་ན། ལྟུང་བར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་བདེ་བར་གཤེགས་ Na341b པའི་སོར་བརྒྱད་ལས་ལྷག་པར་གཞན་གྱིས་བརྩམས་པ་ལགས་པར་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཞན་གྱིས་སླད་དུ་བགྱིད་དུ་སྩལ་ན། ཅིར་འགྱུར་རོ། །ཉེས་བྱས་སོ། ། བཙུན་པ། མ་ལགས་པར་བགྱིས་ཏེ་བོར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཁྲིའམ། ཁྲིའུ་བདེ་བར་གཤེགས་པའི་སོར་བརྒྱད་ལས་ལྷག་པར་བགྱིད་དུ་སྩོལ་བ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་མས་དགེ་འདུན་གྱི་ཁྲིའམ། ཁྲིའུ་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་ལས་འདས་པར་བགྱིད་དུ་སྩོལ་པ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ལྟུང་བའོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་ཁྲིའམ། ཁྲིའུ་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་ལས་ལྷག་པ་ལ་ལྷག་པར་འདུ་ཤེས་ཏེ་བགྱིད་དུ་སྩལ་ན། ཅིར་འགྱུར། ལྟུང་བའོ། །ལྷག་པ་ལ་མ་ལྷག་པར་འདུ་ཤེས་ཏེ་བྱེད་དུ་བཅུག་ན། ཉེས་པ་མེད་དོ། །མ་ལྷག་པ་ལ་ལྷག་པར་འདུ་ཤེས་ཏེ་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །མ་ལྷག་པ་ལ་མ་ལྷག་པར་འདུ་ཤེས་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་ཁྲིའམ། ཁྲིའུ་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་ལས་ལྷག་པར་ཁྱིམ་པ་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་ནས་རྒྱས་པར་བསླབ་པ་བྱིན་པའི་བར་བྱེད་དུ་ Na342a ༄#། །བཅུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་ཁྲིའམ། ཁྲིའུ་བདེ་བར་གཤེགས་པའི་སོར་བརྒྱད་ལས་ལྷག་པར་བགྱིད་དུ་སྩལ་ཀྱང་ནོངས་པ་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། མི་རུང་བ་བྱེད་དུ་བཅུག་པའོ། །བཙུན་པ། བསྙེན་པར་མ་རྫོགས་པ་ན་དགེ་འདུན་གྱི་ཁྲིའམ། ཁྲིའུ་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་ལས་ལྷག་པར་བརྩམས་ལ་བསྙེན་པར་མ་རྫོགས་པར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བརྩམས་ལ་བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བརྩམས་ལ་བསྙེན་པར་རྫོགས་ཏེ་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བརྩམས་ལ་བསྙེན་པར་རྫོགས་ཀར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བརྩམས་ལ་བསྙེན་པར་རྫོགས་ནས་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་བརྩམས་ལ་བསྙེན་པར་རྫོགས་པ་ན་གྲུབ་ན། ཅིར་འགྱུར། ལྟུང་བའོ། །བསྙེན་པར་རྫོགས་པ་ན་བརྩམས་ལ་བསྙེན་པར་མ་རྫོགས་པར་གྲུབ་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་འགྲོ་བའོ། །བཙུན་ Na342b པ།་དགེ་སློང་གིས་དགེ་འདུན་གྱི་ཁྲིའམ། ཁྲིའུ་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་ལས་ལྷག་པར་འཕྲིན་གྱིས་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་དེ་བྱེད་དུ་བཅུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་ཁྲིའམ། ཁྲིའུ་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་ལས་ལྷག་པར་སྨྱོན་པ་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་བྱེད་དུ་བཅུག་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། བསླབ་པ་སྩལ་པས་དགེ་འདུན་གྱི་ཁྲིའམ། ཁྲིའུ་བདེ་བར་གཤེགས་པའི་སོར་བརྒྱད་ཀྱི་ཚད་ལས་ལྷག་པར་བགྱིད་དུ་སྩལ་ན། ཅིར་འགྱུར། ལྟུང་བའོ། །དགེ་སློང་མས་བགྱིད་དུ་སྩལ་ན། ཅིར་འགྱུར། ལྟུང་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཀྱིས་བགྱིད་དུ་སྩལ་ན། ཅིར་འགྱུར། ཉེས་བྱས་སོ། །ཇི་ལྟར་བསླབ་པའི་གནས་ཀྱིས་ལེའུ་འདི་ཇི་ལྟ་བ་དེ་བཞིན་དུ་ལྷུང་བཟེད་དང ། གདིང་བ་དང ། གཡན་པ་དགབ་པ་དང ། གོས་དབྱར་གྱི་རས་ཆེན་དང ། བདེ་བར་གཤེགས་པའི་ཆོས་གོས་ཀྱང་དེ་བཞིན་དུ་བརྗོད་པར་བྱའོ། །འདུལ་བ་གཞུང་དམ་པ་ལས། ལྟུང་བ་རྣམས་ Na343a ༄#། །རྫོགས་སོ།། །།འདུལ་བ་གཞུང་དམ་པ་བམ་པོ་བཅོ་ལྔ་པ། མདོར་ན། སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་འགྲོ་བ་དང ། །མི་རུང་བ་དང་མཚན་དང་ནི། །བཞི་པ་བདུན་པ་དེ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གང་གཉེན་མ་ལགས་པའི་དགེ་སློང་མ་སྲང་ན་བསོད་སྙོམས་སྤྱོད་པ་ལས་བཅའ་བ་དང ། བཟའ་བ་བླངས་ཏེ་འཚལ་ན། སོ་སོར་བཤགས་པ་ཞེས་གསུངས་ན། བཙུན་པ། དགེ་སློང་གིས་དགེ་སློང་མ་སྨྱོན་མ་སྲང་ན་མཆིས་པ་ལས་བདག་གི་སུག་པས་བསོད་སྙོམས་བླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་མ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ལས་བསོད་སྙོམས་བླངས་ཏེ་ཟོས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། ། བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་སྲང་ན་མཆིས་པ་ལས་བདག་གི་སུག་བས་བསོད་སྙོམས་བླངས་ཏེ་འཚལ་ཀྱང་ནོངས་པ་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། མི་རུང་བའི་ཟས་ཟོས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་བསོད་སྙོམས་སྤྱོད་ཅིང་སྲང་ན་མཆིས་ Na343b པ་ལས་བདག་གི་སུག་བས་བཅའ་བ་དང ། བཟའ་བ་བླངས་ཏེ་འཚལ་བ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་གཉེན་མ་ལགས་པའི་དགེ་སློང་མ་བསོད་སྙོམས་སྤྱོད་ཅིང་སྲང་ན་མཆིས་པ་དེ་ལས་བདག་གི་སུག་པས་བསོད་སྙོམས་བླངས་ཏེ་འཚལ་བ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་དེ་ལས་བསོད་སྙོམས་བླངས་ཏེ་འཚལ་ན། ཅིར་འགྱུར། སོ་སོར་བཤགས་པར་བྱའོ། །བསྙེན་པར་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཉེས་བྱས་སོ། །དེ་བཞིན་དུ་མི་ལ་མིར་འདུ་ཤེས་པ་ལ་ཡང་བཞིར་བྱའོ། །བཙུན་པ། བསྙེན་པར་མ་རྫོགས་པ་ན་བླངས་ལ་བསྙེན་པར་མ་རྫོགས་པ་ན་འཚལ་ན།་ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བླངས་ལ་བསྙེན་པར་རྫོགས་ཀར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་མ་རྫོགས་པ་ན་བླངས་ལ་བསྙེན་པར་རྫོགས་པ་ན་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་བླངས་ལ་བསྙེན་པར་རྫོགས་ཀར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་ཀར་ Na344a ༄#། །བླངས་ལ་བསྙེན་པར་རྫོགས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བསྙེན་པར་རྫོགས་པ་ན་བླངས་ལ་བསྙེན་པར་རྫོགས་པ་ན་འཚལ་ན། ཅིར་འགྱུར། སོ་སོར་བཤགས་པར་བྱའོ། །བསྙེན་པར་རྫོགས་པ་ན་བླངས་ལ་བསྙེན་པར་མ་རྫོགས་པ་ན་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། ཟས་དང་སྔགས་ཀྱང་དེ་བཞིན་ཏེ། །གཞན་གྱིས་གཞན་གྱི་མ་ནིང་དང ། །མ་ནིང་མ་ལ་སོགས་པ་དང ། །བསླབ་པ་བྱིན་དང་དགེ་སློང་མའོ། །བཙུན་པ། དགེ་སློང་གིས་ཟས་མ་གཏོགས་པ་དེ་ལས་གཞན་པའི་བཅའ་བ་དང ། བཏུང་བ་དང ། བཞིབ་པ་དང ། བལྡག་པ་ལ་སོགས་པ་བླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་སྲང་དུ་ཞུགས་པ་ལས་བསོད་སྙོམས་གཞན་གྱི་སླད་དུ་བླངས་ཏེ་བདག་ཉིད་ཀྱིས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་གཉེན་མ་ལགས་པའི་དགེ་སློང་མ་ལས་བསོད་སྙོམས་བླངས་ཏེ་འཚལ་ཀྱང་ནོངས་པ་སོ་སོར་བཤགས་པར་མི་བྱ་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་དགེ་སློང་དེ་སྲང་ན་འདུག་པར་གྱུར་ལ། དགེ་སློང་མ་དབྱར་མོ་ཁང་ངམ། གྲོང་ན་འདུག་པས་བྱིན་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་མས་དགེ་སློང་མ་ནིང་སྲང་ན་ Na344b མཆིས་པ་ལས་བསོད་སྙོམས་བླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་མ་ནིང་མོ་སྲང་ན་མཆིས་པ་ལས་བསོད་སྙོམས་བླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་མ་སུན་ཕྱུང་བ་ནས་རྒྱས་པར་སྔར་འཁྲུགས་པའི་བར་དུ་བསོད་སྙོམས་བླངས་ཏེ་ཟོས་ན་ཡང་ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེས་བར་ཕྱོགས་པ་དང ། བསླབ་པ་སྩལ་བའི་དགེ་སློང་མ་སྲང་ན་མཆིས་པ་ལས་བསོད་སྙོམས་བླངས་ཏེ་འཚལ་ན། ཅིར་འགྱུར། སོ་སོར་བཤགས་པའོ། ། བཙུན་པ། དགེ་སློང་གིས་དགེ་སློང་མ་དང ། དགེ་ཚུལ་མ་ལས་བསོད་སྙོམས་བླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་པས་གཉེན་མ་ལགས་པའི་དགེ་སློང་མ་སྲང་ན་མཆིས་པ་ལས་བསོད་སྙོམས་བླངས་ཏེ་འཚལ་ན། ཅིར་འགྱུར། སོ་སོར་བཤགས་པར་བྱའོ། །བཙུན་པ། དགེ་སློང་མས་གཉེན་མ་ལགས་པའི་དགེ་སློང་སྲང་ན་མཆིས་པ་ལས་བསོད་སྙོམས་བླངས་ཏེ་འཚལ་ན། ཅིར་འགྱུར། སོ་སོར་བཤགས་པར་བྱའོ། །དགེ་ཚུལ་ཕ་ལས་བསོད་སྙོམས་བླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །ཇི་ལྟར་དགེ་སློང་གིས་སོ་སོར་བཤགས་པར་བྱ་བ་དེ་བཞིན་དུ་དགེ་སློང་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སུ་འགྱུར་རོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ Na345a ༄#། །ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་ཞུགས་འགྲོ་བ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་དག་གིས་དགེ་སློང་མ་དེ་དག་ལ་འདི་སྐད་ཅེས། སྲིང་མོ། །དགེ་སློང་དག་ཟན་ཟོས་ཀྱི་བར་དུ་སྡོད་ཅིག་།ཅེས་སྨྲོས་ཤིག་།དགེ་སློང་འགའ་ཞིག་གིས་ཀྱང་དགེ་སློང་མ་དེ་ལ་དེ་སྐད་སྨྲ་བར་མ་སྤོབས་ན། སོ་སོར་བཤགས་པར་བྱའོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་འཕྲིན་གྱིས་བསྒོས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་ནས་བསྒོས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མ་སྨྱོན་མ་ཤོམ་ཞིང་མཆིས་པ་ལས་དགེ་སློང་དེ་དག་གིས་མ་བསྒོ་བར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། ། དེ་བཞིན་དུ་དགེ་སློང་མ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་མ་དང ། འོན་མ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ལ་མ་བསྒོ་བར་ཟོས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་མས་དགེ་སློང་དག་གི་སླད་དུ་ཤོམ་པ་ན་གཉིད་ཀྱིས་ལོག་པ་ལ་དགེ་སློང་དེ་དག་གིས་ལོག་བཞིན་དུ་བསྒོས་ཏེ་འཚལ་ན། ཅིར་ Na345b འགྱུར།་ཉེས་བྱས་སོ། །དེ་བཞིན་དུ་ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་རྣམས་ལ་བསྒོས་ཏེ་ཟོས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། སྐད་དང་ལུས་དང་དབེན་པ་དང། །སྔགས་དང་མཚན་དང་བཞི་པ་དང ། །མི་རུང་ཟས་དང་ཁྱིམ་པ་དང ། །བསླབ་པ་བྱིན་དང་དགེ་སློང་ངོ ། །བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་དགེ་སློང་མ་ལ་བསྒོ་བ་དང ། དགེ་སློང་མ་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་བསྒོ་བ་དང ། དགེ་སློང་མ་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་བསྒོ་བ་དང ། དགེ་སློང་མ་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་བསྒོ་སྟེ་འཚལ་བ་དང ། དགེ་སློང་མ་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ལུས་ཀྱི་དམིགས་པས་བསྒོ་སྟེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་དག་གིས་དགེ་སློང་མ་ཤོམ་པ་དབེན་པ་ལ་མི་དབེན་པར་འདུ་ཤེས་ཏེ་བསྒོ་ནས་འཚལ་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་སྔགས་སམ་སྨན་གྱིས་བདག་མི་སྣང་བར་བསྒྱུར་ཏེ་དགེ་སློང་མ་ལ་མ་བསྒོས་ན། ཅིར་འགྱུར། ཉེས་བྱས་སོ།། Na346a ༄#། །བཙུན་པ། དགེ་སློང་གིས་དགེ་སློང་མ་ཤོམ་པའི་ཚེ་མ་བསྒོ་བར་འཚལ་བ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ།་དགེ་སློང་མས་དགེ་སློང་གི་སླད་དུ་ཤོམ་པའི་ཆེ་ན་མ་བསྒོས་པར་འཚལ་བ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་བསྙེན་པར་རྫོགས་པ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ཏེ་མ་བསྒོས་པར་འཚལ་ན། ཅིར་འགྱུར། སོ་སོར་བཤགས་པར་བྱའོ། །བསྙེན་པར་རྫོགས་མ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ཏེ་མ་བསྒོས་ན། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་མ་ལ་བསྙེན་པར་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བསྙེན་པར་མ་རྫོགས་མ་ལ་བསྙེན་པར་མ་རྫོགས་པར་འདུ་ཤེས་ན། ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་མས་མི་རུང་བའི་ཟས་སྦྱོར་ཅིག་པར་ཤོམ་ཞིང་མཆིས་པ་ན། དེ་ལ་དགེ་སློང་དག་གིས་མ་བསྒོས་པར་འཚལ་ན་ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་ཟན་མ་གཏོགས་པར་དེ་ལས་གཞན་པའི་བཅའ་བ་དང ། བཏུང་བ་དང ། བཟའ་བ་དང ། བལྡག་པ་ལ་སོགས་པ་སྦྱོར་ཅིག་པར་ཤོམ་ཞིང་མཆིས་པ་ན། དེ་ལ་དགེ་སློང་དག་གིས་མ་བསྒོས་པར་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་ཁྱིམ་པ་མོ་ཞིག་ཤོམ་པའི་ཚེ་མ་བསྒོས་པར་འཚལ་ Na346b ན།་ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྒྱུན་གནས་དང ། སོ་སོར་གནས་པ་དང ། མི་གནས་པ་དང ། སྔར་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་རྣམས་ཤོམ་པ་ན་མ་བསྒོས་པར་ཟས་ཟོས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་མོ་དང ། ཉེ་བར་ཕྱོགས་པ་མོ་དང ། བསླབ་པ་སྩལ་པ་མོ་རྣམས་ཀྱིས་བསྒོ་བར་འཚལ་ན། ཅིར་འགྱུར། སོ་སོར་བཤགས་པར་བྱའོ། །བཙུན་པ། དགེ་སློང་གིས་དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕས་བསྒོ་བ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བསླབ་པ་སྩལ་པས་དགེ་སློང་མས་བསྒོ་བའི་ཟས་འཚལ་ན། ཅིར་འགྱུར། སོ་སོར་བཤགས་པར་བྱའོ། །བཙུན་པ། དགེ་སློང་མས་བསྒོ་བའི་ཟས་འཚལ་ན། ཅིར་འགྱུར། སོ་སོར་བཤགས་པར་བྱའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སུ་འགྱུར་རོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་དང་ནི་གླེན་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་འདུན་ལ་སློབ་པའི་གྲོང་དུ་གྱུར་པ་དེ་ལ་བསླབ་ Na347a ༄#། །པའི་སྡོམ་པ་སྩལ་བ་ལས། ཡང་དགེ་སློང་གང་གིས་སློབ་པའི་གྲོང་ལ་བསླབ་པའི་སྡོམ་པ་བཅས་པ་དེ་ལྟ་བུ་ལས་རང་གི་སུག་པས་བཅའ་བ་དང ། བཟའ་བ་བླངས་ཏེ་འཚལ་ན། སོ་སོར་བཤགས་པར་བགྱིའོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་བསླབ་པའི་སྡོམ་པ་སྩལ་བ་ལས་འཕྲིན་གྱིས་བཅའ་བ་དང ། བཟའ་བ་བླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་ནས་བླངས་ཏེ་ཟོས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །བཙུན་པ། དགེ་སློང་གིས་བསླབ་པའི་སྡོམ་པ་སྩལ་པས་སྨྱོན་པའི་གྲོང་ནས་བཟའ་བ་དང ། བཅའ་བ་བླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང།་གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། མ་ནིང་མོ་དང ། མ་ནིང་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ལས་བཅའ་བ་དང ། བཟའ་བ་བླངས་ཏེ་ཟོས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། གཞན་གྱིས་གཞན་ཕྱིར་དེ་བཞིན་ཏེ། །སྔགས་དང་ཟས་དང་མི་རུང་པ། །མགྲོན་པོས་མཚན་ཡང་དེ་བཞིན་ཏེ། །དེ་ལྟར་བཞི་པོ་དགེ་སློང་མའོ། །བཙུན་པ། དགེ་སློང་གིས་བསླབ་པའི་སྡོམ་པ་སྩལ་པའི་གྲོང་ནས་བཅའ་བ་དང ། བཟའ་བ་གཞན་གྱིས་བླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསླབ་པའི་སྡོམ་པ་ Na347b སྩལ་པའི་གྲོང་ནས་གཞན་གྱི་སླད་དུ་བཅའ་བ་དང ། བཟའ་བ་བླངས་ཏེ་བདག་ཉིད་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་སྔགས་སམ་སྨན་གྱིས་བདག་མི་སྣང་བར་བསྒྱུར་ཏེ་བསླབ་པའི་སྡོམ་པ་སྩལ་པའི་གྲོང་ནས་བཅའ་བ་དང ། བཟའ་བ་བླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསླབ་པའི་སྡོམ་པ་སྩལ་པའི་གྲོང་ནས་ཟན་མ་གཏོགས་པར་དེ་ལས་གཞན་པའི་བཅའ་བ་དང ། བཏུང་བ་དང ། ཞིབ་པ་དང ། བལྡག་པ་ལ་སོགས་པ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསླབ་པའི་སྡོམ་པ་སྩལ་པའི་གྲོང་ནས་མི་རུང་བའི་ཟས་བླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་བསླབ་པའི་སྡོམ་པ་སྩལ་པའི་གྲོང་ནས་བདག་གི་སུག་པས་བཅའ་བ་དང ། བཟའ་བ་བླངས་ཏེ་འཚལ་ཀྱང་ནོངས་པ་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དེ་ནི། འདི་ལྟར་དགེ་སློང་གྲོང་དུ་སྔར་མགྲོན་དུ་བོས་པར་གྱུར་ལ། དེའི་འོག་ཏུ་དགེ་འདུན་གྱི་བསླབ་པའི་སྡོམ་པ་བྱིན་པར་འགྱུར་པའོ། །བཙུན་པ། དགེ་སློང་གིས་བསླབ་པའི་སྡོམ་པ་སྩལ་པའི་གྲོང་ནས་བཅའ་བ་དང ། བཟའ་བ་འཚལ་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། སོ་སོར་བཤགས་པར་བྱའོ། །བཙུན་པ། དགེ་སློང་མས་བསླབ་པའི་སྡོམ་པ་སྩལ་པའི་གྲོང་ནས་བཅའ་བ་དང ། བཟའ་བ་འཚལ་པ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། སོ་སོར་བཤགས་པར་ Na348a ༄#། །བྱའོ། །བཙུན་པ། དགེ་སློང་གིས་བསླབ་པའི་སྡོམ་པ་སྩལ་པའི་གྲོང་ནས་སྩལ་བར་འདུ་ཤེས་ཏེ་བཅའ་བ་དང ། བཟའ་བ་བླངས་ཏེ་འཚལ་ན། ཅིར་འགྱུར། སོ་སོར་བཤགས་པར་བྱའོ། །སྩལ་པ་ལ་མ་སྩལ་པར་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། ཉེས་པ་མེད་དོ། །མ་སྩལ་པ་ལ་སྩལ་པར་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མ་སྩལ་པ་ལ་མ་སྩལ་པར་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་བསླབ་པའི་སྡོམ་པ་སྩལ་བའི་གྲོང་ནས་མི་ལ་མིར་འདུ་ཤེས་ནས་བཅའ་བ་དང ། བཟའ་བ་ཞིག་བླངས་ཏེ་འཚལ་ན། ཅིར་འགྱུར། སོ་སོར་བཤགས་པར་བྱའོ། །མི་ལ་མི་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མིར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སོ། །མི་མ་ལགས་པ་ལ་མི་མ་ལགས་པར་འདུ་ཤེས་ན། ཅིར་འགྱུར། ཉེས་བྱས་སུ་འགྱུར་རོ། །བཙུན་པ། བསླབ་པ་སྩལ་པས་བསླབ་པའི་སྡོམ་པ་སྩལ་པའི་གྲོང་ནས་བཅའ་བ་དང ། བཟའ་བ་བླངས་ཏེ་འཚལ་ན། ཅིར་འགྱུར། སོ་སོར་བཤགས་པར་བྱའོ། །བཙུན་པ། དགེ་སློང་མས་བསླབ་པའི་སྡོམ་པ་སྩལ་པའི་གྲོང་ནས་བཅའ་བ་དང ། བཟའ་བ་བླངས་ཏེ་འཚལ་ན། ཅིར་འགྱུར། སོ་སོར་བཤགས་པར་བྱའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཀྱིས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་ Na348b དང་གཅིག་ནས་གཅིག་།སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་འགྲོ་བ་འོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་འདུན་དགོན་པ་ལ་གནས་པར་གྱུར་པ་ན་དོགས་པ་དང་བཅས་པར་འཚལ། འཇིགས་པ་དང་བཅས་པར་འཚལ། འཇིགས་ཤིང་སྐྲག་པ་དང་བཅས་པར་འཚལ་བཞིན་དུ་ཡང་དགེ་སློང་གིས་དེ་ལྟ་བུར་དགེ་འདུན་དགོན་པ་ལ་གནས་ཤིང་དོགས་པ་དང་བཅས་པར་འཚལ། འཇིགས་པ་དང་བཅས་པ་འཚལ། འཇིགས་ཤིང་སྐྲག་པ་དང་བཅས་པར་འཚལ་བཞིན་དུ་ཀུན་དགའ་ར་བའི་སླད་རོལ་ནས་བཅའ་བ་དང ། བཟའ་བ་བླངས་ཏེ་ཀུན་དགའ་ར་བའི་ནང་ན་བཅའ་བ་དང ། བཟའ་བ་འཚལ་ན། སོ་སོར་བཤགས་པར་བགྱི་བའོ། །ཞེས་གསུངས་ན། བཙུན་པ། དགེ་སློང་གིས་དེ་ལྟ་བུར་དགོན་པ་ལ་གནས་པ་ན། ཀུན་དགའ་ར་བའི་སླད་རོལ་ནས་བཅའ་བ་དང ། བཟའ་བ་བླངས་ཏེ་ཀུན་དགའ་ར་བའི་ནང་ན་བཅའ་བ་དང ། བཟའ་བ་འཕྲིན་གྱིས་བླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྔ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་ནས་བླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དེ་ལྟ་བུར་དགོན་པ་ལ་གནས་པ་ན། ཀུན་དགའ་ར་བའི་སླད་རོལ་ནས་སྨྱོན་པ་ཞིག་ལས་བཅའ་བ་དང ། བཟའ་བ་རྣམས་བླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །དེ་བཞིན་དུ་སེམས་འཁྲུགས་པ་ Na349a ༄#། །དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། མ་ནིང་དང ། མ་ནིང་མོ་དང ། མཚན་གཉིས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ལས་ཀུན་དགའ་ར་བའི་སླད་རོལ་ནས་བཅའ་བ་དང ། བཟའ་བ་བླངས་ཏེ་ཟས་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། གཞན་གྱིས་གཞན་ཕྱིར་དེ་བཞིན་ཏེ། །སྔགས་དང་ཟས་དང་མི་རུང་དང། །རབ་ཏུ་རྟོགས་དང་དེ་བཞིན་དུ། །རྐུན་པོ་མཚན་དང་བཞི་པའོ། །བཙུན་པ། དགེ་སློང་དེ་ལྟ་བུར་དགོན་པ་ལ་གནས་པ་ན། ཀུན་དགའ་ར་བའི་ནང་དུ་གཞན་གྱིས་བཅའ་བ་དང ། བཟའ་བ་བླངས་ཏེ་བདག་ཉིད་ཀྱིས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དེ་ལྟ་བུར་དགོན་པ་ལ་གནས་པ་ན། གཞན་དག་གི་སླད་དུ་བཅའ་བ་དང ། བཟའ་བ་བདག་ཉིད་ཀྱིས་བླངས་ཏེ་ཀུན་དགའ་ར་བའི་ནང་དུ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དེ་ལྟ་བུར་དགོན་པ་ལ་གནས་པ་ན། སྔགས་སམ་སྨན་གྱིས་བདག་ཉིད་མི་སྣང་བར་བསྒྱུར་ཏེ་ཀུན་དགའ་ར་བའི་ནང་ན་བཅའ་བ་དང ། བཟའ་བ་བླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དེ་ལྟ་བུར་དགོན་པ་ལ་གནས་པ་ན། ཟས་མ་གཏོགས་པའི་དེ་ལས་གཞན་པའི་བཅའ་བ་དང ། བཏུང་བ་དང ། བཞིབ་པ་དང ། བལྡག་པ་བླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དེ་ལྟ་བུར་དགོན་པ་ན་གནས་པ་ན། ཀུན་དགའ་ར་བའི་ Na349b ནང་དུ་མི་རུང་བའི་ཟས་བླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་གིས་དེ་ལྟ་བུར་དགོན་པ་ན་གནས་པ་ན། ཀུན་དགའ་ར་བའི་ནང་དུ་བཅའ་བ་དང ། བཟའ་བ་བླངས་ཏེ་འཚལ་ཡང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། རབ་ཏུ་ཡང་དག་པར་རྟོགས་པའི་ནགས་སུ་ཟོས་ན། ཉེས་པ་མེད་དོ། །བཙུན་པ། དགེ་སློང་གིས་དེ་ལྟ་བུར་དགོན་པ་ལ་གནས་པ་ན་ཡང་དག་པར་རྟོགས་པའི་ནགས་དང ། ཀུན་དགའ་ར་བའི་ནང་དུ་བཅའ་བ་དང ། བཟའ་བ་བླངས་ཏེ་འཚལ་ཡང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་དགེ་སློང་དེས་རྐུན་པོའི་སྡེ་ཉེ་བར་གནས་བཞིན་དུ་ཟོས་ནའོ། །བཙུན་པ། དགེ་སློང་གིས་ཀུན་དགའ་ར་བའི་ནང་དུ་བཅའ་བ་དང ། བཟའ་བ་བླངས་ཏེ་འཚལ་བ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། སོ་སོར་བཤགས་པར་བྱའོ། །བཙུན་པ། དགེ་སློང་མས་ཀུན་དགའ་ར་བའི་ནང་དུ་བཟའ་བ་དང ། བཅའ་བ་བླངས་ཏེ་འཚལ་བ་ན་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཅིར་འགྱུར། སོ་སོར་བཤགས་པར་བྱའོ། ། བཙུན་པ། དགེ་སློང་གིས་རབ་ཏུ་ཡང་དག་པར་རྟོགས་པ་ལ་རབ་ཏུ་ཡང་དག་པར་འདུ་ཤེས་ཏེ་བཅའ་བ་དང ། བཟའ་བ་བླངས་ཏེ་འཚལ་ན། ཅིར་འགྱུར། ཉེས་པ་མེད་དོ། །རབ་ཏུ་ཡང་དག་པར་རྟོགས་པ་ལ་རབ་ཏུ་ཡང་དག་པར་མ་རྟོགས་པར་འདུ་ཤེས་ཏེ་འཚལ་ན། ཉེས་བྱས་སུ་འགྱུར་རོ། །རབ་ཏུ་ཡང་དག་པར་མ་རྟོགས་པ་ལ་རབ་ཏུ་ཡང་དག་པར་རྟོགས་པར་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། ཉེས་ Na350a ༄#། །པ་མེད་དོ། །རབ་ཏུ་ཡང་དག་པར་མ་རྟོགས་པ་ལ་རབ་ཏུ་ཡང་དག་པར་མ་རྟོགས་པར་འདུ་ཤེས་ཏེ་འཚལ་ན། ཅིར་འགྱུར། སོ་སོར་བཤགས་པར་བྱ་བའོ། །དེ་བཞིན་དུ་མི་ལ་མིར་འདུ་ཤེས་པ་ཡང་བརྗོད་པར་བྱའོ། །བཙུན་པ། བསླབ་པ་སྩལ་པས་རབ་ཏུ་ཡང་དག་པར་མ་རྟོགས་པའི་ནགས་སུ་བཅའ་བ་དང ། བཟའ་བ་བླངས་ཏེ་འཚལ་ན། ཅིར་འགྱུར། སོ་སོར་བཤགས་པར་བྱའོ། །བཙུན་པ། དགེ་སློང་མས་རབ་ཏུ་ཡང་དག་པར་མ་རྟོགས་པའི་གནས་ཀྱི་ཀུན་དགའ་ར་བའི་ནང་དུ་བཅའ་བ་དང ། བཟའ་བ་བླངས་ཏེ་འཚལ་ན། ཅིར་འགྱུར། སོ་སོར་བཤགས་པར་བྱ་བའོ། །དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ལ་ཉེས་བྱས་སུ་འགྱུར་རོ། །འདུལ་བའི་གཞུང་དམ་པ་ལས། སོ་སོར་ཐར་པའི་རྣམ་པར་འབྱེད་པའི་བསླབ་པ་རྫོགས་སོ།། །། མདོར་ན། དབྱིབས་དང་ཁ་དོག་བར་ཆད་དང ། །མཁན་པོ་གཉིས་དང་སུན་ཕྱུང་དང ། །གནས་དང་གང་ཟག་གླིང་རྣམས་དང ། །ས་དང་མཚམས་དང་བསྙེན་པར་རྫོགས། །ལྔ་པ་དང་ནི་ལས་གསུམ་དང ། །ཁྱིམ་པ་མཐའ་འཁོབ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་སྐྱེས་པ་བུད་མེད་འདྲ་བ་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་པར་མ་བྱེད་ཅིག་།ཅེས་གསུངས་ན། བཙུན་པ། སྐྱེས་པ་མདོག་བུད་མེད་འདྲ་བ། མཚན་མ་བུད་མེད་འདྲ་བ། སྐད་བུད་མེད་འདྲ་བ། དབྱིབས་བུད་མེད་འདྲ་བ་ཞིག་དགེ་སློང་གི་ Na350b དངོས་པོར་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་ནི། འདས་པ་དང་བཅས་པའོ། ། བཙུན་པ། བུད་མེད་གཅིག་མདོག་སྐྱེས་པ་དང་འདྲ་བ། །མཚན་མ་སྐྱེས་པ་དང་འདྲ་བ། སྐད་སྐྱེས་པ་དང་འདྲ་བ། དབྱིབས་སྐྱེས་པ་དང་འདྲ་བ་ཞིག་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་ནི། འདས་པ་དང་བཅས་པའོ། །བཙུན་པ། བར་ཆད་ཀྱི་ཆོས་དང་ལྡན་པ་ཞིག་བདག་བར་ཆད་ཀྱི་ཆོས་དང་ལྡན་ནོ། །ཞེས་སྨྲ་བའི་གང་ཟག་དེ། དགེ་སློང་རྣམས་ཀྱིས་དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ།་བསྙེན་པར་རྫོགས་པར་བྱེད་པ་ནི། འདས་པ་དང་བཅས་པའོ། །བར་ཆད་ཀྱི་ཆོས་རྣམས་དང་ལྡན་པ་ཞིག་།བདག་ནི། བར་ཆད་ཀྱི་ཆོས་དང་མི་ལྡན་ནོ། །ཞེས་སྨྲ་བའི་གང་ཟག་དེ། དགེ་སློང་རྣམས་ཀྱིས་དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བགྱིས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ཀྱང་འདས་པ་དང་བཅས་པའོ། །བར་ཆད་ཀྱི་ཆོས་རྣམས་མི་ལྡན་པ་ལ་བདག་ནི། ལྡན་ནོ། །ཞེས་སྨྲ་བའི་གང་ཟག་དེ། དགེ་སློང་དག་གིས་དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་ Na351a ༄#། །རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་ནི། འདས་པ་དང་བཅས་པའོ། །བར་ཆད་ཀྱི་ཆོས་རྣམས་དང་མི་ལྡན་པ་ཞིག་།བདག་ནི། མི་ལྡན་ནོ། །ཞེས་སྨྲ་བའི་གང་ཟག་དེ། དགེ་སློང་རྣམས་ཀྱིས་དགེ་སློང་གི་དངོས་པོར་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་ནི། འདས་པ་དང་བཅས་པར་མི་འགྱུར་རོ། །བཙུན་པ། བསྙེན་པར་རྫོགས་པར་བགྱིད་པས་བར་ཆད་ཀྱི་ཆོས་རྣམས་མ་དྲིས་པར་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་ནི། འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ། ལོ་ཉི་ཤུ་མ་ལགས་པ་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། ཤེས་པར་ནུས་པ་མ་གཏོགས་པར་ལྷག་མ་རྣམས་ནི། བསྙེན་པར་རྫོགས་པ་ཞེས་བྱའོ། །བཙུན་པ། ལྷུང་བཟེད་མ་མཆིས། ཆོས་གོས་མ་མཆིས་པར་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་ནི། འདས་པ་དང་བཅས་པའོ། །བཙུན་པ། ཕ་དང་མས་མ་གནང་བ་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་ Na351b བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་ནི། འདས་པ་དང་བཅས་པའོ། །བཙུན་པ། ཕ་དང་མས་མ་གནང་བ་བསྙེན་པར་རྫོགས་པར་བགྱིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་ད། དེའི་ཕ་དང ། མ་དུས་ལས་འདས་པར་གྱུར་ཏམ། བྱོལ་སོང་དུ་གྱུར་ཏམ། ཇོ་བོས་གནང་བར་གྱུར་པའོ། །བཙུན་པ། བུ་སྐལ་ཞིག་ན། དེ་གང་ལ་གསོལ་བར་བྱ།་གང་གི་བུ་ཡིན་པར་ཁས་བླངས་པའོ། །བཙུན་པ། བྲན་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་ནི། འདས་པ་དང་བཅས་པའོ། །བཙུན་པ། བརྐུས་པ་དང ། རྙེད་བཙོན་དང ། རྒྱལ་པོ་ལ་གཙེས་པ་དང ། རྒྱལ་པོ་དང་འཁོན་པ་དང ། རྒྱལ་པོ་ལ་གནོད་པའི་ལས་བྱེད་པ་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་ནི། འདས་པ་དང་བཅས་པའོ། །བཙུན་པ། ཟ་མ་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་ཡང་འདས་པ་དང་བཅས་པའོ། །བཙུན་པ། མ་ནིང་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་ནི། འདས་པ་དང་བཅས་པའོ། །བཙུན་པ། དགེ་ Na352a ༄#། །སློང་མ་སུན་ཕྱུང་བ་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། ཁ་ཅིག་ནི། བསྙེན་པར་རྫོགས་པ་ཞེས་བྱའོ། །ཁ་ཅིག་ནི། བསྙེན་པར་མ་རྫོགས་པ་སྟེ། གང་གིས་དགེ་སློང་མ་ལ་མི་ཚངས་པར་སྤྱད་པས་སུན་ཕྱུང་བར་གྱུར་པ་འདི་ནི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། ཉེ་བར་གནས་ན་ཡང་མིག་ལམ་ན་མི་སྣང་བར་བྱོས་ཤིག་།གང་གིས་དགེ་སློང་མ་ལུས་ལ་རེག་པ་ཙམ་གྱིས་སུན་ཕྱུང་བར་གྱུར་པ་ནི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། མ་བསྐྲད་ཅིག་།བཙུན་པ། མ་བསད་པའི་གང་ཟག་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། ཁ་ཅིག་ནི། བསྙེན་པར་རྫོགས་པ་ཞེས་བྱའོ། །ཁ་ཅིག་ནི། བསྙེན་པར་མ་རྫོགས་པ་སྟེ། གང་གིས་གཞན་དུ་འདུ་ཤེས་ནས་མ་འཚོ་བ་དང་བྲལ་བར་གྱུར་ཏམ། གཞན་དུ་སྦྱོར་བ་ཡང་རུང་སྟེ། འདི་ནི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། ཉེ་བར་གནས་ན་ཡང་མིག་ལམ་ན་མི་སྣང་བར་མ་བྱེད་ཅིག་།གང་གིས་ཤེས་བཞིན་དུ་མའི་འཚོ་བ་དང་བྲལ་བར་གྱུར་པ་འདི་ནི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། ཉེ་བར་གནས་ན་མིག་ལམ་ན་སྣང་བར་མ་བྱེད་ཅིག་།ཇི་ལྟར་མ་བསད་པ་དེ་བཞིན་དུ་ཕ་བསད་པ་དང ། དགྲ་བཅོམ་པ་བསད་པ་ལ་ཡང་བརྗོད་པར་བྱའོ། །བཙུན་པ། དགེ་འདུན་གྱིས་དབྱེན་བགྱིས་པའི་གང་ཟག་གིས་བསླབ་པ་ཕུལ་ཏེ་ཉམས་པར་བགྱིས་པ་དང ། དེས་སླར་ཡང་ལེགས་ Na352b པར་གསུངས་པའི་ཆོས་འདུལ་བ་ལ་དད་དེ་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་ཏེ་དགེ་སློང་གི་དངོས་པོར་འཚལ་བ་དེ། དགེ་སློང་གིས་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པར་ཞེས་བགྱིའམ། ཨུ་པ་ལི། ཁ་ཅིག་ནི། བསྙེན་པར་རྫོགས་པ་ཞེས་བྱའོ། །ཁ་ཅིག་ནི། བསྙེན་པར་མ་རྫོགས་པ་སྟེ། གང་གིས་ཆོས་མ་ཡིན་པར་འདུ་ཤེས་པས་དགེ་འདུན་ཕྱེ་བར་གྱུར་པ་འདི་ནི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། ཉེ་བར་གནས་ན་ཡང་མིག་ལམ་ན་མི་སྣང་བར་བྱོས་ཤིག་།གང་གིས་ཆོས་སུ་འདུ་ཤེས་ཏེ་དགེ་འདུན་ཕྱེ་བར་གྱུར་པ་འདི་ནི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། ཉེ་བར་གནས་ན་ཡང་མིག་ལ་མན་མི་སྣང་བར་མ་བྱ་ཞིག་།བཙུན་པ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། ཁ་ཅིག་ནི། བསྙེན་པར་རྫོགས་པ་ཞེས་བྱའོ། །ཁ་ཅིག་ནི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། གང་གིས་དེ་བཞིན་གཤེགས་པ་ལ་ཤེས་བཞིན་དུ་ངན་སེམས་ཀྱིས་ཁྲག་ཕྱུང་བར་གྱུར་པ་འདི་ནི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། ཉེ་བར་གནས་ནའང་མིག་ལམ་ན་ཡང་མི་སྣང་བར་བྱོས་ཤིག་།གང་གིས་དེ་བཞིན་གཤེགས་པ་ལ་ཤེས་བཞིན་མ་ཡིན་པར་ངན་སེམས་མེད་པས་ཁྲག་ཕྱུང་བར་གྱུར་པ་འདི་ནི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། ཉེ་བར་གནས་ནའང་མིག་ལམ་ན་མི་སྣང་བར་མ་བྱེད་ཅིག་།བཙུན་པ། མུ་སྟེགས་ཅན་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་ Na353a ༄#། །རྫོགས་པ་ཞེས་བགྱིའམ། ཁ་ཅིག་ནི། བསྙེན་པར་རྫོགས་པ་ཞེས་བྱའོ། །ཁ་ཅིག་ནི། བསྙེན་པར་མ་རྫོགས་པ་སྟེ། གང་དེས་ལྟ་བ་མ་སྤངས་པ་འདི་ནི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། ཉེ་བར་གནས་ནའང་མི་ལམ་ན་མི་སྣང་བར་བྱོས་ཤིག་།དེ་སྟེ་དེས་ལྟ་བ་སྤངས་ན། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། ཉེ་བར་གནས་ན་མིག་ལམ་ན་མི་སྣང་བར་མ་བྱ་ཞིག། བཙུན་པ། མུ་སྟེགས་ཅན་དུ་སོང་བའི་གང་ཟག་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཁ་ཅིག་ནི། བསྙེན་པར་རྫོགས་པ་ཞེས་བྱའོ། །ཁ་ཅིག་ནི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། གང་གིས་བསླབ་པ་མ་ཕུལ་བར་མུ་སྟེགས་ཅན་གྱི་རྒྱལ་མཚན་བཟུང་བར་གྱུར་ལ། དེའི་ལྟ་བ་ལ་ཡང་དགའ་བ་དེ་ནི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། ཉེ་བར་གནས་ནའང་མིག་ལམ་ན་ཡང་མི་སྣང་བར་བྱོས་ཤིག་།གང་གིས་བསླབ་པ་ཕུལ་ལ་མུ་སྟེགས་ཀྱི་རྒྱལ་མཚན་བཟུང་བར་གྱུར་ནས་ཀྱང་དེའི་ལྟ་བ་ལ་མི་དགའ་བར་གྱུར་པ་དེ་ནི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། ཉེ་བར་གནས་ན་ཡང་མིག་ལམ་ན་མི་སྣང་བར་མ་བྱ་ཞིག། བཙུན་པ། རྐུ་ཐབས་སུ་གནས་པ་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཁ་ཅིག་ནི། བསྙེན་པར་མ་རྫོགས་པའོ། །ཁ་ཅིག་ནི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། གང་གིས་རྐུ་སེམས་ཀྱིས་རང་གི་མཚན་མ་བླངས་ཏེ་ལན་གཉིས་ལན་གསུམ་དུ་གསོ་སྦྱོང་གི་ལས་ Na353b མྱོང་བར་འགྱུར་བ་འདི་ནི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། ཉེ་བར་གནས་ན་ཡང་མིག་ལམ་ན་མི་སྣང་བར་བྱོས་ཤིག་།གང་གིས་རྐུ་སེམས་ཀྱིས་རབ་ཏུ་མ་བྱུང་ལ། གསོ་སྦྱོང་གི་ལས་ལན་གཅིག་མྱོང་ངམ། མ་མྱོང་བར་གྱུར་པ་འདི་ནི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། ཉེ་བར་གནས་ན་ཡང་མིག་ལམ་ན་མི་སྣང་བར་མ་བྱ་ཞིག་།བཙུན་པ། སོ་སོར་གནས་པའི་གང་ཟག་བསླབ་པ་ཕུལ་ནས་ཁྱིམ་པའི་དངོས་པོར་མཆིས་པ་ལས་དེ་སླར་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་མ་རྫོགས་པ་ཞེས་མི་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་ནི། འདས་པ་དང་བཅས་པའོ། །བཙུན་པ། སྔར་ནོངས་པ་བྱུང་བ་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པའང་འདས་པ་དང་བཅས་པའོ། །བཙུན་པ། ཇི་ཙམ་གྱིས་ན་སྔར་ནོངས་པ་བྱུང་བ་ཞེས་བགྱི། ཨུ་པ་ལི། གང་གིས་སྔར་རབ་ཏུ་བྱུང་ལ་བསླབ་པ་མ་ཕུལ་བར་ཕས་ཕམ་པ་བཞི་ལས་གང་ཡང་རུང་བའི་ཕས་ཕམ་པ་བྱུང་བར་གྱུར་པ་དང ། དེས་བསླབ་པ་ཕུལ་ནས་ཁྱིམ་པའི་དངོས་པོར་སོང་བ་ལས། དེས་སླར་ཡང་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བསྙེན་པར་རྫོགས་ནས་དགེ་སློང་གིས་དངོས་པོར་འདོད་པ་འདི་ནི། སྔོན་ཉེས་པ་བྱུང་བའི་གང་ཟག་ཅེས་བྱའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་སྔོན་ Na354a ༄#། །ནོངས་པ་བྱུང་བའི་གང་ཟག་བསྙེན་པར་རྫོགས་པར་མ་བྱ་ཞིག་།ཅེས་གསུངས་ན། བཙུན་པ། སྔོན་ནོངས་པ་བྱུང་བའི་གང་ཟག་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་དེས་དགེ་སློང་མའི་ཐུན་མོང་མ་ཡིན་པའི་ཕས་ཕམ་པར་གྱུར་པ་དང ། དེས་བསླབ་པ་ཕུལ་ཏེ་ཁྱིམ་པའི་དངོས་པོར་སོང་བ་ན། དེར་མཚན་འཕོས་ཏེ་སྐྱེས་པར་གྱུར་ནས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་དགེ་སློང་གི་དངོས་པོར་འདོད་པ་དང ། དགེ་སློང་གིས་བསྙེན་པར་རྫོགས་པར་བྱས་ན། འདི་ནི། བསྙེན་པར་རྫོགས་པ་ཞེས་བྱའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་མ་ལན་གཅིག་སླར་བབས་པ་རབ་ཏུ་དབྱུང་ཞིང་བསྙེན་པར་རྫོགས་པར་མ་བྱ་ཞིག་།ཅེས་གསུངས་ན། དེ་སྟེ་བཙུན་པ། བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ།་བསྙེན་པར་རྫོགས་པར་བྱེད་པ་ཡང་འདས་པ་དང་བཅས་པའོ། །བཙུན་པ། སྔར་འཁྲུགས་པའི་གང་ཟག་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཁ་ཅིག་ནི། བསྙེན་པར་རྫོགས་པ་ཞེས་བྱ། ཁ་ཅིག་ནི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། གང་གིས་ལོ་ཉི་ཤུ་མ་ལོན་པར་ཤེས་པ་དང ། དེས་ཆོས་དང་འདུལ་ Na354b བ་འདི་ཡིན་ཞེས་ཁས་བླངས་པའི་གང་ཟག་དེ། དགེ་སློང་དག་གིས་བསྙེན་པར་རྫོགས་པར་བྱས་ན། འདི་ནི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་དེ་ནི། འདས་པ་དང་བཅས་པར་མི་འགྱུར་རོ། །བཙུན་པ། ཉེ་བར་ཕྱོགས་པས་བསླབ་པ་ཕུལ་ཏེ་ཁྱིམ་པའི་དངོས་པོར་མཆིས་ནས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་ནི། འདས་པ་དང་བཅས་པའོ། །བཙུན་པ། བསླབ་པ་སྩལ་པས་བསླབ་པ་ཕུལ་ཏེ་ཁྱིམ་པའི་དངོས་པོར་མཆིས་པ་ལས་དེ་སླར་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་དགེ་སློང་གི་དངོས་པོར་འཚལ་བ་དང ། དགེ་སློང་གིས་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་ནི། འདས་པ་དང་བཅས་པའོ། །བཙུན་པ། བུ་ལོན་ཆགས་པ་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་ནི། འདས་པ་དང་བཅས་པའོ། །བཙུན་པ། ནད་པ་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་ནི། འདས་པ་དང་བཅས་པའོ། །བཙུན་པ། Na355a ༄#། །མཁན་པོ་མ་མཆིས་པར་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་པར་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་ནི། འདས་པ་དང་བཅས་པའོ། །བཙུན་པ། བསྙེན་པར་རྫོགས་ཀར་མཁན་པོ་སྤོང་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། ཁ་ཅིག་ནི། བསྙེན་པར་རྫོགས་པ་ཞེས་བྱའོ། །ཁ་ཅིག་ནི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། གང་གིས་དགེ་སློང་ཉིད་ལ་མི་རིགས་པའོ། །ངོ་ཚ་མེད་པའོ། །འཛེམ་པ་མེད་པའོ། །ཞེས་སྨོད་ཅིང ། མཁན་པོ་སྦོང་བ་འདི་ནི། བསྙེན་པར་མ་རྫོགས་པ་ཞེས་བྱའོ། །གང་གིས་མཁན་པོ་ལ་མི་རིགས་པའོ། །ངོ་ཚ་མེད་པའོ། །ཞེས་སྨོད་ཀྱི་དགེ་སྦྱོང་ཉིད་ལ་མ་ཡིན་པར་མཁན་པོ་སྦོང་བ་འདི་ནི། བསྙེན་པར་རྫོགས་པ་ཞེས་བྱའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་འཁོར་སུན་འབྱིན་པའི་གང་ཟག་རབ་ཏུ་དབྱུང་ཞིང་བསྙེན་པར་རྫོགས་པར་མ་བྱ་ཞིག་།ཅེས་གསུངས་ན། བཙུན་པ། དེས་དེ་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། འཁོར་སུན་འབྱིན་པ་བཞི་སྟེ། སྔར་འཁྲུགས་པ་མ་གཏོགས་པའི་ལྷག་མ་རྣམས་ནི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་ནི། འདས་པ་དང་བཅས་པའོ། །བཙུན་པ། ལས་བགྱིད་པ་ཕྱོགས་གཅིག་ཏུ་མཆིས་ལ། གནས་བཞིར་གང་ཟག་བཞི་བསྙེན་པར་རྫོགས་པར་བགྱིད་དུ་གནང་ངམ། གནང་སྟེ། དེ་ཡང་འདི་ལྟར་ལས་ Na355b བྱེད་པའི་དགེ་སློང་གནས་བཞི་ཆར་གྱི་མཚམས་སུ་ཤིང་ངམ། འཁར་བའམ། རེ་ལྡེ་རྣམས་ཀྱིས་མནན་ཏེ་རེ་རེ་ནས་སམ། གཉིས་གཉིས་ནས་སམ། གསུམ་གསུམ་ནས་བསྙེན་པར་རྫོགས་པར་བྱ་སྟེ། བཞིར་མཚང་ནའོ། །བཙུན་པ། ལས་གཅིག་གིས་གཉིས་སམ་གསུམ་བསྙེན་པར་རྫོགས་པར་གནང་ངམ། ཨུ་པ་ལི། གནང་ངོ ། །བཙུན་པ། ལས་བགྱིད་པའི་དགེ་སློང་ཕྱོགས་གཅིག་ཏུ་མཆིས་ན། གསོལ་བ་གཅིག་དང་ལས་གཅིག་གིས་གང་ཟག་བཞི་བསྙེན་པར་རྫོགས་པར་བགྱིས་ན། ལས་ཀྱང་བགྱིས་ལ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པར་མི་འགྱུར་བ་མཆིས་སམ།་ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་ལས་བྱེད་པའི་དགེ་སློང་གིས་མཚམས་མནན་ཏེ་མཚམས་སུ་གནས་སམ། མཚམས་སུ་འགྲེང་ངམ། མཚམས་སུ་འདུག་ནས་གཉིས་ནི། མཚམས་ཀྱི་ནང་དུ་བཞག་།གཉིས་ནི། མཚམས་ཀྱི་ཕྱི་རོལ་ཏུ་བཞག་སྟེ་ལས་བྱེད་པའོ། །བཙུན་པ། ནུབ་ཀྱི་བ་ལང་སྤྱོད་པའམ། ཤར་གྱི་ལུས་འཕགས་ཀྱི་གང་ཟག་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་ནི། འདས་པ་དང་བཅས་པའོ། །བཙུན་པ། བྱང་གི་སྒྲ་མི་སྙན་གྱི་གང་ཟག་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་མི་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པའང་འདས་པ་དང་བཅས་པའོ། །བཙུན་པ། དོགས་ལ་ Na356a ༄#། །མཆིས་པས་གྲངས་སུ་བསྐང་སྟེ་ནམ་མཁའ་ལ་མཆིས་པ་བསྙེན་པར་རྫོགས་པར་གནང་ངམ། ཨུ་པ་ལི། མི་གནང་ངོ ། །བཙུན་པ། ནམ་མཁའ་ལ་མཆིས་པས་གྲངས་སུ་བསྐང་སྟེ་དོགས་ལ་མཆིས་པ་བསྙེན་པར་རྫོགས་པར་གནང་ངམ། ཨུ་པ་ལི། མི་གནང་ངོ ། །བཙུན་པ། ལས་བགྱིད་པ་དོགས་ལ་མཆིས་པས་ནམ་མཁའ་ལ་མཆིས་པའི་ལས་བགྱིད་པར་གནང་ངམ། ཨུ་པ་ལི། མི་གནང་ངོ ། །བཙུན་པ། ནམ་མཁའ་ལ་མཆིས་པའི་ལས་བགྱིད་པས་དོག་ས་ལ་མཆིས་པའི་ལས་བགྱིད་དུ་གནང་ངམ། ཨུ་པ་ལི། མི་གནང་ངོ ། །དེ་བཞིན་དུ་མཚམས་ཀྱི་ནང་ན་འདུག་པ་དང ། མཚམས་ཀྱི་ཕྱི་རོལ་ན་འདུག་པའང་བཞིར་བྱའོ།། །།འདུལ་བ་གཞུང་དམ་པ་བམ་པོ་བཅུ་དྲུག་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ལྗོངས་མཐའ་འཁོབ་ཏུ་འདུལ་བ་འཛིན་པ་དང་ལྔས་བསྙེན་པར་རྫོགས་པར་བྱོས་ཤིག་།ཅེས་གསུངས་ན། བཙུན་པ། བཅུར་ཡང་མཆིས་ལ་མཆིས་བཞིན་དུ་འདུལ་བ་འཛིན་པ་དང་བཞིས་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི། འདས་པ་དང་བཅས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ལྗོངས་ཀྱི་དབུས་སུ་འདུལ་བ་འཛིན་པ་དང་གྲངས་བཅུས་ལྷག་པའང་རུང་པས་བསྙེན་པར་རྫོགས་པར་འགྱུར་རོ། །ཞེས་གསུངས་ན། བཙུན་པ། གྲངས་ཉི་ཤུའམ། ལྷག་ Na356b པར་ཡང་རུང་སྟེ། མཆིས་བཞིན་པ་ལས་གྲངས་ཉི་ཤུ་ལས་ཉུང་བས་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི། འདས་པ་དང་བཅས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་རྣམ་པ་ལྔས་ན། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་འདོད་པའི་མིང་ནས་བརྗོད་ནས་ལས་མི་ཉམས་པར་བྱེད་པའི་བར་དུའོ། །ཞེས་གསུངས་ན། བཙུན་པ། ལས་བགྱིད་པས་བསྙེན་པར་རྫོགས་པར་བགྱིད་པ་ན། བསྙེན་པར་རྫོགས་པའི་མིང་ནས་མ་བརྗོད་ལ་མཁན་པོའི་མིང་ནས་བརྗོད། དགེ་འདུན་གྱི་མིང་ནས་བརྗོད། གསོལ་བའང་བགྱིས། ལས་ཀྱང་མ་ཉམས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ཀྱང་འདས་པ་དང་བཅས་པའོ། །བསྙེན་པར་རྫོགས་པར་འཚལ་བའི་མིང་ནས་བརྗོད། དགེ་འདུན་གྱི་མིང་ནས་བརྗོད་ལ་མཁན་པོའི་མིང་ནས་མ་བརྗོད། གསོལ་བའང་བགྱིས། ལས་ཀྱང་མ་ཉམས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ཀྱང་འདས་པ་དང་བཅས་པའོ། །བསྙེན་པར་རྫོགས་པར་འཚལ་བའི་མིང་ནས་བརྗོད། མཁན་པོའི་མིང་ནས་ཀྱང་བརྗོད་ལ། དགེ་འདུན་གྱི་མིང་ནས་ནི། མ་བརྗོད་ལ། གསོལ་བ་ནི། བགྱིས། ལས་ཀྱང་མ་ཉམས་ Na357a ༄#། །ན།་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ཀྱང་འདས་པ་དང་བཅས་པའོ། །བསྙེན་པར་རྫོགས་པར་འཚལ་བའི་མིང་ནས་བརྗོད། མཁན་པོའི་མིང་ནས་བརྗོད། དགེ་འདུན་གྱི་མིང་ནས་ཀྱང་བརྗོད། གསོལ་བ་ནི། མ་བགྱིས་ལ། ལས་ཀྱང་མ་ཉམས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ཀྱང་འདས་པ་དང་བཅས་པའོ། །བསྙེན་པར་རྫོགས་པར་འཚལ་བའི་མིང་ནས་བརྗོད། མཁན་པོའི་མིང་ནས་བརྗོད། དགེ་འདུན་གྱི་མིང་ནས་བརྗོད། གསོལ་བའང་བགྱིས་ལ། ལས་ནི། ཉམས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ཀྱང་འདས་པ་དང་བཅས་པའོ། །བཙུན་པ། དགེ་ཚུལ་ཕ་དགེ་སློང་མའི་ལས་ཀྱིས་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི། འདས་པ་དང་བཅས་པའོ། །བཙུན་པ། དགེ་སློང་མ་དགེ་སློང་གི་ལས་ཀྱིས་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི། འདས་པ་དང་བཅས་པའོ། །བཙུན་པ། ལས་བགྱིད་པ་བསྙེན་པར་རྫོགས་ Na357b པར་བགྱིད་པའི་ཚེ་དུས་འདས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། དེ་སྟེ་ལས་མང་དུ་བྱས་པར་གྱུར་ན་ནི། བསྙེན་པར་རྫོགས་པ་ཞེས་བྱའོ། །བཙུན་པ། བསྙེན་པར་རྫོགས་ཀར་ངག་གཅོད་ཅིང་བདག་བསྙེན་པར་རྫོགས་པར་མ་བགྱི་ཞིག་ཅེས་སླར་སྨྲ་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ཀྱང་འདས་པ་དང་བཅས་པའོ། །བཙུན་པ། བསྙེན་པར་རྫོགས་ཀར་ཁྱིམ་པ་ལགས་པར་འཚལ་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི། འདས་པ་དང་བཅས་པའོ། །བཙུན་པ། མཐའ་འཁོབ་པས་འཕགས་པའི་སྐད་དུ་བསྙེན་པར་རྫོགས་པར་བགྱིས་པ་དང་མཐའ་འཁོབ་པ་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། དེ་སྟེ་གསུང་རབ་འདི་དང་ལྡན་ཞིང་རབ་ཏུ་ལྡན་ལ་ཁས་ལེན་པའི་སེམས་ཡོད་ན། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི། མི་བྱ་བ་མངོན་པར་སྤྱད་དེ་བསྙེན་པར་རྫོགས་པར་བྱས་པས་འདས་པ་དང་བཅས་པར་འགྱུར་རོ། མདོར་ན། སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། སྙོམས་པར་ཞུགས་དང་འགྲོ་བ་མཚན། །བཙུན་པ། སྨྱོན་པ་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། དེ་སྟེ་བསྙེན་པར་རྫོགས་པའི་འདུས་ཤེས་ཡོད་ལ། ལུས་སམ་ཚིག་ Na358a ༄#། །གི་དམིགས་པས་ཁས་བླངས་ན། བསྙེན་པར་རྫོགས་པ་ཞེས་བྱའོ། །ཇི་ལྟར་སྨྱོན་པ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་རྣམས་ཀྱང་རྒྱས་པར་བརྗོད་པར་བྱའོ། །བཙུན་པ། གཉིད་ལོག་པ་བསྙེན་པར་རྫོགས་པར་བགྱིད་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། དེ་སྟེ་ལུས་དང་ཚིག་གིས་དམིགས་ལ་གསོལ་བ་དང ། ལས་བྱེད་པའི་ཚེ་གཉིད་ཀྱིས་ལོག་ཀྱང་བསྙེན་པར་རྫོགས་པ་ཞེས་བྱའོ། །ཇི་ལྟར་གཉིད་ཀྱིས་ལོག་པ་དེ་བཞིན་དུ་ར་རོ་བ་དང ། སྙོམས་པར་ཞུགས་པ་རྣམས་ལའང་བརྗོད་པར་བྱའོ། །བཙུན་པ། འགྲོ་བ་གཞན་དུ་གནས་པ་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི། འདས་པ་དང་བཅས་པའོ། །བཙུན་པ། བསྙེན་པར་རྫོགས་ཀར་མཚན་འཕོས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། དགེ་སློང་མའི་ནང་དུ་སྤོས་ཤིག་།མདོར་ན། སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ན་བ་འོན་པ་གླེན་པ་དང ། །ཁྱིམ་པ་དག་ལ་སོགས་པ་རྣམས། །བསླབ་པ་བྱིན་དང་དེ་ལྟར་མཚན། །བཙུན་པ། ལས་བགྱིད་པ་སྨྱོན་པས་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། གལ་ཏེ་ལས་བྱེད་པའི་དགེ་སློང་གིས་དགེ་སློང་གི་འདུ་ཤེས་དང་ལྡན་ཞིང་གསོལ་ Na358b བ་བྱས་ལ། ལས་ཀྱང་མ་ཉམས་ན། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི། འདས་པ་དང་བཅས་པའོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། ལྐུགས་པ་དང ། འོན་པ་དང ། དེ་བཞིན་དུ་ར་རོ་བ་རྣམས་ལ་ཡང་བརྗོད་པར་བྱའོ། །བཙུན་པ། ལས་བགྱིད་པ་ཁྱིམ་པས་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པར་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ཀྱང་འདས་པ་དང་བཅས་པའོ། །དེ་བཞིན་དུ་མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། སྔར་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པས་ལས་བགྱིས་ཏེ་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ཀྱང་འདས་པ་དང་བཅས་པའོ། །བཙུན་པ། ལས་བགྱིད་པ་ཟ་མས་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ཀྱང་འདས་པ་དང་བཅས་པའོ། །བཙུན་པ། ལས་བགྱིད་པ་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་ཀྱིས་བསྙེན་པར་རྫོགས་ Na359a ༄#། །པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི། འདས་པ་དང་བཅས་པའོ། །བཙུན་པ། ལས་བགྱིད་པ་འགྲོ་བ་གཞན་དུ་གནས་པས་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི། འདས་པ་དང་བཅས་པའོ། །བཙུན་པ། བསྙེན་པར་རྫོགས་པར་བགྱིད་པ་ན་ལས་བགྱིད་པའི་མཚན་འཕོས་ན་བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི། འདས་པ་དང་བཅས་པའོ། །མདོར་ན། སྤྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་མྱོས་པ་དང ། །སྙོམས་པར་ཞུགས་དང་འགྲོ་བ་མཚན། །ཁྱིམ་བདག་ལ་སོགས་པ་རྣམས། །བསླབ་པ་བྱིན་པ་ཐ་མའོ། །བཙུན་པ། མཁན་པོ་སྨྱོན་པས་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི། འདས་པ་དང་བཅས་པའོ། །དེ་བཞིན་དུ་མཁན་པོ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། སྙོམས་པར་ཞུགས་པ་རྣམས་སོ། །བཙུན་པ། མཁན་པོ་འགྲོ་བ་གཞན་དུ་གནས་པས་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། Na359b བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི། འདས་པ་དང་བཅས་པའོ། །བཙུན་པ། དགེ་ཚུལ་ཕ་བསྙེན་པར་རྫོགས་པར་བགྱིད་པ་ན་མཁན་པོའི་མཚན་འཕོས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་བ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི། འདས་པ་དང་བཅས་པའོ། །བཙུན་པ། མཁན་པོ་ཁྱིམ་པས་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི། འདས་པ་དང་བཅས་པའོ། །དེ་བཞིན་དུ་མཁན་པོ་ཟ་མ་དང ། མ་ནིང་ནས་རྒྱས་པར་བསླབ་པ་སྩལ་པའི་བར་དུ་དེ་རྣམས་ཀྱིས་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི། འདས་པ་དང་བཅས་པའོ། །འདུལ་བ་གཞུང་དམ་པ་ལས། བསྙེན་པར་རྫོགས་པའི་དངོས་པོ་རྫོགས་སོ།། །།མདོར་ན། ཕྱེད་དང་གསུམ་དང་བསྐོར་བ་དང ། །བཞི་པ་དང་ནི་མཚམས་དང་མཚན། །ཞིག་དང་སྔ་མ་མཚམས་དང་ཤིང ། །དབྱུང་བ་མི་རུང་ཁྱིམ་པ་དག་།དབྱུང་བ་ཐ་མར་སྨྲས་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་མཚམས་ཆེན་པོ་ཆོད་ཅིག་།ཅེས་གསུངས་ན། བཙུན་པ། མཚམས་ཆེན་པོའི་ཚད་ཇི་ཙམ། ཨུ་པ་ལི། དཔག་ཚད་ཕྱེད་དང་གསུམ་མོ། །དེ་ཚུན་ཆད་ Na360a ༄#། །ནི། ཐམས་ཅད་ཀྱང་ཆུང་ངུ་སྟེ། དཀྱིལ་འཁོར་གང་དུ་གྲངས་བཞི་བཅུ་བསྐོར་བར་ཤོང་བའོ། །བཙུན་པ། དཔག་ཚད་ཕྱེད་དང་གསུམ་ལས་འདས་པར་མཚམས་བཀུམ་ན། དེ་མཚམས་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དཔག་ཚད་ཕྱེད་དང་གསུམ་ནི། མཚམས་སོ། །དེ་ལས་འདས་པ་ནི། མཚམས་མ་ཡིན་ནོ། །དེ་སྟེ་མཚམས་བཅད་ན་ཡང་མ་བཅད་པ་ཞེས་བྱའོ། །དགེ་སློང་རྣམས་ཀྱང་འདས་བ་དང་བཅས་པ་སྟེ། དེ་བཞིན་དུ་ཐམས་ཅད་ཤེས་པར་བྱའོ། །བཙུན་པ། འོག་གི་མཚམས་གང་ལགས། ཨུ་པ་ལི། ཆུ་ཡོད་པའི་བར་དུའོ། ། བཙུན་པ། དཔག་ཚད་ཕྱེད་དང་གསུམ་ལས་འདས་པ་ན་ཆབ་མཆིས་ན། དེ་མཚམས་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དཔག་ཚད་ཕྱེད་དང་གསུམ་ནི། མཚམས་སོ། །དེ་མན་ཆད་ནི། མཚམས་མ་ཡིན་ནོ། །བཙུན་པ། སྟེང་གི་ནམ་མཁའ་ལ་མཚམས་གང་ལགས། ཨུ་པ་ལི། ཇི་ཙམ་རྩིག་སྒལ་ལམ། ཤིང་གི་རྩེ་མོ་ཡོད་པའོ། །བཙུན་པ། དཔག་ཚད་ཕྱེད་དང་གསུམ་ལས་འདས་པ་ན་རྩིག་སྒལ་ལམ། ཤིང་གི་རྩེ་མོ་མཆིས་ན། དེ་མཚམས་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དཔག་ཚད་ཕྱེད་དང་གསུམ་ནི། མཚམས་ཞེས་བྱའི། དེ་ཡན་ཆད་ནི། མཚམས་མ་ཡིན་ནོ། །བཙུན་པ། རིའི་རྩེ་མོའི་མཚམས་གང་ལགས། ཨུ་པ་ལི། ཆུ་མིག་ཡོད་པའོ། །བཙུན་པ། དཔག་ཚད་ཕྱེད་དང་གསུམ་ལས་འདས་པ་ན་ཆབ་མིག་མཆིས་ན། དེ་མཚམས་ Na360b ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དཔག་ཚད་ཕྱེད་དང་གསུམ་ནི། མཚམས་སོ། །དེ་ཡན་ཆད་ནི། མཚམས་མ་ཡིན་ནོ། །བཙུན་པ། མཚམས་ལ་ཡང་མཚམས་ཀྱིས་བསྐོར་བར་གནང་ངམ། ཨུ་པ་ལི། མི་གནང་སྟེ། རྒྱང་གྲགས་ཀྱི་མཚམས་དང ། རྩིག་པའི་མཚམས་དང ། ཆུས་བསྐོར་བའི་དཀྱིལ་འཁོར་ནི། མ་གཏོགས་སོ། །བཙུན་པ། ལས་བགྱིད་པ་འཕགས་པས་འཕགས་པའི་སྐད་དུ་མཚམས་བཀུམ་བ་དང ། དགེ་སློང་དེ་དག་གིས་འཕགས་པའི་སྐད་མ་འཚལ་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། བཅད་པ་ཞེས་བྱ་སྟེ། ལས་བྱེད་པ་ནི། འདས་པ་དང་བཅས་པའོ། །བཙུན་པ། འཕགས་པས་མཐའ་འཁོབ་པའི་སྐད་དུ་མཚམས་བཀུམ་པ་དང ། དགེ་སློང་དེ་དག་གིས་མཐའ་འཁོབ་པའི་སྐད་མ་འཚལ་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། བཅད་པ་ཞེས་བྱ་སྟེ། ལས་བྱེད་པ་ནི། འདས་པ་དང་བཅས་པའོ། །བཙུན་པ། མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་མཚམས་བཀུམ་པ་དང ། དགེ་སློང་དེ་དག་གིས་མཐའ་འཁོབ་པའི་སྐད་མ་འཚལ་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། མཚམས་བཅད་པ་ཞེས་བྱ་སྟེ། ལས་བྱེད་པ་ནི། འདས་པ་དང་བཅས་པའོ། །བཙུན་པ། མཐའ་འཁོབ་པས་འཕགས་པའི་སྐད་དུ་མཚམས་བཀུམ་པ་དང ། དགེ་སློང་དེ་དག་གིས་འཕགས་པའི་སྐད་མ་འཚལ་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། མཚམས་བཅད་པ་ཞེས་བྱ་སྟེ། ལས་བྱེད་པ་ནི། འདས་པ་དང་བཅས་པའོ། །བཙུན་པ། Na361a ༄#། །སྟེང་གི་ནམ་མཁའ་ལ་མཚམས་དགུམ་པར་རུང་ངམ། ཨུ་པ་ལི། མི་རུང་སྟེ། ཨུ་པ་ལི། དེ་ཅིའི་ཕྱིར་ཞེ་ན། མཚན་མ་བསྟན་དུ་མེད་པའི་ཕྱིར་རོ། །བཙུན་པ། ཉི་མ་དང ། ཟླ་བ་དང ། སྐར་མས་མཚམས་དགུམ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །ུ་པ་ལི། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་ཉི་མ་དང ། ཟླ་བ་དང ། སྐར་མ་ནི། མི་བརྟན་ཞིང་གཡོ་བའི་ཕྱིར་རོ། །བཙུན་པ། ཆུ་རླབས་དང ། ཆུ་རླབས་ཀྱི་རྒྱུད་དམ། ཀླུང་གི་འགྲམ་དུ་ནི། མཚམས་དགུམ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །ུ་པ་ལི། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་ཆུ་རླབས་དང ། ཆུ་རླབས་ཀྱི་རྒྱུད་དང ། ཀླུང་གི་འགྲམ་ནི། གཡོ་ཞིང་མི་བརྟན་པའི་ཕྱིར་རོ། །བཙུན་པ། དེ་སྟེ་ཀླུང་གི་འགྲམ་བརྟན་པར་གྱུར་ན། མཚམས་དགུམ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། རྫུ་འཕྲུལ་ལམ། སྒྱུ་མས་མཚམས་དགུམ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །ུ་པ་ལི། དེ་ཅིའི་ཕྱིར་ཞེ་ན། དེ་ནི། འདི་ལྟར་རྫུ་འཕྲུལ་དང ། སྒྱུ་མ་ནི། ཐ་སྙད་དུ་མི་འདོགས་པའི་ཕྱིར་རོ། །བཙུན་པ། ཀླུང་ངམ་ཡུར་བ་ལས་མཚམས་བཟླར་རུང་ངམ། ཨུ་པ་ལི། མི་རུང་སྟེ། དེ་ཀླུང་ངམ། ཡུར་ཆུ་རྟག་ཏུ་མི་འབབ་པར་གྱུར་པའོ། །བཙུན་པ། རྟག་ཏུ་འབབ་པའི་ཆུ་གཏིང་ཟབ་པ་ལས་མཚམས་བཟླ་བར་རུང་ངམ། ཨུ་པ་ལི། རུང་སྟེ། འདི་ལྟར་ཡང་ཀླུང་དང ། ཡུར་ཆུ་དེ་ལ་ཤིང་ངམ། རྩིག་པའམ། རེ་ལྡེ་རྣམས་ཀྱིས་བཀབ་པར་གྱུར་པའོ། །བཙུན་པ། དེ་སྟེ་ཤིང་ངམ། རེ་ལྡེ་འཇིག་པའི་ཆོས་སུ་ Na361b གྱུར་ན། ཞིག་པ་ཞེས་བགྱིའམ། དེ་སྟེ་སྦྱོར་བ་བཏང་ན། ཞིག་པ་ཞེས་བྱའོ། །འོན་ཏེ་སླར་དགའ་བར་སྦྱོར་བམ་བཏང་ན། མ་ཞིག་པ་ཞེས་བྱའོ། །བཙུན་པ། ལས་བགྱིད་པ་མཚམས་གཅོད་པ་ན་མཚན་གྱུར་ན། མཚམས་བཅད་པ་ཞེས་བགྱིའམ། ཨུ་པ་ལི། མཚམས་བཅད་པ་ཞེས་བྱའོ། །བཙུན་པ། མཚམས་ཀྱིས་མཚམས་དགྲོལ་དུ་རུང་ངམ། ཨུ་པ་ལི། རྒྱང་གྲགས་ཀྱི་མཚམས་དང ། རྩིག་པའི་མཚམས་མ་གཏོགས་པར་གཞན་མི་རུང་ངོ ། །བཙུན་པ། མཚམས་འཇིག་པ་རྣམ་པ་དུ་མཆིས། ཨུ་པ་ལི། ལྔ་སྟེ། མཚམས་མེད་པ་དང ། དགེ་སློང་མེད་པ་དང ། རེ་བ་མེད་པ་དང ། གསོལ་བ་དང ། ལས་དང་ལྔ་ཡིན་ནོ། །བཙུན་པ། སྔོན་གྱི་མཚམས་མ་བཀྲོལ་པར་མཚམས་གཞན་དགུམ་དུ་རུང་ངམ། ཨུ་པ་ལི། རྒྱང་གྲགས་ཀྱི་མཚམས་དང ། རྩིག་པའི་མཚམས་དང ། དཀྱིལ་འཁོར་གྱི་མཚམས་མ་གཏོགས་པར་མི་རུང་ངོ ། །ུ་པ་ལི། དེ་ཅིའི་ཕྱིར་ཞེ་ན། གསོལ་པ་དང ། ལས་ཀྱིས་མཚམས་གཅད་དོ། །གསོལ་པ་དང ། ལས་ཀྱིས་མཚམས་དགྲོལ་ལོ། །བཙུན་པ། མཚམས་བཀུམ་པས་མཚམས་དགྲོལ་བའམ། མཚམས་བཀྲོལ་བས་མཚམས་བཀུམ་པར་འགྱུར་པ་མཆིས་སམ། ཨུ་པ་ལི། ཡོད་དེ། ལས་ཀྱིས་མཚམས་བཅད་ན། རྒྱང་གྲགས་ཀྱི་མཚམས་དང ། རྩིག་པའི་མཚམས་དགྲོལ་པ་ཞེས་བྱའོ། །ལས་ཀྱིས་མཚམས་བཀྲོལ་ན། རྒྱང་གྲགས་ཀྱི་མཚམས་དང ། རྩིག་པའི་མཚམས་བཅད་པ་ཞེས་བྱའོ། །བཙུན་པ། མཆིས་པའི་རྗེས་སུ་མཆི་བ་གང ། ུ་པ་ལི། Na362a ༄#། །མཚམས་སོ། །བཙུན་པ། མཆིས་པའི་རྗེས་སུ་མཆིས་པ་གང ། ུ་པ་ལི། མཚམས་སོ། །བཙུན་པ། གནས་བཞིའམ། གནས་ལྔའམ། དེ་ལས་མང་ཡང་རུང ། ཤིང་གཅིག་གིས་མཚམས་དགུམ་པར་རུང་ངམ། ཨུ་པ་ལི། རུང་སྟེ། ཇི་ཙམ་དུ་མཚན་མ་བསྒྲག་ཅིང་གཞག་པར་ནུས་པའི་བར་དུའོ། །བཙུན་པ། མཚམས་ནས་མཚམས་སྤོ་བར་རུང་ངམ། ཨུ་པ་ལི། མི་རུང་སྟེ། རྒྱང་གྲགས་ཀྱི་མཚམས་དང ། རྩིག་པའི་མཚམས་ནི། མ་གཏོགས་སོ། །བཙུན་པ། སྤོ་མི་འཚལ་བའི་མཚམས་དུ། ཨུ་པ་ལི། གཅིག་སྟེ། ལས་ཀྱི་མཚམས་སམ། ཆུ་མིག་གམ། ཁྲོན་པའོ། །བཙུན་པ། རུང་བའི་ས་དང ། མི་རུང་བའི་སའོ། །ཞེས་བགྱི་ན། བཙུན་པ། རུང་བའི་ས་གང་ལགས། ཨུ་པ་ལི། གནས་གང་ན་མཚམས་ཀྱི་ནང་ན་རུང་བའི་གནས་སུ་བྱིན་གྱིས་བརླབས་པར་གྱུར་པ་འདི་ནི། རུང་བའི་ས་ཞེས་བྱའོ། །ུ་པ་ལི། གནས་གང་ན་མཚམས་ཀྱི་ནང་དུ་རུང་བའི་གནས་བྱིན་གྱིས་མ་བརླབས་པར་གྱུར་པ་འདི་ནི། མི་རུང་བའི་ས་ཞེས་བྱའོ། །ུ་པ་ལི། དམ་པའི་ཆོས་ཡོད་པའི་བར་དུ་ནི། མི་རུང་བའི་ས་ཡང་ཡོད་དོ། །ུ་པ་ལི། དམ་པའི་ཆོས་མེད་པར་གྱུར་ན། ཐམས་ཅད་ཀྱང་རུང་བའི་སའོ། །བཙུན་པ། ཇི་ཙམ་གྱིས་ན། དམ་པའི་ཆོས་མཆིས་པ་ཞེས་བགྱི། ཨུ་པ་ལི། གང་གི་ཚེ་ནན་ཏན་བྱེད་པ་རྣམས་ནན་ཏན་བྱེད་ཅིང་ལས་ཀྱང་བྱེད་དེ། ནན་ཏན་དུ་བྱ་བས་ནན་ཏན་བྱེད་ལ། ལས་ཀྱང་བྱེད་པའི་བར་དུ་ནི། དམ་པའི་ Na362b ཆོས་ཡོད་པ་ཞེས་བྱའོ། །བཙུན་པ། ཇི་ཙམ་གྱིས་ན། དམ་པའི་ཆོས་མ་མཆིས་པར་གྱུར་པ་ཞེས་བགྱི། ཨུ་པ་ལི། གང་གི་ཚེ་ནན་ཏན་བྱེད་པ་རྣམས་ནི། ནན་ཏན་མི་བྱེད་ཅིང ། ལས་ཀྱང་མི་བྱེད་དེ། ནན་ཏན་བྱེད་པས་ནན་ཏན་མི་བྱེད་ལ་ལས་ཀྱང་མི་བྱེད་པའི་ཚེ་དམ་པའི་ཆོས་མེད་པར་གྱུར་པ་ཞེས་བྱའོ། །བཙུན་པ། ལས་བགྱིད་པ་ཁྱིམ་པས་མཚམས་བཀུམ་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་ལས་བྱེད་པ་ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། སྔར་འཁྲུགས་པ་རྣམས་ཀྱིས་མཚམས་བཀུམ་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ལས་བགྱིད་པ་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་ཀྱིས་མཚམས་བཀུམ་ན། བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། མཚམས་བཅད་པ་ཞེས་ནི། བྱ་ལ། དགེ་འདུན་རྣམས་ནི། འདས་པ་དང་བཅས་པའོ། །བཙུན་པ། ལས་བགྱིད་པ་སྨྱོན་པས་མཚམས་བཀུམ་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། དེ་སྟེ་དགེ་སློང་གི་འདུ་ཤེས་དང་ལྡན་ལ་མཚན་མ་རྣམས་ཀྱང་སྟོན་ནུས་ཤིང་གསོལ་པའང་བྱས་ཏེ་ལས་མ་ཉམས་ Na363a ༄#། །ན། མཚམས་བཅད་པ་ཞེས་བྱའོ། །དེ་བཞིན་དུ་ལས་བྱེད་པ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། འོན་པ་རྣམས་ཀྱང་བརྗོད་པར་བྱའོ། །བཙུན་པ། ལས་བྱེད་པ་འགྲོ་བ་གཞན་དུ་གནས་པས་མཚམས་བཀུམ་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། མཚམས་འགུམ་པ་ན་ལས་བགྱིད་པའི་དགེ་སློང་དུས་ལས་འདས་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། དེ་སྟེ་མཚན་མ་བསྒྲགས་པར་ཡང་རྟོགས་ལ། ལས་ཀྱང་མང་དུ་བྱས་བར་གྱུར་ན། མཚམས་བཅད་པ་ཞེས་བྱའོ།། ཨུ་པ་ལི། དེ་སྟེ་མཚན་མ་བསྒྲགས་པར་ཡང་མ་རྟོགས་ལ། ལས་ཀྱང་མང་དུ་མ་བྱས་པར་གྱུར་ན། མཚམས་མ་བཅད་པ་ཞེས་བྱའོ། །དེ་བཞིན་དུ་ཁྱིམ་པ་ཡིན་པར་ཤེས་པ་དང ། མ་ནིང་ཡིན་པ་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་ཡིན་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་ཡིན་པ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་ཡིན་པ་དང ། རྐུན་གནས་དང ། མི་གནས་པ་ཡིན་པ་དང ། སོ་སོར་གནས་པ་ཡིན་པ་དང ། སྔར་ཉེས་པ་བྱུང་བ་ཡིན་པ་དང ། སྔར་འཁྲུགས་པ་ཡིན་པར་ཤེས་པ་ནས། དེ་བཞིན་དུ་འགྲོ་བ་གཞན་དུ་གནས་པ་བདག་ཉིད་ཡིན་པར་ཤེས་པའང་རྒྱས་པར་བརྗོད་པར་བྱའོ། །བཙུན་པ། མཚམས་འགུམ་པ་ན་དགེ་འདུན་གྱི་དབྱེན་བགྱིས་པར་འཚལ་བ་དང ། ཉེ་བར་ཕྱོགས་ Na363b པ་དང ། བསླབ་པ་སྩལ་པ་ལགས་པར་འཚལ་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། མཚམས་བཅད་པ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། ཁྱིམ་པས་གྲངས་སུ་བསྐངས་ཏེ་མཚམས་བཀུམ་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་མ་ནིང་ནས་སྔར་འཁྲུགས་པ་རྣམས་ཀྱི་བར་དུ་དེ་དག་གིས་གྲངས་སུ་བསྐངས་ཏེ་མཚམས་བཀུམ་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ་དགེ་སློང་ཟ་མས་གྲངས་སུ་བསྐངས་ཏེ་མཚམས་བཀུམ་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། བཅད་པ་ཞེས་མི་བྱ་སྟེ། དགེ་འདུན་ཡང་འདས་པ་དང་བཅས་པའོ། །དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་ཀྱིས་གྲངས་སུ་བསྐངས་ཏེ་མཚམས་བཀུམ་ན། མཚམས་བཀུམ་པ་ཞེས་བགྱིའམ། ཨུ་པ་ལི། མཚམས་བཅད་པ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །མདོར་ན། མཚམས་དང་རུང་བའི་གནས་དག་དང ། །ལས་གཅིག་ཀླུང་ཡང་དེ་བཞིན་ཏེ། ། ཞིག་པ་དང་ནི་གླིང་གསུམ་དང ། །གྲོང་དང་གསུམ་པ་དེ་བཞིན་ནོ། །བཙུན་པ། མཚམས་ཀྱི་མཚན་མ་མ་མཆིས་པར་གྱུར་ན། མཚམས་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། ཞིག་པ་ཞེས་བྱའོ། །བཙུན་པ། མཚམས་ཞིག་ན། རུང་བའི་གནས་ཀྱང་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། ཞིག་པ་ཞེས་བྱའོ། །བཙུན་པ། ལས་གཅིག་དང ། གསོལ་པ་གཅིག་གིས་ལས་བགྱིད་པ་ཕྱོགས་གཅིག་ཏུ་མཆིས་ཏེ་གནས་བཞིར་མཚམས་ Na364a ༄#། །དགུམ་པར་རུང་ངམ། ཨུ་པ་ལི། རུང་སྟེ། ཇི་ལྟར་ཡང་ལས་བྱེད་པའི་དགེ་སློང་དེས་གནས་བཞིའི་མཚམས་སུ་ཤིང་ངམ། དབྱིག་པའམ། རེ་ལྡེ་ལ་མནན་ཏེ་མཚམས་བཅད་པའོ། །བཙུན་པ། མཚམས་དགུམ་པའི་གནས་སུ་ཀླུང་ངམ། ཡུར་ཆུས་མཚམས་ནོན་ན། མཚམས་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། དེ་སྟེ་མཚམས་ཀྱི་མཚན་མ་བརྟན་པོ་ཡོད་ན། མ་ཞིག་པ་ཞེས་བྱའོ། །དེ་སྟེ་མཚམས་ཀྱི་མཚན་མ་མེད་པར་གྱུར་ན། ཞིག་པ་ཞེས་བྱའོ། །བཙུན་པ། མཚམས་ཞིག་ན། ཆོས་གོས་དང་མི་འབྲལ་བའི་སྡོམ་པ་ཡང་མ་མཆིས་པ་ཞེས་བགྱིའམ། མཆིས་པ་ཞེས་བགྱི། ཨུ་པ་ལི། ཡོད་པ་ཞེས་བྱའོ། །བཙུན་པས་ནི། ལས་ཀྱི་མཚམས་སུ་ཆོས་གོས་དང་མི་འབྲལ་བའི་སྡོམ་པ་སྐོས་ཤིག་།ཅེས་གསུངས་ན། བཙུན་པ། རྒྱང་གྲགས་ཀྱི་མཚམས་དང ། རྩིག་པའི་མཚམས་ལ་ཡང་ཆོས་གོས་དང་མི་འབྲལ་བའི་སྡོམ་པ་བསྐོ་བར་བགྱིའམ། དེ་སྟེ་དགོས་པར་གྱུར་ན། སྐོས་ཤིག་།བཙུན་པ། གྲོང་དང ། གཙུག་ལག་ཁང་ལྷན་ཅིག་ཏུ་མཆིས་ཏེ་མཚམས་འབྲལ་བར་གྱུར་ན། དེ་ལ་ཆོས་གོས་དང་ནི། འབྲལ་བ་གང་ཚུན་ཆད་བསྒོ་བར་བགྱི། གྲོང་གི་ཉེ་འཁོར་མ་གཏོགས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ནི་གྲོང་ངམ་གྲོང་གི་ཉེ་འཁོར་མ་གཏོགས་བར་ཆོས་གོས་དང་མི་འབྲལ་བའི་སྡོམ་པའོ། །ཞེས་གསུངས་ན། ཆོས་གོས་དང་མི་འབྲལ་བའི་སྡོམ་པ་བསྐོས་པ་ལས། གྲོང་ཞིག་དེར་བཙུགས་ན། དེ་ཕྱོགས་སུ་ཆོས་གོས་དང་མི་འབྲལ་བའི་ Na364b སྡོམ་པ་ཞིག་པར་འགྱུར་རམ། ཨུ་པ་ལི། ཞིག་པ་ཞེས་བྱའོ། །བཙུན་པ། ཆོས་གོས་དང་མི་འབྲལ་བའི་སྡོམ་པ་བསྐོས་པ་ལས་གྲོང་གུད་དུ་འཕོས་ན། བཙུན་པ། ཅིའི་ཕྱིར་ཕྱོགས་དེར་ཆོས་གོས་དང ། མི་བྲལ་བར་སྡོམ་པ་བསྐོ་བར་བགྱིའམ། ཨུ་པ་ལི། མི་དགོས་ཏེ། སྔོན་གྱི་སྡོམ་པ་གསོས་པས་ཆོག་གོ། མདོར་ན། དྲན་པ་བཞི་པ་གསུམ་པ་དང ། ལྔ་པ་དང་ནི་གཉིས་ཚན་དང ། །ཉེས་པ་གཉིས་དང་སྐབས་འབྱེད་དང ། །སེམས་པ་འདུག་པ་ལངས་པ་དང ། །ཁྱིམ་པ་དག་ལ་སོགས་པ་དང ། །སྨྱོན་པ་འཆད་དང་མང་པོའོ། །བཙུན་པ། དགེ་འདུན་གྱིས་སྐྱ་རེངས་ཤར་བའི་ཚེ་དེང་ནི། བདག་ཅག་གི་གསོ་སྦྱོང་ངོ ། །ཞེས་དྲན་པར་གྱུར་ན། དགེ་སློང་དེ་དག་གིས་གསོ་སྦྱོང་ཇི་ལྟར་བགྱི། དེང་བདག་ཅག་གི་གསོ་སྦྱོང་ངོ ། །ཞེས་སེམས་ལས་ཚིག་ཏུ་བརྗོད་ཅིང ། འོན་ཏེ་དེ་ན་སོ་སོར་ཐར་པ་ཀློག་ན། བཀླགས་པ་ཞེས་བྱ་སྟེ། དགེ་སློང་དག་གིས་གསོ་སྦྱོང་ཡང་བྱས་མོད་ཀྱི། འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གསོ་སྦྱོང་གི་ལས་རྣམ་པ་བཞི་སྟེ། ཆོས་བཞིན་མ་ཡིན་པར་བྱེད་ཅིང་མ་འདུས་པ་དང ། ཆོས་བཞིན་མ་ཡིན་པ་ལ་འདུས་པ་དང ། ཆོས་བཞིན་ལ་མ་འདུས་པ་དང ། ཆོས་བཞིན་ལ་འདུས་པ་རྣམས་སོ། །ཞེས་གསུངས་ན། ཆོས་བཞིན་མ་ཡིན་པར་བྱེད་ཅིང་མ་འདུས་པ་གང་ཞེ་ན། གང་གི་ཚེ་སོ་སོར་ཐར་པ་བཀླག་པར་བྱ་བ་དེའི་ཚེ་མི་ཀློག་།གང་གིས་བཀླག་པར་བྱ་བ་དེས་མི་ཀློག་།ཇི་ལྟར་བཀླག་པར་བྱ་བ་དེ་ལྟར་མི་ཀློག་།ཇི་སྲིད་དུ་བཀླག་པ་དེ་སྲིད་དུ་མི་ཀློག་པ་དང་མ་འདུས་པར་གྱུར་པའོ། །ཆོས་བཞིན་མ་ཡིན་པ་ལ་འདུས་ Na365a ༄#། །པ་གང་ཞེ་ན། གང་གི་སོ་སོར་ཐར་པ་བཀླག་པར་བྱ་བ་དེའི་ཚེ་མི་ཀློག་པ་ནས་རྒྱས་པར་ཇི་སྲིད་དུ་བཀླག་པར་བྱ་བ་དེ་སྲིད་དུ་མི་ཀློག་ཅིང་འདུས་པར་གྱུར་པའོ། །ཆོས་བཞིན་ལ་མ་འདུས་པ་གང་ཞེ་ན། གང་གི་ཚེ་སོ་སོར་ཐར་པ་བཀླག་པར་བྱ་བ་དེའི་ཚེ་ཀློག་།གང་གིས་བཀླག་པར་བྱ་བ་དེས་ཀློག་།ཇི་ལྟར་བཀླག་པར་བྱ་བ་དེ་ལྟར་ཀློག་།ཇི་ཙམ་དུ་བཀླག་པར་བྱ་བ་དེ་ཙམ་བཀླགས་པ་དང་མ་འདུས་པར་གྱུར་པའོ། །ཆོས་བཞིན་ལ་འདུས་པ་གང་ཞེ་ན། གང་གི་ཚེ་སོ་སོར་ཐར་པ་བཀླག་པར་བྱ་བ་དེའི་ཚེ་ཀློག་པ་ནས་རྒྱས་བར་ཇི་སྲིད་དུ་བཀླག་པར་བྱ་བ་དེ་སྲིད་དུ་ཀློག་ཅིང་འདུས་པར་གྱུར་བའི་བར་དུའོ། །བཙུན་པ། འཕགས་པས་འཕགས་པའི་སྐད་དུ་སོ་སོར་ཐར་པ་བཀླགས་པ་དང ། དགེ་སློང་དེ་དག་གིས་འཕགས་པའི་སྐད་མ་འཚལ་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱ་སྟེ། སོ་སོར་ཐར་པའི་མདོ་ཀློག་པ་ཡང་འདས་པ་དང་བཅས་པའོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་སོ་སོར་ཐར་པ་བཀླགས་པ་དང ། དགེ་སློང་དེ་དག་གིས་འཕགས་པའི་སྐད་མ་འཚལ་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱ་སྟེ། སོ་སོར་ཐར་པའི་མདོ་ཀློག་པ་ཡང་འདས་པ་དང་བཅས་པའོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་སོ་སོར་ཐར་པ་བཀླགས་པ་དང ། དགེ་སློང་དེ་དག་གིས་མཐའ་འཁོབ་པའི་སྐད་མ་འཚལ་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱ་སྟེ། སོ་སོར་ཐར་པའི་མདོ་ཀློག་པ་ཡང་འདས་པ་དང་བཅས་ Na365b པའོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་སོ་སོར་ཐར་པའི་མདོ་བཀླགས་པ་དང ། དགེ་སློང་དེ་དག་གིས་མཐའ་འཁོབ་པའི་སྐད་མ་འཚལ་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱ་སྟེ། སོ་སོར་ཐར་པའི་མདོ་ཀློག་པ་ཡང་འདས་པ་དང་བཅས་པའོ། །བཙུན་པ། ས་ལ་གནས་པའི་གྲངས་ནམ་མཁའ་ལ་གནས་པས་བསྐངས་ཏེ་སོ་སོར་ཐར་པའི་མདོ་ཀློག་པ་བཀླགས་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱ་སྟེ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པའོ། །བཙུན་པ། ནམ་མཁའ་ལ་གནས་པའི་གྲངས་ས་ལ་གནས་པས་བསྐངས་ཏེ་སོ་སོར་ཐར་པའི་མདོ་ཀློག་པ་བཀླགས་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱ་སྟེ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པའོ། །བཙུན་པ། ས་ལ་གནས་པ་རྣམས་ལ་ནམ་མཁའ་ལ་གནས་པས་སོ་སོར་ཐར་པའི་མདོ་ཀློག་ཅིང་གསོ་སྦྱོང་བགྱིས་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱ་སྟེ། དགེ་འདུན་དེ་དག་ཀྱང་འདས་པ་དང་བཅས་པའོ། །བཙུན་པ། ནམ་མཁའ་ལ་གནས་པ་རྣམས་ལ་ས་ལ་གནས་པས་སོ་སོར་ཐར་པའི་མདོ་ཀློག་ཅིང་གསོ་སྦྱོང་བགྱིས་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱ་སྟེ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པའོ། །དེ་བཞིན་དུ་མཚམས་ཀྱི་ནང་ན་འདུག་པ་དང ། མཚམས་ཀྱི་ཕྱི་རོལ་ན་འདུག་པར་ལྷན་ཅིག་རྒྱས་པས་བཞིར་བྱའོ། །བཙུན་པ། སོ་སོར་ཐར་པ་ཀློག་པ་ལ་རྣམ་པ་དུ་མཆིས། ཨུ་པ་ལི། རྣམ་པ་ལྔ་ Na366a ༄#། །སྟེ། གསོལ་བ་བྱས་ནས་གླེང་གཞི་བཀླགས་ཏེ་ལྷག་མ་རྣམས་ཐོས་པར་ཟད་དོ། །ཞེས་བསྒྲགས་པ་འདི་ནི། སོ་སོར་ཐར་པའི་མདོ་ཀློག་པ་དང་པོའོ། །གསོལ་བ་བྱས་ནས་གླེང་གཞི་བཀླགས་ཏེ་ཕས་ཕམ་པ་བཞི་བཀླགས་ནས་ལྷག་མ་རྣམས་ཐོས་པའོ། །ཞེས་བསྒྲགས་པ་འདི་ནི། སོ་སོར་ཐར་པའི་མདོ་ཀློག་པ་གཉིས་པའོ། །གསོལ་བ་བྱས་ཏེ་གླེང་གཞི་བཀླགས། ཕས་ཕམ་པ་བཞི་བཀླགས། དགེ་འདུན་གྱི་ལྷག་མ་བཅུ་གསུམ་བཀླགས་ལ་ལྷག་མ་རྣམས་ཐོས་པའོ། །ཞེས་བསྒྲགས་པ་འདི་ནི། སོ་སོར་ཐར་པའི་མདོ་ཀློག་པ་གསུམ་པའོ། །གསོལ་བ་བྱས་ཏེ་གླེང་གཞི་བཀླགས། ཕས་ཕམ་པ་བཞི་དང ། དགེ་འདུན་གྱི་ལྷག་མ་བཅུ་གསུམ་དང ། མི་མངོན་པ་གཉིས་བཀླགས་ནས་ལྷག་མ་རྣམས་ཐོས་པའོ། །ཞེས་བསྒྲགས་པ་འདི་ནི། སོ་སོར་ཐར་པའི་མདོ་ཀློག་པ་བཞི་པ་སྟེ།་རྒྱས་པ་ཀློག་པ་དང་འདི་ལྔའོ། །བཙུན་པ། གསོ་སྦྱོང་གི་ལས་ལ་རྣམ་པ་དུ། ཨུ་པ་ལི། ལྔ་སྟེ། བཀླག་པ་དང ། མི་བཀླག་པར་སེམས་བསྐྱེད་པ་དང ། བྱིན་གྱིས་བརླབ་པ་དང ། ཡོངས་སུ་དག་པ་དང ། སྐབས་འབྱེད་པ་དང་རྣམ་པ་ལྔའོ། །བཙུན་པ། སོ་སོར་ཐར་པའི་མདོ་ཀློག་པས་སོ་སོར་ཐར་པའི་མདོ་ཀློག་པ་ཀློག་པའི་ཚེ་མཚན་གྱུར་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱའོ། ། བཙུན་པ། དགེ་སློང་ཕྱོགས་གཅིག་ཏུ་མཆིས་པས་གནས་བཞིར་སོ་སོར་ཐར་པའི་མདོ་བཀླགས་ལ། གསོ་སྦྱོང་ཡང་བགྱིས་ན། དགེ་སློང་དེ་དག་འདས་པ་དང་བཅས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ Na366b ལི། ཡོད་དེ། འདི་ལྟར་སོ་སོར་ཐར་པའི་མདོ་ཀློག་པའི་དགེ་སློང་དེ་གནས་པའི་མཚམས་སུ་ཤིང་ངམ། དབྱིག་པའམ། རེ་ལྡེས་མནན་ཏེ་སོ་སོར་ཐར་པའི་མདོ་བཀླགས་པའོ། །བཙུན་པ། གནས་གཅིག་པའི་མཚམས་ཀྱི་ནང་ན་གནས་གཅིག་པའི་དགེ་སློང་རྣམས་ཀྱིས་ཕྱོགས་བཞིར་སོ་སོར་གསོ་སྦྱོང་བགྱིས་ན། གསོ་སྦྱོང་ཡང་བགྱིས་ལ་དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། གཅིག་གིས་གཅིག་ལ་དད་པ་བྱིན་པའོ། །བཙུན་པ། སོ་སོར་ཐར་པའི་མདོ་ཀློག་པའི་དགེ་སློང་ཕྱོགས་གཅིག་ཏུ་མཆིས་པ་མཚམས་ཀྱི་ནང་དང ། མཚམས་ཀྱི་སླད་རོལ་ན་གནས་པ་རྣམས་ལ་སོ་སོར་ཐར་པ་བཀླགས་ན། གསོ་སྦྱོང་ཡང་བགྱིས་ལ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་སོ་སོར་ཐར་པའི་མདོ་ཀློག་པའི་དགེ་སློང་གིས་མཚམས་ནོན་ཏེ་མནན་ནས་མཚམས་སུ་འགྲེང་ངམ་འདུག་ལ། མཚམས་ཀྱི་ནང་དང ། མཚམས་ཀྱི་ཕྱི་རོལ་ན། གནས་པ་རྣམས་ལ་སོ་སོར་ཐར་པ་བཀླགས་པའོ། །བཙུན་པ།་དགེ་སློང་གིས་སོ་སོར་ཐར་པའི་མདོ་ཀློག་པ་ལྔ་ལས་གང་ཡང་རུང་སྟེ། སོ་སོར་ཐར་པའི་མདོ་ཀློག་པ་མ་བཀླགས་ཀྱང་གསོ་སྦྱོང་བགྱིས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། སྐབས་འབྱེད་པའི་ཚེ་སྐབས་འབྱེད་པས་སྐབས་ཕྱེ་བའོ། །བཙུན་པ། དགེ་སློང་གིས་ཚིག་ཏུ་མ་སྨྲས་ཀྱང་གསོ་སྦྱོང་བགྱིས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། སེམས་བསྐྱེད་པས་སོ། །བཙུན་པས་འཁོར་རྣམས་ Na367a ༄#། །མ་ལངས། དགེ་སློང་རྣམས་ནི། མ་དོང་པའོ། །ཞེས་གསུངས་ན། བཙུན་པ། ཇི་ཙམ་གྱིས་ན། འཁོར་མ་ལོངས་པ་ཞེས་བགྱི། ཨུ་པ་ལི། གང་དུ་དགེ་སློང་བཞིའམ། དེ་ལས་མང་དུ་འདུག་པར་གྱུར་ན། མ་ལངས་པ་ཞེས་བྱའོ། །བཞིར་མ་ཚང་ན་ནི། ལངས་པ་ཞེས་བྱའོ། །བཙུན་པ། དགེ་སློང་གིས་སོ་སོར་ཐར་པའི་མདོ་ཀློག་པ་བཀླགས་པ་དང ། སྟན་ལས་ལངས་ཏེ་མཆིས་ནས་དགེ་སློང་མཆིས་བཞིན་དུ་འཚལ་བར་མ་བགྱིས་ཀྱང་ཀུན་ཏུ་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། བཤང་བ་དང ། གཅི་བའི་སར་སོང་སྟེ། དེ་ཡང་ཐོས་པའི་ཉེ་འཁོར་ལས་མ་འདས་པའོ། །ཁྱིམ་པས་སོ་སོར་ཐར་པའི་མདོ་ཀློག་པ་བགྱིས་ཏེ་གསོ་སྦྱོང་བགྱིས་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། གསོ་སྦྱོང་མ་བྱས་པ་ཞེས་བྱ་སྟེ། དགེ་འདུན་ཀྱང་འདས་པ་དང་བཅས་པའོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། འགྲོ་བ་གཞན་དུ་གནས་པ་ནས་སྔར་འཁྲུགས་པའི་བར་དུ་དེ་དག་ནི། ཨུ་པ་ལི། གསོ་སྦྱོང་མ་བྱས་པ་ཞེས་བྱ་སྟེ།་དགེ་འདུན་ཀྱང་འདས་པ་དང་བཅས་པའོ། །བཙུན་པ། དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་ཀྱིས་སོ་སོར་ཐར་པའི་མདོ་ཀློག་པ་བགྱིས་ཏེ་གསོ་སྦྱོང་བགྱིས་ན། བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱ་སྟེ། དགེ་སློང་རྣམས་ནི། འདས་པ་དང ། བཅས་པའོ། །བཙུན་པ། སྨྱོན་པས་སོ་སོར་ཐར་པའི་མདོ་ཀློག་པ་བགྱིས་ཏེ་གསོ་སྦྱོང་བགྱིས་ན། Na367b གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱ་སྟེ། དགེ་འདུན་རྣམས་ནི། འདས་པ་དང་བཅས་པའོ། །བཙུན་པ། དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། འོན་པས་སོ་སོར་ཐར་པའི་མདོ་ཀློག་པ་བགྱིས་ཏེ་གསོ་སྦྱོང་བགྱིས་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། གསོ་སྦྱོང་བྱས་པ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །ཇི་ལྟར་སོ་སོར་ཐར་པའི་མདོ་ཀློག་པ་དེ་བཞིན་དུ་མང་པོར་བསྐང་པ་ཡང་རྒྱས་པར་སྦྱར་རོ། །མདོར་ན། མ་ཕུལ་བླངས་པ་དགེ་འདུན་དང ། །བཞི་པ་དང་ནི་གཉིས་པ་མཚན། །འཁོར་བ་དང་ནི་གཅིག་ནས་གཅིག་།བྱིན་དང་ལམ་དང་དེ་བཞིན་མང་།། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། དགེ་སློང་གིས་དད་པ་དང ། ཡོངས་སུ་དག་པ་བླངས་ཏེ་སྟེང་གི་ནམ་མཁའ་ལས་རེ་བ་མེད་པར་མཆིས་སམ་མཚམས་ཀྱི་སླད་རོལ་དུ་མཆིས་ན། དད་པ་དང ། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཕུལ་བ་ཞེས་བྱའོ། །བཙུན་པ། དེ་སྟེ་རེ་བ་དང་བཅས་པས་མཆིས་ན། དད་པ་དང ། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ས་ལ་གནས་པས་ནམ་མཁའ་ལ་གནས་པ་རྣམས་ལ་དད་པ་དང ། ཡོངས་སུ་དག་པ་སྩལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བླང་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། ནམ་མཁའ་ལ་གནས་པས་ས་ལ་གནས་པ་རྣམས་ལ་དད་པ་དང ། ཡོངས་སུ་དག་པ་སྩལ་པར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བླང་བར་རུང་ངམ། ཨུ་པ་ལི། མི་རུང་ངོ ། ། Na368a ༄#། །དེ་བཞིན་དུ་མཚམས་ཀྱི་ནང་དུ་འདུག་པ་དང ། མཚམས་ཀྱི་ཕྱི་རོལ་ན་འདུག་པ་རྣམས་ལ་ཡང་བཞིར་བྱའོ། །བཙུན་པ། དགེ་སློང་གིས་དགེ་འདུན་ཐམས་ཅད་འདུས་ཤིང་ཚོགས་པ་ལ་དད་པ་དང ། ཡོངས་སུ་དག་པ་ཕུལ་ན། དེས་དད་པ་དང ། ཡོངས་སུ་དག་པ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། ཕུལ་བ་ཞེས་བྱའོ། །སུས་རྨ་བར་བགྱི། སུས་ཀྱང་མ་ཡིན་ནོ། །བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་དད་པ་དང ། ཡོངས་སུ་དག་པ་ཕུལ་བ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། དད་པ་དང ། ཡོངས་སུ་དག་པ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི།་མ་ཡིན་ནོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་དད་པ་དང ། ཡོངས་སུ་དག་པ་ཕུལ་བ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། དད་པ་དང ། ཡོངས་སུ་དག་པ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དད་པ་དང ། ཡོངས་སུ་དག་པ་ཕུལ་བ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། དད་པ་དང ། ཡོངས་སུ་དག་པ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །མཐའ་འཁོབ་བས་འཕགས་པའི་སྐད་དུ་དད་པ་དང ། ཡོངས་སུ་དག་པ་ཕུལ་བ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན།་དད་པ་དང ། ཡོངས་སུ་དག་པ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་སློང་གིས་ལུས་ཀྱི་དམིགས་པས་སྐད་མ་བརྗོད་ན། དད་པ་དང ། ཡོངས་སུ་དག་པ་ཕུལ་བ་ཞེས་ Na368b བགྱིའམ། ཨུ་པ་ལི། ཕུལ་བ་ཞེས་བྱའོ། །ཚིག་གིས་སྨྲས་ལ་ལུས་ཀྱིས་མ་ལགས་ན། དད་པ་དང ། ཡོངས་སུ་དག་པ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། ཕུལ་བ་ཞེས་བྱའོ། །ལུས་དང་ཚིག་གིས་སྨྲས་ན། དད་པ་དང ། ཡོངས་སུ་དག་པ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། ཕུལ་བ་ཞེས་བྱའོ། །ལུས་ཀྱིས་ཀྱང་མ་ལགས། ཚིག་གིས་ཀྱང་མ་ལགས་ན། དད་པ་དང ། ཡོངས་སུ་དག་པ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དད་པ་དང ། ཡོངས་སུ་དག་པ་སྩལ་པ་ལས་དད་པ་དང ། ཡོངས་སུ་དག་པ་ལེན་པའི་དགེ་སློང་མཚན་འཕོས་ན། མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། གཅིག་ནས་གཅིག་ཏུ་བརྒྱུད་དེ་དད་པ་དང ། ཡོངས་སུ་དག་པ་ཕུལ་ན། དད་པ་དང ། ཡོངས་སུ་དག་པ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། ཕུལ་བ་ཞེས་བྱ་སྟེ། དགེ་སློང་དེ་དག་ནི། འདས་པ་དང་བཅས་པའོ། །བཙུན་པ། ཆད་པ་འཁོར་བས་དད་པ་དང ། ཡོངས་སུ་དག་པ་ཕུལ་ན། དད་པ་དང ། ཡོངས་སུ་དག་པ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། ཕུལ་བ་ཞེས་བྱ་སྟེ། དགེ་སློང་དེ་དག་ནི། འདས་པ་དང་བཅས་པའོ། །བཙུན་པ། དགེ་སློང་གིས་དད་པ་དང ། ཡོངས་སུ་དག་པ་ཕུལ་ནས་ཁྱིམ་པར་ཁས་བླངས་ན། དད་པ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཕུལ་བ་ཞེས་བྱའོ། །དེ་བཞིན་དུ་མ་ནིང་ལགས་པར་ཁས་བླངས་པ་ནས་སྔར་འཁྲུགས་པ་ལགས་པར་ཁས་བླངས་པའི་བར་དུ་རྒྱས་པར་དད་པ་དང ། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཕུལ་བ་ཞེས་བྱའོ། །བཙུན་པ། དགེ་སློང་གིས་དད་པ་དང ། ཡོངས་སུ་དག་པ་ཕུལ་ནས་ Na369a ༄#། །ཟམ་ལགས་པར་ཁས་བླངས་ན། དད་པ་དང ། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཕུལ་བ་ཞེས་བྱའོ། །དེ་སྟེ་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་ལགས་པར་ཁས་བླངས་ན། དད་པ་དང ། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་སློང་གིས་དད་པ་དང ། ཡོངས་སུ་དག་པ་བླངས་ནས་ཁྱིམ་པ་ལགས་པར་ཁས་བླངས་ན། དད་པ་དང ། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཕུལ་བ་ཞེས་བྱའོ། །དེ་བཞིན་དུ་མ་ནིང་ལགས་པར་ཁས་བླངས་ནས་སྔར་འཁྲུགས་པ་ལགས་པར་ཁས་བླངས་པའི་བར་དུ་རྒྱས་པར་དད་པ་དང ། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཕུལ་བ་ཞེས་བྱའོ། །བཙུན་པ། དགེ་སློང་གིས་དད་པ་དང ། ཡོངས་སུ་དག་པ་བླངས་པ་དང ། ཟ་མ་དང ། མི་གནས་པ་དང ། སོ་སོར་གནས་པ་རྣམས་ལགས་པར་ཁས་བླངས་ན། དད་པ་དང ། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཕུལ་བ་ཞེས་བྱའོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་བགྱིས་པ་ལགས་པར་ཁས་བླངས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་ལགས་པར་ཁས་བླངས་ན། དད་པ་དང ། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། ། བཙུན་པ། དགེ་སློང་གིས་དད་པ་དང ། ཡོངས་སུ་དག་པ་བླངས་ཏེ་དགེ་འདུན་གྱི་ནང་དུ་མཆིས་ནས་ཁྱིམ་པ་ལགས་པར་ཁས་བླངས་ན། དད་པ་དང ། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ Na369b ལི།་ཕུལ་བ་ཞེས་བྱའོ། །དེ་བཞིན་དུ་མ་ནིང་ནས་སྔར་འཁྲུགས་པ་ལགས་པར་ཁས་བླངས་པའི་བར་དུ་རྒྱས་པར་དད་པ་དང ། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། ཕུལ་བ་ཞེས་བྱའོ། ། བཙུན་པ། དགེ་སློང་གིས་དད་པ་དང ། ཡོངས་སུ་དག་པ་བླངས་ཏེ་དགེ་འདུན་གྱི་ནང་དུ་མཆིས་ནས་ཟ་མ་ལགས་པར་ཁས་བླངས་ན། དད་པ་དང ། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་དགེ་འདུན་གྱི་དབྱེན་བགྱིས་པ་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་ལགས་པར་ཁས་བླངས་ན། བཙུན་པ། དད་པ་དང ། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །གསོ་སྦྱོང་གི་དངོས་པོ་རྫོགས་སོ།། །།འདུལ་བ་གཞུང་དམ་པ་བམ་པོ་བཅུ་བདུན་པ། མདོར་ན། བཞི་པ་རྣམ་པ་བཞི་དག་དང་།། དངོས་པོ་གནས་གཉིས་དེ་བཞིན་ཏེ། །དྲན་པ་འགྲོ་བ་སྤངས་པ་དང ། །འདུག་པ་དག་དང་ལངས་པ་མཚན། །ཁྱིམ་པ་དག་ལ་སོགས་པ་དང ། །སྨྱོན་པ་དང་ནི་ཆད་པ་གྲངས། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། སྐབས་འབྱེད་པའི་ལས་ལ་རྣམ་པ་དུ་མཆིས། ཨུ་པ་ལི། བཞི་སྟེ། ཆོས་བཞིན་མ་ཡིན་པས་སྐབས་འབྱེད་ཅིང་མ་འདུས་པ་དང ། ཆོས་བཞིན་མ་ཡིན་པར་འདུས་པ་དང ། ཆོས་བཞིན་དུམ་འདུས་པ་དང ། ཆོས་བཞིན་དུ་འདུས་པའོ། །ཆོས་བཞིན་མ་ཡིན་པས་སྐབས་འབྱེད་པ་གང་ཞེ་ན། གང་གི་ཚེ་སྐབས་དབྱེ་བར་བྱ་བ་དེའི་ཚེ་ན་སྐབས་འབྱེད་པར་མི་བྱེད་པ་དང ། Na370a ༄#། །ཇི་ལྟར་སྐབས་དབྱེ་བ་དེ་ལྟར་སྐབས་འབྱེད་པ་དེ་མི་བྱེད་པ་དང ། ཇི་ཙམ་དུ་སྐབས་དབྱེ་བར་བྱ་བ་དེ་ཙམ་སྐབས་འབྱེད་པར་མི་བྱེད་པ་དང ། གང་གིས་སྐབས་དབྱེ་བར་བྱ་བ་དེས་སྐབས་འབྱེད་པར་མི་བྱེད་པ་དང ། མ་འདུས་པར་ཡང་གྱུར་པའོ། །ཆོས་མ་ཡིན་པས་འདུས་པ་གང་ཞེ་ན། གང་གི་ཚེ་སྐབས་དབྱེ་བར་བྱ་བ་དེའི་ཚེ་ན་སྐབས་འབྱེད་པར་མི་བྱེད་པ་ནས་གང་གིས་སྐབས་དབྱེ་བར་བྱ་བ་དེས་སྐབས་འབྱེད་པར་མི་བྱེད་པའི་བར་དུ་རྒྱས་པར་བརྗོད་དེ། འདུས་པར་ཡང་གྱུར་པའོ། །ཆོས་བཞིན་དུ་མ་འདུས་པ་གང་ཞེ་ན། གང་གི་ཚེ་ན་སྐབས་འབྱེད་པར་བྱེད་པ་དང ། ཇི་ལྟར་སྐབས་དབྱེ་བར་བྱ་བ་དེ་ལྟར་སྐབས་འབྱེད་པར་བྱེད་པ་དང ། ཇི་ཙམ་དུ་སྐབས་དབྱེ་བར་བྱ་བ་དེ་ཙམ་དུ་སྐབས་འབྱེད་པར་བྱེད་པ་དང ། གང་གིས་སྐབས་དབྱེ་བར་བྱ་བ་དེས་སྐབས་འབྱེད་པར་བྱེད་ཅིང་མ་འདུས་པར་གྱུར་པའོ། །ཆོས་བཞིན་དུ་འདུས་པ་གང་ཞེ་ན། གང་གི་ཚེ་སྐབས་དབྱེ་བར་བྱ་བ་དེའི་ཚེ་ན་སྐབས་འབྱེད་པར་བྱེད་པ་ནས་གང་གིས་སྐབས་དབྱེ་བར་བྱ་བ་དེས་སྐབས་འབྱེད་པར་བྱེད་པའི་བར་དུ་རྒྱས་པར་བརྗོད་དེ། འདུས་པར་ཡང་གྱུར་པའོ། །བཙུན་པ། འཕགས་པས་འཕགས་པའི་སྐད་དུ་སྐབས་ཕྱེ་བ་དང ། དགེ་སློང་དེ་དག་གིས་ཀྱང་འཕགས་པའི་སྐད་མ་འཚལ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་མ་ཕྱེ་བ་ཞེས་བྱ་སྟེ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པའོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་སྐབས་ཕྱེ་བ་དང ། དགེ་སློང་དེ་དག་ཀྱང་མཐའ་ Na370b འཁོབ་པའི་སྐད་མ་འཚལ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་མ་ཕྱེ་བ་ཞེས་བྱ་སྟེ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པའོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་སྐབས་ཕྱེ་བ་དང ། དགེ་སློང་དེ་དག་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་མ་ཕྱེ་བ་ཞེས་བྱ་སྟེ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པའོ། །མཐའ་འཁོབ་པས་འཕགས་པའི་སྐད་དུ་སྐབས་ཕྱེ་བ་དང ། དགེ་སློང་དེ་དག་ཀྱང་འཕགས་པའི་སྐད་མ་འཚལ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་མ་ཕྱེ་བ་ཞེས་བྱ་སྟེ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པའོ། །བཙུན་པ། ས་ལ་གནས་པའི་གྲངས་ནམ་མཁའ་ལ་གནས་པས་བསྐངས་ཏེ་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་མ་ཕྱེ་བ་ཞེས་བྱ་སྟེ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པའོ། །བཙུན་པ། ནམ་མཁའ་ལ་གནས་པའི་གྲངས་ལ་གནས་པས་བསྐངས་ཏེ་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་མ་ཕྱེ་བ་ཞེས་བྱ་སྟེ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པའོ། །བཙུན་པ། ས་ལ་གནས་པས་ནམ་མཁའ་ལ་གནས་པ་རྣམས་ལ་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་མ་ཕྱེ་བ་ཞེས་བྱ་སྟེ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པའོ། །བཙུན་པ། ནམ་མཁའ་ལ་གནས་པས་ས་ལ་གནས་པ་རྣམས་ལ་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་མ་ཕྱེ་བ་ཞེས་བྱ་སྟེ། དགེ་ Na371a ༄#། །སློང་དེ་དག་ཀྱང་འདས་པ་དང་བཅས་པའོ། །དེ་བཞིན་དུ་མཚམས་ཀྱི་ནང་ན་འཁོད་པ་དང ། མཚམས་ཀྱི་ཕྱི་རོལ་ན་འཁོད་པ་རྣམས་ལྷན་ཅིག་ཏུ་རྣམ་པ་བཞིར་བྱའོ། ། བཙུན་པ། བཅོམ་ལྡན་འདས་ཀྱིས་གང་སྐབས་འབྱེད་པ་དེ་ཉིད་ཀྱི་ཚེ་དངོས་པོ་ནི། ཡོད། གང་ཟག་ནི། མེད་དོ། །ཞེས་གསུངས་ན། བཙུན་པ། དངོས་པོ་ནི། གང་ལགས། གང་ཟག་ནི། གང་ལགས།་ཉེས་པ་ནི། དངོས་པོའོ། །ཉེས་པར་བྱེད་པ་ནི། གང་ཟག་ཅེས་བྱའོ། །བཙུན་པ། ཚིག་ཏུ་མ་བརྗོད་ཀྱང་སྐབས་ཕྱེ་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་དགེ་སློང་དེས་སྤྲིང་ཡིག་གམ། ལག་བརྡས་སྐབས་ཕྱེ་བའོ། །བཙུན་པ། དགེ་སློང་ཞིག་ཕྱོགས་གཅིག་ཏུ་འགྲེང་ནས་གནས་བཞིར་སྐབས་འབྱེད་ན། སྐབས་ཕྱེ་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་སྐབས་འབྱེད་པའི་དགེ་སློང་དེས་གནས་བཞིའི་མཚམས་སུ་ཤིང་ངམ་རེ་ལྡེས་མནན་ཏེ་སྐབས་འབྱེད་པའོ། །བཙུན་པ། གནས་ཀྱང་གཅིག་།མཚམས་ཀྱང་གཅིག་པར་ལྷན་ཅིག་གནས་པའི་དགེ་སློང་དག་གིས་ཕྱོགས་བཞིར་སྐབས་ཕྱེ་ན། སྐབས་ཕྱེ་བར་ཡང་འགྱུར་ལ། དགེ་འདུན་དེ་དག་ཀྱང་འདས་པ་དང་བཅས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། གཅིག་ལ་གཅིག་དད་པ་བྱིན་པའོ། །བཙུན་པ། དགེ་འདུན་ཐམས་ཅད་ཀྱིས་སྐྱ་རེངས་ཤར་པ་ན་དྲན་པར་གྱུར་ན། དགེ་སློང་དག་གིས་ཇི་ལྟར་སྐབས་དབྱེ་བར་བགྱི། དེང་ནི། བདག་ཅག་གིས་དབྱེའོ། །ཞེས་ཚིག་ཏུ་བརྗོད་ Na371b པར་བྱའོ། །ཡང་ན་ནི། ཚིག་གསུམ་པས་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བྱ་སྟེ། དགེ་སློང་དེ་དག་ནི། འདས་པ་དང་བཅས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གང་གཉེན་གྱི་དོན་གྱི་སླད་དུ་དབྱར་གྱི་ནང་དུ་སྐབས་ཕྱེ་ཞིག་།ཅེས་གསུངས་ན། བཙུན་པ། ཐབས་ཇི་ལྟར་སྩལ་བར་བགྱི། ཨུ་པ་ལི། གང་རིང་དུ་གནས་ལ་སྐབས་འབྱེད་པའི་ཚེ་འོང་མི་ནུས་པའོ། །བཙུན་པ། དགེ་སློང་གིས་གཉེན་གྱི་དོན་གྱི་སླད་དུ་དབྱར་གྱི་ནང་དུ་སྐབས་ཕྱེ་སྟེ་ཞག་བདུན་ནམ། བཞི་བཅུར་ཡང་རུང་བྱིན་གྱིས་བརླབས་ནས་མཆིས་པ་ལས། དེ་སྟེ་སྐབས་འབྱེད་པ་བཅོ་ལྔ་པའི་སྐབས་འབྱེད་པ་དེ་ཉིད་ཀྱི་ཚེ་སླར་མཆིས་ན། ཅི། དེས་ཡང་སྐབས་དབྱེ་བར་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དེ་ལ་ནི། སྐབས་ཕྱེ་བ་དེས་ཆོག་གོ་།བཙུན་པ། དགེ་སློང་ཞིག་སྐབས་འབྱེད་པ་ཚེས་བཅོ་ལྔ་པ་ཉིད་ཀྱི་ཚེ་སྤངས་ན། དེ་དང་ལྷན་ཅིག་སྐབས་དབྱེ་བར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གང་དགེ་སློང་གི་འཁོར་རྣམས་མ་ལངས་མ་དོང་པའོ། །ཞེས་གསུངས་ན། བཙུན་པ། ཇི་ཙམ་གྱིས་ན། འཁོར་མ་ལངས་པ་ཞེས་བགྱི། ཨུ་པ་ལི། གང་དུ་དགེ་སློང་བཞིའམ། ལྔའམ། དེ་ལས་མང་ཡང་རུང་སྟེ་འཁོད་པར་གྱུར་ན། མ་ལངས་པ་ཞེས་བྱའོ། །བཞི་ལས་ཉུང་ན། ལངས་པ་ཞེས་བྱའོ། །བཙུན་པ། སྐབས་དབྱེ་བ་བཅོ་ལྔ་པ་དེ་ཉིད་ཀྱི་ཚེ་སྟན་ལས་ལངས་ཏེ་སོང་ན། དགེ་སློང་མཆིས་བཞིན་དུ་འཚལ་བར་མ་བགྱིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་དགེ་སློང་བཤང་བ་དང ། གཅི་བའི་སར་སོང་ལ། དེ་ Na372a ༄#། །ཡང་ཐོས་པའི་ཉེ་འཁོར་ལས་མ་འདས་པའོ། །བཙུན་པ། སྐབས་འབྱེད་པར་བགྱི་བ་སྐབས་འབྱེད་པའི་ཚེ་མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་ཕྱེ་བ་ཞེ་བྱའོ། །བཙུན་པ། སྐབས་འབྱེད་པ་ཁྱིམ་པས་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་མ་ཕྱེ་བ་ཞེས་བྱ་སྟེ། དགེ་འདུན་ཀྱང་འདས་པ་དང་བཅས་པའོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། མི་གནས་པ་དང ། འགྲོ་བ་གཞན་དུ་གནས་པ་ནས་རྒྱས་པར་སྔར་འཁྲུགས་པ་རྣམས་ཀྱི་བར་དུ་ཡང་སྐབས་མ་ཕྱེ་བ་ཞེས་བྱ་སྟེ། དགེ་འདུན་དེ་དག་ཀྱང་འདས་པ་དང་བཅས་པའོ། །བཙུན་པ། དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་བས་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་ཕྱེ་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། སྐབས་འབྱེད་པ་སྨྱོན་པས་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་ཕྱེ་བ་ཞེས་བྱ་སྟེ། དགེ་འདུན་ནི།་འདས་པ་དང་བཅས་པའོ། །དེ་བཞིན་དུ་སྐབས་འབྱེད་པ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་རྣམས་ཀྱིས་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་ཕྱེ་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། འཕྲིན་གྱིས་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་ཕྱེ་བ་ཞེས་བྱ་སྟེ། དགེ་ Na372b འདུན་ནི། འདས་པ་དང་བཅས་པའོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཅིག་ནས་གཅིག་ཏུ་བརྒྱུད་དེ་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་ཕྱེ་བ་ཞེས་བྱ་སྟེ། དགེ་འདུན་ནི།་འདས་པ་དང་བཅས་པའོ། །བཙུན་པ། གཞན་ཟེར་རོ། །ཞེས་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ཁྱིམ་པས་གྲངས་སུ་བསྐངས་ཏེ་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་མ་ཕྱེ་བ་ཞེས་བྱ་སྟེ། དགེ་འདུན་ཡང་འདས་པ་དང་བཅས་པའོ། །དེ་བཞིན་དུ་ཟ་མ་དང ། མ་ནིང་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། འགྲོ་བ་གཞན་དུ་གནས་པ་ནས་སྔར་འཁྲུགས་པ་རྣམས་ཀྱི་བར་དུ་སྦྱར་བར་བྱའོ། །བཙུན་པ། དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་ཀྱིས་གྲངས་སུ་བསྐངས་ཏེ་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་ཕྱེ་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། མྱོས་པ་དང ། ར་རོ་བ་དང ། སྙོམས་པར་ཞུགས་པ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་ཀྱིས་གྲངས་སུ་བསྐངས་ཏེ་སྐབས་ཕྱེ་ན། སྐབས་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། སྐབས་ཕྱེ་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །མདོར་ན། ཕུལ་དང་བླངས་དང་དགེ་འདུན་དང ། །བཞི་པ་དང་ནི་གཉིས་དང་མཚན། །ཆད་པ་བྲལ་བ་གཅིག་ Na373a ༄#། །ནས་གཅིག་།ལམ་དང་མང་པོ་དེ་བཞིན་ནོ། །བཙུན་པ། དགེ་སློང་གིས་དད་པ་དང ། སྐབས་ཕྱེ་བ་བླངས་ཏེ་སྟེང་གི་ནམ་མཁའ་ལ་མཚམས་ཀྱི་སླད་རོལ་དུ་རེ་བ་མ་མཆིས་པར་མཆིས་ན། དད་པ་དང ། སྐབས་ཕྱེ་བ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཕུལ་བ་ཞེས་བྱའོ། །བཙུན་པ། དེ་སྟེ་རེ་བ་དང་བཅས་པས་མཆིས་ན། མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་མོད་ཀྱི། འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ། ས་ལ་གནས་པ་རྣམས་ཀྱིས་ནམ་མཁའ་ལ་གནས་པ་རྣམས་ལ་དད་པ་དང ། སྐབས་དབྱེ་བ་དབུལ་དུ་རུང་ངམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། བླང་བར་རུང་ངམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ནམ་མཁའ་ལ་གནས་པ་རྣམས་ཀྱིས་ས་ལ་གནས་པ་རྣམས་ལ་དད་པ་དང ། སྐབས་དབྱེ་བ་དབུལ་དུ་རུང་ངམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་མཚམས་ཀྱི་ནང་ན་འཁོད་པ་རྣམས་དང ། མཚམས་ཀྱི་ཕྱི་རོལ་ན་འཁོད་པ་རྣམས་ཀྱང་རྣམ་པ་བཞིར་བརྗོད་པར་བྱའོ། །བཙུན་པ། དགེ་སློང་གིས་དགེ་འདུ་ཐམས་ཅད་ཚོགས་ཤིང་འཁོད་པ་ལ་དད་པ་དང ། སྐབས་དབྱེ་བ་ཕུལ་ན། དད་པ་དང ། སྐབས་དབྱེ་བ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། ཕུལ་བ་ཞེས་བྱའོ། །སུས་བསྒྲག་པར་བགྱི། སུས་ཀྱང་མ་ཡིན་ནོ། ། བཙུན་པ། དགེ་སློང་འཕགས་པས་འཕགས་པའི་སྐད་དུ་དད་པ་དང ། སྐབས་དབྱེ་བ་ཕུལ་དང ། དགེ་སློང་དེ་དག་གིས་འཕགས་པའི་སྐད་མ་འཚལ་ན། དད་པ་དང ། སྐབས་དབྱེ་བ་ཕུལ་བ་ཞེས་ Na373b བགྱིའམ། ཨུ་པ་ལི། མ་ཡིན་ནོ། །འཕགས་པས་མཐའ་འཁོབ་པའི་སྐད་དུ་དད་པ་དང ། སྐབས་དབྱེ་བ་ཕུལ་བ་དང ། དགེ་སློང་དེ་དག་གིས་མཐའ་འཁོབ་པའི་སྐད་མ་འཚལ་ན། དད་པ་དང ། སྐབས་དབྱེ་བ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་དུ་དད་པ་དང ། སྐབས་དབྱེ་བ་ཕུལ་བ་དང ། དགེ་སློང་དེ་དག་གིས་མཐའ་འཁོབ་པའི་སྐད་མ་འཚལ་ན།་དད་པ་དང ། སྐབས་དབྱེ་བ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། མཐའ་འཁོབ་པས་འཕགས་པའི་སྐད་དུ་དད་པ་དང ། སྐབས་དབྱེ་བ་ཕུལ་བ་དང ། དགེ་སློང་དེ་དག་གིས་འཕགས་པའི་སྐད་མ་འཚལ་ན། དད་པ་དང ། སྐབས་དབྱེ་བ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དད་པ་དང ། སྐབས་དབྱེ་བ་ཕུལ་བའི་དགེ་སློང་གིས་ལུས་ཀྱིས་དམིགས་ཀྱི། ཚིག་གིས་མ་ལགས་ན། དད་པ་དང ། སྐབས་དབྱེ་བ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། ཕུལ་བ་ཞེས་བྱའོ། །དེ་བཞིན་དུ་ཚིག་ཏུ་སྨྲས་ཀྱི། ལུས་ཀྱིས་མ་ལགས་པ་དང ། ཚིག་དང་ལུས་ཀྱིས་དམིགས་པས་ཀྱང་དད་པ་དང ། སྐབས་དབྱེ་བ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། ཕུལ་བ་ཞེས་བྱའོ། །བཙུན་པ། དེ་སྟེ་ལུས་ཀྱིས་ཀྱང་མ་དམིགས། ཚིག་གིས་མ་སྨྲས་ན། དད་པ་དང ། སྐབས་དབྱེ་བ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དད་པ་དང ། སྐབས་དབྱེ་བ་འབུལ་བའི་དགེ་སློང་མཚན་གྱུར་ན། དད་པ་དང ། སྐབས་དབྱེ་བ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ཆད་པ་བྲལ་བས་དད་ Na374a ༄#། །པ་དང ། སྐབས་དབྱེ་བ་ཕུལ་ན། དད་པ་དང ། སྐབས་དབྱེ་བ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། ཕུལ་བ་ཞེས་བྱ་སྟེ། དགེ་སློང་དེ་དག་ནི། འདས་པ་དང་བཅས་བའོ། །བཙུན་པ། དད་པ་དང ། སྐབས་དབྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་དེ་སྨྲས་ན། དད་པ་དང ། སྐབས་དབྱེ་བ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། ཕུལ་བ་ཞེས་བྱའོ། །དགེ་སློང་དེ་དག་ནི།་འདས་པ་དང་བཅས་པའོ། །དད་པ་དང ། སྐབས་ཕྱེ་བ་ཕུལ་ནས་ཁྱིམ་པ་ལགས་པར་ཁས་བླངས་ན། དད་པ་དང ། སྐབས་དབྱེ་བ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཕུལ་བ་ཞེས་བྱའོ། ། དེ་བཞིན་དུ་མ་ནིང་ལགས་པར་ཁས་བླངས་པ་ནས་རྒྱས་པར་སྔར་འཁྲུགས་པ་ལགས་པའི་བར་དུ་ཁས་བླངས་ན། དད་པ་དང ། སྐབས་ཕྱེ་བ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཕུལ་བ་ཞེས་བྱའོ། །བཙུན་པ། དད་པ་དང ། སྐབས་འབྱེད་པ་འབུལ་བའི་དགེ་སློང་དད་པ་དང ། སྐབས་དབྱེ་བ་འབུལ་བའི་ཚེ་ཟ་མ་ལགས་པར་ཁས་བླངས་ན། དད་པ་དང ། སྐབས་དབྱེ་བ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དེ་སྟེ་དགེ་འདུན་གྱི་དབྱེན་བགྱིས་པ་ལགས་པར་ཁས་བླངས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་ལགས་པར་ཁས་བླངས་ན། དད་པ་དང ། སྐབས་ཕྱེ་བ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དད་པ་དང ། སྐབས་དབྱེ་བ་ལེན་པའི་དགེ་སློང་གིས་དད་པ་དང ། སྐབས་ཕྱེ་ Na374b བ་བླངས་ནས་དགེ་འདུན་གྱི་ནང་དུ་མཆིས་ཏེ་ཁྱིམ་པ་ལགས་པར་ཁས་བླངས་ན། དད་པ་དང ། སྐབས་ཕྱེ་བ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཕུལ་བ་ཞེས་མི་བྱའོ། །དེ་བཞིན་དུ་མ་ནིང་ལགས་པར་ཁས་བླངས་པ་ནས་རྒྱས་པར་སྔར་འཁྲུགས་པ་ལགས་པའི་བར་དུ་ཁས་བླངས་ན། དད་པ་དང ། སྐབས་ཕྱེ་བ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཕུལ་བ་ཞེས་མི་བྱའོ། ། བཙུན་པ། དེ་སྟེ་ཟ་མ་ལགས་པར་ཁས་བླངས་ན། དད་པ་དང ། སྐབས་ཕྱེ་བ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་དགེ་འདུན་གྱི་དབྱེན་བགྱིས་པ་ནས་བསླབ་པ་སྩལ་པ་ལགས་པར་བར་དུ་ཁས་བླངས་ན། དད་པ་དང ། སྐབས་ཕྱེ་བ་མ་ཕུལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །སྐབས་འབྱེད་པའི་དངོས་པོ་རྫོགས་སོ།། །། མདོར་ན། གྲུ་དང་ནམ་མཁའ་གསུམ་པ་དང ། །སྤྱོད་ཡུལ་ཐེ་ཚོམ་སོང་བ་དང ། །མཚན་དང་གསུམ་པ་གནས་རྣམས་དང ། །དབྱར་གསུམ་པ་དང་དེ་བཞིན་ནོ། །བཙུན་པ། དགེ་སློང་གིས་ཕུར་པ་ལ་བཏགས་པའི་གྲུར་དབྱར་ཚུལ་དུ་ཞུགས་ན། ཚུལ་དུ་ཞུགས་པ་ཞེས་བགྱིའམ། ཨུ་པ་ལི། ཚུལ་དུ་ཞུགས་པ་ཞེས་བྱའོ། །བཙུན་པ། དེ་སྟེ་དབྱར་གྱི་ནང་ལོགས་སུ་གྲུ་བཏང་ན།་དབྱར་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དབྱར་ཚུལ་དུ་ཞུགས་པའི་དགེ་སློང་ཞིག་ཞག་བདུན་དུ་བྱིན་གྱིས་བརླབས་ཏེ་སྟེང་གི་ནམ་མཁའ་ལས་མཚམས་ Na375a ༄#། །ཀྱི་སླད་རོལ་དུ་མཆིས་ན། དབྱར་ཞིག་པ་ཞེས་བགྱིའམ། དབྱར་མ་ཞིག་པ་ཞེས་བགྱི། ཨུ་པ་ལི། དབྱར་མ་ཞིག་པ་ཞེས་བྱའོ། །བཙུན་པ། དགེ་སློང་གིས་སྟེང་གི་ནམ་མཁའ་ལ་དབྱར་ཚུལ་དུ་ཞུགས་ན། ཚུལ་དུ་ཞུགས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་སློང་གིས་སྟེང་གི་ནམ་མཁའ་ལ་གཞལ་མེད་ཁང་དུ་དབྱར་ཚུལ་དུ་ཞུགས་ན། ཚུལ་དུ་ཞུགས་པ་ཞེས་བགྱིའམ། ཨུ་པ་ལི། ཚུལ་དུ་ཞུགས་པ་ཞེས་བྱའོ། །བཙུན་པ། དེ་སྟེ་གཞལ་མེད་ཁང་དེ་ནས་གནས་གཞན་དུ་མཆིས་ན། དབྱར་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གང་སྤྱོད་ཡུལ་ལ་བརྟེན་ཏེ་ཚུལ་དུ་ཞུགས་ཤིག་།ཅེས་གསུངས་ན། བཙུན་པ། དགེ་སློང་གིས་སྤྱོད་ཡུལ་མ་མཆིས་པར་དབྱར་ཚུལ་དུ་ཞུགས་ན། ཚུལ་དུ་ཞུགས་པ་ཞེས་བགྱིའམ། ཨུ་པ་ལི། ཚུལ་དུ་ཞུགས་པ་ཞེས་བྱའོ། །བཙུན་པ། དགེ་སློང་གིས་སྤྱོད་ཡུལ་ལ་བརྟེན་ཏེ་དབྱར་ཚུལ་དུ་ཞུགས་པར་གྱུར་ན། ཅི། དེས་དེར་ཞག་བདུན་དུ་བྱིན་གྱིས་བརླབས་ཏེ་མཆི་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དེས་དེ་ཉིད་ལ་བརྟེན་ནས་དབྱར་ཚུལ་དུ་ཞུགས་པའི་ཕྱིར་རོ། །བཙུན་པ། དགེ་སློང་གིས་དབྱར་ཚུལ་དུ་ཞུགས་ཏེ་བདག་ཚུལ་དུ་ཞུགས་སམ་མ་ཞུགས་ཞེས་ཐེ་ཚོམ་ཟ་ཞིང་དོགས་པར་གྱུར་ན།་ཚུལ་དུ་ཞུགས་པ་ཞེས་བགྱིའམ། ཨུ་པ་ལི། ཚུལ་དུ་ཞུགས་པ་ཞེས་བྱའོ། །བཙུན་པ། དེ་སྟེ་ཐེ་ཚོམ་དང་དོགས་པ་ལས་ཐེ་ཚོམ་དང་དོགས་པ་བསལ་མ་ནུས་ན། དེས་སླར་ཡང་དབྱར་ཚུལ་དུ་འཇུག་ Na375b པར་བགྱིའམ། ཨུ་པ་ལི། ཚུལ་དུ་འཇུག་པར་བྱའོ། །བཙུན་པ། དེའི་དབྱར་གྱི་ཚུལ་གང་ལགས། ཨུ་པ་ལི། སྔ་མའོ། །བཙུན་པ། དགེ་སློང་གིས་གནས་འདིར་དབྱར་གནས་པར་བྱའོ། །སྙམ་དུ་སོང་སྟེ་བསམ་ནས་གཙུག་ལག་ཁང་ཞིག་ཏུ་སོང་སྟེ་དེ་དེར་ཕྱིན་པ་དང ། སྐྱ་རེངས་ཤར་ནས་དབྱར་ཕྱི་མར་གྱུར་ན། ཚུལ་དུ་ཞུགས་པ་ཞེས་བགྱིའམ། ཨུ་པ་ལི། ཚུལ་དུ་ཞུགས་པ་ཞེས་བྱ་སྟེ། དེས་དེར་ཚུལ་དུ་འཇུག་པར་བསམ་པའི་ཕྱིར་རོ། །བཙུན་པ། དགེ་སློང་གིས་གཙུག་ལག་ཁང་ཞིག་ཏུ་སོང་སྟེ་གནས་འདིར་བདག་ཚུལ་དུ་འཇུག་གོ་།ཞེས་བསམ་ནས་དེས་རྐང་པ་ཡ་གཅིག་ནི། མཚམས་ཀྱི་ནང་དུ་བཞག་།རྐང་པ་ཡ་གཅིག་ནི། མཚམས་ཀྱི་སླད་རོལ་དུ་བཞག་པ་དང ། སྐྱ་རེངས་ཤར་ནས་དབྱར་ཕྱི་མར་གྱུར་ན། ཚུལ་དུ་ཞུགས་པ་ཞེས་བགྱིའམ། ཨུ་པ་ལི། ཚུལ་དུ་ཞུགས་པ་ཞེས་བྱ་སྟེ། དེས་དེ་ལྟར་དེར་ཚུལ་དུ་འཇུག་པར་བསམ་པའི་ཕྱིར་རོ། །བཙུན་པ། དགེ་སློང་གིས་དབྱར་ཚུལ་དུ་ཞུགས་པ་ན་མཚན་གྱུར་ན། ཚུལ་དུ་ཞུགས་པ་ཞེས་བགྱིའམ། ཨུ་པ་ལི། ཚུལ་དུ་ཞུགས་པ་ཞེས་བྱའོ། །དེས་གནས་དེར་གནས་པར་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དགེ་སློང་མའི་དབྱར་མོ་ཁང་དུ་སོང་ལ་གནས་པར་གྱིས་ཤིག་།བཙུན་པ། དགེ་སློང་གིས་གནས་བཞིར་དབྱར་ཚུལ་དུ་ཞུགས་ཀྱང་དབྱར་ཚུལ་དུ་ཞུགས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་དགེ་སློང་དེས་གནས་བཞིའི་མཚམས་སུ་ཤིང་ངམ། འོད་མའམ། རེ་ལྡེས་མནན་ཏེ་དབྱར་ཚུལ་དུ་ཞུགས་པའོ། །དེ་གང་དུ་གནས་པར་བགྱི། གང་དགའ་བར་ Na376a ༄#། །རོ། །བཙུན་པ། དེ་སྟེ་ཤིང་ངམ། འོད་མའམ། རེ་ལྡེ་ནི། འཇིག་པའི་ཆོས་ཅན་དུ་གྱུར་ན། དབྱར་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེས་དབྱར་གང་དུ་གནས་པར་བགྱི།་གང་དགའ་བའི་གནས་གཅིག་ཏུའོ། །དེའི་དབྱར་གང་དུ་གཏོགས། །སེམས་ཀྱིས་གང་དུ་གནས་པར་བསམ་པའོ། །ལྷག་མ་རྣམས་ནི། བཏང་བ་ཞེས་བྱའོ། །བཙུན་པ། དེ་སྟེ་དེ་ཕན་ཆད་ཞག་བདུན་དུ་བྱིན་གྱིས་བརླབས་པར་གནས་དེ་ནས་གཉིས་པོར་མཆིས་ན། དབྱར་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། དབྱར་ཞིག་པ་ཞེས་བྱའོ། །བཙུན་པ། དགེ་སློང་གིས་གནས་བཞིའམ། དེ་ལས་མང་བ་རྣམས་མཚམས་གཅིག་ཏུ་བགྱིས་ཏེ་དབྱར་ཚུལ་དུ་ཞུགས་ན། གནས་དེ་དག་ཐམས་ཅད་དུ་དབྱར་ཚུལ་དུ་ཞུགས་པ་ཞེས་བགྱིའམ། ཨུ་པ་ལི། དབྱར་ཚུལ་དུ་ཞུགས་པ་ཞེས་བྱའོ། །དེས་གང་དུ་གནས་པར་བགྱི། གང་དགའ་བར་རོ། །བཙུན་པ། དགེ་སློང་གིས་གནས་གཅིག་ཏུ་དབྱར་ཚུལ་དུ་ཞུགས་ཏེ་དེ་སླན་ཆད་གནས་གཉིས་པ་དང ། གསུམ་པ་དང ། བཞི་པར་དབྱར་ཚུལ་དུ་ཞུགས་ན། ཚུལ་དུ་ཞུགས་པ་ཞེས་བགྱིའམ། ཨུ་པ་ལི། ཚུལ་དུ་ཞུགས་པ་ཞེས་བྱའོ། །གནས་གང་དུ། ཕྱི་མར་རོ། །བཙུན་པ། གང་ལ་དབྱར་གྱི་ཚུལ་སྔ་མ་ཡང་མ་མཆིས། ཕྱི་མ་ཡང་མ་མཆིས་ན། དེའི་མིང་ཇི་སྐད་ཅེས་བགྱི། ཨུ་པ་ལི། དབྱར་ཞིག་པ་ཞེས་བྱའོ། །བཙུན་པ། གང་ལ་སྔ་མ་དང ། ཕྱི་མའི་དབྱར་གྱི་ཚུལ་མཆིས་ལ། དེས་ཀྱང་ཞག་བདུན་དུ་བྱིན་གྱིས་མ་བརླབས་པར་མཚམས་ཀྱི་སླད་རོལ་ Na376b དུ་དོན་ཞིག་གི་སླད་དུ་མཆིས་ཏེ་སླར་མཆིས་བསམ་ན། དབྱར་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། དབྱར་ཞིག་པ་ཞེས་བྱའོ། །ཅི། དེས་ཡང་སླར་དབྱར་ཚུལ་དུ་འཇུག་པར་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དེ་ཡི་དམ་ལས་འགལ་བས་ན། ཉེས་བ་འཆགས་སུ་ཆུག་ཅིག་།བཙུན་པ། ཇི་སྲིད་དུ་དབྱར་ཚུལ་དུ་འཇུག་།ུ་པ་ལི། ཟླ་བ་གསུམ་མོ། །བཙུན་པ། གང་དབྱར་སླད་མར་ཚུལ་དུ་ཞུགས་པར་གྱུར་པ་དེས་ཇི་ལྟར་ཚུལ་ནས་འབྱུང་བར་བགྱི། ནམ་ཞུགས་པ་ན་ཟླ་བ་གསུམ་དུ་གནས་པའི་གྲངས་ཚང་བའམ། ཡང་ན་རྐྱེན་ཞིག་བྱུང་ན་ཡང་རུང་ངོ ། །མདོར་ན། སྐྱ་རེངས་བསམ་པ་སྤངས་པ་དང ། །གནས་དང་ཤིང་རྟ་བ་ལང་ཁྱིམ། །ཤིང་དང་གྲོག་པོ་ཕུག་དེ་བཞིན། །ཞིག་པ་འགྲོ་ཡང་དེ་བཞིན་ཏེ། །སྡེ་ལྔ་དང་ནི་བསམ་པ་དང ། །བདུན་པོ་དང་ནི་མི་གནས་པའོ། །བཙུན་པ། དབྱར་གྱི་ནང་ལོགས་སུ་དགེ་འདུན་འཁྲུགས་ནས་དེར་ཡང་དགེ་སློང་གིས་བསམ་བཞིན་དུ་ཆོས་ཀྱི་ཕྱོགས་དང་ཆོས་མ་ལགས་པའི་ཕྱོགས་ལ་གནས་ན། །དབྱར་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། དེ་སྟེ་ལྟ་བ་སྒྲོག་བཞིན་པ་ལས་སྐྱ་རེངས་ཤར་ན་ནི། དབྱར་ཞིག་བ་ཞེས་བྱའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཡང་དགེ་སློང་གི་མདུན་དུ་དབྱར་ཚུལ་དུ་ཞུགས་ཤིག་།ཅེས་གསུངས་ན། བཙུན་པ། དགེ་སློང་གིས་དགེ་སློང་མ་མཆིས་ནས་སེམས་བསྐྱེད་དེ་དབྱར་ཚུལ་དུ་ཞུགས་ན། དབྱར་ཚུལ་དུ་ཞུགས་པ་ཞེས་བགྱིའམ། ཨུ་པ་ལི། ཚུལ་དུ་ཞུགས་པ་ཞེས་བྱ་སྟེ། དགེ་སློང་ཡོད་བཞིན་ན་ནི། འདས་པ་དང་ Na377a ༄#། །བཅས་པའོ། །བཙུན་པ། དགེ་སློང་དབྱར་གྱི་ནང་ལོགས་སུ་སྤངས་པ་དེ་དང་ལྷན་ཅིག་གནས་སུ་གནས་པར་བགྱིའམ། ཨུ་པ་ལི། གནས་པར་བྱ་སྟེ། སྐབས་ཕྱེ་ནས་མ་གནས་ཤིག་།བཙུན་པ། བཅོམ་ལྡན་འདས་ཀྱིས་ནི། གང་དགེ་སློང་གིས་གནས་འདི་ན་བདག་ལ་དགེ་སློང་མདོ་སྡེ་འཛིན་པ་དང ། མ་ལྟ་བུ་འཛིན་པའི་དགེ་སློང་དེ་ལྟ་བུ་དག་གིས་ཐེ་ཚོམ་མ་སྐྱེས་པ་དག་ནི། མི་སྐྱེད། ཐེ་ཚོམ་སྐྱེས་པ་ནི། སེལ་བར་བྱེད། ཡོད་དམ་མེད་པའི་གནས་རྟོགས་ལ་དབྱར་ཚུལ་དུ་ཞུགས་ཤིག་།ཅེས་གསུངས་ན། བཙུན་པ། མདོ་སྡེ་འཛིན་པ་དང ། མ་ལྟ་བུ་འཛིན་པ་མ་མཆིས་པར་དབྱར་ཚུལ་དུ་འཇུག་ཏུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། འདུལ་བ་འཛིན་པ་མ་མཆིས་པར་དབྱར་ཚུལ་དུ་འཇུག་ཏུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །དེ་སྟེ་བཙུན་པ། འདུལ་བ་འཛིན་པ་མ་མཆིས་ན། སོ་སོར་ཐར་པའི་མདོ་འདོན་པའི་དགེ་སློང་བཙལ་འཚལ་ལམ། སོ་སོར་ཐར་པ་འདོན་པ་མེད་ན། དབྱར་ཚུལ་དུ་འཇུག་ཏུ་མི་གནང་ངོ ། །བཙུན་པ། ཤིང་རྟ་སྤྱོད་པའི་ཁྱིམ་མམ། བ་ལང་རྫིའི་ཁྱིམ་དུ་གནས་ཏེ་དབྱར་ཚུལ་དུ་འཇུག་ཏུ་རུང་ངམ། ཨུ་པ་ལི། དེ་སྟེ་དེས་འདི་སྙམ་དུ་དབྱར་ཚུལ་གནས་འདི་ནས་གུང་དུ་མི་འདོང་བར་དེས་བསམ་ན། རུང་ངོ ། །བཙུན་པ། དེ་སྟེ་ཚུལ་དུ་ཞུགས་པ་ལས་དོང་ན། དབྱར་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ཤིང་དྲུང་ངམ། རི་བྲག་གམ། Na377b ཕུག་གམ། སྤྱིལ་པོར་དབྱར་ཚུལ་དུ་འཇུག་ཏུ་རུང་ངམ། ཨུ་པ་ལི། རུང་ངོ ། །བཙུན་པ། དགེ་སློང་གིས་དོན་ཞིག་གི་སླད་དུ་ཞག་བདུན་ནམ་བཞི་བཅུར་བྱིན་གྱིས་བརླབས་ཏེ་མཆིས་པ་ལས། དེ་ཡང་དུས་འདས་པར་གྱུར་ན། ཞག་བདུན་ནམ་བཞི་བཅུར་བྱིན་གྱིས་བརླབས་པ་དེ་ཞིག་ཅེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དོན་གཞན་གྱི་ཟད་པར་གྱིས་ཤིག་།བཙུན་པ། དགེ་སློང་གིས་ཞག་བདུན་ན་སྐབས་འབྱེད་པར་འགྱུར་རོ། །སྙམ་ནས་བྱིན་གྱིས་མ་བརླབས་པར་མཆིས་ན། དབྱར་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། དབྱར་ཞིག་པ་ཞེས་བྱའོ། །བཙུན་པ། དེ་སྟེ་ཞག་དྲུག་གམ། ལྔའམ། བཞིའམ། གཅིག་ན་ཚུལ་ནས་འབྱུང་བར་འགྱུར་རོ། །སྙམ་ནས་བྱིན་གྱིས་བརླབས་པར་མཆིས་ན། དབྱར་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། དབྱར་ཞིག་པ་ཞེས་བྱའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཞག་བདུན་དུ་བྱིན་གྱིས་རློབས་ལ་སོང་ཤིག་།ཅེས་གསུངས་ན། བཙུན་པ། གང་གིས་བྱིན་གྱིས་བརླབ་པར་བགྱི། ཨུ་པ་ལི། སྡེ་ལྔས་སོ། །གང་དུ་བྱིན་གྱིས་བརླབ་པར་བགྱི། མཚམས་ཀྱི་ནང་དུའོ། །ཇི་ལྟར་བྱིན་གྱིས་བརླབ་པར་བགྱི། སེམས་བསྐྱེད་ལ་ཚིག་ཏུ་བརྗོད་པར་བྱ་སྟེ། བདག་མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་གི་གནས་འདིར་དབྱར་སྔ་མ་གསུམ་ཚུལ་དུ་ཞུགས་ཏེ་བདག་མིང་འདི་ཞེས་བགྱི་བ་དོན་འདི་ལྟ་བུའི་ཕྱིར་མཚམས་ཀྱི་སླད་རོལ་དུ་མཆི་བར་བྱིན་གྱིས་བརླབས་ཏེ་བདག་གི་དབྱར་ནི། འདི་ཉིད་དེ། དབྱར་འདི་ཉིད་དུ་གནས་པའོ། །བཙུན་པ། གང་གི་དོན་དུ་བྱིན་གྱིས་བརླབ་པར་བགྱི། ཨུ་ Na378a ༄#། །པ་ལི།་སྡེ་བདུན་གྱི་ཕྱིར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ནི། ཞག་བཞི་བཅུའི་སྡོམ་པ་སྩོལ་ཅིག་།ཅེས་གསུངས་ན། གང་ལ་སྩལ་བར་བགྱི། ཨུ་པ་ལི། སྡེ་ལྔ་ལའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ནི། དགེ་འདུན་གྱི་དོན་གྱི་སླད་དུ་ནི། ཞག་བཞི་བཅུའི་སྡོམ་པ་བྱིན་ཅིག་།ཅེས་གསུངས་ན། བཙུན་པ། དགེ་སློང་དང ། དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་དང ། དགེ་བསྙེན་མ་དང ། དགེ་བསྙེན་ཕ་དང ། བསྙེན་གནས་འདི་ལས་སླད་རོལ་གྱི་མུ་སྟེགས་ཅན་དགེ་སྦྱོང་གཞན་བྲམ་ཟེ་དང ། སྤྱོད་པ་པ་ཀུན་ཏུ་རྒྱུ་བ་རྣམས་ཀྱི་དོན་གྱི་སླད་དུ་ཞག་བཞི་བཅུའི་སྡོམ་པ་སྩལ་བར་བགྱིའམ། ཨུ་པ་ལི། རུང་ངོ ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ནི། །ཞག་བཞི་བཅུར་བསྐོ་བར་བྱའོ། །ཞེས་གསུངས་ན། བཙུན་པ། ཞག་སུམ་ཅུ་རྩ་དགུའམ། ཞག་སུམ་ཅུའམ། ཞག་ཉི་ཤུར་བསྐོ་བར་རུང་ངམ། ཨུ་པ་ལི། རུང་ངོ ། །བཙུན་པ། ཞག་བཞི་བཅུའི་སྟེང་དུ་ཡང་ཞག་སུམ་ཅུ་རྩ་དགུའམ། ཞག་སུམ་ཅུའམ། ཞག་ཉི་ཤུའམ། ཞག་བཅུའམ། ཞག་བདུན་དུ་བསྐོར་བར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། ཞག་སུམ་ཅུ་རྩ་དགུའི་སྟེང་དུ་ཞག་སུམ་ཅུའམ། ཞག་ཉི་ཤུའམ། ཞག་བཅུའམ། ཞག་བདུན་དུ་བསྐོ་བར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། ཞག་བཞི་བཅུའི་སྟེང་དུ་ཞག་བདུན་དུ་བྱིན་གྱིས་བརླབ་ཏུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །ུ་པ་ལི། དེ་ཅིའི་ཕྱིར་ཞེ་ན། མཚམས་ཀྱི་ Na378b ནང་དུ་ནི། ཞག་མང་དུ་གནས་པར་བྱའོ། །མཚམས་ཀྱི་ཕྱི་རོལ་ཏུ་ནི། ཞག་ཉུང་ངུ་གནས་པར་བྱའོ། །བཙུན་པ། ཞག་སུམ་རྩ་དགུའི་སྟེང་དུ་ཞག་བདུན་དུ་བྱིན་གྱིས་བརླབ་ཏུ་རུང་ངམ། ཨུ་པ་ལི། མི་རུང་ངོ་།། བཙུན་པ། ཞག་སུམ་ཅུའམ། ཉི་ཤུའམ། ཞག་བདུན་གྱི་སྟེང་དུ་ཞག་བདུན་དུ་བྱིན་གྱིས་བརླབ་ཏུ་རུང་ངམ། ཨུ་པ་ལི། རུང་ངོ ། །བཙུན་པ། ཞག་བདུན་གྱི་སྟེང་དུ་ཞག་བཞི་བཅུར་བསྐོ་བར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །ུ་པ་ལི། དེ་ཅིའི་ཕྱིར་ཞེ་ན། མཚམས་ཀྱི་ནང་དུ་ནི། ཞག་མང་དུ་གནས་པར་བྱའོ། །མཚམས་ཀྱི་ཕྱི་རོལ་ཏུ་ནི། ཞག་ཉུང་དུ་གནས་པར་བྱའོ། །བཙུན་པ། ཞག་བདུན་གྱི་སྟེང་དུ་ཞག་སུམ་ཅུ་རྩ་དགུར་བསྐོ་བར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། ཞག་བདུན་གྱི་སྟེང་དུ་ཞག་སུམ་ཅུའམ། ཞག་ཉི་ཤུའམ། ཞག་བཅུའམ། ཞག་བདུན་དུ་བསྐོར་རུང་ངམ། ཨུ་པ་ལི། རུང་ངོ ། །བཙུན་པ།་དགེ་སློང་དབྱར་ཚུལ་དུ་ཞུགས་པ་ལས་སློབ་དཔོན་དང ། མཁན་པོ་དུས་བགྱིས་ནས་དེས་གནས་བཅའ་བ་མ་རྙེད་དེ་མཆིས་ན། དེ་དབྱར་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། དབྱར་ཞིག་པ་ཞེས་བྱའོ། །དབྱར་གྱི་དངོས་པོ་རྫོགས་སོ།། །།མདོར་ན། ལྷམ་གཉིས་པགས་པ་རྣམ་གཉིས་དང ། །དོམ་ལྤགས་ཡང་ན་མཇུག་མ་དང ། །མལ་སྟན་མཐོ་དང་མལ་སྟན་ཆེ། །ལྷམ་ཡུ་ཅན་དང་ཤིང་ལྷམ་མོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ལྷམ་མི་རུང་བ་རྣམ་པ་ལྔ་མ་འཆང་ཞིག་།ཅེས་གསུངས་ན། བཙུན་པ། གཞན་ཡང་གཅན་གཟན་མི་སུན་པ་དང ། བ་ལང་ངན་པ་དང ། རྟ་ངན་ Na379a ༄#། །པ་གཞན་དག་ཀྱང་མཆིས་ན། དེ་དག་གི་པགས་པའི་ལྷམ་ཡང་བཅང་བར་མི་བགྱིའམ། ཨུ་པ་ལི། ལྷམ་དེ་དག་ཀྱང་མ་འཆང་ཞིག་།བཙུན་པ། བཅོམ་ལྡན་འདས་ཀྱིས་ཁྱིམ་པས་བགོས་པའི་ལྷམ་དམན་མ་བོར་བ་ཆོངས་ཤིག་།ཅེས་གསུངས་ན། བཙུན་པ། དགེ་སློང་ཁྱིམ་པས་བོར་བའི་ལྷམ་དམན་མ་བཅངས་ཀྱང་ནོངས་པ་དང་བཅས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། །འདི་ལྟར་ཡང་དགེ་སློང་དེས་ཐམས་ཅད་རི་མོ་ཅན་ནམ། གསེར་གྱིས་བརྒྱན་པའམ། དངུལ་གྱིས་བརྒྱན་པ་བཅངས་པའོ། །བཙུན་པ། དགེ་སློང་གིས་མི་རུང་བ་རྣམ་པ་ལྔ་བཅངས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་དེས་རི་དྭགས་ཕྲ་མོའམ། ཀླུས་འཇིག་པར་གྱུར་ནའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་པགས་པ་མ་འཆང་ཞིག་།པགས་པའི་སྟེང་དུ་མ་འདུག་ཅིག་།ཅེས་གསུངས་ན། བཙུན་པ། ཇི་ཙམ་གྱིས་པགས་པའི་སྟེང་དུ་འདུག་པ་ཞེས་བགྱི། ཨུ་པ་ལི། ཇི་ཙམ་རྐུབ་ཚོས་བཞག་པར་གྱུར་པའོ། །བཙུན་པ་ཇི་ཙམ་གྱིས་ན། ཉལ་བ་ཞེས་བགྱི། ཨུ་པ་ལི། ལུས་ཀྱིས་འཕྲེས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་པགས་པ་མ་འཆང་ཞིག་།ཅེས་གསུངས་ན། བཙུན་པ། དགེ་སློང་གིས་པགས་པ་བཅངས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ནད་པས་ནི། པགས་པ་ཆོངས་ཤིག་།མི་ན་བས་ནི། མ་ཡིན་ནོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ Na379b དོམ་གྱི་པགས་པ་ཆོངས་ཤིག་།ཅེས་གསུངས་ན། བཙུན་པ། ཅི། ནད་པས་བཅང་བར་བགྱིའམ། འོན་ཏེ་མི་ན་བས་ཀྱང་བཅང་བར་བགྱི། ཨུ་པ་ལི། ན་བ་དང ། མི་ན་བ་གཉིས་ཀས་ཆོངས་ཤིག་བཙུན་པ། བཅོམ་ལྡན་འདས་ཀྱིས་མཇུག་མ་ལྔ་ལ་འཇུས་ཏེ་ཀླུང་རྒོལ་ཅིག་།ཅེས་གསུངས་ན། བཙུན་པ། རྐང་པ་བཞི་པ་གཞན་དག་ཀྱང་མཆིས་ན། དེ་དག་གི་ལས་རྒལ་བར་ཡང་རུང་ངམ། ཨུ་པ་ལི། རྒོལ་ཅིག་།བཙུན་པ། དེ་སྟེ་ཕོ་མ་མཆིས་ན། མོའི་ལས་རྒལ་བར་བགྱིའམ། ཨུ་པ་ལི། དེ་ནི། བར་ཆད་ཅིག་བྱུང་ན། རྒལ་བར་བྱའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་མལ་སྟན་མཐོན་པོར་མ་འདུག་ཅིག་།ཅེས་གསུངས་ན། བཙུན་པ། མལ་སྟན་མཐོན་པོའི་ཚད་ཇི་ཙམ། བདེ་བར་གཤེགས་པའི་སོར་བརྒྱད་ལས་ལྷག་པ་ནི། མལ་སྟན་མཐོན་པོའོ། །བཙུན་པ།་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་མལ་སྟན་མཐོ་ཞིང་ཆེ་བ་ལམ་འདུག་ཅིག་།ཅེས་གསུངས་ན། བཙུན་པ། དགེ་སློང་མལ་སྟན་མཐོ་ཞིང་ཆེ་བ་ལ་མཆིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། །ལྷའི་ཁྱིམ་དང ། ཀླུའི་ཁྱིམ་དང ། གནོད་སྦྱིན་གྱི་ཁྱིམ་དང ། རྒྱལ་པོའི་ཁྱིམ་དང ། རྒྱལ་པོའི་བློན་པོའི་ཁྱིམ་དེ་དག་ཏུ་སྟན་གཞན་མེད་ནའོ། །བཙུན་པ།་དགེ་སློང་གིས་བཞོན་པ་ལ་འཚལ་ན། ནོངས་པ་གསུམ་དུ་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་བཞོན་པ་དེ་མོ་ཡིན་པ་དང ། གསེར་གྱིས་བརྒྱན་པར་གྱུར་པའོ།། Na380a ༄#། །བཙུན་པ། བཅོམ་ལྡན་འདས་ཀྱིས་ལྗོངས་ཁ་བ་ཅན་དུ་ལྷམ་ཡུ་བ་ཅན་ཆོངས་ཤིག་།ཅེས་གསུངས་ན། བཙུན་པ། དགེ་སློང་གིས་དེ་ལས་གཞན་པའི་ལྗོངས་སུ་ལྷམ་ཡུ་བ་ཅན་བཅངས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། གང་དུ་ལྷམ་ཡུ་བ་ཅན་མེད་ན། འཚོ་བར་མི་ནུས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཤིང་ལྷམ་མ་འཆང་ཞིག་།ཅེས་གསུངས་ན། བཙུན་པ། དགེ་སློང་གིས་ཤིང་ལྷམ་བཅངས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། །ཆུ་ཡོད་པའི་ཡུལ་ཆུས་གང་བས་ཤིང་ལྷམ་མེད་པར་འགྲོ་བར་མི་ནུས་པ་དེར་རོ། །པགས་པའི་དངོས་པོ་རྫོགས་སོ།། །།མདོར་ན། སྨན་གཉིས་ལན་ཚཝ་རྣམ་པ་གཉིས། །མར་ལ་རྣམ་གཉིས་དེ་བཞིན་ཏེ། །ས་དང་བཙོས་དང་བུ་རམ་དང ། །འབྲུ་མར་ཕན་པ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། སྨན་དེ་ཉིད་སྔ་དྲོའི་ལགས་ལ། དེ་ཉིད་སླད་དྲོའི་ཡང་ལགས། དེ་ཉིད་ཞག་བདུན་པའི་ཡང་ལགས། དེ་ཉིད་ནམ་འཚོ་བའི་བར་དུ་བཅང་བ་ལགས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཨུ་པ་ལི། བུ་རམ་ཤིང་ནི། སྔ་དྲོའི་འོ། །ཁུ་བ་ནི། ཕྱི་དྲོའི་འོ། །བུ་རམ་ནི། ཞག་བདུན་པའི་འོ། །བསྲེགས་པའི་ཐལ་བ་ནི། ནམ་འཚོའི་བར་དུའོ། །ུ་པ་ལི། ཞོ་ནི། སྔ་དྲོའི་འོ། ཆུ་ནི། ཕྱི་དྲོའི་འོ། །མར་ནི། ཞག་བདུན་ Na380b པའི་འོ། །བསྲེགས་པའི་ཐལ་བ་ནི། ནམ་འཚོའི་བར་དུའོ། །ུ་པ་ལི། ཤ་ནི། སྔ་དྲོའི་འོ། །ཞག་ནི། ཞག་བདུན་པའི་འོ། །བསྲེགས་པའི་ཐལ་པ་ནི། ནམ་འཚོའི་བར་དུའོ། །ུ་པ་ལི། འབྲུ་ནི། སྔ་དྲོའི་འོ། །འབྲུ་མར་ནི། ཞག་བདུན་པའི་འོ། །བསྲེགས་པའི་ཐལ་བ་ནི། ནམ་འཚོའི་བར་དུའོ། །བཙུན་པ། སྔ་དྲོ་བ་དང ། ཕྱི་དྲོ་བ་དང ། ཞག་བདུན་པ་དང ། ནམ་འཚོའི་བར་གྱི་སྨན་འདི་དག་རྣམས་ཕན་ཚུན་འདྲེས་ན། འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། བླངས་པ་དང ། བྱིན་ལེན་མ་བགྱིས་པ་དང ། བླངས་པ་ལ་བྱིན་ལེན་བགྱིས་པ་དང ། ནང་དུ་བཞག་པ་དང ། ནང་དུ་བཙོས་པ་དང ། རང་གིས་བཙོས་པའི་རྣམས་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། དགེ་སློང་གིས་སྔ་དྲོའི་དང ། སླད་དྲོའི་དང ། ཞག་བདུན་པའི་དང ། ནམ་འཚོའི་བར་གྱི་སྨན་གང་ལགས་པ་དེ་དག་བླངས་པ་དང ། བྱིན་ལེན་མ་བགྱིས་པ་དང ། བླངས་པ་ལ་བྱིན་ལེན་བགྱིས་པ་དང ། ནང་དུ་བཞག་པ་དང ། ནང་དུ་བཙོས་པ་དང ། རང་གིས་བཙོས་པ་དང ། དགེ་སློང་གིས་བཙོས་པའི་རྣམས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་སྔ་དྲོ་བའི་དང ། སླད་དྲོ་བའི་དང ། ཞག་བདུན་པའི་དང ། ནམ་འཚོའི་བར་གྱི་སྨན་གང་ལགས་པ་དེ་དག་བླངས་པ་དང ། བྱིན་ལེན་མ་བགྱིས་པ་དང ། བླངས་པ་ལ་བྱིན་ལེན་བྱས་པ་དང ། ནང་དུ་བཞག་པ་དང ། ནང་དུ་བཙོས་པ་དང ། རང་གིས་བཙོས་པ་དང ། དགེ་སློང་མས་བཙོས་པ་རྣམས་འཚལ་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་ Na381a ༄#། །པ།་དགེ་སློང་གིས་བླངས་པ་ལ་བྱིན་ལེན་བགྱིས་པ་དང ། ནང་དུ་བཞག་པ་དང ། ནང་དུ་བཙོས་པ་དང ། རང་གིས་བཙོས་པ་དང ། དགེ་སློང་གིས་བཙོས་པ་འཚལ་བ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དགེ་སློང་མས་བླངས་པ་ལ་བྱིན་ལེན་བགྱིས་དང ། ནང་དུ་བཞག་པ་དང ། ནང་དུ་བཙོས་པ་དང ། རང་གིས་བཙོས་པ་དང ། དགེ་སློང་མས་བཙོས་པ་འཚལ་བ་ན་མཚན་འཕོས་ཏེ་དགེ་སློང་ཕར་གྱུར་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། སྔ་དྲོ་བ་གང་ལགས་པ་དང ། སླད་དྲོ་བ་གང་ལགས་པ་དང ། ཞག་བདུན་པ་གང་ལགས་པ་དང ། ནམ་འཚོའི་བར་གྱི་སྨན་རྣམས་གང་ལགས་པ་ཕན་ཚུན་འདྲེས་ཏེ་མ་ཕྱེ་ན། ནམ་འཚོའི་བར་དུ་བྱིན་གྱིས་བརླབ་ཏུ་རུང་ངམ། ཨུ་པ་ལི། མི་རུང་སྟེ། སྔ་དྲོ་བ་དང ། ཕྱི་དྲོ་བ་དང ། ཞག་བདུན་པ་དེ་རྣམས་ཀྱིས་ནམ་འཚོའི་བར་དུ་བྱ་བ་བྱར་མི་རུང་སྟེ། བྱིན་གྱིས་བརླབ་ཏུ་མི་རུང་ངོ ། །དེ་སྟེ་ཡང་སྔ་དྲོ་བའི་དང ། ཕྱི་དྲོ་བའི་དང ། ཞག་བདུན་པའི་རྣམས་དབྱེ་བར་ནུས་ན། བྱིན་གྱིས་བརླབ་ཏུ་རུང་ངམ། བཙུན་པ། མི་རུང་བ་ཞིག་གིས་ལན་ཚཝ་བཙོས་ནས་འཚལ་བར་བགྱིའམ། ཨུ་པ་ལི། མི་ན་བས་བཟའ་བར་མི་བྱའོ། །ཤ་ལས་བཙོས་པའམ། མར་ལས་བཙོས་པའམ། འབྲུ་མར་ལས་བཙོས་པ་ཡང་དེ་བཞིན་ནོ། །བཙུན་པ། མི་རུང་བའི་ལན་ཚཝས་འབྲུ་མར་རམ། མར་བཙོས་པ་འཚལ་དུ་ Na381b རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། མར་རམ། འབྲུ་མར་ཆང་དང་ལྷན་ཅིག་བཙོས་པ་འཚལ་དུ་རུང་ངམ། ཨུ་པ་ལི། བཟར་རུང་ངོ ། །བཙུན་པ། མར་རམ། འབྲུ་མར་ཆང་དང་ལྷན་ཅིག་ཏུ་འདྲེས་པར་གྱུར་པ་འཚལ་དུ་རུང་ངམ། ཨུ་པ་ལི། རུང་ངོ ། །བཙུན་པ། ཆང་གིས་སྤངས་པའི་སྨན་འཚལ་དུ་རུང་ངམ། ཨུ་པ་ལི། ན་བ་ལ་ནི། རུང་གི་།མི་ན་བ་ལ་ནི། མ་ཡིན་ནོ། །བཙུན་པ། མི་རུང་བའི་ས་ལ་ཤིང་ཞིག་སྐྱེས་ལ། མི་རུང་བའི་སར་འབྲས་བུ་ཞིག་ལྷུང་ན། འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །མི་རུང་བའི་ས་ལ་ཤིང་ཞིག་སྐྱེས་ལ་རུང་བའི་སར་འབྲས་བུ་ལྷུང་ན། འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །རུང་བའི་ས་ལ་ཤིང་ཞིག་སྐྱེས་ལ། མི་རུང་བའི་སར་འབྲས་བུ་ལྷུང་ན། འཚལ་དུ་རུང་ངམ། དེ་སྟེ་ཞག་གཅིག་ལོན་པར་མ་གྱུར་ན་ནི། བཟའ་བར་བྱའོ། །རུང་བའི་ས་ལ་ཤིང་ཞིག་སྐྱེས་ལ་རུང་བའི་སར་འབྲས་བུ་ལྷུང་ན། འཚལ་དུ་རུང་ངམ། ཨུ་པ་ལི། བཟར་རུང་ངོ ། །རུང་བའི་ས་ན་ཞུགས་མཆིས་ལ། མི་རུང་བའི་ས་ན་མཆིས་བས་ཞུགས་སམ། ཞུགས་ལྕེའམ། ཞུགས་ལྕེ་ཆད་པས་རུང་བར་བགྱིད་ན། རུང་ཞེས་བགྱིའམ། བགྱིས་པ་ཞེས་བརྗོད་དམ། འཚལ་བར་བགྱིའམ། ཨུ་པ་ལི། མི་རུང་ངོ ། །རུང་པའི་ས་ན་ཞུགས་མཆིས་ལ། མི་རུང་བའི་ས་ན་མཆིས་པས་ཞུགས་སུ་བཅུག་ན། རུང་ཞེས་བགྱིའམ། བགྱིས་པ་ཞེས་བགྱིའམ། འཚལ་དུ་རུང་ངམ། ཨུ་པ་ལི། མ་ཡིན་ནོ། །མི་རུང་བའི་ས་ན་ཞུགས་མཆིས་ལ། རུང་བའི་ས་ན་མཆིས་པས་ཞུགས་ Na382a ༄#། །སམ།་ཞུགས་ལྕེའམ། ཞུགས་ལྕེ་ཆད་པས་རུང་བར་བགྱིས་ན། རུང་བར་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། རུང་བར་བྱས་པ་ཞེས་བྱ་སྟེ། བཟའ་བར་བྱའོ། །མི་རུང་བའི་ས་ན་ཞུགས་མཆིས་ལ། རུང་བའི་ས་ན་མཆིས་པས་ཞུགས་སུ་སྩལ་ན། རུང་བར་བགྱིས་པ་ཞེས་བགྱིའམ། རུང་བར་བྱས་པ་ཞེས་བྱའོ། །འཚལ་དུ་རུང་ངམ། ཨུ་པ་ལི། བཟའ་བར་བྱའོ། །མི་རུང་བའི་ས་ན་སྒྱེད་པུ་གསུམ་མཆིས་ལ། རུང་བའི་ས་ན་ཞུགས་མཆིས་པའི་ཞུགས་ལྕེ་དེས་བསྒྲལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །མི་རུང་བའི་ས་ན་ཞུགས་མཆིས་ལ་རུང་བའི་ས་ན་སྒྱེད་པུ་གཉིས་མཆིས་པ་དང ། མི་རུང་བའི་ས་ན་སྒྱེད་པུ་གཅིག་མཆིས་པ་ཞུགས་ལྕེ་དེས་བསྒྲལ་ན། འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །མི་རུང་བའི་ས་ན་སྒྱེད་བུ་གཅིག་མཆིས་ལ། རུང་བའི་ས་ན་ཞུགས་མཆིས་པ་དེའི་ཞུགས་ལྕེས་བསྒྲལ་ན། དེ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །རུང་བའི་ས་ན་ཞུགས་མཆིས་ལ་རུང་བའི་ས་ན་སྒྱེད་བུ་གཉིས་མཆིས་པ་དང ། མི་རུང་པའི་ས་ན་སྒྱེད་པུ་གཅིག་མཆིས་ལ་ཞུགས་ལྕེ་དེས་བསྒྲལ་ན། འཚལ་དུ་རུང་ངམ། ཨུ་པ་ལི། བཟའ་བར་བྱའོ། །རུང་བའི་ས་ན་སྒྱེད་པུ་གསུམ་མཆིས་ལ་རུང་བའི་ས་ན་ཞུགས་མཆིས་ན་ཞུགས་ལྕེ་དེས་བསྒྲལ་ན། འཚལ་དུ་རུང་ངམ། ཨུ་པ་ལི། རུང་ངོ ། །བཙུན་པ། དགེ་སློང་གིས་ས་བོན་གྱི་རིགས་ལྔ་ལ་ཞུགས་སམ། མཚོན་ཏམ། སེན་མོས་རུང་བར་བགྱིད་ན། རུང་བར་བགྱིས་ Na382b པ་ཞེས་བགྱིའམ། རུང་བར་བྱས་པ་ཞེས་བྱ་སྟེ། རུང་བར་བྱས་པས་ན། བཟའ་བར་བྱའོ། །མེས་རུང་བར་བྱས་པ་མ་གཏོགས་ཏེ། ལྷག་མ་རྣམས་ནི། བཟའ་བར་བྱའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་བཏུང་བ་རྣམ་པ་བརྒྱད་འཐུང་ཞིག་།ཅེས་གསུངས་ན། རྩ་བ་དང ། སྡོང་བུ་དང ། ལོ་མ་དང ། འབྲས་བུ་དང ། བསྔལ་བར་བསྲེས་པ་འདི་དག་འཚལ་དུ་རུང་ངམ། ཨུ་པ་ལི། རུང་ངོ ། །བཙུན་པ།་བུ་རམ་ཆབ་དགུང་བདུན་དུ་བྱིན་གྱིས་བརླབ་ཏུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །ཇི་སྲིད་དུ་བཏུང་བར་བགྱི། དངོས་པོར་མ་གྱུར་པའི་བར་དུའོ། །བཙུན་པ། མི་རུང་བའི་སྨན་འབྲུ་མར་དུ་བསྒྲལ་བ་འཚལ་བར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ནད་པའི་གཡོག་ཇི་ལྟར་བགྱི། སྟོན་པའི་འདུ་ཤེས་པས་སྨན་ཕན་པ་དང་མཐུན་པས་གཡོག་བྱའོ། །བཙུན་པ། ནད་པ་ལ་ཅི་སྩལ་བར་བགྱི། ཨུ་པ་ལི། རང་བཞིན་གྱིས་ཁ་ན་མ་ཐོ་བ་མ་གཏོགས་པར་གང་གིས་ནད་པ་སོས་པར་འགྱུར་བ་དེ་དག་བྱིན་ཅིག་།མདོར་ན། འུག་པ་འོལ་བ་བྱ་རྒོད་དང ། །བྱ་རོག་ཀངྐ་ཆུ་སྐྱར་མོ། །མི་རོ་ཟའི་བྱ་རྣམས་དང ། །སེན་མོ་མཆུ་སྟོབས་གང་ལྡན་པའོ། །བཙུན་པ། འུག་པའི་ཤ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །འོལ་བའི་ཤ་དང ། བྱ་རྒོད་ཀྱི་ཤ་དང ། བྱ་རོག་གི་ཤ་དང ། བྱ་ཀངྐའི་ཤ་དང ། ཆུ་སྐྱར་མོའི་ཤ་དང ། གཞན་ཡང་མི་རོ་འཚལ་བ་རྣམས་དང ། སེན་མོ་དང ། མཆུ་སྟོབས་དང་ལྡན་པའི་ཤ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །མདོར་ན། ཀནྟུ་དང་ནི་པད་པ་ Na383a ༄#། །དང ། །སྲིན་བུ་སྦལ་པའང་དེ་བཞིན་ཏེ། །སྲེ་མོ་སྦྲུལ་དང་གོ་དྷ་དང ། །སྦལ་པ་དཀར་པོ་རྔ་མོ་སྲམ། །བཙུན་པ། སྲོག་ཆགས་ཀནྟུའི་ཤ་འཚལ་དུ་རུང་ངམ། ཨུ་པ་ལི།་མི་རུང་ངོ ། །བཙུན་པ། པད་པའི་ཤ་དང ། སྦལ་པའི་ཤ་དང ། སྲེ་མོའི་ཤ་དང ། སྦྲུལ་གྱི་ཤ་དང ། གོ་དྷའི་ཤ་དང ། སྦལ་པ་དཀར་པོའི་ཤ་དང ། སྲམ་གྱི་ཤ་དང ། བྱ་རོག་གི་ཤ་དང ། གཞན་ཡང་ཆུ་ན་གནས་པ་དང ། སེན་མོ་དང་མཆེ་བའི་སྟོབས་དང་ལྡན་པ་དང ། གཞན་ཡང་མི་རོ་ཟ་བ་དེ་དག་གི་ཤ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །མདོར་ན། བལ་གླང་དང་ཡང་ཝ་དང་རྟ། །སྤྲེའུ་དང་མི་ཡང་དེ་བཞིན་ཏེ། །སེངྒེ་སྟག་དང་དོམ་དག་དང ། །སེན་མོ་མཆེ་བ་གང་མཐུ་ལྡན། །བཙུན་པ། བ་ལང་གི་ཤ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། ། བཙུན་པ། རྟ་དང ། ཝའི་ཤ་དང ། སྤྲེའུའི་ཤ་དང ། མིའི་ཤ་དང ། སེངྒེའི་ཤ་དང ། སྟག་གི་ཤ་དང ། དོམ་གྱི་ཤ་དང ། གཞན་ཡང་རྐང་བཞི་པ་སེན་མོ་དང་མཆེ་བའི་སྟོབས་དང་ལྡན་པ་དེ་དག་གི་ཤ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། གང་གི་ཤ་འཚལ་དུ་མི་རུང་བ་དེའི་ཞག་དང ། འོ་མ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །ུ་པ་ལི། དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། གང་གིས་ཤ་མི་རུང་བ་དེའི་ཐམས་ཅད་ཀྱང་མི་རུང་བའོ། །བཙུན་པ། ཤ་རྗེན་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བདག་གི་ཕྱིར་བསད་པའི་ཤ་ Na383b འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །སྨན་གྱི་དངོས་པོ་རྫོགས་སོ།། །།འདུལ་བ་གཞུང་དམ་པ། བམ་པོ་བཅོ་བརྒྱད་པ། མདོར་ན། དབྱར་གཉིས་བྱེ་བར་གྱུར་པ་གནས། ། རྙེད་དང་དགེ་འདུན་དག་གི་གཉིས། །སྨྱོས་པ་ཆད་པ་གསུམ་པ་དང ། །སྦྱོར་བ་མགྲོན་པོ་མང་པོ་དབྱར། །བཙུན་པ། ཁྱིམ་བདག་ཅིག་གིས་དབྱར་ཚུལ་དུ་ཞུགས་པ་ལ་ཆོས་གོས་འདི་འབུལ་ལོ། ། ཞེས་མཆི་སྟེ། དབྱར་གནས་པ་རྣམས་ལ་ཆོས་གོས་ཤིག་ཕུལ་ན། དེ་ལ་དབྱར་གྱི་ཟླ་བ་ཐ་མར་ཡང་མ་གྱུར་ལ། གཏན་པ་ཡང་མ་བཏིང་ན། གང་གིས་འཐོབ། ཨུ་པ་ལི། དབྱར་གནས་པ་རྣམས་ཀྱིས་སོ། །བཙུན་པ། ཁྱིམ་བདག་ཅིག་གིས་ཆོས་གོས་འདི་ནི། དབྱར་ཚུལ་དུ་ཞུགས་པ་རྣམས་ལ་འབུལ་ལོ། །ཞེས་མཆི་སྟེ། དབྱར་ཚུལ་དུ་ཞུགས་པའི་དགེ་འདུན་རྣམས་ལ་ཕུལ་བ་དེར་དབྱར་གྱི་ཟླ་བ་ཡང་ཐ་མར་གྱུར་ལ་གནས་དེར་གཏན་པ་བཏིང་ན། གང་གིས་འཐོབ། དབྱར་གནས་པ་རྣམས་ཀྱིས་སོ། །བཙུན་པ། ཁྱིམ་བདག་ཅིག་གིས་དགེ་འདུན་ལ་གནས་འདིར་དགེ་སློང་གང་གནས་པ་དེ་དག་ལ་ཆོས་གོས་འདི་འབུལ་ལོ། །ཞེས་མཆི་སྟེ། གོས་ཤིག་ཕུལ་ན། གང་གིས་འཐོབ། གང་ལ་བྱིན་པས་སོ། །དེ་བཞིན་དུ་གཉིས་པ་དང ། གསུམ་པ་ནས་བཅུ་པའི་བར་དུ་རྒྱས་པར་དེ་དག་ལ་ཕུལ་ན། གང་གིས་འཐོབ། གང་ལ་བྱིན་པས་སོ། །བཙུན་པ། ཁྱིམ་བདག་ཅིག་གིས་དགེ་འདུན་ལ་གོས་ཤིག་ཕུལ་ཏེ་གོས་འདི་ནི། གནས་འདིར་ Na384a ༄#། །སང་ཕོད་གནས་པའི་དགེ་སློང་དེ་དག་ལ་དབུལ་ལོ། །ཞེས་མཆི་ན། གང་གིས་འཐོབ། གང་ལ་བྱིན་པས་སོ། །དེ་བཞིན་དུ་གཉིས་པ་དང ། གསུམ་པ་ནས་ལོ་བཅུའི་བར་དུ་གནས་པ་དེ་དག་ལ་དབུལ་ལོ། །ཞེས་མཆི་ན། གང་གིས་འཐོབ། གང་ལ་བྱིན་པས་སོ། །འོན་ཏེ་གནས་དེ་ན་ད་ལྟར་མི་གནས་པར་གྱུར་ན། དགེ་སློང་དེ་དག་གིས་གོས་དེ་དག་བགོ་བར་བགྱིའམ། ཨུ་པ་ལི། བགོ་བར་གྱིས་ཤིག་།བཙུན་པ། དབྱར་གྱི་ནང་ལོགས་སུ་དགེ་འདུན་དག་བྱེ་ན། དབྱར་གྱི་རྙེད་པ་དེ་དག་སྩལ་བར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ།་དབྱར་གྱི་གནས་སུ་རིང་དུ་གནས་པར་གྱུར་པ་ལས་དགེ་འདུན་བྱེ་ན། དབྱར་གྱི་རྙེད་པ་དེ་དག་སྩལ་བར་བགྱིའམ། བྱིན་ཅིག་།སུ་ལ། ཕྱོགས་གཉིས་ཀ་ལའོ། །བཙུན་པ། དབྱར་གྱི་ནང་ལོགས་སུ་དགེ་སློང་གིས་ལྷུང་བཟེད་དང ། ཆོས་གོས་བཙལ་ཏེ་མཆིས་ན། དེའི་དབྱར་གྱི་རྙེད་པ་སྩལ་བར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དེ་སྟེ་དབྱར་གྱི་གནས་སུ་ཡུན་རིང་དུ་གནས་པར་གྱུར་ན། དེའི་དབྱར་གྱི་རྙེད་པ་སྩལ་ཏམ། ཨུ་པ་ལི། བྱིན་ཅིག་།སུ་ལ། གང་ལ་བཅོལ་པའམ་བསྔོས་པར་གྱུར་པའོ། །བཙུན་པ། དབྱར་གྱི་ནང་ལོགས་སུ་དགེ་སློང་ཞིག་དུས་བགྱིས་ན། དེ་ལ་དབྱར་གྱི་རྙེད་པ་སྩལ་བར་བགྱིའམ། མ་སྦྱིན་ཅིག་།དེ་སྟེ་དབྱར་གྱི་ནང་ལོགས་སུ་ཡུན་རིང་དུ་གནས་པར་གྱུར་ཏེ་དུས་འདས་ན། དབྱར་གྱི་རྙེད་ Na384b པ་སྩལ་ཏམ། ཨུ་པ་ལི། བྱིན་ཅིག་།སུ་ལ། གང་ལ་བསྔོས་པར་གྱུར་པ་ལའོ། །འོན་ཏེ་སུ་ལའང་བསྔོས་པར་གྱུར་པ་མ་མཆིས་ན། སུ་ལ་སྩལ། དགེ་འདུན་ལའོ། །བཙུན་པ། དབྱར་གྱི་ནང་ལོགས་སུ་དགེ་སློང་ཞིག་དགེ་ཚུལ་ཕ་ལགས་པར་ཁས་བླངས་ན། དེ་ལ་དབྱར་གྱི་རྙེད་པ་སྩལ་བར་བགྱིའམ། སྦྱིན་པར་བྱའོ། །དེ་ལ་ཇི་ཙམ་ཞིག་སྩལ། དགེ་ཚུལ་ཕའི་སྐལ་པའོ།། དེ་སྟེ་དབྱར་གྱི་གནས་སུ་ཡུན་རིང་དུ་གནས་པར་གྱུར་ནས་དགེ་ཚུལ་ཕ་ལགས་པར་ཁས་བླངས་ན། ཇི་ཙམ་སྩལ་བར་བགྱི། དགེ་སློང་གི་སྐལ་པའོ། །བཙུན་པ། དབྱར་གྱི་ནང་ལོགས་སུ་དགེ་སློང་ཞིག་ཁྱིམ་པ་ལགས་པར་ཁས་བླངས་ན། དེ་དབྱར་གྱི་རྙེད་པ་སྩལ་པར་བགྱིའམ། མི་སྦྱིན་ནོ། །དེ་སྟེ་དབྱར་གྱི་གནས་སུ་ཡུན་རིང་དུ་གནས་པར་གྱུར་ནས་ཁྱིམ་པ་ལགས་པར་ལས་བླངས་ན། དེ་དབྱར་གྱི་རྙེད་པ་སྩལ་པར་བགྱིའམ། བྱིན་ཅིག་།སུ་ལ། གང་ལ་བསྔོས་པར་གྱུར་པ་ལའོ། །བཙུན་པ། དབྱར་གྱི་ནང་ལོགས་སུ་དགེ་སློང་ཞིག་མ་ནིང་ལགས་པར་ཁས་བླངས་པ་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དགེ་འདུན་གྱི་དབྱེན་བགྱིས་པ་དང ། དེ་བཞིན་གཤེགས་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། སྔར་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་རྣམས་ལགས་པར་ཁས་བླངས་ན། དེ་ Na385a ༄#། །དག་ལ་དབྱར་གྱི་རྙེད་པ་སྩལ་པར་བགྱིའམ། ཨུ་པ་ལི། མི་སྦྱིན་ནོ། །བཙུན་པ། དེ་སྟེ་དབྱར་གྱི་གནས་སུ་ཡུན་རིང་དུ་གནས་པར་གྱུར་ནས་རབ་ཏུ་ཤེས་ན། དེ་ལ་དབྱར་གྱི་རྙེད་པ་སྩལ་བར་བགྱིའམ། ཨུ་པ་ལི། སྦྱིན་པར་བྱའོ། །བཙུན་པ། དབྱར་གྱི་ནང་ལོགས་སུ་དགེ་སློང་མ་ལགས་པར་ཁས་བླངས་པ་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་ལགས་པར་ཁས་བླངས་ན། དེ་དག་དབྱར་གྱི་རྙེད་པ་སྩལ་པར་བགྱིའམ། མི་སྦྱིན་ནོ། །བཙུན་པ། དེ་སྟེ་ཡང་དབྱར་གྱི་གནས་སུ་ཡུན་རིང་དུ་གནས་སམ། དབྱར་རངས་པར་གནས་པ་དེ་དག་ལ་ཁས་བླངས་ན། དེ་དག་ལ་དབྱར་གྱི་རྙེད་པ་སྩལ་པར་བགྱིའམ། ཨུ་པ་ལི། སྦྱིན་པར་བྱའོ། །བཙུན་པ། དགེ་སློང་གིས་གནས་བཞི་ནས་ཆོས་གོས་ཀྱི་སྐལ་པ་བདག་གིར་བགྱིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་དགེ་སློང་དེས་གནས་བཞི་ཆར་མཚམས་གཅིག་ཏུ་བྱས་ནས་དབྱར་ཚུལ་དུ་ཞུགས་པའོ། །བཙུན་པ། ཇི་ཙམ་གྱིས་ན། ཆོས་གོས་རྙེད་པ་ཞེས་བགྱི། ཨུ་པ་ལི། འདི་ལྟ་སྟེ། འདི་ནི། བདག་གི་ཆོས་གོས་སོ། །སྙམ་ནས་མིག་གིས་མཐོང་བར་གྱུར་པའམ། ལག་པའམ། ཕྲག་པའམ། པང་པར་བཞག་པར་གྱུར་པའོ། །བཙུན་པ། དགེ་སློང་གཅིག་པུས་དགེ་འདུན་གྱི་རྙེད་པ་བདག་གིར་ Na385b བགྱིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་དགེ་སློང་གཅིག་པུ་གནས་པར་གྱུར་ལ་དེ་ཡང་མི་དག་གིས་དགེ་འདུན་གྱི་ཕྱིར་གོས་ཕུལ་ནའོ། ། བཙུན་པ། དགེ་སློང་གིས་དགེ་འདུན་གྱིས་རྙེད་པ་བརྟགས་པ་བདག་གིར་བགྱིས་ཀྱང་ནོངས་པ་དང་བཅས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དགེ་འདུན་ལ་བསྔོས་པར་གྱུར་པའོ། །བཙུན་པ། དགེ་སློང་སྨྱོན་པ་ཆོས་གོས་བགེད་པར་བསྐོའམ། ཨུ་པ་ལི། མ་ཡིན་ནོ། །སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པའང་དེ་བཞིན་ནོ། །བཙུན་པ། དགེ་སློང་དམུས་ལོང་ཆོས་གོས་བགེད་པར་བསྐོ་བར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་སློང་སྨྱོན་པའི་ཆོས་གོས་གང་ནས་བཟུང་སྟེ་བསྔོ་བར་བགྱི། ནམ་རང་གི་སེམས་སོར་ཆུད་པ་ཚུན་ཆད་དོ། །བཙུན་པ། སྨྱོན་པ་ལས་ཆོས་གོས་བླང་བར་བགྱིའམ། མི་བླང་བར་བགྱི། ཁ་ཅིག་ལས་ནི། བླང་བར་བྱ། ཁ་ཅིག་ལས་ནི། མི་བླང་བར་བྱའོ། །གང་ལས་བླང་བར་བྱ། གང་ལ་ཕའམ། མའམ། སྤུན་ནམ། སྲིང་མོ་གསོན་པའམ། རང་གི་ཁྱིམ་ནས་བྱུང་ཡང་རུང་སྟེ། ཡོངས་སུ་གཏོང་བའི་འདུ་ཤེས་ཀྱང་ཡོད་པའོ། །བཙུན་པ། དབྱར་ཞིག་པ་ལས་དབྱར་གྱི་རྙེད་པ་སྩལ་པར་བགྱིའམ། ཁ་ཅིག་ལ་ནི། སྦྱིན། ཁ་ཅིག་ལ་ནི། མི་སྦྱིན་ནོ། །གང་ལ་མི་སྦྱིན་ཞེ་ན། གང་ལ་ Na386a ༄#། །དབྱར་སྔ་མའི་ཚུལ་ཡང་མེད་ལ་ཕྱི་མའི་ཚུལ་ཡང་མེད་པར་ཤེས་པའོ། །གང་ལ་སྦྱིན་པར་བྱ་ཞེ་ན། གང་ལ་དབྱར་སྔ་མའི་ཚུལ་ཡང་ཡོད་ལ་ཕྱི་མའི་ཡང་ཡོད་པར་ཤེས་པའོ། །བཙུན་པ། ནད་གཡོག་གི་སྦྱོར་བ་བཏང་བར་གྱུར་ཏེ་གཞན་ལ་ཡང་སྤྲོ་བར་བགྱིས་ལ་ནད་པ་ཡང་དུས་བགྱིས་ན། ནད་གཡོག་གང་ལ་གོས་སྩལ་པར་བགྱི། ཕྱི་མ་ལའོ། །བཙུན་པ། ནད་གཡོག་མཚམས་ཀྱི་སླད་རོལ་དུ་མཆིས་པ་ལས་ནད་པ་དུས་བགྱིས་ན། ནད་གཡོག་དེ་ལ་གོས་སྩལ་པར་བགྱིའམ། དེ་སྟེ་ནད་པའི་དོན་ཞིག་ལ་སོང་བར་གྱུར་ན། དེ་ལ་ནད་གཡོག་གི་གོས་སྦྱིན་པར་བྱའོ། །འོན་ཏེ་གཞན་གྱི་དོན་ཞིག་ལ་སོང་ན་ནི། མི་སྦྱིན་ནོ། །བཙུན་པ། ནད་གཡོག་གནས་གཞན་དུ་དབྱར་དུ་ཞུགས་པར་གྱུར་ན། དེ་ལ་ནད་གཡོག་གི་གོས་སྩལ་པར་བགྱིའམ། མི་སྩལ་བར་བགྱི། སྦྱིན་པར་བྱའོ། །བཙུན་པ། དགེ་ཚུལ་ཕས་ནད་གཡོག་བགྱིས་ན། དེ་ལ་ནད་གཡོག་གི་གོས་སྩལ་བར་བགྱིའམ། ཨུ་པ་ལི། སྦྱིན་པར་བྱའོ། །བཙུན་པ། དགེ་སློང་མས་ནད་གཡོག་བགྱིས་པ་ལས་ནད་པ་དུས་བགྱིས་ན། དེ་ལ་ནད་གཡོག་གི་གོས་སྩལ་པར་བགྱིའམ། མི་སྦྱིན་ནོ། །དགེ་སློབ་མ་དང ། དགེ་ཚུལ་མ་རྣམས་ཀྱང་དེ་བཞིན་ནོ། །བཙུན་པ། མགྲོན་པོ་མང་པོ་བཅོམ་པའི་གོས་རྙེད་ན། བླང་བར་བགྱིའམ། མི་བླང་བར་བགྱི། ཨུ་པ་ལི། དེ་སྟེ་ཚོང་པས་བྱིན་ན། བླང་བར་བྱའོ། །འོན་ཏེ་རྐུན་པོས་བྱིན་ན། དེའི་ཚེ་མི་ Na386b བླང་ངོ ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དབྱར་གྱི་ནང་ལོགས་སུ་དབྱར་གྱི་རྙེད་པ་མ་བགོད་ཅིག་།ཅེས་གསུངས་ན། བཙུན་པ། ཁྱིམ་བདག་ཅིག་གིས་གནས་མང་ཞིག་ནས་དགེ་སློང་དག་མགྲོན་དུ་བོས་ཏེ་གནས་གཅིག་ཏུ་འཚལ་མ་འཚལ་ནས་དགེ་འདུན་དག་ལ་མངོན་སུམ་དུ་གོས་ཕུལ་ན། དགེ་སློང་དེ་དག་གིས་གོས་བགོ་བར་བགྱིའམ། ཨུ་པ་ལི། གོས་དེ་དག་ནི། རྐྱེན་འབྱུང་བའི་གོས་པས་བགོ་བར་བྱའོ། །བཙུན་པ། དབྱར་གྱི་ནང་ལོགས་སུ་དགེ་སློང་ཞིག་དུས་བགྱིས་ན། དགེ་སློང་དེ་དག་གིས་གོས་དེ་དག་བགོ་བར་བགྱིའམ། ཤི་བའི་གོས་བས་ན། བགོ་བར་བྱའོ། །མདོར་ན། གྲོང་གཉིས་སྤུ་ཅན་ཕྱི་རོལ་མཚམས། །དེ་བཞིན་དུ་ཡང་མཆོད་རྟེན་ནོ། །མཚམས་ལས་བསྔོས་པར་བྱས་པ་དང ། །ཆད་པ་ཐ་མར་གྱུར་པའོ། །བཙུན་པ། གྲོང་གི་ནང་ན་གཙུག་ལག་ཁང་ཞིག་མཆིས་ལ་དེར་དབྱར་ཚུལ་དུ་ཞུགས་པའི་དགེ་འདུན་རྣམས་དོན་ཞིག་གི་སླད་དུ་མཚམས་ཀྱི་སླད་རོལ་དུ་མཆིས་པར་གྱུར་པ་དང ། དེའི་མཐའ་ན་འཁོད་པའི་དགེ་སློང་དག་གྲོང་ཁྱེར་གྱི་མཚམས་ཀྱི་ནང་ན་མཆིས་པ་ལས། དེར་མི་དག་གིས་དགེ་འདུན་ལ་དབྱར་གྱི་རྙེད་པ་ཞིག་ཕུལ་ན། གང་གིས་འཐོབ། གྲོང་ཁྱེར་གྱི་དགེ་འདུན་གྱིས་སོ། །བཙུན་པ། གྲོང་ཁྱེར་དུ་དགེ་འདུན་ཚུལ་དུ་ཞུགས་ནས་དབྱར་གྱི་ནང་ལོགས་སུ་བྱེ་ན། དབྱར་གྱི་རྙེད་པ་གང་གིས་འཐོབ། ཨུ་པ་ལི། ཆོས་ལ་ཕྱོགས་པས་སོ། །བཙུན་པ། དགེ་སློང་གིས་སྤུ་ཅན་ Na387a ༄#། །ལས་ཆོས་གོས་གསུམ་དུ་བྱིན་གྱིས་བརླབས་ན། བྱིན་གྱིས་བརླབས་པ་ཞེས་བགྱིའམ། གོས་གཞན་ཞིག་ཡོད་ན་ནི། བྱིན་གྱིས་མ་རློབས་ཤིག་།བྱིན་གྱིས་བརླབས་ན་ནི། འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ། དགེ་སློང་གིས་མཚམས་ཀྱི་སླད་རོལ་དུ་མཆིས་ནས་དགེ་འདུན་གྱི་རྙེད་པ་བདག་ཉིད་ཀྱིས་བདག་གིར་བགྱིས་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། དབྱར་ཚུལ་དུ་ཞུགས་པའི་དགེ་འདུན་དབྱར་གྱི་ནང་ལོགས་སུ་མཆོད་རྟེན་གྱི་རྙེད་པ་བགོས་ཀྱང་ནོངས་པར་མི་འགྱུར་ཞིང་རུང་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཉན་ཐོས་ཀྱི་མཆོད་རྟེན་ལ་བསྔོས་པར་གྱུར་པ་ནི། ཤི་བའི་ཡོ་བྱད་པས་ན། བགོ་བར་བྱའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གུམ་པའི་ཡོ་བྱད་མཚམས་ཀྱི་ནང་ན་འཁོད་པས་བགོ་བར་གྱིས་ཤིག་།ཅེས་གསུངས་ན། བཙུན་པ། དགེ་སློང་གིས་གུམ་པའི་ཡོ་བྱད་བྱིན་གྱིས་བརླབས་ཏེ་མཚམས་ཀྱི་སླད་རོལ་དུ་མཆིས་ན། གུམ་པའི་ཡོ་བྱད་ཀྱི་སྐལ་བ་སྩལ་ཏམ། ཨུ་པ་ལི། སྦྱིན་ནོ། །དེ་སྟེ་བྱིན་གྱིས་མ་བརླབས་པར་མཆིས་ན། སྩལ་ཏམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། གུམ་པའི་ཡོ་བྱད་དང་གོས་བྱིན་གྱིས་མ་བརླབས་པར་དགེ་སློང་གཞན་དག་ཅིག་མཆིས་ན། དེ་དག་ལ་གུམ་པའི་ཡོ་བྱད་ཀྱི་སྐལ་པ་སྩལ་པར་བགྱིའམ། ཨུ་པ་ལི། སྦྱིན་པར་བྱའོ། །བཙུན་པ། དེ་སྟེ་བྱིན་གྱིས་བརླབས་ནས་མཆིས་ Na387b ན།་སྩལ་པར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གུམ་པའི་ཡོ་བྱད་རྣམས་གསོལ་བ་དང་ལས་ཀྱིས་བྱིན་གྱིས་རློབས་ཤིག་།ཅེས་གསུངས་ན། བཙུན་པ།་གནས་གང་ན་དགེ་སློང་གཅིག་པུ་མཆིས་ན། དེ་ཇི་ལྟར་བྱིན་གྱིས་བརླབ་པར་བགྱི། ཨུ་པ་ལི། དགེ་སློང་དེས་སེམས་བསྐྱེད་ནས་ཚིག་ཏུ་སྨྲ་བར་བྱ་སྟེ། བགོ་བའི་ལས་རྫས་འདི་ནི། བདག་གིས་འཐོབ་པས་ན། བདག་གིས་ཆོས་གོས་འདི་བསྡུ་བར་བགྱིའོ། །བདག་གིར་བྱའོ། །འདི་ནི། བྱིན་གྱིས་བརླབ་པར་བྱའོ། །ཞེས་བྱིན་གྱིས་བརླབ་པར་བྱའོ། །གནས་གང་ན་དགེ་སློང་གཉིས་སམ་གསུམ་ཡང་རུང་གནས་ན། དེ་དག་ཀྱང་གཅིག་ལ་གཅིག་སྨྲ་བར་བྱའོ། །བཙུན་པ། གོས་མ་དྲས་པ་ལ་བྱིན་གྱིས་བརླབ་ཏུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། དེ་དང་འདྲ་བའི་རྐྱེན་ཞིག་བྱུང་ན། རུང་ངམ། ཨུ་པ་ལི། མི་རུང་ངོ ། །གོས་ཀྱི་དངོས་པོ་རྫོགས་སོ།། །།མདོར་ན། རྙིང་པ་གཉིས་དང་བཞག་པ་དང ། །གསར་པ་བརྟན་པ་ཞིག་པ་དང ། །ཟིན་པ་དང་ནི་མ་ཟིན་པ། །དུས་སུ་རྙེད་པའང་མ་བགོས་གཉིས། །མི་རུང་མཚམས་ཀྱི་ཕྱི་རོལ་དང ། །མ་བགོས་གང་ཟག་དེ་བཞིན་བཅུ། །བཙུན་པ། གོས་རྙིང་པ་གཏན་པར་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །གོས་རྙིང་པ་གང་ཞེ་ན། གང་གིས་སྔར་དགེ་ Na388a ༄#། །འདུན་གྱིས་གཏན་པ་བཏིང་བར་གྱུར་པའོ། །གོས་རྙིང་པ་བཅངས་པ་གཏན་པར་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི།་འདས་པ་དང་བཅས་པའོ། །གོས་རྙིང་པར་བཅངས་པ་གང་ཞེ་ན། གང་དགེ་སློང་གིས་སྤྱད་པའོ། །བཙུན་པ། ཉེ་བར་བཞག་པའི་གོས་གཏན་པར་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །ཉེ་བར་བཞག་པའི་གོས་གང་ཞེ་ན། སྤངས་པའོ། །བཙུན་པ། གོས་གསར་པ་གཏན་པར་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ཡང་འདས་པ་དང་བཅས་པར་མི་འགྱུར་རོ། །གོས་གསར་པ་གང་ཞེ་ན། གང་དགེ་འདུན་གྱིས་ཐོག་མར་གཏན་པར་བཏིང་བའོ། །བཙུན་པ།་བརྟན་པའི་གོས་གཏན་པར་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བརྟན་པའི་གོས་གང་ཞེ་ན། གོས་གང་དབྱར་ཐ་མའི་ཟླ་བ་ལ་རྙེད་པའོ། །བཙུན་པ། གོས་ཞིག་པ་ཞིག་གཏན་པར་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །གོས་ཞིག་པ་གང་ཞེ་ན། གོས་རུལ་པའོ། །བཙུན་པ། གོས་མ་ལགས་པ་ཞིག་གཏན་པར་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ Na388b ནི།་འདས་པ་དང་བཅས་པའོ། །བཙུན་པ། གོས་ལགས་པ་གཏན་པར་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ཡང་འདས་པ་དང་བཅས་པར་མི་འགྱུར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གང་དུས་སུ་རྙེད་པའི་གོས་གཏན་པར་ཐིངས་ཤིག་།ཅེས་གསུངས་ན། དུས་སུ་རྙེད་པའི་གོས་གཏན་པར་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི།་བཏིང་བ་ཞེས་བྱ་སྟེ། དུས་ཀྱི་གོས་གང་ཞེ་ན། གོས་གང་ཟླ་བ་གསུམ་འདས་ནས་དེ་ཉིད་ཀྱི་ཉ་བྲིའི་ཞག་ཅིག་ལ་རྙེད་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་མ་གྱོན་པའི་གོས་གཏན་པར་བཏིང་ན། བཏིང་བ་ཞེས་གསུངས་ན། མ་གྱོན་པའི་གོས་གང་ལགས། གསར་པ་བཏགས་མ་ཐག་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་མ་གྱོན་པའི་གོས་རུང་བ་གཏན་པར་ཐིངས་ཤིག་།ཅེས་གསུངས་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱའོ། །གོས་མ་གྱོན་པ་རུང་བ་གང་ཞེ་ན། ཁ་དོག་ཅན་ནོ། །བཙུན་པ། མི་རུང་བའི་གོས་ཤིག་གཏན་པར་བཏིང་ན།་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །མི་རུང་བའི་གོས་གང་ཞེ་ན། རང་གི་རྒྱུས་མི་རུང་བའོ། །བཙུན་པ། གོས་གསར་པ་གཏན་པ་འདིང་བར་མ་བསྐོས་པས་གཏན་པར་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། མཚམས་ཀྱི་སླད་ Na389a ༄#། །རོལ་དུ་བསྐོས་པའི་ཆོས་གོས་གཏན་པར་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། གཏན་པ་བཏིང་བ་ཆད་པས་བཅད་པས་གཏན་པ་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། དེ་བཞིན་དུ་གཏན་པ་བཏིང་བ་ཆད་པ་འཁོར་བ་དང ། ཡིད་མགུ་བར་སྤྱོད་པ་དང ། ཡིད་མགུ་བར་སྤྱད་པ་ལགས་པ་དང ། བསླབ་པ་སྩལ་པ་དང ། དབྱར་མ་མཆིས་པ་དང ། ཞིག་པ་དང ། དབྱར་ཕྱི་མར་ཚུལ་དུ་ཞུགས་པ་དང ། དབྱར་གཞན་དུ་གནས་པ་དང ། སྨྱོན་པ་རྣམས་ཀྱིས་གཏན་པ་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །མདོར་ན། ལྔ་པ་གཉིས་དང་སེམས་གཉིས་དང ། །ཤོལ་བོར་གཉིས་ཀྱང་དེ་བཞིན་ཏེ། །བུད་མེད་མཚན་དང་བརྟན་པ་དང ། །གནས་ལ་རྣམ་པ་དྲུག་ཏུ་བྱ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གང་ཟག་ལྔ་གཏན་པ་འདིང་བར་མི་བསྐོ་སྟེ། དེ་ནི། ཆད་པ་བགྱི་པ་དང ། ཆད་པ་འཁོར་བ་དང ། ཡིད་མགུ་བར་སྤྱོད་པ་དང ། ཡིད་མགུ་བར་སྤྱོད་པ་ལགས་པ་དང ། བསླབ་པ་སྩལ་པ་རྣམས་སོ། །ཞེས་གསུངས་ན། བཙུན་པ། ཆད་པ་བགྱིད་པའི་གང་ཟག་ཅིག་གིས་གཏན་པ་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། Na389b བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། དེ་བཞིན་དུ་ཆད་པ་འཁོར་བ་དང ། ཡིད་མགུ་བར་སྤྱོད་པ་དང ། ཡིད་མགུ་བར་སྤྱད་པ་ལགས་པ་དང ། བསླབ་པ་སྩལ་པ་རྣམས་ཀྱིས་གཏན་པ་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །གཞན་ཡང་གང་ཟག་ལྔ་གཏན་པ་འདིང་བར་མི་བསྐོ་སྟེ། དབྱར་མེད་པ་དང ། དབྱར་ཞིག་པ་དང ། དབྱར་ཕྱི་མར་ཚུལ་དུ་ཞུགས་པ་དང ། དབྱར་གཞན་དུ་གནས་པ་དང ། སྤངས་པ་རྣམས་སོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གཞན་ཡང་གང་ཟག་ལྔ་སྟེ། དབྱར་མེད་པ་དང ། དབྱར་ཞིག་པ་དང ། དབྱར་ཕྱི་མར་ཚུལ་དུ་ཞུགས་པ་དང ། དབྱར་གཞན་དུ་གནས་པ་དང ། སྤངས་པ་རྣམས་ཀྱིས་གཏན་པ་བཏིང་ན། བཏིང་བར་བྱའོ། །ཞེས་གསུངས་ན། བཙུན་པ། དེ་སྟེ་དབྱར་མ་མཆིས་པས་གཏན་པ་བཏིང་ན། གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། ཁ་ཅིག་ནི། བཏིང་བ་ཞེས་བྱའོ། །ཁ་ཅིག་ནི། མ་བཏིང་བ་ཞེས་བྱའོ། །བཙུན་པ། གང་གིས་བཏིང་བ་ལགས། གང་གིས་མ་བཏིང་བ་ལགས། ཨུ་པ་ལི། འདི་ལྟར་དགེ་ཚུལ་ཕ་དབྱར་ཚུལ་དུ་ཞུགས་པ་ལ་དབྱར་ཕྱི་མའི་གནས་སུ་བསྙེན་པར་རྫོགས་ཏེ་ཟླ་བ་གསུམ་འདས་པས་གཏན་པ་བཏིང་ན། དེ་ལ་གཏན་པ་བཏིང་བ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། ཟླ་བ་གསུམ་འདས་ནས་གཏན་པ་ཞེས་བྱ་སྟེ། དེ་ཡང་ཟླ་བ་ Na390a ༄#། །གསུམ་དུ་མངོན་ནོ། །ུ་པ་ལི། གང་ཕྱི་མར་ཞུགས་པ་ལས་རབ་ཏུ་བྱུང་སྟེ་བསྙེན་པར་རྫོགས་ལ་དེ་ཡང་ཟླ་བ་གསུམ་དུ་གནས་པའི་དགེ་སློང་དང་ལྷན་ཅིག་གཏན་པ་བཏིང་ན། དེ་ནི། གཏན་པ་མ་བཏིང་བ་ཞེས་བྱའོ། །ུ་པ་ལི། ཟླ་བ་གསུམ་ལོན་ནས་གཏན་པ་བཏིང་བ་ཞེས་བྱ་སྟེ། དེ་ཟླ་བ་གསུམ་མ་ལོན་པར་མངོན་ནོ། །བཙུན་པ། དབྱར་ཞིག་པ་ཞིག་གིས་གཏན་པ་བཏིང་ན། གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། ཁ་ཅིག་ནི། བཏིང་བ་ཞེས་བྱའོ། །ཁ་ཅིག་ནི། མ་བཏིང་བ་ཞེས་བྱའོ། །བཙུན་པ། གང་གིས་བཏིང་བ་ཞེས་བགྱི། གང་གིས་མ་བཏིང་བ་ཞེས་བགྱི། ཨུ་པ་ལི། གང་གིས་དབྱར་སྔ་མར་ཡང་ཤེས་པ་མེད་ལ། དབྱར་ཕྱི་མའི་ཚུལ་ཡང་མེད་པ་སྟེ། དེ་ཟླ་བ་གསུམ་དུ་དགེ་སློང་དང་ལྷན་ཅིག་གནས་པ་དང་གཅིག་ཅར་གཏན་པ་བཏིང་ན། དེའི་གཏན་པ་མ་བཏིང་བ་ཞེས་བྱའོ། །ུ་པ་ལི། ཟླ་བ་གསུམ་གནས་ནས་གཏན་པ་ཞེས་བྱ་སྟེ། དེ་ལ་ནི། ཟླ་བ་གསུམ་དུ་ཤེས་པའང་མེད་དོ། །ུ་པ་ལི། གང་དབྱར་སྔ་མར་གནས་པའམ། ཕྱི་མར་ཡང་ཤེས་ལ། དེས་ཞག་བདུན་ནམ་བཞི་བཅུར་བྱིན་གྱིས་བརླབས་ནས་མཚམས་ཀྱི་ཕྱི་རོལ་ཏུ་སོང་ནས་སྐྱ་རེངས་ཤར་བ་དེ་ཡང་ཟླ་བ་གསུམ་དུ་གནས་པའི་གཏན་པ་བཏིང་ན། དེའི་གཏན་པ་བཏིང་བ་ཞེས་བྱའོ། །ུ་པ་ལི། ཟླ་བ་གསུམ་དུ་གནས་ནས་གཏན་པ་ཞེས་བྱ་སྟེ། དེ་ལ་ཡང་ཟླ་བ་གསུམ་དུ་མངོན་ནོ། །ཡིད་མ་ལས་འགལ་བས་ Na390b ཉེས་བྱས་སུ་འགྱུར་རོ། །བཙུན་པ། དབྱར་ཕྱི་མར་ཚུལ་དུ་ཞུགས་པ་ཞིག་གཏན་པ་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། ཁ་ཅིག་ནི། གཏན་པ་བཏིང་བ་ཞེས་བྱའོ། །ཁ་ཅིག་ནི། མ་བཏིང་བ་ཞེས་བྱའོ། །བཙུན་པ། གང་གིས་གཏན་པ་བཏིང་བ་ཞེས་བགྱི། ཨུ་པ་ལི། གང་དབྱར་སྔ་མར་ཚུལ་དུ་ཞུགས་པའི་དགེ་སློང་གི་དགེ་འདུན་གཏན་པ་འདིང་བའི་དགེ་སློང་དང ། དབྱར་ཕྱི་མར་ཚུལ་དུ་ཞུགས་པ་དེ་དག་ལྷན་ཅིག་ཏུ་གཏན་པ་བཏིང་ན། དེའི་གཏན་པ་བཏིང་བ་ཞེས་བྱའོ། །ུ་པ་ལི། ཟླ་བ་གསུམ་དུ་གནས་ནས་གཏན་པ་ཞེས་བྱ་སྟེ། དེ་ནི། ཟླ་བ་གསུམ་དུ་ཤེས་པའང་མེད་དོ། །ུ་པ་ལི། དགེ་འདུན་ཐམས་ཅད་དབྱར་ཕྱི་མར་ཚུལ་དུ་ཞུགས་ལ་ཟླ་བ་གསུམ་དུ་གནས་ནས་གཏན་པ་བཏིང་ན། དེ་དག་ནི། གཏན་པ་བཏིང་བ་ཞེས་བྱའོ། །ུ་པ་ལི། ཟླ་བ་གསུམ་དུ་གནས་ནས་གཏན་པ་ཞེས་བྱ་སྟེ། དེ་དག་ནི། ཟླ་བ་གསུམ་དུ་མངོན་ནོ། །བཙུན་པ། དབྱར་གཞན་དུ་གནས་པ་ཞིག་གིས་གཏན་པ་བཏིང་ན། གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། ཁ་ཅིག་ནི། གཏན་པ་བཏིང་བ་ཞེས་བྱའོ།། ཁ་ཅིག་ནི། མ་བཏིང་བ་ཞེས་བྱའོ། །བཙུན་པ། གང་གིས་གཏན་པ་བཏིང་བ་ཞེས་བགྱི། གང་གིས་གཏན་པ་མ་བཏིང་བ་ཞེས་བགྱི། ཨུ་པ་ལི། དགེ་སློང་དག་མཚམས་སོ་སོར་བཅད་པའི་གནས་ན་དབྱར་གཞན་དུ་གནས་ལ། གཞན་དུ་སོང་སྟེ་གཏན་པ་བཏིང་ན། དེའི་གཏན་པ་མ་བཏིང་བ་ཞེས་བྱའོ། །ུ་པ་ལི། གཏན་པ་གང་ཞེ་ན། ཟླ་བ་གསུམ་དུ་གནས་ནས་གཏན་པ་བཏིང་བ་དེ་ལ་ནི། ཟླ་བ་ Na391a ༄#། །གསུམ་དུ་ཤེས་པ་ཡང་མེད་དོ། །ུ་པ་ལི། གང་ཟླ་བ་གསུམ་དུ་གནས་པའི་དགེ་སློང་གི་དགེ་འདུན་རྣམས་དབྱར་ཟླ་བ་གསུམ་འདས་པ་དང ། དེ་ཉིད་ཀྱི་ཉ་བྲིའི་ཞག་ཅིག་ལ་མཚམས་ཆེན་པོ་བཀྲོལ་ཏེ་གནས་བཞིའམ། ལྔའི་མཚམས་གཅིག་ཏུ་བྱས་ནས་གཏན་པ་བཏིང་ན། གནས་དེ་དག་ཐམས་ཅད་དུ་གཏན་པ་བཏིང་བ་ཞེས་བྱའོ། །དེ་བཞིན་དུ་གནས་ལ་གནས་གཞན་དུ་གཏན་པ་བཏིང་བ་ཞེས་བྱའོ། །བཙུན་པ། སྤངས་པས་གཏན་པ་བཏིང་ན། གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། ཁ་ཅིག་ནི། བཏིང་བ་ཞེས་བྱའོ། །ཁ་ཅིག་ནི། མ་བཏིང་བ་ཞེས་བྱའོ། །བཙུན་པ། གང་གིས་གཏན་པ་མ་བཏིང་བ་ཞེས་བགྱི། ཨུ་པ་ལི། དབྱར་ཚུལ་དུ་ཞུགས་པའི་དགེ་སློང་གང་ལ་དགེ་འདུན་འདུས་པ་རྣམས་ཀྱིས་སྤངས་པའི་ལས་བྱས་པ་དེ་དག་ཀྱང་བཟོད་པ་མ་གསོལ་བར་དབྱར་གནས་པ་དག་ཀྱང་ལྷན་ཅིག་གཏན་པ་བཏིང་ན། དེའི་གཏན་པ་ནི། མ་བཏིང་བ་ཞེས་བྱའོ། །གང་གི་བཏིང་བ་ཞེས་བགྱི། ཨུ་པ་ལི། དགེ་སློང་གང་དབྱར་ཚུལ་དུ་ཞུགས་པ་ལ་དགེ་འདུན་འདུས་པ་རྣམས་ཀྱིས་མཉམ་དུ་མི་སྤྱོད་པའི་སྡོམ་པ་བཅས་པར་གྱུར་ཏམ། དཀར་པའི་ལས་བྱས་པར་གྱུར་ལ། དེས་ཀྱང་བཟོད་པ་གསོལ་ན། དབྱར་གནས་པའི་དགེ་འདུན་རྣམས་དང་ལྷན་ཅིག་ཏུ་གཏན་པ་བཏིང་ན། དེའི་གཏན་བ་བཏིང་བ་ཞེས་བྱའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གཏན་པ་འདིང་བས་གཏན་པ་བླངས་ནས་བཀྲུ་བ་དང ། བརྐྱང་བ་དང ། Na391b དྲ་བ་དང ། བཙེམ་པ་ཐམས་ཅད་དང ། ཁབ་སོ་ཐ་མའི་བར་དུ་ཐོག་མར་འགྲོ་བར་བྱོས་ལ། བདག་གིས་ཆོས་གོས་འདིས་དགེ་འདུན་གྱི་གཏན་པ་འདིང་བར་བྱ་བ་འདིང་ངོ ། །བདག་གིས་གདིང་ངོ ། ། ཞེས་སེམས་རྣམ་པ་གསུམ་སྐྱེད་ཅིག་།སེམས་རྣམ་པ་གསུམ་བསྐྱེད་ཀྱང་ཆོས་གོས་འདིས་དགེ་འདུན་གྱི་གཏན་པ་འདིང་བར་བྱ། བདག་གིས་གདིང་ངོ ། །ཞེས་སེམས་རྣམ་པ་གཉིས་བསྐྱེད་ན། གཏན་པ་བཏིང་བ་ཞེས་བྱའོ། །བཙུན་པ། སེམས་བསྐྱེད་པ་གཅིག་གིས་གཏན་པ་འདིང་དུ་རུང་ངམ། ཨུ་པ་ལི། རུང་སྟེ། འདི་ལྟར་ཡང་གཏན་པ་འདིང་བའི་དགེ་སློང་གིས་གཏན་པ་གདིང་བར་བདག་མིང་འདི་ཞེས་བགྱི་བས་གོས་འདིས་དགེ་འདུན་གྱི་གཏན་པ་གདིང་ངོ ། །ཞེས་སེམས་བསྐྱེད་ན། གཏན་པ་བཏིང་བ་ཞེས་བྱའོ། །བཙུན་པ། ཚུལ་ནས་འབྱུང་བའི་ཚེ་རྒྱལ་པོས་ཤོལ་བོར་ན་དགེ་སློང་དེ་དག་གིས་གཏན་པ་ཇི་ལྟར་གདིང་བར་བགྱི། ཇི་ལྟར་ཚུལ་ནས་བྱུང་བ་བཞིན་ནོ། །བཙུན་པ། གཏན་པ་དེ་ཉིད་རུང་ལ་དེ་ཉིད་མི་རུང་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་དགེ་སློང་དེ་དག་ཁ་ཅིག་ནི། ཤོལ་བོར། ཁ་ཅིག་ཤོལ་མ་བོར་བར་ཚུལ་དུ་ཞུགས་ཏེ་དེ་ཉིད་དུ་ཁྱིམ་བདག་གིས་ཤོལ་མ་བོར་བའི་གནས་སུ་ཚུལ་ནས་འབྱུང་བ་དེ་ཉིད་ཀྱི་ཉ་བྲིའི་ཞག་ཅིག་ལ་དགེ་འདུན་གཉི་ག་ལ་ཟན་བྱིན་ཏེ་གཏན་པའི་གོས་ཕུལ་ན། གོས་དེ་ཤོལ་མ་བོར་བ་ལ་ནི། རུང་ངོ ། ཤོལ་བོར་བ་ལ་ནི། མི་རུང་ངོ ། །བཙུན་པ། གང་མ་ལྟ་བུའི་ཚིག་བརྒྱད་པོ་འདི་དག་གིས་ནི། གཏན་པ་ Na392a ༄#། །ལས་འབྱུང་བར་འགྱུར་རོ། །དེ་ལ་ཐུན་མོང་བ་ནི། དུ། ཐུན་མོང་མ་ལགས་པ་ནི། དུ། ཨུ་པ་ལི། ཐོག་མ་དང་ཐ་མ་མ་གཏོགས་པར་ལྷག་མ་རྣམས་ནི། ཐུན་མོང་པའོ། ། བཙུན་པ། གཏན་པ་འདིང་བའི་དགེ་སློང་གིས་གཏན་པ་འདིང་བའི་ཚེ་མཚན་གྱུར་ན། གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། གཏན་པ་སྦེད་པའི་དགེ་སློང་དད་པར་བྱོས་ཤིག་།བཙུན་པ། གཏན་པ་ཞེས་ཀྱང་བགྱི། གཏན་པ་འདིང་བ་ཞེས་ཀྱང་བགྱི། གཏན་པ་འབྱིན་པ་ཞེས་ཀྱང་བགྱི་ན། བཙུན་པ། གཏན་པ་ནི། གང ། གཏན་པ་འདིང་བ་ནི། གང ། གཏན་པ་འབྱིན་པ་ནི། གང་ལགས། ཨུ་པ་ལི། གོས་ནི། གཏན་པའོ། །སེམས་བསྐྱེད་པ་ནི། གཏན་པ་འདིང་བའོ། །མ་ལྟ་བུའི་ཚིག་བརྒྱད་པོ་ནི། གཏན་པ་འབྱིན་པའོ། །བཙུན་པ། དགེ་སློང་རྣམས་ཀྱིས་གནས་བཞིའམ། ལྔ་མཚམས་ཀྱི་ནང་དུ་བགྱིས་ནས་དབྱར་ཚུལ་དུ་ཞུགས་ཏེ་དེ་དག་ཚུལ་ནས་བྱུང་སྟེ་གཏན་པ་བཏིང་ན། གནས་དེ་དག་ཐམས་ཅད་དུ་གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། ཐམས་ཅད་དུ་གཏན་པ་བཏིང་བ་ཞེས་བྱའོ། །བཙུན་པ། དེ་སྟེ་གཏན་པ་བཏིང་ནས་མཚམས་ཆེན་པོ་བཀྲོལ་ཏེ་སོ་སོར་མཚམས་བཀུམ་ན། གཏན་པ་ཕྱུང་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །གནས་དེ་དག་ཐམས་ཅད་གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། གཏན་པ་བཏིང་བ་ཞེས་བྱའོ། །དེ་སྟེ་སོ་སོར་མཚམས་བཅད་ནས་གཏན་པ་ཕྱུང་ན། Na392b གནས་དེ་དག་ཐམས་ཅད་དུ་གཏན་པ་ཕྱུང་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། གང་དག་འབྱིན་པ་དེ་དག་ནི། གཏན་པ་ཕྱུང་བ་ཞེས་བྱའོ། །གང་དག་མི་འབྱིན་པ་དེ་དག་ནི། གཏན་པ་མ་ཕྱུང་བ་ཞེས་བྱའོ། །བཙུན་པ། ཚུལ་ནས་བྱུང་བ་དང ། དགེ་སློང་རྣམས་ཀྱིས་གནས་བཞིའམ། ལྔ་མཚམས་གཅིག་ཏུ་བྱས་ནས་གཏན་པ་བཏིང་ན། གནས་དེ་དག་ཐམས་ཅད་དུ་གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། ཐམས་ཅད་དུ་གཏན་པ་བཏིང་བ་ཞེས་བྱའོ། །བཙུན་པ། དེ་སྟེ་གཏན་པ་བཏིང་ནས་མཚམས་ཆེན་པོ་བཀྲོལ་ཏེ་སོ་སོར་མཚམས་བཀུམ་ན། གཏན་པ་མ་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དེ་དག་ཐམས་ཅད་དུ་གཏན་པ་བཏིང་བ་ཞེས་བྱའོ། །བཙུན་པ། དེ་སྟེ་སོ་སོར་མཚམས་བཀུམ་ནས་གཏན་པ་ཕྱུང་ན། གནས་དེ་དག་ཐམས་ཅད་དུ་གཏན་པ་ཕྱུང་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། གང་འབྱིན་པ་དེ་དག་ནི། གཏན་པ་ཕྱུང་བ་ཞེས་བྱའོ། །གང་མི་འབྱིན་པ་དེ་དག་ནི། གཏན་པ་མ་ཕྱུང་བ་ཞེས་བྱའོ། །མདོར་ན། ཟླ་བ་གསུམ་དང་ལྔ་པ་དང ། །གསོ་སྦྱོང་གི་ནི་མཐའ་ལྔ་གསུམ། །སྦྱར་མ་དང་ནི་རས་ཆེན་རྐྱེན། །འབྱིན་པ་གཉིས་དང་བྱེ་བ་གཉིས། །ཚད་གཉིས་པ་ཡང་དེ་བཞིན་ཏེ། །ཁྱིམ་པ་དག་ལ་སོགས་པ་དང ། །བསླབ་པ་བྱིན་པ་ཐ་མ་འོ། །བཙུན་པ། ཇི་སྲིད་ཅིག་ཏུ་གཏན་པ་གདིང་བར་བགྱི། ཨུ་པ་ལི། ཟླ་བ་གསུམ་སྟེ། ཇི་ལྟར་ཟླ་བ་གསུམ་དུ་གནས་པར་ཚུལ་དུ་ཞུགས་པའོ། །བཙུན་པ། ཇི་ Na393a ༄#། །སྲིད་ཅིག་ཏུ་གཏན་པ་བཅང་བར་བགྱི། ཟླ་བ་ལྔའོ། །བཙུན་པ། གང་དབྱར་ཕྱི་མའི་མཐར་གཏན་པ་བཏིང་བ་ན། དེ་དག་ཀྱང་ཟླ་བ་ལྔར་གཏན་པ་བཏིང་བར་འགྱུར་རམ། ཨུ་པ་ལི། གང་གིས་གཏན་པ་ཇི་ལྟར་བཏིང་བར་གྱུར་པ་དེ་དག་གི་གྲངས་བཞིན་ཟླ་བ་ལྔར་བཅང་བར་བྱའོ། །བཙུན་པ། གསོ་སྦྱོང་གི་མཐར་གཏན་པ་འདིང་བར་བགྱིའམ། ཨུ་པ་ལི། གསོ་སྦྱོང་གི་མཐར་བྱའོ། །བཙུན་པ། གསོ་སྦྱོང་གི་མཐར་དབྱུང་བར་བགྱིའམ། ཨུ་པ་ལི། གསོ་སྦྱོང་གི་མཐར་བྱའོ། །བཙུན་པ། དབྱར་མ་རུང་བར་གཞག་པ་ལ་རྒྱུ་དུ། རྐྱེན་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱུ་ལྔ་དང ། རྐྱེན་ལྔའོ། །ལྔ་པོ་དེ་དག་གང་ཞེ་ན། དགེ་སློང་དང་བཅས། སྒོ་གླེགས་དང་བཅས་པའི་གནས་སུ་གྱུར་པ་དང ། འཇིགས་པ་དང་བཅས། དོགས་པ་དང་བཅས་པའི་ཡུལ་དང ། ཆར་འབབ་པའམ། ཆར་འབབ་པར་དོགས་པར་གྱུར་པ་དང ། དུས་མ་ཡིན་པར་གྲོང་གཞན་དུ་འགྲོ་བར་འདོད་པར་གྱུར་པ་དང ། གནས་ན་གཏན་པ་བཏིང་བར་གྱུར་པ་དང ། གསོལ་བ་དང་ལས་ནི། ཐ་མའོ། །བཙུན་པ། དབྱར་གྱི་གོས་རས་ཆེན་རུང་བར་གཞག་པ་ལ་རྒྱུ་དུ། རྐྱེན་དུ་ཨུ་པ་ལི། གསུམ་སྟེ། ཆར་པ་མི་འབབ་ཅིང་ཆར་པ་འབབ་པར་མི་དོགས་པར་གྱུར་པ་དང ། དུས་མ་ཡིན་པར་གྲོང་གཞན་ནམ། གྲོང་ཁྱེར་གཞན་ནམ། ཀླུང་རྒལ་འདོད་པར་གྱུར་པ་དང ། ཀླུང་གི་དྲུང་ངམ་ཁྲོན་པའི་དྲུང་ན་མི་གནས་པའོ། ། Na393b བཙུན་པ། དབྱར་གྱི་གོས་རས་ཆེན་ཇི་སྲིད་དུ་བཅང་བར་བགྱི། ཟླ་བ་ཕྱེད་དང་ལྔའོ། །བཙུན་པ། གཏན་པ་འདིང་བའི་གནས་སུ་རྐྱེན་མེད་པར་འགྱུར་བ་དུ། ཨུ་པ་ལི། བཅུ་སྟེ། ཞག་གཅིག་གིས་འབྲལ་བ་མེད་པ་དང ། ཞག་བཅུ་ལས་འདའ་བ་མེད་པ་དང ། ཟླ་བ་གཅིག་ལས་འདའ་བ་མེད་པ་དང ། གོས་མ་བསྔོས་པ་རྣམས་བཅང་བ་དང ། ཆོས་གོས་སྟོད་གཡོགས་དང་མཐང་གོས་གཉིས་པུས་ལྗོངས་སྤྱོད་དུ་འགྲོ་བ་དང ། མང་པོ་ཟ་བ་མེད་པ་དང ། ཡང་ཡང་ཟ་བ་མེད་པ་དང ། སྤྱན་མ་དྲངས་པར་འགྲོ་བ་དང ། གོས་རྣམས་ཅི་བདེར་ཚོལ་བ་དང ། སྟོན་ཟླ་ཐ་ཆུང་ནས་དཔྱད་ཟླ་ར་བའི་བར་དུ་སྟེ། གང་གི་རྙེད་པ་ཐོབ་པ་དེ་དག་ནི། དབྱར་གནས་པའི་དགེ་འདུན་གྱིས་བགོ་བར་བྱའོ། །བཙུན་པ། ཅི་བསླབ་པའི་གནས་སམ། ཆོས་གོས་བྱིན་གྱིས་བརླབས་པ་དེ་དག་མ་མཆིས་པར་འགྱུར་རམ། ཨུ་པ་ལི། མ་ཡིན་ཏེ། འདི་དག་ནི། ཡོན་ཏན་ནོ། །བཙུན་པ། གསོལ་བ་དང ། ལས་མ་བྱས་པས་སྔར་གཏན་པ་དབྱུང་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་དགེ་སློང་གཞི་པ་དེ་དག་གིས་དེ་ཉིད་ཀྱི་ཉ་བྲིའི་ཞག་ཅིག་ལ་གཏན་པ་བཏིང་བར་གྱུར་པ་དང ། དགེ་སློང་གློ་བུར་པ་མང་ཞིག་ལྷགས་ནས་དེ་དག་ནི། དེའི་ཉིན་མོ་བཅོ་ལྔར་གྱུར་ཏེ་གསོ་སྦྱོང་བྱེད། སོ་སོར་ཐར་པ་ཀློག་པ་དང ། དེ་སྟེ་དགེ་སློང་གཞི་པ་རྣམས་ཀྱང་དེ་དག་གི་རྗེས་སུ་ཞུགས་ནས་གསོ་སྦྱོང་བྱས་ན། གསོལ་བ་དང་ལས་མ་བྱས་པར་གཏན་པ་ཕྱུང་བ་ཞེས་བྱའོ། །བཙུན་པ། Na394a ༄#། །དགེ་སློང་གཞི་པ་རྣམས་ཀྱིས་གཏན་པ་བཏིང་སྟེ་མཚམས་ཀྱི་སླད་རོལ་དུ་མཆིས་པ་དང ། གློ་བུར་དུ་དགེ་སློང་རྣམས་ལྷགས་ཏེ་གཏན་པ་ཕྱུང་ན། ཕྱུང་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། གང་གིས་གཏན་པ་བཏིང་བ་དེ་ཉིད་ཀྱིས་གཏན་པ་ཕྱུང་བ་ཞེས་བྱའོ། །བཙུན་པ། དབྱར་ཚུལ་དུ་ཞུགས་པ་ལས་དགེ་འདུན་བྱེ་ན། གང་གིས་གཏན་པ་གདིང ། ཆོས་བཞིན་དུ་སྨྲ་བ་རྣམས་ཀྱིས་སོ། །བཙུན་པ། གཏན་པ་བཏིང་བའི་གནས་སུ་དགེ་འདུན་བྱེ་ན། དབྱར་གྱི་རྙེད་པ་སུས་འཐོབ། ཕྱོགས་གཉིས་ཀས་སོ། །བཙུན་པ། དེ་སྟེ་མངོན་དུ་གྱུར་པ་ལས་རྙེད་ན། སུས་འཐོབ། ཆོས་ཀྱི་ཕྱོགས་ཀྱིས་སོ། །བཙུན་པ། ཚད་ལས་ཆུང་བའི་ཆོས་གོས་དུམ་བུར་སྦྱར་ཏེ་གོས་སུ་བཙེམ་ཞིང་གཏན་པར་བཏིང་ན། གཏན་པར་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། མ་བཏིང་བ་ཞེས་བྱའོ། །བཙུན་པ། ཚད་ལས་ཆུང་བ་ཞིག་གཏན་པར་བཏིང་ན། གཏན་པར་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། མ་བཏིང་བ་ཞེས་བྱའོ། །བཙུན་པ། གོས་ཇི་ལྟ་བུས་གཏན་པ་གདིང་བར་བགྱི། ཨུ་པ་ལི། མཆུར་ལྔ། ཞེང་དུ་གསུམ་པས་སོ། །བཙུན་པ། གཏན་པ་བཏིང་བ་ཁྱིམ་པ་ཞིག་གིས་གཏན་པ་བཏིང་ན། གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། མ་བཏིང་བ་ཞེས་བྱ་སྟེ། དགེ་འདུན་ཡང་འདས་པ་དང་བཅས་པའོ། །དེ་བཞིན་དུ་གཏན་པ་འདིང་བ་མ་ནིང་དང ། མི་གནས་པ་དང ། སོ་སོར་གནས་པ་ནས་སྔར་ Na394b འཁྲུགས་པའི་བར་དུ་དེ་དག་གིས་གཏན་པ་བཏིང་ན། གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། མ་བཏིང་བ་ཞེས་བྱ་སྟེ། དགེ་འདུན་ཡང་འདས་པ་དང་བཅས་པའོ། །བཙུན་པ། གཏན་པ་བཏིང་བ་ཟ་མ་ཞིག་གིས་གཏན་པ་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། མ་བཏིང་བ་ཞེས་བྱ་སྟེ། དགེ་འདུན་ཡང་འདས་པ་དང་བཅས་པའོ། །བཙུན་པ། གཏན་པ་འདིང་བ་དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་ཀྱིས་གཏན་པ་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། གཏན་པ་འདིང་བ་སྨྱོན་བ་ཞིག་གིས་གཏན་པ་བཏིང་ན། གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། མ་བཏིང་བ་ཞེས་བྱའོ། །དེ་སྟེ་དགེ་སློང་གི་འདུ་ཤེས་ཡོད་ལ།་བདག་མིང་འདི་ཞེས་བགྱི་བས་དགེ་འདུན་གྱི་གཏན་པ་གདིང་ངོ ། །བདག་གིས་བཏིང་ངོ ། །ཞེས་སེམས་བསྐྱེད་ན། གཏན་པ་བཏིང་བ་ཞེས་བྱའོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་རྣམས་སུ་ཤེས་པར་བྱའོ། །བཙུན་པ། གཏན་པ་འདིང་བ་གླེན་པ་དང ། ལྐུགས་པ་དང ། འོན་པ་རྣམས་ཀྱིས་གཏན་པ་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། གཏན་པ་འདིང་བ་གཞན་དུ་གནས་པས་གཏན་པ་བཏིང་ན། བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་ Na395a ༄#། །བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །གཏན་པའི་དངོས་པོ་རྫོགས་སོ།། །།མདོར་ན། གང་དུ་གང་གིས་མཚམས་བཞི་དང ། །བསྒོ་བ་གོས་དང་གསོ་སྦྱོང་བཞི། །གཏན་བཞི་བྱེ་བ་གང་ཟག་གོ་།བཙུན་པ། ཡུལ་ཀོའུ་ཤམྦྷིའི་དགེ་འདུན་གང་གི་ཚེ་བྱེ་བར་གྱུར། ནམ་མཚམས་ཀྱི་ནང་ན་གཅིག་པུ་གནས་པ་ལས་གསོ་སྦྱོང་བྱེད་པ་དང ། དགེ་འདུན་གྱི་བྱ་བ་དང ། དགེ་འདུན་གྱི་དོན་རྣམས་ཐ་དད་པར་བྱས་པ་ནའོ། །བཙུན་པ། ཡུལ་ཀོའུ་ཤམྦྷིར་དང་པོ་དགེ་འདུན་གང་གིས་ཕྱེ། ཆོས་མ་ཡིན་པར་སྨྲས་པས། དེ་དག་གིས་ཐོག་མར་མཚམས་ཀྱི་ནང་དུ་གསོ་སྦྱོང་དང ། དགེ་འདུན་གྱི་བྱ་བ་དང་དགེ་འདུན་གྱི་དོན་རྣམས་ཐ་དད་པར་བྱས་པས་སོ། །བཙུན་པ། ཡུལ་ཀོའུ་ཤམྦྷི་པས་མཚམས་བཤིག་ན། མཚམས་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དེ་སྟེ་ཡུལ་ཡངས་པ་ཅན་ན་གནས་པས་མཚམས་བཤིག་ན། མཚམས་ཞིག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་སློང་མའི་དགེ་འདུན་བྱེ་ནས་ཕྱོགས་དང ། གཞན་གྱི་ཕྱོགས་སུ་གནས་པ་ལ་ཟླ་བ་ཕྱེད་ཕྱེད་ཅིང་ལུང་དབོག་པ་དང་བསྟན་པར་བགྱིའམ། བཙུན་པ། འདི་སྐད་དུ། སྲིང་མོ་རྣམས་ཇེ་མཐུན་པར་གྱིས་ཤིག་།ཅེས་སྒོས་ཤིག་།བཙུན་པ། དགེ་སློང་མའི་དགེ་འདུན་བྱེ་ནས་ཕྱོགས་སུ་གནས་པའི་དགེ་སློང་མ་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་ལུང་འབོག་ཅིང་བསྟན་པ་བཙལ་བར་བགྱིའམ། བཙལ་ Na395b བར་བྱའོ། །སུ་ལས་བཙལ། ཆོས་ཕྱོགས་པ་ལས་སོ། །བཙུན་པ། དགེ་སློང་གི་དགེ་འདུན་བྱེ་ནས་ཕྱོགས་གཉིས་སུ་གནས་པ་དག་གིས་དགེ་སློང་མ་དག་ལ་ལུང་འབོག་ཅིང་བསྟན་པ་སྩལ་བར་བགྱིའམ། དགེ་སློང་མའི་དགེ་འདུན་མི་བྱེ་བར་བྱ་བའི་ཕྱིར་བྱིན་ཅིག་།བཙུན་པ། ཡུལ་ཀོའུ་ཤམྦྷིར་ཕྱོགས་གཉིས་ཀ་འདུས་ཤིང་འཁོད་པར་བྱེད་ན། གཟུ་བོས་གང་དུ་དགེ་སློང་མ་ལ་ལུང་དབོག་པར་བགྱི། མཚམས་ཀྱི་ཕྱི་རོལ་སོང་བའོ། །བཙུན་པ། ཡུལ་ཀོའུ་ཤམྦྷིར་ཕྱོགས་གཉིས་ཀ་འདུས་ཤིང་འཁོད་པར་གྱུར་ལ། དགེ་སློང་གཟུ་བོ་དག་ཀྱང་མཚམས་ཀྱི་སླད་རོལ་ཏུ་མཆིས་པར་གྱུར་བ་དང ། ཁྱིམ་བདག་ཅིག་མཆིས་ནས་དགེ་འདུན་ལ་གོས་ཤིག་ཕུལ་ན། གང་གིས་འཐོབ། ཕྱོགས་གཉིས་ཀས་སོ། །ཡུལ་ཀོའུ་ཤམྦྷི་ན་གནས་པས་ཡུལ་ཡངས་པ་ཅན་ན་གནས་པ་དག་དང་ལྷན་ཅིག་ཏུ་གསོ་སྦྱོང་བགྱིད་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །ཡུལ་ཡངས་པ་ཅན་ན་གནས་པས་ཡུལ་ཀོའུ་ཤམྦྷི་པ་དག་དང་ལྷན་ཅིག་ཏུ་གསོ་སྦྱོང་བགྱིད་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །གཟུ་བོ་རྣམས་ཡུལ་ཀོའུ་ཤམྦྷི་ན་གནས་པ་དག་དང་ལྷན་ཅིག་ཏུ་གསོ་སྦྱོང་བགྱིད་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །གཟུ་བོ་དག་ཡུལ་ཡངས་པ་ཅན་ན་གནས་པ་དང་ལྷན་ཅིག་ཏུ་གསོ་སྦྱོང་བགྱིད་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་སྟེ་བྱེད་ན། གཟུ་བོའི་དངོས་པོ་མེད་དོ། །བཙུན་ Na396a ༄#། །པ།་གཏན་པ་བཏིང་བའི་གནས་སུ་དགེ་འདུན་བྱེ་ན། གཏན་པ་གང་གིས་གདིང་བར་བགྱི། ཆོས་སུ་སྨྲ་བ་དག་གིས་སོ། །བཙུན་པ། གཏན་པ་བཏིང་བའི་གནས་སུ་དགེ་འདུན་བྱེ་ན། གཏན་པ་གང་གིས་དབྱུང་བར་བགྱི། ཆོས་སུ་སྨྲ་བ་རྣམས་ཀྱིས་སོ། །བཙུན་པ། གང་ཉེ་བར་ཕྱོགས་པ་དེ་ཐམས་ཅད་སོ་སོར་གནས་པ་ལགས་སམ། ཉེ་བར་ཕྱོགས་པ་གནས་པ་མ་ཡིན་པའང་ཡོད། སོ་སོར་གནས་ལ་ཉེ་བར་ཕྱོགས་པ་ཡང་ཡོད། ཉེ་བར་ཕྱོགས་ལ་སོ་སོར་གནས་པའང་ཡོད། ཉེ་བར་ཡང་མ་ཕྱོགས་ལ་སོ་སོར་གནས་པ་མ་ཡིན་པའང་ཡོད་དོ། །ཉེ་བར་ཕྱོགས་ལ་སོ་སོར་གནས་པ་མ་ཡིན་པ་ནི། གང་དངོས་པོ་ལྔ་ལ་ཉེ་བར་ཕྱོགས་པར་གྱུར་པ་སྟེ། མ་མཐོང་བའི་ཕྱིར་དགེ་འདུན་གྱིས་སྤངས་པར་མ་གྱུར་པ་དང ། སླར་ལས་མ་བྱས་པའི་ཕྱིར་སྤངས་པར་མ་གྱུར་པ་དང ། སྡིག་པ་ལ་ལྟ་བ་མ་བཏང་བའི་ཕྱིར་སྤངས་པར་མ་གྱུར་པའོ། །སོ་སོར་གནས་ལ་ཉེ་བར་མ་ཕྱོགས་པ་ནི། འདི་ལྟར་དགེ་སློང་དེ་མ་མཐོང་བའི་ཕྱིར་དགེ་འདུན་གྱིས་སྤངས་པར་གྱུར་པ་དང ། སླར་ལས་མ་བྱས་པའི་ཕྱིར་དང ། སྡིག་པར་ལྟ་བ་མ་བཏང་བའི་ཕྱིར་སྤངས་པར་གྱུར་པ་དང ། དངོས་པོ་ལྔ་ལ་ཡང་ཉེ་བར་ཕྱོགས་པར་མ་གྱུར་པའོ། །ཉེ་བར་ཡང་ཕྱོགས་ལ་སོ་སོར་ཡང་གནས་པ་ནི། དེ་འདི་ལྟར་དགེ་སློང་དེ་དངོས་པོ་ལྔ་ལ་ཉེ་བར་ཕྱོགས་པར་ཡང་གྱུར་ལ། མ་མཐོང་བའི་ཕྱིར་དགེ་འདུན་གྱིས་ཀྱང་སྤངས་པར་ Na396b གྱུར་པ་དང ། སླར་ལས་མ་བྱས་པའི་ཕྱིར་དང ། སྡིག་པ་ལ་ལྟ་བ་མ་བཏང་བའི་ཕྱིར་སྤངས་པར་གྱུར་པའོ། །ཉེ་བར་ཕྱོགས་པའང་མ་ཡིན་ལ་སོ་སོར་གནས་པའང་མ་ཡིན་པ་ནི། རྣམ་པ་དེ་ལྟ་བུ་དག་མ་གཏོགས་པའོ། །གང་ཉེ་བར་ཕྱོགས་པ་དེ་ན། ཅང་མི་གནས་པ་ལགས་སམ། ཉེ་བར་ཕྱོགས་པ་མི་གནས་པ་མ་ཡིན་པ་ཡང་ཡོད། མི་གནས་ལ་ཉེ་བར་ཕྱོགས་པ་ཡང་ཡོད། ཉེ་བར་ཡང་ཕྱོགས་ལ་མི་གནས་པ་ཡང་ཡོད། ཉེ་བར་ཡང་མ་ཕྱོགས་ལ་མི་གནས་པ་མ་ཡིན་པ་ཡང་ཡོད་དོ། །ཉེ་བར་ཕྱོགས་ལ་མི་གནས་པ་མ་ཡིན་པ་ནི། འདི་ལྟར་དགེ་སློང་དེ་དངོས་པོ་ལྔ་ལ་ཉེ་བར་ཕྱོགས་པར་གྱུར་ལ་ཕས་ཕམ་པ་བཞིའི་ཉེས་པ་གང་ཡང་རུང་བ་བྱུང་བར་མ་གྱུར་པའོ། །མི་གནས་ལ་ཉེ་བར་ཡང་མ་ཕྱོགས་པ་ནི། དེ་འདི་ལྟར་དགེ་སློང་དེ་ཕས་ཕམ་པ་བཞི་ལས་གང་ཡང་རུང་བའི་ཉེས་པ་བྱུང་བར་གྱུར་ལ། དངོས་པོ་ལྔ་ལ་ནི། ཉེ་བར་མ་ཕྱོགས་པ་ཡིན་ནོ། །ཉེ་བར་ཡང་ཕྱོགས་ལ་མི་གནས་པ་ཡང་ཡིན་པ་ནི། འདི་ལྟར་དགེ་སློང་དེ་དངོས་པོ་ལྔ་ལ་ཉེ་བར་ཕྱོགས་པར་གྱུར་ཅིང ། ཕས་ཕམ་པ་བཞི་ལས་གང་ཡང་རུང་བའི་ཉེས་པ་བྱུང་བ་ཡིན་ནོ། །ཉེ་བར་ཕྱོགས་པ་ཡང་མ་ཡིན་ལ་མི་གནས་པ་ཡང་མ་ཡིན་པ་ནི། རྣམ་པ་དེ་ལྟ་བུ་མ་གཏོགས་པའོ། །གང་སོ་སོར་གནས་པ་དེ་ཐམས་ཅད་མི་གནས་པ་ལགས་སམ། སོ་སོར་གནས་པ་ལ་མི་གནས་པ་མ་ཡིན་པའང་ཡོད། མི་གནས་ལ་སོ་སོར་གནས་པ་མ་ཡིན་པ་ཡང་ཡོད། སོ་སོར་ཡང་ Na397a ༄#། །གནས་ལ་མི་གནས་པ་ཡང་ཡོད། གནས་ལ་སོ་སོར་ཡང་མི་གནས་པ་ཡང་ཡོད་དོ། །སོ་སོར་གནས་ལ་མི་གནས་པ་མ་ཡིན་པ་ནི། འདི་ལྟར་དགེ་སློང་དེ་མ་མཐོང་བའི་ཕྱིར་སྤངས་པར་གྱུར་ཅིང ། །སླར་ལས་མ་བྱས་པ་དང ། སྡིག་པ་ལ་ལྟ་བ་མ་བཏང་བའི་ཕྱིར་སྤངས་པར་གྱུར་ལ། ཕས་ཕམ་པ་བཞི་ལས་ཉེས་པ་གང་ཡང་རུང་བ་མ་བྱུང་བ་ཡིན་ནོ། །མི་གནས་ལ་སོ་སོར་གནས་པ་མ་ཡིན་པ་ནི། གང་འདི་ལྟར་དགེ་སློང་དེས་ཕས་ཕམ་པ་བཞིའི་ཉེས་པ་གང་ཡང་རུང་བ་བྱུང་བར་གྱུར་གྱི། མ་མཐོང་བའི་ཕྱིར་དགེ་འདུན་གྱིས་སྤངས་པ་མ་བྱས་པར་གྱུར་ཅིང ། སླར་ལས་མ་བྱས་པ་དང ། སྡིག་པ་ལ་ལྟ་བ་མ་བཏང་བའི་ཕྱིར་སྤངས་པར་མ་གྱུར་བའོ། །མི་གནས་ལ་སོ་སོར་ཡང་གནས་པ་ནི། དེ་འདི་ལྟར་དགེ་སློང་དེ་མ་མཐོང་བའི་ཕྱིར་སྤངས་པ་ཡང་ཡིན་ལ། ཕས་ཕམ་པ་བཞིའི་ཉེས་པ་གང་ཡང་རུང་བ་བྱུང་བར་གྱུར་བའོ། །མི་གནས་པའང་མ་ཡིན་ལ་སོ་སོར་གནས་པའང་མ་ཡིན་པ་ནི། རྣམ་པ་དེ་ལྟ་བུ་མ་གཏོགས་པའོ། བཙུན་པ། དགེ་སློང་ཉིད་ཀྱིས་དགེ་སློང་གི་དགེ་འདུན་འབྱེད་ཀྱི། དགེ་སློང་མས་མ་ལགས། དགེ་སློབ་མས་མ་ལགས། དགེ་ཚུལ་མས་མ་ལགས། དགེ་ཚུལ་པས་མ་ལགས་སམ། ཨུ་པ་ལི། དགེ་སློང་ཉིད་ཀྱིས་དགེ་སློང་གི་དགེ་འདུན་འབྱེད་ཀྱི། དགེ་སློང་མས་མ་ཡིན། དགེ་སློབ་མས་མ་ཡིན། དགེ་ཚུལ་མས་མ་ཡིན། དགེ་ Na397b ཚུལ་ཕས་མ་ཡིན་མོད་ཀྱི། འོན་ཀྱང་དགེ་སློང་རྣམས་ནི། དགེ་འདུན་དབྱེ་བའི་ཕྱིར་རྩོལ་ལོ། །བཙུན་པ། དགེ་སློང་མ་ཉིད་ཀྱིས་དགེ་སློང་མའི་དགེ་འདུན་འབྱེད་ཀྱི། དགེ་སློང་གིས་མ་ལགས། དགེ་སློབ་མས་མ་ལགས། དགེ་ཚུལ་མས་མ་ལགས། དགེ་ཚུལ་ཕས་མ་ལགས་སམ། ཨུ་པ་ལི། དགེ་སློང་མ་ཉིད་ཀྱིས་དགེ་སློང་མའི་དགེ་འདུན་འབྱེད་ཀྱི། དགེ་སློང་ཕས་མ་ཡིན། དགེ་སློབ་མས་མ་ཡིན། དགེ་ཚུལ་མས་མ་ཡིན། དགེ་ཚུལ་ཕས་མ་ཡིན་མོད་ཀྱི། འོན་ཀྱང་དགེ་སློང་རྣམས་ནི། དགེ་འདུན་དབྱེ་བའི་ཕྱིར་རྩོལ་ལོ། །བཙུན་པ། དབྱེ་བ་ནི། གང་ཁ་ན་མ་ཐོ་དང་ལྡན་པ་ནི། གང་ལགས། དབྱེ་བ་ནི། དགེ་འདུན་ནོ། །ཁ་ན་མ་ཐོ་བ་དང་ལྡན་པ་ནི། འབྱེད་པའོ། །བཙུན་པ། དགེ་འདུན་ཕྱེ་ན། ཅིར་འགྱུར། སྦོམ་པོ་སྟེ། གསོལ་པ་དང ། ལས་མ་མཉན་ན། དགེ་འདུན་གྱི་ལྷག་མའོ། །བཙུན་པ། ཇི་ཙམ་གྱིས་ན། དགེ་འདུན་ཕྱེ་བ་ཞེས་བགྱི། ཨུ་པ་ལི། གང་གི་ཚེ་ཇི་སྙེད་པའི་དགེ་སློང་རྣམས་མཚམས་སུ་བྱི་ན། བྱ་བ་ལ་བབ་པར་གྱུར། དེ་དག་ཐམས་ཅད་འདུས་ཤིང་མངོན་སུམ་དུ་གྱུར། དད་པ་བླང་བའི་རིགས་པ་ལས་དད་པ་བླངས་པར་གྱུར། དགེ་སློང་རྣམས་ཀྱིས་ཀྱང་མཚམས་ཀྱི་ནང་ལ་མཚམས་ཀྱི་ནང་ཡིན་པར་འདུ་ཤེས་ཏེ་གསོ་སྦྱོང་དང་ལས་ཐ་དད་དུ་བྱེད་པ་དེ་ལྟར་ན། དགེ་འདུན་བྱེ་བ་ཞེས་བྱའོ། །དགེ་འདུན་ཕྱེ་བས་ནོངས་པ་གང་བཤགས་པར་བགྱི། ཉེ་པ་སྦོམ་པོའོ། །བཙུན་པ། བཅོམ་ Na398a ༄#། །ལྡན་འདས་ཀྱིས་དེ་ལྟ་བུའི་གང་ཟག་ལ་གླེང་བར་མ་བྱ་ཞིག་།དྲན་པར་མ་བྱ་ཞིག་།ཅེས་གསུངས་ན། དེ་ལྟ་བུའི་གང་ཟག་གང་ལགས། གང་ཟག་གང་མདོ་སྡེ་འཛིན་པ། མ་ལྟ་བུ་འཛིན་པ། བསོད་ནམས་ཆེན་པོ། འཁོར་གཡོགས་མང་པོ། གྲགས་པ་དེའོ། །དེ་ལྟ་བུའི་གང་ཟག་ཅིག་སྤངས་ན། ཅིར་འགྱུར། ཉེས་པ་སྦོམ་བོར་འགྱུར་རོ། །ཡུལ་ཀོའུ་ཤམྦྷིའི་དངོས་པོ་རྫོགས་སོ།། །།འདུལ་བ་གཞུང་དམ་པ། བམ་པོ་བཅུ་དགུ་པ། མདོར་ན། སྐད་དང་ནམ་མཁའ་མཚམས་དང་ས། །ཆོས་གཉིས་དང་ནི་མ་འདུས་པ། །ཆད་པ་འཁོར་དང་གཅིག་ནས་གཅིག། མ་འདུས་གང་ཟག་གནས་དེ་བཞིན། བཙུན་པ། འཕགས་པ་ཞིག་གིས་འཕགས་པའི་སྐད་དུ་ལས་བགྱིས་པ་དང ། དགེ་སློང་དེ་དག་གིས་ཀྱང་འཕགས་པའི་སྐད་མ་འཚལ་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། ལས་བྱས་པ་ཞེས་བྱ་སྟེ། ལས་བྱེད་པའི་དགེ་སློང་ནི། འདས་པ་དང་བཅས་པའོ། །བཙུན་པ། འཕགས་པ་ཞིག་གིས་མཐའ་འཁོབ་པའི་སྐད་དུ་ལས་བགྱིས་པ་དང ། དགེ་སློང་དེ་དག་གིས་མཐའ་འཁོབ་པའི་སྐད་མ་འཚལ་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། ལས་བྱས་པ་ཞེས་བྱ་སྟེ། ལས་བྱེད་པ་ནི། འདས་པ་དང ། བཅས་པའོ། །བཙུན་པ། མཐའ་འཁོབ་པ་ཞིག་གིས་མཐའ་འཁོབ་པའི་སྐད་དུ་ལས་བགྱིས་པ་དང ། དགེ་སློང་དེ་དག་གིས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། ལས་བགྱིས་ Na398b པ་ཞེས་བགྱིའམ། ཨུ་པ་ལི། ལས་བྱས་པ་ཞེས་བྱ་སྟེ། ལས་བྱེད་པ་ནི། འདས་པ་དང་བཅས་པའོ། །བཙུན་པ། མཐའ་འཁོབ་པ་ཞིག་གིས་འཕགས་པའི་སྐད་དུ་ལས་བགྱིས་པ་དང ། དགེ་སློང་དེ་དག་གིས་འཕགས་པའི་སྐད་མ་འཚལ་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། ལས་བྱས་པ་ཞེས་བྱ་སྟེ། ལས་བྱེད་པ་ནི། འདས་པ་དང་བཅས་པའོ། །བཙུན་པ། ས་ལ་གནས་པས་ནམ་མཁའ་ལ་གནས་པའི་གྲངས་སུ་བསྐངས་ན། ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། ནམ་མཁའ་ལ་གནས་པས་ས་ལ་གནས་པའི་གྲངས་སུ་བསྐངས་ན། ལས་བགྱིས་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། ལས་བགྱིད་པ་ས་ལ་གནས་པས་ནམ་མཁའ་ལ་གནས་པ་རྣམས་ཀྱི་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། བཙུན་པ། ལས་བགྱིད་པ་ནམ་མཁའ་ལ་གནས་པས་ས་ལ་གནས་པ་རྣམས་ཀྱི་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །དེ་བཞིན་དུ་མཚམས་ཀྱི་ནང་ན་གནས་པ་དང ། མཚམས་ཀྱི་ཕྱི་རོལ་ན་གནས་པ་རྣམས་དང་ལྷན་ཅིག་བཞིར་བྱའོ། །བཙུན་པ། ས་ལ་གནས་པས་ས་ལ་གནས་པ་རྣམས་དང་ལྷན་ཅིག་ལས་བགྱིར་རུང་ངམ། ཨུ་པ་ལི། རུང་སྟེ། འདི་ལྟར་ཡང་དེས་ས་ལ་གནས་པས་གྲངས་བསྐངས་ཤིང་ས་ལ་གནས་པ་རྣམས་ལས་དད་པ་བླངས་པར་གྱུར་པའོ། །ཇི་ལྟར་ས་ལ་གནས་པས་ས་ལ་གནས་པ་དང་ལྷན་ཅིག་པ་དེ་བཞིན་དུ་ས་ལ་གནས་པ་དང་རྩིག་ Na399a ༄#། །པ་ལ་གནས་པར་རོ། །སལ་གནས་པ་དང་ཤིང་ལ་གནས་པར་རོ། །རྩིག་པ་ལ་གནས་པ་དང་རྩིག་པ་ལ་གནས་པར་རོ། །རྩིག་པ་ལ་གནས་པ་དང་ས་ལ་གནས་པར་རོ། །རྩིག་པ་ལ་གནས་པ་དང་ཤིང་ལ་གནས་པར་རོ། །ཤིང་ལ་གནས་པ་དང་ཤིང་ལ་གནས་པར་རོ། །ཤིང་ལ་གནས་པ་དང་ས་ལ་གནས་པར་རོ། །ཤིང་ལ་གནས་པ་དང་རྩིག་པ་ལ་གནས་པ་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པ་ལི། རུང་སྟེ། ཇི་ལྟར་ཡང་ཤིང་ལ་གནས་པ་རྣམས་ཀྱིས་གྲངས་སུ་བསྐངས་ཏེ་ས་ལ་གནས་པ་རྣམས་ལས་དད་པ་བླངས་པར་གྱུར་པའོ། ། ལས་རྣམ་པ་བཞི་སྟེ། ཆོས་བཞིན་མ་ཡིན་པར་བྱེད་ཅིང་མ་འདུས་པ་དང ། ཆོས་བཞིན་མ་ཡིན་པར་འདུས་པ་དང ། ཆོས་བཞིན་དུ་མ་འདུས་པ་དང ། ཆོས་བཞིན་དུ་འདུས་པའོ། །ཆོས་བཞིན་མ་ཡིན་པར་མ་འདུས་པ་གང་ཞེ་ན། གསོལ་བ་བྱས་ནས་ལས་མ་བསྒྲགས་ཏེ་མ་འདུས་པར་ཡང་གྱུར་པའོ། །ཆོས་བཞིན་མ་ཡིན་པར་འདུས་པ་གང་ཞེ་ན། གསོལ་བ་བྱས་ནས་ལས་མ་བསྒྲགས་པར་འདུས་པར་ཡང་གྱུར་པའོ། །ཆོས་བཞིན་དུ་མ་འདུས་པ་གང་ཞེ་ན། གསོལ་བ་བྱས་ལ་ལས་བསྒྲགས་པ་དང ། མ་འདུས་པར་ཡང་གྱུར་པའོ། །ཆོས་བཞིན་དུ་འདུས་པ་གང་ཞེ་ན། གསོལ་བ་བྱས་ཤིང་ལས་བསྒྲགས་ལ་འདུས་པར་ཡང་གྱུར་པའོ། །གཞན་ཡང ། ལས་རྣམ་པ་བཞི་སྟེ། ཆོས་བཞིན་མ་ཡིན་པར་མཐུན་ལ་མ་འདུས་པ་དང ། ཆོས་བཞིན་ Na399b མ་ཡིན་པར་མཐུན་ལ་འདུས་པ་དང ། ཆོས་བཞིན་དུ་མཐུན་ལ་མ་འདུས་པ་དང ། ཆོས་བཞིན་དུ་མཐུན་ལ་འདུས་པའོ། །ཆོས་བཞིན་མ་ཡིན་པར་མཐུན་ལ་མ་འདུས་པ་གང་ཞེ་ན། སྔར་ལས་བསྒྲགས་ལ་ཕྱིས་གསོལ་བ་བྱེད་ཅིང་མ་འདུས་པར་ཡང་གྱུར་པའོ། །ཆོས་བཞིན་མ་ཡིན་པར་མཐུན་ཞིང་འདུས་པ་གང་ཞེ་ན། སྔར་བསྒྲགས་ལ་ཕྱིས་གསོལ་བ་བྱེད་ཅིང་འདུས་པར་ཡང་གྱུར་པའོ། །ཆོས་བཞིན་དུ་མཐུན་ལ་མ་འདུས་པ་གང་ཞེ་ན། ལས་དེ་ཉིད་ཀྱིས་གསོལ་བ་བྱས་ཏེ་ལས་གཞན་བསྒྲགས་ལ་མ་འདུས་པར་ཡང་གྱུར་པའོ། །ཆོས་བཞིན་དུ་མཐུན་ལ་འདུས་པ་གང་ཞེ་ན། ལས་དེ་ཉིད་ཀྱིས་གསོལ་བ་བྱས་ཤིང་ལས་གཞན་བསྒྲགས་ལ་འདུས་པར་ཡང་གྱུར་པའོ། །བཙུན་པ། མ་འདུས་པའི་ལས་ཞེས་ཀྱང་བགྱི། འདུས་པའི་ལས་ཞེས་ཀྱང་བགྱི་ན། བཙུན་པ། མ་འདུས་པའི་ལས་གང་ལགས། ཨུ་པ་ལི། དགེ་སློང་ཇི་སྙེད་པ་རྣམས་ཀྱིས་མཚམས་སུ་ཡང་ཕྱིན། ལས་ལ་ཡང་བབ་པར་གྱུར། ཐམས་ཅད་མངོན་སུམ་དུ་འདུས་པར་གྱུར། དད་པ་བླང་བའི་རིགས་པ་ཡང་དད་པ་བླངས་པར་གྱུར་ན། དགེ་སློང་རྣམས་ནི། ཟློག་ཅིང་འཁྱལ་ཏེ། དེ་དག་སླར་ཟློག་ཅིང་འཁྱལ་བཞིན་དུ་ལས་བྱས་ན། དེ་ནི། མ་འདུས་པའི་ལས་ཞེས་བྱའོ། །འདུས་པའི་ལས་གང་ཞེ་ན། དགེ་སློང་ཇི་སྙེད་པ་རྣམས་མཚམས་སུ་ཕྱིན་ཅིང་ལས་ལ་བབ་པར་གྱུར། ཐམས་ཅད་ཀྱང་ Na400a ༄#། །མངོན་སུམ་དུ་འདུས་པར་གྱུར། དད་པ་བླང་བའི་རིགས་པ་ཡང་དད་པ་བླངས་པར་གྱུར། དགེ་སློང་དག་སླར་མི་ཟློག་ཅིང་འཁྱལ་བར་མི་བྱེད་དེ། དེ་དག་སླར་མི་ཟློག་ཅིང་མི་འཁྱལ་བཞིན་དུ་ལས་བྱེད་པས་ན། དེ་ནི། འདུས་པའི་ལས་ཞེས་བྱའོ། །བཙུན་པ། དགེ་འདུན་ཐམས་ཅད་འདུས་ཏེ་འཁོད་ནས་ལས་བགྱིས་ཀྱང་ལས་དེ་མ་འདུས་པའི་ལས་སུ་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དེ་ནི། འདི་ལྟར་གསོལ་བ་དང ། ལས་བྱེད་པ་ན། དགེ་སློང་དག་སླར་ཟློག་ཅིང་འཁྱལ་ཏེ་དགེ་སློང་སླར་ཟློག་ཅིང་འཁྱལ་བཞིན་ལས་བྱེད་པའོ། །བཙུན་པ། ལས་བགྱིད་པ་ཆད་པ་འཁོར་བ་ཞིག་གིས་ལས་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱ་སྟེ། དགེ་འདུན་རྣམས་ནི། འདས་པ་དང་བཅས་པའོ། །བཙུན་པ། ཆད་པ་འཁོར་བ་ཞིག་གིས་དད་པ་བླངས་ནས་ལས་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱ་སྟེ། དགེ་སློང་དེ་དག་ནི། འདས་པ་དང་བཅས་པའོ། །བཙུན་པ། དད་པ་གཅིག་ནས་གཅིག་ཏུ་བླངས་ཏེ་ལས་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱ་སྟེ། དགེ་འདུན་རྣམས་ནི། འདས་པ་དང་བཅས་པའོ། །བཙུན་པ། མ་འདུས་པར་ལས་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་ཞེས་བྱ་སྟེ། དགེ་འདུན་ཡང་འདས་པ་དང་བཅས་ Na400b པའོ། །བཙུན་པ། གཅིག་གིས་གཅིག་ལ། གཅིག་གིས་གཉིས་ལ། གཅིག་གིས་གསུམ་ལ། གཅིག་གིས་མང་པོ་ལ་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། གཉིས་ཀྱིས་གཅིག་ལ། གཉིས་ཀྱིས་གཉིས་ལ། གཉིས་ཀྱིས་གསུམ་ལ། གཉིས་ཀྱིས་མང་པོ་ལ་ལས་རྣམས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། གསུམ་གྱིས་གཅིག་ལ། གསུམ་གྱིས་གཉིས་ལ། གསུམ་གྱིས་གསུམ་ལ། གསུམ་གྱིས་མང་པོ་ལ་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། མང་པོས་མང་པོ་ལ་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། ལས་བགྱིད་པ་གནས་གཅིག་ཏུ་མཆིས་ལ་གནས་བཞིར་ལས་ཐམས་ཅད་བགྱིར་རུང་ངམ། ཨུ་པ་ལི། རུང་སྟེ། དེ་འདི་ལྟར་ལས་བྱེད་པའི་དགེ་སློང་དེས་གནས་བཞི་ཆར་གྱི་མཚམས་ཤིང་ངམ། འདམ་བུའམ། རེ་ལྡེས་མནན་ཏེ་ལས་བྱེད་པའོ། །བཙུན་པ། ལས་བགྱིད་པས་མཚམས་གཅིག་པར་གསོལ་བ་གཅིག་དང ། ལས་གཅིག་གིས་གང་ཟག་བཞི་ལ་ལས་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། མཚམས་གཅིག་པར་མང་པོས་མང་པོ་ལ་ལས་བྱར་མི་རུང་ངོ ། །བཙུན་པ། དགེ་སློང་གིས་མཚམས་གཅིག་ལ་མཚུངས་པར་གནས་པའི་དགེ་སློང་རྣམས་ལ་ལས་བགྱིས་ཀྱང་ནོངས་པར་ཡང་མི་འགྱུར་ལ། དགེ་འདུན་མ་འདུས་པར་ཡང་མི་འགྱུར་བ་མཆིས་ Na401a ༄#། །སམ། ཨུ་པ་ལི། ཡོད་དེ། དད་པ་བྱིན་པས་སོ། །བཙུན་པ། ལས་བགྱིད་པའི་དགེ་སློང་གནས་གཅིག་ན་མཆིས་པས་གང་ཟག་བཞི་ལ་ལས་བགྱིས་ན། ལས་དེ་ཡང་བགྱིས་པར་འགྱུར་ལ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ལས་བྱེད་པའི་དགེ་སློང་དེ་མཚམས་མནན། མཚམས་བཟུང་ནས་མཚམས་སུ་འགྲེང་ངམ། འདུག་ནས་མཚམས་ཀྱི་ནང་དུ་གཉིས་འདུག་།མཚམས་ཀྱི་ཕྱི་རོལ་ཏུ་གཉིས་འདུག་པ་ལ་ལས་བྱེད་པའོ། །མདོར་ན། མངོན་སུམ་གྱུར་དང་སྔ་མ་དག་།ལས་རྣམ་གསུམ་དང་ཤི་བ་དང ། །མི་སྤྱད་དང་ནི་བདེ་བ་མཚམས། །ཉེས་པ་ལས་ཀྱང་དེ་བཞིན་ནོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་མངོན་སུམ་དུ་གྱུར་པ་ལ་ལས་རྣམས་གྱིས་ཤིག་།ཅེས་གསུངས་ན། བཙུན་པ། དགེ་འདུན་གྱིས་མངོན་སུམ་དུ་མ་གྱུར་པར་ལས་རྣམས་བགྱིས་ཀྱང་ལས་རྣམས་བགྱིས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་དགེ་སློང་མའི་དགེ་འདུན་གྱིས་ཕྱག་མི་བྱ་བའི་སྡོམ་པ་དང ། ལོངས་སྤྱོད་དང་བྲལ་བའི་སྡོམ་པ་བྱིན་པ་དང ། དགེ་སློང་གི་དགེ་འདུན་གྱིས་དགེ་སློང་ལ་སྨྱོན་པའི་སྡོམ་པ་བྱིན་པར་གྱུར་པའོ། །བཙུན་པ། སྔར་ལས་བསྒྲགས་ཏེ་ཕྱིས་གསོལ་བ་བགྱིད་ན། བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱ་སྟེ། དགེ་སློང་དེ་དག་ནི། Na401b འདས་པ་དང་བཅས་པའོ། །བཙུན་པ། བདག་ཉིད་ཀྱིས་བདག་སྤངས་ན། སྤངས་པ་ཞེས་བགྱིའམ། ཨུ་པ་ལི། སྤངས་པ་ཞེས་བྱའོ། །བཙུན་པ། བདག་ཉིད་ཀྱིས་སྤངས་ཏེ་བདག་ཉིད་ཀྱིས་བདག་ཉིད་ལ་བཟོད་པར་བགྱིད་ན། བཟོད་པ་བགྱིད་པ་ཞེས་བགྱིའམ། ཨུ་པ་ལི། བཟོད་པ་བྱས་པ་ཞེས་བྱའོ། །བཙུན་པ། བསྡིགས་པའི་ལས་བགྱིས་པ་ལ་བསྡིགས་པའི་ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་སྨད་པའི་ལས་བགྱིས་པ་ལ་སྨད་པའི་ལས་བགྱིས་པ་དང ། བསྐྲད་པའི་ལས་བགྱིས་པ་དང ། སླར་སྡུམ་པའི་ལས་བགྱིས་པ་དང ། མ་མཐོང་བའི་ཕྱིར་སྤངས་པའི་ལས་བགྱིས་པ་དང ། སླར་གྱི་ལས་མ་བགྱིས་པ་དང ། སྡིག་པ་ལ་ལྟ་བ་སླར་མ་བཏང་བའི་ཕྱིར་སྤང་བའི་ལས་བགྱིས་པ་དང ། ཆད་པས་བཅད་པ་ལ་ཆད་པའི་དང ། ཡིད་མགུ་བའི་སྤྱོད་པ་ལ་ཡིད་མགུ་བའི་དང ། དབྱུང་བའི་ཕྱིར་ལས་བགྱིས་པ་ལ་དབྱུང་བའི་ཕྱིར་ལས་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། བསྡིགས་པའི་ལས་བགྱིས་པ་ལ་སྨད་པའི་ལས་བགྱིད། བསྐྲད་པ་དང ། སླར་སྡུམ་པའི་དང ། མ་མཐོང་བའི་ཕྱིར་སྤངས་པ་དང ། སླར་གྱི་ལས་མ་བགྱིས་པ་དང ། སྡིག་པ་ལ་ལྟ་བ་སླར་མ་བཏང་བའི་ཕྱིར་སྤང་བའི་ལས་དང ། ཆད་པས་བཅད་པའི་དང ། ཡིད་མགུ་བའི་དང ། དབྱུང་བའི་ལས་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་ Na402a ༄#། །བྱའོ། །དེ་བཞིན་དུ་ལས་ཐམས་ཅད་ཀྱང་འཁོར་ལོའི་རྒྱུད་བཞིན་དུ་བྱའོ། །བཙུན་པ། བསྡིགས་པའི་ལས་སུ་འོས་པ་ཞིག་ལ་སྨད་པ་དང ། བསྐྲད་པ་དང ། སླར་སྡུམ་པའི་ལས་རྣམས་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱ་སྟེ། སྨ་དབབ་པའི་ལས་སོ། །བཙུན་པ། བསྡིགས་པའི་ལས་སུ་འོས་པ་ཞིག་ལ་མ་མཐོང་པའི་སླད་དུ་སྤངས་པ་དང ། སླར་མ་བགྱིས་པ་དང ། སྡིག་པ་ལ་ལྟ་བ་སླར་མ་བཏང་བའི་སླད་དུ་སྤངས་པའི་ལས་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། སྨ་དབབ་པའི་ལས་ནི། གཞན་ནོ། །སྤང་བའི་ལས་ནི། གཞན་ནོ། །བཙུན་པ། བསྡིགས་པའི་ལས་སུ་འོས་པ་ཞིག་ལ་ཆད་པས་བཅད་པ་དང ། ཡིད་མགུ་བ་དང ། དབྱུང་བའི་ལས་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྨ་དབབ་པའི་ལས་ནི། གཞན་ནོ། །རྣམ་པར་དག་པའི་ལས་ནི། གཞན་ནོ། །བཙུན་པ། མ་མཐོང་བའི་སླད་དུ་སྤང་བའི་ལས་སུ་འོས་པ་ཞིག་ལ་སླར་ལས་མ་བགྱིས་པ་དང ། སྡིག་པ་ལ་ལྟ་བ་སླར་མ་བཏང་བའི་སླད་དུ་སྤང་པའི་ལས་ཤིག་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། དེ་དག་ཐམས་ཅད་ནི། སྤང་པའི་ལས་སོ། །བཙུན་པ། མ་མཐོང་བའི་ Na402b ཕྱིར་སྤང་བའི་ལས་སུ་འོས་པ་ཞིག་ལ་བསྡིགས་པ་དང ། སྨད་པ་དང ། བསྐྲད་པ་དང ། སླར་སྡུམ་པའི་ལས་ཤིག་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། སྤང་བའི་ལས་ནི། གཞན། སྨ་དབབ་པའི་ལས་ནི། གཞན་ནོ། །བཙུན་པ། མ་མཐོང་བའི་སླད་དུ་སྤང་བའི་ལས་སུ་འོས་པ་ཞིག་ལ་ཆད་པས་བཅད་པ་དང ། ཡིད་མགུ་བ་དང ། དབྱུང་བའི་ལས་བགྱིས་ན། བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། སྤང་བའི་ལས་ནི། གཞན་ནོ། །རྣམ་པར་དག་པའི་ལས་ནི། གཞན་ནོ། །བཙུན་པ། ཆད་པས་གཅད་པར་འོས་པ་ཞིག་ལ་ཡིད་མགུ་བ་དང ། དབྱུང་བའི་ལས་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། འདི་དག་ཐམས་ཅད་ནི། རྣམ་པར་དག་པའི་ལས་སོ། །བཙུན་པ། ཆད་པས་གཅད་པར་འོས་པ་ཞིག་ལ་བསྡིགས་པ་དང ། སྨད་པ་དང ། བསྐྲད་པ་དང ། སླར་སྡུམ་པའི་ལས་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། རྣམ་པར་དག་པའི་ལས་ནི། གཞན། སྨ་དབབ་པའི་ལས་ནི། གཞན་ནོ། །བཙུན་པ། ཆད་པས་གཅད་པར་འོས་པ་ཞིག་ལ་མ་མཐོང་བའི་ཕྱིར་སྤང་བའི་ལས་བགྱིས་སམ། སླར་གྱི་ལས་མ་བགྱིས་པ་དང ། སྡིག་པ་ལ་ལྟ་བ་སླར་མ་བཏང་ Na403a ༄#། །བའི་སླད་དུ་སྤང་བའི་ལས་བགྱིས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། རྣམ་པར་དག་པའི་ལས་ནི། གཞན། སྤང་བའི་ལས་ནི། གཞན་ནོ། །བཙུན་པ། ལས་གཞན་གྱིས་གསོལ་བ་བགྱིས་ལ། ལས་གཞན་གྱིས་བསྒྲགས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱ་སྟེ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ནི། གང་ཟག་བྱིས་པ་དང ། གླེན་པ་དང ། མི་གསལ་བ་དང ། མི་མཁས་པ་དང ། ངོ་ཚ་མེད་པ་དང ། ཚིག་མི་བརྟན་པ་དང ། ཡི་དམ་ལས་ཉམས་པ་དང ། སྔོན་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་དང ། སྨྱོན་པ་དང་རྣམ་པ་བཅུས་དཀྲུགས་ཀྱང་འཁྲུགས་པར་མི་འགྱུར་རོ། ། ཞེས་གསུངས་ན། བཙུན་པ། དེ་སྟེ་ཆོས་བཞིན་མ་ལགས་པར་ལས་བགྱིད་ཅིང ། དེ་དག་ཀྱང་སླར་བཟློག་།སླར་དཀྲུགས་ཏེ། དེ་དག་གིས་སླར་བཟློག་།སླར་དཀྲུགས་ན། སླར་དཀྲུགས་པ་མི་བཙན་ནམ། ཨུ་པ་ལི། བཙན་ཏེ། ངས་ཆོས་བཞིན་གྱི་ལས་ལ་དགོངས་ཏེ་གསུངས་པས་ན། གང་ལ་ཆོས་བཞིན་གྱི་ལས་བྱེད་པ་དེ་ལ་སླར་བཟློག་པ་དང ། དཀྲུགས་པ་ནི། མི་བཙན་ནོ། །བཙུན་པ། གང་ཟག་བཅུ་གཉིས་ཀྱི་ལས་བསྐོ་བའི་ཚེ་དང ། བསྙེན་པར་རྫོགས་པར་རིགས་པ་ལ་བསྙེན་པར་རྫོགས་པར་བགྱིད་པའི་ཚེ་དབྱུང་བར་རིགས་པ་ལ་འབྱིན་པའི་ Na403b ཚེ་སླར་ཟློག་ཅིང་སླར་དཀུགས་ཏེ་བདག་ལ་ལས་མ་བྱེད་ཅིག་།ཅེས་མཆི་ན། དེ་དག་གིས་སླར་བཟློག་པ་དང ། སླར་དཀྲུགས་པ་མི་བཙན་ནམ། ཨུ་པ་ལི། བཙན་ནོ། །ཆད་པའི་ལས་ལ་ངས་དགོངས་ཏེ་གསུངས་སོ། །བཙུན་པ། ལས་བགྱིད་པ་ཞིག་ལས་བགྱིད་པའི་ཚེ་དུས་འདས་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། དེ་སྟེ་ལས་མང་དུ་བྱས་པ་དེའང་དུས་འདས་ན། ལས་བྱས་པ་ཞེས་བྱའོ། །བཙུན་པ། ཉེ་བར་ཕྱོགས་པ་དང་ལྷན་ཅིག་ཀུན་ཏུ་སྤྱད་པར་བགྱིའམ། ཀུན་ཏུ་མི་སྤྱད་པར་བགྱི། ཨུ་པ་ལི། ཉེ་བར་ཕྱོགས་པ་དང་ལྷན་ཅིག་ཀུན་ཏུ་མི་སྤྱད་པར་བྱའོ། །བཙུན་པ། སྤངས་པ་དེ་གྲོགས་ཞེས་བགྱིའམ། གྲོགས་མ་ལགས་པ་ཞེས་བགྱི། ཨུ་པ་ལི། སྤངས་པ་ཐམས་ཅད་ནི། གྲོགས་མ་ཡིན་པ་ཞེས་བྱའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་བསྡིགས་པའི་ལས་བགྱིས་པ་ལ་བཟོད་པ་སྩོལ་ཅིག་།ཅེས་གསུངས་ན། བཙུན་པ། གང་དུ་བཟོད་པ་སྩལ་བར་བགྱི། མཚམས་ཀྱི་ནང་དུའོ། །ཇི་ལྟར་བཟོད་པ་གསོལ་བར་བགྱི། སྤུ་འགྲེང་བ་ཉལ་བཞིན་དུ་དགེ་འདུན་ལ་སྤུ་བསྙལ་ཏེ་འབྱུང་བར་རྩོལ་ཞིང་ཕྱག་འཚལ་བར་སྟོན། མཚམས་ཀྱི་ནང་དུ་འདུག་ནས་བཟོད་པ་གསོལ་ཏེ་ཉེས་པ་མཐོལ་བའོ། །བཙུན་པ། སུ་གང་ལ་དགེ་འདུན་གྱི་ནང་དུ་ལན་གསུམ་དུ་བསྒོའང་སླར་མ་བཏང་བ་དེ་དག་ཐམས་ཅད་ནོངས་པར་འགྱུར་རམ། སུ་གང་ལ་ནོངས་པ་བྱུང་བ་དེ་དག་ཐམས་ཅད་ཀྱང་ལན་གསུམ་དུ་བསྒོ་བར་བགྱི་ Na404a ༄#། །འམ། སུ་གང་ལ་ཞིག་དགེ་འདུན་གྱི་ནང་དུ་ལན་གསུམ་དུ་བསྒོ་ཡང་སླར་མ་བཏང་བ་དེ་དག་ཐམས་ཅད་ལ་ཉེས་པར་འགྱུར་རོ། །ནོངས་པ་བྱུང་ཡང་དེ་དགེ་འདུན་གྱི་ནང་དུ་ལན་གསུམ་དུ་བསྒོ་མི་འཚལ་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། བསྒོ་བའི་རིགས་པ་ཞིག་བསྒོ་བར་འོས་པ་མ་གཏོགས་པར་དེ་ལས་ཉེས་པ་གཞན་བྱུང་བའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ནི། ཆོས་གང་དང་ལྡན་པའི་དགེ་སློང་དེ་ལ་སྨ་དབབ་པའི་ལས་དང ། སྤང་བའི་ལས་དང ། རྣམ་པར་དག་པའི་ལས་རྣམས་བྱའོ། །ཞེས་གསུངས་ན། བཙུན་པ། དེ་སྟེ་དགེ་སློང་མ་ལ་ཡང་དེ་ལྟ་བུའི་ཆོས་དང་ལྡན་པར་གྱུར་ན། དེ་དག་ལ་ཡང་ལས་དེ་རྣམས་བགྱིའམ། ཨུ་པ་ལི། བྱའོ། །བཙུན་པ། དེ་སྟེ་དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་རྣམས་ཆོས་དེ་དག་དང་ལྡན་པར་གྱུར་ན། དེ་དག་ལ་ཡང་ལས་དེ་རྣམས་བགྱིའམ། ཨུ་པ་ལི། རྣམ་པར་དག་པའི་ལས་མ་གཏོགས་པར་ལས་གཞན་རྣམས་ནི། མི་བྱའོ། །མདོར་ན། སྨྱོན་པ་སེམས་འཁྲུགས་ན་བ་དང ། འོན་པ་གླེན་པ་གཉིད་ལོག་དང ། །ར་རོ་བ་དང་སྨྱོས་པ་དང ། །སྙོམས་ཞུགས་འགྲོ་བ་དེ་བཞིན་མཚན། །མ་ནིང་དག་ལ་སོགས་པ་དང ། །བསླབ་པ་བྱིན་པ་ཐ་མའོ། །བཙུན་པ། སྨྱོན་པ་ལ་ལས་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། སྨྱོན་པ་ལ་སྡོམ་པ་བྱིན་པ་མ་གཏོགས་པའི་ལས་ལྷག་མ་རྣམས་ནི། དེ་སྟེ་སླར་དགེ་སློང་དུ་འདུ་ཤེས་ཡོད་ཅིང ། ལས་འདི་ནི། བདག་ལ་བྱེད་དོ་བར་ཤེས་ན། Na404b ལས་བྱས་བ་ཞེས་བྱའོ། །སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་རྣམས་ཀྱང་དེ་བཞིན་ནོ། །བཙུན་པ། གཉིད་ཀྱིས་ལོག་པ་ཞིག་ལ་ལས་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། དེ་སྟེ་ལུས་སམ། ངག་གིས་དམིགས་ནས་གསོལ་བ་དང ། ལས་བྱས་པའི་ཚེ་གཉིད་ལོག་ན། ལས་བྱས་པ་ཞེས་བྱའོ། །དེ་བཞིན་དུ་མྱོས་པ་དང ། ར་རོ་བ་དང ། སྙོམས་པར་ཞུགས་པ་རྣམས་ལ་ཡང་བརྗོད་པར་བྱའོ། །བཙུན་པ། འགྲོ་བ་གཞན་དུ་གནས་པ་ཞིག་ལ་ལས་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། ལྷུང་བཟེད་ཁས་དབུབ་པ་མ་གཏོགས་ཏེ། ལྷག་མ་རྣམས་ནི། བྱས་པ་ཞེས་བྱའོ། །བཙུན་པ། གང་ལ་ལས་བགྱིད་པ་དེའི་མཚན་གྱུར་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱའོ། །བཙུན་པ། མ་ནིང་ཞིག་ལ་ལས་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱའོ། །དེ་བཞིན་དུ་དགེ་སློང་མ་སུན་ཕྱུང་བ་ནས་སྔར་འཁྲུགས་པའི་བར་དུ་བརྗོད་པར་བྱའོ། །བཙུན་པ། ཟ་མ་ཞིག་ལ་ལས་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱའོ། །བཙུན་པ། དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་ལ་ལས་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །མདོར་ན། སྨྱོན་པ་དང་ནི་སེམས་འཁྲུགས་དང ། །ན་བ་འོན་པ་གླེན་པ་དང ། །ཁྱིམ་པ་དག་ Na405a ༄#། །ལ་སོགས་པ་དང ། །བསླབ་པ་བྱིན་དང་དེ་བཞིན་མཚན། །བཙུན་པ། ལས་བགྱིད་པ་སྨྱོན་པ་ཞིག་གིས་ལས་བགྱིད་ན། བགྱིས་པ་ཞེས་བགྱིའམ། མ་བགྱིས་པ་ཞེས་བགྱི། ཨུ་པ་ལི། དེ་སྟེ་དགེ་སློང་དུ་འདུ་ཤེས་སླར་རྙེད་ཅིང་གསོལ་བ་བྱས་ཏེ་ལས་མ་ཉམས་ན། བྱས་པ་ཞེས་བྱའོ། །སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་རྣམས་ཀྱང་དེ་བཞིན་ནོ། །བཙུན་པ། ལས་བགྱིད་པ་འགྲོ་བ་གཞན་དུ་གནས་པ་ཞིག་གིས་ལས་བགྱིས་ན། བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། དེ་བཞིན་ནོ། །དེ་བཞིན་དུ་ལས་བགྱིད་པ་ཁྱིམ་པ་དང ། ཟ་མ་དང ། མ་ནིང་དང ། ལྷན་ཅིག་མི་གནས་པ་དང ། སོ་སོར་གནས་པ་ནས་སྔར་འཁྲུགས་པའི་བར་དུ་དེ་དག་གིས་ལས་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་འདུན་གྱི་དབྱེན་བགྱིས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་བ་རྣམས་ཀྱིས་ལས་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། ལས་བགྱིད་པས་ལས་བགྱིད་པ་དེ་མཚན་གྱུར་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། བྱས་པ་ཞེས་བྱའོ། །ཇི་ལྟར་ལས་བྱེད་པ་དེ་བཞིན་དུ་གྲངས་སུ་བསྐངས་པས་ཀྱང་བརྗོད་པར་བྱའོ། །ལས་ཀྱི་དངོས་པོ་སྟེ། དམར་སྐྱའི་དངོས་པོ་རྫོགས་སོ།། །། Na405b མདོར་ན། ཆད་པ་རྣམ་པ་བདུན་དུ་བྱས། །གནས་གསུམ་དང་ནི་མུ་སྟེགས་ཅན། །བསྒྲགས་པ་དང་ནི་ཉེས་པ་དང ། །མཚན་དང་སྦྱིན་པ་མ་ཡིན་པའོ། །བཙུན་པ། གང་ཟག་དེ་ཉིད་ཆད་པ་བགྱིད་པ་ལགས་ལ། དེ་ཉིད་ཆད་པ་འཁོར་བ་ཡང་ལགས། དེ་ཉིད་མགུ་བར་སྤྱོད་པ་ལགས་ལ། གང་ཟག་དེ་ཉིད་ཀྱིས་ཡིད་མགུ་བར་སྤྱད་ལགས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དེ་འདི་ལྟར་གང་ཟག་ཡིད་མགུ་བར་སྤྱད་ཟིན་པ་ལས་དགེ་འདུན་གྱི་ལྷག་མའི་ཉེས་པ་བྱུང་སྟེ། དེ་དགེ་འདུན་ལ་ཡིད་མགུ་བར་བྱ་བ་གསོལ་ཏེ། དགེ་འདུན་གྱིས་དེ་ལ་ཡིད་མགུ་བར་བྱ་བ་བྱིན་ཏེ། དེ་ཡིད་མགུ་བར་བྱ་བ་སྤྱོད་པ་ན། དེ་ཡང་དགེ་འདུན་གྱི་ལྷག་མའི་ཉེས་པ་གཉིས་བྱུང་སྟེ། གཅིག་ནི། ཞག་གཅིག་ཏུ་བཅབས་ལ། གཅིག་ནི། ཞག་གཉིས་སུ་བཅབས་ནས་དེ་ཉེས་པ་དེ་དག་གིས་ཕྱིར་དགེ་འདུན་ལས་ཆད་པར་བྱ་བ་གསོལ་པ་དང ། དེ་ལ་དགེ་འདུན་གྱིས་ཀྱང་ཆད་པར་བྱེད་པ་ཡིན་ནོ། །དེས་ཞག་གཅིག་ཏུ་ཆད་པ་བྱས་ཏེ་དེའི་ཉེས་པ་གཅིག་གི་ཆད་པ་ནི། བྱས་སོ། །གཉིས་པའི་ཆད་པ་ནི། བྱེད། གསུམ་དུ་ནི། ཡིད་མགུ་བར་བྱ་བ་སྤྱོད། །བཞི་པ་ནི། ཡིད་མགུ་བར་བྱ་བ་སྤྱད་པའོ། །བཙུན་པ། ཆད་པ་བགྱིད་པའི་རིགས་པ་ཞིག་ལ་ཡིད་མགུ་བར་བགྱིད་པ་སྩལ་ན། སྩལ་པ་ཞེས་བགྱིའམ། ཨུ་པ་ལི། བྱིན་པ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། ཆད་པ་བགྱིད་པའི་རིགས་པའི་གང་ཟག་ཅིག་ཕྱུང་ན། ཕྱུང་པ་ཞེས་བགྱིའམ། ཨུ་པ་ལི། ཕྱུང་བ་ཞེས་བྱ་སྟེ། དགེ་འདུན་ Na406a ༄#། །ནི།་འདས་པ་དང་བཅས་པའོ། །བཙུན་པ། ཡིད་མགུ་བར་བགྱིད་པར་རིགས་པའི་གང་ཟག་ལ་ཆད་པ་བགྱིད་པ་སྩལ་ན། སྩལ་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ།་དགེ་འདུན་ཡང་འདས་པ་དང་བཅས་པའོ། །བཙུན་པ། ཡིད་མགུ་བར་བགྱིད་པར་རིགས་པའི་གང་ཟག་ཅིག་ཕྱུང་ན། ཕྱུང་བ་ཞེས་བགྱིའམ། ཨུ་པ་ལི། ཕྱུང་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། དབྱུང་བར་རིགས་པའི་གང་ཟག་ལ་ཆད་པ་བགྱིད་དུ་སྩལ་ན། སྩལ་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དགེ་འདུན་ཡང་འདས་པ་དང་བཅས་པའོ། ། བཙུན་པ། དབྱུང་བར་རིགས་པའི་གང་ཟག་ཅིག་ཡིད་མགུ་བར་བགྱིད་པ་སྩལ་ན། སྩལ་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དགེ་འདུན་ཡང་འདས་པ་དང་བཅས་པའོ། །བཙུན་པ། ལས་བགྱིད་པ་ཕྱོགས་གཅིག་ཏུ་མཆིས་ལ་གནས་བཞིར་ཆད་པ་བགྱིད་པ་དང ། ཡིད་མགུ་བར་བགྱིད་པ་སྩོལ་ཅིང་དབྱུང་བའི་ལས་ཀྱང་བགྱིད་པར་རུང་ངམ། ཨུ་པ་ལི། དེ་འདི་ལྟར་ལས་བྱེད་པའི་དགེ་སློང་དེ་གནས་བཞིའི་མཚམས་སུ་ཤིང་ངམ། དབྱིག་པའམ། རེ་ལྡེས་མནན་ཏེ་ལས་བྱེད་ན། རུང་ངོ ། །བཙུན་པ། ལས་བགྱིད་པས་གནས་བཞིའི་མཚམས་སུ་ཤིང་ངམ། དབྱིག་པའམ། རེ་ལྡེས་མནན་ཏེ་གསོལ་པ་གཅིག་དང ། ལས་གཅིག་གིས་གང་ཟག་བཞི་ལ་ཆད་པ་བགྱིད་པ་དང ། ཡིད་མགུ་བར་བགྱིད་པ་དང ། དབྱུང་བའི་ལས་རྣམས་བགྱིད་ན། བགྱིས་པ་ཞེས་ Na406b བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། མཚམས་གཅིག་པ་ལ་མང་པོས་མང་པོ་ལ་ལས་བྱར་མི་རུང་ངོ ། །བཙུན་པ། དགེ་སློང་ཞིག་གིས་མཚམས་གཅིག་ན་གནས་ཤིང་ལྷན་ཅིག་ཏུ་འཁོད་པའི་དགེ་སློང་དེ་དག་མ་མཆིས་བཞིན་དུ་ཆད་པ་བགྱིད་པ་དང ། ཡིད་མགུ་བར་བགྱིད་པ་དང ། དབྱུང་བའི་ལས་བགྱིད་ཀྱང་ནོངས་པར་མི་འགྱུར་ལ། དེས་དགེ་འདུན་ལ་ཡང་མི་མཐུན་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དད་པ་རྗེས་སུ་ཕུལ་བའོ། །བཙུན་པ། ལས་བགྱིད་པའི་དགེ་སློང་ཕྱོགས་གཅིག་ཏུ་མཆིས་ནས་གང་ཟག་བཞི་ལ་ཆད་པ་བགྱིད་པ་དང ། ཡིད་མགུ་བར་བགྱིད་པའི་ལས་བགྱིད་ན། ལས་ཀྱང་བགྱིས་པར་འགྱུར་ལ། དགེ་སློང་དེ་དག་ཀྱང་འདས་པ་དང་བཅས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ལས་བྱེད་པའི་དགེ་སློང་དེས་མཚམས་མནན། མཚམས་བཟུང་སྟེ་མཚམས་སུ་འགྲེང་ངམ། འདུག་ཀྱང་རུང ། གཉིས་ནི། མཚམས་ཀྱི་ནང་དུ་བཞག་།གཉིས་ནི། མཚམས་ཀྱི་ཕྱི་རོལ་ཏུ་བཞག་སྟེ་བྱེད་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ནི། ཆད་པ་བགྱིད་པ་གཉིས་ཐོག་གཅིག་པའི་གནས་སུ་མ་གནས་ཤིག་།ཅེས་གསུངས་ན། བཙུན་པ། ཆད་པ་བགྱིད་པ་གཉིས་ཐོག་གཅིག་པའི་གནས་སུ་གནས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། སྔོན་མུ་སྟེགས་ཅན་དང་ལྷན་ཅིག་གནས་ནའོ། །བཙུན་པ། ནོངས་པ་གང་ཡང་མ་བྱུང་བ་དེའང་ཆད་པ་ Na407a ༄#། །བགྱིད་པ་མཆིས་སམ། ཨུ་པ་ལི། ཡོད་དེ། སྔོན་མུ་སྟེགས་ཅན་ནོ། །བཙུན་པ། དགེ་འདུན་གྱི་ལྷག་མ་མ་བྱུང་བ་ཞིག་ལ་ཆད་པ་བགྱིད་དུ་སྩལ་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། མུ་སྟེགས་ཅན་ལའོ། །བཙུན་པ། དགེ་སློང་ཞིག་གིས་ནོངས་པའི་མིང་དང་རིགས་མ་བསྒྲགས་ན། བཅབས་པ་ཞེས་བགྱིའམ། ཨུ་པ་ལི། བཅབས་པ་ཞེས་བྱའོ། །བཙུན་པ། དེ་སྟེ་རིགས་བསྒྲགས་ལ་མིང་མ་བསྒྲགས་ན། བཅབས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་འདུན་གྱི་ལྷག་མ་དུ་ལས་བྱུང ། ུ་པ་ལི། བཅུ་གསུམ་ལས་སོ། །བཙུན་པ། དགེ་སློང་ཞིག་གིས་དགེ་འདུན་གྱི་ལྷག་མའི་ནོངས་པ་ཞིག་བྱུང་ལ་མ་བཤགས་ཤིང་སླར་མ་བགྱིས་བཞིན་བྱང་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་དགེ་སློང་དེ་ཐུན་མོང་མ་ཡིན་པའི་དགེ་འདུན་གྱི་ལྷག་མ་ཞིག་བྱུང་བར་གྱུར་ལ་དེའི་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། དེ་ལ་དགེ་འདུན་གྱི་ལྷག་མ་ལས་ནི། བྱུང་གི་།ཉེས་བྱས་ཀྱི་ལྟུང་བ་ནི། བཤགས་པར་བྱའོ། །བཙུན་པ། དགེ་སློང་མ་ཞིག་གིས་དགེ་འདུན་གྱི་ལྷག་མའི་ནོངས་པ་ཞིག་བྱུང་ལ་མ་བཤགས་ཤིང་སླར་མ་བགྱིས་བཞིན་བྱང་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་དགེ་སློང་མ་དེ་ཐུང་མོང་མ་ཡིན་པའི་དགེ་འདུན་གྱི་ལྷག་མའི་ཉེས་པ་ཞིག་བྱུང་བར་གྱུར་ལ་དེའི་མཚན་འཕོས་ཏེ་དགེ་སློང་ཕར་གྱུར་ན། དགེ་ Na407b འདུན་གྱི་ལྷག་མ་ལས་ནི། བྱུང་གི། ཉེས་བྱས་ཀྱི་ལྟུང་བ་ནི། བཤགས་པར་བྱའོ། །བཙུན་པ། དགེ་འདུན་གྱི་ལྷག་མའི་ནོངས་པ་ལས་བྱུང་བ་བཞིན་སླར་ཡང་ནོངས་པ་དེ་བཤགས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར་ཡང་དགེ་སློང་དེས་ཐུན་མོངས་མ་ཡིན་པའི་དགེ་འདུན་གྱི་ལྷག་མའི་ཉེས་པ་བྱུང་བར་གྱུར་པ་དང ། དེའི་མཚན་འཕོས་ཏེ་དགེ་སློང་མར་གྱུར་ནས་དགེ་འདུན་གྱི་ལྷག་མ་བྱུང་བ་དང ། དེ་སླར་ཡང་མཚན་འཕོས་ཏེ་དགེ་སློང་དུ་གྱུར་ན། ཉེས་པ་དེ་བཤགས་དགོས་སོ། །བཙུན་པ། དགེ་སློང་ཞིག་ཆད་པ་སྤྱོད་པ་ལས་དེ་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཆད་པ་བྲལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དགེ་སློང་མ་ལ་ཆད་པ་བྱའོ། །བཙུན་པ། དགེ་སློང་དེ་ཡིད་མགུ་བར་བགྱི་བ་སྤྱོད་པ་ན་མཚན་འཕོས་ཏེ་དགེ་སློང་མར་གྱུར་ན། ཆད་པ་བྲལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། ཇི་ཙམ་དུ་སྤྱད་པ་དེ་བགྲངས་ལ་དགེ་འདུན་སྡེ་གཉིས་ལ་ཟླ་བ་ཕྱེད་དུ་སྐོངས་ཤིག་།བཙུན་པ། དགེ་སློང་མ་ཞིག་ཆད་པ་སྤྱོད་པ་ན་མཚན་འཕོས་ཏེ་དགེ་སློང་ཕར་གྱུར་ན། ཆད་པ་བྲལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དགེ་སློང་ཕ་ལ་ཆད་པ་བྱོས་ཤིག་།བཙུན་པ། དགེ་སློང་མ་ཞིག་ཡིད་མགུ་བར་བགྱི་བ་སྤྱོད་པ་ན་མཚན་འཕོས་ཏེ་དགེ་སློང་ཕར་གྱུར་ན། ཆད་པ་བྲལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། ཞག་དྲུག་ཏུ་བགྲངས་ལ་ཕྱུང་ཞིག་།བཙུན་པ། བསླབ་པ་སྩལ་པས་དགེ་སློང་ལ་ཆད་པ་ Na408a ༄#། །བགྱི་བ་དང ། ཡིད་མགུ་བར་བགྱི་བ་སྩལ་པར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། བསླབ་པ་སྩལ་པ་ལ་ཆད་པ་བགྱི་བ་དང ། ཡིད་མགུ་བར་བགྱི་བ་སྩལ་བ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །མདོར་ན། ཉེས་དང་དེ་བཞིན་མཚན་མོ་དང ། །སྐད་རྣམས་དང་ཡང་བཞི་པ་དང ། །ལུས་དང་དབེན་དང་དེ་བཞིན་སྔགས། །བཞི་པ་གཉིས་དང་སྦྱངས་པའོ། །བཙུན་པ། ནོངས་པ་དང་བཅས་པས་དགེ་སློང་ལ་ཆད་པ་བགྱི་བ་དང ། ཡིད་མགུ་བར་བགྱི་བ་སྩལ་བར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། ནོངས་པ་དང་བཅས་པ་ལས་ཆད་པར་བགྱིའམ། ཡིད་མགུ་བར་བགྱི་བ་སྤྱད་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །དེ་བཞིན་དུ་གྲངས་སུ་སྐོང་བའང་བརྗོད་པར་བྱའོ། །བཙུན་པ། ཆད་པ་བགྱིད་པ་བཞི་གནས་གཅིག་ན་ཆད་པ་བགྱིད་དམ། ཡིད་མགུ་བར་བགྱི་བ་སྤྱོད་དུ་རུང་ངམ། ཨུ་པ་ལི། མི་རུང་སྟེ། མང་པོས་མང་པོ་ལ་ཆད་པར་བྱ་བའམ། ཡིད་མགུ་བར་བྱ་བ་མི་སྤྱད་དོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ནི། ཆད་པ་བྱེད་པ་གནས་གཞན་དུ་མ་གནས་ཤིག་།ཅེས་གསུངས་ན། བཙུན་པ། དེ་སྟེ་གནས་གཞན་དུ་གནས་ན། ཞག་བགྲང་བར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། འཕགས་པ་ཞིག་གིས་འཕགས་པའི་སྐད་དུ་དགེ་སློང་ལ་ནོངས་པར་སྨྲས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཅབས་པར་འགྱུར་རམ། ཨུ་པ་ལི། མི་ Na408b འགྱུར་རོ། །བཙུན་པ། འཕགས་པའི་ཞིག་གིས་མཐའ་འཁོབ་པའི་སྐད་དུ་དགེ་སློང་ལ་ནོངས་པ་སྨྲས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི།་མ་ཡིན་ནོ། །བཙུན་པ། མཐའ་འཁོབ་པ་ཞིག་གིས་མཐའ་འཁོབ་པའི་སྐད་དུ་དགེ་སློང་ལ་ནོངས་པ་སྨྲས་པ་དང ། དགེ་སློང་དེས་ཀྱང་མཐའ་འཁོབ་པའི་སྐད་མ་འཚལ་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི།་མ་ཡིན་ནོ། །བཅབས་པར་འགྱུར་རམ། ཨུ་པ་ལི། མི་འགྱུར་རོ། །བཙུན་པ། མཐའ་འཁོབ་པ་ཞིག་གིས་འཕགས་པའི་སྐད་དུ་དགེ་སློང་ལ་ནོངས་པ་སྨྲས་པ་དང ། དགེ་སློང་དེས་ཀྱང་འཕགས་པའི་སྐད་མ་འཚལ་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཅབས་པར་འགྱུར་རམ། ཨུ་པ་ལི། མི་འགྱུར་རོ། །བཙུན་པ། ནོངས་པ་ལུས་ཀྱིས་དམིགས་ཤིང་སྟོན་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དབེན་པ་ལ་མི་དབེན་པར་འདུ་ཤེས་ནས་ནོངས་པ་སྨྲས་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཅབས་པར་འགྱུར་རམ།་ཨུ་པ་ལི། མི་འགྱུར་རོ། །བཙུན་པ། དགེ་སློང་ཞིག་གིས་སྨན་ནམ། སྔགས་ཀྱིས་བདག་མི་སྣང་བར་བགྱིས་ཏེ་ནོངས་པ་སྨྲས་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཅབས་པར་འགྱུར་རམ། ཨུ་པ་ལི། མི་འགྱུར་རོ། །བཙུན་པ། ས་ལ་གནས་པ་དག་གིས་ནམ་མཁའ་ལ་གནས་པ་རྣམས་ལ་ཆད་པ་བགྱིའམ། ཡིད་མགུ་བར་བགྱིའམ། དབྱུང་བའི་ལས་ཀྱང་རུང་བགྱིད་ Na409a ༄#། །ན།་ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ནམ་མཁའ་ལ་གནས་པ་དག་གིས་ས་ལ་གནས་པ་རྣམས་ལ་ཆད་པ་བགྱི་བའམ། ཡིད་མགུ་བར་བགྱི་བའམ། དབྱུང་བའི་ལས་ཀྱང་རུང་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ས་ལ་གནས་པ་དག་གིས་ནམ་མཁའ་ལ་གནས་པ་རྣམས་ཀྱི་གྲངས་སུ་བསྐངས་ཏེ་ཆད་པ་བགྱི་བའམ། ཡིད་མགུ་བར་བགྱི་བའམ། དབྱུང་བའི་ལས་ཀྱང་རུང་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ནམ་མཁའ་ལ་གནས་པ་དག་གིས་ས་ལ་གནས་པ་རྣམས་ཀྱི་གྲངས་སུ་བསྐངས་ཏེ་ཆད་པ་བགྱི་བའམ། ཡིད་མགུ་བར་བགྱི་བའམ། དབྱུང་བའི་ལས་ཀྱང་རུང་བགྱིད་ན། ལས་བགྱིས་པ་ཞེས་བགྱི་བའམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་མཚམས་ཀྱི་ནང་ན་གནས་པ་དང ། མཚམས་ཀྱི་ཕྱི་རོལ་ན་གནས་པ་རྣམས་སུ་ལྷན་ཅིག་རྣམ་པ་བཞིར་བྱོས་ཤིག།། །།འདུལ་བ་གཞུང་དམ་པ། བམ་པོ་ཉི་ཤུ་པ། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། དགེ་འདུན་གྱི་ལྷག་མའི་ཆོས་བཅུ་གསུམ་པོ་འདི་རྣམས་ལས། ཁུ་བ་ལས་བྱུང་བ་ཞག་གཅིག་བཅབས་པ་ནས་ཆིག་བཀའ་བློ་མི་བདེ་བ་ལས་བྱུང་བ་ཞག་བཅུ་གསུམ་བཅབས་པའི་བར་དུ་སྟེ། བཙུན་པ། ནོངས་པ་བཅུ་གསུམ་པོ་དེ་དག་དུས་ཐ་དད་པ་མི་འདྲ་བར་བཅབས་ Na409b པ་རྣམས་ལ་གསོལ་བ་གཅིག་དང ། ལས་གཅིག་གིས་ཆད་པ་བགྱིད་དུ་སྩལ་བར་རུང་ངམ། ཨུ་པ་ལི། རུང་ངོ ། །བཙུན་པ། ཆད་པ་འཁོར་ནས་ཡིད་མགུ་བར་བགྱིད་དུ་སྩལ་བར་རུང་ངམ། ཨུ་པ་ལི། རུང་ངོ ། །ཡིད་མགུ་བར་བགྱི་བ་སྤྱད་ལགས་པ་ལས། དབྱུང་བ་སྩལ་དུ་རུང་ངམ། ཨུ་པ་ལི། རུང་ངོ ། །བཙུན་པ། དགེ་འདུན་གྱི་ལྷག་མ་ནོངས་པ་མང་པོ་མི་འདྲ་བ་ལས་བྱུང་བ་རྣམས་གསོལ་པ་གཅིག་དང ། ལས་གཅིག་གིས་དུས་གཅིག་ཏུ་གཞན་ལ་ཆད་པ་བགྱིད་པ་དང ། གཞན་ལ་ཡིད་མགུ་བར་བགྱིད་པ་དང ། གཞན་ལ་དབྱུང་བ་སྩལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་།། བཙུན་པ། དགེ་འདུན་གྱི་ལྷག་མ་ནོངས་པ་མང་པོ་མི་འདྲ་བ་ལས་བྱུང་བ་རྣམས་གསོལ་བ་གཅིག་དང ། ལས་གཅིག་གིས་དུས་གཅིག་ཏུ་གང་ཟག་གཅིག་ལ་ཆད་པ་དང ། ཡིད་མགུ་བར་བགྱི་པ་དང ། དབྱུང་བ་རྣམས་སྩལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །མདོར་ན། སྨྱོན་པ་སེམས་འཁྲུགས་ནད་ཀྱིས་གཟིར། །འོན་གླེན་གཉིད་ལོག་ར་རོ་བ། །མྱོས་དང་སྙོམས་ཞུགས་འགྲོ་བ་མཚན།། ཁྱིམ་པ་དག་ལ་སོགས་པ་དང ། །བསླབ་པ་བྱིན་པ་ཐ་མའོ། །བཙུན་པ། སྨྱོན་པ་ཞིག་གིས་ནོངས་པ་སྨྲས་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཅབས་པར་འགྱུར་རམ། ཨུ་པ་ལི།་མི་འགྱུར་རོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་རྣམས་སོ། །བཙུན་པ། སྨྱོན་པ་ཞིག་ལ་ནོངས་པ་སྨྲས་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཅབ་ Na410a ༄#། །པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། འོན་པ་དང ། ལྐུགས་པ་དང ། གཉིད་ལོག་པ་དང ། མྱོས་པ་དང ། ར་རོ་བ་དང ། སྙོམས་པར་ཞུགས་པ་རྣམས་ལ་སྨྲས་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཅབས་པར་འགྱུར་རམ། ཨུ་པ་ལི། མི་འགྱུར་རོ། །བཙུན་པ།་འགྲོ་བ་གཞན་དུ་གནས་པ་ཞིག་ལ་ནོངས་པ་སྨྲས་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། སྨྲས་པ་ཞེས་བྱའོ། །བཅབས་པར་འགྱུར་རམ། ཨུ་པ་ལི། མི་འགྱུར་རོ། །དེ་བཞིན་དུ་མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་ནས་སྔར་འཁྲུགས་པའི་བར་དུ་དེ་དག་ལ་ནོངས་པ་སྨྲས་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། སྨྲས་པ་ཞེས་བྱའོ། །བཅབས་པར་འགྱུར་རམ། ཨུ་པ་ལི།་མི་འགྱུར་རོ། །བཙུན་པ། དགེ་སློང་གིས་ཟ་མ་ཞིག་ལ་ནོངས་པ་སྨྲས་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། སྨྲས་པ་ཞེས་བྱའོ། །བཅབས་པར་འགྱུར་རམ། ཨུ་པ་ལི། མི་འགྱུར་རོ།། དེ་བཞིན་དུ་དགེ་འདུན་གྱི་དབྱེན་བགྱིས་པ་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་རྣམས་ལ་ནོངས་པ་སྨྲས་ན། སྨྲས་པ་ཞེས་བགྱིའམ། ཨུ་པ་ལི། སྨྲས་པ་ཞེས་བྱའོ། །བཅབས་པར་འགྱུར་རམ། ཨུ་པ་ལི། མི་འགྱུར་རོ། །བཙུན་པ། དགེ་སློང་གིས་ནོངས་པ་སྨྲ་བ་ན་མཚན་འཕོས་ན། སྨྲས་པ་ཞེས་བགྱིའམ། ཨུ་ Na410b པ་ལི།་སྨྲས་པ་ཞེས་བྱའོ། །བཅབས་པར་འགྱུར་རམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱི་ལྷག་མའི་ནོངས་པ་ཞིག་བྱུང་ན། ནམ་འཚོའི་བར་དུ་དབྱུང་དུ་མི་རུང་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་དགེ་སློང་གིས་ཕས་ཕམ་པ་བཞིའི་ཉེས་པ་ལས་གང་ཡང་རུང་སྟེ། འདས་པ་དེའི་འོག་ཏུ་དགེ་འདུན་གྱི་ལྷག་མའི་ཉེས་པ་ཞིག་བྱུང་བའོ།། །།མདོར་ན། སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་གླེན་གཉིད་ལོག་ར་རོ་བ། །མྱོས་དང་སྙོམས་ཞུགས་འགྲོ་བ་མཚན། །མ་ནིང་དག་ལ་སོགས་པ་དང ། །བསླབ་པ་བྱིན་པ་ཐ་མའོ། །བཙུན་པ། སྨྱོན་པ་ཞིག་ལ་ཆད་པ་དང ། ཡིད་མགུ་བར་བགྱི་བ་དང ། དབྱུང་བའི་ལས་རྣམས་བགྱིད་ན། བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། དེ་སྟེ་སླར་དགེ་སློང་དུ་འདུ་ཤེས་པ་དེ་ཉིད་དམ། ལུས་དང་ངག་གིས་ཀྱང་དམིགས་ཤིང ། ལས་འདི་ནི། བདག་ལ་བྱེད་པར་ཤེས་ན། ལས་བྱས་པ་ཞེས་བྱའོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་རྣམས་ལའང་བརྗོད་པར་བྱའོ། །བཙུན་པ། གཉིད་ལོག་པ་དང ། ར་རོ་བ་ཞིག་ལ་ཆད་པ་དང ། ཡིད་མགུ་བར་བགྱི་བ་དང ། དབྱུང་བའི་ལས་རྣམས་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། དེ་སྟེ་ལུས་སམ། ངག་གིས་དམིགས་པ་ལས་གསོལ་པ་བྱེད་པའི་ཚེ་གཉིད་ཀྱིས་ལོག་ནའང་བྱས་པ་ཞེས་བྱའོ། །དེ་བཞིན་དུ་ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་རྣམས་ལ་ཡང་བརྗོད་པར་བྱའོ། །བཙུན་པ། འགྲོ་ Na411a ༄#། །བ་གཞན་དུ་གནས་པའི་དགེ་སློང་ཞིག་ལ་ཆད་པ་དང ། ཡིད་མགུ་བར་བགྱི་བ་དང ། དབྱུང་བའང་རུང་ལས་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། མི་གནས་པ་དང ། སོ་སོར་གནས་པ་ནས་སྔར་འཁྲུགས་པའི་བར་དུ་བརྗོད་པར་བྱའོ། །བཙུན་པ། དགེ་སློང་གིས་ཟ་མ་ཞིག་ལ་ཆད་པ་དང ། ཡིད་མགུ་བར་བགྱི་བ་དང ། དབྱུང་བའང་རུང་ལས་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱའོ། །བཙུན་པ། དགེ་འདུན་གྱི་དབྱེན་བགྱིས་པའི་དགེ་སློང་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་བ་ཞིག་ལ་ཆད་པ་དང ། ཡིད་མགུ་བར་བགྱི་བ་དང ། དབྱུང་བའང་རུང་ལས་བགྱིད་ན། ལས་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་བྱས་པ་ཞེས་བྱ་སྟེ། དགེ་འདུན་དག་ཀྱང་འདས་པ་དང་བཅས་པའོ། །གང་ཟག་གི་དངོས་པོ་དང་ཆད་པའི་དངོས་པོ་རྫོགས་སོ།། །།མདོར་ན། འཕྲིན་པ་སྤྲིང་ཡིག་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་པ་དག་དང་གླེན་པ་དང ། །མ་ནིང་དག་ལ་སོགས་པ་དང ། །བསླབ་པ་བྱིན་པ་ཐ་མའོ། །བཙུན་པ། དགེ་སློང་ཞིག་གིས་འཕྲིན་གྱིས་གསོ་སྦྱོང་བཀག་ན། བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་དེ་གསོ་སྦྱོང་བཀག་ Na411b ན་གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། ཉེ་བར་ཕྱོགས་པ་དང ། སྔོན་ཉེས་པ་བྱུང་བ་དང ། སྔར་འཁྲུགས་པ་རྣམས་ཀྱང་དེ་བཞིན་ནོ། །བཙུན་པ། བསླབ་པ་སྩལ་བ་ཞིག་གིས་གསོ་སྦྱོང་བཀག་ན། གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ཟ་མ་ཞིག་གིས་གསོ་སྦྱོང་བཀག་ན་གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །མདོར་ན། སྨྱོན་པར་གྱུར་དང་སེམས་འཁྲུགས་དང ། །ནད་ཀྱིས་གཟིར་དང་འོན་གླེན་པ། །གཉིད་ལོག་ར་རོ་མྱོས་པ་དང ། །སྙོམས་པར་ཞུགས་དང་འགྲོ་བ་མཚན། །མ་ནིང་དག་ལ་སོགས་པ་དང ། །བསླབ་པ་བྱིན་པ་ཐ་མའོ། ། བཙུན་པ། སྨྱོན་པ་ཞིག་ལ་གསོ་སྦྱོང་བཀག་ན། གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ལོག་པ་དང ། ར་རོ་བ་དང ། མྱོས་པ་དང ། སྙོམས་པར་ཞུགས་པ་ལ་ཡར་བརྗོད་པར་བྱའོ། །བཙུན་པ། འགྲོ་བ་གཞན་དུ་གནས་པ་ཞིག་ལ་གསོ་སྦྱོང་བཀག་ན། གསོ་ Na412a ༄#། །སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། བཀག་པ་ཞེས་བྱའོ། །བཙུན་པ། དེ་བཞིན་དུ་མ་ནིང་ནས་བསླབ་པ་སྩལ་པ་རྣམས་ཀྱི་བར་དུ་གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། གསོ་སྦྱོང་བཀག་པ་ཞེས་བྱའོ། །བཙུན་པ། ཟ་མ་ཞིག་ལ་གསོ་སྦྱོང་བཀག་ན། གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། བཀག་པ་ཞེས་བྱའོ། །མདོར་ན། སྐད་དང་ལུས་དང་དབེན་དང་སྔགས། །མིག་དང་རྣ་བ་དེ་བཞིན་ཏེ། །མཚམས་དང་ས་དང་དེ་བཞིན་གནས། །གསོ་སྦྱོང་ཡིན་ཏེ་ཐ་མ་འོ། །བཙུན་པ། འཕགས་པ་ཞིག་གིས་འཕགས་པའི་སྐད་དུ་གསོ་སྦྱོང་བཀག་པ་དང ། དགེ་སློང་དེ་དག་ཀྱང་འཕགས་པའི་སྐད་མ་འཚལ་ན། གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་རྣམ་པ་བཞིར་རྒྱས་པར་བྱའོ། །བཙུན་པ། དགེ་སློང་ཞིག་གིས་ལུས་ཀྱིས་དམིགས་པས་གསོ་སྦྱོང་བཀག་ན། གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དབེན་པ་ལ་མི་དབེན་པར་འདུ་ཤེས་ཏེ་གསོ་སྦྱོང་བཀག་ན། བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་སློང་ཞིག་གིས་སྔགས་སམ། སྨན་གྱིས་བདག་མི་སྣང་བར་བགྱིས་ཏེ་གསོ་སྦྱོང་བཀག་ན། གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ལྷའི་མིག་གིས་མཐོང་སྟེ་གསོ་སྦྱོང་བཀག་ན། གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་བཀག་པ་ཞེས་བྱ་སྟེ། དགེ་འདུན་ཡང་འདས་པ་དང་ Na412b བཅས་པའོ། །བཙུན་པ། ལྷའི་རྣ་བས་ཐོས་ཏེ་གསོ་སྦྱོང་བཀག་ན། གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དགེ་འདུན་ཡང་འདས་པ་དང་བཅས་པའོ། །བཙུན་པ། མཚམས་ཀྱི་ནང་ན་མཆིས་པས་མཚམས་ཀྱི་སླད་རོལ་ན་མཆིས་པ་རྣམས་ལ་གསོ་སྦྱོང་བཀག་ན། གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། མཚམས་ཀྱི་སླད་རོལ་ན་མཆིས་པ་ཞིག་གིས་མཚམས་ཀྱི་ནང་ན་མཆིས་པ་རྣམས་ལ་གསོ་སྦྱོང་བཀག་ན། གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ས་ལ་གནས་པ་ཞིག་གིས་ནམ་མཁའ་ལ་གནས་པ་རྣམས་ཀྱི་གསོ་སྦྱོང་བཀག་ན། གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ནམ་མཁའ་ལ་གནས་པ་ཞིག་གིས་ས་ལ་གནས་པ་རྣམས་ཀྱི་གསོ་སྦྱོང་བཀག་ན། གསོ་སྦྱོང་བཀག་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་སློང་ཞིག་ཕྱོགས་གཅིག་ཏུ་མཆིས་ནས་གནས་བཞིར་གང་ཟག་བཞི་ལ་གསོ་སྦྱོང་བཀག་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། །འདི་ལྟར་དགེ་སློང་དེས་གནས་བཞིའི་མཚམས་སུ་ཤིང་ངམ། འདམ་བུའམ། རེ་ལྡེས་མཚམས་སུ་མནན་ཏེ་གསོ་སྦྱོང་བཀག་ན། བཀག་པ་ཞེས་བྱའོ། ། བཙུན་པ། དགེ་སློང་ཞིག་གིས་དགེ་སློང་ལ་གསོ་སྦྱོང་བཀག་ཀྱང་བཀག་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དེ་བཀྲ་ཤིས་ཀྱི་གསོ་སྦྱོང་གདོན་པའོ། །མདོར་ན། གླེང་བ་དྲན་ Na413a ༄#། །པར་བྱ་དེ་བཞིན། །སྐབས་འབྱེད་པ་དང་སྨྲ་བར་བྱ། །ལུང་དབོག་པ་དང་འགོག་པ་དང ། །གསོ་སྦྱོང་དག་དང་སྐབས་དབྱེ་བའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་སྐབས་ཕྱེ་ནས་གླེང་བར་བྱའོ། །དྲན་པར་བྱའོ། །ཞེས་གསུངས་ན། བཙུན་པ། སྐབས་ཕྱེ་བ་ལ་གླེང་ཞིང་དྲན་པར་བགྱིས་ན། ནོངས་པ་དང་བཅས་པར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། སྐབས་ཕྱེ་བ་བཏང་ནས་གླེང་བ་དང ། དྲན་པར་བྱས་པའོ། །བཙུན་པ། ཆོས་བཞིན་དུ་གང་དུ་གླེང་བར་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ། ཆོས་བཞིན་དུ་གང་དུ་དྲན་པར་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ། ཆོས་བཞིན་དུ་གང་དུ་སྐབས་དབྱེ་བར་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ། ཆོས་བཞིན་དུ་གང་དུ་སྨྲ་བར་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ། ཆོས་བཞིན་དུ་ལུང་དཔོག་པ་གང་དུ་དགག་པར་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ། ཆོས་བཞིན་དུ་སྐབས་འབྱེད་པ་གང་དུ་དགག་པར་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ། སྐབས་དབྱེ་བར་གསོལ་བ་གང་དུ་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ། གང་དུ་སྐབས་དབྱེ་བར་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ། ཆོས་བཞིན་དུ་བགྱི་བ་རྣམས་གང་དུ་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ། ཆོས་བཞིན་དུ་རྩོད་པ་གང་དུ་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ། ཆོས་བཞིན་གྱི་ཡི་དམ་གང་དུ་བགྱི། དགེ་འདུན་གྱི་ནང་དུའོ། །བཙུན་པ། ཆོས་ Na413b བཞིན་དུ་གསོ་སྦྱོང་དགག་པ་ནི། དུ། ཆོས་བཞིན་མ་ལགས་པ་ནི། དུ། ཆོས་བཞིན་མ་ཡིན་པའི་གསོ་སྦྱོང་དགག་པ་ནི། གཅིག་གོ། ཆོས་བཞིན་པའང་གཅིག་གོ་།ཆོས་བཞིན་མ་ཡིན་པ་ནི། གཉིས་ཏེ། ཆོས་བཞིན་པའང་གཉིས་སོ། །ཆོས་བཞིན་མ་ཡིན་པ་ནི། གསུམ་སྟེ། ཆོས་བཞིན་པའང་གསུམ་མོ། །ཆོས་བཞིན་མ་ཡིན་པ་ནི། བཞི་སྟེ། ཆོས་བཞིན་པའང་བཞིའོ། །ཆོས་བཞིན་མ་ཡིན་པ་ནི། ལྔ་སྟེ། ཆོས་བཞིན་པའང་ལྔའོ། །ཆོས་བཞིན་མ་ཡིན་པ་ནི། དྲུག་སྟེ། ཆོས་བཞིན་པའང་དྲུག་གོ་།ཆོས་བཞིན་མ་ཡིན་པ་ནི། བདུན་ཏེ། ཆོས་བཞིན་པའང་བདུན་ནོ། །ཆོས་བཞིན་མ་ཡིན་པ་ནི། བརྒྱད་དེ། ཆོས་བཞིན་པའང་བརྒྱད་དོ། །ཆོས་བཞིན་མ་ཡིན་པ་ནི། དགུ་སྟེ། ཆོས་བཞིན་པའང་དགུའོ། །ཆོས་བཞིན་མ་ཡིན་པ་ནི། བཅུ་སྟེ། ཆོས་བཞིན་པའང་བཅུའོ། ། ཆོས་བཞིན་མ་ཡིན་པས་གསོ་སྦྱོང་དགག་པ་གཅིག་གང་ཞེ་ན། བྱས་པ་ལ་གཞི་མེད་པས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་མ་ཡིན་པའི་གསོ་སྦྱོང་འགོག་པའོ། །བྱས་པ་ལ་གཞི་ཡོད་པས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །འདི་ནི། ཆོས་བཞིན་མ་ཡིན་པའི་གསོ་སྦྱོང་འགོག་པ་གཅིག་དང ། ཆོས་བཞིན་ཡང་གཅིག་གོ་།ཆོས་བཞིན་མ་ཡིན་པ་གཉིས་དང ། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་གཉིས་པོ་གང་ཞེ་ན། ཇི་ལྟར་ཡང་དེ་ནི། དགེ་སློང་གིས་དགེ་སློང་ལ་བྱས་པ་ལ་གཞི་མེད་པ་དང ། མ་བྱས་པ་ལ་གཞི་མེད་པས་གསོ་སྦྱོང་འགོག་ Na414a ༄#། །པ་ནི། ཆོས་བཞིན་མ་ཡིན་པའི་གསོ་སྦྱོང་འགོག་པའོ། །བྱས་པ་ལ་གཞི་ཡོད་པ་དང ། མ་བྱས་པ་ལ་གཞི་ཡོད་པས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཆོས་བཞིན་མ་ཡིན་པ་གསུམ་དང ། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་གསུམ་གང་ཞེ་ན། ཇི་ལྟར་ཡང་དེ་ནི། དགེ་སློང་གིས་དགེ་སློང་ལ་བྱས་པ་ལ་གཞི་མེད་པ་དང ། མ་བྱས་པ་ལ་གཞི་མེད་པ་དང ། བྱས་པ་དང་མ་བྱས་པ་ལ་གཞི་མེད་པས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་མ་ཡིན་པའི་གསོ་སྦྱོང་འགོག་པའོ། །བྱས་པ་ལ་གཞི་ཡོད་པ་དང ། མ་བྱས་པ་ལ་གཞི་ཡོད་པ་དང ། བྱས་པ་དང་མ་བྱས་པ་ལ་གཞི་ཡོད་པས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཆོས་བཞིན་མ་ཡིན་པ་བཞི་དང ། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་བཞི་གང་ཞེ་ན། ཚུལ་ཁྲིམས་ཉམས་པ་དང ། ལྟ་བ་ཉམས་པ་དང ། སྤྱོད་པ་ཉམས་པ་དང ། འཚོ་བ་ཉམས་པ་ལ་གཞི་མེད་པ་བཞིས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་མ་ཡིན་པའི་གསོ་སྦྱོང་འགོག་པའོ། །ཚུལ་ཁྲིམས་ཉམས་པ་དང ། ལྟ་བ་ཉམས་པ་དང ། སྤྱོད་པ་ཉམས་པ་དང ། འཚོ་བ་ཉམས་པ་ལ་གཞི་ཡོད་པ་བཞིས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཆོས་བཞིན་མ་ཡིན་པ་ལྔ་དང ། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་ལྔ་པོ་གང་ཞེ་ན། ཕས་ཕམ་པ་དང ། དགེ་འདུན་གྱི་ལྷག་མ་དང ། ལྟུང་བ་དང ། སོ་ Na414b སོར་བཤགས་པ་དང ། ཉེས་བྱས་རྣམས་ལ་གཞི་མེད་པས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་མ་ཡིན་པའི་གསོ་སྦྱོང་འགོག་པའོ། །ཕས་ཕམ་པ་དང ། དགེ་འདུན་གྱི་ལྷག་མ་དང ། ལྟུང་བ་དང ། སོ་སོར་བཤགས་པ་དང ། ཉེས་བྱས་རྣམས་ལ་གཞི་ཡོད་པས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཆོས་བཞིན་མ་ཡིན་པ་དྲུག་དང ། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་དྲུག་པོ་གང་ཞེ་ན། ལྷག་མ་ཡོད་པ་བྱས་པ་ལ་གཞི་མེད་པ་དང ། ལྷག་མ་ཡོད་པ་མ་བྱས་པ་ལ་གཞི་མེད་པ་དང ། ལྷག་མ་ཡོད་པ་བྱས་པ་དང་མ་བྱས་པ་ལ་གཞི་མེད་པ་དང ། ལྷག་མ་མེད་པ་བྱས་པ་ལ་གཞི་མེད་པ་དང ། ལྷག་མ་མེད་པ་མ་བྱས་པ་ལ་གཞི་མེད་པ་དང ། ལྷག་མ་མེད་པ་བྱས་པ་དང་མ་བྱས་པ་ལ་གཞི་མེད་པས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་མ་ཡིན་པའི་གསོ་སྦྱོང་འགོག་པའོ། །ཆོས་བཞིན་དུ་གསོ་སྦྱོང་འགོག་པ་དྲུག་པོ་གང་ཞེ་ན། ལྷག་མ་ཡོད་པ་བྱས་པ་ལ་གཞི་ཡོད་པ་དང ། ལྷག་མ་ཡོད་པ་མ་བྱས་པ་ལ་གཞི་ཡོད་པ་དང ། ལྷག་མ་ཡོད་པ་བྱས་པ་དང་མ་བྱས་པ་ལ་གཞི་ཡོད་པ་དང ། ལྷག་མ་མེད་པ་མ་བྱས་པ་ལ་གཞི་ཡོད་པ་དང ། ལྷག་མ་མེད་པ་བྱས་པ་ལ་གཞི་ཡོད་པ་དང ། ལྷག་མ་མེད་པ་བྱས་པ་དང་མ་བྱས་པ་ལ་གཞི་ཡོད་པས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཆོས་བཞིན་མ་ཡིན་པ་བདུན་དང ། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་བདུན་པོ་གང་ཞེ་ན། ཕས་ཕམ་པ་དང ། དགེ་འདུན་གྱི་ལྷག་མ་ Na415a ༄#། །དང ། ལྟུང་བ་དང ། སོ་སོར་བཤགས་པ་དང ། ཉེས་བྱས་དང ། ལྟ་བ་ཉམས་པ་དང ། འཚོ་བ་ཉམས་པ་ལ་གཞི་མེད་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་མ་ཡིན་པའི་གསོ་སྦྱོང་འགོག་པའོ། །ཕས་ཕམ་པ་དང ། དགེ་འདུན་གྱི་ལྷག་མ་དང ། ལྟུང་བ་དང ། སོ་སོར་བཤགས་པ་དང ། ཉེས་བྱས་དང ། ལྟ་བ་ཉམས་པ་དང ། འཚོ་བ་ཉམས་པ་ལ་གཞི་ཡོད་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཆོས་བཞིན་མ་ཡིན་པ་བརྒྱད་དང ། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་བརྒྱད་གང་ཞེ་ན། ཚུལ་ཁྲིམས་ཉམས་པ་དང ། སྤྱོད་པ་ཉམས་པ་དང ། ལྟ་བ་ཉམས་པ་དང ། འཚོ་བ་ཉམས་པས་བྱས་པ་ལ་གཞི་མེད་པ་དང ། ཚུལ་ཁྲིམས་ཉམས་པ་དང ། ལྟ་བ་ཉམས་པ་དང ། སྤྱོད་པ་ཉམས་པ་དང ། འཚོ་བ་ཉམས་པར་མ་བྱས་པ་ལ་གཞི་མེད་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་མ་ཡིན་པའི་གསོ་སྦྱོང་འགོག་པའོ། །ཚུལ་ཁྲིམས་ཉམས་པ་དང ། སྤྱོད་པ་ཉམས་པ་དང ། ལྟ་བ་ཉམས་པ་དང ། འཚོ་བ་ཉམས་པར་བྱས་པ་ལ་གཞི་ཡོད་པ་དང ། ཚུལ་ཁྲིམས་ཉམས་པ་དང ། ལྟ་བ་ཉམས་པ་དང ། སྤྱོད་པ་ཉམས་པ་དང ། འཚོ་བ་ཉམས་པར་མ་བྱས་པ་ལ་གཞི་ཡོད་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་དུ་གསོ་སྦྱོང་འགོག་བའོ། །ཆོས་བཞིན་མ་ཡིན་པ་དགུ་དང ། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་གང་ཞེ་ན། ལྷག་མ་དང་བཅས་པ་བྱས་པ་ལ་ Na415b གཞི་མེད་པ་དང ། ལྷག་མ་དང་བཅས་པ་མ་བྱས་པ་ལ་གཞི་མེད་པ་དང ། ལྷག་མ་དང་བཅས་པ་བྱས་པ་དང་མ་བྱས་པ་ལ་གཞི་མེད་པ་དང ། ལྷག་མ་མེད་པ་བྱས་པ་ལ་གཞི་མེད་པ་དང ། ལྷག་མ་མེད་པ་མ་བྱས་པ་ལ་གཞི་མེད་པ་དང ། ལྷག་མ་མེད་པ་བྱས་པ་དང་མ་བྱས་པ་ལ་གཞི་མེད་པ་དང ། ལྷག་མ་མེད་པ་དང་ལྷག་མ་མེད་པ་བྱས་པ་ལ་གཞི་མེད་པ་དང ། ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་མ་བྱས་པ་ལ་གཞི་མེད་པ་དང ། ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་བྱས་པ་དང་མ་བྱས་པ་ལ་གཞི་མེད་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་མ་ཡིན་པའི་གསོ་སྦྱོང་འགོག་པའོ། ། ལྷག་མ་དང་བཅས་པ་བྱས་པ་ལ་གཞི་ཡོད་པ་དང ། ལྷག་མ་དང་བཅས་པ་མ་བྱས་པ་ལ་གཞི་ཡོད་པ་དང ། ལྷག་མ་དང་བཅས་པ་བྱས་པ་དང་མ་བྱས་པ་ལ་གཞི་ཡོད་པ་དང ། ལྷག་མ་མེད་པ་བྱས་པ་ལ་གཞི་ཡོད་པ་དང ། ལྷག་མ་མེད་པ་མ་བྱས་པ་ལ་གཞི་ཡོད་པ་དང ། ལྷག་མ་མེད་པ་བྱས་པ་དང་མ་བྱས་པ་ལ་གཞི་ཡོད་པ་དང ། ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་བྱས་པ་ལ་གཞི་ཡོད་པ་དང ། ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་མ་བྱས་པ་ལ་གཞི་ཡོད་པ་དང ། ལྷག་མ་དང་བཅས་པ་དང་ལྷག་མ་མེད་པ་བྱས་པ་དང་མ་བྱས་པ་ལ་གཞི་ཡོད་པས་གསོ་སྦྱོང་འགོག་པ་ནི་ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཆོས་བཞིན་མ་ཡིན་པ་བཅུ་དང ། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་བཅུ་གང་ཞེ་ན། ཕས་ཕམ་པ་ཡིན། ཕས་ཕམ་པའི་གཏམ་ལ་ཞུགས་ Na416a ༄#། །པ་ཡིན། ཚུལ་ཁྲིམས་ཉམས་པ་ཡིན། ལྟ་བ་ཉམས་པ་ཡིན། སྤྱོད་པ་ཉམས་པ་ཡིན། འཚོ་བ་ཉམས་པ་ཡིན། བསླབ་པ་ཕུལ་བ་ཡིན། བསླབ་པ་ཕུལ་བའི་གཏམ་ལ་ཞུགས་པ་ཡིན། དགེ་འདུན་ལ་དཔྱས་འདོགས་པ་ཡིན། དགེ་འདུན་ལ་དཔྱས་འདོགས་པའི་གཏམ་ལ་ཞུགས་པ་ཡིན་ནོ། །དེ་ལ་ཇི་ལྟར་ན། ཕས་ཕམ་པ་ཡིན་ཞེ་ན། གང་གི་རྣམ་པ་དང ། གང་གི་ཚུལ་དང ། གང་གི་མཚན་མས་དགེ་སློང་ཕས་ཕམ་པའི་ཉེས་པ་བྱུང་བ་དེའི་རྣམ་པ་དང ། དེའི་ཚུལ་དང ། དེའི་མཚན་མས་དགེ་སློང་ཕས་ཕམ་པའི་ཉེས་པ་བྱུང་པར་མཐོང་བ་ཡིན་ནོ། །དེ་དེས་མཐོང་བས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་ཡིན་ཏེ། དེ་ལྟར་ན། ཕས་ཕམ་པ་ཡིན་ནོ། །ཇི་ལྟར་ན། ཕས་ཕམ་པའི་གཏམ་ལ་ཞུགས་པ་ཡིན་ཞེ་ན། ཇི་ལྟར་ཡང་དེ་ནི། གཙུག་ལག་ཁང་ངམ། གཙུག་ལག་ཁང་གི་ཕྱི་རོལ་ཡང་རུང ། དགེ་སློང་མང་པོ་འདུས་ཤིད་འཁོད་པར་གྱུར་པ་རྣམས་ཀྱང་དེ་ལས་བྱུང་བ། དེ་དང་མཐུན་པ། དེའི་རང་བཞིན་གྱི་གཏམ་ལ་ཞུགས་པ་ཡིན་ཏེ། དད་པ་ལས་ཐོས་ཀྱང་རུང ། བདག་རང་རྣམ་པ་ལ་དོགས་པ་སྐྱེས་ཀྱང་རུང་སྟེ། དེ་དེས་ཐོས་པ་དང ། དོགས་པས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཇི་ལྟར་ན། ཚུལ་ཁྲིམས་ཉམས་པ་ཡིན་ཞེ་ན། ཕས་ཕམ་པ་བཞི་ལས་གང་ཡང་རུང་ཕས་ཕམ་པ་ཤིན་ཏུ་འདས་པར་གྱུར་པའོ། །ཇི་ Na416b ལྟར་ན། ལྟ་བ་ཉམས་པ་ཡིན་ཞེ་ན། ལྟ་བ་དྲུག་ཅུ་རྩ་གཉིས་ལས་གང་ཡང་རུང་སྟེ། ལྟ་བར་འགྱུར་བ་རབ་ཏུ་ཐོབ་པ་ཡིན་ནོ། །ཇི་ལྟར་ན་སྤྱོད་པ་ཉམས་པར་གྱུར་པ་ཡིན་ཞེ་ན། མི་སྤྱོད་པ་རྣམས་སྤྱོད་པ་སྟེ། དགེ་སློང་གི་བསླབ་པ་རྣམས་ལ་མི་སློབ་པའོ། །ཇི་ལྟར་ན། འཚོ་བ་ཉམས་པ་ཡིན་ཞེ་ན། འཚོ་བ་ཡོངས་སུ་མ་དག་པ་ཡིན་ནོ། །ཇི་ལྟར་བསླབ་པ་ཕུལ་བ་ཡིན་ཞེ་ན། གང་གི་རྣམ་པ་དང ། གང་གི་ཚུལ་དང ། གང་གི་མཚན་མས་དགེ་སློང་བསླབ་པ་འབུལ་བདེའི་རྣམ་པ་དང ། དེའི་ཚུལ་དང ། དེའི་མཚན་མས་དགེ་སློང་དུ་མཐོང་བ་ཡིན་ཏེ། དེ་དེས་མཐོང་ནས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཇི་ལྟར་ན། བསླབ་པ་ཕུལ་བའི་གཏམ་ལ་ཞུགས་པ་ཡིན་ཞེ་ན། ཇི་ལྟར་ཡང་དེ་ནི། གཙུག་ལག་ཁང་ངམ། གཙུག་ལག་ཁང་གི་ཕྱི་རོལ་ནའང་རུང ། དགེ་སློང་རྣམས་འདུས་ཏེ་འཁོད་པ་དེ་དག་ཀྱང་དེ་ལས་བྱུང་བ། དེ་དང་མཐུན་པ། དེའི་རང་བཞིན་གྱི་གཏམ་ལ་ཞུགས་པ་ཡིན་ཏེ། དད་པ་ལས་ཐོས་ཀྱང་རུང ། བདག་ཉིད་རྣམ་པ་ལ་དོགས་པ་སྐྱེས་ཀྱང་རུང་སྟེ། དེ་དེས་ཐོས་པ་དང ། དེའི་དོགས་པས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཇི་ལྟར་ན། དགེ་འདུན་ལ་དཔྱས་འདོགས་པ་ཡིན་ཞེ་ན། གང་གི་རྣམ་པ་དང ། གང་གི་ཚུལ་དང ། གང་གི་མཚན་མས་དགེ་སློང་གི་དགེ་འདུན་ལ་སྨོད་པ་དེ་ལྟ་བུའི་རྣམ་པ་དང ། དེ་ལྟ་བུའི་ཚུལ་དང ། དེ་ལྟ་བུའི་མཚན་མས་དགེ་འདུན་ལ་སྨོད་པའི་དགེ་ Na417a ༄#། །སློང་དུ་མཐོང་བ་ཡིན་ཏེ། དེ་དེས་མཐོང་ནས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཇི་ལྟར་ན། དགེ་འདུན་ལ་དཔྱས་འདོགས་པའི་གཏམ་ལ་ཞུགས་པ་ཡིན་ཞེ་ན། ཇི་ལྟར་ཡང་དེ་ནི། གཙུག་ལག་ཁང་ངམ། གཙུག་ལག་ཁང་གི་ཕྱི་རོལ་ཏུའང་རུང ། དགེ་སློང་རྣམས་འདུས་ཏེ་འཁོད་པ་དེ་དག་ཀྱང་དེ་ལས་བྱུང་བ། དེ་དང་མཐུན་པ། དེའི་རང་བཞིན་གྱི་གཏམ་ལ་ཞུགས་པ་ཡིན་ཏེ། དད་པ་ལས་ཐོས་ཀྱང་རུང ། བདག་རང་རྣམ་པ་ལ་དོགས་པ་སྐྱེས་ཀྱང་རུང་སྟེ། དེ་དེས་ཐོས་པ་དང ། དེ་ལྟ་བུའི་དོགས་པས་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པའོ། །ཆོས་བཞིན་བཅུ་པོ་འདི་དག་ལྡོག་པ་ནི། ཆོས་བཞིན་མ་ཡིན་པར་སྦྱར་བར་བྱའོ། །གསོ་སྦྱོང་དགག་པའི་དངོས་པོ་རྫོགས་སོ།། །།མདོར་ན། དགེ་ཚུལ་ལོ་མ་ལོན་པ་གཅིག་།ཁ་དོག་ངན་དང་གནས་དེ་བཞིན། །མ་བསྐོས་པ་དང་ཕྱག་བྱ་བ། །མངོན་སུམ་རྡུལ་གཟན་མེད་པའོ། །བཙུན་པ། དགེ་ཚུལ་ཕ་ཉི་ཚེ་དབྱར་ཚུལ་དུ་ཞུགས་ན། དེ་དག་གིས་མལ་སྟན་བགོ་བར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་དག་གིས་མལ་སྟན་བླང་བར་བགྱིའམ། ཨུ་པ་ལི། བླང་བར་ནི། བྱའོ། །བཙུན་པ། ལོ་མ་ལོན་པ་དག་ཅིག་ཉི་ཚེ་དབྱར་ཚུལ་དུ་ཞུགས་ན། དེ་དག་གིས་མལ་སྟན་བགོ་བར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་དག་གིས་མལ་སྟན་བླང་བར་བགྱིའམ། Na417b ུ་པ་ལི། བླང་བར་ནི། བྱའོ། །བཙུན་པ། དགེ་སློང་གཅིག་གམ། གཉིས་སམ། གསུམ་མམ། བཞི་དབྱར་ཚུལ་དུ་ཞུགས་ན། དེ་དག་གིས་མལ་སྟན་བགོ་བར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། དེ་དག་གིས་མལ་སྟན་བླང་བར་བགྱིའམ། ཨུ་པ་ལི། བླང་བར་ནི། བྱའོ། །ུ་པ་ལི། གང་དུ་དགེ་སློང་ལྔའམ། དེ་ལས་ལྷག་པར་གནས་ན། དེ་དག་གིས་གསོལ་བ་བྱས་ལ་མལ་སྟན་བགེད་བ་སྐོས་ཤིག་།བསྐོས་པ་དེས་མལ་སྟན་བགོའོ། །བཙུན་པ། མལ་སྟན་དེ་ཉིད་སྤྱད་པས་ནོངས་པར་འགྱུར་བ་དང ། དེ་ཉིད་སྤྱད་པས་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། གང་ཟག་གིས་མལ་སྟན་ཁ་དོག་ངན་པར་མ་གྱུར་པའམ། ཁ་ཚར་རིང་བ་སྤྱད་ན། ཉེས་པ་དང་བཅས་པའོ། །དགེ་འདུན་གྱི་སྤྱད་ན། ཉེས་པ་མེད་དོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དགེ་འདུན་གྱི་མལ་སྟན་གནས་གཞན་དུ་ཁྱེར་ཞིང་མ་སྤྱོད་ཅིག་།ཅེས་གསུངས་ན། བཙུན་པ། དགེ་སློང་ཞིག་གིས་དགེ་འདུན་གྱི་མལ་སྟན་གནས་གཞན་དུ་འཚལ་ཏེ་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། །བར་ཆད་བརྒྱད་ལས་གང་ཡང་རུང་སྟེ་བར་ཆད་གཅིག་བྱུང་བར་གྱུར་པ་དང ། གནས་དེ་ཉིད་དུ་མལ་སྟན་སྲུང་བར་མི་ནུས་པ་དང ། གནས་དེར་མི་གནས་པར་སྡོམ་པ་བཅས་པ་ལ་ནི། ཉེས་པ་མེད་དོ། །བཙུན་པ། མ་བསྐོས་པས་མ་ལ་སྟན་བགོ་བར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་སློང་ཞིག་གིས་དགེ་འདུན་གྱི་མལ་སྟན་དེ་ཉིད་སྤྱད་ན། ནོངས་པར་འགྱུར་བ་ Na418a ༄#། །དང ། དེ་ཉིད་སྤྱད་པས་ནོངས་པར་མི་འགྱུར་བ་མ་ཆིས་སམ། ཨུ་པ་ལི། ཡོད་དེ། སྤུ་ཕྱིར་ཟློག་སྟེ་གྱོན་ན། ཉེས་པ་དང་བཅས་པའོ། །བཏིང་ན། ཉེས་པ་མེད་དོ།། རྡུལ་གཟན་མེད་པར་གྱོན་ན། ཉེས་པ་དང་བཅས་པའོ། །རྡུལ་གཟན་དང་བཅས་པར་གྱོན་ན། ཉེས་པ་མེད་དོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཐམས་ཅད་དུ་ཉེ་བར་ཕྱོགས་པ་དང་གནས་པར་མི་བྱའོ། །ཞེས་གསུངས་ན། བཙུན་པ། ཅི། ཉེ་བར་མ་ཕྱོགས་པས་ཉེ་བར་ཕྱོགས་པ་རྒན་པ་ལ་ཡང་ཕྱག་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། ཉེ་བར་ཕྱོགས་པ་ཐམས་ཅད་ཀྱིས་ཉེ་བར་མ་ཕྱོགས་པ་རྣམས་ལ་ཕྱག་བྱོས་ཤིག་།དགེ་སློང་རྣམས་ཀྱི་ཐ་མར་གཞག་གོ་།བཙུན་པ། ཅི། དེ་དག་ལ་མལ་སྟན་ཀྱང་དགེ་སློང་དེ་དག་གི་ཐ་མར་སྩལ་ཏམ། ཨུ་པ་ལི། ཉེ་བར་ཕྱོགས་པ་ལ་རྙེད་པ་དང་མལ་སྟན་བྱིན་པ་མེད་དོ། །བཙུན་པ། མངོན་སུམ་དུ་མ་གྱུར་པ་ལ་མལ་སྟན་སྩལ་པར་བགྱིའམ། ཁ་ཅིག་ལ་བྱིན་ཅིག་།ཁ་ཅིག་ལ་མ་སྦྱིན་ཅིག་།གང་ལ་སྩལ་བར་བགྱི། སོང་ནས་ཕྱིར་འོང་བ་ལ་ནི། བྱིན་ཅིག་།སུ་ལ་མི་སྩལ། སོང་ནས་ཕྱིར་འོང་བ་ལ་ནི། མ་སྦྱིན་ཅིག་།བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དགེ་འདུན་གྱི་རྫས་རྡུལ་གཟན་མ་མཆིས་པར་མ་སྤྱད་ཅིག་།ཅེས་གསུངས་ན། བཙུན་པ། དགེ་སློང་གིས་དགེ་འདུན་གྱི་རྫས་རྡུལ་གཟན་མ་མཆིས་པར་སྤྱད་ཀྱང་ནོངས་པར་མི་འགྱུར་བ་མཆིས་དམ། ཨ་པ་ལི། ཡོད་དེ། ཇི་ལྟར་ཡང་དེ་ནི། ཁྱིམ་བདག་ Na418b གཅིག་གིས་གཡོགས་པའམ་བགོ་བ་ཞིག་རྡུལ་གཟན་མེད་པར་སྤྱད་པར་དགེ་འདུན་ལ་ཕུལ་བ་ཡིན་ནོ། །མདོར་ན། ཀུན་དགའ་བོ་དང་གང་ཟག་དང ། །དེ་ལྟར་ཕྱག་དང་རུང་བ་དང ། །ཐ་མ་དབྱར་དུ་གནས་པ་དང ། །སུམ་ཆ་དབྲི་བ་དེ་བཞིན་ཏེ། །ཁྱིམ་པ་དག་ལ་སོགས་པ་དང ། །བསླབ་པ་བྱིན་པ་ཐ་མ་འོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཀུན་དགའ་བོ་ཁྱོད་ཀྱིས་མལ་སྟན་ལྷག་མ་རྣམས་བགོས་ཤིག་།ཅེས་གསུངས་ན། ལྷག་པ་གང་ལགས། གང་གཅིག་དང ། གཉིས་པོའི་ཕྱོགས་ལས་ལྷག་པར་གྱུར་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་དགེ་འདུན་གྱི་མལ་སྟན་རྡུལ་གཟན་མ་མཆིས་པར་མ་སྤྱད་ཅིག་།ཅེས་གསུངས་ན། བཙུན་པ། དགེ་སློང་གང་ཟག་གིས་མལ་སྟན་སྤྱད་ན། ཅིར་འགྱུར། ཉེས་བྱས་སོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གང་དགེ་སློང་གློ་བུར་དུ་ལྷགས་པ་དང ། གཞི་པ་རྣམས་ཇི་ལྟར་རྒན་རིམ་བཞིན་ཕྱག་བྱོས་ཤིག་།ཅེས་གསུངས་ན། བཙུན་པ། དེ་སྟེ་ཆད་པ་བགྱིད་པའི་དགེ་སློང་རྒན་པ་ལའང་ཕྱག་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། ཕྱག་བྱ་བའི་མི་རིགས་པ་ཐམས་ཅད་ལ་ཕྱག་མི་བྱ་སྟེ། འཁོན་ཡོད་པ་ནི། མ་གཏོགས་སོ། །ུ་པ་ལི། དགེ་འདུན་གྱི་ནང་ན་ཕྱག་བྱ་བའི་མི་རིགས་པའི་གང་ཟག་རྣམས་གང་ཞེ་ན། བསྡིགས་པའི་ལས་བྱས་པ་དང ། སྨད་པའི་ལས་བྱས་པ་དང ། བསྐྲད་པའི་ལས་བྱས་པ་དང ། སླར་སྡུམ་པའི་ལས་བྱས་པ་དང ། མ་མཐོང་བའི་ཕྱིར་སྤང་བའི་ལས་བྱས་པ་དང ། ལས་སླར་མི་བྱེད་པའི་ཕྱིར་སྤང་ Na419a ༄#། །བའི་ལས་བྱས་པ་དང ། སྡིག་པ་ལ་ལྟ་བ་སླར་མ་སྦངས་པའི་ཕྱིར་སྤང་བའི་ལས་བྱས་པ་དང ། ཆད་པ་བྱེད་པ་དང ། གཞི་ནས་བསླངས་ཏེ་ཆད་པ་བྱེད་པ་དང ། ཆད་པ་འཁོར་བ་དང ། ཡིད་མགུ་བར་བྱ་བ་སྤྱོད་པ་དང ། གཞི་ནས་བསླངས་ཏེ་ཡིད་མགུ་བར་བྱ་བ་སྤྱོད་པ་དང ། ཁྱིམ་པ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། སྔར་ཉེས་པ་བྱུང་བ་དང ། སྔོན་འཁྲུགས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་སྩལ་པ་དང ། དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་དང ། ཤིན་ཏུ་གཞོན་པ་རྣམས་ལ་ཕྱག་མ་བྱེད་ཅིག་།བཤང་བ་བྱེད་པ་ལ་ཕྱག་མི་བྱའོ། །བཤང་བ་བྱེད་པས་ཕྱག་མི་བྱའོ། །གཅི་བ་བྱེད་པ་ལ་ཕྱག་མི་བྱའོ། །གཅི་བ་བྱེད་པས་ཕྱག་མི་བྱའོ། །སོ་ཤིང་ཟ་བ་ལ་ཕྱག་མི་བྱའོ། །སོ་ཤིང་ཟ་བས་ཕྱག་མི་བྱའོ། །ཟས་ཟ་བ་ལ་ཕྱག་མི་བྱའོ། །ཟས་ཟ་བས་ཕྱག་མི་བྱའོ། །འཐུང་བ་ལ་ཕྱག་མི་བྱའོ། །འཐུང་བས་ཕྱག་མི་བྱའོ། །སྒྲེན་མོ་ལ་ཕྱག་མི་བྱའོ། །སྒྲེན་མོས་ཕྱག་མི་བྱའོ།། གོས་གཅིག་པ་ལ་ཕྱག་མི་བྱའོ། །གོས་གཅིག་པས་ཕྱག་མི་བྱའོ། །མི་སྣང་བར་འདུག་པས་ཕྱག་མི་བྱའོ། །མི་བདེ་བར་འདུག་པ་ལ་ཕྱག་མི་བྱའོ། །མི་བདེ་བར་འདུག་པས་ཕྱག་མི་བྱའོ། །ལུང་ནོད་པ་ Na419b ལ་ཞུགས་པའམ། ཡིད་ལ་བྱེད་པ་ལ་ཞུགས་པའམ། ཆོས་ཉན་པར་ཞུགས་པ་ལ་ཕྱག་མི་བྱའོ། །ལུང་ནོད་པ་དང ། ཡིད་ལ་བྱེད་པ་དང ། ཆོས་ཉན་པར་ཞུགས་པས་ཕྱག་མི་བྱའོ། །ཡེངས་པ་ལ་ཕྱག་མི་བྱའོ། །ཁྱིམ་གྱི་ནང་དུ་ཞུགས་པ་ལ་ཕྱག་མི་བྱ་སྟེ། གང་ཟག་འདི་དག་ནི། ཕྱག་བྱ་བར་མི་རིགས་པའོ། །བཙུན་པ། དགེ་སློང་ཞིག་གིས་དགེ་འདུན་གྱི་ཁྲིའམ། ཁྲིའུ་ལ་མཆིས་སམ། ཉལ་ཡང་ནོངས་པ་ལྟུང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། མི་རུང་བ་ལ་འདུག་གམ། ཉལ་བ་སྟེ། གང་དགེ་སློང་རྣམས་ཀྱིས་སྤྱད་པར་མི་རུང་བའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གང་ཆད་པ་བགྱིད་པའི་དགེ་སློང་ནི། དགེ་སློང་རྣམས་ཀྱིས་ཐ་མར་སྩལ་ཏམ། ཨུ་པ་ལི། མ་ཡིན་ཏེ། རིམ་གྱིས་སྦྱིན་ནོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གང་དབྱར་མེད་པ་དང ། རང་བཞིན་དུ་གནས་པ་རྣམས་ལ་མལ་སྟན་སྔར་བྱིན་ཅིག་།དེའི་འོག་ཏུ་སྤངས་པའི་རྣམས་ལའོ། །ཞེས་གསུངས་ན། དེ་སྟེ་མལ་སྟན་ལྷག་པར་གྱུར་ན། རང་བཞིན་དུ་གནས་པ་དང་ལྷན་ཅིག་ཏུ་སྩལ་ཏམ། ཨུ་པ་ལི། མི་སྦྱིན་ནོ།། བཙུན་པ། དགེ་སློང་ཞིག་གིས་གནས་བཞི་ནས་མལ་སྟན་བླངས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། ཇི་ལྟར་ཡང་དེ་ནི། དགེ་སློང་ཞིག་གིས་གནས་བཞིའི་མཚམས་ཤིང་ངམ། འདམ་བུའམ། རེ་ལྡེས་མནན་ཏེ་དབྱར་ཚུལ་དུ་ཞུགས་པ་ཡིན་ནོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་ཚུལ་ཕ་རྣམས་ནི། རྙེད་པའི་སུམ་ཆ་བྱིན་ཅིག་།ཅེས་གསུངས་ན། བཙུན་པ། ཅི། Na420a ༄#། །མལ་སྟན་ཡང་སུམ་ཆ་སྩལ་ཏམ། ཨུ་པ་ལི། མ་ཡིན་ཏེ། སྐལ་པ་མཉམ་པར་བྱིན་ཅིག་།བཙུན་པ། བཅོམ་ལྡན་འདས་ཀྱིས་གང་དགེ་སློང་གསར་བུ་རྣམས་ཀྱིས་རྒན་པོ་རྣམས་ལས་སྔོན་དུ་མལ་སྟན་མ་བླང་ཞིག་།ཅེས་གསུངས་ན། བཙུན་པ། དགེ་སློང་གཞོན་ནུས་རྒན་པ་ལས་སྔར་མལ་སྟན་བླངས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། གང་གིས་དགེ་འདུན་ལས་གནས་ཀྱི་གནང་བ་ཐོབ་པ་དང ། ཉེ་གཡོག་གི་གནང་བ་ཐོབ་པ་ཡིན། འཇིགས་པའི་ས་ནས་ཐོས་ཏེ་འོངས་པ་ཡིན་ནོ། །བཙུན་པ། ཁྱིམ་པ་མལ་སྟན་འགོད་པར་བསྐོའམ་ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་ཟམ་ནས་བསླབ་པ་སྩལ་པའི་བར་དུ་རྒྱས་པར་མལ་སྟན་འགོད་པར་བསྐོའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། སྨྱོན་པ་མལ་སྟན་འགོད་པར་བསྐོའམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་རྣམས་སོ། །བཙུན་པ། འགྲོ་བ་གཞན་དུ་གནས་པ་དག་མལ་སྟན་འགོད་པར་བསྐོའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། མ་ནིང་ལ་མལ་སྟན་སྩལ་ཏམ། ཨུ་པ་ལི། མ་ཡིན་ནོ། །དེ་བཞིན་དུ་དགེ་སློང་མ་སུན་ཕྱུང་བ་ནས་སྔར་འཁྲུགས་པའི་བར་དུ་དེ་དག་ལ་མལ་སྟན་སྩལ་ཏམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་འདུན་གྱི་དབྱེན་བགྱིས་པ་དང ། བསླབ་པ་སྩལ་པ་ལ་མལ་སྟན་སྩལ་ཏམ། ཨུ་པ་ལི། བྱིན་ཅིག་།བཙུན་པ། སྨྱོན་པ་ལ་ Na420b མལ་སྟན་སྩལ་ཏམ། ཨུ་པ་ལི། དེ་སྟེ་སྤྱད་པ་བཞིན་དུ་མི་སྤྱད་ན། མ་སྤྱིན་ཅིག་།དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་རྣམས་ལ་ཡང་བརྗོད་པར་བྱའོ། །བཙུན་པ། མལ་སྟན་འགོད་པར་དགེ་སློང་བསྐོ་བའི་ཚེ་མཚན་འཕོས་ན། བསྐོས་པ་ཞེས་བགྱིའམ། ཨུ་པ་ལི། བསྐོས་པ་ཞེས་བྱའོ། །དེས་མལ་སྟན་བསྐོ་བར་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །མལ་སྟན་གྱི་དངོས་པོ་རྫོགས་སོ།། །།འདུ་བ་གཞུང་དམ་པ། བམ་པོ་ཉེར་གཅིག་པ། མདོར་ན། གསུམ་དུ་བྱས་པའི་གཟུ་བོ་དང ། །རྣམ་པར་ཞི་བའི་མཚན་དེ་བཞིན། །གསོ་སྦྱོང་དག་གི་མངོན་སུམ་དག་།འབྱུང་བ་དག་ཀྱང་དེ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། གཟུ་བོ་ཆོས་དུ་དང་ལྡན་ན། འདུལ་བ་འཛིན་ཅིང་རྩོད་པ་རྣམ་པར་ཞི་བར་བགྱིད་ནས་པ་ལགས། ཨུ་པ་ལི། བཅུ་གཅིག་སྟེ། བཅུ་གཅིག་གང་ཞེ་ན། རྩོད་པ་ཤེས། རྩོད་པ་ཅི་ལ་བྱུང་བ་ཤེས། རྩོད་པ་བསྡུ་བ་ཤེས། རྩོད་པ་རྣམ་པར་ཞི་བ་ཤེས། རྩོད་པ་ཤིན་ཏུ་ཞི་བས་ཕྱིས་མི་འབྱུང་བར་ཤེས། འབྱུང་བ་ཤེས། བཅས་པ་ཤེས། རྫེས་སུ་བཅས་པ་ཤེས། དགག་པ་ཤེས། མངོན་པར་རྗེས་སུ་གནང་བ་ཤེས། ལས་བྱས་པ་དང་མ་བྱས་པ་ཤེས་པ་སྟེ། ཨུ་པ་ལི། ཆོས་བཅུ་གཅིག་པོ་འདི་དག་དང་ལྡན་པའི་གཟུ་བོ་ནི། འདུལ་བ་འཛིན་པ། རྩོད་པ་རྣམ་པར་ཞི་བར་བྱེད་ནུས་ Na421a ༄#། །པ་ཡིན་ནོ། །གཞན་ཡང་ཆོས་བཅུ་གཅིག་སྟེ། བཅུ་གཅིག་པོ་གང་ཞེ་ན། ཉེས་པ་ཤེས། ཉེས་པ་མེད་པ་ཤེས། ཉེས་པ་ལྕི་བ་ཤེས། ཉེས་པ་ཡང་བ་ཤེས། ཉེས་པ་བྱུང་བ་ཤེས། ཉེས་པ་ལས་དབྱུང་བ་ཤེས། འདོད་པའི་ཕྱིར་མི་འགྲོ། ཞེ་སྡང་དང ། འཇིགས་པ་དང ། གཏི་མུག་གི་ཕྱིར་མི་འགྲོ་བ་དང ། ཆད་པའི་ལས་བྱ་བ་དང་མི་བྱ་བ་ཤེས་པ་སྟེ། ཨུ་པ་ལི། བཅུ་གཅིག་པོ་འདི་དག་གིས་རྣམ་པར་ཞི་བར་བྱ་བའི་བར་དུ་རྒྱས་པར་རོ། །གཞན་ཡང་ཆོས་བཅུ་གཅིག་གི་བར་དུ་སྟེ། བཅུ་གཅིག་པོ་གང་ཞེ་ན། མདོ་སྡེ་ལ་མཁས་པ་ཡིན། འདུལ་བ་ལ་མཁས་པ་ཡིན། རྣམ་པར་འབྱེད་པ་ལ་མཁས་པ་ཡིན། ལུང་ལ་ཞུགས་པ་ཡིན། མདོ་སྡེ་འབྱེད་པ་ཡིན། འཁྲུལ་བ་མི་འཛིན་པ་ཡིན། གསང་བའི་ཚིག་མི་འཛིན་པ་ཡིན། གདོན་མི་ཟ་བར་འཛིན་པ་ཡིན། ཚིག་མང་པོ་མི་འཛིན་པ་ཡིན། དམ་བཅས་པ་འཛིན་པ་ཡིན། ལན་གསུམ་གྱི་བར་དུ་གཞོག་པ་ཡིན་ཏེ། ཨུ་པ་ལི། ཆོས་བཅུ་གཅིག་པོ་འདི་དག་དང་ལྡན་པའི་གཟུ་བོ་ནི། འདུལ་བ་འཛིན་པ། རྩོད་པ་རྣམ་པར་ཞི་བར་བྱེད་ནུས་པ་ཡིན་ནོ། །ཆོས་དུ་དང་ལྡན་པས་རྩོད་པ་ཤིན་ཏུ་ཞི་བ་ལགས། ཨུ་པ་ལི། ཉི་ཤུ་རྩ་གཅིག་སྟེ། ཉི་ཤུ་རྩ་གཅིག་པོ་གང་ཞེ་ན། དགེ་འདུན་ལ་བསྒོ་བ་ཡིན། ཆོས་དང་བཅས་པས་རྒྱལ་པོའི་ Na421b བཀའ་དང་མཐུན་པ་ཡིན། ཕྱོགས་དང་ཕ་རོལ་གྱི་ཕྱོགས་ཀྱི་དགེ་སློང་དག་གོ་བར་བྱེད་པ་ཡིན། རྒོལ་བ་དང་ཕྱིར་རྒོལ་བའི་དགེ་སློང་ལ་ཆོས་དང་མཐུན་པས་རྒོལ་བ་དང ། ཕྱིར་རྒོལ་བའི་དགེ་སློང་ལ་འདུལ་བ་མ་ཉམས་པར་བྱེད་པ་ཡིན། མི་གཙང་བའི་གང་ཟག་གི་ཉེས་པ་དང་མ་བཅས་པ་ཡིན། བྱུང་བ་ཆུད་མ་གསན་པ་ཡིན། བཅས་པ་ཆུད་མ་གསན་པ་ཡིན། རྗེས་སུ་བཅས་པ་ཆུད་མ་གསན་པ་ཡིན། དགག་པ་ཆུད་མ་གསན་པ་ཡིན། མངོན་པར་རྗེས་སུ་གནང་བ་ཆུད་མ་གསན་པ་ཡིན། ཉེས་པ་ཆུད་མ་གསན་པ་ཡིན། རྒོལ་བའི་དགེ་སློང་གི་ཡི་དམ་ཤིན་ཏུ་བཟུང་བ་ཡིན། ལན་འདེབས་པའི་ཡི་དམ་ཤིང་ཏུ་བཟུང་བ་ཡིན། མདོ་སྡེའི་ཚིག་ཀྱང་བསྟན་པ་ཡིན། འདུལ་བ་དང་མཐུན་པ་ཡིན། ཆོས་ཀྱི་མིག་རྗེས་སུ་བཟུང་བ་ཡིན། བསྐོས་ནས་རྣམ་པར་ཞི་བར་བྱེད་པ་ཡིན། ཉེས་པ་སྟོན་པ་ཡིན། ཆད་པའི་ལས་དམིགས་སུ་བབ་པ་ཡིན། རྣམ་པར་དག་པ་སྟོན་པ་ཡིན། ཆོས་དང ། འདུལ་བ་དང ། སྟོན་པའི་བསྟན་པས་རྩོད་པ་རྣམ་པར་ཞི་བ་ཡིན་ཏེ། ཨུ་པ་ལི། ཆོས་ཉི་ཤུ་རྩ་གཅིག་པོ་འདི་རྣམས་དང་ལྡན་ན། རྩོད་པ་རྣམ་པར་ཞི་བ་ཞེས་བྱའོ། །བཙུན་པ། རྒོལ་བའམ། སླར་རྒོལ་བའི་དགེ་སློང་མཚན་འཕོས་ན། རྩོད་བཞི་བ་ཞེས་བགྱིའམ། ཨུ་པ་ལི། ཞི་བ་ཞེས་བྱའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་རྩོད་པ་བྱུང་བ་བྱུང་མ་ཐག་ཏུ་རྩོད་པ་ཞི་བར་བྱེད་པའི་ཆོས་ Na422a ༄#། །བདུན་གྱིས་རྣམ་པར་ཞི་བར་བྱའོ། །ཞེས་གསུངས་ན། བཙུན་པ། རྩོད་པ་རྣམ་པ་བཞི་ལས་གང་ཡང་རུང་སྟེ། རྩོད་པ་ཞིག་བྱུང་ན། རྩོད་པ་ཞི་བར་བགྱིད་པའི་ཆོས་བདུན་པོ་ལས་གང་ཡང་རུང་བའི་རྩོད་པ་ཞི་བར་བགྱིད་པའི་ཆོས་ཀྱིས་རྣམ་པར་ཞི་བར་མ་བགྱིས་པར་རྣམ་པར་ཞི་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དེ་ནི། མཐུན་པའི་གསོ་སྦྱོང་ངོ ། །བཙུན་པ། རྩོད་པ་བཞི་ལས་གང་ཡང་རུང་སྟེ་རྩོད་པ་ཞིག་བྱུང་ན། རྒོལ་བ་དང ། སླར་རྒོལ་བའི་དགེ་སློང་རྣམས་ལས་གང་གི་ཚིག་གཟུང་བར་བགྱི། རྒན་རིམ་གྱིས་གཟུང་ངོ ། །བཙུན་པ། དེ་སྟེ་གཉིས་ཀའི་ལོ་གྲངས་མཉམ་ན། གང་གི་ཚིག་གཟུང་བར་བགྱི། གང་མང་དུ་ཐོས་པ་ཡིན་ནོ། །བཙུན་པ། དེ་སྟེ་གཉིས་ཀའང་གཞུང་ལ་མཚུངས་པར་གྱུར་ན། གང་གི་ཚིག་གཟུང་བར་བགྱི། གང་བྱང་བ་ཡིན་ནོ། །དེ་སྟེ་གཉིས་ཀ་བྱང་བར་གྱུར་ན། གང་གི་ཚིག་གཟུང་བར་བགྱི། གང་བྱང་བའི་ཤས་ཆེ་བ་ཡིན་ཏེ། དེའི་ཚིག་གིས་རྩོད་པ་རྣམས་རྣམ་པར་ཞི་བར་བྱའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གང་ཚུལ་ཤིང་མང་པོས་རྩོད་པ་ཞི་བར་བྱ་བ་ལས། གང་གི་ཕྱོགས་སུ་ཚུལ་ཤིང་གཅིག་གིས་ཀྱང་ལྷག་པར་གྱུར་ན། དེའི་ཕྱོགས་དེས་རྣམ་པར་ཞི་བར་བྱའོ། །ཞེས་གསུངས་ན། བཙུན་པ། དེ་སྟེ་ཕྱོགས་གཉིས་ཀ་ཚུལ་ཤིང་མཉམ་པར་གྱུར་ན། གང་གི་དབང་གིས་རྩོད་པ་རྣམས་ Na422b རྣམ་པར་ཞི་བར་བགྱི། ཨུ་པ་ལི། ཕྱོགས་གང་གི་དགེ་སློང་དག་ཕལ་ཆེར་བྱང་བའི་ཤས་ཆེ་བ་ཡིན་ནོ། །བཙུན་པ། གང་དགེ་སློང་རྣམས་རྩོད་པ་དགེ་སློང་རྣམས་ཀྱིས་རྣམ་པར་ཞི་བར་བགྱིད་མ་ནུས་ན། བཙུན་པ། དགེ་སློང་མས་རྣམ་པར་ཞི་བར་བགྱིར་རུང་ངམ། ཨུ་པ་ལི། རུང་ངོ ། །དེ་བཞིན་དུ་སྡེ་ལྔའི་རྣམས་ཕན་ཚུན་གཅིག་ལ་གཅིག་སྦྱར་བར་བྱའོ། །མདོར་ན། འཕྲིན་པ་སྤྲིང་ཡིན་ལག་བརྡ་དང ། །གཞན་ཟེར་བ་དང་གཅིག་ནས་གཅིག་།སྨྱོན་པ་སེམས་འཁྲུགས་ན་བ་དང ། །འོན་གླེན་ཁྱིམ་པ་དག་ལ་སོགས། །བསླབ་པ་བྱིན་པ་ཐ་མ་འོ། །བཙུན་པ། འཕྲིན་གྱིས་རྩོད་པ་རྣམ་པར་ཞི་བར་བགྱིས་ན། རྣམ་པར་ཞི་བ་ཞེས་བགྱིའམ། ཨུ་པ་ལི། རྣམ་པར་ཞི་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །དེ་བཞིན་དུ་སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། གཅིག་ནས་གཅིག་ཏུ་བརྒྱུད་དེ་རྣམ་པར་ཞི་བར་བགྱིས་ན། རྣམ་པར་ཞི་བ་ཞེས་བགྱིའམ། ཨུ་པ་ལི། རྣམ་པར་ཞི་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། སྨྱོན་པ་ཞིག་གིས་རྩོད་པ་རྣམ་པར་ཞི་བར་བགྱིས་ན། རྩོད་པ་རྣམ་པར་ཞི་བ་ཞེས་བགྱིའམ། ཨུ་པ་ལི། རྣམ་པར་ཞི་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་པ་དང ། ལྐུགས་པ་དང ། འོན་པ་རྣམས་ཀྱིས་རྣམ་པར་ཞི་བར་བགྱིས་ན། Na423a ༄#། །རྣམ་པར་ཞི་བ་ཞེས་བགྱིའམ། ཨུ་པ་ལི། རྣམ་པར་ཞི་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། ཁྱིམ་པ་ཞིག་གིས་རྩོད་པ་རྣམ་པར་ཞི་བར་བགྱིས་ན། རྣམ་པར་ཞི་བ་ཞེས་བགྱིའམ། ཨུ་པ་ལི། རྣམ་པར་ཞི་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། དེ་བཞིན་དུ་མ་ནིང་ནས་བསླབ་པ་སྩལ་པ་རྣམས་ཀྱི་བར་དུ་རྒྱས་པར་དེ་དག་གི་རྩོད་པ་རྣམ་པར་ཞི་བར་བགྱིས་ན། རྣམ་པར་ཞི་བ་ཞེས་བགྱིའམ། ཨུ་པ་ལི། རྣམ་པར་ཞི་བ་ཞེས་བྱ་སྟེ། དགེ་འདུན་ནི། འདས་པ་དང་བཅས་པའོ། །བཙུན་པ། རྒོལ་བའམ། སླར་རྒོལ་བ་དུས་བགྱིས་ན། རྩོད་པ་རྣམ་པར་ཞི་བ་ཞེས་བགྱིའམ། ཨུ་པ་ལི། རྣམ་པར་ཞི་བ་ཞེས་བྱའོ། །དེ་བཞིན་དུ་ཁྱིམ་པ་ལགས་པར་ཁས་བླངས་པ་ནས་བསླབ་པ་སྩལ་པ་ལགས་པའི་བར་དུ་རྒྱས་པར་ཁས་བླངས་ན། རྩོད་པ་རྣམ་པར་ཞི་བ་ཞེས་བགྱིའམ། ཨུ་པ་ལི། རྣམ་པར་ཞི་བ་ཞེས་བྱའོ། །བཙུན་པ། རྒོལ་བའམ། སླར་རྒོལ་བའི་དགེ་སློང་མཚན་འཕོས་ན། རྩོད་པ་རྣམ་པར་ཞི་བ་ཞེས་བགྱིའམ། ཨུ་པ་ལི། རྣམ་པར་ཞི་བ་ཞེས་བྱའོ། །རྩོད་པའི་དངོས་པོ་རྫོགས་སོ།། །།མདོར་ན། བྱེ་འབྱེད་དགེ་འདུན་ཅ་ཅོ་དང ། །ཐ་དད་པ་དང་ཚུལ་བཞིན་དང ། །བསྐལ་པ་ཁ་ན་མ་ཐོ་ལོག་དགེ་འདུན་དབྱེ་དང་མི་མཁས་པའོ། །བཙུན་པ། དགེ་འདུན་བྱེ་བ་ཞེས་ཀྱང་བགྱི། །བཙུན་པ། དགེ་འདུན་འདུས་པ་ཞེས་ཀྱང་བགྱི་ན། བཙུན་པ། དགེ་འདུན་བྱེ་བ་གང་ལགས། ཨུ་པ་ལི། གང་དབྱེན་བྱེད་པས་ Na423b ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པར་འདུ་ཤེས། འདུལ་བ་མ་ཡིན་པ་ལ་འདུལ་བ་མ་ཡིན་པར་འདུ་ཤེས་པར་གྱུར་བཞིན་དུ་དེས་འདུ་ཤེས་བཅབས། བཟོད་པ་བཅབས། དད་པ་བཅབས། བློ་གྲོས་དང ། ལྟ་བ་དང ། རྟོག་པ་རྣམས་བཅབས་ཏེ་འདི་སྐད་དུ། འདི་ནི། ཆོས་སོ། །འདི་ནི། འདུལ་བའོ། །འདི་ནི། སྟོན་པའི་བསྟན་པའོ། །ཞེས་སྨྲས་ནས་དེས་དགེ་སློང་དག་ལ་བསྒོ། ཡང་དག་པར་བསྒོ། སློབ། ལེན་དུ་འཇུག་།བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་རྗེས་སུ་བསྒྲགས་ཏེ། འདི་ལྟར། ཚེ་དང་ལྡན་པ། ཁྱེད་ཅག་ལག་གང་དད་ཅིང་བཟོད་དེ་མོས་པ་དེ་དག་གིས་ནི། ཚུལ་ཤིང་ལོངས་ཤིག་།དེ་གང་གིས་བརྟུལ་ཞུགས་ཀྱི་གནས་ལྔ་བསྒྲགས་ཏེ་གསོལ་བ་བྱས། ཚུལ་ཤིང་བྲིམས་ཏེ་མང་པོ་ཁྲིད་དེ་འགྲོ་བ་འདི་ནི། དགེ་འདུན་བྱེ་བ་ཞེས་བྱའོ། །དགེ་འདུན་འདུས་པ་གང་ཞེ་ན། དགེ་སློང་མཚམས་ཀྱི་ནང་ན་ཇི་སྙེད་འཁོད་པར་གྱུར་པ་དེ་དག་ལས་བྱེད་པ་ན། དེ་དག་ཐམས་ཅད་འདུས་པར་གྱུར། མངོན་སུམ་དུ་གྱུར། དད་པ་བླང་བར་རིགས་པའི་རྣམས་ལས་དད་པ་བླངས་པར་གྱུར། དགེ་སློང་རྣམས་ཀྱང་འཐབ་པ་མེད། རྩོད་པ་མེད་ལ། དེ་དག་ཆོས་སུ་འདུ་ཤེས། འདུལ་བར་འདུ་ཤེས་ཏེ་གསོ་སྦྱོང་གི་ལས་བྱེད་པ་འདི་ནི། དགེ་འདུན་འདུས་པ་ཞེས་བྱའོ། །བཙུན་པ། དགེ་འདུན་འབྱེད་པས་བསྟིར་མེད་པའི་ཁ་ན་མ་ཐོ་བ་བསྐྱེད་ལ་མཚམས་མེད་པའི་ལས་སུ་འགྱུར་བ་གང་ལགས། ཨུ་པ་ལི། ནམ་འབྱེད་པས་ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པར་འདུ་ཤེས་པ་ཡིན། བྱེ་བ་ལའང་ཆོས་མ་ཡིན་པར་འདུ་ཤེས་བཞིན་དུ་དེས་འདུ་ཤེས་བཅབས། Na424a ༄#། །བཟོད་པ་བཅབས། དད་པ་དང ། བློ་གྲོས་དང ། ལྟ་བ་དང ། རྟོག་པ་རྣམས་བཅབས་ཏེ་འདི་སྐད་དུ། ཆོས་ནི། འདིའོ། །འདུལ་བ་ནི། འདིའོ། །སྟོན་པའི་བསྟན་པ་ནི། འདིའོ།། ཞེས་སྨྲས་ནས་དེས་དགེ་སློང་དག་ལ་བསྒོ། ཡང་དག་པར་བསྒོ། སློབ། ལེན་དུ་འཇུག། བརྟུལ་ཞུགས་ཀྱི་གཞི་ལྔ་ཡང་རྗེས་སུ་བསྒྲགས་ཏེ་གང་དབྱེན་བྱེད་པ་དེས་བརྟུལ་ཞུགས་ཀྱི་གཞི་ལྔ་རྗེས་སུ་བསྒྲགས་ཏེ་གསོལ་བ་བྱས། ཚུལ་ཤིང་བྲིམས་ནས་མང་པོ་ཁྲིད་དེ་སོང་བ་འདི་ནི། དགེ་འདུན་འབྱེད་པ་ཡིན་ཏེ། བསྟིར་མེད་པའི་ཁ་ན་མ་ཐོ་བའང་བསྐྱེད། ཡང་དག་པར་བསྒོ་བ་བླངས་ཤིང་ལེན་དུ་འཇུག་པས་མཚམས་མེད་པའི་ལས་སུ་འང་འགྱུར་རོ། །དགེ་འདུན་འབྱེད་པས་བསྟིར་མེད་པའི་ཁ་ན་མ་ཐོ་བ་ནི། སྐྱེ་ལ། དེ་མཚམས་མེད་པའི་ལས་སུ་མི་འགྱུར་བ་གང་ཞེ་ན། ཨུ་པ་ལི། གང་དབྱེན་བྱེད་པས་ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པར་འདུ་ཤེས་པར་གྱུར་ལ། བྱེ་བ་ལ་ནི། ཆོས་སུ་འདུ་ཤེས་པ་དང ། ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པར་འདུ་ཤེས་པར་གྱུར་ལ། བྱེ་བ་ལ་ཡང་ཆོས་མ་ཡིན་པར་འདུ་ཤེས་པ་དང ། ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པར་འདུ་ཤེས་པར་གྱུར་ལ། བྱེ་བ་ལ་ཐེ་ཚོམ་ཟ་བ་དང ། ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་ལ། བྱེ་བ་ལ་ཆོས་མ་ཡིན་པར་འདུ་ཤེས་པ་དང ། ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་ལ། བྱེ་བ་ལ་ཡང་ཆོས་སུ་འདུ་ཤེས་པ་དང ། ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་ལ། བྱེ་བ་ལ་ཐེ་ཚོམ་དུ་གྱུར་པ་དང ། ཆོས་ལ་ཆོས་སུ་འདུ་ཤེས་ལ། Na424b བྱེ་བ་ལ་ཆོས་མ་ཡིན་པར་འདུ་ཤེས་པ་དང ། ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་ལ། བྱེ་བ་ལ་ཆོས་སུ་འདུ་ཤེས་པ་དང ། ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་ལ། བྱེ་བ་ལ་ཐེ་ཚོམ་དུ་གྱུར་པ་དང ། ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་ལ། བྱེ་བ་ལ་ཡང་ཆོས་མ་ཡིན་པར་འདུ་ཤེས་པ་དང ། ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་ལ། བྱེ་བ་ལ་ཆོས་སུ་འདུ་ཤེས་པ་དང ། ཆོས་ལ་ཆོས་མ་ཡིན་པར་འདུ་ཤེས་ལ། བྱེ་བ་ལ་ཐེ་ཚོམ་དུ་གྱུར་པ་དང ། ཆོས་དང་ཆོས་མ་ཡིན་པ་ལ་ཐེ་ཚོམ་དུ་གྱུར་ལ། བྱེ་བ་ལ་ཆོས་མ་ཡིན་པར་འདུ་ཤེས་པ་དང ། ཆོས་མ་ཡིན་པ་ལ་ཐེ་ཚོམ་དུ་གྱུར་ལ། བྱེ་བ་ལ་ཆོས་སུ་འདུ་ཤེས་པ་དང ། ཆོས་མ་ཡིན་པ་ལ་ཐེ་ཚོམ་དུ་གྱུར་ལ་བྱེ་བ་ལ་ཡང་ཐེ་ཚོམ་དུ་གྱུར་པ་དང ། ཆོས་ལ་ཐེ་ཚོམ་དུ་གྱུར་ལ། བྱེ་བ་ལ་ཆོས་མ་ཡིན་པར་འདུ་ཤེས་པ་དང ། ཆོས་ལ་ཐེ་ཚོམ་དུ་གྱུར་ལ། བྱེ་བ་ལ་ཆོས་སུ་འདུ་ཤེས་པ་དང ། ཆོས་ལ་ཐེ་ཚོམ་དུ་གྱུར་ལ། བྱེ་བ་ལ་ཡང་ཐེ་ཚོམ་དུ་གྱུར་པ་སྟེ། དེས་འདུ་ཤེས་བཅབས། བཟོད་པ་བཅབས། དད་པ་བཅབས། བློ་གྲོས་དང ། ལྟ་བ་དང་རྟོག་པ་རྣམས་བཅབས་ཏེ་འདི་སྐད་དུ། འདི་ནི། ཆོས་སོ། །འདི་ནི། འདུལ་བའོ། །འདི་ནི། སྟོན་པའི་བསྟན་པའོ། །ཞེས་སྨྲས་ནས་དེས་ཡང་དགེ་སློང་རྣམས་ལ་བསྒོ། ཡང་དག་པར་བསྒོ། སློབ། ལེན་དུ་འཇུག་།དགེ་འདུན་བྱེ་བའི་ཕྱིར་བརྩོན་པ་འདི་ནི། དགེ་འདུན་འབྱེད་པར་བྱེད་པ་སྟེ། བསྟིར་མེད་པའི་ཁ་ན་མ་ཐོ་བ་ནི། སྐྱེ་ལ། དེ་མཚམས་མེད་པའི་ལས་སུ་མི་འགྱུར་བ་ཞེས་བྱའོ། །བཙུན་པ། གང་ལ་ལ་ Na425a ༄#། །དགེ་འདུན་བྱེ་བ་དེ་ཐམས་ཅད་དགེ་འདུན་ཅ་ཅོར་འགྱུར་རམ། དགེ་འདུན་བྱེ་ལ་དགེ་འདུན་ཅ་ཅོ་མེད་པ་ཡང་ཡོད། དགེ་འདུན་ཅ་ཅོར་གྱུར་ལ་དགེ་འདུན་མི་འབྱེ་བ་ཡང་ཡོད། དགེ་འདུན་ཡང་བྱེ་ལ་དགེ་འདུན་ཅ་ཅོར་ཡང་འགྱུར་བ་ཡོད། དགེ་འདུན་ཡང་མི་འབྱེ་ལ་དགེ་འདུན་ཅ་ཅོར་ཡང་མི་འགྱུར་བ་ཡོད་དེ། དགེ་འདུན་བྱེ་ལ་དགེ་འདུན་ཅ་ཅོ་མེད་པ་གང་ཞེ་ན། གང་ཆོས་སུ་འདུ་ཤེས་ལ་དགེ་འདུན་འབྱེད་པའོ། །དགེ་འདུན་ཅ་ཅོར་གྱུར་ལ་དགེ་འདུན་མི་བྱེ་བ་གང་ཞེ་ན། དབྱེན་དུ་འགྱུར་བའི་དངོས་པོ་བཅུ་བཞི་ལས་གང་ཡང་རུང་སྟེ། དབྱེན་དུ་འགྱུར་བའི་དངོས་པོ་ཞིག་ཤིན་ཏུ་གདོན་མི་ཟ་བར་བཟུང་བར་གྱུར་ལ། དགེ་འདུན་ནི། བྱེ་བར་མ་གྱུར་པའོ། །དགེ་འདུན་ཡང་བྱེ་ལ་དགེ་འདུན་གྱི་ཅ་ཅོར་ཡང་འགྱུར་པ་གང་ཞེ་ན། འདི་ལྟར་དགེ་འདུན་དེ་དག་བྱེ་བར་གྱུར་ལ། དབྱེན་དུ་འགྱུར་བའི་དངོས་པོ་བཅུ་བཞི་ལས་གང་ཡང་རུང་སྟེ། དབྱེན་དུ་འགྱུར་བའི་དངོས་པོ་ཞིག་ཤིན་ཏུ་གདོན་མི་ཟ་བར་བཟུང་བར་གྱུར་པའོ། །དགེ་འདུན་ཡང་མི་འབྱེ་ལ་དགེ་འདུན་གྱི་ཅ་ཅོར་ཡང་མི་འགྱུར་བ་གང་ཞེ་ན། རྣམ་པ་འདི་ལྟ་བུ་དག་མ་གཏོགས་པའོ། །བཙུན་པ། གང་དགེ་འདུན་བྱེ་བ་དེ་ཐམས་ཅད་དགེ་འདུན་ཐ་དད་པར་གྱུར་པ་ལགས་སམ། དགེ་འདུན་ཐ་དད་པར་འགྱུར་ལ། དགེ་འདུན་མི་འབྱེ་བ་ཡང་ཡོད། །དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་པར་མི་འགྱུར་བ་ཡང་ཡོད། དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་པར་འགྱུར་བ་ཡང་ཡོད། དགེ་འདུན་མི་འབྱེ་ལ་དགེ་འདུན་ཐ་དད་པར་མི་འགྱུར་བ་ཡང་ཡོད་དེ་ Na425b དགེ་འདུན་ཐ་དད་པར་གྱུར་ལ་དགེ་འདུན་མི་དབྱེ་བ་ནི། འདི་ལྟར། དགེ་འདུན་རྣམ་གཉིས་སོ་སོའི་གཞི་ལ་གནས་པར་གྱུར། རྙེད་པ་ཡང་ཐ་དད། གནས་ཀྱང་ཐ་དད། མཚམས་ཀྱང་ཐ་དད་པར་གྱུར་ལ། དགེ་འདུན་ནི། མ་བྱེ་བའོ། །དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་པར་མི་འགྱུར་བ་ནི། གང་ཆོས་སུ་འདུ་ཤེས་པས་དགེ་འདུན་ཕྱེ་བའོ། །དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་པ་ནི། འདི་ལྟར་དགེ་འདུན་བྱེ་བར་གྱུར་ལ། དགེ་འདུན་རྣམ་གཉིས་སོ་སོ་ན་གནས་པར་གྱུར། རྙེད་པ་ཐ་དད་པ་དང ། གནས་ཐ་དད་པ་དང ། མཚམས་ཐ་དད་པར་གྱུར་པའོ། །དགེ་འདུན་མ་བྱེ་ལ་དགེ་འདུན་ཐ་དད་པར་ཡང་མ་གྱུར་པ་ནི། རྣམ་པ་དེ་ལྟ་བུ་དག་མ་གཏོགས་པའོ། །ཇི་ལྟར་དགེ་འདུན་ཐ་དད་པ་ལ་རྣམ་པ་བཞིར་གྱུར་པ་བཞིན་དུ་དགེ་འདུན་གྱི་ཚུལ་ལ་ཡང་རྣམ་པ་བཞིར་བརྗོད་པར་བྱའོ། །བཙུན་པ། གང་ལ་ལས་དགེ་འདུན་གྱི་དབྱེན་བགྱིད་པ་དེ་དག་ཐམས་ཅད་བསྐལ་པར་གནས་སམ། དགེ་འདུན་གྱི་དབྱེན་བྱས་ལ་བསྐལ་པར་མི་གནས་པ་ཡང་ཡོད། བསྐལ་པར་གནས་ལ་དགེ་འདུན་གྱི་དབྱེན་མ་བྱས་པའང་ཡོད། དགེ་འདུན་གྱི་དབྱེན་བྱས་ལ་བསྐལ་པར་གནས་པའང་ཡོད། དགེ་འདུན་གྱི་དབྱེན་མ་བྱས་ལ་བསྐལ་པར་མི་གནས་པ་ཡང་ཡོད་དེ། དགེ་འདུན་གྱི་དབྱེན་བྱས་ལ་བསྐལ་པར་མི་གནས་པ་ནི། གང་གིས་ཆོས་སུ་འདུ་ཤེས་པས་དགེ་འདུན་ཕྱེ་བའོ། །བསྐལ་པར་གནས་ལ་དགེ་འདུན་གྱི་དབྱེན་མ་བྱས་པ་ནི། བླང་པོའི་རྒྱལ་པོ་ཨེ་ར་བ་ན་དང ། གླང་ Na426a ༄#། །པོའི་རྒྱལ་པོ་ཤིན་ཏུ་བརྟན་པ་དང ། གླང་པོའི་རྒྱལ་པོ་ཡིད་དུ་འོང་བ་དང ། གླང་པོའི་རྒྱལ་པོ་གཤིན་རྗེ་དང ། ཚངས་ལྷ་ཉེ་ཕན་གྱི་ལྷ་རྣམས་སོ། །དགེ་འདུན་ཕྱེ་ལ་བསྐལ་བར་གནས་པ་ནི། ལྷ་སྦྱིན་ནོ། །དགེ་འདུན་ཡང་མ་ཕྱེ་ལ་བསྐལ་པར་ཡང་མི་གནས་པ་ནི། རྣམ་པ་འདི་ལྟ་བུ་དག་མ་གཏོགས་པའོ། །གང་ལ་ལས་དགེ་འདུན་ཕྱེ་ན། དེ་དག་ཐམས་ཅད་བསྐལ་པར་གནས་པའི་ཁ་ན་མ་ཐོ་བ་སྐྱེ་བ་ཡང་རྣམ་པ་བཞིར་བརྗོད་པར་བྱ་སྟེ། དེ་ཡང་དེ་བཞིན་དུ་དབྱེ་བར་བྱའོ། །གང་ལ་ལ་དགེ་འདུན་འབྱེད་པ་དེ་དག་ཐམས་ཅད་ལོག་པར་ངེས་པ་ལགས་སམ། དགེ་འདུན་འབྱེད་ལ་ལོག་པར་ངེས་པ་མ་ཡིན་པ་ཡང་ཡོད། ལོག་པར་ངེས་ལ་དགེ་འདུན་མི་འབྱེད་པའང་ཡོད། དགེ་འདུན་འབྱེད་ལ་ལོག་པར་ངེས་པའང་ཡོད། དགེ་འདུན་འབྱེད་པ་ཡང་མ་ཡིན་ལ་ལོག་པར་ངེས་པ་མ་ཡིན་པའང་ཡོད་དེ། དགེ་འདུན་འབྱེད་ལ་ལོག་པར་ངེས་པ་མ་ཡིན་པ་ནི། གང་ཆོས་སུ་འདུ་ཤེས་ཤིང་དགེ་འདུན་འབྱེད་པའོ། །ལོག་པར་ངེས་ལ་དགེ་འདུན་འབྱེད་པ་མ་ཡིན་པ་དེ་ནི། མཚམས་མེད་པ་བཞིའོ། །དགེ་འདུན་འབྱེད་ལ་ལོག་པར་ཡང་ངེས་པ་ནི། ལྷས་བྱིན་ནོ། །དགེ་འདུན་འབྱེད་པའང་མ་ཡིན་ལ་ལོག་པར་ངེས་པར་འང་མ་ཡིན་པ་ནི། རྣམ་པ་འདི་ལྟ་བུ་དག་མ་གཏོགས་པའོ། །གང་ལ་ལ་དགེ་འདུན་འབྱེད་པ་དེ་དག་ཐམས་ཅད་མི་མཁས་པ་དང་མ་རིག་པར་གྱུར་པ་ལགས་ Na426b སམ།་དགེ་འདུན་འབྱེད་ལ་མི་མཁས་པ་མ་ཡིན་ཞིང་མ་རིག་པར་གྱུར་པ་མ་ཡིན་པའང་ཡོད། མི་མཁས་པ་དང་མ་རིག་པ་ཡིན་ལ་དགེ་འདུན་མི་འབྱེད་པའང་ཡོད། དགེ་འདུན་འབྱེད་ལ་མི་མཁས་པ་དང་མ་རིག་པར་གྱུར་པའང་ཡོད། དགེ་འདུན་ཡང་མི་འབྱེད་ལ་མཁས་པའང་ཡིན་མ་རིག་པར་གྱུར་པ་མ་ཡིན་པའང་ཡོད་དེ། དགེ་འདུན་འབྱེད་ལ་མི་མཁས་པའང་མ་ཡིན་མ་རིག་པར་གྱུར་པ་མ་ཡིན་པ་ནི། གང་ཆོས་སུ་འདུ་ཤེས་པས་དགེ་འདུན་འབྱེད་པའོ། །མི་མཁས་པ་དང་མ་རིག་པར་གྱུར་ལ་དགེ་འདུན་མི་འབྱེད་པ་ནི། སྟོན་པ་དྲུག་གོ་།དགེ་འདུན་འབྱེད་ལ་མི་མཁས་པ་དང་མ་རིག་པ་ནི། ལྷས་བྱིན་ནོ། །དགེ་འདུན་ཡང་མི་འབྱེད་ལ་མི་མཁས་པའང་མ་ཡིན། མ་རིག་པར་གྱུར་པའང་མ་ཡིན་པ་ནི། རྣམ་པ་འདི་དག་མ་གཏོགས་པའོ། །མདོར་ན། ཕྱེ་བ་རྣམ་པ་དྲུག་ཏུ་བྱས། །རྒོལ་བ་རྣམ་བཞི་གསོ་སྦྱོང་དང ། །མཚམས་ལ་རྣམ་བཞི་གསུམ་པ་དང ། །བསྐལ་པ་བརྟན་མིན་དེ་བཞིན་ཏེ། །ཁྱིམ་པ་དག་ལ་སོགས་པ་དང ། །བསླབ་པ་བྱིན་པ་ཐ་མའོ། །བཙུན་པ། ཕྱེ་བ་དང་ལྡན་པ་གང་ལགས། ཁ་ན་མ་ཐོ་བ་གང་ལགས། ཨུ་པ་ལི། དགེ་འདུན་ནི། ཕྱེ་བ་དང་ལྡན་པའོ། །འབྱེད་པ་ནི། ཁ་ན་མ་ཐོ་བའོ། །བཙུན་པ། དགེ་འདུན་ཕྱེ་ན། ཅིར་འགྱུར། ཉེས་པ་སྦོམ་པོར་འགྱུར་རོ། །བཙུན་པ། དགེ་འདུན་ཕྱེ་ན། ནོངས་པ་གང་བཤགས་པར་བགྱི། ཉེས་པ་སྦོམ་པོའོ། །བཙུན་པ། འདི་ལྟར་དགེ་སློང་དག་གིས་དགེ་སློང་གི་དགེ་འདུན་འབྱེད་ཀྱི། དགེ་སློང་མས་མ་ Na427a ༄#། །ལགས། དགེ་སློབ་མས་མ་ལགས། དགེ་ཚུལ་མས་མ་ལགས། དགེ་ཚུལ་ཕས་མ་ལགས་སམ། ཨུ་པ་ལི། དེ་བཞིན་ཏེ། དགེ་སློང་དག་གིས་དགེ་འདུན་འབྱེད་ཀྱི། དགེ་སློང་མས་མ་ཡིན། དགེ་སློབ་མས་མ་ཡིན། དགེ་ཚུལ་མས་མ་ཡིན། དགེ་ཚུལ་ཕས་མ་ཡིན་ནོ། །ུ་པ་ལི། དེ་བཞིན་དུ་དགེ་སློང་མ་དག་གིས་དགེ་སློང་མའི་དགེ་འདུན་འབྱེད་ཀྱི། དགེ་སློང་གིས་མ་ཡིན། དགེ་སློབ་མས་མ་ཡིན། དགེ་ཚུལ་མས་མ་ཡིན། དགེ་ཚུལ་ཕས་མ་ཡིན་ཏེ། འོན་ཀྱང་དགེ་འདུན་འབྱེད་པའི་ཕྱིར་ནི། རྩོལ་ལོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་རྣམ་པ་གཉིས་ཀྱི་སླད་དུ་དགེ་འདུན་འབྱེད་དེ། རྗེས་སུ་བསྒྲགས་པ་དང ། ཚུལ་ཤིང་ལེན་པའོ། །ཞེས་གསུངས་ན། བཙུན་པ། གང་རྩེད་མོར་འཚལ་བའམ། མ་འཚལ་བ་ཞིག་གིས་རྗེས་སུ་བསྒྲགས་ཤིང་ཚུལ་ཤིང་བྲིམས་ན། དགེ་འདུན་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །འོ་ན། ཅིར་འགྱུར། ཉེས་བྱས་སོ། །དགེ་འདུན་འབྱེད་པའི་དགེ་སློང་གིས་དགེ་འདུན་འབྱེད་པ་ན་མཚན་འཕོས་ན། དགེ་འདུན་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དགེ་སློང་མའི་དགེ་འདུན་བྱེ་ནས་ཕྱོགས་དང ། ཕ་རོལ་གྱི་ཕྱོགས་སུ་གནས་ན། དགེ་སློང་མ་ལ་ཟླ་བ་ཕྱེད་ཕྱེད་ཅིང་བསྟན་པའི་ལུང་སྩལ་ཏམ། ཨུ་པ་ལི། མ་སྦྱིན་པར་འདི་སྐད་དུ། སྲིང་མོ་རྣམས་རྗེས་སུ་མཐུན་པར་གྱིས་ཤིག་།ཅེས་སྒོས་ཤིག་།བཙུན་པ། དགེ་སློང་གི་དགེ་ Na427b འདུན་བྱེ་སྟེ་ཕྱོགས་དང ། ཕ་རོལ་གྱི་ཕྱོགས་སུ་གནས་ན། དགེ་སློང་མས་ཟླ་བ་ཕྱེད་ཕྱེད་ཅིང་བསྟན་པའི་ལུང་གསོལ་བར་བགྱིའམ། ཨུ་པ་ལི། གསོལ་བར་བྱའོ། །གང་ལས་གསོལ། རྗེས་སུ་མ་ཕྱོགས་པ་རྣམས་ལས་སོ། །བཙུན་པ། དགེ་སློང་གི་དགེ་འདུན་བྱེ་སྟེ་ཕྱོགས་དང ། ཕ་རོལ་གྱི་ཕྱོགས་སུ་གནས་ན། དགེ་སློང་མ་ལ་བསྟན་པའི་ལུང་སྩལ་བར་བགྱིའམ། ཨུ་པ་ལི། དགེ་སློང་མ་ཡང་བྱེ་བར་མི་འགྱུར་བའི་ཕྱིར་བས་ན། བྱིན་ཅིག་།བཙུན་པ། དགེ་སློང་མའི་དགེ་འདུན་བྱེ་སྟེ་ཕྱོགས་དང ། ཕ་རོལ་གྱི་ཕྱོགས་སུ་གནས་པ་ལ་གང་གིས་དགེ་སློང་མ་ལ་ལུང་སྩལ་བར་བགྱི། རྗེས་སུ་མ་ཕྱོགས་པ་རྣམས་ཀྱིས་སྦྱིན་ནོ། །བཙུན་པ། དགེ་སློང་གི་དགེ་འདུན་བྱེ་སྟེ་ཕྱོགས་དང ། ཕ་རོལ་གྱི་ཕྱོགས་སུ་གནས་ན། དགེ་སློང་མས་གསོ་སྦྱོང་བགྱིའམ། ཨུ་པ་ལི། བྱའོ། །བཙུན་པ། དགེ་སློང་གི་དགེ་འདུན་བྱེ་སྟེ་ཕྱོགས་དང ། ཕ་རོལ་གྱི་ཕྱོགས་སུ་གནས་ན། ཉེ་བར་ཕྱོགས་པའི་དགེ་སློང་རྣམས་ཀྱིས་གསོ་སྦྱོང་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་འདུན་འདུས་པ་ལས་གསོ་སྦྱོང་བྱའོ། །བཙུན་པ། ཉེ་བར་ཕྱོགས་པས་ཉེ་བར་མ་ཕྱོགས་པ་རྣམས་ཀྱི་མཚམས་བཀྲོལ་ན། མཚམས་བཀྲོལ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། ཉེ་བར་མ་ཕྱོགས་པ་རྣམས་ཀྱིས་ཉེ་བར་ཕྱོགས་པ་རྣམས་ཀྱི་མཚམས་བཀྲོལ་ན། མཚམས་བཀྲོལ་བ་ཞེས་བགྱིའམ། ཨུ་པ་ལི། བཀྲོལ་བ་ཞེས་བྱའོ། །བཙུན་པ། གང་ལ་ལ་ཞིག་ཉེ་ Na428a ༄#། །བར་ཕྱོགས་པ་དེ་དག་ཐམས་ཅད་སོ་སོར་གནས་པ་ཞེས་བགྱིའམ། རྣམ་པ་བཞིར་རྒྱས་པར་བརྗོད་དོ། །བཙུན་པ། གང་ལ་ལ་ཞིག་ཉེ་བར་ཕྱོགས་ནས་དེ་དག་ཐམས་ཅད་མི་གནས་པ་ཞེས་བགྱིའམ། རྣམ་པ་བཞིར་རྒྱས་པར་བརྗོད་དོ། །བཙུན་པ། གང་ལ་ལ་སོ་སོར་གནས་ན། དེ་དག་ཐམས་ཅད་མི་གནས་པ་ཞེས་བགྱིའམ། རྣམ་པ་བཞིར་རྒྱས་པར་བརྗོད་དོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ལྕགས་རྣམ་པར་བརྒྱར་གྱེས་པའི་དུམ་བུ་ཡང་སྩལ་བར་བྱའོ། །ཞེས་གསུངས་ན། ལྕགས་ཀྱི་དུམ་བུ་ཞེས་བགྱི་བ་གང་ལགས། དད་པ་སྩལ་བར་བྱ་བ་དང ། མོས་པ་སྩལ་བར་བྱ་བ་དང ། འདུན་པ་སྩལ་བར་བྱ་བ་དང ། དགེ་འདུན་འདུས་པ་སྩལ་བར་བྱ་སྟེ། དགེ་འདུན་དབྱེ་བའི་ཕྱིར་ནི་སྩལ་བར་མི་བྱའོ། །བཙུན་པ། དགེ་འདུན་བྱེ་སྟེ་ཕྱོགས་དང ། ཕ་རོལ་གྱི་ཕྱོགས་སུ་གནས་ན། གཏན་པ་གང་གིས་དབྱུང་བར་བགྱི། ཉེ་བར་མ་ཕྱོགས་པ་རྣམས་ཀྱིས་སོ། །བཙུན་པ། མ་ནིང་ཞིག་གིས་དགེ་འདུན་ཕྱེ་ན། དགེ་འདུན་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དེ་བཞིན་དུ་དགེ་སློང་མ་སུན་ཕྱུང་བ་ནས་བསླབ་པ་སྩལ་བའི་བར་དུ་རྒྱས་པར་དེ་དག་གིས་དགེ་འདུན་ཕྱེ་ན། དགེ་འདུན་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། སྨྱོན་པ་ཞིག་གིས་དགེ་འདུན་ཕྱེ་ན། དགེ་འདུན་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །བཙུན་པ། དེ་བཞིན་དུ་སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བ་དང ། གླེན་ Na428b པ་དང ། ལྐུགས་པ་དང ། འོན་པ་རྣམས་ཀྱིས་དགེ་འདུན་ཕྱེ་ན། དགེ་འདུན་ཕྱེ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། རང་བཞིན་དུ་གནས་པ་མ་ཡིན་པས་ན། དགེ་འདུན་དབྱེ་བར་མི་ནུས་སོ། །ཇི་ལྟར་དགེ་འདུན་འབྱེད་པ་དེ་བཞིན་དུ་གྲངས་སུ་མི་འགྱུར་བར་ཡང་བརྗོད་པར་བྱའོ། །དགེ་འདུན་གྱི་དབྱེན་གྱི་དངོས་པོ་རྫོགས་ཏེ། ཨུ་པ་ལིས་ཞུས་པ་རྫོགས་སོ།། །། མདོར་ན། བཟང་སྦྱིན་རྡོ་རྗེ་འདུ་ཤེས་དང ། །བལ་གླང་མོ་དང་རྒོད་མ་དང ། །བ་དང་རྔ་མོ་རི་དྭགས་མོ། །བོང་ལུག་ཁྱི་ཕག་མོ་རྣམས་སོ། །སངས་རྒྱས་བཅོམ་ལྡན་འདས་གྲོང་ཁྱེར་ཡངས་པ་ཅན་ན་སྤྲེའུ་རྫིང་འགྲམ་གྱི་ཁང་བུ་བརྩེགས་པ་ན་བཞུགས་སོ། །ཀ་ལནད་ཀའི་བུ་བཟང་སྦྱིན་ལ་བསླབ་པའི་གནས་བཅས་པས་ལས་དང་པོ་པ་ལ་ཉེས་པ་མེད་པ་ནི། བདག་གིས་བསླབ་པ་མ་བཅས་པའི་ཚེ་ལན་མང་དུ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བྱས་ནས་བདག་གི་ལས་དང་པོ་པ་གང་ཡིན་ཞེས་ཐེ་ཚོམ་དུ་གྱུར་ནས་སེམས་ལ་དོགས་པ་དང ། འགྱོད་པ་རྣམས་སྐྱེས་ཏེ། དེས་དེ་ལྟ་བུར་གྱུར་པ་དགེ་སློང་རྣམས་ལ་སྨྲས་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།བསླབ་པའི་གནས་མ་བཅས་པ་ན། ཀ་ལནད་ཀའི་བུ་བཟང་སྦྱིན་གྱིས་ཤིན་ཏུ་འདས་པར་གྱུར་བ་ནི། ཐམས་ཅད་ཀྱང་ལས་དང་པོ་པ་ཡིན་ཏེ། ལས་དང་པོ་པ་ལ་ནི། ཉེས་པ་མེད་དོ། །དགེ་སློང་རྡོ་རྗེའི་བུ་ཞེས་བྱ་བས་བསླབ་པ་མ་ཕུལ་བསླབ་པ་ཉམས་ Na429a ༄#། །པ་མ་བཤགས་པར་ཁྱིམ་པར་གྱུར་ཏེ། དེས་དེ་ན་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བྱས་ནས་དེ་འདི་སྙམ་དུ་གྱུར་ཏོ། །རེ་ཞིག་དགེ་སློང་རྣམས་ལ་དྲིས་ལ། དེ་སྟེ་བདག་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་པར་རུང་ན་ནི། རབ་ཏུ་འབྱུང་ངོ ། །དེ་སྟེ་མི་རུང་ན། འདི་ཉིད་ན་འདུག་གོ། སྙམ་དུ་བསམ་ནས་དེས་དེ་ལྟར་གྱུར་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་བར་དུ་རྒྱས་པར་བྱ་སྟེ། དགེ་སློང་དག། བསླབ་པ་མ་ཕུལ། བསླབ་པ་ཉམས་པ་མ་བཤགས་པར་ཁྱིམ་པའི་དངོས་པོར་གྱུར་ཏེ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་ལ་བརྟེན་ན། གང་ཟག་དེ་སླར་ཡང་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་པར་མི་རུང་གི། དེ་བཞིན་དུ་བསླབ་པའི་གནས་བཤད་པར་བྱའོ། །ཡང་དགེ་སློང་གང་བསླབ་པ་མ་ཕུལ། བསླབ་པ་ཉམས་པ་མ་བཤགས་བཞིན་དུ་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བྱས་ན། དགེ་སློང་དེ་ཡང་ཕས་ཕམ་པ་ཡིན་གྱི། ལྷན་ཅིག་མ་གནས་ཤིག་།དགེ་སློང་གཅིག་པུ་ཞིག་དགོན་པ་ན་འདུག་སྟེ། དེ་ལས་མི་རིང་བ་ན་བལ་གླང་མོ་ཞིག་ལ་བུ་བྱུང་སྟེ། བལ་གླང་མོ་དེ་ལས་བེའུ་མོ་ཞིག་བྱུང་ངོ ། །དེའི་མ་དེ་ནི། ཟས་ལ་སོང་ནས་དགེ་སློང་དེས་རྩཝ་བླངས་ཏེ་དེ་ལ་རྩཝ་བྱིན། ཆུ་བླུད་པ་དང ། དེས་དེ་འདུག་པ་ལ་མོ་མཚན་བྱེ་བར་མཐོང་སྟེ། དེས་དེ་མཐོང་ནས་ཆགས་པར་གྱུར་ཏེ་དེར་ལོག་པར་ཞུགས་པ་དང ། དེ་ངོ་ཚ་བའི་ཆོས་སུ་གྱུར་ནས་དེས་བདག་ཕས་ཕམ་པའི་ཉེས་པ་མ་བྱུང་གྲང་སྙམ་དུ་བསམ་ནས་ཐེ་ཚོམ་སྐྱེས་ཏེ་དེས་དེ་ལྟ་བུར་ Na429b གྱུར་པ་དགེ་སློང་རྣམས་ལ་སྨྲས་པ་ནས་རྒྱས་པར་བརྗོད་དེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།དེར་རེག་པར་མ་གྱུར་པས་ཕས་ཕམ་པའི་ཉེས་པ་ནི། མེད་ཀྱི། ཉེས་པ་སྦོམ་པོར་འགྱུར་རོ། །ནམ་བལ་གླང་གི་ཕྲུ་གུ་དེ་ཆེན་པོར་གྱུར་པ་དང ། དེས་དེའི་མོ་མཚན་མཐོང་སྟེ། དེས་དེ་མཐོང་ནས་ཆགས་པ་དང ། དེས་དེར་གཞུག་སྙམ་ནས་མོ་མཚན་གྱི་ཁར་བཙུགས་པ་དང ། དེས་དེ་ལ་ཕྲ་བ་གཅིག་བརྒྱབ་ནས་སྐྲག་པར་གྱུར་ཏེ། བདག་ལ་ཕས་ཕམ་པའི་ལྟུང་བ་མ་བྱུང་གྲང་སྙམ་བསམ་ནས་དེས་དེ་ལྟ་བུར་གྱུར་པ་རྒྱས་པར་སྨྲས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།སྐྲག་པ་ལ་ནི། ཆགས་པ་མེད་པས་ཕས་ཕམ་པའི་ཉེས་པ་ནི། མེད་ཀྱི། ཉེས་པ་སྦོམ་པོར་འགྱུར་རོ། །ཇི་ལྟར་བལ་གླང་མོ་བཞིན་དུ་རྒོད་མ་དང ། རྔ་མོ་དང ། རི་དྭགས་མོ་དང་ཁོང་མོ་དག་ལུག་མོ་དང ། ཁྱི་མོ་དང ། ཕག་མོ་རྣམས་ཀྱང་དེ་བཞིན་ནོ། །མདོར་ན། སྨྱོན་པར་གྱུར་དང་སེམས་འཁྲུགས་པ་དང ། །ནད་ཀྱིས་གཟིར་དང་མི་རྣམས་དང ། །ལམ་མིན་ལམ་དུ་འདུ་ཤེས་དང ། །ལམ་གསུམ་རབ་ཏུ་བསྒྲགས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་སྨྱོན་པ་ལ་ནོངས་པ་མ་མཆིས་སོ། །ཞེས་གསུངས་ན། ཇི་ཙམ་གྱིས་ན། སྨྱོན་པ་ཞེས་བགྱི། རྣམ་པ་ལྔས་སྨྱོན་པར་འགྱུར་ཏེ། གཉེན་བཤེས་ཟད་པ་དང ། ལོངས་སྤྱོད་ཟད་པ་དང ། ནོར་ཟད་པ་དང ། ཁམས་མ་མཉམ་པ་དང ། མི་མ་ཡིན་པས་བརླམས་པ་དང ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་སྟེ། རྣམ་པ་འདི་ལྔས་སྨྱོན་པར་འགྱུར་རོ། ། Na430a ༄#། །དེ་སྟེ་དགེ་སློང་གི་དངོས་པོར་ཤེས་ན་ནི། དངོས་པོ་ཇི་ལྟ་བ་བཞིན་ནོ། །དེ་སྟེ་དགེ་སློང་གི་དངོས་པོར་མི་ཤེས་ན། སྨྱོན་པ་ལ་ཉེས་པ་མེད་དོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་སེམས་འཁྲུགས་པ་ལ་ནོངས་པ་མ་མཆིས་སོ། །ཞེས་གསུངས་ན། ཇི་ཙམ་གྱིས་ན། སེམས་འཁྲུགས་པ་ཞེས་བགྱི། རྣམ་པ་ལྔས་ནི། སེམས་འཁྲུགས་པ་ཞེས་བྱ་སྟེ། མི་མ་ཡིན་པས་དེའི་སེམས་དཀྲུགས་པ་དང ། མི་མ་ཡིན་པས་དེ་ལ་བརླམས་པ་དང ། མི་མ་ཡིན་པས་དེའི་མདངས་འཕྲོག་པ་དང ། ཁམས་མ་མཉམ་པ་དང ། སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་སྟེ། རྣམ་པ་འདི་ལྔས་ནི། སེམས་འཁྲུགས་པ་ཞེས་བྱ་སྟེ། རྒྱས་པར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ནད་ཀྱིས་གཟིར་བ་ལ་ནོངས་པ་མ་མཆིས་སོ། །ཞེས་གསུངས་ན། ཇི་ཙམ་གྱིས་ན། ནད་ཀྱིས་གཟིར་བ་ཞེས་བགྱི། རྣམ་པ་ལྔས་ནི། ནད་ཀྱིས་གཟིར་བ་ཞེས་བྱ་སྟེ། དེ་ལ་རླུང་གིས་བསྐྱོད་པ་དང ། མཁྲིས་པ་དང ། བད་ཀན་དང ། འདུས་པ་དང ། དུས་གྱུར་པ་རྣམས་ཏེ། རྣམ་པ་འདི་ལྔ་ནི། ནད་ཀྱིས་གཟིར་བ་ཞེས་བྱའོ། །དགེ་སློང་གིས་ལམ་ལ་ལམ་མ་ཡིན་པར་འདུ་ཤེས་ནས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བྱས་ཏེ་དགེ་སློང་དེ་ལ་བདག་ལ་ཕས་ཕམ་པའི་ཉེས་པ་མ་བྱུང་གྲང་སྙམ་བསམ་སྟེ། ཐེ་ཚོམ་སྐྱེས་ནས་དེས་དེ་ལྟར་གྱུར་པ་རྒྱས་པར་སྨྲས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལམ་ལ་ལམ་མ་ཡིན་པར་འདུ་ཤེས་ན། ཕས་ཕམ་པར་འགྱུར་རོ། །ལམ་ལ་ཐེ་ཚོམ་ཟ་བར་ Na430b འདུ་ཤེས་ནའང་ཕས་ཕམ་པར་འགྱུར་རོ། །ལམ་མ་ཡིན་པ་ལ་ལམ་དུ་འདུ་ཤེས་ན། ཉེས་པ་སྦོམ་པོར་འགྱུར་རོ། །ལམ་མ་ཡིན་པ་ལ་ཐེ་ཚོམ་ཟ་བར་འདུ་ཤེས་ན། ཉེས་པ་སྦོམ་པོར་འགྱུར་རོ། །ལམ་གསུམ་ལ་བཤང་བའི་ལམ་དང ། གཅི་བའི་ལམ་དང ། ཁའི་ལམ་མོ། །དགེ་སློང་གིས་གཅི་བའི་ལམ་དུ་དཀྲིས་ཏེ་ཁ་ཤུན་འདས་ན། ཕས་ཕམ་པར་འགྱུར་རོ། །དགེ་སློང་གིས་བཤང་བའི་ལམ་དུ་དཀྲིས་ཏེ་རྐུབ་ཁ་འདས་ན། ཕས་ཕམ་པར་འགྱུར་རོ། །དགེ་སློང་གིས་ཁའི་ལམ་དུ་དཀྲིས་ཏེ་སོ་འདས་ན། ཕས་ཕམ་པར་འགྱུར་རོ། །མདོར་ན། སྤྲེའུ་མོ་སེངྒེ་ཁྲུང་ཁྲུང་མོ། །རྨ་བྱ་ཁྱིམ་བྱའང་དེ་བཞིན་ཏེ། །མཚན་རིང་དང་ནི་རྒྱབ་མཉེན་དང ། །ནན་དིཀ་དང་ཁྲ་གཉིས་སོ། །ཉེས་པ་སྦོམ་པོ་བཞི་སྟེ། སྤྲེའུ་མོ་དང ། མཚན་རིང་ནི། ཇི་ལྟར་རྣམ་པར་འབྱེད་པ་ལས་བྱུང་བ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པར་འགྱུར་རོ། །རྒྱབ་མཉེན་ཀྱང་ཕས་ཕམ་པར་འགྱུར་རོ། །ནན་དི་ཀ་ལ་ཡང་བསླབ་པ་བྱིན་པ་ཇི་ལྟར་འདུལ་བ་བཞིན་ནོ། །དགེ་སློང་ཞིག་བླ་གབ་མེད་པར་འདུག་ནས་སྒྲེན་མོར་ཁྲུས་བྱེད་དེ། དེའི་ཉེ་གཡོག་ནི། མི་བཞི་ཞིག་བྱེད་དེ། དེའི་ལུས་ལ་རེག་པས་ཕོ་མཚན་ལས་སུ་རུང་བར་གྱུར་ཏེ་འདོད་ཆགས་ཀུན་ཏུ་གནས་པ་དང ། དགེ་སློང་གཞན་ཞིག་མདུན་ན་འདུག་པར་གྱུར་པ་དེས་དེའི་ཕོ་མཚན་བདག་གི་ཁར་བཅུག་པ་དང ། དེས་ཀྱང་ལུས་བཏུད་དེ་ཁུ་བ་ཕྱུང་ནས་དགེ་སློང་དེ་ཐེ་ཚོམ་སྐྱེས་ནས་བདག་ལ་ཕས་ཕམ་པའི་ཉེས་པ་མ་བྱུང་གྲང་སྙམ་དུ་བསམ་སྟེ། དེས་དེ་ Na431a ༄#། །ལྟར་གྱུར་པ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པའི་བར་དུ་རྒྱས་པར་བྱ་སྟེ། དེ་ལ་ཕས་ཕམ་པའི་ཉེས་པ་ནི། མེད་མོད་ཀྱི། བླ་གབ་མེད་པ་ལ་འགྲེང་ངམ་འདུག་ཀྱང་རུང་གཞན་ལས་བྱེད་པ་བདག་གིར་མ་བྱེད་ཅིག་།དགེ་སློང་ཞིག་འདོད་ཆགས་ཀུན་ཏུ་གནས་པས་གཟིར་བ་དང ། དེ་ལ་དགེ་སློང་མཛའ་བོ་ཞིག་ཡོད་དེ། དེ་དེའི་དྲུང་དུ་སོང་ནས་དེས་དེ་ལ། ཚེ་དང་ལྡན་པ། འདོད་ཆགས་ཀྱིས་ཀུན་ཏུ་ཁེབས་ཤིང་གཟིར་ཏོ། །ཞེས་སྨྲས་ན། དེ་ན་རེ། སོང་ལ་མི་ཚངས་པར་སྤྱོད་ཅིག་།ཅེས་བསྒོས་པ་དང ། དེ་ཡང་སོང་ནས་མི་ཚངས་པར་སྤྱོད་པ་བྱས་སོ། ། དེ་ལ་བསྒོ་བས་བདག་ལ་ཕས་ཕམ་པའི་ཉེས་པ་མ་བྱུང་གྲང་ཞེས་ཐེ་ཚོམ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་ནི། མེད་ཀྱི། ཉེས་པ་སྦོམ་པོར་འགྱུར་རོ། ། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། ཉེས་པ་སྦོམ་པོ་ཇི་ལྟར་མཐོལ་བར་བགྱི། ཨུ་པ་ལི། ཉེས་པ་སྦོམ་པོ་ནི། འདི་བཞི་སྟེ། ཕས་ཕམ་པ་ལས་བྱུང་བ་ལྕི་བ་དང ། ཕས་ཕམ་པ་ལས་བྱུང་བ་ཡང་བ་དང ། དགེ་འདུན་གྱི་ལྷག་མ་ལས་བྱུང་བ་ལྕི་བ་དང ། དགེ་འདུན་གྱི་ལྷག་མ་ལས་བྱུང་བ་ཡང་བ་རྣམས་ཏེ། དེ་ལ་ཨུ་པ་ལི། གང་ཕས་ཕམ་པ་ལས་བྱུང་བའི་ཉེས་པ་སྦོམ་པོ་ལྕི་བ་དེ་ནི། མཚམས་ཀྱི་ནང་དུ་དགེ་འདུན་ཐམས་ཅད་ཀྱི་མདུན་དུ་བཤགས་པར་བྱའོ། །གང་ཕས་ཕམ་པ་ལས་བྱུང་བའི་ཡང་བ་དེ་ནི། མཚམས་ཀྱི་ཕྱི་རོལ་ཏུ་ Na431b དགེ་སློང་བཞིའི་མདུན་དུ་བཤགས་པར་བྱའོ། །དགེ་འདུན་གྱི་ལྷག་མ་ལས་བྱུང་བའི་ཉེས་པ་སྦོམ་པོ་ལྕི་བ་ནི། མཚམས་ཀྱི་ཕྱི་རོལ་ཏུ་དགེ་སློང་བཞིའི་མདུན་དུ་བཤགས་པར་བྱའོ། །དགེ་འདུན་གྱི་ལྷག་མ་ལས་བྱུང་བའི་ཡང་བ་ནི། མཚམས་ཀྱི་ནང་དུ་དགེ་སློང་གཅིག་གི་མདུན་དུ་བཤགས་པར་བྱའོ། །མདོར་ན། གླལ་དང་ལས་སུ་རུང་བར་གྱུར། །མ་དང་དུར་ཁྲོད་གནས་པ་དང ། །འོད་བཟང་དང་ནི་བཟང་སྐྱེས་དང ། །ཤིན་ཏུ་བཟང་བ་སྨྱུགས་པ་དང ། །རབ་ཏུ་བཟང་ཞེས་བྱ་བའོ། །དགེ་སློང་གིས་མ་བཀབ་པར་གླལ་བ་དང ། འདོད་ཆགས་ཀྱིས་ཀུན་ཏུ་གཟིར་བའི་དགེ་སློང་ཞིག་དེའི་མདུན་ན་འདུག་པས་ཕོ་མཚན་དེའི་ཁར་བཅུག་ནས་དེ་ལུས་བཏུད་དེ་ཁུ་བ་ཕྱུང་ནས་དགེ་སློང་དེ་བདག་ལ་ཕས་ཕམ་པའི་ཉེས་པ་མ་བྱུང་གྲང་ཞེས་ཐེ་ཚོམ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་ནི། མ་བྱུང་མོད་ཀྱི། ད་ཕན་ཆད་དགེ་སློང་གིས་མ་བཀབ་པར་གླལ་བར་མ་བྱེད་ཅིག་།གླལ་ན། ཉེས་བྱས་སུ་འགྱུར་རོ། །དགེ་སློང་ཞིག་ཕོ་མཚན་བསྒྲེང་བཞིན་ལས་སུ་རུང་བར་གྱུར་ནས། དེས་བདག་གིས་མོ་མཚན་གྱི་ནང་དུ་བཅུག་ཀྱང་ཉེས་པར་མི་འགྱུར་རོ། །སྙམ་དུ་བསམ་སྟེ་དེས་བུད་མེད་ཀྱི་མོ་མཚན་དུ་བཅུག་ནས་བདག་ལ་ཕས་ཕམ་པའི་ཉེས་པ་མ་བྱུང་གྲང་ཞེས་ཐེ་ཚོམ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅུག་མ་ཐག་ཏུ། ཕས་ཕམ་པར་འགྱུར་རོ། །དགེ་སློང་ཞིག་འདོད་ཆགས་ཀྱིས་ཀུན་ཏུ་ཁེབས་ཤིང་གཟིར་བ་དང ། དེ་མའི་དྲུང་དུ་སོང་ནས་འདི་སྐད་ཅེས། མ། འདོད་ཆགས་ཀུན་ཏུ་གནས་པས་ Na432a ༄#། །གཟིར་ཏོ། །ཞེས་སྨྲས་པ་དང ། མ་ན་རེ། བུ། ཁྱོད་ནི། འདི་ཉིད་ནས་བྱུང་བ་ཡིན་གྱི། དའང་འདི་ཉིད་དུ་ཆུག་ཅིག་།ཅེས་སྨྲས་པ་དང ། དེས་དེ་ཉིད་དུ་གཞུག་སྙམ་སྟེ་རྨ་ཁར་བཙུགས་ནས་དེ་ངོ་ཚ་བའི་ཆོས་སུ་གྱུར་ཏོ། །དགེ་སློང་དེ་བདག་ལ་ཕས་ཕམ་པའི་ཆོས་སུ་མ་གྱུར་གྲང་ཞེས་ཐེ་ཚོམ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངོ་ཚ་བ་ལ་ནི། ཆགས་པ་མེད་པས། ཕས་ཕམ་པའི་ཉེས་པ་མེད་མོད་ཀྱི། དེ་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་མི་རོ་བརྟག་པའི་ཕྱིར་དུར་ཁྲོད་དུ་སོང་བ་དང ། དེས་དེ་ན་བུད་མེད་རྒྱན་གྱིས་བརྒྱན་བཞིན་དུ་བོར་བའི་རོ་ཞིག་མཐོང་ངོ ། །དེས་དེ་མཐོང་ནས་ཆགས་པའི་ཆོས་སྐྱེས་ཏེ། དེས་དེའི་ནང་དུ་གཞུག་ཅེས་རྨ་ཁར་བཙུགས་པ་དང ། དེའི་ནང་དུ་ཡང་སྲིན་བུས་གང་ཞིང་འདུག་སྟེ། དགེ་སློང་དེ་བདག་ལ་ཕས་ཕམ་པའི་ཉེས་པ་མ་བྱུང་གྲང་ཞེས་ཐེ་ཚོམ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཉམས་པ་དེ་ལ་རྣམ་པ་གཉིས་ཏེ། ནང་ཉམས་པ་དང ། ཕྱི་ཉམས་པ་སྟེ། ཕས་ཕམ་པའི་ཉེས་པ་ནི། མེད་མོད་ཀྱི། ཉེས་པ་སྦོམ་པོར་འགྱུར་རོ། །འོད་བཟང་མ་ཞེས་བྱ་བའི་དགེ་བསྙེན་མ་ཞིག་ནུབ་མོ་དུས་བྱས་ནས་དེ་བརྒྱན་བཞིན་དུ་དུར་ཁྲོད་དུ་བོར་བ་དང ། དགེ་སློང་ཞིག་མི་རོ་ལ་བརྟག་པའི་ཕྱིར་དུར་ཁྲོད་དུ་སོང་བ་དེས་དེ་མཐོང་ནས་དེ་ལ་ཆགས་པའི་ཆོས་སྐྱེས་ཏེ། དེས་དེའི་ནང་དུ་གཞུག་ཅེས་རྨ་ཁར་བཙུགས་པ་དང ། དེའང་ལངས་ཏེ་འདུག་ Na432b ནས་དགེ་སློང་དེ་འཇིགས་པར་གྱུར་ཏེ། བདག་ལ་ཕས་ཕམ་པའི་ཉེས་པ་མ་བྱུང་གྲང་ཞེས་ཐེ་ཚོམ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་འཇིགས་པ་ལ་ནི། ཆགས་པ་མེད་པས་ཕས་ཕམ་པའི་ཉེས་པ་ནི། མེད་མོད་ཀྱི། ཉེས་པ་སྦོམ་པོར་འགྱུར་རོ། །ཁྱིམ་བདག་བཟང་སྐྱེས་ཞེས་བྱ་བའི་ཆུང་མ་དེའི་གྲོང་དུ་ཉེ་བར་འགྲོ་བ་དགེ་སློང་ཞིག་ཡོད་པ་དེར་སོང་ནས་དེ་ལ་འདི་སྐད་དུ་ཁྱིམ་བདག་གི་ཆུང་མ། འདོད་ཆགས་ཀྱིས་ཁེབས་ཤིང་གཟིར་ཏོ། །ཞེས་སྨྲས་པ་དང ། མོས་སྨྲས་པ། འོག་མར་སྨྱུགས་ལ་སྟེང་མར་ཁུ་བ་ཐོངས་ཤིག་།སྟེང་མར་སྨྱུགས་ལ་འོག་མར་ཁུ་བ་ཐོངས་ཤིག། དེ་ལ་ཁོ་མོས་མི་ཚངས་པར་སྤྱོད་པར་མི་ཤེས་སོ། །ཞེས་སྨྲས་པ་དང ། དེས་ཀྱང་འདི་སྙམ་དུ་བསྙམ་སྟེ་འདི་ནི། བཟང་ངོ ། །འདི་ནི། ལེགས་སོ། །དེ་ལྟ་བུར་ནི། རུང་ངོ ། །སྙམ་དུ་བསམ་ནས་འོག་མར་སྨྱུགས་ཏེ་སྟེང་མར་ཁུ་བ་བཏང་བ་དང ། དགེ་སློང་དེ་ཐེ་ཚོམ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅུག་མ་ཐག་ཏུ་ཕས་ཕམ་པར་འགྱུར་རོ། །ཤིན་ཏུ་བཟང་མོའི་གླེང་གཞི་ནི། ཇི་ལྟར་རྣམ་པར་འབྱེད་པ་ལས་འབྱུང་བ་བཞིན་ནོ། །རབ་ཏུ་བཟང་ཞེས་བྱ་བའི་དགེ་སློང་ཞིག་གཅིག་བུ་དགོན་པ་ལ་གནས་ཏེ། དེ་ནས་རྒྱང་མི་རིང་བ་ཞིག་ན་བྲམ་ཟེའི་ཞིང་ཞིག་ཡོད་དེ། བྲམ་ཟེ་དེ་ཞིང་ལ་རྟག་ཏུ་འོང་བས་མཐོང་སྟེ།་དེ་མཐོང་ནས་དད་པ་སྐྱེས་སོ། །དེས་དེ་ཟན་ལ་མགྲོན་དུ་བོས་ནས་དེས་ཀྱང་དེ་ལ་ཁས་བླངས་སོ། །དེས་ནང་པར་སྔར་ཟས་རྣམས་སྦྱར་ཏེ། བུ་མོ་ཆུང་ངུ་སྒྲེན་མོར་སྤྱོད་པ་ཞིག་འབོད་དུ་བཏང་བ་དང ། དེས་ Na433a ༄#། །དེའི་མོ་མཚན་མཐོང་ངོ ། །དེས་མཐོང་ནས་ཆགས་པ་སྐྱེས་ཏེ་བྱས་པ་དང ། དེའི་མོ་མཚན་རལ་ནས་དེ་ཐེ་ཚོམ་སྐྱེས་ཏེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་མི་ཚངས་པར་སྤྱད་པས་དགའ་བ་ཚོར་ན་ནི། ཕས་ཕམ་པར་འགྱུར་རོ། །དེ་སྟེ་མ་ཚོར་ན་ནི། ཉེས་པ་སྦོམ་པོར་འགྱུར་རོ། །མདོར་ན། ལས་སུ་མི་རུང་གཉིད་ལོག་ལ། །གནོད་པ་དང་ནི་ར་རོ་དང ། །ནད་ཀྱིས་གཟིར་དང་མི་འདོད་བཞིན། །སྐྱེས་པ་དང་ནི་མ་ནིང་ངོ ། །དགེ་སློང་ཞིག་རང་བཞིན་གྱིས་ཕོ་མཚན་ལས་སུ་མི་རུང་སྟེ། གང་ལས་སུ་རུང་བཞིན་དུ་བཅུག་ན། ཕས་ཕམ་པའི་ཉེས་པར་འགྱུར་གྱི། ལས་སུ་མི་རུང་བཞིན་དུ་བཅུག་ན། ཉེས་པར་མི་འགྱུར་རོ། །སྙམ་ནས་དེས་མ་བསྒྲེང་བཞིན་དུ་བཅུག་པ་དང ། ཐེ་ཚོམ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་མོད་ཀྱི། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་བུད་མེད་གཉིད་ལོག་པ་ལ་བྱས་པ་དང ། དགེ་སློང་དེ་ཐེ་ཚོམ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་ལག་པས་ནི། ལག་པར། རྐང་པས་ནི། རྐང་པར། བརླས་ནི། བརླར། འདྲོང་གིས་ནི། འདྲོང་ལ་འབྱར་ན། ཕས་ཕམ་པར་འགྱུར་རོ། །མ་འབྱར་ན་ནི། ཉེས་པ་སྦོམ་པོར་འགྱུར་རོ། །ཇི་ལྟར་གཉིད་ལོག་པ་དེ་བཞིན་དུ།་ར་རོ་བ་དང ། ནད་ཀྱིས་གཟིར་བ་མི་འདོད་བཞིན་པའོ། །ཇི་ལྟར་བུད་མེད་ལ་རྣམ་པ་བཞིར་བརྗོད་པ་སྐྱེས་པ་དང ། མ་ནིང་ལ་ཡང་དེ་བཞིན་ནོ།། །།འདུལ་བ་གཞུང་ Na433b དམ་པ།་བམ་པོ་ཉེར་གཉིས་པ། མདོར་ན། རྣམ་པ་བཞི་དང་ལྔ་པ་དང ། །ལམ་རྣམས་ཀུན་དང་གཉིད་ལོག་པ། །ལན་གཅིག་གསུམ་པ་བྱས་པ་དང ། །བུད་མེད་སྐྱེས་པ་མ་ནིང་ངོ ། །དགེ་སློང་ཉལ་བ་ལ་བུད་མེད་ཀྱིས་བྱས་ཏེ་འགྱོད་པ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང ། ཁྱོད་ཀྱིས་ཅི་དགའ་བར་ཚོར་རམ། གསོལ་པ། དགའ་བ་ཚོར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤེས་སམ། སྨྲས་པ། འཚལ་བ་ནི། མ་མཆིས་ཏེ། བདག་གཡོས་པ་ཙམ་དུ་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གཉིད་ཀྱིས་ལོག་པ་གཡོས་པ་ཙམ་དུ་གྱུར་པ་ལ་ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་ཉལ་བ་ན་བུད་མེད་ཀྱིས་བྱས་ཏེ། དེ་འགྱོད་པ་སྐྱེས་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང ། ཁྱོད་ཀྱིས་ཅི་དགའ་བ་ཚོར་རམ། གསོལ་པ། དགའ་བ་མ་ཚོར་རོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བ་མ་ཚོར་ན། ཉེས་པ་མེད་དོ། །དགེ་སློང་ཉལ་ཞིང་འདུག་པ་ལ་བུད་མེད་ཀྱིས་བྱས་ཏེ། དེ་འགྱོད་པ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང ། ཅི། ཁྱོད་ཀྱིས་ཤེས་སམ། གསོལ་པ། མ་འཚོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤེས་པ་མེད་ན། ཉེས་པ་མེད་དོ། ། དགེ་སློང་ཉལ་ཞིང་འདུག་པ་ལ་བུད་མེད་ཀྱིས་བྱས་ཏེ་འགྱོད་པ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི། དགེ་སློང་ཁྱོད་ཀྱིས་ཤེས་པའམ། དགའ་བ་ཚོར་བ་ཡོད་དམ། གསོལ་པ། Na434a ༄#། །འཚལ་བའང་མ་མཆིས། དགའ་བ་ཚོར་བའང་མ་མཆིས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤེས་པ་མེད་པ་དང ། དགའ་བ་ཚོར་བ་མེད་པ་ལ་ཉེས་པ་མེད་དོ། །དགེ་སློང་ལ་ཇི་ལྟ་བར་དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་དང ། དགེ་ཚུལ་ཕ་ལ་ཡང་དེ་བཞིན་ནོ། །སྡིག་པ་ཅན་གྱི་དགེ་སྦྱོང་གསུམ་པོས་བུད་མེད་བཟུང་སྟེ་ལམ་ཀུན་ཏུ་བྱས་ཀྱང་ཉེས་པར་མི་འགྱུར་རོ། །ཞེས་སྨྲས་ནས། དེ་དག་གིས་དེའི་ལམ་ཀུན་ཏུ་བྱས་པ་དང ། དེ་དག་ཐེ་ཚོམ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅུག་མ་ཐག་ཏུ་ཕས་ཕམ་པར་འགྱུར་རོ། །བུད་མེད་ལ་ཇི་ལྟ་བར་སྐྱེས་པ་དང ། མ་ནིང་ཐམས་ཅད་ལའང་དེ་བཞིན་ནོ། །མདོར་ན། བུད་མེད་སྐྱེས་པ་མ་ནིང་དང ། །སུན་ཕྱུང་དགའ་བ་མ་ཚོར་དང ། །དགོན་པ་གསུམ་དང་རབ་བྱུང་ལྔའོ། །དགེ་སློང་ཞིག་ཉལ་བ་ལ་བུད་མེད་ཀྱིས་བྱས་ཏེ་དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང ། ཅི་ཁྱོད་ཀྱིས་ཤེས་སམ། གསོལ་པ། མ་འཚལ་ཏོ། །མ་ཤེས་པ་ལ་ཉེས་པ་མེད་དོ། །བུད་མེད་ལ་ཇི་ལྟ་བར་སྐྱེས་པ་དང ། མ་ནིང་ལ་ཡང་དེ་བཞིན་ནོ། །དགོན་པའི་དགེ་སློང་སྡིག་ཅན་གྱིས་དགེ་སློབ་མ་ཁྲིད་ནས་ཁྱོད་ནི། བསྙེན་པར་མ་རྫོགས་པས་མི་ཚངས་པར་སྤྱོད་ན། བདག་ཅག་གཉི་ག་ལ་ཉེས་པར་མི་འགྱུར་རོ། །ཞེས་སྨྲས་པ་དང ། དེས་ཁས་བླངས་སོ། །དེས་ཁས་བླངས་ནས་འགྱོད་པ་སྐྱེས་པ་དང ། དེས་དེ་མ་དད་བཞིན་ Na434b དུ་བྱས་ནས་དགེ་སློབ་མ་དེ། བདག་ནི། དགེ་སློབ་མ་མ་ཡིན་པར་མ་གྱུར་གྲང་སྙམ་དུ་འགྱོད་པ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསླབ་པ་ཉམས་ཀྱི། སླར་ཡང་བྱིན་ཅིག་།ཉེས་བྱས་སུ་འགྱུར་རོ། །དགོན་པའི་སྡིག་ཅན་མས་དགེ་ཚུལ་ཕ་བྲིད་ནས་ཁྱོད་ནི། བསྙེན་པར་མ་རྫོགས་པས་མི་ཚངས་པར་སྤྱོད་ཀྱང་བདག་ཅག་གཉིས་ཀ་ལ་ཉེས་པར་མི་འགྱུར་རོ། །ཞེས་སྨྲས་པ་ནས་རྒྱས་པར་ཏེ།་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ཚུལ་ཕ་ལ་ཉེས་བྱས་སུ་འགྱུར་ཏེ། དགེ་ཚུལ་མ་ལ་ཡང་དེ་བཞིན་ནོ། །དགོན་པའི་སྡིག་ཅན་མས་ལོར་མ་ལོན་པ་ལ་ཁྱོད་བསྙེན་པར་རྫོགས་ནས་རིང་པོར་མ་ལོན་གྱི། མི་ཚངས་པར་སྤྱད་ཀྱང་བདག་ཅག་ལ་ཉེས་པར་མི་འགྱུར་རོ། །ཞེས་སྨྲས་ནས་དེས་ཀྱང་དེ་ལ་ཁས་བླངས་ཏེ། དེས་ཁས་བླངས་ནས་སླར་འགྱོད་པ་སྐྱེས་པ་དང ། དེས་དེ་ལ་མ་དད་བཞིན་དུ་བྱས་ནས་དགེ་སློང་དེ་འདི་སྙམ་དུ། བདག་ལ་ཕས་ཕམ་པའི་ཉེས་པ་མ་བྱུང་གྲང་སྙམ་སྟེ་འགྱོད་པ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགའ་བ་མི་ཚོར་བ་ལ་ནི། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གིས་དགེ་སློང་ཞིག་ཉལ་བ་ལ་བྱས་པ་དང ། དགེ་སློང་དེས་ཐོག་མ་དང ། བར་དང ། ཐ་མ་རྣམས་མ་ཤེས་ན། དགེ་སློང་གང་གིས་བྱས་པ་དེ་མ་རུང་བར་བྱོས་ཤིག་།རྒྱས་པར་ནི། རྣམ་པར་འབྱེད་པ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །མདོར་ན། བཞི་པ་གཟུགས་བརྙན་ཀླུ་མོ་དང ། གནོད་སྦྱིན་ལྷ་མོ་དྲི་ཟ་མོ། །ལྷ་མིན་ཡི་དྭགས་མི་ཟ་ Na435a ༄#། །མོ། །ཤ་ཟ་མོ་ཡང་དེ་བཞིན་ནོ། །དགེ་སློང་ཞིག་གིས་ཤིང་གི་གཟུགས་བརྙན་བྱས་པ། གཟུགས་ལེགས་པ། བལྟ་ན་སྡུག་པ། མཛེས་པ་ཞིག་མཐོང་སྟེ། དེ་མཐོང་བ་དང་འདོད་པའི་ཆོས་སྐྱེས་ནས་དེ་ཉིད་དུ་གཞུག་སྙམ་སྟེ། རྨ་ཁར་བཅུག་པ་དང ། དེས་ཀྱང་ཕྱེ་ནས་དགེ་སློང་དེ་འགྱོད་པ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་ཡན་ལག་ཐམས་ཅད་རེག་པར་བྱས་ན། ཕས་ཕམ་པར་འགྱུར་རོ། །འོན་ཏེ་མོ་མཚན་སྤྲད་པ་ཙམ་གྱིས་ནི། ཉེས་པ་སྦོམ་པོར་འགྱུར་རོ། །ཇི་ལྟར་ཤིང་ལས་བྱས་པ་དེ་བཞིན་དུ་ས་ལས་བྱས་པ་དང ། རྡོ་ལས་བྱས་པ་དང ། གོས་ལས་བྱས་པ་རྣམས་ཀྱང་དེ་བཞིན་ནོ། །ཀླུའི་བུ་མོ་ཞིག་དགེ་སློང་གི་དྲུང་དུ་འོངས་ནས་བཙུན་པ། མི་ཚངས་པར་སྤྱད་ཀྱི། ཚུར་སྤྱོན་ཞེས་སྨྲས་པ་དང ། དེས་ཁས་བླངས་ནས་དེས་དེར་གཞུག་ཅེས་རྨ་ཁར་བཅུག་པ་དང ། དེ་ཡང་ལུས་རིང་མོ་གྱུར་ནས་དགེ་སློང་དེ་འཇིགས་པར་གྱུར་ནས། འགྱོད་པ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་འཇིགས་པ་ལ་ཆགས་པ་མེད་པས་ན། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་གནོད་སྦྱིན་གྱི་བུ་མོའི་བར་དུ་རྒྱས་པར་ཏེ། དེ་ཡང་མི་སྣང་བར་གྱུར་ནས་དགེ་སློང་དེ་འགྱོད་པ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །ལྷའི་བུ་མོ་དང ། དྲི་ཟའི་ Na435b བུ་མོ་དང ། ལྷ་མ་ཡིན་གྱི་བུ་མོ་རྣམས་ཀྱང་དེ་བཞིན་དུ་རྒྱས་པར་ཏེ། ཇི་ལྟར་ཀླུའི་བུ་མོ་བཞིན་དུ་ལུས་ཆེར་གྱུར་ནས་དགེ་སློང་དེ་འགྱོད་པ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་འཇིགས་པ་ལ་ནི། འདོད་ཆགས་མེད་པས་ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་ཡི་དྭགས་ཀྱི་བུ་མོ་དེའི་མོ་མཚན་ཆེར་གྱུར་པ་དང ། དེས་དེར་རྐང་པ་བཅུག་ནས་དགེ་སློང་དེ་འགྱོད་པ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གཅིག་བུ་དགོན་པ་ལ་གནས་པ་དང ། དེར་མི་ཟ་མོ་ཞིག་འོངས་ཏེ་བཙུན་པ། མི་ཚངས་པར་སྤྱད་ཀྱི། ཚུར་སྤྱོན་ཅེས་སྨྲས་ན། དགེ་སློང་དེ་ཚུལ་ཁྲིམས་དང་ལྡན་པས་སྤྲོ་བ་མ་བསྐྱེད་པ་དང ། དེས་སྨྲས་པ། བཙུན་པ། སྤྲོ་བ་སྐྱེད་ཅིག་།ཁྱོད་མ་རུངས་པར་བྱས་ས་རེ། དེས་དེ་ལ་ཅི་དགའ་བར་བྱོས་ཤིག་།སྤྲོ་བ་མི་བསྐྱེད་དོ། །ཞེས་སྨྲས་པ་དང ། མོས་དགེ་སློང་དེ་ཉལ་བ་ལ་ཕྱར་བས་དཀྲིས་ཏེ་རྒྱལ་པོ་བཙུན་མོ་དང་ལྷན་ཅིག་ཏུ་གཟིམས་པའི་མཆན་དུ་བཅུག་པ་དང ། རྒྱལ་པོ་དེས་དགེ་སློང་དེ་མཐོང་ནས་ཁྱོད་འདིར་ཅི་ལ་འོངས། དེས་སྨྲས་པ། བདག་གཅིག་པུ་དགོན་པ་ན་གནས་པ་དང ། དེར་མི་ཟ་མོ་ཞིག་མཆིས་ནས་བདག་ལ་བཙུན་པ།་མི་ཚངས་པར་སྤྱད་ཀྱི། ཚུར་སྤྱོན་ཅེས་མཆིས་ནས་བདག་གིས་སྤྲོ་བ་མ་བསྐྱེད་པ་དང ། དེས་བཙུན་པ། སྤྲོ་བ་སྐྱེད་ཅིག་།ཁྱོད་མ་རུངས་པར་བྱས་ས་རེ་ཞེས་མཆི་ནས་དེ་ལ་བདག་གིས་ཅི་ Na436a ༄#། །དགའ་བར་བྱོས་ཤིག་།སྤྲོ་བ་ནི། མི་བསྐྱེད་དོ། །ཞེས་དེ་སྐད་སྨྲས་པ་དང ། བདག་ཉལ་བ་ལ་དེས་ཕྱར་བས་དཀྲིས་ཏེ་འདིར་བཞག་གོ་།རྒྱལ་པོས་བཙུན་པ་གང་དུ་འདི་ལྟ་བུར་འཇིགས་པར་འགྱུར་བ་དེ་ལྟ་བུའི་དགོན་པར་ཅིའི་ཕྱིར་གནས་ཞེས་སྨྲས་ནས་དགེ་སློང་བསྐྲད་པ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་ཕས་ཕམ་པའི་ཉེས་པ་མེད་དེ། ཕྱིན་ཆད་གང་དུ་འདི་ལྟར་འཇིགས་པར་འགྱུར་བ་དེ་ལྟ་བུའི་དགོན་པར་མ་གནས་ཤིག་།དེ་བཞིན་དུ་ཤ་ཟ་མོས་ཀྱང་བྱས་ཏེ་དེས་ཀྱང་ཉལ་བ་ལ་ཕྱར་བས་དཀྲིས་ནས་ཆང་འཚོང་པའི་སྤྱིལ་བུར་བཅུག་གོ་།ཆང་འཚོང་བ་དེས་སྤྱིལ་བུར་བལྟས་པ་དང ། དགེ་སློང་མཐོང་ནས་རྒྱས་པར་ནི། ཇི་ལྟར་མི་ཟ་མོས་བྱས་པ་བཞིན་ནོ། ། མདོར་ན། ཨུཏྤ་ལ་ཁ་དོག་དགའ་མོ་དང ། །ཕྲུ་གུ་གཉིས་དང་ཤ་སྣག་དང ། ཁྱི་མོ་ཝ་མོ་བྱ་རོག་མོ། །མི་མ་ཡིན་དང་ཆུ་རྒལ་དང ། །ཉ་དང་སྲམ་དང་ཤིང་ཐུན་མོའོ། །བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་བཞུགས་སོ། །དགེ་སློང་མ་ཨུཏྤ་ལའི་ཁ་དོག་མ་སྔ་དྲོ་ཤམ་ཐབས་བགོས་ཏེ་མཉན་དུ་ཡོད་པར་བསོད་སྙོམས་ལ་ཞུགས་པ་ནས་རྒྱས་པར་རྐང་པ་བཀྲུས་ཏེ་ནང་དུ་ཡང་དག་འཇོག་ལ་འཇུག་པའི་ཕྱིར་གནས་ཁང་དུ་ཞུགས་པ་དང ། སྒོ་ཕྱེ་སྟེ་འཕྲེས་ནས་ཚ་བའི་དུས་ལ་བབ་པས་གཉིད་ཀྱིས་ལོག་ཅིང་ཉལ་བ་དང ། གཡོན་ཅན་སྲང་ཕྲན་ནས་རྒྱུ་ཞིང་ Na436b འདོང་བ་རྣམས་ཀྱིས་མཐོང་སྟེ་དེ་དག་གིས་ཉལ་བ་ལ་བྱས་སོ། །དེ་དག་གིས་བྱས་ནས་དོང་བ་དང ། དེ་ཡང་སད་ནས་དགེ་སློང་མ་དེ་འགྱོད་པ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་ཉེས་པ་མེད་དེ། ཕྱིན་ཆད་དགེ་སློང་མས་སྒོ་མ་བཅད་པར་མ་འཕྲེས་ཤིག་།འཕྲེས་ན། ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་སྙོམས་པར་ཞུགས་པ་ལ་བྱས་ན་ཡང་ཉེས་པ་མེད་དེ། ཕྱིན་ཆད་དགེ་སློང་མ་སྒོམ་བཅད་པར་སྙོམས་པར་མ་འཇུག་ཅིག་།སྙོམ་པར་ཞུགས་ན། ཉེས་བྱས་སུ་འགྱུར་རོ། །དགེ་སློང་ཞིག་མཉན་དུ་ཡོད་པར་བསོད་སྙོམས་ལ་ཞུགས་པ་དང ། དེ་ཁྱིམ་བདག་གང་གི་ཁྱིམ་དུ་ཞུགས་པ་ཁྱིམ་བདག་དེའི་ཕག་གི་ཕྲུ་གུ་ཞིག་ཕུར་བ་ལ་བཏགས་པས་དེ་ཕུར་པ་དེ་ལ་འཁོར་ཞིང་འདུག་པ་དང ། དགེ་སློང་དེས་སྙིང་རྗེ་སྐྱེས་ནས་དེ་ཕུར་པ་ལས་བཀྲོལ་ཏེ་བཏང་བ་དང ། ཁྱིམ་བདག་དེས་དགེ་སློང་དེ་མཐོང་ནས་དེས་བརྒྱུགས་ཏེ་དགེ་སློང་དེའི་གོང་བ་ནས་བཟུང་སྟེ་ཁྱོད་ཀྱིས་ཁོ་བོའི་ཕག་གི་ཕྲུ་གུ་བཏང་བས་ན། ཁྱོད་ནི། རྐུ་བའོ། །ཁྱོད་ནི། གླེན་པའོ། །ཁྱོད་ནི། དགེ་སྦྱོང་སྡིག་ཅན་ནོ། །ཞེས་སྨྲས་པ་དང ། དེ་འདི་སྙམ་དུ་བདག་གིས་ཕག་གི་ཕྲུ་གུ་བཏང་བས་ན། བདག་ནི། རྐུ་བ། བདག་ནི། གླེན་པ། བདག་ནི། དགེ་སྦྱོང་སྡིག་ཅན་དུ་གྱུར་གྱི། བདག་སོང་ལ་མི་ཚངས་པར་སྤྱད་དོ། །སྙམ་དུ་བསམ་ནས་དེ་སོང་སྟེ་མི་ཚངས་པར་སྤྱད་པ་བྱས་པ་དང ། དེས་འདི་སྙམ་དུ། དགེ་སློང་དག་ལ་དྲིས་ལ། དེ་སྟེ་བདག་རབ་ཏུ་བྱུང་ནས་བསྙེན་པར་རྫོགས་པ་འཆགས་ན་ནི། བདག་ Na437a ༄#། །རབ་ཏུ་འབྱུང་ངོ ། །མི་འཆགས་ན་ནི། འདི་ཉིད་དུ་གནས་སོ། །སྙམ་དུ་བསམ་ནས་དེས་དེ་ལྟར་གྱུར་པ་དགེ་སློང་རྣམས་ལ་སྨྲས་པ་དང ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།སྔ་མ་ལ་ཉེས་པ་མེད་ཀྱི། ཕྱི་མ་ལ་ནི། ཉེས་པར་གྱུར་ཏོ། །དེ་ལྟར་བྱ་གག་གི་ཕྲུ་གུ་ཡང་དེ་བཞིན་ནོ། །ཁྱིམ་བདག་ཅིག་གིས་ཤ་སྣག་གུ་ཞིག་ཁྱེར་ཏེ་སོང་བ་བྱ་འོལ་པས་འཕྲོག་སྟེ་ཁྱེར་ནས་ཤ་སྣག་གུ་དེ་འོལ་བའི་ལག་ནས་ཤོར་ཏེ་དགེ་སློང་བསོད་སྙོམས་ལ་སྤྱོད་པ་དེའི་ལྷུང་བཟེད་དུ་ལྷུང་ངོ ། ། ཁྱིམ་བདག་དེས་ཤ་སྣག་གུ་དེ་དགེ་སློང་དེའི་ལྷུང་བཟེད་ན་འདུག་པ་མཐོང་བ་དང ། དེས་དགེ་སློང་དེའི་གོང་པ་ནས་བཟུང་སྟེ་ཁོ་པའི་ཤ་སྣག་གུ་དེ་འོལ་བས་ཁྱེར་བ་ལ་ཁྱོད་ཀྱི་ལྷུང་བཟེད་ནས་ཟིན་པས་ན། ཁྱོད་ནི། རྐུ་བའོ། །ཁྱོད་ནི། གླེན་པའོ། །ཁྱོད་ནི། དགེ་སྦྱོང་སྡིག་ཅན་ནོ། །ཞེས་སྨྲས་པ་དང ། དེ་འདི་སྙམ་དུ། འདིའི་ཤ་སྣག་གུ་དེ་བདག་གི་ལྷུང་བཟེད་ནས་ཟིན་པས་ན། བདག་ནི། རྐུ་བའོ། །བདག་ནི། གླེན་པའོ། །བདག་ནི། དགེ་སྦྱོང་སྡིག་ཅན་དུ་གྱུར་གྱི། བདག་སོང་ལ་མི་ཚངས་པར་སྤྱད་པར་བྱའོ། །སྙམ་དུ་བསམ་མོ། །རྒྱས་པར་ནི། ཇི་ལྟར་ཕག་གི་ཕྲུ་གུ་བཞིན་ནོ། །དགེ་སློང་ཞིག་གིས་ཁྱི་མོའི་མདུན་དུ་གཅི་བ་བྱས་པ་དང ། དེས་དེའི་ཕོ་མཚན་ཁར་བཅུག་ནས་དེས་ཁུ་བ་བྱུང་སྟེ། ལུས་ཀྱང་བཏུད་ནས་དགེ་སློང་དེ་འགྱོད་པ་སྐྱེས་པ་དང ། བཅོམ་ལྡན་ Na437b འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཕྱིན་ཆད་དགེ་སློང་གིས་ཁྱི་མོའི་མདུན་དུ་གཅི་བ་མ་བྱེད་ཅིག་།ཡང་ན། དེ་སྐྲོད་ཅིག་།ཡང་ན། གུད་དུ་སོང་ཞིག་།དགེ་སློང་ཞིག་འཆག་པ་ན་ཝ་མོ་ཞིག་སྒྲ་འབྱིན་ཅིང་ཕྱག་དར་ཁྲོད་ཀྱི་གོས་འདྲལ་ལོ། །དེ་ནས་དེ་འདི་སྙམ་དུ། བདག་གི་ཕྱག་དར་ཁྲོད་ཀྱི་གོས་འདྲལ་བ་དེ་སུ་ཡིན་པ་སོང་སྟེ་བལྟའོ། །སྙམ་དུ་བསམ་ནས་དེ་ཕྱག་དར་ཁྲོད་ཀྱི་གོས་ཀྱིས་དཀྲིས་ཏེ་འདུག་པ་དང ། ཝ་མོ་དེ་ཡང་འོངས་ནས་དགེ་སློང་དེའི་སྟེང་དུ་ཞོན་པ་དང ། དེས་ཕྱག་དར་ཁྲོད་ཀྱི་གོས་ཀྱིས་ཝ་དེ་དཀྲིས་ཏེ་བཟུང་ནས་དེ་འདི་སྙམ་དུ། ཝ་འདི་ཕོའམ། མོ་ཡིན་པ་བལྟའོ། །ཞེས་བསམ་ནས་དེས་དེའི་མོ་མཚན་མཐོང་ངོ ། །དེས་མཐོང་ནས་འདོད་པའི་ཆོས་སྐྱེས་ཏེ། དེས་དེ་ཉིད་ཀྱི་ནང་དུ་གཞུག་གོ་།སྙམ་དུ་བསམ་ནས་རྨ་ཁར་བཙུགས་པ་དང ། མོས་སླར་ལོག་སྟེ་སོས་བཏབ་ནས་དགེ་སློང་དེ་སྐྲག་པར་གྱུར་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་སྐྲག་པ་ལ་ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྤོམ་པོར་འགྱུར་རོ། །དགེ་སློང་ཞིག་གཅིག་བུ་ནགས་སྟུག་པོ་ན་གནས་པ་དང ། དེ་དེ་ནས་མིའམ་ཅི་མོས་ཁྲིད་ནས་དེས་དེ་བྲག་ཕུག་ཏུ་བཅུག་སྟེ། དེས་ཅི་ནས་ཀྱང་འདུ་ཤེས་གྱུར་པ་དེ་ལྟར་བྱས་སོ། །དེས་དེ་འདུ་ཤེས་བསྒྱུར་ཏེ་སྤྱོད་ཡུལ་གྱི་ཕྱིར་སོང་བ་དང ། དགེ་སློང་དེ་འདུ་ཤེས་ཐོབ་ནས་དེ་གནས་དེ་ནས་ལངས་ཏེ་བྲོས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་ Na438a ༄#། །དེ།་ཕྱིན་ཆད་དགེ་སློང་གིས་གང་དུ་འདི་ལྟ་བུར་འཇིགས་པར་འགྱུར་བའི་དགོན་པར་མ་གནས་ཤིག་།དགེ་སློང་ཞིག་སྒྲེན་མོར་ཆུ་ཀླུང་བརྒལ་བ་ལས་དེའི་ཕོ་མཚན་ཉས་བཟུང་བ་དང ། དེས་ཀྱང་ལུས་བཏུད་དེ་ཁུ་བ་ཕྱུང་ནས་དགེ་སློང་དེ་འགྱོད་པ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། ཕྱིན་ཆད་འདི་ལྟ་བུར་འཇིགས་པར་འགྱུར་བའི་ཆུ་ཀླུང་གང་ཡིན་པ་ལ་སྒྲེན་མོར་མ་རྒལ་ཅིག་།བུད་མེད་ཅིག་སྒྲེན་མོར་ཤིང་ཐགས་ཀྱི་ནང་ན་ཁུ་ལེ་ལྟ་བུས་ཆུ་འཆུ་ཤིང་འདུག་པ་ལ་དགེ་སློང་ཞིག་གིས་ཤིང་ཐགས་ཀྱི་གསེབ་ནས་དེའི་མོ་མཚན་མཐོང་ངོ ། །དེས་མཐོང་ནས་ཆགས་པ་དང ། དེའི་མོ་མཚན་ལ་དེའི་ཕོ་མཚན་གྱིས་རེག་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་ནི། མེད་དེ་ཉེས་པ་སྡོམ་པོར་འགྱུར་རོ། །བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་དག་གིས་བྱ་བ་བྱས་ནས་འཆག་ཅིང་ཉིན་པར་སྤྱོད་པའི་གནས་སུ་སོང་སྟེ། དེས་དེར་གདན་བཏིང་ནས་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པ་དང་ཚ་བའི་དུས་ལ་བབ་པས་དེས་དེར་འཕྲེས་ཏེ་ཉལ་བ་དང་གཉིད་ཀྱིས་ལོག་གོ། །དེ་ཉལ་བ་ན་ཤམ་ཐབས་བསྙིལ་ནས་ཕོ་མཚན་ལས་སུ་རུང་བར་གྱུར་ཏེ། བུད་མེད་ཤིང་ཐུན་ཞིག་ཤིང་ཚོལ་ཞིང་གནས་དེར་འོངས་པ་དང ། དེས་དགེ་སློང་དེ་མི་སྡུག་པར་ཉལ་བ་མཐོང་ངོ ། །དེས་མཐོང་ནས་ཤིན་ཏུ་ Na438b ཆགས་ཏེ། དེས་དགེ་སློང་དེ་ལ་ཉལ་པོ་བྱས་སོ། །ཉལ་པོ་བྱས་ནས་དེ་སོང་བ་དང ། དགེ་སློང་དེ་ཡང་སད་ནས་དེས། འཕགས་པ། བདག་གི་ཁྱིམ་འདི་ཞེས་བགྱི་བ་ན་མཆིས་ཀྱི། དེ་སྟེ་ཡང་བཞེད་ན།་དེར་སྤྱོན་ཅིག་།ཅེས་སྨྲས་པ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང ། ཅི་ཁྱོད་ཀྱིས་ཤེས་སམ། གསོལ་པ། མ་འཚལ་ཏེ། མི་ཤེས་ན། ཉེས་པ་མེད་དེ། བླ་གབ་མེད་པར་གཅིག་པུ་འཕྲེས་ཏེ་མ་འདུག་ཅིག་།འདུག་ན། ཉེས་བྱས་སུ་འགྱུར་རོ། །མདོར་ན། པ་ལ་ཤ་ཡི་རྩཝ་རྔ་མ། །ཙམ་པ་ཀ་ཡི་རྒྱུ་ལྔ་དང ། །རྒྱལ་པོའི་ཁབ་ན་སྨན་དཔྱད་དང ། །བྷ་རུ་ཀད་ཙའི་སྨད་འཚོང་མའོ། །བཅོམ་ལྡན་འདས་ཀེ་ཏའི་ཤིང་པ་ལ་ཤའི་ནགས་ན་བཞུགས་སོ། །དེ་ནས་དགེ་སློང་གཞན་ཞིག་ལ་རྩཝ་རྔམ་ཞིག་གིས་རྒྱས་པར་ནི། ཇི་ལྟར་ཤིང་ཐུན་མ་བཞིན་ནོ། །གྲོང་ཁྱེར་ཙམ་པར་ནད་གཡན་པས་བཏབ་པ་དང ། རྒྱུ་ལྔ་དང་རྐྱེན་ལྔས་ཕོ་མཚན་ལས་སུ་རུང་བ་འགྱུར་ཏེ། རྣམ་པར་འབྱེད་པ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་སོ། །དགེ་སློང་ཞིག་ཕོ་མཚན་ནད་ཀྱིས་གཟིར་བ་དང་འཚོ་བྱེད་ཀྱི་ཕ་མཚན་ཡང་ནད་ཀྱིས་གཟིར་བར་གྱུར་བ་ན། དེས་བུད་མེད་ཀྱིས་ཁར་བཅུག་པ་དང ། དེ་ནད་དེ་ལས་ཐར་ཏོ། །ཞེས་དེས་ཐོས་ནས་དེས་འདི་སྙམ་དུ། བཅོམ་ལྡན་འདས་ཀྱིས་ནད་པའི་སྨན་དཔྱད་དུ་གནང་གི་།བུད་མེད་ཀྱི་ཁར་གཞུག་གོ་།སྙམ་དུ་བསམ་སྟེ། དེས་བུད་མེད་ཀྱི་ཁར་བཅུག་ནས་ Na439a ༄#། །ནད་དེ་ལས་ཐར་པ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅུག་མ་ཐག་ཏུ་ཕས་ཕམ་པར་འགྱུར་རོ། །ཡུལ་བྷ་རུ་ཀད་ཙའི་སྨད་འཚོང་མ་ཞིག་གི་ཁྱིམ་དུ་རྐུན་པོ་གཅིག་ཅིག་གནས་ཏེ། དེ་དེ་ནས་བྱུང་ཞིང་མི་དག་ལ་གནོད་པ་བྱེད་པ་དང ། དེ་དག་གིས་རྒྱལ་པོ་ལ་གསོལ་ནས། རྒྱལ་པོས་སྨད་འཚོང་མ་བོས་ནས། ཅི། ཁྱོད་ཀྱི་ཁྱིམ་ན་རྐུན་པོ་གནས་སམ་ཞེས་དྲིས་པ་དང ། ལྷ། སུ་ཡང་མ་མཆིས་སོ། །དེ་སྟེ་བཙལ་ཏེ་རྙེད་ན་ནི། ཁྱོད་ཀྱིས་བཅབས་ཏེ་སྦས་པས་ཆད་པས་གཅད་དོ། །མི་དེ་དག་གིས་རྐུན་པོ་དེ་བཟུང་སྟེ་ཁྲིད་ནས་རྒྱལ་པོ་ལ་གསོལ་བ་དང ། རྒྱལ་པོས་བཀའ་སྩལ་པ། ཁྱོད་སོང་ལ་སྨད་འཚོང་མ་འདི་རྐང་པའི་མཁྲིག་མ་ནས་འབྲེང་བས་ཐོགས་ལ་ལྟག་པར་སྤྲེལ་ཏེ་དུར་ཁྲོད་དུ་འོར་ཅིག་།སུ་གང་ཞིག་གིས་འདི་བཏང་ན། དེ་ཆད་པ་འདི་ཉིད་ཀྱིས་གཅད་དོ། །དེ་སྟེ་གསོན་ན་ནི། ཁྱི་རྣམས་ལ་སྦྱིན་ནོ། །དེ་དག་གིས་དེའི་རྐང་པའི་མཁྲིག་མ་ནས་འབྲེང་བས་བཏགས་ནས་ལྟག་པར་སྤྲེལ་ཏེ་དུར་ཁྲོད་དུ་བོར་བ་དང ། དགེ་སློང་ཞིག་དུར་ཁྲོད་ན་མི་རོལ་རྟོག་ཅིང་འདུག་པ་དེས་མཐོང་སྟེ། འདོད་པའི་ཆོས་སྐྱེས་ནས་དེས་འདི་ལྟར་དེ་ཉིད་དུ་གཞུག་སྙམ་སྟེ་རྨ་ཁར་བཙུགས་པ་དང ། དེའང་ལངས་ཏེ་འདུག་ནས་བཙུན་པ་སྔོན་དུ་ཆུ་ཞིག་སྩོལ་ཅིག་།ཅེས་སྨྲས་པ་དང ། དེས་དེ་ལ་ཆུ་བླུད་ནས་དེས་སྨྲས་པ། བཙུན་པ། །ཁོ་མོའི་ལུས་དང་མངལ་མི་གཙང་བ་འདི་ཅིར་དགོས། དེས་དེ་ Na439b ན་གནས་ཀྱིས་བར་དུ་བཟུང་བ་དང ། དེའི་གཉེན་བཤེས་རྣམས་འོང་བ་དགེ་སློང་དེས་རྒྱང་མ་ནས་མཐོང་སྟེ་ངོ་ཚ་བས་ཕྱོགས་གཅིག་ཏུ་སོང་བ་དང ། དེས་གཉེན་བཤེས་དེ་དག་ལ་སྨྲས་པ། ཁོ་མོ་འདི་ལྟར་ཅུང་ཟད་འཚོ་བ་དེ་དག་ཐམས་ཅད་དགེ་སློང་འདིའི་མཐུ་ཡིན་གྱི། དེ་པོས་ཤིག་།ཅེས་དེས་སྨྲས་པ་དང ། དེ་དག་གིས་བོས་ནས་དེས་སྨྲས་པ། བཙུན་པ། ཁོ་མོ་ཅུང་ཟད་འཚོ་བ་དེ་ཐམས་ཅད་ནི། ཁྱོད་ཀྱི་དྲིན་ཏེ། འདི་དག་ནི། ཁོ་མོའི་གཉེན་བཤེས་ལགས་ན། འདི་དག་གིས་གསོས་ཏེ་སོས་པ་དང ། དེ་སྟེ་ཁོ་མོ་ལ་བགྱི་བ་མཆིས་ན། ཁྱིམ་འདི་ན་མཆིས་ཀྱི། དེར་སྤྱོན་ཅིག་།ཅེས་སྨྲས་པ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །མདོར་ན། བ་ལང་ནང་དང་ཁྲོན་པ་དང ། །རེག་དང་གྲུ་ཡང་ནུབ་པ་དང ། །སྐྱེས་པ་དག་དང་སེར་སྐྱ་དང ། །བུད་མེད་བུ་དང་སེར་སྐྱ་དང ། །བཟང་སྐྱེས་ནོར་ཅན་ཕོ་བྲང་སྐྱོང ། །དགེ་སློང་ཕོ་བྲང་འཁོར་སྐྱོང་བ་བ་ལང་གི་ནང་དུ་སོང་བ་དང ། དེ་གླང་མི་སྲུན་པས་བརྡུངས་ནས་བུད་མེད་ཀྱི་སྟེང་དུ་འགྱེལ་བ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། །ཤེས་པར་བྱོས་ལ་བ་ལང་གི་ནང་དུ་སོང་ཞིག ། དགེ་སློང་ཞིག་ཁྲོན་པ་ཞིག་ཏུ་བལྟས་པ་དང ། དེར་ལྷུང་ནས་དེར་སྔར་ཡང་བུད་མེད་ཅིག་ལྷུང་བས་དེའི་མགུལ་ནས་འཇུས་སོ། །ཁྱིམ་བདག་དག་གིས་ཐག་པ་བླངས་ཏེ་དགེ་སློང་དེ་ཕྱུང་བ་དང ། དེའི་ Na440a ༄#། །མགུལ་ནས་བུད་མེད་ཅིག་གིས་འཇུས་པར་མཐོང་ནས་དེ་དག་གིས་བུད་མེད་འདི་ག་ལས་འོངས་ཞེས་སྨྲས་པ་དང ། དགེ་སློང་གིས། འདི་ནི། སྔར་ལྷུང་བས་ཁོ་བོའི་མགུལ་ནས་འཇུས་སོ། །ཞེས་སྨྲས་ནས་དགེ་སློང་དེ་འགྱོད་པ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། བག་ཡོད་པར་བྱོས་ལ་ཁྲོན་པར་ལྟོས་ཤིག་།དགེ་སློང་ཞིག་བསོད་སྙོམས་སྤྱོད་པ་ལས་སྒོ་ཁང་དོག་པ་ཞིག་ནས་བྱུང་བ་དང ། བུད་མེད་ཅིག་ཀྱང་ནང་དུ་འཇུག་པ་དེའི་མོ་མཚན་གྱིས་དེའི་ཕོ་མཚན་ལ་རེག་པ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། བག་ཡོད་པར་བྱོས་ལ་གྲོང་དུ་བསོད་སྙོམས་སྤྱོད་ཅིག་།དགེ་སློང་ཞིག་གྲུ་ལས་ཀླུང་བརྒལ་བ་ན་གྲུ་དེ་ནུབ་པ་དང ། བུད་མེད་ཅིག་ཀྱང་དེ་ན་ཡོད་དེ། དེས་དེའི་མགུལ་ནས་འཇུས་སོ། །དགེ་སློང་བརྒལ་བ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། བག་ཡོད་པར་བྱོས་ལ་ཀླུང་རྒོལ་ཅིག་།སྐྱེས་པ་སེར་སྐྱ་ཞེས་བྱ་བ་ཞིག་དགེ་སློང་མའི་དྲུང་དུ་སོང་སྟེ་འདི་སྐད་དུ། འཕགས་མ། བདག་ཏུ་ཕྱུང་ཞིག་།ཅེས་སྨྲས་པ་དང ། དེ་དེ་དག་གིས་མ་བརྟགས་པར་རབ་ཏུ་བྱུང་སྟེ། དེས་དགེ་སློང་མ་ལ་རེག་པ་དང ། དེ་དག་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། ཤིན་ཏུ་བརྟགས་ལ་རབ་ཏུ་དབྱུང་བར་བྱོས་ཤིག་ Na440b སྦོམ་མོ་དགའ་ལྡན་མོ་ཡང་རྒྱས་པར་གཞན་གྱི་བུ་བོར་བ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མས་བུ་དོར་བར་མ་བྱེད་ཅིག་།བོར་ན་ཉེས་པ་སྦོམ་པོར་འགྱུར་རོ། །སེར་སྐྱ་བཟང་མོའི་གླེང་གཞི་རྒྱས་པར་བྱས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཟང་མོ། ཅི་ཁྱོད་ཀྱིས་དགའ་བ་ཚོར་རམ། བཙུན་པ། བདག་གིས་དགའ་བ་ལྟ་ག་ལ་ཚོར་གྱི། ཇི་ལྟར་ཐོང་ལྕགས་བསྲེགས་པ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུད་མེད་ཀྱི་མོ་མཚན་གྱི་ཕྱོགས་ནི། ལས་རྣམ་པར་སྨིན་པ་ལས་སྐྱེས་ཏེ། ནན་གྱིས་བྱས་པ་ལ་ཉེས་པ་མེད་དོ། ། དགེ་སློང་མ་བཟང་མོ་སྐྱེས་ཞེས་བྱ་བ་དེ་གཡོན་ཅན་རྣམས་ཀྱིས་བཟུང་ནས་ཁ་བཀབ་སྟེ་ནགས་སྟུག་པོར་ཁྲིད་ནས་སུན་ཕྱུང་སྟེ་སླར་བཏང་བ་ལས། དགེ་སློང་མ་དག་གིས་གནས་ནས་བསྐྲད་པ་དང ། དེས་སྨྲས་པ། འཕགས་མ། བདག་གིས་ནི། དགའ་བ་ཚོར་རོ། །ཁྱོད་གཡོན་ཅན་གྱིས་བཟུང་སྟེ་ནགས་སྟུག་པོར་ཁྲིད་ནས་སུན་ཕྱུང་སྟེ་སླར་བཏང་བ་ཡིན་ན། ཅིའི་ཕྱིར་དགའ་བ་མ་ཚོར། དེ་ལྟར་གྱུར་པ་དགེ་སློང་མ་རྣམས་ཀྱིས་དགེ་སློང་རྣམས་ལ་སྨྲས་པ་དང ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི། ཁྱོད་ཀྱིས་དགའ་ཚོར་རམ། བཙུན་པ། བདག་འགྲེས་ལྡོག་སུག་པ་གཡབས་ན། དགའ་བ་ལྟ་ག་ལ་ཚོར་ཞེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།བུད་མེད་ཀྱི་མོ་མཚན་གྱི་ཕྱོགས་ནི། ལས་ Na441a ༄#། །རྣམ་པར་སྨིན་པ་ལས་སྐྱེས་ཏེ། འགྲོ་བ་དང ། ལྡོག་པ་དང ། ལག་པ་གཡོབ་པ་ལ་ནི། ནན་གྱིས་བཟུང་བ་ཞེས་བྱ་སྟེ། ནན་གྱིས་བཟུང་བ་ལ་ནི། ཉེས་པ་མེད་དོ། །དགེ་སློང་མ་ནོར་ཅན་མོ་ཞེས་བྱ་བ་ཞིག་མཉན་དུ་ཡོད་པར་བསོད་སྙོམས་སྤྱོད་པ་ན། གཡོན་ཅན་རྣམས་ཀྱིས་བཟུང་སྟེ་ནགས་སྟུག་པོར་ཁྲིད་ནས་སུན་ཕྱུང་སྟེ་བཏང་བ་དང ། དགེ་སློང་མ་དག་གིས་གནས་ནས་བསྐྲད་ནས། འཕགས་མ། བདག་གིས་དགའ་བ་མ་ཚོར་རོ། །ཞེས་སྨྲས་པ་དང ། ཁྱོད་གཡོན་ཅན་རྣམས་ཀྱིས་བཅིངས་ཏེ་ནགས་སྟུག་པོར་ཁྲིད་ནས་སུན་ཕྱུང་སྟེ་བཏང་བ་ཡིན་ན། ཅིའི་ཕྱིར་དགའ་བ་མཚོར། དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་དགེ་སློང་དག་ལ་སྨྲས་པ་དང ། དགེ་སློང་དག་གིས་ཀྱང་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི། ཁྱོད་ཀྱིས་དགའ་བ་ཚོར་རམ། བཙུན་པ། བདག་གིས་དུས་ནས་བོས་དཀྲོགས་ཏེ་བདག་ལ་མ་འཛིན་ཅིག་།ཅེས་སྨྲས་ན། དགའ་བ་ལྟ་ག་ལ་ཚོར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུད་མེད་ཀྱི་མོ་མཚོན་གྱི་ཕྱོགས་ནི། ལས་རྣམ་པར་སྨིན་པ་ལས་སྐྱེས་ཏེ། ངུ་བཞིན་པ་ནི། ནན་གྱིས་བཟུང་བ་ཞེས་བྱའོ། །བོས་དཀྲོགས་ནས་བདག་ལ་མ་འཛིན་ཅིག་།ཅེས་སྨྲ་བ་ནི། ནན་གྱིས་བཟུང་བ་ཞེས་བྱ་བ་སྟེ། ནན་གྱིས་བཟུང་བ་ལ་ཉེས་པ་མེད་དོ། །དགེ་སློང་མ་ཕོ་བྲང་སྐྱོང་ཞེས་བྱ་བ་ཞིག་མཉན་དུ་ཡོད་པར་བསོད་སྙོམས་སྤྱོད་པ་ན། གཡོན་ཅན་རྣམས་ཀྱིས་བཟུང་སྟེ་ནགས་སྟུག་པོར་ཁྲིད་ནས་ Na441b སུན་ཕྱུང་སྟེ་བཏང་བ་ལ་དེ་དགེ་སློང་མ་དག་གིས་ཀྱང་གནས་ནས་བསྐྲད་པ་དང ། དེས་སྨྲས་པ། བདག་གིས་དགའ་བ་ནི། མ་ཚོར་རོ། །འོན་ཀུན་དགའ་བོའི་དྲུང་དུ་སོང་ཞིག་།ཅེས་སྨྲས་ནས་དེ་དེའི་དྲུང་དུ་སོང་བ་དང ། གནས་བརྟན་གྱིས་ཀྱང་མཐོང་ནས་དེས་གུས་པའི་ཚིག་ཏུ་མ་སྨྲས་པ་དང ། གནས་བརྟན་གྱིས་ཀྱང་བསྐྲད་ནས་དེ་འདི་སྙམ་དུ། བདག་འདི་འདྲ་བར་འཚོ་ཞིང་འདུག་པ་བས། སོང་ལ་བུམ་པ་བྱེ་མས་བཀད་བ་མགུལ་དུ་བཏགས་ཏེ་ཀླུང་ཨ་ཛིར་བ་ཏིར་མཆོང་ངོ ། །སྙམ་དུ་བསམ་ནས་དེས་བུམ་པ་བྱེ་མས་བཀང་བ་མགུལ་དུ་བཏགས་ཏ་ཀླུང་ཨ་ཛི་ར་བ་ཏིར་མཆོངས་པ་དང ། ཐ་གུ་ངན་པ་ཞིག་པས་ཆད་དེ་བྱིང་ཞིང་ནུབ་པ་གཡོན་ཅན་རྣམས་ཀྱིས་མཐོང་ནས་དེ་དག་གིས་ཕྱུང་སྟེ་བཞག་ནས་ནམ་འདུ་ཤེས་སླར་རྙེད་པ་དང ། དེ་ལ་སུན་འབྱིན་ཏོ། །དགེ་སློང་མ་དག་ཀྱང་ཚོལ་ཞིང་གནས་དེར་ལྷགས་པ་དང ། དེ་དག་གིས་དེ་ལ་སུན་འབྱིན་པར་མཐོང་ནས་དེས་སྨྲས་པ། འདི་སྔོན་ནི། དགེ་སློང་མ་ཡིན་ན། ད་དུང་ཡང་དགེ་སློང་མ་ཡིན་ནམ་ཞེས་སྨྲས་ནས་དེ་ལྟར་གྱུར་པ་དགེ་སློང་རྣམས་ལ་སྨྲས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཅི། ཁྱོད་ཀྱིས་དགའ་བ་ཚོར་རམ། བཙུན་པ། འགྲེས་ལྡོག་སུག་པ་གཡབས་ནས་བདག་ལ་མ་འཛིན་ཅིག་།ཅེས་སྨྲས་ན། དགའ་བ་ལྟ་ག་ལ་ཚོར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།བུད་མེད་ཀྱི་མོ་མཚན་གྱི་ཕྱོགས་ནི། ལས་རྣམ་པར་སྨིན་པ་ལས་སྐྱེས་ཏེ། འགྲེ་བ་ནི། ནན་གྱིས་བཟུང་བ་ཞེས་བྱ་བ་ནས་བདག་ Na442a ༄#། །ལ་མ་འཛིན་ཅིག་།ཅེས་སྨྲ་བ་ནི། ནན་གྱིས་བཟུང་བ་ཞེས་བྱ་བའི་བར་དུ་རྒྱས་པར་ཏེ། ནན་གྱིས་བཟུང་བ་ལ་ནི། ཉེས་པ་མེད་དོ། །མདོར་ན། ནོར་ཅན་དགོན་པར་འདུ་ཤེས་དང ། །བསོད་སྙོམས་བཅུ་དང་རྐུན་པོ་བཅུ། །གཞན་ཡང་ཤོ་གམ་གནས་ཀྱི་བཅུ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་སོ། །སྔོན་གྱི་རྫབ་དགེ་སློང་ནོར་ཅན་བསླབ་པའི་གནས་མ་བཅས་པས་ལས་དང་པོ་པ་ལ་ནི། ཉེས་པ་མེད་དེ། བདག་གིས་ནི། ཤིང་མང་ཞིག་མ་བྱིན་པར་བླངས་ཏེ་འོངས་ན། གང་ལ་བདག་ལས་དང་པོ་པར་འགྱུར་ཞེས་སེམས་ལ་གདུང་ཞིང་འགྱོད་དེ། འགྱོད་པར་གྱུར་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དང ། བསླབ་པའི་གནས་མ་བཅས་པས་སྔོན་གྱི་རྫ་བ་དགེ་སློང་ནོར་ཅན་ནི། ཀུན་ལས་ཀྱང་འདས་ཏེ་ཐམས་ཅད་དུ་ལས་དང་པོ་པ་ཡིན་པས་ལས་དང་པོ་པ་ལ་ཉེས་པ་མེད་དོ། །དགེ་སློང་ཞིག་དགོན་པ་ལ་བདག་པོ་མེད་པའི་ཡོ་བྱད་ལ་བདག་པོ་ཡོད་པར་འདུ་ཤེས་ནས་མ་བྱིན་པར་བླངས་པ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་པོ་ཡོད་པ་ལ་བདག་པོ་ཡོད་པར་འདུ་ཤེས་ན། ཕས་ཕམ་པར་འགྱུར་རོ། །བདག་པོ་ཡོད་པ་ལ་ཐེ་ཚོམ་དུ་གྱུར་ན། ཕས་ཕམ་པར་འགྱུར་རོ། །བདག་པོ་མེད་པ་ལ་བདག་པོ་ཡོད་པར་འདུ་ཤེས་ན། ཉེས་པ་སྦོམ་པོར་འགྱུར་རོ། །བདག་པོ་མེད་པ་ལ་བདག་པོ་མེད་པར་འདུ་ཤེས་ན། ཉེས་པ་མེད་ Na442b དོ། །དགེ་སློང་གིས་བསོད་སྙོམས་འབྲས་ཆན་ཞིག་མི་དབང་བར་བླངས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །བསོད་སྙོམས་འབྲས་ཆན་ལ་ཇི་ལྟ་བ་བཞིན་དུ་བསོད་སྙོམས་ཕྱེ་དང་ཕྱེ་ཚལ་བཙོས་པའི་བསོད་སྙོམས་དང ། བསོད་སྙོམས་ཤ་དང ། བསོད་སྙོམས་བག་ཚོས་རྣམས་ཐམས་ཅད་ཀྱང་དེ་བཞིན་དུ་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་མགྲོན་དུ་མ་བོས་པར་ཟན་ཟོས་པ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་བྱས་སུ་འགྱུར་རོ། །ལྗོངས་ཀོ་ས་ལར་དགེ་འདུན་གྱིས་བཤོས་བགོད་པ་ན་དགེ་སློང་གཞི་པ་ཞིག་གྲོང་གཞན་དུ་སོང་བ་དང ། དེ་དང་ལྷན་ཅིག་སྤྱོད་པ་གཉིས་ཤིག་ཡོད་དེ། དེ་གཉིས་ཀས་མཁན་པོའི་ཟན་སོ་སོར་མནོས་པ་དང ། དེ་གཉིས་འདི་སྙམ་དུ། ཁྱོད་ཀྱིས་ཀྱང་མནོས། ཁོ་བོས་ཀྱང་མནོས་ན། གང་གིས་མི་དབང་བར་བླངས་མི་ཤེས་ཏེ། ཕས་ཕམ་པའི་ཉེས་པར་མ་གྱུར་གྲང་སྙམ་དུ་བསམ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བླངས་པ་ལ་ཉེས་པ་མེད་དེ། གཞན་ཤེས་པར་བྱོས་ཤིག་།ལྗོངས་ཀོ་ས་ལར་དགེ་འདུན་གྱིས་བཤོས་བགོད་པ་ན། དགེ་སློང་གཞི་པ་ཞིག་གྲོང་གཞན་དུ་སོང་ནས་དགེ་སློང་དེའི་མཛའ་བོ་དེས་དེའི་ཟན་མནོས་པ་དང ། དེ་འོངས་ནས་སྨྲས་པ། ཚེ་དང་ལྡན་པ། ཁྱོད་ཀྱིས་ཁོ་བོའི་ཟན་མནོས་སམ། སྨྲས་པ། མནོས་སོ། །དགེ་སློང་དེས་ངས་མ་བཅོལ་བར་ཁྱོད་ Na443a ༄#། །ཀྱིས་ཅི་ཕྱིར་མནོས་ཞེས་སྨྲས་པ་དང ། དགེ་སློང་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། མ་བཅོལ་བར་ནི། མ་ནོད་ཅིག་།ལྗོངས་ཀོ་ས་ལར་དགེ་འདུན་གྱི་བཤོས་བགོད་པ་ན། དགེ་སློང་ནད་པ་ཞིག་ཡོད་དེ། དེའི་ནད་གཡོག་གིས་ཟན་མནོས་ཏེ། དེས་མནོས་ནས་སོང་བ་དང ། དགེ་སློང་དེའང་དུས་འདས་ནས་དེས་ཇི་ལྟར་བྱ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་སྔར་དུས་ལས་འདས་ལ། ཕྱིས་མནོས་ན་ནི། དེ་ཉིད་དུ་སླར་ཕུལ་ཅིག་།འོན་ཏེ་སྔར་མནོས་ལ་ཕྱིས་དུས་ལས་འདས་ན། ཡོ་བྱད་གཞན་ཇི་ལྟ་བ་དེ་ལྟར་བྱོས་ཤིག་།དགེ་སློང་ཞིག་གིས་དགེ་སློང་ཞིག་ལ་འདི་སྐད་དུ། ཚེ་དང་ལྡན་པ། ཚུར་ཤོག་།རྐུན་པོ་ལ་འདོང་ངོ ། །ཞེས་སྨྲས་ནས་དེ་གཉིས་དོང་སྟེ་ལམ་གྱི་ཕྱེད་དུ་ཕྱིན་པ་དང ། བདག་ཅག་ནི། དགེ་བར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་བས་རྐུན་པོ་བྱས་ན་ནི། བདག་ཅག་གཉིས་མི་མཛེས་ཤིང་མི་རིགས་སོ། །སྙམ་སྟེ་ངོ་ཚ་བའི་ཆོས་དང་ལྡན་པར་གྱུར་ནས་དེ་གཉིས་དེར་མ་དོང་བ་དང ། དེ་གཉིས་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་བྱས་སུ་འགྱུར་རོ། །དེ་དགེ་སློང་ཞིག་གིས་དགེ་སློང་དག་ཅིག་ལ་ཚེ་དང་ལྡན་པ་དག་།ཚུར་ཤོག་།རྐུན་པོ་ལ་འདོང་ཞེས་དེ་སྐད་སྨྲས་པ་དང ། དེ་དག་དོང་ནས་ལམ་གྱི་ཕྱེད་དུ་ཕྱིན་པ་དང ། བདག་ཅག་ནི། མི་མཛེས་སོ། །སྙམ་ནས་ངོ་ཚ་བའི་ཆོས་དང་ལྡན་པར་ Na443b གྱུར་ཏེ་དེ་དེར་མ་དོང་བ་དང ། དགེ་སློང་དེ་དག་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་བྱས་སུ་འགྱུར་རོ། །དེ་དག་བཞིན་དུ་བྱས་པ་ལས་གཅིག་ནི། ངོ་ཚ་བའི་ཆོས་དང་ལྡན་ནས་དེ་འདི་སྙམ་དུ། དེ་སྟེ་མ་སོང་ན་ནི། དེ་དག་གིས་བདག་འཚོ་བ་དང་ཕྲལ་བར་འགྱུར་གྱི། བདག་སོང་ལ་བདག་གིས་མ་བྱིན་པར་མི་བླང་ཞིང་བདག་གི་སྐལ་བ་མི་བཀུར་རོ། ། སྙམ་དུ་བསམ་ནས་དེས་དེར་མ་བྱིན་པར་མ་བླངས། སྐལ་པ་ཡང་མ་ཁྱེར་བ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་བཞི་ཉེས་པ་མེད་དེ། ཉེས་བྱས་སུ་འགྱུར་རོ། །དགེ་སློང་དག་གིས་དགེ་སློང་དག་ལ་ཚེ་དང་ལྡན་པ། ཚུར་ཤོག་།རྐུན་པོ་ལ་འདོང་ངོ ། །ཞེས་སྨྲས་ནས་དེ་དག་དེར་དོང་བ་དང ། དེ་དག་ལས། ཕྱེད་ནི། ལས་བྱེད། ཕྱེད་ནི། ལམ་སྲུང་ངོ ། །དེ་དག་ལས་ལམ་སྲུང་བ་གང་ཡིན་པ་དེ་དག་འདི་སྙམ་དུ། བདག་ཅག་གིས་ནི། མ་བླངས་ཤིང ། མ་བརྐུས་པས་ཉེས་པར་མི་འགྱུར་རོ། །སྙམ་དུ་བསམ་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་དངོས་པོ་ཚང་ན། ཕས་ཕམ་པར་འགྱུར་རོ། །དངོས་པོ་མ་ཚང་ན། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གིས་དགེ་སློང་ཞིག་ལ་ཚེ་དང་ལྡན་པ། ཚུར་ཤོག་།རྐུན་པོ་ལ་འདོང་ངོ ། །ཞེས་སྨྲས་ནས་དེ་དག་གིས་མ་བྱིན་པར་བླངས་པ་དང ། གཞན་དུ་ནི། དངོས་པོ་མ་ཚང་གི། དེ་གཉིས་ཀྱིས་གང་ Na444a ༄#། །ནས་བླངས་པ་དེ་ཉིད་དུ་དངོས་པོ་ཚང་ནས་དགེ་སློང་དེ་གཉིས་འགྱོད་པ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་གང་ནས་བསྐྱོད་པ་དེའི་རིན་ཐང་བརྩི་བར་བྱའོ། །དགེ་སློང་ཞིག་གིས་དགེ་སློང་དག་ཅིག་ལ་ཚེ་དང་ལྡན་པ་དག་།ཚུར་ཤོག་།རྐུན་པོ་ལ་འདོང་ངོ ། །གང་གིས་ཅི་ཐོབ་པ་དེ་དེ་ཉིད་དབང་ངོ ། །ཞེས་སྨྲས་ནས་དེ་དག་དེར་དོང་བ་དང ། དེ་དག་ལས་ཁ་ཅིག་གིས་ནི། ཐོབ། ཁ་ཅིག་གིས་ནི། མ་ཐོབ་ནས་དེ་དག་འགྱོད་པ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ།། དགེ་སློང་དེ་དག་ལ་རྐུན་པོས་ཀྱང་བྱིན། ཐུན་མོང་བ་དང ། སྲུང་བ་དག་གིས་ཀྱང་བྱིན་ན། དེ་དག་འགྱོད་པ་སྐྱེས་ནས་མ་བླངས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་གནང་བ་ནི། སྦྱིན་པར་བྱེད་པ་ལ་སྦྱིན་བདག་ཏུ་སེམས་ཉེ་བར་བཞག་སྟེ་ལོངས་ཤིག་།དགེ་སློང་ཞིག་གི་ལྷན་ཅིག་སྤྱོད་པ་དེ་རྐུན་པོས་ཁྲིད་པ་དང ། དེ་དེ་ནས་བོས་ཏེ་འོངས་ནས་དགེ་སློང་དེ་འགྱོད་པ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་བདག་ཉིད་ཀྱིས་བདག་རྐུར་རུང་གི་།ཉེས་པ་མེད་དོ། །དགེ་སློང་ཞིག་ལ་ཤོ་གམ་བཅད་པའི་རྫས་ཤིག་ལག་ན་ཡོད་ན། དེ་སྟེ་ཤོ་གམ་གྱི་གནས་ལས་འདས་ན་ནི། ཕས་ཕམ་པར་འགྱུར་རོ། །དེ་འདི་སྙམ་དུ། འདི་ནི། བདག་གི་མའི་འོ། །འདི་ནི། བདག་གི་ཕའི་འོ། །འདི་ནི། བདག་གི་ཕུ་བོའི་འོ། ། Na444b འདི་ནི། བདག་གི་སྲིང་མོ་དང ། མཁན་པོ་དང ། སློབ་དཔོན་དང ། མཆོད་རྟེན་དང ། དགེ་འདུན་རྣམས་ཀྱིའོ། །སྙམ་དུ་བསམ་ནས་མང་པོ་ལ་བསྔོས་ཏེ་འདས་ན། ཉེས་པ་སྦོམ་པོར་འགྱུར་རོ། །ནམ་མཁའ་ལས་འདས་ན་ནི། ཉེས་པ་མེད་དོ། །མདོར་ན། ཁྲིའུ་དང་གླེགས་བམ་སེང་རས་དང ། །ཆང་དང་ཤ་དང་གོས་དང་ནང ། །ཕྱག་དར་ཁྲོད་དང་དུར་ཁྲོད་དང ། །དུར་ཁྲོད་ཀྱི་ནི་གནས་གཉིས་སོ། །དགེ་སློང་ཞིག་གིས་ཁྲིའུ་ཞིག་བརྙས་ནས་ཁྱེར་ཏེ་འོངས་ནས་དེས་སླར་མི་སྦྱིན་ནོ། །སྙམ་དུ་བསམ་པ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ།་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གིས་གླེགས་བམ་ཞིག་བརྙས་ནས་ཁྱེར་ཏེ་འོངས་པ་དང ། དེ་ཡང་རྒྱས་པར་དེ་བཞིན་ནོ། །དགེ་སློང་ཞིག་གིས་སེང་རས་ཤིག་མ་བྱིན་པར་བླངས་ཏེ།་དེས་དེ་བརྐུས་ནས་བཤིག་པ་དང ། དེའི་ནང་ནས་དར་རིན་ཐང་ཆེན་པོ་ཞིག་བྱུང་སྟེ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེང་རས་ཀྱི་རིན་ཐང་བརྩི་བར་བྱའོ། །རྐུན་པོ་དག་གིས་ཆང་ཞིག་ཁྱེར་ཏེ་དགོན་པ་ལ་དོང་ནས་ཆང་ཁ་ཅིག་ནི། འཐུངས། ཁ་ཅིག་ནི། སྦས་ཏེ་དོང་བ་དང ། དགེ་སློང་དག་ཀྱང་གནས་དེར་ཉིན་པར་སྤྱོད་པའི་ཕྱིར་དོང་པ་དང ། དེ་དག་གིས་དེ་མཐོང་ནས་དེ་དག་གིས་ཚཝར་འགྱུར་གྱི། སོང་ལ་གཙུག་ལག་ཁང་དུ་སྐྱོལ་ཅིང ། ཅེས་སྨྲས་ནས། དེ་གཙུག་ལག་ཁང་དུ་བསྐྱལ་ཏོ། །རྐུན་པོ་དག་ཀྱང་སྐོམ་ནས་དེར་སོང་སྟེ་བཙལ་བ་ Na445a ༄#། །དང ། མ་རྙེད་ནས་དེ་དག་གིས་དགེ་སློང་དེ་དག་མཐོང་སྟེ་དེ་དག་ལ་བཙུན་པ། ཀྱེ་ཁྱེད་ཀྱིས་ཆང་ཞིག་མ་བསྣམས་སམ་ཞེས་དྲིས་པ་དང ། དགེ་སློང་དེ་དག་གིས་ཁྱེར་རོ། །ཞེས་སྨྲས་པ་དང ། རྐུན་པོས་བཙུན་པ། ཁོ་བོ་ཅག་གི་ཆང་བརྐུས་པས་ཁྱེད་ནི། རྐུན་མའོ། །ཞེས་སྨྲས་པ་དང ། དགེ་སློང་དེ་དག་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། བདག་པོ་ཡོད་དམ་མེད་ཤིན་ཏུ་བརྟགས་ལ་བླང་བར་བྱའོ། །དེ་ལྟར་ཤ་ལའང་དེ་བཞིན་ནོ། །རྐུན་པོས་གྲོང་བཅོམ་ནས་རམ་མདར་བསྙེགས་པ་དང ། གཙུག་ལག་ཁང་དུ་ཕྱིན་ཏེ་དེ་དག་སྐྲག་པས་གཙུག་ལག་ཁང་དུ་སོང་ནས་གོས་ཀྱང་དགེ་སློང་དག་ལ་ཕུལ་ནས་དགོན་པ་ལ་བྲོས་པ་དང ། ཁྱིམ་བདག་དེ་དག་གིས་གཙུག་ལག་ཁང་དེ་བསྐོར་ནས་དེ་དག་གཙུག་ལག་ཁང་དུ་དོང་བ་དང་དེ་དག་གིས་དགེ་སློང་དག་གི་ལག་པ་ན་གོས་དེ་དག་འདུག་པར་མཐོང་ནས་དེ་དག་གིས་གོས་འདི་ནི། བདག་ཅག་གིའོ། །ཞེས་སྨྲས་པ་དང ། དགེ་སློང་དེ་དག་གིས་ཁོ་བོ་ཅག་ལ་རྐུན་པོས་བྱིན་ནོ། །ཞེས་སྨྲས་པ་དང ། དགེ་སློང་དེ་དག་འགྱོད་པ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། རྐུན་པོས་བརྐུས་ནས་བསྟབ་པའི་ནོར་མ་ལེན་ཅིག་།འོན་ཏེ་རྐུན་པོ་རྒྱལ་མཚན་ཅན་ཞིག་གིས་བྱིན་ན་ནི། དེ་ལས་བླངས་པར་བྱོས་ལ། གོས་གྲིས་དྲོས་ལ་ཁ་དོག་བསྒྱུར་ཏེ་ཆོངས་ཤིག་།དེ་ཁ་དོག་བསྒྱུར་ཀྱང་སླར་སློང་ན། དེའང་བྱིན་ཅིག་།བཙོ་བླག་ Na445b མཁན་ཞིག་གིས་གོས་ཐལ་ཆུའི་ནང་དུ་བཅུག་པ་དང ། དེས་བརྗེད་དེ་གྲོང་དུ་སོང་ངོ ། །དེས་ཡང་གོས་དྲན་པར་གྱུར་ནས་དེ་སླར་ལོག་སྟེ་སོང་བ་དང ། དགེ་སློང་ཞིག་ཀྱང་ཕྱག་དར་ཁྲོད་ཀྱི་གོས་ཚོལ་ཞིང་གནས་དེར་ཕྱིན་ནས་དེ་གོས་དེ་མཐོང་སྟེ་དགེ་སློང་དེས་གོས་དེ་བླངས་ནས་སོང་བ་དང ། བཙོ་བླག་མཁན་དེས་མཐོང་ནས་བཙུན་པ། གོས་མ་བརྐུ་ཞེས་སྨྲས་པ་དང ། དགེ་སློང་གིས་ཁོ་བོ་ཕྱག་དར་ཁྲོད་ཀྱི་གོས་ཚོལ་བ་ལས་འདི་མཐོང་ན། ཁྱོད་ལ་འདི་ཅིར་དགོས་ཞེས་སྨྲས་པ་དང ། བཙོ་བླག་མཁན་གྱིས་བཙུན་པ། ཁོ་བོས་གོས་འདི་ཐལ་སྐྱོར་བཅུག་པ་ལས་བརྗེད་དེ། འདི་ནི། བདག་གི་གོས་ལགས་ཀྱི། མ་བརྐུ་ཞིག་།ཁྱོད་ཀྱིས་ནི། མ་བྱིན་པར་བླངས་སོ། །ཞེས་སྨྲས་པ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། བདག་པོ་གཞན་ཡོད་དམ་མེད་ཤིན་ཏུ་བརྟགས་ལ་བླང་བར་བྱའོ། །བཙོ་བླག་མཁན་གྱིས་གོས་ཤིག་བཀྲུས་ཏེ་ཤིང་དྲུང་དུ་འདུག་པ་དང ། ཕྱག་དར་ཁྲོད་པ་ཞིག་ཕྱག་དར་ཁྲོད་པའི་གོས་ཚོལ་ཞིང་གནས་དེར་ཕྱིན་ཏེ། དེས་གོས་དེ་མཐོང་ནས་གོས་དེ་བླངས་ཏེ་སོང་བ་དང ། བཙོ་བླག་མཁན་དེས་མཐོང་ནས་བཙུན་པ། འདི་ནི། བདག་གིས་གོས་ལགས་ཀྱི། མ་བརྐུ་ཞིག་།ཅེས་སྨྲས་པ་དང ། དེ་སྟེ་ཁྱོད་ཀྱི་ཡིན་ན། སླར་ཁྱེར་ཅིག་།དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་བརྟག་པར་བྱ་བ་རྒྱས་པར་རོ། །ཁྱིམ་བདག་ཅིག་གིས་གོས་བཞག་སྟེ་བཤང་བ་བྱེད་པ་དང ། ཕྱག་ Na446a ༄#། །དར་ཁྲོད་པ་ཞིག་ཕྱག་དར་ཁྲོད་པའི་གོས་ཚོལ་ཞིང་གནས་དེར་ཕྱིན་པ་དེས་མཐོང་ནས་དེས་དེ་ཁྱེར་ཏེ་སོང་བ་དང ། ཁྱིམ་བདག་དེའང་ལངས་ཏེ་བཙུན་པ། འདི་ནི། བདག་གི་བགོ་བ་ལགས་ཀྱི། མ་བརྐུ་ཞིག་།ཅེས་སྨྲས་པ་དང ། དེ་སྟེ་ཁྱོད་ཀྱི་ཡིན་ན། སླར་ཁྱེར་ཅིག་།དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། ཤིན་ཏུ་རྟོགས་ལ་ཁྱེར་ཅིག་།ཛེ་ཏའི་ཚལ་ནས་ཤིན་ཏུ་མི་རིང་བ་ཞིག་ན་ཞིང་རྨེད་པའི་ལས་བྱེད་པ་ཞིག་གོས་རྣམས་བཞག་སྟེ་ཞིང་རྨེད་པ་དང ། དགེ་སློང་ཕྱག་དར་ཁྲོད་པ་ཞིག་ཕྱག་དར་ཁྲོད་ཀྱི་གོས་ཚོལ་ཞིང་གནས་དེར་ཕྱིན་ཏེ་དེས་གོས་དེ་མཐོང་ནས་དེས་གོས་དེ་ཁྱེར་ཏེ་སོང་བ་དང ། ཞིང་རྨེད་པའི་ལས་བྱེད་པ་དེས་མཐོང་ནས་བཙུན་པ། གོས་མ་བརྐུ་ཞིག་།ཅེས་སྨྲས་པ་དང ། དེས་དེ་ལ་མ་ཉན་པ་དང ། དེས་ཀྱང་བརྒྱུགས་ཏེ་བཟུང་ནས་བཙུན་པ། རིགས་སམ། གོས་དེ་མ་བྱིན་པར་མ་བླང་ཞིག་།འདི་ནི། ཁོ་བོ་ཕྱག་དར་ཁྲོད་ཀྱི་གོས་ཚོལ་བ་ན་མཐོང་སྟེ་ཁྱོད་ལ་འདི་ཅིར་དགོས། བཙུན་པ། གོས་འདི་བཞག་ནས་བདག་ཞིང་རྨེད་རྨེད་དེ། གོས་འདི་ནི། བདག་གིའོ། །ཞེས་སྨྲས་ནས་དེ་སྟེ་ཁྱོད་ཀྱི་ཡིན་ན། སླར་ཁྱེར་ཅིག་།དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། ཤིན་ཏུ་བརྟགས་པར་ Na446b བགྱིས་ཏེ་ལོངས་ཤིག་།ཁྱིམ་བདག་ཅིག་གིས་དགེ་སྦྱོང་ཤཱཀྱའི་བུ་རྣམས་ནི། ལྟུང་བའི་གོས་རྣམས་ཕྱར་དར་གྱི་གོས་སོ། །ཞེས་ཁྱེར་རོ། །ཞེས་ཐོས་པ་དང ། དེས་རེས་རིན་ཆེ་བ་ཞིག་ལ་ཀཪྴ་པ་ཎ་བརྒྱད་ཕུར་པ་ཕུར་ཏེ་ཕྱག་དར་སྤུངས་པའི་ཁྲོད་དུ་བརྐོས་ནས་སྦས་ཏེ་ཁ་ཚར་ཙམ་ཞིག་སྣང་བར་བྱས་ཏེ་སོང་བ་དང ། དགེ་སློང་ཞིག་ཕྱག་དར་ཁྲོད་ཀྱི་གོས་ཚོལ་ཞིང་གནས་དེར་ཕྱིན་ཏེ། དེས་ཁ་ཚར་མཐོང་ནས་དེས་དེ་ནས་དྲངས་ཏེ་ཁྱེར་བ་དང ། ཁྱིམ་བདག་དེས་མཐོང་ནས་བཙུན་པ། རས་མ་བརྐུ་ཞིག་།ཅེས་སྨྲས་པ་དང ། དགེ་སློང་གིས། ངས་འདི་ནི། ཕྱག་དར་ཁྲོད་ཀྱི་གོས་ཚོལ་བ་ལས་རྙེད་ན། དེ་ཁྱོད་ལ་ཅིར་དགོས་ཞེས་སྨྲས་པ་དང ། བཙུན་པ། བདག་གིས་ནི། དགེ་སྦྱོང་ཤཱཀྱའི་བུ་རྣམས་ཀྱིས་ལྟུང་བའི་གོས་གང་རྙེད་པ་དེ། ཕྱག་དར་ཁྲོད་པའོ། །ཞེས་ཏེ་ཁྱེར་རོ། །ཞེས་ཐོས་ནས་བདག་གིས་རས་ལ་ཀཪྴ་པ་ཎ་བརྒྱད་ཕུར་པ་ཕུར་ཏེ་ཕྱག་དར་སྤུངས་པར་སྦས་པའོ། །དགེ་སློང་དེས་ཀཪྴ་པ་ཎ་བརྒྱད་པོ་དེ་མཐོང་ནས་དེ་སྟེ་ཁྱོད་ཀྱི་ཡིན་ན། ཁྱེར་ཅིག་།ཅེས་སྨྲས་ནས་དགེ་སློང་དེ་འགྱོད་པ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། ཤིན་ཏུ་བརྟགས་ལ་བཀུར་བར་བྱའོ། །ཁྱིམ་བདག་གི་ཁྱེའུ་ཞིག་གིས་སྲང་དུ་གོས་བཞག་སྟེ་རྩེད་མོ་རྩེའོ། །དེ་རྩེས་ནས་ཁྱིམ་དུ་སོང་བ་དང ། དགེ་སློང་ཞིག་ཕྱག་དར་ཁྲོད་ཀྱི་གོས་ཚོལ་ཞིང་གནས་དེར་འོངས་པ་དང ། དེས་གོས་དེ་མཐོང་ནས་ Na447a ༄#། །དེས་དེ་བླངས་ཏེ་སོང་བ་དང ། བུད་མེད་ཅིག་ཀྱང་ཁྱིམ་དེ་ནས་བྱུང་སྟེ་དེས་ཀྱང་དགེ་སློང་དེ་མཐོང་ནས་བཙུན་པ། གོས་མ་བརྐུ་ཞིག་།ཅེས་སྨྲས་པ་དང ། འདི་ནི། ཁོ་བོས་ཕྱག་དར་ཁྲོད་ཀྱི་གོས་ཚོལ་བ་ན་རྙེད་དོ། །བཙུན་པ། ཁོ་མོའི་ཁྱེའུ་རྩེ་བ་ན་གོས་བརྗེད་དེ་ཁྱིམ་དུ་མཆིས་སོ། །ཞེས་སྨྲས་པ་དང ། དེ་སྟེ་ཁྱོད་ཀྱི་ཡིན་ན། ཁྱེར་ཅིག་།དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་བརྟགས་ལ་བླང་བར་བྱོས་ཤིག་།དགེ་སློང་ཞིག་གིས་ཕྱག་དར་ཁྲོད་པའི་གོས་སྦས་ཏེ་མཉན་དུ་ཡོད་པར་བསོད་སྙོམས་ལ་ཞུགས་པ་དང ། དགེ་སློང་གཞན་ཞིག་ཀྱང་ཕྱག་དར་ཁྲོད་ཀྱི་གོས་ཚོལ་ཞིང་གནས་དེར་ཕྱིན་ནས་དེས་དེ་མཐོང་སྟེ་བཀྲུས་པ་དང ། དགེ་སློང་དེས་ཀྱང་ཕྱག་དར་ཁྲོད་ཀྱི་གོས་བཙལ་ན་མ་རྙེད་ནས་དེས་དགེ་སློང་དེ་འཁྲུ་བ་མཐོང་ནས། དེས་ཚེ་དང་ལྡན་པ། ཁྱོད་ལ་ནི། ཕས་ཕམ་པའི་ཉེས་པ་བྱུང་ངོ ། །ཞེས་སྨྲས་པ་དང ། ཅིའི་ཕྱིར། ཁོ་བོའི་ཕྱག་དར་ཁྲོད་ཀྱི་གོས་འདི་མ་བྱིན་པར་བླངས་པའི་ཕྱིར་རོ། །འདི་ལ་ནི། བདག་པོ་ཡོད་པར་ཁོ་བོས་མ་ཤེས་སོ། །ཞེས་སྨྲས་པ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། ཤིན་ཏུ་བརྟགས་ལ་བླང་བར་གྱིས་ཤིག་།དགེ་སློང་དེ་དག་གིས་ཀྱང་མི་གཙང་བས་རེག་པའི་ཕྱག་དར་ཁྲོད་ཀྱི་གོས་བཅངས་ Na447b པ་དང ། ལྷ་ཕྲན་རྣམས་འཕྱ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱག་དར་ཁྲོད་ཀྱི་གོས་ནི། ཤིན་ཏུ་བཀྲུས་ཏེ་ལེགས་པར་བཙེམས་ལ་བཅང་བར་བྱ་ཡི། དགེ་སློང་དག་གིས་མི་གཙང་བས་རེག་པའི་ཕྱག་དར་ཁྲོད་ཀྱི་གོས་མ་འཆང་ཞིག་།འཆང་བ་གང་ཡིན་པ་དེ་ནི། ཉེས་བྱས་སུ་འགྱུར་རོ། །དགེ་སློང་དེ་དག་གིས་བདག་པོ་ཡོད་པའི་དུར་ཁྲོད་ནས་གོས་བླངས་པ་དང ། རིགས་ངན་རྣམས་ཀྱིས་གང་ཅུང་ཟད་བདག་ཅག་གིས་ལས་སུ་བྱ་བ་ཐམས་ཅད་འདི་དག་གི་ཕྱིར་བྱེད་ན། འདི་ནས་གོས་མ་བརྐུ་ཞིག་།ཅེས་དེ་སྐད་མི་སྙན་པར་སྨྲ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་པོ་དང་བཅས་པའི་དུར་ཁྲོད་ནས་གོས་མ་ལེན་ཅིག་།བླངས་ན། ཉེས་པ་སྦོམ་པོར་འགྱུར་རོ། །དུར་ཁྲོད་ནས་ཤིན་ཏུ་མི་རིང་བ་ཞིག་ན་ལོག་པའི་ལྷ་ཁང་ཞིག་ཡོད་དེ། དེ་ནས་རས་ཤིག་རླུང་གིས་ཁྱེར་ནས་དུར་ཁྲོད་དུ་ལྷུང་བ་དང ། དགེ་སློང་ཞིག་ཕྱག་དར་ཁྲོད་ཀྱི་གོས་ཚོལ་ཞིང་དུར་ཁྲོད་དུ་འོངས་པ་དེས་རས་དེ་རྙེད་ནས་དེ་བླངས་ཏེ་ཁྱེར་བ་དང ། ལོག་པའི་ལྷ་ཁང་ན་གནས་པ་དེ་དག་གིས་མཐོང་ནས་བཙུན་པ། བདག་གི་རས་འདི་ལོག་པའི་ལྷ་ཁང་ནས་དུར་ཁྲོད་དུ་ལྷུང་བ་ཡིན་གྱི། རས་འདི་མ་བརྐུ་ཞིག་།ཅེས་སྨྲས་པ་དང ། དེ་སྟེ་ཁྱོད་ཀྱི་ཡིན་ན། སླར་ཁྱེར་ཅིག་།དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་པོ་གཞན་ Na448a ༄#། །ཡོད་མེད་ཤིན་ཏུ་རྟོགས་ལ་ལོངས་ཤིག།། །།སརྦ་མངྒ་ལཾ།། །། Pa1b ༄##། །འདུལ་བ་གཞུང་དམ་པ་བམ་པོ་ཉེར་གསུམ་པ། མདོར་ན། ཁྱེའུ་གཉིས་རྒལ་བ་གསུམ་པ་དང ། །འཕྲིན་པ་དག་དང་དགེ་འདུན་ཞིང ། །ཡོ་བྱད་རྣམས་དང་ཕུར་བ་དང ། །ཤིང་དང་བྱ་ཚང་རྣམ་གཉིས་སོ། །ཚེ་དང་ལྡན་པ་མོའུ་འགལ་གྱི་བུ་ཆེན་པོས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་བུ་རྣམས་ཐར་པར་བྱས་པ་ནི། རྒྱས་པར་རྣམ་པར་ Pa2a ༄#། །འབྱེད་པ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་གདུགས་ཚོད་ལ་སྤྱན་དྲངས་ནས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ནི། བྱོན་གྱི།་དགེ་སློང་ཞིག་གཙུག་ལག་ཁང་ན་འདུག་སྟེ་བསོད་སྙོམས་མནོས་སོ། །དེ་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ཁྱེའུ་རྣམས་ཛེ་ཏའི་ཚལ་ན་རྩེ་བ་ལས། གཡོན་ཅན་དག་གིས་བརྐུས་པ་དགེ་སློང་དེས་མཐོང་སྟེ། དེས་སྔགས་བསླབ་ནས་རིང་པོ་མ་ལོན་པར་དེས་འདི་སྙམ་དུ། མ་ལ་བདག་གིས་སྔགས་འདིས་སད་དོ། །སྙམ་དུ་བསམ་ནས་དེས་སྔགས་དེ་བརྗོད་པ་དང ། Pa2b གཡོན་ཅན་དེ་དག་དཔུང་གི་ཚོགས་བཞིས་བསྐོར་བར་གྱུར་ནས་དེ་དག་གིས་ཁྱེའུ་དེ་རྣམས་བོར་ཏེ་བྲོས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་ཐོས་ནས་དེ་ལ་དགེ་སློང་དག་གིས་འདི་ནི། ཕས་ཕམ་པའི་ཉེས་པ་བྱུང་ངོ ། །ཞེས་སྨྲས་པ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས།་དགེ་སློང་ཁྱེད་ཀྱིས་ཇི་ལྟར་བསམ་སྟེ་ཁྱེའུ་རྣམས་ཐར་པར་བྱས་ཞེས་རྨས་པ་དང ། སྔགས་སད་པར་བསམ་མོ། །ཞེས་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔགས་བརྗོད་པ་ལ་ཉེས་པ་མེད་དོ། །ལྗོངས་ཀོ་ས་ལར་དགེ་འདུན་གྱིས་ཆོས་གོས་བགོས་པ་དང ། དགེ་སློང་གཞི་བ་ཞིག་གྲོང་གཞན་དུ་སོང་བ་དང ། དེ་ལ་ལྷན་ཅིག་སྤྱོད་པ་གཉིས་ཤིག་ཡོད་དེ། དེ་གཉིས་ཀྱིས་མཁན་པོའི་གོས་སོ་སོར་མནོས་སོ། །དེ་གཉིས་ཀྱིས་མནོས་ཏེ་དོང་བ་དང ། གཅིག་ལ་གཅིག་མཁན་པོའི་གོས་ཁྱོད་ཀྱིས་མནོས་སམ་ཞེས་དྲིས་སོ། །ཁྱོད་ཀྱིས་ཀྱང་མནོས་ Pa3a ༄#། །ཁོ་བོས་ཀྱང་མནོས་ན། གང་གིས་མི་དབང་བར་མནོས་པས། ཕས་ཕམ་པ་བྱུང་བ་ནི། མི་ཤེས་སོ། །ཞེས་སྨྲས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མནོས་པ་ལ་ཉེས་པ་མེད་དེ། འོན་ཀྱང་གཞན་ཤེས་པར་བྱོས་ཤིག་།ལྗོངས་ཀོ་ས་ལར་དགེ་འདུན་གྱིས་གོས་བགོས་པ་དང ། དགེ་སློང་གཞི་བ་ཞིག་གྲོང་གཞན་དུ་སོང་ནས་དགེ་སློང་དེའི་མཛའ་བོ་ཞིག་ཡོད་དེ། དེས་དེའི་གོས་མནོས་ནས་དེས་འོངས་པ་དང་འདི་སྐད་དུ། ཚེ་དང་ལྡན་པ། འདི་ནི། ཁྱེད་ཀྱི་གོས་ཡིན་ཏེ། ཁོ་བོས་མནོས་ནས་འོངས་སོ། །ཞེས་སྨྲས་པ་དང ། ངས་ཁྱོད་ལ་མ་བཅོལ་ཏོ། །ཞེས་སྨྲས་པ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ཏེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། མ་བཅོལ་བར་རྙེད་པ་མ་ནོད་ཅིག་།མནོས་ན། ཉེས་བྱས་སུ་འགྱུར་རོ། །ལྗོངས་ཀོ་ས་ལར་གོས་རྣམས་བགོས་པའི་ཚེ་དགེ་སློང་ཞིག་ན་བ་དང་དེའི་ནད་ Pa3b གཡོག་གིས་གོས་མནོས་ནས་དེ་ཁྱེར་ཏེ་སོང་བ་དང ། དགེ་སློང་དེའང་དུས་ལས་འདས་ཏེ་དགེ་སློང་དེས་ཇི་ལྟར་བྱ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་སྔར་དུས་ལས་འདས་ལ་ཕྱིས་མནོས་ན་ནི། དེ་ཉིད་དུ་སླར་ཕུལ་ཅིག་།འོན་ཏེ་སྔར་མནོས་ལ་ཕྱིས་དུས་ལས་འདས་ན་ནི། ཡོ་བྱད་གཞན་ཇི་ལྟ་བ་དེ་ལྟར་བྱོས་ཤིག་།དགེ་སློང་ཞིག་གིས་དགེ་སློང་ཞིག་ལ་ཚེ་དང་ལྡན་པ། ཚུར་ཤོག་།ཆུང་ངུ་ཆུང་ངུ་ནས་མ་བྱིན་པར་བླངས་དང ། ཉེས་པར་མི་འགྱུར་རོ། །ཞེས་སྨྲས་པ་དང ། དགེ་སློང་དག་གིས་ཐོས་ནས་བཅོམ་ལྡན་འདས་ལ་གསོལ་ཏོ། ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱོར་བ་གཅིག་གིས་རིན་ཐང་བརྩི་བར་བྱའོ། །ཁྱིམ་བདག་ཅིག་དགེ་འདུན་གྱི་ཞིང་རྨེད་པ་དང ། དེ་ལ་དགེ་སློང་གཞི་བ་ཞིག་འོངས་ནས་འདི་སྐད་དུ།་ཁྱིམ་བདག། ཡང་ན་ཤས་བྱིན་ཅིག་།ཡང་ན་ཞིང་མ་རྨེད་ཅིག་།ཅེས་སྨྲས་ཀྱང་དེས་མ་མཉན་ཏེ་རྨོས་པ་དང ། དགེ་སློང་དེས་ཐོང་བའི་རྩེ་མོར་ཉལ་ལོ། །དེ་ནས་ཁྱིམ་བདག་དེས་ཐོང་བ་བོར་ནས་འདི་སྐད་དུ། དགེ་སློང་འདི་ལྟ་བུ་དང་བྲལ་བར་ཤོག་ཅིག་།ཅེས་འཕྱ་ཞིང་སྤོང་སྟེ་མི་སྙན་པར་ཟེར་བ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་ཉེས་པ་མེད་དེ། ཕྱིན་ཆད་དགེ་སློང་གིས་འདི་ལྟར་ལུས་མི་སྡུག་པར་མ་བྱེད་ཅིག་།དགེ་སློང་ཞིག་གིས་དགེ་སློང་ཞིག་ལ་འདི་སྐད་དུ། ཚེ་དང་ལྡན་པ། ཚུར་ཤོག་།མཆོད་ Pa4a ༄#། །རྟེན་གྱི་ནོར་བརྐུས་ཀྱང་བདག་ཅག་གཉིས་ལ་ཉེས་པར་མི་འགྱུར་རོ། །ཞེས་སྨྲས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།མཆོད་རྟེན་གྱི་ཡོ་བྱད་སྲུང་མ་ཡོད་པ་ལས་ནི། དེ་སྟེ་རིན་ཐང་ཚང་ན། ཕས་ཕམ་པར་འགྱུར་རོ། །དགེ་སློང་གཞི་པ་ཞིག་དགེ་འདུན་གྱི་ཞིང་རྨེད་དུ་བཅུག་པ་དང ། དེ་ནས་ཤིན་ཏུ་མི་རིང་བ་ཞིག་ན། ཁྱིམ་བདག་ཅིག་ཀྱང་ཞིང་རྨེད་དེ་ཁྱིམ་བདག་དེ་འོངས་ནས། བཙུན་པས་ཁོ་བོའི་ཞིང་མ་རྨོ་ཞིག་།ཅེས་སྨྲས་པ་དང ། འདི་ཁྱོད་ཀྱི་མ་ཡིན་ཏེ། དགེ་འདུན་གྱི་ཞིང་ངོ ། ། བཙུན་པ་ཁོ་བོའི་དབང་དུ་མི་མ་ཡིན་པས་བསྟན་ཏོ། །ཞེས་སྨྲས་ནས། ཁྱིམ་བདག་དེས་སྔོན་མཚམས་སུ་ཕུར་པ་བཏབ་པ་དེ་བརྐོས་སོ། །དེ་བརྐོས་ནས་བསྟན་པ་དང ། དེས་ཐོང་བ་བོར་ནས་ཁྱིམ་བདག་དེ་སོང་བའི་འོག་ཏུ་དེས་དེའི་ཕུར་བ་ནང་དུ་བསྣུར་ཏེ་ཞིང་རྨོས་པ་དང ། ཁྱིམ་བདག་དེ་སླར་འོངས་ནས་བཙུན་པ། ད་གཟོད་ཀྱང་ཁོ་བོ་རྒྱལ་ན། ཅིའི་ཕྱིར་ད་དུང་ཡང་ཞིང་རྨེད་ཅེས་སྨྲས་པ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་དངོས་པོ་ཚང་ན། ཕས་ཕམ་པར་འགྱུར་རོ། །དགེ་སློང་ཞིག་གིས་ཁྱིམ་བདག་གི་མེ་ཏོག་གི་ཤིང་ཞིག་མ་བྱིན་པར་བླངས་པ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་དངོས་པོ་ཚང་ན། ཕས་ཕམ་པར་ Pa4b འགྱུར་རོ། །འབྲས་བུའི་ཤིང་ཡང་དེ་བཞིན་ནོ། །དགེ་སློང་གི་འཆག་སར་ཤིང་ཞིག་སྐྱེས་ཏེ་དེ་ལ་འོལ་པའི་ཚང་འཆོས་ནས་དེས་དེ་དག་འཆག་པ་ལ་ཤིང་འདོར་ཞིང་སྐད་འབྱིན་པ་དང ། དེས་དེའི་ཚང་བཤིག་ནས་འོལ་པ་དེ་སྐད་འབྱིན་པ་དང ། བཅོམ་ལྡན་འདས་ཀྱིས་དགའ་བོ་ལ་དགའ་བོ། འོལ་བ་ཅིའི་ཕྱིར་སྐད་འབྱིན་ཅེས་སྨྲས་པ་དང ། དགེ་སློང་དག་གིས་འོལ་པའི་ཚང་བཤིག་པའི་སླད་དུའོ། །འོལ་པའི་ཚང་མ་བཤིག་ཅིག། །སུས་བཤིག་པ་དེ་ལ་ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་འོལ་པའི་ཚང་བཤིག་ནས་ཚོན་བསྐོལ་བ་དེ་ཡང་རྒྱས་པར་དེ་བཞིན་ནོ། །མདོར་ན། ལ་ཕུག་སྡོང་བུ་འབྲས་བུ་དང ། །འདབ་མ་མེ་ཏོག་རྣམ་གསུམ་དུ། །རྟ་དང་རྟ་ཞོན་བརྐུ་བ་དང ། །གྲུ་རྒལ་བ་དང་ནོར་བུའོ། །མཉན་དུ་ཡོད་པ་ན་ཁྱིམ་བདག་ཅིག་ལ་ལ་ཕུག་གི་ར་བ་ཞིག་ཡོད་དེ། དེར་དགེ་སློང་ཞིག་སོང་ནས་འདི་སྐད་དུ། ལ་ཕུག་བསླང་ཞེས་སྨྲས་པ་དང ། བཙུན་པ། རིན་སྩོལ་ཅིག། རིན་མེད་དོ། །རིན་མེད་པར་ཇི་ལྟར་གསོལ། ཆོས་ཀྱི་ཕྱིར་རིན་མེད་པར་བྱིན་ཅིག་།བཙུན་པ། དེ་སྟེ་འདིར་འོངས་སོ་ཅོག་ལ་རིན་མེད་པར་བྱིན་ན། ཁོ་བོ་ཅག་གི་ཟས་དང་གོས་ཅུང་ཟད་ཀྱང་མེད་པར་འགྱུར་རོ། །ཞེས་སྨྲས་པ་དང ། ཅི། ཅུང་ཟད་ཀྱང་མི་སྦྱིན་ནམ།་ཅུང་ཟད་ཀྱང་མི་གསོལ་ལོ། །ཞེས་སྨྲས་པ་དང ། དེས་ལ་ཕུག་གི་ར་བ་དེ་སྔགས་ཀྱིས་བསྡམས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་ནི། Pa5a ༄#། །མེད་མོད་ཀྱི་ཉེས་པ་སྦོམ་པོར་འགྱུར་རོ། །ལ་ཕུག་གི་ར་བ་ཇི་ལྟ་བ་བཞིན་དུ་སྡོང་བུའི་ར་བ་དང ། ལོ་མའི་ར་བ་དང ། འབྲས་བུའི་ར་བ་རྣམ་ཀྱང་དེ་བཞིན་ནོ། །རྟ་ཞི་གི་རྩ་ཟ་ཞིང་འདུག་པ་དང ། དགེ་སློང་ཞིག་གིས་རྩཝ་ཆང་བ་གང་བླངས་ནས་རྟའི་མདུན་དུ་བསྒྲེང་བ་དང ། དེ་ཡང་དེའི་ཕྱི་བཞིན་དུ་འོངས་པར་གྱུར་ནས་དགེ་སློང་དེས་འདི་ལྟར་བརྐུ་བར་བྱའོ། །སྙམ་སྟེ་ལུས་རྣམ་པར་བསྒྱུར་བ་དང ། དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་ནི། མེད་ཀྱི། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་ཚོང་པ་མགྲོན་པོ་མང་པོ་དག་ཅིག་དང་ལྷན་ཅིག་ལྗོངས་ཀོ་ས་ལར་དོང་ནས་མྱ་ངམ་གྱི་ལམ་ཞིག་ཏུ་ཕྱིན་པ་དང ། ཚོང་པ་དེ་དག་རྟ་ལ་ཞོན་ནས་དེ་དག་གིས་བཙུན་པ། མྱ་ངམ་གྱི་ལམ་འདི་ནི། འཇིགས་པ་དང་བཅས་ཀྱི། རྟ་ལ་བཅིབས་ལ་མྱུར་དུ་བཞུད་དོ། །ཞེས་སྨྲས་པ་དང ། དགེ་སློང་དེ་དག་གིས་རྟ་ལ་ཞོན་ཏེ། དེ་དག་གིས་དེར་འདི་ལྟར་བརྐུ་བར་བྱའོ། །སྙམ་ནས་ལུས་རྣམ་པར་བསྒྱུར་བ་དང ། དགེ་སློང་དེ་འགྱོད་པ་སྐྱེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་ནི། མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་རིན་པོ་ཆེས་གང་བའི་གྲུ་དང་ལྷན་ཅིག་རྒལ་བ་ལས། དེས་དེར་འདི་ལྟར་བརྐུ་བར་བྱའོ། །སྙམ་ནས་ལུས་རྣམ་པར་བསྒྱུར་བ་དང ། དགེ་སློང་དེ་འགྱོད་པ་ Pa5b སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །ཚོང་བ་ཞིག་གི་གྲུ་རིན་པོ་ཆེས་གང་བ་ཆུས་བྱིང་བ་དང ། དེ་བྲེལ་བས་རིན་པོ་ཆེའི་སྒྲོམ་ཆུས་ཁྱེར་ཏེ། དགེ་སློང་དག་ཅིག་འོག་ན་ཆུ་ལ་འཁྲུ་ཞིང་འདུག་པ་དེ་དག་གིས་རིན་པོ་ཆེའི་སྒྲོམ་མཐོང་ནས་དེ་དག་གིས་དེ་ཕྱུང་བ་དང ། ཚོང་པ་དེས་མཐོང་སྟེ་བཙུན་པ་དག། རིན་པོ་ཆེའི་སྒྲོམ་འདི་ནི། བདག་གི་ལགས་སོ། །ཞེས་སྨྲས་པ་དང ། འདི་ཆུས་ཁྱེར་བ་ལས་ངེད་ཀྱིས་རྙེད་དོ། །བཙུན་པ་དག་།བདག་གི་གྲུ་རིན་པོ་ཆེས་གང་བ་ཆུར་བྱིང་སྟེ། དེ་ནས་ཁོ་བོ་བྲེལ་བ་དང་རིན་པོ་ཆེའི་སྒྲོམ་འདི་ཆུས་ཁྱེར་ཏེ། རིན་པོ་ཆེའི་སྒྲོམ་འདི་ནི། བདག་གི་ལགས་སོ། །ཞེས་སྨྲས་པ་དང ། དེ་སྟེ་ཁྱོད་ཀྱི་ཡིན་ན། ཁྱེར་ཅིག་།དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་གཞི་བ་ཞིག་གིས་ཕྱོགས་བཞིའི་དགེ་འདུན་གྱི་ཡོ་བྱད་རྐུ་སེམས་ཀྱིས་གནས་ནས་གནས་སུ་སྤོས་པ་དང ། དགེ་སློང་དགེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ་ཉེས་པ་སྦོམ་པོར་འགྱུར་རོ། །རྐུན་མ་དག་ཅིག་གིས་བ་ཞིག་ཁྲིད་དེ་དགོན་པའི་གནས་སུ་འཛེགས་ནས་དེ་དག་གིས་དེར་བཏགས་ཏེ་དོང་བ་དང ། གནས་དེར་དགེ་སློང་དག་ཉིན་པར་སྤྱོད་པའི་ཕྱིར་དོང་བ་དང ། དེ་དག་གིས་བ་དེ་མཐོང་ནས་དེ་དག་གིས་སྙིང་རྗེ་སྟེ་བཏང་བ་དང ། དེ་དག་འགྱོད་པ་སྐྱེས་ནས་ Pa6a ༄#། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་བྱས་སུ་འགྱུར་རོ། །མདོར་ན། རོ་དང་གསེར་གྱི་ཕྲེང་བ་དང ། །བྱན་ལག་བྱི་བ་རྣམ་པ་གཉིས། །རི་དགས་གསུམ་དང་ཀོག་ཚེ་གཉིས། །རྙི་དང་བྱ་རྒྱ་བྱ་ཚང་ངོ ། །མཉན་དུ་ཡོད་པ་ན་གཞན་དག་རོ་ལ་གསོལ་བ་འདེབས་ཏེ། ཁྱིམ་བདག་དེས་ཀྱང་དགོས་པ་ཞིག་གསོལ་ནས་དེའི་དགོས་པ་དེ་གྲུབ་པ་དང ། དེས་དེ་ལ་རས་དཀར་པོ་ཞིག་གིས་གཡོགས་ཏེ་བཞག་པ་ལ། དགེ་སློང་ནག་པོ་དགའ་བོ་ཞེས་བྱ་བ་དེར་སོང་ནས་རས་དེ་བླངས་པ་དང ། དེ་ལ་དགེ་སློང་རྣམས་ཀྱིས་ཁྱོད་ལ་ཕས་ཕམ་པའི་ཉེས་པ་བྱུང་ངོ ། །དངོས་པོ་གང་གི་ཕྱིར། ཁྱོད་ཀྱིས་རོའི་རས་མ་བྱིན་པར་བླངས་པའི་ཕྱིར་རོ། །ཞེས་སྨྲས་པ་དང ། དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །གྲོང་ཁྱེར་ཡངས་པ་ཅན་ན་རོ་གསེར་གྱི་ཕྲེང་བ་བཏགས་པ་ཞིག་རང་ལ་སྲུང་ཞིང་འདུག་གོ། ཞེས་དགེ་སློང་ནག་པོ་དགའ་བོ་ཞེས་བྱ་བ་དེས་ཐོས་ཏེ་དེ་དེར་སོང་ནས་རོ་དེ་ལ་ཐོགས་པ་ལས་རོ་དེ་སྨྲ་བ་དང ། དེ་དཔའ་བ་ལ་ནུས་པས་ན། དེས་གསེར་གྱི་ཕྲེང་བ་འཕྲོག་སྟེ་ཁྱེར་བ་དང ། དགེ་སློང་རྣམས་ཀྱིས་ཐོས་ནས་དེ་བཞིན་དུ་རྒྱས་པར་རོ། །བུད་མེད་མང་ཞིག་ཆུ་བོ་ཨ་ཛི་ར་པ་ཏིའི་ངོགས་སུ་གོས་དང ། རྒྱན་རྣམས་བཞག་སྟེ་ཁྲུས་བྱེད་པ་ན། སྤྲེའུ་ Pa6b ཞིག་ཤིང་ལས་བབས་ནས་རྒྱན་རྣམས་ཁྱེར་ཏེ་ཤིང་ལ་སླར་འཛེགས་པ་དང ། དེ་དག་སླར་བྱུང་ནས་གོས་རྣམས་བགོས་ཏེ་རྒྱན་རྣམས་ཐོགས་ཞེས་བྱས་ན། མུ་ཏིག་གི་དོ་ཤལ་མེད་ནས་གང་གི་ཚེ་མ་རྙེད་པ་དེའི་ཚེ་སླར་སོང་ངོ ། །དེ་ནས་སྤྲེའུ་དེས་མུ་ཏིག་གི་དོ་ཤལ་དེ་དེ་ཉིད་དུ་སླར་བོར་བ་དང ། དགེ་སློང་དག་ཅིག་ཤིན་ཏུ་མི་རིང་བ་ཞིག་ན་འཆག་ཅིང་འཁོད་པ་དེ་དག་གིས་མུ་ཏིག་གི་དོ་ཤལ་དེ་མཐོང་ནས་བླངས་ཏེ་བུད་མེད་དེ་དག་ལ་བྱིན་ནོ། །བུད་མེད་དག་ན་རེ། ཁྱོད་ཀྱིས་མུ་ཏིག་གི་དོ་ཤལ་འདི་བརྐུས་སོ། །ཞེས་སྨྲས་པ་དང ། ངེད་ཅག་གིས་མ་བརྐུས་ཀྱི། ཁྱེད་ཅག་ཁྲུས་བྱེད་པ་ན་སྤྲེའུ་ཞིག་ཤིང་ལས་བབས་ནས་མུ་ཏིག་གི་དོ་ཤལ་འདི་བླངས་ཏེ་སླར་ཤིང་ལ་འཛེགས་སོ། །གང་གི་ཚེ་ཁྱོད་ཀྱིས་བཙལ་ཏེ་མ་རྙེད་ནས་དོང་བ་དེའི་ཚེ་སླར་བབས་ཏེ་དེ་ཉིད་དུ་བཞག་གོ་།དགེ་སློང་དེ་དག་འགྱོད་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་གིས་བྱན་ལག་གི་ཚང་བཤིག་སྟེ་སྒོ་ང་བླངས་པ་དང ། བྱན་ལག་དེ་སྒྲ་འབྱིན་ཏེ། དེ་བཞིན་རྒྱས་པར་རོ། །དགེ་སློང་མང་ཞིག་གཙུག་ལག་ཁང་ཞིག་ན་འཁོད་པ་དང ། བྱི་བ་དག་ཅིག་བྱི་ཁུང་ནས་བྱུང་སྟེ་ནོར་དང་ཁ་ཟས་བརྐུས་ཤིང་བྱི་ཁུང་དུ་སླར་སོང་བ་དང ། དེ་དག་འདི་སྙམ་དུ་གྱུར་ཏོ། །བདག་ཅག་གི་ལ་རྐུ་བ་དེ་སུ་ཞིག་སྙམ་དུ་བསམ་སྟེ། དགེ་སློང་དག་གི་བསོད་སྙོམས་ལས་བསྐོར་ནས་གདུགས་ཚོད་སྡོད་ཅིང་འདུག་པ་དང ། Pa7a ༄#། །བྱི་བ་དེ་ཡང་ཁུང་བུ་ནས་བྱུང་སྟེ་ཁ་ཟས་ཁྱེར་ནས་དེ་བཞིན་དུ་བྱི་ཁུང་དུ་སླར་སོང་བ་དང ། དགེ་སློང་དེ་དག་འདི་སྙམ་དུ། བདག་ཅག་ལ་རྐུ་བ་ནི། འདི་ཡིན་ནོ། །སྙམ་དུ་བསམ་ཏེ། དེ་དག་གིས་དེ་བཟུང་ནས་དགེ་སློང་དག་ལ་བསྟན་ཏེ་བདག་ཅག་ལ་རྐུ་བ་ནི། འདི་ཡིན་ནོ། །ཞེས་སྨྲས་པ་དང ། དགེ་སློང་དེ་དག་གིས་སྨྲས་པ། ཁྱེད་ལ་ཕས་ཕམ་པའི་ཉེས་པ་བྱུང་ངོ ། །དངོས་པོ་གང་ལས། ཁྱེད་ཀྱིས་བྱི་བ་ལས་མ་བྱིན་པར་ལངས་སོ། །ཞེས་སྨྲས་པ་དང ། དགེ་སློང་དེ་དག་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་ཀྱི།་དགེ་སློང་རྣམས་ཀྱི་གང་ཡིན་པ་དེ་ལོངས་ཤིག་།བྱི་བའི་གང་ཡིན་པ་དེ་ནི། མི་བླང་བར་བྱའོ། །བྱི་བས་བཅའ་བ་དང ། བཟའ་བ་རྣམས་ཁྱེར་ཏེ་འོངས་ཤིང་དགེ་སློང་ཞིག་གི་མལ་སྟན་གྱི་འོག་ཏུ་བཞག་པ་དང ། དགེ་སློང་དེས་ནང་པར་སྔར་སོ་ཤིང་ཟོས། གདོང་བཀྲུས་ནས་བྱིན་ལེན་བྱས་ཏེ་དེ་ཟོས་པ་དང ། དགེ་སློང་དེ་དག་གིས་ཚེ་དང་ལྡན་པ། ཁྱོད་རྟག་པར་ལག་པ་དང ། རྐང་པ་ལེགས་པར་བཀྲུས་ཀྱང་བསོད་སྙོམས་ལ་གྲོང་དུ་མི་འཇུག་ན། དེ་ཅིའི་ཕྱིར་ཞེས་སྨྲས་པ་དང ། བདག་ནི། བྱི་བས་བཅའ་བ་དང ། བཟའ་བ་ཁྱེར་ཏེ་འོངས་ཤིང་མལ་སྟན་གྱི་འོག་ཏུ་འཇོག་སྟེ། བདག་གིས་སྔར་བྱིན་ལེན་བྱས་ནས་ཟོས་སོ། །ཞེས་སྨྲས་པ་དང ། ཚེ་དང་ལྡན་པ། ཁྱོད་ནི། ཕས་ཕམ་པའི་ཉེས་པ་བྱུང་ངོ ། །དངོས་པོ་གང་གི་ཕྱིར། ཁྱོད་ Pa7b ཀྱིས་བྱི་བའི་བཅའ་བ་དང ། བཟའ་བ་མ་བྱིན་པར་བླངས་པའི་ཕྱིར་རོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དེ་ནི། ཚེ་སྔ་མ་ལ་བྱི་བའི་ཕ་ཡིན་ཏེ། དེ་ཕ་ལ་བྱམས་པས་ན། དགེ་སློང་དེ་ལ་ཁ་ཟས་ཁྱེར་ཏེ་འོངས་ཤིང་བྱིན་པས་ཉེས་པ་མེད་དོ། །རི་དྭགས་ཤིག་རྔོན་པས་བསྙགས་ནས་གཙུག་ལག་ཁང་དུ་འོངས་པ་དང ། རྔོན་པ་དེ་དག་གིས་བདག་ཅག་གི་རི་དྭགས་དེ་ནི། བསྙགས་ཏེ་གཙུག་ལག་ཁང་དུ་སོང་གི་།སླར་བྱིན་ཅིག་ཅེས་སྨྲས་སོ། །དེ་དག་གིས་གང་གི་ཚེ་མ་ཐོབ་པ་དེའི་ཚེ་བོར། དེ་དོང་བ་དང ། དགེ་སློང་དེ་དག་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །རྔོན་པས་རི་དྭགས་མདས་ཕོག་པ་དེའང་དེ་བཞིན་དུ་རྒྱས་པར་བྱའོ། །རྔོན་པས་རི་དྭགས་ཤིག་མདའ་དུག་ཅན་གྱིས་ཕོག་པ་གཙུག་ལག་ཁང་དུ་འོངས་པ་དང ། རྔོན་པ་དེ་དག་གིས་བདག་ཅག་གི་རི་དྭགས་འདི་མདའ་དུག་ཅན་གྱིས་ཕོག་སྟེ་གདོན་མི་ཟ་བར་འཆིའི། སླར་བྱིན་ཅིག་ཅེས་སྨྲས་པ་དང ། དགེ་སློང་དེ་དག་གིས་སླར་མ་ཕྱིན་ནས་དེ་དག་གིས་བོར་ཏེ་དོང་ངོ ། །དེ་དག་དོང་བའི་འོག་ཏུ་རི་དྭགས་དེའང་དུས་ལས་འདས་ནས་དགེ་སློང་དེ་དག་གིས་ཇི་ལྟར་བྱ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྔོན་པ་དེ་དག་ལ་སླར་བྱིན་ཅིག་།དགེ་སློང་གིས་རྔོན་པ་ལ་གནོད་པར་བྱ་བའི་ཕྱིར་ཀོག་ཚེ་བཅད་ན། ཉེས་པ་སྦོམ་པོར་འགྱུར་རོ། ། Pa8a ༄#། །སྙིང་རྗེ་བས་བཅད་ན། ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་བྱའི་རྙི་ཡང་གནོད་པར་བྱ་བའི་ཕྱིར་བཅད་ན། ཉེས་པ་སྦོམ་པོར་འགྱུར་རོ། །སྙིང་རྗེ་བར་བསམ་སྟེ་བཅད་ན། ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་བྱ་རྒྱ་གནོད་པར་བྱ་བའི་ཕྱིར་བཅད་ན། ཉེས་པ་སྦོམ་པོར་འགྱུར་རོ། །སྙིང་རྗེ་བར་བསམ་ཚེ་བཅད་ན། ཉེས་བྱས་སུ་འགྱུར་རོ། ། བྱ་ཚང་ཡང་དེ་བཞིན་ནོ། །མདོར་ན། གོས་ཚོང་པ་དང་ཚོང་འདུས་དང ། །བཅའ་བ་གྲུ་གསུམ་ཐུག་པ་དང ། །ཟོང་དང་དངོས་པོ་ཆོས་གོས་སོ། །དགེ་སློང་ཞིག་གིས་གོས་ཚོང་པར་རོ་བ་ཞིག་གིས་རས་ཤིག་བླངས་ནས་ཁྱེར་ཏེ་སོང་བ་དང ། གོས་ཚོང་པས་མཐོང་ནས་དེས་དེ་ལ་རས་མ་རྐུ་ཞེས་སྨྲས་པ་དང ། བསྟན་ནས་ཁྱེར་ཏེ་འོང་ངོ ། །ཞེས་སྨྲས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གིས་ཚོང་འདུས་པ་ལ་སྐྱིན་པོར་མང་ཞིག་བླངས་པ་དང ། དེས་སྐྱིན་པ་བདས་ན། དེས་འདི་སྙམ་དུ། འདི་ལ་མི་སྦྱིན་ནོ། །སྙམ་དུ་བསམ་པ་དང ། དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་ན་བ་དང་དེ་ཁུར་བ་གྲུ་གསུམ་དང ། ཐུག་པ་ལ་དད་ནས་དེས་འདི་སྙམ་དུ། ཁུར་བ་གྲུ་གསུམ་དང ། ཐུག་པ་བྱས་ཏེ་དགེ་ Pa8b འདུན་ལའང་གསོལ། བདག་ཀྱང་བཟའོ། །སྙམ་སྟེ། དེས་ནད་གཡོག་རྣམས་ལ་དགེ་འདུན་ལའང་གསོལ། ཁོ་བོ་ཡང་བཟའི། ཁུར་བ་གྲུ་གསུམ་དང ། ཐུག་པ་ཡང་སྦྱོར་ཅིག་ཅེས་སྨྲས་ནས་དེས་དེ་དག་ལ་རིན་བྱིན་པ་དང ། དེ་དག་གིས་འདི་སྙམ་དུ། བདག་ཅག་ལ་ཁུར་བ་གྲུ་གསུམ་དང ། ཐུག་པ་ཅི་དགོས་ཀྱི། འདི་གཅིག་པུ་ལ་ཁུར་བ་གྲུ་གསུམ་དང ། ཐུག་པ་བྱིན་ལ་རིན་དེ་བགོའོ། །སྙམ་དུ་བསམ་ནས་དེ་དག་གིས་དེ་ལ་ཁུར་བ་གྲུ་གསུམ་དང ། ཐུག་པ་བྱིན་ཏེ་རིན་བགོས་པ་དང ། དགེ་སློང་དེ་དག་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ནད་པ་ཞིག་ཡོད་དེ། དེ་ལ་ཟོང་མང་དུ་ཡོད་པས་དེས་འདི་སྙམ་དུ། འདི་དག་ནི། བདག་ཤི་བ་དང་དགེ་འདུན་གྱིས་བགོའོ། །སྙམ་དུ་བསམ་ནས། དེས་ནད་གཡོག་རྣམས་ལ་ཚེ་དང་ལྡན་པ་དག་།ཁོ་བོ་ལ་སྲན་ཆུང་གི་ཚོད་མ་ཞིག་བྱིན་ཅིག་ཅེས་སྨྲས་ནས། དེ་དག་གིས་དེ་ལ་སྲན་ཆུང་གི་ཚོད་མ་ཞིག་བྱས་ཏེ་ཕྱིན་པ་དང ། ནད་གཡོག་དེ་དག་བྲེལ་བར་གྱུར་ནས་དེས་ཟོང་དང ། སྲན་ཆུང་གི་ཚོད་མར་བསྲེས་ནས་འཐུངས་པ་དང ། དེ་ཁ་ཟས་ལྕི་བས་དུས་ལས་འདས་ཏེ་དགེ་སློང་དེ་དག་འདུས་ནས་དུར་ཁྲོད་དུ་བོར་རོ། །དེ་དག་གིས་དེ་བོར་ནས་ནད་གཡོག་རྣམས་ལ་སྨྲས་པ། དགེ་སློང་དེའི་ཟོང་མང་པོ་བགོ་བར་བྱའི། ཁྱེར་ཏེ་ཤོག་།ཅེས་སྨྲས་པ་དང ། དགེ་ Pa9a ༄#། །སློང་དག་གིས་བཙལ་ནས་མ་རྙེད་དེ། དེ་དག་སྟན་ལས་ལངས་ཏེ་དོང་ངོ ། །དེ་དགེ་སློང་དེ་གཅན་གཟན་གྱིས་ལྟོ་དྲལ་ཏེ་རྒྱུ་མ་དྲངས་སོ། །རྒྱུ་མ་དྲངས་པ་དང ། ཟོང་རྣམས་ས་ལ་བྱུང་ཞིང་འདུག་གོ་།དགེ་སློང་ཞིག་དུར་ཁྲོད་དུ་མི་རོ་ལ་རྟོག་ཏུ་སོང་བ་དང་དེས་ཟོང་དེ་མཐོང་ནས་དེ་དག་ཁྱེར་ཏེ་དགེ་འདུན་ལ་ཕུལ་བ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་ནད་པ་ཞིག་ཡོད་དེ། དེ་ལ་ཤིང་གི་དངོས་པོ་མང་དུ་ཡོད་པ་དང ། དེས་ནད་གཡོག་རྣམས་ལ་ཚེ་དང་ལྡན་པ་དག ། དགེ་སློང་རྣམས་བོས་ཤིག་།དགེ་འདུན་ལ་དབུལ་ལོ། །མཆོད་རྟེན་ལ་དབུལ་ལོ། །གང་ཟག་རྣམས་ལ་དབུལ་ལོ། །ཞེས་སྨྲས་པ་དང ། ནད་གཡོག་རྣམས་འདི་སྙམ་དུ། དགེ་འདུན་དང ། མཆོད་རྟེན་ལ་ཕུལ་ན། བདག་ཅག་གིས་ཅུང་ཟད་ཀྱང་མི་ཐོབ་བོ། །སྙམ་ནས་དེ་དག་གིས་དགེ་སློང་མ་བོས་སོ། །དགེ་སློང་དེ་ཡང་དུས་ལས་འདས་ཏེ་དེ་དག་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། ནད་པ་དང་མི་མཐུན་པར་ནད་གཡོག་གིས་མ་བྱེད་ཅིག་།ནད་པས་ཇི་ལྟར་བསྒོ་བ་དེ་བཞིན་དུ་དེ་དག་གིས་བསྒྲུབ་པར་བྱའོ། །འོན་ཏེ་རྣམ་གྲངས་གཞན་ཞིག་ཏུ་འགོད་པར་གྱུར་ན་ཡང་ཇི་ལྟར་ནད་པས་བསྒོ་བ་དེ་ལྟར་བྱོས་ཤིག་།དགེ་སློང་ནད་པ་ཞིག་ཡོད་དེ། དེ་ལ་ལྷུང་བཟེད་དང ། ཆོས་གོས་མང་དུ་ཡོད་པ་དང ། དེས་ Pa9b ནད་གཡོག་རྣམས་ལ་དགེ་སློང་རྣམས་བོས་ཤིག་།མཆོད་རྟེན་ལ་དབུལ་ལོ། །དགེ་འདུན་ལ་དབུལ་ལོ། །གང་ཟག་ལ་དབུལ་ལོ། །ཞེས་སྨྲས་པ་ཡང ། དེ་བཞིན་དུ་རྒྱས་པར་བརྗོད་པར་བྱའོ། ། མདོར་ན། ཙན་ད་ལ་ཀ་སོ་ད་ཡི། །སྦྱར་མ་དང་ནི་བརྙ་བ་དང ། །སུ་ཤི་མ་དང་བཟང་སྦྱིན་དང ། །རང་གིར་འདུ་ཤེས་ལྷུང་བཟེད་བླངས་པ་དང ། ། ཛི་ཏ་དང་ཤ་ཤི་གུབ་ཏ་དང ། །རང་གི་གོས་རྣམས་བརྐུས་པའོ། །མདོ་ཚིགས་སུ་བཅད་པ་འདི་ནི། ཇི་ལྟར་རྣམ་པར་འབྱེད་པ་ལས་འབྱུང་བ་བཞིན་ནོ། །མདོར་ན། དགེ་སློང་མ་ཡང་གཉིས་ལྡན་དང ། །མོའུ་དགལ་བུ་དང་གཞན་ཡང་གཉིས། །པི་ལིནད་ཡི་གཉིས་པོ་དང ། །ཉེ་དགའ་བོ་དང་སྤོང་བ་པའོ། །དགེ་སློང་མ་གཉིས་དང་ལྡན་པ་ནི། ཇི་ལྟར་འདུལ་བ་བཞིན་ནོ། །མཉན་དུ་ཡོད་པའི་ཚོང་པ་དག་ཅིག་གྲུ་བོ་ཆེར་ཞུགས་ནས་རྒྱ་མཚོ་མཆིང་རྣམ་རྒལ་ཏེ། དེ་དག་རྒྱ་མཚོ་མཆིང་རྣམ་གྱི་ནང་ནས་དོང་བ་དང་གྲུ་བོ་ཆེ་ཀླུས་བཟུང་ནས་ལྷ་བྲན་རྣམས་ལ་གསོལ་ཀྱང་མ་བཏང་བ་དང ། དེ་ན་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་གྲོང་དུ་ཉེ་བར་འགྲོ་བའི་དགེ་བསྙེན་ཞིག་ཡོད་དེ། དེས་འདི་སྙམ་དུ། དེ་སྟེ་འཕགས་པ་མོའུ་དགལ་གྱི་བུ་ཆེན་པོས་དགོངས་ན་ནི། བཀྲ་ཤིས་པར་གྱུར་ཅིག ། ཅེས་བསམ་པ་དང ། གནས་བརྟན་གྱིས་ཀྱང་དགོངས་ཏེ་ཇི་ལྟར་སེམས་སྙོམས་པར་ཞུགས་པས་བྱའི་རྒྱལ་པོ་ནམ་མཁའ་ལྡིང་དུ་གྱུར་ནས་གྲུའི་དངོར་འདུག་པར་གྱུར་པ་དེ་ལྟ་བུའི་ཏིང་ངེ་ Pa10a ༄#། །འཛིན་ལ་སྙོམས་པར་བཞུགས་པ་དང ། ཀླུ་དེ་དག་སྐྲག་སྟེ་གྲུ་བོ་ཆེ་དེ་བཏང་ནས་ཚོང་པ་རྣམས་བདེ་བར་མཉན་དུ་ཡོད་པར་ཕྱིན་ཏེ། ཐམས་ཅད་ནི། འཕགས་པ་མོའུ་དགལ་གྱི་བུའི་མཐུའོ། །ཞེས་བརྗོད་ནས་དགེ་སློང་དག་གིས་འདི་ཇི་ལྟར་ཞེས་དྲིས་པ་དང ། དེས་ཇི་ལྟར་གྱུར་པ་རྒྱས་པར་སྨྲས་ཏེ། དེ་ནས་དགེ་སློང་དག་གིས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་ལ་ནི། ཕས་ཕམ་པའི་ཉེས་པ་བྱུང་ངོ ། །དངོས་པོ་གང་གི་ཕྱིར། ཀླུས་གྲུ་ཟིན་པ་མ་བྱིན་པར་བཏང་ངོ ། །ཞེས་སྨྲས་པ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མོའུ་དགལ་གྱི་བུ། ཁྱོད་ཀྱིས་ཇི་ལྟར་བསམ་སྟེ་བཏང་ཞེས་སྨྲས་པ་དང ། རྫུ་འཕྲུལ་རྣམ་པར་འཕྲུལ་པར་བསམ་མོ། །མོའུ་དགལ་གྱི་བུས་རྫུ་འཕྲུལ་གྱིས་བཏང་བ་ལ་ནི། ཉེས་པ་མེད་དོ། །མཉན་དུ་ཡོད་པའི་ཚོང་པ་དག་ཟོང་ཁྱེར་ཏེ་ལྗོངས་རྒྱུར་སོང་ནས་དེ་དག་མྱ་ངམ་གྱི་ནང་དུ་ཕྱིན་པ་དང་མགྲོན་པོ་མང་པོ་དེ་དག་རྐུན་པོས་བསྐོར་ནས་དེ་དག་གིས་ལྷ་རྣམས་ལ་གསོལ་ཀྱང་མ་བཏང་བ་དང ། དེ་དག་གི་ནང་ན་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་གྲོང་དུ་ཉེ་བར་འགྲོ་བའི་ཚོང་པ་ཞིག་ཡོད་པ་དེས་འདི་སྙམ་དུ། དེ་སྟེ་གནས་བརྟན་གྱིས་དགོངས་ན་ནི། བཀྲ་ཤིས་པར་གྱུར་ཅིག་།ཅེས་བསམ་པ་དང ། གནས་བརྟན་གྱིས་ཀྱང་དགོངས་ནས་ཇི་ལྟར་སེམས་སྙོམས་པར་ཞུགས་པས་རྐུན་པོ་རྣམས་དཔུང་གི་ཚོགས་ཡན་ལག་ Pa10b བཞི་པས་བསྐོར་བར་གྱུར་པ་དེ་ལྟ་བུའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པ་དང ། རྐུན་པོ་དེ་དག་སྐྲག་པས་མགྲོན་པོ་མང་པོ་དག་བཏང་སྟེ་བྲོས་པ་དང ། ཚོང་པ་དེ་དག་བཀྲ་ཤིས་ཤིང་བདེ་བར་མཉན་དུ་ཡོད་པར་ཕྱིན་ཏོ། །དེ་དག་གིས་ཇི་ལྟར་གྱུར་པ་དགེ་སློང་རྣམས་ལ་རྒྱས་པར་སྨྲས་ཏེ། སྔ་མ་བཞིན་ནོ། །པི་ལིནདའི་བུ་གཉིས་ནི། རྒྱས་པར་འདུལ་བ་ལས་ཇི་སྐད་འབྱུང་བ་བཞིན་ནོ། ། ཤཱཀྱའི་བུ་ཉེ་དགའ་བོ་དབྱར་གྱི་ཟླ་བ་ཐ་མ་ལ་གང་དུ་དགེ་སློང་ཇི་སྙེད་ཅིག་དབྱར་ཚུལ་དུ་ཞུགས། གང་དུ་དགེ་འདུན་གྱི་རྙེད་པ་ཇི་སྙེད་ཅིག་རྙེད་ཅེས་གཙུག་ལག་ཁང་དུ་རྒྱུ་ཞིང་སྤྱོད་དེ། དེ་གནས་གང་དང་གང་དུ་ཕྱིན་པའི་དགེ་སློང་དེ་དག་གིས་ཚིག་སྙན་པས་བསུ་བ་དང ། ཁྱོད་བདེ་བར་གནས་སམ་ཞེས་དྲིས་ཏེ་འདུག་ནས་དགེ་འདུན་གྱི་རྙེད་པ་ཅི་ཡོད་པ་འོན་ཅིག་དང་བགོས་ལ། གང་ཁོ་བོའི་གོས་ཀྱི་སྐལ་བ་དེ་ནི། བཀུར་ཞེས་སྨྲས་པ་དང ། དེ་དག་གིས་ཁྱེར་ཏེ་འོངས་ནས་དེའི་མདུན་དུ་བཞག་པ་དང ། དེས་བགོས་ནས་དགེ་འདུན་གྱི་གནས་བརྟན་གྱི་གོས་ཀྱི་སྐལ་བ་ཁྱེར་ཏེ་ལངས་པ་དང ། དེས་ཡང་གནས་བརྟན་ད་དུང་མ་བཞུད་པར་བཞུགས་ཤིག་།ཅེས་སྨྲས་པ་དང ། ཉེ་དགའ་བོ་ཡང་གཏམ་སྙན་པ། གཏམ་སྣ་ཚོགས་བདེ་བ་ལ་སྤོབས་པ་དང་ལྡན་ཏེ། རིག་པ་དང ། གྲོལ་བ་ལ་སྤོབས་པས་ན། དེས་ཇི་ལྟར་གནས་བརྟན་ལ་དད་པར་འགྱུར་པ་དེ་ལྟ་བུའི་ཆོས་བཤད་པ་དང ། དེས་བདག་གིས་གོས་ཀྱི་སྐལ་བ་ཅི་ཡོད་པ་ཚེ་དང་ལྡན་པ་བཞེས་ཤིག་།ཅེས་སྨྲས་པ་དང ། Pa11a ༄#། །དེ་བཞིན་དུ་གནས་བརྟན་གཉིས་པ་དང ། གནས་བརྟན་གསུམ་པ་དང ། དགེ་སློང་དེ་དག་ལས་མང་ཞིག་གིས་གོས་དེ་ལ་བྱིན་ནས་དེས་གོས་དེ་དག་ཁུར་དུ་ཁྱེར་ཏེ་ཛེ་ཏའི་ཚལ་དུ་ཞུགས་པ་དང ། དགེ་སློང་དག་གིས་ཚེ་དང་ལྡན་པ་ཉེ་དགའ་བོ་ལ་གོས་འདི་དག་ག་ལས་རྙེད་ཅེས་དྲིས་ནས་དེས་དེ་དག་ལ་དེ་ལྟ་བུར་གྱུར་པ་རྒྱས་པར་སྨྲས་སོ། །དེ་ལྟ་བུར་བྱུང་མོད་ཀྱི། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ནི། ད་དུང་བསླབ་པའི་གནས་མ་བཅས་སོ། །རྒན་ཞུགས་གཉིས་ནི། རྒྱས་པར་ཇི་ལྟར་འདུལ་བ་ལས་འབྱུང་བ་བཞིན་ནོ། ། དགེ་སློང་གིས་གཞན་གྱི་དབྱར་གྱི་གོས་སྐལ་བ་མ་ལེན་ཅིག་།སུས་བླངས་པ་དེ་ཉེས་བྱས་སུ་འགྱུར་རོ། །ཚེ་དང་ལྡན་པ་ཀུན་དགའ་བོའི་ལྷན་ཅིག་སྤྱོད་པ་སྤོང་བ་པོ་ཞེས་བྱ་བ། དེས་པ། ཚུལ་ཁྲིམས་དང་ལྡན་པ་ཞིག་སྟེ། དེ་ཁྱིམ་བདག་གཞན་ཞིག་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེ་ལ་བུ་གཉིས་ཤིག་ཡོད་དེ། ཁྱིམ་བདག་དེའང་ནད་ཀྱིས་བཏབ་བོ། །དེ་དེ་ལ་ནད་འདྲིར་སོང་བ་དང ། དེས་དེ་ལ་ནོར་བྱིན་ནོ། །གཉིས་པོས་ནི། ཅིའང་མ་ཐོབ་ནས་དེས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འཁངས་པ་དང ། ཚེ་དང་ལྡན་པ་ཀུན་དགའ་བོས་སྤོང་བ་པོ་ཆད་པས་བཅད་པ་དང ། དེ་སྔོན་སློབ་མ་ལས་རབ་ཏུ་བྱུང་བས་ན། དེས་སློབ་མ་ལྔ་བརྒྱ་ཙམ་ཞིག་གཟེངས་བསྟོད་དེ་བདག་གི་མཁན་པོ་ལ་བཟོད་པ་གསོལ་ཅིག་།ཅེས་སྨྲས་པ་དང ། ཁྱོད་ཀྱི་ Pa11b མཁན་པོ་ལ་བཟོད་པ་ཇི་ལྟར་བྱ། ཁྱོད་ཀྱིས་ཁྱེའུ་རྣམས་ཁྲིད་ལ་མཁན་པོའི་དྲུང་དུ་དེངས་ཤིག་དང ། དེས་ཁྱེད་ཅག་ལ་ཆོས་འཆད་པར་འགྱུར་གྱི། གང་གི་ཚེ་ཆོས་བཤད་ཟིན་པར་གྱུར་པ་དེའི་ཚེ་ཁྱེའུ་དང ། བུ་མོ་རྣམས་འོར་ལ་དེངས་ཤིག་དང ། དེ་དག་ངུས་པས་བུ་མོ་དང ། ཁྱེའུ་དེ་དག་ཁྲིད་དེ་དེངས་ཞེས་ཟེར་བ་དང ། དེ་ལ་དེ་སྟེ་སྤོང་བ་པོ་ལ་ཡང་བཟོད་པར་མཛད་དམ་ཞེས་སྨྲོས་ཤིག་།ཅེས་སྨྲས་པ་དང ། དེ་དག་གིས་ཇི་ལྟར་བསྒོ་བ་བཞིན་དུ་གང་གི་ཚེ་ཆོས་བཤད་ཟིན་པ་དེའི་ཚེ་ཁྱེའུ་དང ། བུ་མོ་རྣམས་བོར་ཏེ་དོང་བ་དང ། དེ་དག་རབ་ཏུ་ངུས་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་སྨྲས་པ། ཁྱེའུ་དང ། བུ་མོ་འདི་དག་ཁྲིད་ལ་དེངས། འདི་དག་ཅི་ཕྱིར་དོར་ཞེས་སྨྲས་པ་དང ། དེ་དག་གིས། དེ་སྟེ་སྤོང་བ་པོ་ལ་ཡང་བཟོད་པར་མཛད་དམ་ཞེས་སྨྲས་པ་དང ། བཟོད་པ་བྱའི།་ཉེས་བྱས་ཀྱི་ཉེས་པ་བཤགས་པར་གྱིས་ཤིག་།མདོར་ན། ཕག་དང་བུ་རམ་ཤིང་གི་སྡོང་བུ་དང ། གང་དགའ་བོ་ཡི་ཆོས་གོས་དང ། །མར་བྲེ་གང་དང་ཨ་ཀ་རུ། །གཟིག་དང་སེངྒེ་ལྔ་པའོ། །ཕག་དང་བུ་རམ་ཤིང་གི་སྡོང་བུ་དང ། གནག་དགའ་བོའི་ཆོས་གོས་རྣམས་ནི། རྒྱས་པར་ཇི་ལྟར་འདུལ་བ་ལས་འབྱུང་བ་བཞིན་ནོ། །དགེ་སློང་བསོད་ནམས་ཆེ་བ་ཚོང་བ་རྣམས་ལ་གྲགས་པ་དེ་ལ་ཚོང་པ་གཞན་ཞིག་གིས་དེ་ལ་ཅི་དགོས་པ་དང ། ཅི་མཁོ་བ་རྣམས་བདག་གིས་དབུལ་ལོ། །ཞེས་བསྟབས་པ་དང ། དགེ་སློང་དེའི་ནད་གཡོག་དེས་འདི་སྙམ་དུ། ཚོང་པ་དེ་ Pa12a ༄#། །ཡང་དང་ཡང་དུ་སྟོབས་ན། དེ་ལ་བདག་གིས་ཇི་ལྟར་སྙིང་ནས་སྟོབས་སམ། ཁ་མགྲོན་ཙམ་དུ་སྟོབས་བགམ་མོ་སྙམ་དུ་བསམ་ནས་དེའི་དྲུང་དུ་སོང་སྟེ། འདི་སྐད་དུ་མཁན་པོ་ལ་མར་ཞིག་དགོས་སོ། །ཞེས་སྨྲས་པ་དང ། དེ་ལ་མར་བྲེ་གང་བྱིན་ནས་ཡང་བཙུན་པ། སྲན་མའི་ཁུ་བའམ། ཤ་ཁུའང་རུང་སྟེ་ཅི་དགོས་པ་འདི་ནས་སྣོམས་ཤིག་།ཅེས་སྨྲས་པ་དང ། དེ་ལྟར་བགྱིའོ། །ཞེས་སྨྲས་ནས་དགེ་སློང་དེས་མར་དེ་དགེ་སློང་དེའི་སྲན་མའི་ཁུ་བ་དང ། ཤ་ཁུ་རྣམས་སུ་ཅུང་ཟད་བླུགས་སོ། །ཇི་ཙམ་ཞིག་ན་ཚོང་པ་དེས་དགེ་སློང་དེ་ལ་འཕགས་པ། ཁོ་བོས་ཁྱོད་ལ་མར་ནི་སྔར་བཀུར་རོ། །དེ་སྟེ་གཞན་ཡང་སྲན་མའི་ཁུ་བའམ། ཤ་ཁུའང་རུང་སྟེ། ཅི་དགོས་པ་དེ་དག་ལོངས་ཤིག་།ཅེས་སྤྲིང་པ་དང ། དགེ་སློང་དེས་ནད་གཡོག་དེ་ལ་ཚོང་པ་འདི་ཞེས་བྱ་བ་ལ་མར་བླངས་སམ་ཞེས་དྲིས་ནས་བླངས་སོ་ཞེས་སྨྲས་པ་དང ། འོ་ན་ཕས་ཕམ་པའི་ཉེས་པ་བྱུང་ངོ ། །མཁན་པོ་ལ་ཚོང་པ་དེ་ཡང་དང་ཡང་དུ་སྟོབས་ནས་བརྟག་ཅིང་བགམ་པའི་ཕྱིར་བདག་གིས་བླངས་ནས་མཁན་པོ་ཡིར་བགྱིས་སོ། །ཞེས་སྨྲས་པ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ་དེ་ནས་འདི་དང་འདི་བླང་ངོ ། ། ཞེས་དྲིས་ཏེ་སོང་ཞིག་།མདོར་ན། བདེ་བ་ལྡན་དང་འདུ་ཤེས་དང ། །ཆུང་མ་གཉིས་དང་སྡིག་ཅན་ལྔ། །མངལ་ན་གནས་པ་བཅུར་བྱས་དང ། །དགེ་སློང་མ་ཡིན་གཞན་ཡང་བཅུ། །སངས་ Pa12b རྒྱས་བཅོམ་ལྡན་འདས་ཡུལ་བྲི་ཛིའི་ཐང་ཤིང་གི་གནས་ན་བཞུགས་ཏེ། ཀླུང་བདེ་ལྡན་གྱི་ངོགས་ཀྱི་དགེ་སློང་རྣམས་ལ་བསླབ་པའི་གནས་མ་བཅས་པས། ལས་དང་པོ་པ་རྣམས་ལ་ཉེས་པ་མེད་པར་གྱུར་པ་ན། དགེ་སློང་དག་།ཐེ་ཚོམ་དང ། ཡིད་གཉིས་དང ། འགྱོད་པ་རྣམས་སྐྱེས་ཏེ་བདག་ཅག་གིས་བསླབ་པའི་གནས་མ་བཅས་པར་དགེ་སློང་མང་ཞིག་ལ་འཆི་བར་བསྟབས་ན། བདག་ཅག་གི་ལས་དང་པོ་པ་གང་ཡིན་སྙམ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀླུང་བདེ་ལྡན་གྱི་དྲུང་དུ་དགེ་སློང་དག་ལ་བསླབ་པའི་གནས་མ་བཅས་པ་ན། འདས་པ་དང་བཅས་པ་ནི་ཐམས་ཅད་ལས་དང་པོ་པ་སྟེ། ལས་དང་པོ་པ་ལ་ཉེས་པ་མེད་དོ། །དགེ་སློང་གིས་མི་ལ་མི་མ་ཡིན་པར་འདུ་ཤེས་ཏེ་འཚོ་བ་དང་ཕྲལ་བ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ལ་མི་མ་ཡིན་པར་འདུ་ཤེས་ན། ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ཡིན་པ་ལ་མི་མ་ཡིན་པར་འདུ་ཤེས་ནའང་ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ཡིན་པ་ལ་ཐེ་ཚོམ་ཟ་ནའང་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་ཡུན་རིང་ཞིག་ཏུ་ནད་ཀྱིས་གཟིར་ནས་དེས་བདག་ལ་འདི་ཅི་དགོས་སྙམ་དུ་བསམ་ནས་དགེ་སློང་དེས་མཛའ་བོའི་དྲུང་དུ་སོང་སྟེ་འདི་སྐད་དུ། གྲི་བྱིན་ཅེས་སྨྲས་པ་དང ། ཁྱོད་ལ་གྲི་ཅིར་དགོས། རེ་ཞིག་བྱིན་ཅིག་ཅེས་སྨྲས་ནས། དེས་བྱིན་པ་དང ། དེ་གནས་ཁང་དུ་ཞུགས་ཏེ་སྒོ་བཅད་དེ་གཏན་པ་བཅུག་ལ་ Pa13a ༄#། །སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ནས་བདག་ཉིད་ཀྱིས་སྲོལ་ཀོང་བཅད་དོ། །དེ་དེ་ལྟར་གྲི་ལག་ན་ཐོགས་བཞིན་དུ་དུས་ལས་འདས་པ་དང ། དགེ་སློང་དེས་ཉི་མ་གཉིས་སམ་གསུམ་ལོན་ནས་འདི་སྙམ་དུ། དགེ་སློང་དེས་གྲི་ཁྱེར་ཏེ་སོང་གི་།སོང་ལ་བལྟའོ། །སྙམ་དུ་བསམ་ནས་དེ་དེའི་གནས་ཁང་དུ་སོང་བ་དང ། དགེ་སློང་དེ་སྐྱིལ་མོ་ཀྲུང་བཅས་ཏེ་སྲོལ་ཀོང་བཅད་དེ་གྲི་ཐོགས་བཞིན་དུ་དུས་ལས་འདས་པར་མཐོང་ནས་དགེ་སློང་དེ་འགྱོད་པ་བསྐྱེད་ནས་གང་ཅུང་ཟད་འདི་དུས་ལས་འདས་པ་ཐམས་ཅད་ནི། རྒྱུ་བདག་ལས་བྱུང་སྟེ། དེ་སྟེ་བདག་གིས་གྲི་མ་བྱིན་པར་གྱུར་ན་ནི། འདི་ཡང་བདག་ཉིད་ཀྱིས་འཚོ་བ་དང་ཕྲལ་བར་མི་འགྱུར་རོ། །སྙམ་དུ་བསམ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། ཕྱིན་ཆད་ནད་པ་ལ་བབ་བབ་ཏུ་གྲི་མ་སྦྱིན་ཅིག་།དགེ་སློང་ཞིག་གྲོང་གཞན་ཞིག་གི་གྲོང་དུ་ཉེ་བར་སོང་ནས་དེ་གྲོང་དུ་ཕྱིན་པ་དང ། དེའི་བུད་མེད་དེས་བཙུན་པ། ཚུར་སྤྱོན། མི་ཚངས་པར་སྤྱད་དོ། །ཞེས་སྨྲས་པ་དང ། དགེ་སློང་གིས་ཁྱོད་ཀྱི་ཁྱོ་དེ་ནི། ཁྲོ་ལ་མི་སྲུན་ནོ། །ཞེས་སྨྲས་པ་དང ། དེས་བཙུན་པ། ཅི་ནས་ཁྲོ་ལ་མི་སྲུན་པར་མི་འགྱུར་བ་དེ་ལྟར་བགྱིའོ། །ཞེས་སྨྲས་ནས་དེས་དེ་ལ་དུག་བྱིན་པ་དང་ཁྱིམ་བདག་དེ་དུས་ལས་འདས་སོ། །དགེ་སློང་དེ་ཞག་གཅིག་འདས་པ་དང ། ཁྱིམ་དེར་སོང་བ་དང ། བུད་མེད་དེས་བཙུན་པ། ཚུར་སྤྱོན། མི་ཚངས་པར་སྤྱད་དོ། །ཞེས་སྨྲས་པ་དང ། སྲིང་མོ། དེ་སྐད་མ་ཟེར་ Pa13b ཅིག་།ཁོ་བོ་ནི། ཚངས་པར་སྤྱོད་པ་ཡིན་ནོ། །དེས་བཙུན་པ། གང་གི་ཚེ་ཁོ་མོས་ཁྱོ་འཚོ་བར་ང་ཕྲལ་བ་དེའི་ཚེ་གདོད་ཚངས་པར་སྤྱོད་དམ་ཞེས་སྨྲས་པ་དང ། ཅི། ཁྱོད་ཀྱིས་ཁྱོ་འཚོ་བ་དང་ཕྲོལ་ཅིག་།ཅེས་ཁོ་བོས་སྨྲས་སམ། ཁྱོད་ཀྱིས་ཁྱོ་འདི་ཁྲོ་ལ་མི་སྲུན་པའོ། །ཞེས་མ་སྨྲས་སམ། ཅི། ཁོ་བོས་ཁྱོད་ཀྱི་ཁྱོ་འདི་ཁྲོ་ལ་མི་སྲུན་པའོ། །ཞེས་ནི། སྨྲས་ཀྱི། ཁྱོད་ཀྱིས་ཁྱོ་འདི་འཚོ་བ་དང་ཕྲོལ་ཅིག་ཅེས་ནི། ཁོ་བོས་མ་སྨྲས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་གྲོང་གཞན་དུ་ཉེ་བར་སོང་ནས་བྱེད་པ་ལས་ཁྱོད་ཀྱི་ཁྱོ་འདི་ནའོ། ། ཞེས་བྱ་བ་ནི། རྒྱས་པར་རོ། །དགེ་སློང་ཞིག་གིས་གསད་པར་བསམ་སྟེ་བརྡེགས་པ་ལས་དུས་ལས་འདས་ན། ཕས་ཕམ་པར་འགྱུར་རོ། །དུས་ལས་མ་འདས་ན། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གིས་མ་བསྲུང་བའི་ཕྱིར་མངལ་ན་གནས་པ་མཉེས་པ་ལས་མངལ་ན་གནས་པ་ཤི་ན། ཕས་ཕམ་པར་འགྱུར་རོ། །མ་ཤི་ན། ཉེས་པ་སྦོམ་པོར་འགྱུར་རོ། །གཉིས་ཀ་ཤི་ན། ཕས་ཕམ་པར་འགྱུར་རོ། །གཉིས་ཀ་མ་ཤི་ན། ཉེས་པ་སྦོམ་པོར་འགྱུར་རོ། །མངལ་ན་གནས་པའི་མི་ཤི་བ་ཕྱུང་ན། ཉེས་པ་སྦོམ་པོར་འགྱུར་རོ། །བྱོལ་སོང་གི་མངལ་ན་གནས་པ་ཕྱུང་ནའང་ཉེས་པ་སྦོམ་པོར་འགྱུར་རོ། །དེ་ལྟར་དགེ་སློང་མས་བྱས་ནའང་དེ་བཞིན་ནོ།། །།འདུལ་བ་གཞུང་དམ་པ་བམ་པོ་ཉེར་བཞི་པ། མདོར་ན། རྩབ་མོ་རྣམ་པ་ལྔ་པ་དང ། །ལས་གསར་དག་དང་རྡོ་བ་དང་།། Pa14a ༄#། །བ་ལང་རཝ་དང་ཝ་མོ་དང ། །སྟན་དང་སྨྱོན་པར་གྱུར་བའོ། །དགེ་སློང་ཞིག་གིས་དགེ་འདུན་ལ་བཏུང་བ་རྩབ་མོ་བྲིམས་པ་དང ། དེར་དགེ་སློང་མང་ཞིག་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་མཛའ་བོ་གཉིས་ཤིག་འཁོད་པ་ལས། གཅིག་ནད་ཀྱིས་བཏབ་སྟེ་ཉལ་ནས་དེས་ནད་གཡོག་ལ་ཚེ་དང་ལྡན་པ། རྩབ་མོ་ཞིག་རྙེད་ན་ནི། ཁོ་བོ་བདེ་བར་འགྱུར་རོ། །ཞེས་སྨྲས་ཏེ། རྒྱས་པར་ནི། འདུལ་བ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །བྲམ་ཟེ་ཞིག་ཀློག་པའི་ནད་ཀྱིས་གཟིར་བ་དང ། དེ་དགེ་སློང་ཞིག་གི་དྲུང་དུ་སོང་སྟེ་འདི་སྐད་དུ། བཙུན་པ། གལ་ཏེ་རྩབ་མོ་ཞིག་རྙེད་ན་ནི། བདེ་བར་འགྱུར་རོ། །ཞེས་སྨྲས་པ་དང ། ཁྱེད་བྲམ་ཟེ་ལོག་པར་ལྟ་བ་རྩབ་མོ་ཅིར་དགོས། བཙུན་པ། སྔོན་བདག་ནད་ཀྱིས་བཏབ་པ་ན་ཡང་རྩབ་མོ་ཞིག་འཐུངས་པས་བདག་བདེ་བར་གྱུར་ཏོ། །དགེ་སློང་དེས་རྩབ་མོ་བླུད་པ་དང་དེ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་ཞིག་དུར་ཁྲོད་དུ་མི་རོ་ལ་རྟོག་ཏུ་སོང་བ་དང ། དེ་ན་མི་ཞིག་གསལ་ཤིང་གིས་བཙུགས་ཤིང་འདུག་པ་དང ། དེས་དགེ་སློང་ལ་བཙུན་པ། དེ་སྟེ་ཁོ་བོ་ལ་རྩབ་མོ་ཞིག་བླུད་ན་ནི། བདེ་བར་འགྱུར་རོ། །ཞེས་སྨྲས་པ་དང ། དགེ་སློང་དེས་དེ་ལ་རྩབ་མོ་བླུད་ནས་དེ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་ Pa14b པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །རྐུན་པོ་ལྔ་བརྒྱ་ཞིག་དགེ་སློང་མ་ཞིག་གིས་རྩབ་མོ་བླུད་པ་དང ། དེ་དག་ཀྱང་དུས་ལས་འདས་ཏེ་རྒྱས་པར་ནི། འདུལ་བ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །དགོན་པ་གསར་ཅན་ཞེས་བྱ་བ་ན་གནས་ཁང་གསར་པ་ཞིག་བརྩིགས་པ་ལས། དགེ་སློང་ཞིག་གིས་ལག་པ་ནས་ཕ་གུ་ཞིག་ལྷུང་བ་དང ། འོག་ན་ལས་བྱེད་པ་ཞིག་འདུག་པ་དེའི་སྟེང་དུ་ལྷུང་ནས་དེ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། བག་ཡོད་པར་བྱོས་ལ་གྲོགས་གྱིས་ཤིག ། དགོན་པ་ལ་དགེ་འདུན་གྱི་གནས་ཁང་གསར་པ་ཞིག་བརྩིགས་པ་ན། དགེ་སློང་ཞིག་བླ་གབ་མེད་པའི་སྟེང་ནས་སོ་ཕག་འཇོག་པ་དེའི་ལག་པ་ནས་སྟེའུ་ལྷུང་སྟེ་འོག་ན་རྩིག་གུ་མཁན་ལས་བྱེད་པའི་སྟེང་དུ་ལྷུང་ནས་དེ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། བག་ཡོད་པར་བྱོས་ལ་གྲོགས་གྱིས་ཤིག་།དགོན་པར་དགེ་འདུན་གྱི་དུགས་ཁང་བྱ་བའི་ཁང་པ་ཞིག་བརྩིགས་ཏེ། དགེ་སློང་དག་གདུང་མ་སྟེང་དུ་འདྲེན་པ་ལས། དགེ་སློང་ཉུང་ལ་ཁུར་ཆེ་ཞིང་ལྕི་བས་དེ་དག་གིས་བཏང་བ་དང ། འོག་ན་ཤིང་མཁན་ཤིང་འཇོག་པའི་སྟེང་དུ་ལྷུང་ནས་དེ་དུས་ལས་འདས་སོ། །དགེ་སློང་དེ་དག་ཀྱང་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། ཉུང་ངུ་མས་ཁུར་ལྕི་བ་མ་གདེག་ Pa15a ༄#། །ཅིག་།སྐས་གདག་པའང་དེ་བཞིན་ནོ། །དགོན་པར་དུགས་བྱ་བའི་ཁང་པ་ཞིག་བརྩིགས་ཏེ། དེ་ན་དགེ་སློང་ཞིག་སེལ་པོའི་ནང་དུ་འཇིམ་པ་སྟེང་དུ་སྐྱེད་པ་ན་ཐག་པ་ངན་ཏེ་ཆད་པས། འོག་ན་རྩིག་གུ་མཁན་ལས་བྱེད་པའི་སྟེང་དུ་འཇིམ་པའི་སེལ་པོ་ལྷུང་ནས་དེ་དུས་ལས་འདས་སོ། །དགེ་སློང་དེ་དག་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་ཀྱི། བག་ཡོད་པར་བྱོས་ལ་གྲོགས་གྱིས་ཤིག་།བཅོམ་ལྡན་འདས་རྒྱལ་པོའི་ཁབ་ན་བཞུགས་སོ། །དགེ་སློང་ཞིག་རིའི་དྲུང་ན་སྐྱིལ་མོ་ཀྲུང་བཅས་ཏེ་འདུག་པ་དང ། དགེ་སློང་ཞིག་གིས་རིའི་རྩེ་མོ་ནས་རྡོ་བསྒྲིལ་བ་དགེ་སློང་དེའི་སྟེང་དུ་ལྷུང་ནས་དགེ་སློང་དེ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིན་ཏུ་རྟོགས་ལ་བག་ཡོད་པར་བྱོས་ཏེ། རྡོ་བསྒྲིལ་བར་བྱའོ། །དགེ་སློང་ཞིག་བ་ལང་གི་ནང་དུ་སོང་བ་དང ། གླང་མི་སྲུན་པ་ཞིག་གིས་བརྡུངས་ནས་ཁྱེའུ་ཞིག་གི་སྟེང་དུ་འགྱེལ་བ་དང ། ཁྱེའུ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བག་ཡོད་པར་བྱོས་ལ་བ་ལང་གི་ནང་དུ་སོང་ཞིག་།དགེ་སློང་ཞིག་ནད་ཡུན་རིང་པོས་སྒུར་པོར་གྱུར་པ་དང ། དེ་འདི་སྙམ་དུ། བདག་གསོན་ཏེ་ཅི་རུང་གི་།སོང་ལ་བདག་ཉིད་གཡང་ས་ནས་མཆོང་ངོ ། །སྙམ་དུ་བསམ་སྟེ། དེས་བདག་ཉིད་གཡང་ Pa15b ས་ནས་མཆོངས་པ་དང ། དྲུང་ན་ཝ་མོ་ཞིག་མི་རོ་ལ་ཟ་བ་དེའི་སྟེང་དུ་དགེ་སློང་ལྷུང་ནས་ཝ་མོ་དེ་ནི་དུས་ལས་འདས་སོ། །དགེ་སློང་དེ་ནི། དྲང་པོར་གྱུར་པ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། དེ་ལྟར་ལུས་ཀྱིས་ལོག་པར་འགྱུར་བར་མ་བྱེད་ཅིག་།དགེ་སློང་ནད་པ་ཞིག་སྟན་གྱི་སྟེང་ན་འདུག་པ་ལ། དེའི་ནད་གཡོག་གིས་ཚེ་དང་ལྡན་པ་ལོངས་ཞེས་སྨྲས་པ་དང ། དེས་ཀྱང་ཁོ་བོ་མ་བསླང་ཞིག་།ཤིང་འོང་ངོ ། །ཞེས་སྨྲས་ཀྱང་ཚེ་དང་ལྡན་པ་ལོངས་ཞེས་སྨྲས་ནས་དེ་ལངས་པ་དང ། དུས་ལ་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་སྨྱོན་པ་ཞིག་ལ་གསོད་སེམས་ཀྱིས་བརྡེགས་ཏེ་དེ་དུས་ལས་འདས་ན་ནི། ཕས་ཕམ་པར་འགྱུར་རོ། །དུས་ལས་མ་འདས་ན་ནི། ཉེས་པ་སྦོམ་པོར་འགྱུར་རོ། །མདོར་ན། ཡོ་བྱད་མང་དང་མ་ཞུ་དང ། །ཕོལ་མིག་གཉིས་དང་ཟས་མ་ཡིན། །སྨན་དང་ཟས་བཟང་སྤྱོད་ལམ་དང ། ། ཉེས་པ་མེད་དེ་གཞན་ཡང་སྦྱོར། །དགེ་སློང་ཞིག་ནད་ཡུན་རིང་པོས་གཟིར་ནས་དེའི་ནད་གཡོག་སྐྱོ་སྟེ་དེ་ལ་ཁྱོད་མྱུར་དུ་འཆི་བར་འགྱུར་གྱི། ནད་གཡོག་མི་བྱའོ། །ཞེས་སྨྲས་ཏེ། དེས་ནད་གཡོག་མ་བྱས་པས་དེ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་སྣོད་སྤྱད་དང ། Pa16a ༄#། །ཡོ་བྱད་མང་པ་ཞིག་ན་བ་དེ་ལ་ཁྱོད་ཀྱི་ནད་གཡོག་མི་བྱའོ། །ཤི་ན་ཡང་དགེ་འདུན་གྱི་བགོ་བ་མང་པོར་འགྱུར་རོ། །ཞེས་སྨྲས་ནས་དེའི་ནད་གཡོག་མ་བྱས་པ་དང ། དེ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག། ཟས་མ་ཞུ་བར་འདུག་པ་དང ། ནད་གཡོག་གིས་རེ་ཞིག་རྒྱོངས་ཤིག་ཅེས་སྨྲས་པ་དང ། དེས་ནད་གཡོག་ལ་ཁོ་བོ་ཤིར་འོང་གི་།མ་བརྒྱང་ཞིག་ཅེས་སྨྲས་པ་དང ། ཚེ་དང་ལྡན་པ་རྒྱོངས་ཤིག་།ཅེས་སྨྲས་ནས་དེས་བརྒྱངས་པ་དང ། དེ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་ཕོལ་མིག་མ་སྨིན་པར་བརྟོལ་ཏེ། དེ་དུས་ལས་འདས་ན། ཉེས་པ་སྦོམ་པོར་འགྱུར་རོ། །སྨིན་པར་བརྟོལ་ན། ཉེས་པ་མེད་དོ། །དགེ་སློང་མས་ཕོལ་མིག་མ་སྨིན་པར་བརྟོལ་ཏེ་དུས་ལས་འདས་ན། ཉེས་པ་སྦོམ་པོར་འགྱུར་རོ། །སྨིན་པར་བརྟོལ་ན་ཉེས་པ་མེད་དོ། །དགེ་སློང་ཞིག་ན་བ་དང ། དེ་དང་འཕྲོད་པའི་ཟས་ནི། མ་རྙེད་ནས་དེའི་ནད་གཡོག་གིས་མི་འཕྲོད་པའི་ཟས་ཤིག་བྱིན་ནས་ཚེ་དང་ལྡན་པ། འདི་ལས་ཅི་ཡོག་པ་ཟོ་ཞིག་།དེས་ཟོས་ཏེ་དུས་ལས་འདས་ན། ཉེས་པ་སྦོམ་པོར་འགྱུར་རོ། །དེ་དང་འཕྲོད་པའི་ཟས་ཤིག་བྱིན་པ་ལས་དུས་ལས་ Pa16b འདས་ན། ཉེས་པ་མེད་དོ། །དགེ་སློང་ཞིག་ན་བ་དང ། དེ་དང་འཕྲོད་པའི་སྨན་མ་རྙེད་ན། དེའི་ནད་གཡོག་ཀྱང་དེ་བཞིན་ནོ། །དགེ་སློང་ནད་བ་ཞིག་གིས་ནད་གཡོག་ལ་ཚེ་དང་ལྡན་པ་ནད་གཡོག། ཁོ་བོ་གནས་ཁང་ནས་ཕྱིར་ཕྱུང་ཞིག་།ཕྱིས་ཤིག་།ཁྲུས་ཤིག་།ཁོ་བོ་ནང་དུ་ཁྲིད་ཅིག་།འདུག་ཏུ་ཆུག་ཅིག་།ཅེས་སྨྲས་ནས་འདུག་ཏུ་ཡང་བཅུག་།བརྙེས་སུ་ཡང་བཅུག་པ་ལས་དུས་ལས་འདས་ན།་ཐམས་ཅད་ལའང་ཉེས་པ་མེད་དོ། །མདོར་ན། འཁར་བ་ཕོ་ལོང་ཆུ་རྣམས་དང ། །དགོན་པ་གཉིས་དང་བླ་གཏུན་དང ། ཁྲོས་པ་ཐལ་མོ་བརྣངས་པའོ། །དགེ་སློང་ཞིག་འདུག་པ་ན་ཡུར་ཏེ། དགེ་སློང་གིས་དེ་ལ་འཁར་བས་བསྐྱོད་པ་དང་དེ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། དེའི་ཚེ་ན་དེ་ལ་མཚོན་ལྟ་བུ་ཞེས་བྱ་བའི་རླུང་བྱུང་ངོ ། །གཞན་ཡང་ཕོ་ལོང་གིས་ཕོག་སྟེ་དུས་ལས་འདས་པ་དང ། གཞན་ཡང་ཆུས་ཕོག་སྟེ་དུས་ལས་འདས་པ་འདི་དག་ཀྱང་དེ་བཞིན་རྒྱས་པར་བཤད་དོ། །བཅུ་བདུན་སྡེ་རྣམས་ཀྱང་རྒྱས་པར་ནི། རྣམ་པར་འབྱེད་པ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །ཁྱིམ་བདག་གཞན་ཞིག་གསར་དུ་དད་དེ། དེས་དུས་གསར་བའི་འབྲུ་གསར་པ་དང ། འབྲས་བུ་གསར་པ་དེ་དང་དེ་དག་དགེ་འདུན་ལ་ཕུལ་ཏེ་བདག་ཉིད་ཕྱིས་ཟའོ། །དགོན་པ་པ་གཞན་ཞིག་ཁྱིམ་དེར་སོང་བ་དང ། ཁྱིམ་བདག་དེས་འདི་སྙམ་དུ། ད་ཕྱིན་ཆད་དགེ་འདུན་ལ་མ་དབུལ་བར་དགོན་པ་པ་འདི་ལ་དབུལ་ལོ། །སྙམ་ Pa17a ༄#། །བསམ་ནས་དེས་དེ་ལ་བྱིན་ནོ། །དགེ་སློང་དེ་དག་གིས་ཁྱིམ་བདག་དེ་སྔོན་ཆད་ནི། དུས་གསར་བའི་འབྲུ་གསར་པ་དང ། འབྲས་བུ་གསར་པ་དེ་དང་དེ་དག་དགེ་འདུན་ལ་ཕུལ་ནས་ཕྱིས་བདག་ཉིད་ཟ་ན། ད་ནི། དེས་མ་བྱིན་པས་ན། དགེ་སློང་དགོན་པ་པ་ཞིག་ཁྱིམ་དེར་སོང་བ་དེས་བཀག་པར་གྱུར་གྱི། སོང་ལ་བོས་ཤིག་།ཅེས་སྨྲས་པ་དང ། དེ་དག་གིས་བོས་ནས་དགོན་པ་པ། ཁྱིམ་བདག་དེ་ནི། དུས་གསར་པའི་འབྲུ་གསར་པ་དང ། འབྲས་བུ་གསར་པ་དེ་དང་དེ་དག་དགེ་འདུན་ལ་ཐོག་མར་ཕུལ་ནས་ཕྱིས་བདག་ཉིད་ཟ་ན། ཁྱོད་དེའི་ཁྱིམ་དུ་སོང་ནས་ཁྱོད་ཀྱིས་བཀག་པར་གྱུར་ཏོ། །ཞེས་སྨྲས་པ་དང ། བཙུན་པ། མ་བཀག་གོ་།མ་བསྒོའོ། །ཞེས་སྨྲས་ནས་དེ་དག་གིས་འདི་སྨྲར་མི་བཏུབ་ཀྱི། ཁྲིད་ལ་དོང་དུ་ཆུག་ཅིག། ཅེས་སྨྲས་ཏེ། དེ་དག་གིས་དེ་དོང་དུ་བཅུག་པས་དེ་དུས་ལས་འདས་སོ། །དགེ་སློང་དེ་དག་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དོ། །ཉེས་པ་སྦོམ་པོར་འགྱུར་རོ། །ཁྱིམ་བདག་གཞན་ཞིག་དགེ་སློང་གི་དགེ་འདུན་དབྱར་གནས་པ་རྣམས་ལ་ཆོས་གོས་འབུལ་བ་ལས་དགེ་སློང་དགོན་པ་པ་ཞིག་ཁྱིམ་དེར་འོངས་ནས་ཁྱིམ་བདག་དེ་འདི་སྙམ་དུ། ད་ཕྱིན་ཆད་དགེ་འདུན་ལ་མི་དབུལ་བར་དགོན་པ་པ་འདི་ལ་དབུལ་སྙམ་དུ་བསམ་ནས་དེས་དགོན་པ་པ་དེ་ལ་བྱིན་པ་དང ། དགེ་སློང་དེ་དག་འདི་སྙམ་དུ། ཁྱིམ་བདག་དེ་ Pa17b དགེ་སློང་གི་དགེ་འདུན་དབྱར་གནས་པ་རྣམས་ལ་གོས་འབུལ་ན། དགེ་སློང་དགོན་པ་པ་ཞིག་དེར་སོང་བ་དེས་བཀག་པར་གྱུར་སྙམ་གྱི། སོང་ལ་དེ་བོས་ཤིག་ཅེས་སྨྲས་པ་དང ། དེ་དག་གིས་དེ་བོས་ནས་དགོན་པ་པ། ཁྱིམ་བདག་དེ་ནི། དགེ་སློང་གི་དགེ་འདུན་དབྱར་གནས་པ་རྣམས་ལ་གོས་འབུལ་བ་ལས། ད་མི་དབུལ་བ་ནི། ཁྱོད་དེའི་ཁྱིམ་དུ་སོང་བས་ཁྱོད་ཀྱིས་བཀག་པར་མ་གྱུར་ཏམ་ཞེས་དྲིས་ན། བཙུན་པ། བདག་གིས་ནི། མ་བཀག་གོ་།མ་བསྒོའོ། །ཞེས་སྨྲས་པ་དང ། དེ་དག་གིས་འདི་སྨྲར་མི་བཏུབ་ཀྱི། ཁྲིད་ལ་སྒོ་ལེབ་ཀྱི་བར་དུ་ཚིར་ཅིག་།ཅེས་སྨྲས་ནས། དེ་དག་གིས་སྒོ་ལེབ་ཀྱི་བར་དུ་བཙིར་བ་དང ། དེ་དུས་ལས་འདས་སོ། །དགེ་སློང་དེ་དག་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ།་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་བསོད་སྙོམས་སྤྱོད་པ་དང ། སྒོ་དོག་པ་ཞིག་ན་བླ་གཏུན་ཞིག་སྒྲེང་ཞིང་འདུག་པ་ལས། དེའི་ཆོས་གོས་ཀྱི་གྲས་བསྡོས་པས་ཁྱེའུའི་སྟེང་དུ་འགྱེལ་ནས་ཁྱེའུ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། བག་ཡོད་པར་བྱོས་ལ་བསོད་སྙོམས་སྤྱོད་ཅིག་།བྲམ་ཟེ་ཞིག་གིས་ནང་པར་སྔར་བཀྲ་ཤིས་དང་ལྟས་བྱས་ནས་ཁྱིམ་གྱི་ནང་ན་འདུག་པ་དང ། དགེ་སློང་ཞིག་ཁྱིམ་དེར་བསོད་སྙོམས་སྤྱོད་པ་ལ་དེ་ཁྲོས་ནས་ཕུལ་བ་དང ། Pa18a ༄#། །དགེ་སློང་དེ་ཁྱེའུ་ཞིག་གི་སྟེང་དུ་འགྱེལ་ནས་ཁྱེའུ་ཤི་བར་གྱུར་ཏོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། ། དགེ་སློང་ཐལ་མོའི་རིག་སྔགས་འདེབས་ཤིང་དེས་ལག་པས་བྱུགས་ཏེ་ཐལ་མོ་གཅིག་བསྣུན་པ་དང ། དེ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། བག་ཡོད་པར་བྱོས་ལ་ཐལ་མོས་སྣུན་ཅིག་།དགེ་སློང་ཞིག་བརྣངས་ཏེ་ཤི་ལ་ཐུག་པ་དང ། དེ་ལ་དགེ་སློང་ཞིག་གིས་ཁུ་ཚུར་ཅིག་བསྣུན་ནས་བརྣངས་པ་དེ་ཁྲག་དང་བཅས་ཏེ་བྱུང་ནས་དགེ་སློང་དེ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ཅི་ནས་ཀྱང་བག་ཡོད་པར་བྱས་ཏེ་བརྣངས་པ་ཡང་བྱུང་བར་གྱུར་ལ་དུས་ཀྱང་འདས་པར་མི་འགྱུར་བ་དེ་ལྟར་བསྣུན་པར་བྱའོ། །མདོར་ན། སྟན་གཉིས་པ་དང་ཕ་གཉིས་དང ། །གཞན་ཡང་བཏང་བ་གཉིས་པ་དང ། །འདྲ་བར་གྱུར་པའི་སྤྲེའུ་དང ། །རྐུན་པོ་རྣམས་ལ་བསྡིགས་པའོ། །ཚེ་དང་ལྡན་པ་འཆར་ཀ་ནག་པོས་མ་བརྟགས་པར་སྟན་ལ་འདུག་པ་ནི། རྣམ་པར་འབྱེད་པ་ལས་ཇི་སྐད་རྒྱས་པར་འབྱུང་བ་བཞིན་ནོ། །སྦོམ་མོ་དགའ་ལྡན་མོ་ཡང་དེ་བཞིན་དུ་སྦྱར་རོ། །དགེ་སློང་ཞིག་གིས་ཕ་ལམ་དུ་ཕུལ་ནས་དུས་ལས་འདས་པ་ཡང་རྣམ་པར་འབྱེད་པ་ལས་ཇི་ Pa18b སྐད་འབྱུང་བ་བཞིན་ནོ། །དགེ་སློང་རྒན་ཞུགས་པ་སྤད་གཉིས་ཤིག་ལྷན་ཅིག་ཏུ་ཛེ་ཏའི་ཚལ་དུ་དོང་བ་ལས་གཙུག་ལག་ཁང་གི་གྲོང་དུ་ཕྱིན་པ་དང ། ཕས་བུ་ལ་འདིར་གཟིག་རྣམས་ཀྱིས་འཇིགས་པར་འགྱུར་གྱི། ནང་དུ་འཁོད་དོ། །ཞེས་སྨྲས་པ་དང ། བུས་དེ་ལ་རྒན་ཞུགས། དེང་ཁྱིམ་པ་དང་ལྷན་ཅིག་ཏུ་འཁོད་ན། དེ་དག་དང་བདག་ཅག་ཏུ་བྱེ་བྲག་ཅི་ཡོད་ཅེས་སྨྲས་པ་དང ། བུ། ཁྱོད་ནི། མེལ་ཚེ་བྱོས་ཤིག་།ཁོ་བོ་ཉལ་ལོ། །ཞེས་སྨྲས་སོ། །དེ་ནས་རྒན་ཞུགས་དེ་ཉལ་བ་དང ། དགེ་སློང་དེའང་ཉལ་ལོ། །རྒན་ཞུགས་དེ་སྡུར་པ་ཅན་ཞིག་སྟེ། དེའི་སྒྲས་གཟིག་འོངས་ནས་དེས་དེའི་མགོ་བོ་ནས་བཟུང་བ་དང ། དེས་སྒྲ་ཕྱུང་ནས་གཟིག་གིས་བཏང་སྟེ་བྲོས་སོ། །དགེ་སློང་དེས་མེ་མར་བླངས་ཏེ་བརྟགས་ན། དུས་ལས་འདས་ཏེ་དེ་འདི་སྙམ་དུ། དེས་ནང་དུ་འཁོད་དོ། །ཞེས་ཟེར་ན་ཡང ། བདག་གིས་དེའི་ཚིག་མ་མཉན་པས་གང་ཅུང་ཟད་འདི་དུས་ལས་འདས་པར་གྱུར་པ་དེ་ཐམས་ཅད་ནི། བདག་གིས་ཉེས་སོ། །སྙམ་སྟེ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། མེལ་ཚེ་བྱོས་ཤིག་།དགེ་སློང་ཞིག་གིས་གསོད་སེམས་ཀྱིས་དགེ་སློང་ཞིག་འཇིགས་པ་དང་བཅས་པའི་གནས་སུ་བཏང་བ་དང ། དེ་དུས་ལས་འདས་ན ། བས་ཕམ་པར་འགྱུར་རོ། །དུས་ལས་མ་འདས་ན། ཉེས་པ་སྦོམ་པོར་འགྱུར་རོ། །བཅོམ་ལྡན་འདས་གྲོང་ཁྱེར་ཡངས་པ་ཅན་ན་བཞུགས་ཏེ། དགེ་སློང་དག་ནགས་ཆེན་པོར་ཉིན་པར་སྤྱོད་དུ་དོང་ངོ ། ། Pa19a ༄#། །དེས་དེར་སྤྲེའུ་ཞིག་བསད་པ་དང ། དགེ་སློང་ཞིག་གིས་ཁྱོད་ནི། ཕས་ཕམ་པའི་ཉེས་པ་བྱུང་ངོ ། །དངོས་པོ་གནག་གི་ཕྱིར། མིའི་འཚོ་བ་དང་ཕྲལ་བ་དང ། མི་དང་འདྲ་བ་འདི་གཉིས་ལ་བྱེ་བྲག་ཅི་ཡོད་ཅེས་སྨྲས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕས་ཕམ་པའི་ཉེས་པ་མེད་དེ། ལྟུང་བར་འགྱུར་རོ། །རྐུན་པོ་བསྡིགས་པ་ཡང་རྒྱས་པར་འདུལ་བ་ལས་ཇི་སྐད་འབྱུང་བ་བཞིན་ནོ། །མདོར་ན། མགོ་ལྡན་སྔོན་གྱི་སྨན་པ་དང ། །འགེགས་ཏེ་ཤི་བར་གྱུར་པ་དང ། །གྲོང་ཁྱེར་ཡངས་པ་ཅན་གནས་དང ། ། འགེག་ཐག་ཆད་དང་བརྒྱུགས་པའོ། །མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་ལས་བུ་ཁྱེའུ་ཞིག་བཙས་ཏེ། དེ་ཆེན་པོར་གྱུར་པ་དང ། མགོ་བོས་སོ་ཕག་བསྲེགས་པ་ཆོག་པས་དེའི་མིང་མགོ་ལྡན་དུ་བཏགས་སོ། །ཇི་ཙམ་ན་རབ་ཏུ་བྱུང་ནས་དེ་དོན་ཞིག་ལ་གྲོང་དུ་ཞུགས་པ་དང ། ཁྱིམ་བདག་གཞན་ཞིག་གི་ཆུང་མ་ཞིག་ཀྱང་ཁྱེའུ་ཞིག་ཁྲིད་དེ་རྗེས་བཞིན་དུ་འོངས་ནས་དེའང་གློ་གཡས་གཡོན་དུ་ལྟ་ཞིང་སོང་ངོ ། །དེ་ལ་ལུག་ཐུག་ཅིག་གིས་སྙོགས་པ་དང ། དགེ་སློང་དེས་ཀྱང་མགོ་བཏུད་དེ་སོང་བ་ལ་དེས་ཀྱང་བདག་ལ་བརྡུང་བར་ཤེས་ནས་ལུག་ཐུག་དེས་དེ་ལ་བརྡུངས་པ་དང ། དགེ་སློང་དེ་ཁྱེའུའི་སྟེང་དུ་འགྱེལ་ནས་ཁྱེའུ་དེ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། Pa19b དགེ་སློང་གིས་སྤྱོད་ལམ་དེ་ལྟ་བུར་མ་འགྲོ་བར་གཉའ་ཤིང་སྲིད་དུ་ལྟོས་ཤིག་།སྔོན་སྨན་པ་ལས་རབ་ཏུ་བྱུང་བ་གཞན་ཞིག་གིས་དགེ་སློང་ནད་པ་ཞིག་གི་དྲུང་དུ་འོངས་པ་དང ། དེས་དེ་ལ་གཏར་ཀ་ཐོབ་ཅིག་ཅེས་སྨྲས་ནས་དེས་ཀྱང་དེ་ལ་གཙགས་བུ་ཞིག་བཏབ་སྟེ། གཙགས་བུ་དེ་སླར་ཕྱུང་བ་དང ། དགེ་སློང་དེ་དུས་ལས་འདས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། ཕྱིན་ཆད་དགེ་སློང་དག་མ་བསླབ་པར་སྨན་དཔྱད་མ་བྱེད་ཅིག་།དགེ་སློང་ནད་པ་གཞན་ཞིག་ནད་མ་སོས་ནས་དེ་འདི་སྙམ་དུ། བདག་འཚོ་སྟེ་ཅི་རུང་གི་།བདག་ཉིད་འཆིའོ། །སྙམ་དུ་བསམ་སྟེ། དགེ་སློང་དེས་ནད་གཡོག་ལ་འདི་སྐད་དུ། ཚེ་དང་ལྡན་པ། ཐག་པ་ཞིག་བྱིན་ཅིག་།ཅེས་སྨྲས་སོ། །དེས་དེ་ལ་བྱིན་ནས་དེ་འགེགས་པ་དང ། དེ་དུས་ལས་འདས་སོ།། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། དགེ་སློང་གིས་བབ་བབ་ཏུ་ནད་པ་ལ་ཐག་པ་མ་སྦྱིན་ཅིག་།དགེ་སློང་ཞིག་བསོད་སྙོམས་སྤྱོད་པ་ན་གྲོང་ཁྱེར་ཡངས་པ་ཅན་ན་གནས་པ་དག་ཀྱང་མདའ་དང ། གཞུ་ལག་ན་ཐོགས་ཏེ་འོངས་ནས་དགེ་སློང་དེས་བཞིན་བཟང ། ཁོ་བོ་མ་བསད་པར་འདི་ལ་འཕོངས་ཤིག་ཅེས་སྨྲས་པ་དང ། དེས་མདའ་འཕངས་ནས་དེར་བསད་དོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། དགེ་སློང་གིས་དེ་སྐད་མ་བསྒོ་ཞིག་།དགེ་སློང་ནད་པ་གཞན་ཞིག་ཀྱང་ Pa20a ༄#། །རྒྱས་པར་ནི། སྔ་མ་བཞིན་དུ་ཐག་པ་ཁྱེར་ནས་ནགས་ཆེན་པོར་སོང་བ་དང ། དེས་དེར་ཤིང་ལ་འཛེགས་ནས་ཐ་གུ་དེས་བཏགས་ཏེ། དེས་ལྐོག་མ་ཞགས་མིག་ཏུ་བཅུག་ནས་ལུས་མཆོངས་པ་དང ། ཐག་པ་ཆད་ནས་དེའི་འོག་ཏུ་ཁྱི་བུ་བྱུང་བ་བཞིན་འདུག་སྟེ། དེའི་སྟེང་དུ་དགེ་སློང་ལྷུང་བ་དང ། ཁྱི་དབུ་དང་བཅས་ཏེ་དུས་ལས་འདས་སོ། །དགེ་སློང་དག་གིས་ཐོས་ནས་རྒྱས་པར་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་སྔ་མ་ནི། ཉེས་པར་འགྱུར་གྱི། ཕྱི་མ་ལ་ཉེས་པ་མེད་དོ། ། དགེ་སློང་ལུས་ཀྱིས་འདི་ལྟར་བརྩལ་བ་ནི། མ་བྱེད་ཅིག་།བྱས་ན། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གཞན་ཞིག་གྲོང་དུ་དོན་ཞིག་ཡོད་དེ། དེས་དགེ་སློང་ནད་སོས་ནས་རིང་པོར་མ་ལོན་པ་ཞིག་ཁྲིད་དེ་སོང་བ་དང ། ལམ་དུ་རྐུན་པོས་སྐྲག་ནས་དེས་དེ་ལ་ཚེ་དང་ལྡན་པ། སྐྱེན་པར་འདོང་ཞེས་སྨྲས་པ་དང ། དེས་མི་ནུས་སོ། །ཞེས་སྨྲས་ནས་དགེ་སློང་གིས་ཚུར་ཤོག ། བཅོམ་མ་རེ་ཞེས་སྨྲས་ནས་དེས་དེ་ལྟར་ཁྲིད་དེ་དེའང་གྲོང་དུ་ཁྲིད་པ་དང་དུས་ལས་འདས་སོ། །དེ་འདི་སྙམ་དུ། དེ་སྟེ་བདག་གིས་དགེ་སློང་དེ་ཁྲིད་དེ་མ་འོངས་ན་ནི། ཤི་བར་མི་འགྱུར་རོ། །སྙམ་དུ་བསམ་ནས་དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། ཕྱིན་ཆད་དགེ་སློང་གིས་ནད་པ་ཉམས་ཆུང་བར་གྱུར་པ་དེ་ལྟ་བུ་ལམ་དུ་མ་བཀྲ་ Pa20b ཞིག་།མདོར་ན། བདེ་ལྡན་འདུ་ཤེས་བསྒོ་བ་དང ། །དགྲ་བཅོམ་བྲམ་ཟེ་དབང་པོ་དང ། །ཆོས་གོས་དག་དང་བསོད་སྙོམས་དང ། །གྲོང་དུ་ཉེས་འགྲོ་རྣམ་པ་གཉིས། །སངས་རྒྱས་བཅོམ་ལྡན་འདས་ཡུལ་བྲི་ཛིའི་འོད་མའི་ཚལ་གྱི་གྲོང་ན་བཞུགས་སོ། །ཀླུང་བདེ་ལྡན་གྱི་ངོགས་ན་གནས་པའི་དགེ་སློང་རྣམས་ལ་བསླབ་པའི་གནས་མ་བཅས་པས་ལས་དང་པོ་པ་ལ་ཉེས་པ་མེད་དེ། བདག་ཅག་གིས་བསླབ་པའི་གནས་མ་བཅས་པ་ན་མེད་ལ་མེད་བཞིན་དུ་མི་ལས་བླ་མར་གྱུར་པའི་ཆོས་ཤིག་རིགས་མང་པོ་ལ་སྨྲས་ན། བདག་ཅག་གི་ལས་དང་པོ་པ་གང་ཡིན་སྙམ་ནས་དོགས་པ་དང ། འཛེམ་པ་དང ། འགྱོད་པ་སྐྱེས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བསླབ་པའི་གནས་མ་བཅས་པ་ན། ཀླུང་བདེ་ལྡན་གྱི་ངོགས་ན་གནས་པའི་དགེ་སློང་རྣམས་ཀྱིས་འདས་པ་དང་བཅས་པ་ནི། ཐམས་ཅད་ལས་དང་པོ་པ་ཡིན་པས། ལས་དང་པོ་པ་ལ་ཉེས་པ་མེད་དོ། །དགེ་སློང་ཞིག་གིས་མི་ལ་མི་མ་ཡིན་པར་འདུ་ཤེས་ཏེ་མེད་ལ་མེད་བཞིན་དུ་མི་ལས་བླ་མར་གྱུར་པའི་ཆོས་སྨྲས་པ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ལ་མིར་འདུ་ཤེས་ན། ཕས་ཕམ་པར་འགྱུར་རོ། །མི་མ་ཡིན་པ་ལ་ཐེ་ཚོམ་ན། ཉེས་པ་སྦོམ་པོར་འགྱུར་རོ། །མི་མ་ཡིན་པ་ལ་མིར་འདུ་ཤེས་ན། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གིས་ཁྱིམ་བདག་ཅིག་ལ་མེད་བཞིན་དུ་མི་ལས་བླ་མར་ Pa21a ༄#། །གྱུར་པའི་ཆོས་སྨྲས་པ་དང ། ཁྱིམ་བདག་དེ་ཡེངས་ནས་བཙུན་པ། ཅི་གསུང་ཞེས་སྨྲས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་ཕས་ཕམ་པའི་ཉེས་པ་ནི། མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །ཁྱིམ་བདག་ཅིག་གིས་དགེ་སློང་ཞིག་ལ་བཙུན་པ། ཁྱོད་དགྲ་བཅོམ་པ་ལགས་ཀྱི། ཆོས་གོས་དང ། བསོད་སྙོམས་དང ། མལ་སྟན་དང ། ནད་ཀྱི་རྐྱེན་སྨན་དང ། ཡོ་བྱད་ཀྱི་མཆོག་རྣམས་འོས་སོ། །ཞེས་སྨྲས་པ་དང ། ཅང་མི་སྨྲ་བས་ཁས་བླངས་པ་ཡིན་ཏེ། ཉེས་པ་སྦོམ་པོར་འགྱུར་རོ། ། ཁྱིམ་བདག་ཅིག་གིས་དགེ་སློང་ཞིག་ལ་སྡིག་པ་མེད་པའི་ཆོས་ཚངས་པ་དང་ལྡན་ནམ་ཞེས་སྨྲས་ན། ཅང་མི་སྨྲ་བས་ཁས་བླངས་པ་ཡིན་ཏེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གཞན་པ་དགྲ་བཅོམ་པ་ཡིན་ན། བདག་གི་བསོད་སྙོམས་བཞེས་ཤིག་ཅེས་སྨྲས་པ་དང ། དེ་ཅང་མི་སྨྲ་བས་ཁས་བླངས་པ་ཡིན་ཏེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གཞན་གྱི་གྲོང་དུ་ཉེ་བར་འགྲོ་ཞེས་དེ་སྔ་དྲོའི་དུས་སུ་ཤམ་ཐབས་བགོས་ཏེ་གྲོང་དུ་སོང་བ་དང ། དེ་ལ་ཁྱིམ་བདག་གིས་བཙུན་པ་དེ་སྟེ་དགྲ་བཅོམ་པ་ལགས་ན། ནང་དུ་གཤེགས་ཤིག་ཅེས་སྨྲས་པ་དང ། ཅང་མི་སྨྲ་བར་ནང་དུ་འོངས་ན། ཉེས་པ་སྦོམ་པོར་འགྱུར་རོ། །དེ་བཞིན་དུ་སྟན་ལ་འདུག་།ཟན་ལོངས་ལ་གསོལ་ཅིག་།རྗེས་སུ་ཡི་རང་བ་གྱིས་ཤིག་།སླར་བྱུང་ཞིག ། Pa21b ཅེས་སྨྲས་པ་དང ། དེ་ཅང་མི་སྨྲ་ན། ཁས་བླངས་པས་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གྲོང་གཞན་ཞིག་གི་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། སྔ་དྲོ་ཤམ་ཐབས་བགོས་ནས་གྲོང་དེར་སོང་བ་དང ། ཁྱིམ་བདག་གིས་བཙུན་པ། དེ་སྟེ་དགྲ་བཅོམ་པ་ལགས་ན། ཁྱིམ་གྱི་ནང་དུ་གཤེགས་ཤིག་ཅེས་སྨྲས་པ་དང ། ཁོ་བོ་ནི། དགྲ་བཅོམ་པ་ཅུང་ཟད་ཀྱང་མ་ལགས་ན་དེ་སྟེ་ཁྱོད་བཟོད་ན་ནི། ནང་དུ་མཆིའོ། །ཞེས་སྨྲས་ན། ཉེས་པ་མེད་དོ། །སྟན་ལ་བཞུགས་ཏེ་བཤོས་དང ། སྐྱུ་རུམ་དང ། བཅའ་བ་རྣམས་བཞེས་ལ་གསོལ་ཅིག། རྗེས་སུ་ཡི་རང་ཞིང་སླར་བྱུང་ཞིག། ། ཅེས་སྨྲས་པ་དང ། ཁོ་བོ་ནི། དགྲ་བཅོམ་པ་ཅུང་ཟད་ཀྱང་མ་ལགས་ན། དེ་སྟེ་ཁྱོད་ཀྱིས་བཟོད་ན། ཕྱིར་འབྱུང་ངོ ། །ཞེས་སྨྲས་ན། ཉེས་པ་མེད་དོ། །ཁྱིམ་བདག་གིས་དགེ་སློང་ཞིག་ལ་བཙུན་པ། ཁྱོད་དབང་པོའི་སྒོ་རྣམས་ནི་ཤིན་ཏུ་བསྡམས་ཤིང་ལེགས་པར་བསྲུངས་པའོ། །ཞེས་སྨྲས་པ་དང ། ཅང་མི་སྨྲ་བས་ཁས་བླངས་ན། ཉེས་པ་སྦོམ་པོར་འགྱུར་རོ། །སླར་ཕྱུང་ཞིག ། ཅེས་སྨྲས་པ་ལས་ཁོ་བོ་དགྲ་བཅོམ་པ་ནི། ཅུང་ཟད་ཀྱང་མ་ལགས་སོ། །ཞེས་སྨྲས་ནས་ཕྱིར་བྱུང་ན། ཉེས་པ་མེད་དོ། །མདོར་ན། དྲུག་བྱས་དང་ནི་མངོན་ཤེས་དང ། །མེ་ཡི་ཕུང་པོ་མེད་པ་དང ། །མ་དྷ་གི་ནི་སྒྲ་རྣམས་དང ། །དྲི་ཟ་དང་ནི་ལྷ་མ་ཡིན། །རྫིང་བུ་བརྡུང་དང་བྷ་ལ་ཧ། །དཀའ་ཐུབ་མགོ་མ་རྒྱུན་དུ་གཉིས། །འཐབ་པ་གཉིས་དང་ཁྱེའུ་གནས་བདེ་བར་འོངས། ། Pa22a ༄#། །མཛེས་པ་དང་ནི་འདི་གཉིས་དང ། །མདོའི་ཚིགས་སུ་བཅད་པ་གཉིས་པོ་རྒྱས་པར་ཤེས་པར་བྱའོ། །མདོར་ན། འཆར་ཀ་སྦོམ་པོ་ནམ་མཁའ་དང ། །མགོ་ལ་ལག་པ་གཉིས་ཀྱིས་བྱུགས། །སྒྲེའུ་དུགས་ཁང་ཁྲུས་ལས་དང ། །གནས་དང་ཚུལ་བཞིན་མ་ཡིན་པ། །གླེང་གཞི་ནི། །མཉན་དུ་ཡོད་པ་ན་སྟེ། བསླབ་པའི་གནས་མ་བཅས་པས་ལས་དང་པོ་ལ་ཉེས་པ་མེད་པར་གྱུར་པ་ན། ཚེ་དང་ལྡན་པ་འཆར་ཀ་འདི་སྙམ་དུ། བདག་གིས་ནི། བསླབ་པའི་གནས་མ་བཅས་པར་ལན་མང་ཞིག་ཏུ་བསམ་བཞིན་ཁུ་བ་ཕྱུང་ན། བདག་གི་ལས་དང་པོ་པ་གང་ཡིན་སྙམ་ནས་ཐེ་ཚོམ་དུ་གྱུར་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསླབ་པའི་གནས་མ་བཅས་པ་ན་འཆར་ཀས་འདས་པ་དང་བཅས་པ་ནི། ཐམས་ཅད་ཀྱང་ལས་དང་པོ་པ་སྟེ། ལས་དང་པོ་པ་ལ་ནི། ཉེས་པ་མེད་དོ། །དགེ་སློང་ཞིག་གིས་སྦུ་བུར་ཕྱུང་ངམ། ནམ་མཁའ་ལ་བསྐྱོད་དམ། ནམ་མཁའ་ལ་ཕྱུང་ངམ། ཕོ་མཚན་མནམས་སམ།་བཙིར་ཏེ་དགའ་བ་ཚོར་རམ། བཙིར་ཏེ་བཏང་ཕྱུང་ངམ། འཕགས་པ་ལས་བཏང་ངམ། བརྩམས་ནས་སླར་བཏང་ཡང་རུང་སྟེ། ཐམས་ཅད་ཉེས་པ་སྦོམ་པོར་འགྱུར་རོ། ། དགེ་སློང་ཞིག་གིས་བརླས་ལྟོས་ཏེ་ཁུ་བ་ཕྱུང་བ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་ཞིག་ལ་བུད་མེད་ Pa22b ཅིག་གིས་ལག་པ་གཉིས་ཀྱིས་རྐང་པ་གཉིས་ལ་ཕྱག་འཚལ་ཏེ། དེས་ཁུ་བ་ཕྱུང་སྟེ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ་།རི་དྭགས་དགྲའི་མ་ས་ག་མས་དགེ་སློང་རྣམས་ཀྱི་རྐང་པ་ལ་ཕྱག་འཚལ་ཏེ། དེས་ཚེ་དང་ལྡན་པ་དགའ་བོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་བ་དང ། དེས་དེ་ཁུ་བ་ཕྱུང་ནས་རི་དྭགས་དགྲའི་མ་ས་ག་མའི་མགོ་བོ་ལྷུང་བ་དང ། དེ་ཕྱོགས་གཅིག་ཏུ་སོང་སྟེ་ལག་པ་གཉིས་ཀྱིས་མགོ་ལ་བྱུགས་ནས་འདི་སྐད་དུ་ཚངས་པ་མཚུངས་པར་སྤྱོད་པ་དེ་དག་ནི། བཅོམ་ལྡན་འདས་ཀྱི་དྲུང་ན་ཤིན་ཏུ་ཉོན་མོངས་ཀྱང་ཚངས་པར་སྤྱད་པ་སྤྱོད་དེ། བདག་གིས་ནི། རྙེད་པ་རབ་ཏུ་རྙེད་དོ། །ཞེས་མགུ་བར་བརྗོད་པ་བརྗོད་དོ། །ཚེ་དང་ལྡན་པ་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དེ། སྒྲེའུ་ཆོངས་ཤིག་།དགེ་སློང་ཞིག་གིས་སྒྲེའུ་ལ་རེག་སྟེ་ཁུ་བ་ཕྱུང་ངོ ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་ཞིག་དུགས་ཁང་ན་ལས་བྱེད་པ་ལས་ཁུ་བ་བྱུང་ངོ ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་ཞིག་གནས་ནས་གནས་སུ་འཆག་པ་ན། དེ་ཁུ་བ་བྱུང་སྟེ་དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ལྷག་མའི་ཉེས་པ་ནི། མེད་ཀྱི། ཉེས་པ་ Pa23a ༄#། །སྦོམ་པོར་འགྱུར་རོ། །ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པའང་དེ་བཞིན་ནོ། །མདོར་ན། བུད་མེད་རྣམ་པ་ལྔར་བྱས་དང ། །གནོད་པ་ལ་ཡང་རྣམ་པ་ལྔ། ། གཟུགས་བ་ལ་ཡང་ལྔར་བྱས་ཏེ། །དུར་ཁྲོད་པ་ལ་དྲུག་ཏུ་འོ། །དགེ་སློང་ཞིག་ལ་མ་དང ། སྲིང་མོ་དང ། བུ་མོ་དང ། ཆུང་མ་དང ། མཛའ་ན་མོ་རྣམས་ཀྱིས་འགྲོགས་ནས་རིང་པོ་མ་ལོན་པར་མགུལ་ནས་འཁྱུད་པ་དང ། ཁུ་བ་བྱུང་ངོ ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་ཞིག་གིས་བུད་མེད་མེ་ལས་ཕྱུང ། ཆུ་དང ། གཡང་ས་དང ། མཚོན་ཆ་དང ། གཅན་གཟན་དང ། མི་མ་ཡིན་པ་རྣམས་ལས་ཐར་པར་བྱས་པ་དང ། དེ་ཁུ་བ་བྱུང་ངོ ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་ལ་བུད་མེད་ཅིག་གིས་རྐང་པས་བཟུང་ངམ། བྱིན་པ་དང ། པུས་མོ་དང ། བརླ་དང ། མཛུབ་མོ་རྣམས་ཀྱིས་བཟུང་བ་དང ། དེ་ཁུ་བ་བྱུང་ངོ ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་ཞིག་གིས་རྣམ་པར་སྡོས་པ་ལ་ཁུ་བ་ཕྱུང་བ་དང ། བམ་པ་དང ། སྤོས་པ་དང ། རྣམ་པར་དམར་བ་དང ། རྣམ་པར་ཞིག་པ་དང ། ཀེང་རུས་ལ་ཁུ་བ་ཕྱུང་ན། ཐམས་ཅད་དགེ་འདུན་གྱི་ལྷག་མར་འགྱུར་རོ། །མདོར་ན། འཕྲུག་པ་ Pa23b འདྲུད་པ་མཛུབ་མོ་དང ། །ཆུ་ལས་སྦྲིད་པར་གྱུར་པ་དང ། །ནང་གི་དགུར་ནི་བྱས་པ་དང ། །སྤྱོད་པ་རྣམ་པ་ཉི་ཤུའོ། །དགེ་སློང་ཞིག་གིས་འཕྲུག་པ་ལས་ཁུ་བ་བྱུང་ན། ཉེས་པ་མེད་དོ། ། འདྲུད་པའང་དེ་བཞིན་ནོ། །དགེ་སློང་དེས་ཕོ་མཚན་ལ་བཟུང་བ་དང ། ཁུ་བ་བྱུང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་བསོད་སྙོམས་ལ་སྤྱོད་པ་དེ་ན་ན་ཆུང་གཞོན་ནུ་ཞིག་སྟུ་གདངས་ཏེ་འདུག་པར་གྱུར་པས་འཕགས་པ་ཚུར་སྤྱོན། ཁོ་མོ་ལ་འདི་ལྟ་བུར་མཛོད་ཅེས་སྨྲས་པ་དང ། དེས་དེར་མཛུབ་མོ་བཅུག་གོ་།དགེ་སློང་དགེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་ཁྲུས་བྱེད་པ་ན། ཕོ་མཚན་ཆུའི་རྒྱུན་དུ་བསྡད་པ་དང ། དེ་སྦྲིད་པས་ཁུ་བ་བྱུང་ངོ ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གིས་མགོ་བོ་དང ། རྣ་བ་དང ། སྣའི་ནང་དུ་ཁུ་བ་ཕྱུང་ན། ཐམས་ཅད་དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་ཞིག་གིས་རྩིབ་ལོགས་དང ། རྒྱབ་དང ། བྲང་དང ། ལྟོ་གཉེར་དང ། སྐྲའི་ནང་དུ་ཁུ་བ་ཕྱུང་ན། ཐམས་ཅད་དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་གིས་ལག་པ་དང ། ཕྲག་པ་དང ། དཔུང་པའི་ནང་དུ་ཁུ་བ་ཕྱུང་ན། ཐམས་ཅད་དགེ་འདུན་གྱི་ལྷག་པར་འགྱུར་རོ། །དགེ་སློང་གིས་རྐེད་པ་དང ། བྱིན་ Pa24a ༄#། །པ་དང ། རྐང་པ་དང ། བརླ་རྣམས་ཀྱི་ནང་དུ་ཁུ་བ་ཕྱུང་ན། ཐམས་ཅད་དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་ཞིག་གིས་ལ་བ་དང ། ཕྱིང་བ་དང ། པར་ཏང་དང ། སྔས་རྣམས་སུ་ཁུ་བ་ཕྱུང་ན། ཐམས་ཅད་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་གིས་ཁྲི་དང ། ཁྲིའུ་དང ། ཤིང་སྟན་དང ། ཁྲིའི་བར་དུ་ཁུ་བ་ཕྱུང་ན། ཐམས་ཅད་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གིས་བུམ་བུ་དང ། སྐྱོགས་དང ། བུམ་པའི་ནང་དུ་ཁུ་བ་ཕྱུང་ན། ཐམས་ཅད་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གིས་རྡོ་དང ། ཞལ་ཞལ་བྱས་པ་དང ། ཞལ་ཞལ་བྱས་པའི་ནང་དང ། སྒོག་ཏན་དང ། ཤ་མེར་པོར་རྣམས་སུ་ཁུ་བ་ཕྱུང་ན། ཐམས་ཅད་ཉེས་པ་སྦོམ་པོར་འགྱུར་རོ། །མདོར་ན། འཆར་ཀ་འདུ་ཤེས་རྐང་པ་ཕྲག་པ་དང ། ། མ་དང་སོར་མོ་མེ་ལས་ཕྱུང་བ་དང ། །རྐང་པ་ལ་སོགས་པ་བཟུང་བ་དང ། །སྡོ་ལ་སོགས་ལ་འཁྱུད་པའོ། །ཚེ་དང་ལྡན་པ་འཆར་ཀས་བསླབ་པའི་གནས་མ་བཅས་པ་ན་བདག་གིས་བུད་མེད་མང་པོ་དག་དང་ལྷན་ཅིག་ལུས་ཀྱིས་ཀུན་ཏུ་རེག་པར་གྱུར་ན། དེ་དག་ལ་བདག་གི་ལས་དང་པོ་ནི། གང་ཡིན་སྙམ་དུ་བསམ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསླབ་པའི་གནས་མ་བཅས་པ་ན་འཆར་ཀས་འདས་པ་དང་བཅས་པ་ཐམས་ཅད་ལས་དང་པོ་པ་སྟེ། ལས་དང་པོ་ལ་ནི། ཉེས་པ་མེད་དོ། །དགེ་སློང་ཞིག་གིས་མིའི་བུད་མེད་ལ་མི་མ་ Pa24b ཡིན་པར་འདུ་ཤེས་ཏེ་བཟུང་ངོ ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ལ་མིར་འདུ་ཤེས་ན། དགེ་འདུན་གྱི་ལྷག་མར་འགྱུར་རོ། །རྒྱས་པར་ནི། རྣམ་པ་བཞིར་ཤེས་པར་བྱའོ། །དགེ་སློང་གིས་བུད་མེད་ཅིག་ལ་རྐང་པས་ཕུལ་ན། ཉེས་བྱས་སུ་འགྱུར་རོ། །བུད་མེད་ཀྱིས་དགེ་སློང་ལ་རྐང་པས་ཕུལ་ན། ཉེས་པ་མེད་དོ། །དགེ་སློང་གིས་བུད་མེད་ལ་ཕྲག་པས་ཕུལ་ན། ཉེས་བྱས་སུ་འགྱུར་རོ། །བུད་མེད་ཀྱིས་དགེ་སློང་ལ་ཕྲག་པས་ཕུལ་ན། ཉེས་པ་མེད་དོ། །དགེ་སློང་ཅིག་གིས་མའི་མགུལ་ནས་འཁྱུད་པ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་ཞིག་ལ་བུད་མེད་ཀྱིས་སོར་མོས་བཟུང་ངོ ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་ཞིག་གིས་བུད་མེད་ཅིག་མེ་དང ། ཆུ་དང ། གཡང་ས་དང ། མཚོན་དང ། གཅན་གཟན་དང ། མི་མ་ཡིན་པ་རྣམས་ལས་ཐར་པར་བྱས་སོ། ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་ལ་བུད་མེད་ཅིག་གིས་རྐང་པས་བཟུང ། བྱིན་པ་དང ། པུས་མོ་དང ། བརླ་དང ། སོར་མོས་བཟུང་ངོ ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་གིས་བུད་མེད་ཀྱི་རི་སྔོན་པོར་གྱུར་པའི་མགུལ་ནས་འཁྱུད་པ་ Pa25a ༄#། །དང ། བམ་པ་དང ། རུལ་བ་དང ། རོ་དམར་པོར་གྱུར་པ་དང ། འཐོར་བ་དང ། ཀེང་རུས་རྣམས་ཀྱི་མགུལ་ནས་འཁྱུད་ན། ཐམས་ཅད་ཉེས་པ་སྦོམ་པོར་འགྱུར་རོ། །མདོར་ན། འདྲེད་ནས་རྡེག་འཆོས་བུ་མོ་དང ། །མུན་པར་བུད་མེད་ཕྲད་པ་དང ། །བུད་མེད་གཞོན་ནུས་འདྲོང་གདངས་པ། །སྟན་ལྔ་པ་དང་བཅུ་གསུམ་མོ། །བུད་མེད་ཅིག་འདྲེད་དེ་རྡེག་འཆོས་པ་དང་དགེ་སློང་ཞིག་གིས་བསླང་ན། ཉེས་བྱས་སུ་འགྱུར་རོ། །དགེ་སློང་འདྲེད་དེ་རྡེག་འཆོས་པ་ལས་བུད་མེད་ཅིག་གིས་བསླང་ན། ཉེས་པ་མེད་དོ། །དགེ་སློང་རྒན་པོ་ཞིག་བུ་མོ་ལ་བལྟར་སོང་ནས་བུ་མོ་དེའི་པང་པར་འདུག་གོ་།དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་ཞིག་ནམ་ཕྱེད་ན་གཅིན་གཅི་ཞིང་འདུག་པ་དང ། བུད་མེད་ཅིག་ཀྱང་ཕྱིར་བྱུང་སྟེ་འོང་བ་དང ། མུན་པའི་ནང་དུ་གདོང་ཐུག་ཏུ་འཕྲད་དེ་དེ་རྡེག་འཆོས་ནས་དེའི་སྟེང་དུ་འགྱེལ་ཏོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་ཞིག་གྲོང་དུ་བསོད་སྙོམས་ལ་ཞུགས་པ་དང ། ན་ཆུང་གཞོན་ནུ་མ་ཞིག་འདྲོང་གདངས་ཏེ་འདུག་ནས་དེས་འཕགས་པ་ཚུར་སྤྱོན། འདི་དང ། འདི་མཛོད་ཅིག་ཅེས་སྨྲས་པ་དང ། དེས་དེར་བོང་བ་བཅུག་།བསོད་སྙོམས་བཅུག་པས་བཙངས། འཁར་བས་བཙོགས་ཤིང་ Pa25b བརྡེགས་ན། ཐམས་ཅད་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གིས་བུད་མེད་ལ་ཆོས་བཤད་པ་དང ། དེས་དེའི་སྟན་རྐང་པ་དང ། བརླ་དང ། བྱིན་པ་དང ། རྐེད་པ་དང ། རྩིབ་ལོགས་དང ། རྒྱབ་དང ། ལག་པ་དང ། ཕྲག་པ་དང ། མགོ་རྣམས་ཀྱིས་ཕུལ་ན། ཐམས་ཅད་ཉེས་བྱས་སུ་འགྱུར་རོ། །མདོར་ན། འཆར་ཀ་དེ་དང་འདུ་ཤེས་དང ། །བོང་བུ་གནས་ངན་ལེན་པ་དང ། སྲིང་མོ་སྤྱོད་པ་ངན་པར་བཅས། །ཁོ་བོས་མཐོང་དང་ཁྱོད་ཀྱི་མདུན། །དེ་དང་དེ་སྟེ་དེ་ཡིད་མགུ་།བསླབ་པའི་གནས་མ་བཅས་པས་ལས་དང་པོ་པ་ལ་ཉེས་པ་མེད་པ་ན། ཚེ་དང་ལྡན་པ་འཆར་ཀས་འདི་ལྟར་བདག་གིས་བུད་མེད་མང་ཞིག་ལ་གནས་ངན་ལེན་གྱི་ཚིག་སྨྲས་ན། བདག་གིས་ལས་དང་པོ་པ་གང་ཡིན་སྙམ་ནས་ཐེ་ཚོམ་དུ་གྱུར་པ་ནི། རྒྱས་པར་རོ། །དེས་དེ་ལྟར་གྱུར་པ་དགེ་སློང་རྣམས་ལ་སྨྲས་པ་དང ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་སྩལ་པ། བསླབ་པའི་ངས་མ་བཅས་པ་ན་འཆར་ཀས་འདས་པ་དང་བཅས་པ་ནི། ཐམས་ཅད་ལས་དང་པོ་པ་སྟེ། ལས་དང་པོ་ལ་ནི། ཉེས་པ་མེད་དོ། །དགེ་སློང་ཞིག་གིས་མིའི་བུད་མེད་ལ་མི་མ་ཡིན་པར་འདུ་ཤེས་ཏེ་གནས་ངན་ལེན་གྱི་ཚིག་སྨྲས་སོ། ། དགེ་སློང་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་ལ་མིར་འདུ་ཤེས་ན། དགེ་འདུན་གྱི་ལྷག་མར་འགྱུར་རོ། །རྒྱས་པར་ནི། དྲི་བར་བྱའོ། །རྫུ་འཕྲུལ་དང ། ཆོ་ Pa26a ༄#། །འཕྲུལ་གྱི་ཆོས་སུ་སྨྲ་ན་ནི། ཉེས་པ་སྦོམ་པོར་འགྱུར་རོ། །ཆོ་འཕྲུལ་མེད་པའི་ཆོས་སུ་སྨྲ་ན་ནི། དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་ཞིག་བུད་མེད་ཅིག་གི་དྲུང་དུ་སོང་ནས་འདི་སྐད་དུ། སྲིང་མོ། རྒྱ་རྣ་རུ་ཞིག་བྱིན་ཅིག་།ཅེས་སྨྲས་པ་དང ། འཕགས་པ། ཁྱོད་ལ་རྒྱ་རྣ་རུས་ཅི་ཞིག་བགྱི། མོས་གོ་ནས་འཕགས་པ། རྒྱ་རྣ་རུ་སྟ་གོན་བགྱིས་ལགས་ཞེས་སྨྲས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གྲོང་དུ་བསོད་སྙོམས་ལ་སྤྱོད་པ་ན་བུད་མེད་ཅིག་འདྲོང་གདངས་ཏེ་འདུག་ནས་འཕགས་པ། འདི་བཞིན་མཛོད་ཅེས་སྨྲས་པ་དང ། ཁྱོད་ཀྱི་ལུས་སྐལ་བ་འདི་ལྟ་བུ་དང་མཐུན་པས་བོང་བུ་དང་འདི་ལྟར་འདི་བཞིན་བྱོས་ཤིག་།དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ལྷག་མའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། ། དགེ་སློང་ཞིག་རང་བཞིན་གྱིས་གནས་ངན་ལེན་གྱི་ཚིག་སྨྲ་བ་ཞིག་སྟེ། དེས་བུད་མེད་ཅིག་ལ་གནས་ངན་ལེན་གྱི་ཚིག་སྨྲས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ལྷག་མའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་མ་ཞིག་ནང་པར་སྔར་ལངས་ཏེ་ཁྲུས་བྱས། མིག་སྨན་གྱིས་བསྐུས། མགོ་ Pa26b བཤད་དེ། ཆོས་གོས་རྙིང་ཚགས་བྱས་པ་གྱོན་ནས་མཉན་དུ་ཡོད་པར་སོང་བ་དང ། དགེ་སློང་ཞིག་བསོད་སྙོམས་སྤྱོད་པ་དེས་དེ་མཐོང་ནས་དེས་སྲིང་མོ། ཁྱོད་སྐྱེས་པ་སྟེག་ཅིང་སྤྱད་པ་སྤྱོད་དོ། །ཞེས་སྨྲས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་རྒན་པོ་ཞིག་བུ་མོ་ལ་བལྟར་སོང་བ་དང ། དེའི་བུ་མོ་ལོག་པར་སྤྱོད་པ་ཞིག་སྟེ། དེས་བུ་མོ། འདི་ལྟར་ཁྱིམ་གཉིས་འཇིག་པར་མ་བྱེད་ཅིག་།དེས་མི་ཐུབ་ན། ཇི་ལྟར་བགྱི་ཞེས་སྨྲས་པ་དང ། དེ་སྟེ་མི་ཐུབ་ན། དེར་མགལ་དུམ་ཆུག་ཅིག་ཅེས་སྨྲས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ལྷག་མའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གྲོང་གཞན་ཞིག་གི་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེ་སྔ་དྲོ་ཤམ་ཐབས་བགོས་ནས་གྲོང་དེར་སོང་བ་དང ། དེས་ཁྱིམ་བདག་དེའི་ཆུང་མ་ལ་སྲིང་མོ། ཁོ་བོ་ལ་བྱིན་ཅིག་ཅེས་སྨྲས་པ་དང ། འཕགས་པ། ཁྱོད་ལ་ཅི་གསོལ། སྲིང་མོ། ཁོ་བོ་ལ་དེ་བྱིན་ཅིག་སྨྲས་པ་དང ། མོས་གོ་སྟེ་འཕགས་པ། སྟ་གོན་བགྱིས་སོ། །ཞེས་སྨྲས་པ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །སྲིང་མོ། ཁྱོད་ལ་གང་མཐོང་བའོ། །འཕགས་པ། བདག་ལ་ཅི་ཞིག་གཟིགས། སྲིང་མོ། ཁྱོད་ལ་གང་ Pa27a ༄#། །མཐོང་བ་དེ་བྱིན་ཅིག་།མོས་གོ་ནས་འཕགས་པ་སྟ་གོན་བགྱིས་སོ། །ཞེས་སྨྲས་པ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །སྲིང་མོ། ཁྱོད་ཀྱི་མདུན་ན་ཅི་ཡོད་པ་དེ་བྱིན། བཙུན་པ། བདག་གི་མདུན་ན་ཅི་མཆིས། སྲིང་མོ། ཁྱོད་ཀྱི་མདུན་ན་གང་ཡོད་པ་དེ་བྱིན་ཅིག་།མོས་གོ་ནས་འཕགས་པ། སྟ་གོན་བགྱིས་སོ། །ཞེས་སྨྲས་པ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གྲོང་གཞན་གྱི་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེ་སྔ་དྲོ་ཤམ་ཐབས་དང ། ཆོས་གོས་བགོས་ནས་ལྷུང་བཟེད་ཁྱེར་ཏེ་གྲོང་དེར་སོང་བ་དང ། ཁྱིམ་བདག་དེའི་ཆུང་མ་དེ་ལ་སྲིང་མོ། ཁྱོད་ཀྱི་ཡིད་དུ་འོང་བ་དེ་བྱིན་ཅིག་ཅེས་སྨྲས་པ་དང ། འཕགས་པ། བདག་ལ་ཡིད་དུ་འོང་བ་ཅི་ཞིག་མཆིས། སྲིང་མོ། ཁྱོད་ཀྱི་ཡིད་དུ་འོང་བ་གང་ཡིན་པ་དེ་བྱིན་ཅིག་།མོས་གོ་ནས་འཕགས་པ། སྟ་གོན་བགྱིའོ། །ཞེས་སྨྲས་པ་དང ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ལྷག་མའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ།། །།འདུལ་བ་གཞུང་དམ་པ་བམ་པོ་ཉེར་ལྔ་པ། མདོར་ན། དགའ་དང་ཡིད་དུ་འོང་བ་དང ། ཆུ་དང་བཅའ་བ་ Pa27b རྣམས་དང་ཡང ། །ཐུག་པ་དག་དང་བཟའ་བའི་རྣམས། །སྨྲས་པ་དག་ཀྱང་དེ་བཞིན་ནོ། །དགེ་སློང་ཞིག་གྲོང་གཞན་ཞིག་གི་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། ཁྱིམ་བདག་དེས་ཆུང་མ་ལ་དགེ་སློང་དེ་ཅི་དགའ་བ་བྱིན་ཅིག་།ཅེས་སྨྲས་ཏེ་སོང་ངོ ། །དགེ་སློང་དེའང་སྔ་དྲོ་ཤམ་ཐབས་དང་ཆོས་གོས་བགོས་ནས་ལྷུང་བཟེད་ཁྱེར་ཏེ་ཁྱིམ་དེར་སོང་བ་དང ། བུད་མེད་དེས་བཙུན་པ། ཁྱིམ་བདག་གི་མཆིད་ནས་དགེ་སློང་དེ་ཅི་དགྱེས་པ་གསོལ་ཅིག་།ཅེས་མཆི་ན། འཕགས་པ། ཁྱོད་ཅི་དགྱེས། སྲིང་མོ། བདག་ནི། ཁྱོད་ཉིད་ལ་དགའོ། །ཞེས་སྨྲས་པ་དང ། མོས་ཀྱང་གོ་ནས་འཕགས་པ་སྟ་གོན་བགྱིས་སོ། །ཞེས་སྨྲས་སོ། །དགེ་སློང་དེ་བདག་ལ་དགེ་འདུན་གྱི་ལྷག་མའི་ཉེས་པ་མ་བྱུང་གྲང་སྙམ་དུ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ལྷག་མའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །ཡིད་དུ་འོང་ངོ ། ཞེས་བྱ་བ་ཡང་དེ་བཞིན་ནོ། །དགེ་སློང་ཞིག་གྲོང་གཞན་ཞིག་གི་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེ་སྔ་དྲོ་ཤམ་ཐབས་བགོས་ནས་གྲོང་དེར་སོང་བ་དང ། ཁྱིམ་བདག་དེའི་ཆུང་མ་ལ་སྲིང་མོ། །བདག་ལ་ཆུ་ལུད་ཅིག་།ཅེས་སྨྲས་པ་དང ། བཙུན་པ། ཆབ་བཅུས་ཏེ་མཆིའི། གཞེས་ཤིག་།སྲིང་མོ། ཁྱོད་ཉིད་ཆུ་ཡིན་ནོ། །ཞེས་སྨྲས་པ་དང ། མོས་ཀྱང་གོ་ནས་འཕགས་པ། སྟ་གོན་བགྱིའོ། །ཞེས་སྨྲས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་ Pa28a ༄#། །བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །སྲིང་མོ། བདག་ལ་བཅའ་བ་བྱིན་ཅིག་།བཙུན་པ། ཚོས་ཀྱི་བར་དུ་གཞེས་ཤིག་།སྲིང་མོ། བདག་གི་བཅའ་བ་ཁྱོད་ཉིད་ཡིན་ནོ། །དེས་འཕགས་པ། སྟ་གོན་བགྱིའོ། །ཞེས་སྨྲས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །སྲིང་མོ། བདག་ལ་ཐུག་པ་བྱིན་ཅིག་།བཙུན་པ། བསྒྲལ་གྱི་བར་དུ་གཞེས་ཤིག་།སྲིང་མོ། ཁྱོད་ཉིད་ཁོ་བོའི་ཐུག་པའོ། །དེས་འཕགས་པ། སྟ་གོན་བགྱིའོ། །ཞེས་སྨྲས་སོ། ། དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གྲོང་གཞན་ཞིག་གི་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེ་སྔ་དྲོ་ཤམ་ཐབས་བགོས་ཏེ་གྲོང་དེར་སོང་ནས་དེས་ཁྱིམ་བདག་གི་ཆུང་མ་དེ་ལ་སྲིང་མོ། བདག་ལ་ཟན་བྱིན་ཅིག་ཅེས་སྨྲས་པ་དང ། འཕགས་པ། བསྒྲལ་གྱི་བར་དུ་གཞེས་ཤིག་།སྲིང་མོ། ཁྱོད་ཉིད་བདག་གི་ཟན་ནོ། །དེས་གོ་ནས་འཕགས་པ། སྟ་གོན་བགྱིའོ། །ཞེས་སྨྲས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གིས་བུད་མེད་ལ་གནས་ངན་ལེན་གྱི་ཚིག་སྨྲས་ན། དེས་མ་གོ་ནས་མོས་བཙུན་པ། དེ་ཇི་སྐད་གསུང་ཞེས་དྲིས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་ Pa28b བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ལྷག་མའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །མདོར་ན། རི་དྭགས་བུ་དང་སྤྲིང་པ་དང ། མིང་དང་འཕགས་པ་ཆུང་མ་གསུམ། །སྨད་ཚོང་གཉིས་དང་བུད་མེད་དང ། །གཞོན་ནུ་སྐྱེས་པ་ཁུ་ཚུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཛེ་ཏའི་ཚལ་མགོན་མེད་པ་ལ་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། བསླབ་པའི་གནས་མ་བཅས་ཏེ་ལས་དང་པོ་པ་ལ་ཉེས་པ་མེད་པ་ན། རི་དྭགས་ལྟ་བུའི་བུ་ནག་པོ་དེ་འདི་སྙམ་དུ། བསླབ་པའི་གནས་མ་བཅས་པར་བདག་གིས་རིགས་མང་ཞིག་ལ་སྨྱན་བྱས་ན།་བདག་གི་ལས་དང་པོ་པ་གང་ཡིན་ཞེས་སེམས་ལ་ཐེ་ཚོམ་དང ། དོགས་པ་དང ། འགྱོད་པ་སྐྱེས་ནས་དེས་དེ་ལྟར་གྱུར་པ་དགེ་སློང་རྣམས་ལ་སྨྲས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསླབ་པའི་གནས་མ་བཅས་པ་ན་རི་དྭགས་ལྟ་བུའི་བུ་ནག་པོས་འདས་པ་དང་བཅས་པ་ཐམས་ཅད་ལས་དང་པོ་པ་སྟེ། ལས་དང་པོ་པ་ལ་ཉེས་བྱས་མེད་དོ། །དགེ་སློང་ཞིག་གྲོང་གཞན་ཞིག་གི་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེ་གྲོང་དེར་སོང་པ་དང ། ཁྱིམ་བདག་དེས་སྨྲས་པ། འཕགས་པ། བུད་མེད་འདི་ཞེས་བགྱི་བ་ལ་ཚུར་ཤོག་།ཅེས་བགྱི་བར་སྤྱོད་དམ། དེ་ན་རེ། ནུས་ཏེ། ལན་སླར་སྐྱེལ་མི་ནུས་སོ། །ཞེས་སྨྲས་པ་དང ། འོ་ན་དྲན་ཏེ་གྲུབ་པར་ཇི་ལྟར་ཤེས་པར་བ། གནས་འདི་ཞེས་བྱ་བར་དགེ་སློང་ཞིག་གཞག་གོ་།དགེ་སློང་དེ་ཁྱིམ་ Pa29a ༄#། །གཞན་ཞིག་ཏུ་བཏང་སྟེ། དགེ་སློང་དེ་ཡང་དེ་ནས་སླར་བྱུང་བ་མཐོང་ནས་དེས་དེ་ལ་ཚེ་དང་ལྡན་པ་སྐད་ཅིག་འདི་ན་འདུག་ཅིག་།ཅེས་སྨྲས་པ་དང ། དེ་གནས་དེར་འདུག་ནས་ཁྱིམ་བདག་དེ་ཕྱིར་བྱུང ། དགེ་སློང་དེ་ལ་བཙུན་པ། ལེགས་སོ། །ལེགས་སོ། །དོན་དེ་གྲུབ་མོད་ཅེས་སྨྲས་པ་དང ། དེ་ཅི་ཞིག། བརྡའོ། །ཞེས་སྨྲས་སོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་ཞིག་གྲོང་གཞན་ཞིག་གི་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེ་གྲོང་དེར་ཕྱིན་པ་དང ། ཁྱིམ་བདག་དེས་སྨྲས་པ། དགེ་སློང་དེ་ལ་འཕགས་པ། བུད་མེད་འདི་ཞེས་བགྱི་བ་ལ་འདི་ལྟར་ཚུར་ཤོག་།ཅེས་འཕྲིན་བགྱི་བར་སྤྱོད་དམ། དེས་ནུས་སོ། །ཞེས་སྨྲས་ན་སོང་སྟེ་བསྒོ་བ་དང ། བུད་མེད་དེས་བཙུན་པ། ཁོ་མོ་ནི། མི་འཚལ་ལོ། །ཞེས་ནས་དེ་དག་གི་དོན་དེ་མ་གྲུབ་བོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ལྷག་མའི་ཉེས་པ་ན། མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །ཁྱིམ་བདག་ཅིག་གི་ཆུང་མས་ཉེས་པ་ཅུང་ཟད་ཅིག་བྱས་ཏེ། དེས་དེ་ལ་རྡོག་པས་བརྡེགས་ནས་བསྐྲད་པ་དང ། དེ་ན་ཡང་དགེ་སློང་གྲོང་གཞན་ཞིག་གི་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེས་དེ་གཉིས་བསྡུ་མས་ནས་དེ་གཉིས་དུམ་པར་གྱུར་ཏོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་ Pa29b འདས་ཀྱིས་བཀའ་སྩལ་པ། དེ་སྟེ་རྡོ་གསུམ་བོར་བའམ། ཤགས་བཀྱེ་སྟེ་ཆུང་མ་མ་ཡིན་པར་བསྒྲགས་པ་དེ་དག་གི་སྨྱན་བྱས་ན། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གྲོང་གཞན་ཞིག་གི་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེ་གྲོང་དེར་ཕྱིན་པ་དང ། ཁྱིམ་བདག་དེས་སྨྲས་པ། འཕགས་པ། སྨད་ཚོང་མ་འདི་ཞེས་བགྱི་བ་ལ་ཚུར་ཤོག་ཅིག་།ཅེས་འཕྲིན་བགྱི་བར་སྤྱོད་དམ། དེས་ནུས་སོ། །ཞེས་སྨྲས་ནས་དེར་སོང་སྟེ་མོ་ལ་བསྒོ་བ་དང ། དེ་འདི་སྙམ་དུ། ཕ་བིར་ཉལ་དུ་མི་ཁོམ་གྱི། ང་ཉལ་ལོ། །སྙམ་དུ་བསམ་ནས་དེ་ཉལ་བ་ལས་ནམ་ལངས་ཏེ། དེ་གཉིས་ཀྱི་དོན་དེ་མ་གྲུབ་བོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ལྷག་མའི་ཉེས་པ་ནི། མེད་དེ། ཉེས་པ་སྡོམ་པར་འགྱུར་རོ། །དགེ་སློང་ཞིག་གྲོང་གཞན་ཞིག་གི་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེ་གྲོང་དེར་ཕྱིན་པ་དང ། ཁྱིམ་བདག་དེས་སྨྲས་པ། བཙུན་པ། སྨད་ཚོང་པ་འདི་ཞེས་བགྱི་བ་ལ་ཚུར་ཤོག་ཅིག་ཅེས་འཕྲིན་བགྱི་བར་སྤྱོད་དམ། དེས་ནུས་སོ། །ཞེས་སྨྲས་ནས་དེ་སོང་སྟེ་བསྒོ་བ་དང ། མོ་ཡང་འོང་བ་ལས་བར་དུ་གཞན་གྱིས་འཕྲོག་ནས་དེ་གཉིས་ཀྱི་དོན་དེ་མ་གྲུབ་བོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གཞན་ཞིག་གི་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེ་གྲོང་དེར་ཕྱིན་པ་དང ། ཁྱིམ་བདག་ Pa30a ༄#། །དེས་སྨྲས་པ། འཕགས་པ། བུད་མེད་འདི་ཞེས་བགྱི་བ་ལ་འཕྲིན་འདི་སྐད་བགྱི་བར་སྤྱོད་དམ། དེས་ནུས་སོ། །ཞེས་སྨྲས་ཏེ། དེ་སོང་ནས་དེ་ལ་བསྒོ་བ་དང ། དེ་ཡང་རྒྱན་ཐོགས་ཏེ་ཆས་མ་ཐག་ཏུ་ཁྱོ་འོངས་དེ་གཉིས་ཀྱི་དོན་དེ་མ་གྲུབ་བོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །ཁྱིམ་བདག་གཉིས་ཤིག་མཛའ་སྟེ། དེ་གཉིས་ཀྱི་ཆུང་མ་སྦྲུམ་པར་གྱུར་པ་དང ། དེ་སྟེ་ཁྱོད་ལས་བུ་མོ་ཞིག་བཙས་ལ་ཁོ་བོ་ལས་ཁྱེའུ་ཞིག་བཙས་ན། ཁྱོད་ཀྱི་བུ་མོ་ཁོ་བོའི་ཁྱེའུ་ལ་བྱིན་ཅིག་།འོན་ཏེ་ཁོ་བོའི་བུ་མོ་ལ་ཁྱོད་ཀྱི་ཁྱེའུ་ན། ཁྱོད་ཀྱི་ཁྱེའུ་ལ་སྦྱིན་ནོ། །དེ་ནས་གཅིག་ལ་ནི། ཁྱེའུ་ཞིག་བཙས། གཅིག་ལ་ནི། བུ་མོ་ཞིག་བཙས་པ་དང ། ཁྱིམ་བདག་དེ་དུས་ལས་འདས་སོ། །དེ་དུས་ལས་འདས་པས་ཁྱིམ་སྲིད་ཀྱང་དམས་པར་གྱུར་ཏེ། ཁྱིམ་བདག་དེས་བུ་མོ་མི་སྦྱིན་ནོ། །སྙམ་དུ་བསམ་པ་དང ། ཁྱེའུ་དེས་ཐོས་ནས་དེ་ན་དགེ་སློང་ཞིག་གྲོང་གཞན་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེ་གྲོང་དེར་ཕྱིན་པ་དང ། དེ་ལ་ཁྱེའུས་སྨྲས་པ། འཕགས་པ། བུ་མོ་འདི་ཞེས་བགྱི་བ་ལ་ཁྱོད་རང་གི་མ་དང ། ཕ་གཉིས་ཀྱིས་མ་བཙས་པར་བདག་ལ་བྱིན་ན། བདག་ཀྱང་ལས་སྨིན་པས་ལོངས་སྤྱོད་དམས་པར་གྱུར་ཏེ། ལོངས་སྤྱོད་ལྟ་ད་དུང་ཡང་རྙེད་པར་འགྱུར་གྱི་།ད་ཡང་ཁོ་བོ་མ་གཏང་ཞིག་ཅེས་ Pa30b འཕྲིན་བགྱི་བར་སྤྱོད་དམ། དེས་ནུས་སོ། །ཞེས་སྨྲས་ནས་དེ་སོང་སྟེ་བསྒོ་བ་དང ། བུ་མོ་དེ་མ་དང་ཕའི་དྲུང་ནས་བྲོས་ཏེ་དེའི་དྲུང་དུ་སོང་ནས་དེ་གཉིས་འདུས་པར་གྱུར་ཏོ། དགེ་སློང་དེ་འགྱོད་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ལྷག་མའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །ཁྱིམ་བདག་ཅིག་གིས་བུད་མེད་ལ་བདག་གི་སྐབས་ཕྱེ་ཞིག་ཅེས་སྨྲས་ན། དེས་བདག་མི་ཁོམ་མོ། །ཞེས་སྨྲས་པ་དང ། ཁྱོད་ཇི་ཙམ་ན་ཁོམ། བདག་གིས་ཇི་ལྟར་རྟོགས་པར་བྱ། ཁོ་མོ་ལ་གྲོང་དུ་ཉེ་བར་འགྲོ་བའི་དགེ་སློང་ཞིག་ཡོད་ཀྱི། དེས་རྒྱབ་ཏུ་ཁུ་ཚུར་ཅིག་བརྒྱབ་པ་ན་ཤེས་པར་མཛོད་ཅིག་།དགེ་སློང་དེའང་གྲོང་དེར་འོངས་པ་དང ། བུད་མེད་དེས་སྨྲས་པ། འཕགས་པ། ཁྱིམ་བདག་འདི་ཞེས་བགྱི་བའི་རྒྱབ་ཏུ་ཁུ་ཚུར་ཅིག་མཛད་པར་སྤྱོད་དམ། དེས་ནུས་སོ། །ཞེས་སྨྲས་ཏེ་སོང་ནས་ཁྱིམ་བདག་དེའི་རྒྱབ་ཏུ་ཁུ་ཚུར་ཅིག་བརྒྱབ་པ་དང ། དེས་བཙུན་པ་དོན་གྲུབ་ཀྱི། ལེགས་སོ། །ལེགས་སོ། །ཞེས་སྨྲས་པ་དང ། འདི་ཅི་ཞིག་དེ་ནི། བརྡའོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ལྷག་མའི་ཉེས་པ་མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །མདོར་ན། གྲོང་དུ་ཉེ་བར་འགྲོ་བ་རྣམ་གཉིས་དང ། གཞན་ཡང་དག་པར་དགེ་འདུན་རྣམས་ཀྱིས་གཉིས། །གོས་དང་ནད་པར་གྱུར་པ་དང ། གཞོན་ནུ་མ་དང་རྣམ་པ་ལྔ། དགེ་སློང་ཞིག་གྲོང་གཞན་གྱི་གྲོང་དུ་ཉེ་བར་འགྲོ་བ་ Pa31a ༄#། །ཡིན་ཏེ། དེ་གྲོང་དེར་ཕྱིན་ནས་བུད་མེད་དེས་སྨྲས་པ། འཕགས་པ། ཁྱིམ་བདག་འདི་ཞེས་བགྱི་བ་ལ་ཚུར་སྤྱོན་ཞེས་འཕྲིན་བགྱི་བར་སྤྱོད་དམ། དེ་སྟེ་དགེ་འདུན་ལ་བཤོས་སྦྱོར་ནུས་ན་ནི། དེ་ནུས་སོ། །ཞེས་སྨྲས་པ་དང ། དེས་རྒྱུ་བྱིན་ནས་དགེ་སློང་དེས་བཤོས་སྦྱར་ནས་ཁྱིམ་བདག་དེ་བོས་པ་དང ། དེ་གཉིས་ཕྲད་པར་གྱུར་ཏོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ལྷག་མའི་ཉེས་པ་ནི། མེད་དེ། ཉེས་པ་སྦོམ་པོར་འགྱུར་རོ། །དེ་ལྟར་ཁྱིམ་བདག་ལ་ཡང་དེ་བཞིན་ནོ། །ཁྱིམ་བདག་གི་ཆུང་མ་གཟུགས་ལེགས་སྡུག་ཅིང་མཛེས་པ་ཞིག་ལྗོངས་གྱད་གནས་ཞེས་བྱ་བའི་བློན་པོ་ཆེན་པོ་གཞན་ཞིག་གིས་བཏུས་ཏེ་དེས་དེ་ལ་འཕྲིན་པ་དུ་མར་བཏང་ཡང་བུད་མེད་དེ་མ་བཏུབ་ནས་ཁྱིམ་བདག་དེ་དུས་ལས་འདས་སོ། །དེ་དུས་ལས་འདས་ནས་ཉེས་པ་ཅུང་ཟད་ཅིག་གི་ཕྱིར་བློན་པོ་ཆེན་པོ་དེས་ཅི་ནས་ཀྱང་ཕྱིར་ཡང་བདག་ཅག་གནོད་པ་མེད་ལ་བདེ་བར་འགྱུར་བའི་ཐབས་ཅུང་ཟད་ཀྱང་མེད་དམ་ཞེས་སྨྲས་པ་དང ། ཐབས་ཤིག་ཡོད་དེ། བློན་པོ་ཆེན་པོ་དེས་ཁོ་མོ་ལ་བདས་ཏེ། དེས་འཕྲིན་པ་ལན་དུ་མར་བཏང་ཡང་ཁོ་མོ་མ་བཏུབ་བོ། །ཞེས་ཟེར་རོ། །འོ་ན་བུ་མོ་སྤྲོ་བར་གྱིས་ཤིག་དང ། ཁྱོད་གཅིག་པུའི་མཐུས་སྐྱེ་བོ་འདི་རྣམས་བདེ་བར་འགྱུར་རོ། །ཞེས་སྨྲས་པ་དང ། མོས་དེ་ལ་འོ་ན་ད་འཕྲིན་པ་སུ་ Pa31b བཏང་ཞེས་སྨྲས་ནས་བདག་ཅག་ལ་གྲོང་དུ་ཉེ་བར་འགྲོ་བའི་དགེ་སློང་ཡོད་ཀྱི། དེ་འཕྲིན་བར་བཏང་ངོ ། །དགེ་སློང་དེ་ཡང་གྲོང་དེར་ཕྱིན་ནས་ཁྱིམ་བདག་གི་ཆུང་མ་དེས་སྨྲས་པ། འཕགས་པ།་བློན་པོ་ཆེན་པོ་འདི་ཞེས་བགྱི་བ་ལ་ཁོ་མོའི་ཁྱིམ་འདི་དང ། ཁོ་མོའི་ནོར་འདི་དང ། རྫས་འདི་དག་ཐམས་ཅད་འབུལ་གྱི། ཚུར་སྤྱོན་ཞེས་བགྱི་བར་སྤྱོད་དམ། ནུས་སོ། །ཞེས་སྨྲས་ཏེ་སོང་ནས་དེ་ལ་བསྒོ་བ་དང ། དེ་གཉིས་དུམ་པར་གྱུར་ཏོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །ཁྱིམ་བདག་གི་ཆུང་མ་ཞིག་གིས་དགེ་འདུན་གྱི་གཙུག་ལག་ཁང་ཞིག་བརྩིགས་ཏེ་དེར་དེས་ཆོས་གོས་དང ། རྗེས་སུ་ཕན་པའི་སྨན་རྣམས་འབུལ་བ་ལས་ཁྱིམ་བདག་གི་ཆུང་མ་དེ་དུས་ལས་འདས་ནས། དེ་དུས་ལས་འདས་པ་དང་གཙུག་ལག་ཁང་དེར་ཆོས་གོས་དང ། རྗེས་སུ་ཕན་པའི་སྨན་རྣམས་འབུལ་བ་སུ་ཡང་མེད་ནས་དགེ་སློང་དག་གིས་ཁྱིམ་བདག་དེའི་དྲུང་དུ་སོང་སྟེ་འདི་སྐད་དུ། ཁྱིམ་བདག་།ཁྱོད་ཀྱི་ཆུང་མ་དེས་གཙུག་ལག་ཁང་ཇི་ལྟར་བྱས་པ་དེ་ལྟར་ཁྱོད་ཀྱིས་ཀྱང་ཆོས་གོས་དང ། རྗེས་སུ་ཕན་པ་དང་ནད་པའི་སྨན་ཅུང་ཟད་མི་འབུལ་ལམ་ཞེས་སྨྲས་པ་དང ། བཙུན་པ། ཆུང་མ་དེ་བསོད་ནམས་དང་ལྡན་ལ། མཐུ་ཆེན་མོ་ཞིག་སྟེ། གང་ཅུང་ཟད་སྨྲས་པ་དེ་ཐམས་ཅད་དེའི་ཕྱིར་བགྱིད་ན། དེ་སྟེ་བདག་ལ་ཁྱིམ་བདག་འདི་ཞེས་བྱ་བའི་ཆུང་མས་ཟན་བསྐྱལ་བར་བགྱིད་ན་ནི། དེ་བཞིན་དུ་ Pa32a ༄#། །ད་དུང་ཡང་འབུལ་བར་རྔོ་ཐོགས་སོ། །ཞེས་སྨྲས་པ་དང ། དགེ་སློང་དེ་དག་ཁྱིམ་བདག་དེའི་ཆུང་མའི་དྲུང་དུ་སོང་ནས་འདི་སྐད་དུ། ཁྱིམ་བདག་གི་ཆུང་མ། ཁྱོད་ཀྱིས་ཁྱིམ་བདག་འདི་ཞེས་བྱ་བ་ལ་ཟས་སྦྱིན་པར་ནུས་སམ་ཞེས་སྨྲས་ནས་བཙུན་པ། མི་ནུས་སོ། །ཁོ་མོའི་ཁྱིམ་འདི་ཉིད་ན་བྱ་བ་མང་དུ་ཡོད་པ་དེ་ཉིད་ཀྱང་མི་ནུས་ན། གཞན་ལ་བསྐྱལ་བ་ལྟ་ཅི་སྨོས། དེ་དག་གིས་ཁྱིམ་བདག་གི་ཆུང་མ། སྤྲོ་བར་གྱིས་ཤིག་།མཆོད་རྟེན་ལ་འབུལ་ལོ། །དགེ་འདུན་ལ་འབུལ་བར་འགྱུར་རོ། །ཞེས་བསྒོ་བ་དང ། ཁྱིམ་བདག་གི་ཆུང་མའང་དད་པ་ཞིག་སྟེ། དེས་དད་དོ། །ཞེས་སྨྲས་ནས་དེ་གཉིས་ཡང་དང་ཡང་དུ་འདྲུལ་བ་དང་དུམ་པར་གྱུར་ཏོ། །དགེ་སློང་དེ་དག་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །ཁྱིམ་བདག་ཅིག་གིས་དགེ་འདུན་གྱི་གཙུག་ལག་ཁང་ཞིག་བརྩིགས་ཏེ། དེས་དེར་ཆོས་གོས་དང ། ན་བའི་སྨན་རྣམས་འབུལ་ཞིང་རྗེས་སུ་ཕན་འདོགས་པ་ལས། ཁྱིམ་བདག་དེ་དུས་ལས་འདས་ཏེ། དེ་ཡང་རྒྱས་པར་ནི། དེ་བཞིན་ནོ། །ཁྱིམ་བདག་གི་ཆུང་མ་དེས། དེ་སྟེ་ཁྱིམ་བདག་འདི་ཞེས་བགྱི་བའི་ཕྱིའི་ལས་རྣམས་ལ་བཏང་ན་ནི། འདི་བཞིན་དུ་ཡང་འབུལ་བར་ནུས་སོ། །ཞེས་སྨྲས་པར་ཡང་རྒྱས་པར་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་མེད་དོ། །དགེ་སློང་ཞིག་གྲོང་གཞན་ཞིག་གི་གྲོང་དུ་ཉེ་བར་ Pa32b འགྲོ་བ་ཡིན་ཏེ། དེ་གྲོང་དེར་ཕྱིན་ནས་ཁྱིམ་བདག་གིས་སྨྲས་པ། འཕགས་པ། མིང་འདི་ཞེས་བགྱི་བའི་ཆུང་མ་ལ་ཚུར་ཤོག་།ཅེས་འཕྲིན་བགྱི་བར་སྤྱོད་དམ། ནུས་སོ། །ཞེས་སྨྲས་ནས་དེ་སོང་སྟེ་བསྒོ་བ་དང ། བུད་མེད་དེ་ནད་ཀྱིས་བཏབ། ཁྱིམ་བདག་དེའང་ནད་ཀྱིས་བཏབ་པར་གྱུར་ཏེ། དེ་གཉིས་ཀ་ནད་ཀྱིས་བཏབ་ནས་དོན་དེ་མ་གྲུབ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གྲོང་གཞན་ཞིག་གི་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེ་གྲོང་དེར་ཕྱིན་པ་དང ། བུད་མེད་དེས་སྨྲས་པ། འཕགས་པ། ཁྱིམ་བདག་འདི་ཞེས་བྱ་བ་ལ་ཚུར་སྤྱོན་ཅེས་འཕྲིན་བགྱི་བར་སྤྱོད་དམ། ནུས་སོ། །ཞེས་སྨྲས་ནས། དེ་དེར་སོང་སྟེ་དེ་ལ་བསྒོ་བ་དང ། ཁྱིམ་བདག་དེའང་ནད་ཀྱིས་བཏབ་པར་གྱུར། བུད་མེད་དེའང་ནད་ཀྱིས་བཏབ་པར་གྱུར་ཏེ། དེ་གཉིས་ཀ་ནད་ཀྱིས་བཏབ་པས་དོན་དེ་མ་གྲུབ་བོ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གྲོང་གཞན་ཞིག་གི་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེ་སྔ་དྲོ་ཆོས་གོས་དང ། ཤམ་ཐབས་བགོས། ལྷུང་བཟེད་ཁྱེར་ཏེ་དེ་གྲོང་དེར་ཕྱིན་པ་དང ། ཁྱིམ་བདག་དེས་སྨྲས་པ། ཁྱིམ་བདག་འདི་ཞེས་བགྱི་བ་ལ་ཁྱོད་ཀྱི་བུ་མོའམ། སྲིང་མོ་ཞིག་བདག་གི་བུ་ལ་སྩོལ་ཅིག་།ཅེས་འཕྲིན་བགྱི་བར་སྤྱོད་དམ། ནུས་སོ། །ཞེས་སྨྲས་ནས་དེ་སོང་སྟེ་བསྒོ་བ་དང ། ཁྱེའུ་དེ་ནི། དུས་ལས་འདས་ Pa33a ༄#། །བུ་མོ་དེ་སྒུར་མོར་རམ། སྨྱོན་པར་གྱུར་ཏམ། གཞན་ལ་བྱིན་པར་གྱུར་ནས་དགེ་སློང་དེ་འགྱོད་པ་སྐྱེས་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་སློང་ཞིག་གྲོང་གཞན་ཞིག་གི་གྲོང་དུ་ཉེ་བར་འགྲོ་བ་ཡིན་ཏེ། དེ་སྔ་དྲོ་ཆོས་གོས་དང ། ཤམ་ཐབས་བགོས་ནས་ལྷུང་བཟེད་ཁྱེར་ཏེ་གྲོང་དེར་ཕྱིན་པ་དང ། རྒྱས་པར་འདི་ཡང་དེ་བཞིན་དུ་བྱ་སྟེ། ཁྱེའུ་དེ་ནད་ཀྱིས་བཏབ་པ་དང ། བུ་མོ་དེའང་ནད་ཀྱིས་བཏབ་བམ། སྒུར་མོར་གྱུར་ཏམ། གཞན་ཞིག་ན་ཡང་རུང་ངོ ། །དགེ་སློང་དེ་འགྱོད་པ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །འདུལ་བར་བྱེད་པ་རྫོགས་སོ།། །།འདུལ་བ་གཅིག་ཡན་ཆད་སྒོ་གསུམ་གྱིས་བསྡུས་པའི་མདོ་སྡེ། བཤད་པ་དང་པོ་གཉིས་པོ་དང ། །གསུམ་པོ་ཡང་ནི་དེ་བཞིན་ཏེ། །རྩོད་པ་ཐ་མར་བྱས་ནས་ནི། །བསྡུས་པ་འདི་ནི་ངེས་པར་སྨྲས། །སྒོ་དང་པོའི་མདོ་བསྡུས་པ་སྟེ། བཤད་པ་མི་མཁས་གསོལ་བ་དང ། །ཀུན་དཀྲིས་ཉེས་བྱུང་དེ་བཞིན་ཏེ། །མཁས་པ་དང་ནི་བསྐོས་པ་ཡང ། །མང་དུ་ཐོས་པ་ཆོས་སྤངས་པའོ། །བཤད་པ་བསྡུས་པ་སྨོས་པ་དང ། །ལྟ་བ་ཕྱེ་མང་གཉིས་པོ་དང ། །སྐུར་པ་དག་དང་བཞི་པོ་དང ། །གསོ་སྦྱོང་གཉིས་ཀྱང་དེ་བཞིན་ནོ། །འདི་ལྟ་སྟེ། སྡོམ་པ་དང་ལྡན་པའི་རྒྱུ་གཅིག་གིས་ཉེས་པ་ཐམས་ཅད་བརྗོད་པར་འགྱུར་རོ། །འདི་ Pa33b ལྟ་སྟེ། སྡོམ་པ་མེད་པའི་རྒྱུ་གཅིག་གིས་ཉེས་པ་ཐམས་ཅད་མི་བརྗོད་པར་འགྱུར་རོ། །འདི་ལྟ་སྟེ། སྡོམ་པ་མེད་པའི་རྒྱུ་གཅིག་ཏུ་ཉེས་པ་ཐམས་ཅད་མ་འདུས་པར་འགྱུར་རོ། །འདི་ལྟ་སྟེ། སྡོམ་པ་དང་ལྡན་པའི་རྒྱུ་གཅིག་ཏུ་ཉེས་པ་ཐམས་ཅད་དུ་འདུས་པར་འགྱུར་རོ། །ངག་ལས་བྱུང་བའི་ཁ་ན་མ་ཐོ་བ་རྣམས་ཀྱི་ནང་ན་དེ་བཞིན་གཤེགས་པ་ལ་མེད་བཞིན་དུ་སྐུར་པ་བཏབ་པ་གཅིག་པུ་ཉེས་པ་ཆེའོ། །ལུས་ལས་བྱུང་བའི་ཁ་ན་མ་ཐོ་བ་ཐམས་ཅད་ཀྱི་ནང་ན་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་གང་ཡིན་པ་དེ་གཅིག་པུ་ཉེས་པ་ཆེའོ། །འདི་ལྟ་སྟེ། ཁ་ན་མ་ཐོ་བ་ཐམས་ཅད་ཀྱི་ནང་ན་དགེ་འདུན་ཕྱེ་བ་གཅིག་པུ་ཉེས་པ་ཆེའོ། །མང་པོ་ལས་བྱུང་བའི་ཁ་ན་མ་བ་ཐོ་བ་ཐམས་ཅད་ཀྱི་ནང་ན་དགེ་འདུན་འབྱེད་པའི་རྗེས་སུ་ཕྱོགས་པ་གཅིག་པུ་ཉེས་པ་ཆེའོ། །ཕྲ་མ་ལས་བྱུང་བའི་ཁ་ན་མ་ཐོ་བ་ཐམས་ཅད་ཀྱི་ནང་ན་གང་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་འབྱེད་པར་བྱེད་པ་གང་ཡིན་པ་དེ་གཅིག་པུ་ཉེས་པ་ཆེའོ། ། གང་ཟག་ལས་བྱུང་བའི་ཁ་ན་མ་ཐོ་བ་ཐམས་ཅད་ཀྱི་ནང་ན་མེད་བཞིན་དུ་སྐུར་པ་བཏབ་པ་གཅིག་པུ་ཉེས་པ་ཆེའོ། །སྲོག་གཅོད་པ་ལས་བྱུང་བའི་ཁ་ན་མ་ཐོ་བ་ཐམས་ཅད་ཀྱི་ནང་ན་རང་སངས་རྒྱས་འཚོ་བ་དང་ཕྲལ་བ་གཅིག་པུ་ཉེས་པ་ཆེའོ། །མ་བྱིན་ལེན་པ་ལས་བྱུང་བའི་ཁ་ན་མ་ཐོ་བ་ཐམས་ཅད་ཀྱི་ནང་ན་གང་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་མངའ་བ་ལས་བརྐུས་ Pa34a ༄#། །པ་ཡིན་པ་གཅིག་པུ་ཉེས་པ་ཆེའོ། །མི་ཚངས་པར་སྤྱོད་པ་ལས་བྱུང་བའི་ཁ་ན་མ་ཐོ་བ་ཐམས་ཅད་ཀྱི་ནང་ན་མ་ཡང་ཡིན་ལ་དགྲ་བཅོམ་མ་ཡང་ཡིན་པ་ལ་མི་ཚངས་པར་སྤྱོད་པ་གཅིག་པུ་ཉེས་པ་ཆེའོ། །བརྫུན་དུ་སྨྲ་བ་ལས་བྱུང་བའི་ཁ་ན་མ་ཐོ་བ་ཐམས་ཅད་ཀྱི་ནང་ན་མེད་ལ་མེད་བཞིན་དུ་མི་ལས་བླ་མར་གྱུར་པའི་ཆོས་སྨྲས་པ་གཅིག་པུ་ཉེས་པ་ཆེའོ། །ཆོས་དང་མི་ལྡན་པའི་གསོ་སྦྱོང་གཞག་པ་གཅིག་ནི། འདི་ལྟ་སྟེ། རྩ་བ་མེད་པའོ། །ཆོས་དང་ལྡན་པའི་གསོ་སྦྱོང་གཞག་པ་གཅིག་པུ་ནི། འདི་ལྟ་སྟེ། རྩ་བ་དང་བཅས་པའོ། །གཅིག་པ་རྫོགས་སོ།། །།མདོར་ན། མི་མཁས་པ་ལ་གསུམ་དུ་བྱ། །གཞན་ཡང་ལྷག་མར་བཅས་ལ་གསུམ། །རྫོགས་པ་མ་ལུས་བྱ་བ་དང ། །ངག་གིས་བྱ་དང་ལུང་མི་སྟོན། །ཉེས་པ་གཉིས་ཏེ། མི་དགེ་བ་དང ། ལུང་དུ་མི་སྟོན་པའོ། །མི་དགེ་བ་ལའང་གཉིས་ཏེ། ལྷག་མ་དང་བཅས་པ་དང ། ལྷག་མ་མ་ལུས་པའོ། །ལུང་དུ་མི་སྟོན་པ་ལའང་གཉིས་ཏེ། ལྷག་མ་དང་བཅས་པ་དང ། ལྷག་མ་མ་ལུས་པའོ། །ཉེས་པ་ལ་ཡང་གཉིས་ཏེ། ལྷག་མ་དང་བཅས་པ་དང ། ལྷག་མ་མ་ལུས་པའོ། །ལྷག་མ་དང་བཅས་པ་ལ་གཉིས་ཏེ། མི་དགེ་བ་དང ། ལུང་དུ་མི་སྟོན་པའོ། །ལྷག་མ་མ་ལུས་པ་ལའང་གཉིས་ཏེ། མི་དགེ་བ་དང ། ལུང་དུ་མི་སྟོན་པའོ། །ཉེས་པ་ལའང་གཉིས་ཏེ། ལུས་ Pa34b ལས་བྱུང་བ་དང ། ངག་ལས་བྱུང་བའོ། །ངག་ལས་བྱུང་བ་ལ་ཡང་གཉིས་ཏེ། ལྷག་མ་དང་བཅས་པ་དང ། ལྷག་མ་མ་ལུས་པའོ། །གཞན་ཡང་ལུས་ལས་བྱུང་བ་གཉིས་ཏེ། མི་དགེ་བ་དང ། ལུང་དུ་མི་སྟོན་པའོ། །གཞན་ཡང་ལུས་ལས་བྱུང་བ་གཉིས་ཏེ། དམིགས་པ་དང ། མི་དམིགས་པའོ། །ངག་ལས་བྱུང་བའང་གཉིས་ཏེ། ལྷག་མ་དང་བཅས་པ་དང ། ལྷག་མ་མ་ལུས་པའོ། །གཞན་ཡང་ངག་ལས་བྱུང་བ་གཉིས་ཏེ། མི་དགེ་བ་དང ། ལུང་དུ་མི་སྟོན་པའོ། །གཞན་ཡང་ལུས་ལས་བྱུང་བ་གཉིས་ཏེ། མི་དགེ་བ་དང ། ལུང་དུ་མི་སྟོན་པའོ། །གཞན་ཡང་ངག་ལས་བྱུང་བ་གཉིས་ཏེ། དམིགས་པ་དང ། མི་དམིགས་པའོ། །ཉེས་པ་གཉིས་ཏེ། ལུང་དུ་སྟོན་པ་དང ། ལུང་དུ་མི་སྟོན་པའོ། །གཞན་ཡང་ཉེས་པ་གཉིས་ཏེ།་བསྒྲིབས་པ་དང ། མ་བསྒྲིབས་པའོ། །མདོར་ན། གསོལ་པ་གཞག་པར་འོས་པ་དང ། །མ་གཞག་སླར་བསླང་དེ་བཞིན་ཏེ། །དབྱེ་བ་རྣམ་པ་ལྔར་བྱས་ནས། །ནར་མ་དག་དང་སྨྲ་བའོ། །ཉེས་པ་གཉིས་ཏེ། གསོལ་བར་བྱ་བ་དང ། གསོལ་བ་མེད་པའོ། །གཞན་ཡང་ཉེས་པ་གཉིས་ཏེ། གཞག་པར་འོས་པ་དང ། མི་གཞག་པར་འོས་པའོ། །གཞན་ཡང་ཉེས་པ་གཉིས་ཏེ། གནང་བའི་ཁ་ན་མ་ཐོ་བ་དང ། མ་གནང་བའི་ཁ་ན་མ་ཐོ་བའོ། །གཞན་ཡང་ཉེས་པ་གཉིས་ཏེ། སླར་བསླང་དུ་ཡོད་པ་དང ། བསླང་དུ་མེད་པའོ། །གཞན་ཡང་ཉེས་པ་གཉིས་ Pa35a ༄#། །ཏེ།་འབྱེད་པར་བྱེད་པ་དང ། མི་འབྱེད་པར་བྱེད་པའོ། །འབྱེད་པར་བྱེད་པ་ལ་ཡང་རྣམ་པ་གཉིས་ཏེ། ལྷག་མ་དང་བཅས་པ་དང ། ལྷག་མ་མ་ལུས་པའོ། །མི་འབྱེད་པར་བྱེད་པ་ལ་ཡང་རྣམ་པ་གཉིས་ཏེ། མི་དགེ་བ་དང ། ལུང་དུ་མི་སྟོན་པའོ། །གཞན་ཡང་འབྱེད་པར་མི་བྱེད་པ་གཉིས་ཏེ། ལྷག་མ་དང་བཅས་པ་དང ། ལྷག་མ་མ་ལུས་པའོ། ། གཞན་ཡང་ཉེས་པ་གཉིས་ཏེ། ནར་མ་དང ། སྐད་ཅིག་པའོ། །གཞན་ཡང་ཉེས་པ་གཉིས་ཏེ། སྨྲ་བ་དང ། མི་སྨྲ་བའོ། །མདོར་ན། ཀུན་ཏུ་དཀྲིས་དང་བསྒྲིབས་པ་མེད། །ཐུན་མོང་བ་དང་བདུན་པོ་དང ། །སངས་རྒྱས་དུས་དང་ཡུལ་དག་དང ། །ཤིན་ཏུ་ཆགས་དང་ཕྱོགས་རྣམས་སོ། །ཉེས་པ་གཉིས་ཏེ། ཀུན་ཏུ་དཀྲིས་པ་དང ། ཀུན་ཏུ་མ་དཀྲིས་པའོ། །བསྒྲིབས་པར་འགྲོ་བ་དང ། མ་བསྒྲིབས་པར་འགྲོ་བའོ། །ཐུན་མོང་བ་དང ། ཐུན་མོང་མ་ཡིན་པའོ། །དགེ་སློང་མའི་ཐུན་མོང་བ་དང ། དགེ་སློང་གི་ཐུན་མོང་བའོ། །དགེ་སློང་གི་ཐུན་མོང་པ་དང།་དགེ་སློབ་མའི་ཐུན་མོང་པའོ། །དགེ་སློང་གི་ཐུན་མོང་པ་དང ། དགེ་ཚུལ་མའི་ཐུན་མོང་པའོ། །དགེ་སློང་གི་ཐུན་མོང་པ་དང ། དགེ་ཚུལ་ཕའི་ཐུན་མོང་པའོ། །དགེ་སློང་གི་ཐུན་མོང་པ་དང ། དགེ་བསྙེན་ཕའི་ཐུན་མོང་པའོ། །དགེ་སློང་གི་ཐུན་མོང་པ་དང ། དགེ་བསྙེན་མའི་ཐུན་མོང་པའོ། །སངས་རྒྱས་ཀྱི་དུས་དང ། ནར་མའོ། །ཡུལ་ལས་གནང་བ་དང ། ཡུལ་ལས་ Pa35b མི་གནང་བའོ། །ཤིན་ཏུ་ཆགས་པའོ། །ཕྱོགས་གཅིག་པ་དང ། ཕྱོགས་ཐམས་ཅད་པའོ། །མདོར་ན། ཀློག་པ་སྦོམ་པོ་གཞན་པ་དང ། །ལྕི་བ་རྣམ་སྨིན་དེ་བཞིན་ཏེ། བསླང་བ་རྣམ་པ་བཞི་པོ་དང ། །བཤགས་པ་རྗེས་སུ་བརྟེན་པའོ། །རྣམ་པར་སྨིན་པ་དང་བཅས་པ་དང ། རྣམ་པར་སྨིན་པ་མེད་པའོ། །སླར་བསླང་དུ་རུང་བ་དང ། སླར་བསླང་དུ་མི་རུང་བའོ། །སླར་བསླང་དུ་རུང་བ་ལ་ཡང་གཉིས་ཏེ། བཤགས་པ་དང ། དང་པོ་ནས་སྡོམ་པ་བྱིན་པའོ། །གཞན་ཡང་སླར་བསླང་དུ་རུང་བ་ལ་གཉིས་ཏེ། བཏགས་པ་དང ། དོན་དམ་པའོ། །སླར་དབྱུང་དུ་མི་རུང་བ་གཉིས་ཏེ། མ་མཐོང་བ་དང ། མི་འཆགས་པའོ། །བརྟེན་པ་ལ་གཉིས་ཏེ། དགེ་འདུན་ལ་བརྟེན་པ་དང ། གང་ཟག་ལ་བརྟེན་པའོ། །བཤགས་པ་ལ་གཉིས་ཏེ། དགེ་འདུན་དང ། གང་ཟག་ལའོ། །མདོར་ན། མཁས་པ་དག་ནི་གསུམ་དུ་བྱ། །ངོ་ཚ་བ་ཡང་རྣམ་གཉིས་དང ། །རྒོལ་དང་ཞལ་ནས་གསུངས་པ་དང ། །བརྟན་པ་དང ། གསོལ་བའོ། །ཉེས་པ་མ་བྱུང་བ་ལ་ཉེས་པ་མ་བྱུང་བར་མཁས་པ་དང ། ཉེས་པ་བྱུང་བར་མཁས་པའོ། །གཞན་ཡང་མཁས་པ་ལ་གཉིས་ཏེ། ཉེས་པ་བྱུང་བ་སླར་བསླང་བ་ལ་མཁས་པ་དང ། ཉེས་པ་མ་བྱུང་བ་རྣམ་པར་དག་པར་བྱ་བ་ལ་མཁས་པའོ། །ངོ་ཚ་བ་ལ་གཉིས་ཏེ། བག་དང་བཅས་པ་དང ། བག་མེད་པའོ། །རྒོལ་བར་བྱེད་པ་ལ་ཉེས་པར་འགྱུར་བ་གཉིས་ཏེ། དགེ་འདུན་དང ། གང་ཟག་ལས་སོ། །སྨྲ་བ་ལས་བྱུང་བའི་ཉེས་པ་ Pa36a ༄#། །གཉིས་ཏེ། ཞལ་ནས་གསུངས་པ་དང ། བཤད་པའོ། །གཞན་ཡང་སྨྲ་བ་ལས་བྱུང་བ་གཉིས་ཏེ། བརྟན་པ་དང ། མི་བརྟན་པའོ། །གཞན་ཡང་སྨྲ་བ་ལས་བྱུང་བ་གཉིས་ཏེ། གསོལ་བ་འདེབས་པ་དང ། གསོལ་བ་མི་འདེབས་པའོ། །མདོར་ན། བསྐོས་དང་སྡོམ་དང་བརྟག་པ་དང ། །ཉན་པ་ཤིན་ཏུ་སེམས་པ་དང ། །རབ་ཤེས་འཐབ་མོ་མ་མཐུན་དང ། །རང་བཞིན་ངེས་སྨྲ་ཤེས་རབ་བོ། །དགེ་འདུན་གྱི་ཞལ་ཏ་པ་གཉིས་ཏེ། བསྐོས་པ་དང ། མ་བསྐོས་པ་དང ། སྡོམ་པ་དང ། མི་སྡོམ་པ་དང ། བརྟགས་པར་སྨྲ་བ་དང ། མ་བརྟགས་པར་སྨྲ་བ་དང ། ཉན་པ་དང ། སྒྲོག་པ་དང ། སེམས་པ་དང ། མི་སེམས་པ་དང ། རབ་ཏུ་ཤེས་པ་དང ། རབ་ཏུ་ཤེས་པར་མི་བྱེད་པ་དང ། འཐབ་མོ་བྱེད་པ་དང ། འཐབ་མོ་མི་བྱེད་པ་དང ། མཐུན་པ་དང ། མི་མཐུན་པ་དང ། རང་བཞིན་དུ་གནས་པ་དང ། རང་བཞིན་དུ་གནས་པ་མ་ཡིན་པ་དང ། དེ་བཞིན་དུ་ངེས་པར་སྨྲ་བ་དང ། ངེས་པ་མ་ཡིན་པར་སྨྲ་བ་དང ། ཤེས་རབ་ཅན་དང ། འཆལ་བའི་ཤེས་རབ་ཅན་ནོ། །མདོར་ན། མང་དུ་ཐོས་དང་ཁ་ཏོན་ལོབས། །རྫོགས་དང་ངེས་པར་གྱུར་པ་དང ། །བསྙེན་བཀུར་བྱེད་དང་ངན་བྱས་དང ། །ཆོས་ཤེས་པ་དང་བདུན་པའོ། ། དགེ་འདུན་གྱི་ཞལ་ཏ་པ་གཉིས་ཏེ། མང་དུ་ཐོས་པ་དང ། ཉུང་དུ་ཐོས་པ་དང ། ལུང་ཁ་ཏོན་ལོབས་པ་དང ། ལུང་ཁ་ཏོན་མ་ལོབས་པ་དང ། ལུང་རྫོགས་པ་དང ། ལུང་མ་རྫོགས་པ་ Pa36b དང ། ངེས་པ་དང ། ངེས་པ་མ་ཡིན་པ་དང ། བསྙེན་བཀུར་བྱེད་པ་དང ། བསྙེན་བཀུར་བྱེད་པ་མ་ཡིན་པ་དང ། ཆོས་ཤེས་པ་དང ། ཆོས་མི་ཤེས་པ་དང ། དོན་ཤེས་པ་དང ། དོན་མི་ཤེས་པ་དང ། དུས་ཤེས་པ་དང ། དུས་མི་ཤེས་པ་དང ། ཚོད་ཤེས་པ་དང ། ཚོད་མི་ཤེས་པ་དང ། བདག་ཉིད་ཤེས་པ་དང ། བདག་ཉིད་མི་ཤེས་པ་དང ། འཁོར་ཤེས་པ་དང ། འཁོར་མི་ཤེས་པ་དང ། གང་ཟག་དམ་པ་དང་དམ་པ་མ་ཡིན་པ་ཤེས་པ་དང ། གང་ཟག་དམ་པ་དང་དམ་པ་མ་ཡིན་པ་མི་ཤེས་པའོ། །མདོར་ན། ཆོས་དང་འདུལ་བ་ཉེས་པ་དང ། ལྷག་མར་བཅས་དང་ལྕི་བ་དང ། །སྤྱད་པ་སྨྲས་པ་སྨ་བབ་དང ། །བཅས་པ་མ་ཡེངས་ལོག་པར་ལྟུང ། །དགེ་འདུན་གྱི་ཞལ་ཏ་པ་གཉིས་ཏེ། དེ་བཞིན་གཤེགས་པ་ལ་སྐུར་བ་འདེབས་ཤིང་ཤིན་ཏུ་འདའ་བར་བྱེད་པ། གསུངས་པ་བཞིན་མི་སྨྲ་བ། ཆོས་བཞིན་མི་སྨྲ་བ། ཆོས་དང་གཉེར་བའི་ཆོས་ཀྱི་རྗེས་བཞིན་མི་བྱེད་པ་སྟེ། ཆོས་མ་ཡིན་པ་ཆོས་བཞིན་དུ་བརྗོད། ཆོས་ལ་ཆོས་མ་ཡིན་པར་བརྗོད་ཅིང་དེ་དག་ལ་སྨྲ་བའི་ལན་སླར་གློན་པ་ནི། ཆོས་མཐུན་པ་དག་གིས་སྨད་པའི་གནས་སུ་འགྱུར་རོ། །དགེ་འདུན་གྱི་ཞལ་ཏ་པ་གཉིས་ཏེ། དེ་བཞིན་གཤེགས་པ་ལ་སྐུར་བ་མི་འདེབས་ཤིང་ཤིན་ཏུ་འདའ་བར་མི་བྱེད་པ། གསུངས་པ་བཞིན་དུ་སྨྲ་བ། ཆོས་བཞིན་དུ་སྨྲ་བ། ཆོས་ཀྱི་རྗེས་སུ་ཆོས་བཞིན་བྱེད་དེ། ཆོས་ལ་ཆོས་བཞིན་དུ་བརྗོད། ཆོས་མ་ཡིན་ Pa37a ༄#། །པ་ལ་ནི། ཆོས་མ་ཡིན་པར་བརྗོད་པ། དེ་དག་ལ་སྨྲས་པའི་ལན་སླར་མི་གློན་པའི་ཆོས་མཐུན་པ་དག་གིས་སྨད་པའི་གནས་སུ་མི་འགྱུར་རོ། །མདོ་བར་མ་སྟེ། སྐུར་བ་འདེབས་པར་བྱེད་པ་དང ། །སྡིག་པ་ཉེ་བར་བཅས་པ་དང ། །ཁ་ན་མ་ཐོ་བྱས་པ་དང ། །བར་མའི་མདོར་ནི་ཡང་དག་བསྡུས། །དགེ་འདུན་གྱི་ཞལ་ཏ་པ་གང་ཆོས་མ་ཡིན་པ་ལ་ཆོས་སུ་བརྗོད། ཆོས་ལ་ཆོས་མ་ཡིན་པར་བརྗོད་པའི་ཆོས་དེ་གཉིས་དང་ལྡན་པ་ནི། བསྡིག་པར་བྱའོ། །སྨད་པར་བྱའོ། །བསྐྲད་པར་བྱའོ། །སྤང་བར་བྱའོ། ། ཕྱོགས་མེད་པར་བྱའོ། །ཞུམ་པར་བྱའོ། །སྤ་གོང་བར་བྱའོ། །དོགས་པ་དང ། ཐེ་ཚོམ་དང ། འགྱོད་པ་རྣམས་བསྐྱེད་པར་བྱའོ། །ནར་བར་བྱ། གནད་དུ་ཕེབས་པར་བྱ། སྐྱོན་ཅན་དུ་བྱའོ། །དགེ་འདུན་གྱི་ཞལ་ཏ་པ་གང་ཆོས་ལ་ཆོས་སུ་བརྗོད་པས། ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པར་བརྗོད་པའི་ཆོས་དེ་གཉིས་དང་ལྡན་པ་ནི། བསྡིག་པར་མི་བྱའོ། ། སྨད་པར་མི་བྱའོ། །བསྐྲད་པར་མི་བྱའོ། །སྤང་བར་མི་བྱའོ། །ཕྱོགས་མེད་པར་མི་བྱའོ། །དོགས་པ་དང ། ཐེ་ཚོམ་དང ། འགྱོད་པ་རྣམས་བསྐྱེད་པར་མི་བྱའོ། །ནར་བར་མི་བྱ། གནད་དུ་ཕེབས་པར་མི་བྱ། སྐྱོན་ཅན་དུ་མི་བྱའོ། །དགེ་འདུན་གྱི་ཞལ་ཏ་པ་གང་གིས་ཆོས་མ་ཡིན་པ་ལ་ནི། ཆོས་སུ་བརྗོད། ཆོས་ལ་ནི། ཆོས་མ་ཡིན་པར་བརྗོད་པའི་ཆོས་དེ་ Pa37b གཉིས་དང་ལྡན་པ་ནི། ཉེས་པ་དང་བཅས་པར་འགྱུར་ཏེ། དོགས་པ་དང་བཅས། ཐེ་ཚོམ་དང་བཅས། འགྱོད་པ་དང་བཅས། བྱ་བ་དང་བཅས་པ་དང ། མི་གཙང་བ་དང ། བསླང་དུ་མེད་པའོ། །དགེ་འདུན་གྱི་ཞལ་ཏ་པ་གང་ཆོས་ལ་ཆོས་སུ་བརྗོད། ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པར་བརྗོད་པའི་ཆོས་དེ་གཉིས་དང་ལྡན་པ་ནི། ཉེས་པ་དང་བཅས་པར་མི་འགྱུར་ཏེ། དོགས་པ་དང་བཅས་པ་མ་ཡིན། ཐེ་ཚོམ་དང་བཅས་པ་མ་ཡིན། འགྱོད་པ་དང་བཅས་པ་མ་ཡིན། བྱ་བ་དང་བཅས་པ་མ་ཡིན། གཙང་བ་དང ། བསླང་དུ་རུང་བའོ། །དགེ་འདུན་གྱི་ཞལ་ཏ་པ་གང་གིས་ཆོས་མ་ཡིན་པ་ལ་ནི། ཆོས་སུ་བརྗོད། ཆོས་ལ་ནི། ཆོས་མ་ཡིན་པར་བརྗོད་པའི་ཆོས་དེ་གཉིས་དང་ལྡན་པ་ནི། ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་ཏེ། ཉེ་བའི་ཁ་ན་མ་ཐོ་བ་དང་བཅས་པ་དང ། གནོད་པ་དང་བཅས་པ་དང ། རྗེས་སུ་གདུང་བ་དང་བཅས་པ་དང ། གདུང་བར་བྱ་བ་དང་བཅས་པའོ། །དགེ་འདུན་གྱི་ཞལ་ཏ་པ་གང་གིས་ཆོས་ལ་ཆོས་སུ་བརྗོད། ཆོས་མ་ཡིན་པ་ལ་ནི། ཆོས་མ་ཡིན་པར་བརྗོད་པའི་ཆོས་དེ་གཉིས་དང་ལྡན་པ་ནི། ཁ་ན་མ་ཐོ་བ་དང་བཅས་པར་མི་འགྱུར་ཏེ། ཉེ་བའི་ཁ་ན་མ་ཐོ་བ་དང་བཅས་པ་མ་ཡིན།་གནོད་པ་དང་བཅས་པ་མ་ཡིན། རྗེས་སུ་གདུང་བ་དང་བཅས་པ་མ་ཡིན། གདུང་བར་བྱ་བ་དང་བཅས་པ་མ་ཡིན་ནོ། །དགེ་འདུན་གྱི་ཞལ་ཏ་པ་གང་གིས་ཆོས་མ་ཡིན་པ་ལ་ Pa38a ༄#། །ཆོས་སུ་བརྗོད། ཆོས་ལ་ཆོས་མ་ཡིན་པར་བརྗོད་པའི་ཆོས་དེ་དང་ལྡན་པ་ནི། བྱིས་པ། གླེན་པ། མི་གསལ་བ། མི་མཁས་པ། སྐྱེས་བུ་དམ་པ་མ་ཡིན་པར་རིག་པར་བྱ་སྟེ། བདག་ཉིད་དྲེགས་པ་མ་སྤངས་པས་ཁ་ན་མ་ཐོ་བ་དང་བཅས་པར་འགྱུར་རོ། །ཉེ་བའི་ཁ་ན་མ་ཐོ་བ་དང་བཅས། ཅུང་ཟད་ཙམ་ཡང་མཁས་པ་རྣམས་ཀྱིས་སྨད་པར་འགྱུར། བསོད་ནམས་མ་ཡིན་པ་མང་པོ་བགྲང་དུ་མེད་ཅིང ། གྲངས་མེད། ཚད་མེད་པར་འཕེལ་ནས་ཇི་ལྟར་མདའ་འཕངས་པ་བཞིན་ལུས་འགྱེལ་ནས་ཤི་བའི་འོག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བའི་སེམས་ཅན་དམྱལ་བར་སྐྱེ་སྟེ། ངན་སོང་དུ་སྐྱེ། ངན་འགྲོར་སྐྱེ། ལོག་པར་ལྟུང་བའོ། །ངན་སོང་དུ་འགྲོ། ངན་འགྲོར་འགྲོ། ལོག་པར་ལྟུང་བར་འགྲོ། ངན་སོང་དུ་སྐྱེ། ངན་འགྲོར་སྐྱེ། ལོག་པར་ལྟུང་བར་སྐྱེ་བར་འགྱུར་ཏེ། ཡུན་རིང་པོར་འཕྱན་ཅིང ། འཁོར་བར་འཕྱན་པས་ན། འཁོར་བ་ལས་སླར་མི་ལྡོག་གོ་།དགེ་འདུན་གྱི་ཞལ་ཏ་པ་གང་གིས་ཆོས་ལ་ཆོས་སུ་བརྗོད་ཅིང ། ཆོས་མ་ཡིན་པ་ལ་ནི། ཆོས་མ་ཡིན་པར་བརྗོད་པའི་ཆོས་དེ་གཉིས་དང་ལྡན་པ་ནི། མཁས་པ། གསལ་བ། ཡིད་རྣོ་བ། ཤེས་པ།་སྐྱེས་བུ་དམ་པ་ཡིན་པར་རིག་པར་བྱ་སྟེ། བདག་ཉིད་དྲེགས་པ་སྤངས་པས་ཁ་ན་མ་ཐོ་བ་དང་བཅས་པ་མ་ཡིན་པར་གྱུར། ཉེ་བའི་ཁ་ན་མ་ཐོ་བ་དང་བཅས་པ་མ་ཡིན་ Pa38b པ་ཅུང་ཟད་ཙམ་ལ་ཡང་མཁས་པ་རྣམས་ཀྱིས་བསྔགས་པར་འགྱུར་ཏེ། བསོད་ནམས་མང་པོ་བགྲང་དུ་མེད་ཅིང ། གྲངས་མེད། ཚད་མེད་པར་འཕེལ་ནས་ཇི་ལྟར་མདའ་འཕངས་པ་བཞིན་འདི་ནས་ལུས་འགྱེལ་ན་ཡང་བདེ་བར་འགྲོ་བ་མཐོ་རིས་ཀྱི་ལྷའི་འཇིག་རྟེན་དུ་སྐྱེ་བར་འགྱུར་ཏེ། ངན་སོང་དུ་མི་སྐྱེ། ངན་འགྲོར་མི་སྐྱེ། ལོག་པར་ལྟུང་བར་མི་སྐྱེ། ངན་སོང་དུ་མི་འགྲོ། ངན་འགྲོར་མི་འགྲོ། ལོག་པར་ལྟུང་བར་མི་འགྲོ། ངན་སོང་དུ་སྐྱེ་བར་མི་འགྱུར། ངན་འགྲོར་སྐྱེ་བར་མི་འགྱུར། ལོག་པར་ལྟུང་བར་མི་འགྱུར། ཡུན་རིང་པོར་འཁོར་བ་ན་མི་འཁྱམས་ཏེ། འཁོར་བ་ལས་ལྡོག་གོ་།ཇི་ལྟར་ཆོས་དང ། ཆོས་མ་ཡིན་པ་ལ་ནག་པོ་དང ། དཀར་པོའི་ཕྱོགས་སུ་རྣམ་གྲངས་ལྔར་སྨྲས་པ་དེ་བཞིན་དུ་འདུལ་བ་དང ། འདུལ་བ་མ་ཡིན་པ་ལ་ཡང་ནག་པོ་དང ། དཀར་པོའི་ཕྱོགས་སུ་རྣམ་གྲངས་ལྔར་བརྗོད་པར་བྱའོ། །དེ་བཞིན་དུ་ལྷག་མ་དང་བཅས་པའི་ཉེས་པ་དང ། ལྷག་མ་མ་ལུས་པའི་ཉེས་པ་ཡང་ནག་པོ་དང ། དཀར་པོའི་ཕྱོགས་སུ་རྣམ་གྲངས་ལྔར་བརྗོད་པར་བྱའོ། །དེ་བཞིན་དུ་ཉེས་པ་ལྕི་བ་དང ། ཉེས་པ་ཡང་བ་ཡང་ནག་པོ་དང ། དཀར་པོའི་ཕྱོགས་སུ་རྣམ་གྲངས་ལྔར་བརྗོད་པར་བྱའོ། །དེ་བཞིན་དུ་སྨྲས་པ་དང ། མ་སྨྲས་པར་བརྗོད་པ་ཡང་ནག་པོ་དང ། དཀར་པོའི་ཕྱོགས་སུ་རྣམ་གྲངས་ལྔར་བརྗོད་པར་བྱའོ། །དེ་བཞིན་དུ་སྨ་ཕབ་པ་དང ། སྨ་མ་ཕབ་པར་བརྗོད་པ་ཡང་ནག་པོ་དང ། དཀར་པོའི་ Pa39a ༄#། །ཕྱོགས་སུ་རྣམ་གྲངས་ལྔར་བརྗོད་པར་བྱའོ། །དེ་བཞིན་དུ་བཅས་པ་དང ། མ་བཅས་པར་བརྗོད་པ་ཡང་ནག་པོ་དང ། དཀར་པོའི་ཕྱོགས་སུ་རྣམ་གྲངས་ལྔར་བརྗོད་པར་བྱའོ། །དེ་བཞིན་དུ་ཕྱུང་བ་དང ། མ་ཕྱུང་བར་བརྗོད་པ་ཡང་ནག་པོ་དང ། དཀར་པོའི་ཕྱོགས་སུ་རྣམ་གྲངས་ལྔར་བརྗོད་པར་བྱའོ། །ཚུལ་ཁྲིམས་ཉམས་པ་དང ། ལྟ་བ་ཉམས་པ་རྣམས་ཀྱང་རྒྱས་པར་ནག་པོ་དང ། དཀར་པོའི་ཕྱོགས་སུ་འདི་ཡང་དེ་བཞིན་དུ་རྣམ་གྲངས་ལྔར་བརྗོད་པར་བྱའོ། །མདོར་ན། བསྡིག་དང་ངན་པ་བྱས་པ་དང ། དབྱུང་བར་བྱ་བའི་བར་དུ་སྟེ། བྱ་བ་དག་ལ་གཉིས་སུ་བྱ། །ཉེས་གཉིས་རྩོད་པ་དེ་བཞིན་ནོ། །བསྡིག་པར་བྱ་བ་ལ་གཉིས་ཏེ། ཆད་པའི་ལས་དང ། དགེ་འདུན་གྱིས་བསྒོ་བའོ། །སྤང་བར་བྱ་བ་ལ་ཡང་གཉིས་ཏེ། ཆད་པའི་ལས་དང ། དགེ་འདུན་གྱིས་བསྒོ་བའོ། །གཞན་ཡང་སྤང་བར་བྱ་བ་ལ་གཉིས་ཏེ། ཆད་པའི་ལས་དང ། དགེ་འདུན་གྱིས་སྤང་བའོ། །བསྙེན་བཀུར་བྱེད་པ་ལ་རྣམ་པ་གཉིས་ཏེ། ཆད་པའི་ལས་དང ། མུ་སྟེགས་ཅན་གྱིས་བསྙེན་བཀུར་བྱེད་པའོ། །གཞན་ཡང་བསྙེན་བཀུར་བྱེད་པ་ལ་རྣམ་པ་གཉིས་ཏེ། ཆད་པའི་ལས་དང ། དངོས་པོ་མྱོང་བའོ། །ཡིད་མགུ་བར་བྱ་བ་ལ་རྣམ་པ་གཉིས་ཏེ། ཆད་པའི་ལས་དང་ང་རྒྱལ་སྤང་བའོ། །གཞན་ཡང་ཡིད་མི་མགུ་བར་བྱ་བ་ལ་གཉིས་ཏེ། ཆད་པའི་ལས་དང ། དངོས་པོ་སྤྱོད་པའོ། ། Pa39b གཞི་ནས་བསླངས་ཏེ་ཡིད་མགུ་བར་བྱ་བ་ལ་རྣམ་པ་གཉིས་ཏེ། ཆད་པའི་ལས་དང ། སྨད་པའོ། །སྨད་པ་ལ་ཡང་རྣམ་པ་གཉིས་ཏེ། ཆད་པའི་ལས་དང ། སོ་སོར་ཐར་པ་ལ་སྨད་པའོ། །བསྐྲད་པ་ལ་རྣམ་པ་གཉིས་ཏེ། ཆད་པའི་ལས་དང ། དགེ་འདུན་གྱི་འོག་ཁྲིམས་སུ་བཅས་པའོ། །སླར་བསྡུམ་པར་བྱ་བ་ལ་རྣམ་པ་གཉིས་ཏེ། ཆད་པའི་ལས་དང ། དགེ་འདུན་གྱི་འོག་ཁྲིམས་སུ་བཅད་པའོ། །བཀར་བ་ལ་རྣམ་པ་གཉིས་ཏེ། ཆད་པའི་ལས་དང ། དགེ་འདུན་གྱིས་ཁྱེར་བའོ། །ཚངས་པ་ལ་རྣམ་པ་གཉིས་ཏེ། ཆད་པའི་ལས་དང ། དགེ་བའི་སེམས་བསྐྱེད་པའོ། །གཞན་ཡང་ཚངས་པ་ལ་རྣམ་པ་གཉིས་ཏེ། ཆད་པའི་ལས་དང ། བསླབ་པ་ཡོངས་སུ་རྫོགས་པའོ། །གང་ཟག་གཉིས་ལ་བསྡིགས་པའི་ལས་བྱ་སྟེ། སྨད་པ་དང ། བསྐྲད་པ་དང ། བསྡུམ་པ་དང ། མ་མཐོང་བའི་ཕྱིར་སྤང་བ་དང ། སླར་ལས་མི་བྱེད་པའི་ཕྱིར་སྤང་བ་དང ། སྡིག་པ་ལ་ལྟ་བ་མ་བཏང་བའི་ཕྱིར་སྤང་བའི་ལས་དང ། ཆད་པ་དང ། གཞི་ནས་བསླང་བའི་ཆད་པ་དང ། ཡིད་མགུ་བར་བྱ་བ་དང ། གཞི་ནས་བསླང་བའི་ཡིད་མགུ་བར་བྱ་བ་དང ། གཞི་ནས་བསླང་བ་དང ། ཚངས་པར་སྤྱོད་པའི་ལས་རྣམས་བྱའོ། །དགེ་སློང་དང ། དགེ་སློང་མ་གཉིས་ལ་བསྡིགས་པའི་ལས་རྣམས་བྱ་སྟེ། སྨད་པ་དང ། བསྐྲད་པ་དང ། སླར་བསྡུམ་པ་དང ། མ་མཐོང་བའི་ཕྱིར་སྤང་བ་དང ། སླར་ལས་མ་བྱས་པ་དང ། ལྟ་བ་མ་བཏང་བས་ Pa40a ༄#། །སྤང་པ་རྣམས་ཀྱི་ལས་བྱའོ། །བསྙེན་པར་རྫོགས་པ་དང ། བསྙེན་པར་མ་རྫོགས་པ་གཉིས་ལ་ཆད་པ་དང ། གཞི་ནས་བསླང་བའི་ཆད་པ་དང ། ཡིད་མགུ་བ་དང ། གཞི་ནས་བསླང་བའི་མགུ་བ་དང ། གཞི་ནས་བསླང་བ་དང ། དབྱུང་བའི་ལས་རྣམས་བྱའོ། །དགེ་སློབ་མ་དང ། དགེ་ཚུལ་ཕ་ཡང་དེ་བཞིན་ནོ། །ཉེས་པ་ལས་བྱུང་བ་ལ་རྣམ་པ་གཉིས་ཏེ། དམིགས་པ་དང ། མ་དམིགས་པའོ། །ཉེས་པ་དབྱུང་བ་ལ་རྣམ་པ་གཉིས་ཏེ། དམིགས་པ་དང ། མི་དམིགས་པའོ། །རྩོད་པ་ལ་རྣམ་པ་གཉིས་ཏེ། དགེ་སློང་ཕ་དང ། དགེ་སློང་མའོ། །གཞན་ཡང་རྩོད་པ་ལ་རྣམ་པ་གཉིས་ཏེ། དགེ་སློང་དང ། དགེ་སློབ་མའོ། །ཡང་རྩོད་པ་ལ་རྣམ་པ་གཉིས་ཏེ། དགེ་སློང་དང ། དགེ་ཚུལ་མའོ། །གཞན་ཡང་རྩོད་པ་ལ་རྣམ་པ་གཉིས་ཏེ། དགེ་སློང་དང ། དགེ་ཚུལ་ཕའོ། །འདུལ་བ་གཅིག་པོ་ཡན་ཆད་པའི་སྒོ་དང་པོ་རྫོགས་སོ།། །།འདུལ་བ་གཞུང་དམ་པ། བམ་པོ་ཉེར་དྲུག་པ། དེ་ལ་སྒོ་གཉིས་པའི་མདོར་བསྡུས་པ་སྟེ། ཉེས་པ་གསུམ་པ་དང་མི་རིགས་པར། །བཅས་པ་འདས་པར་བཅས་པ་དང ། །ཆད་པ་དེ་བཞིན་ལས་གཉིས་ཏེ། །རྗེས་སུ་བསྟན་དང་དབྱུང་དེ་བཞིན། །མདོར་ན། རྡུལ་གྱི་ཉེས་པ་གསུམ་པོ་དང ། །འདུལ་བ་དག་དང་སྒོ་གསུམ་དང ། །སྡུད་པ་གཉིས་དང་ལས་གཉིས་དང ། བསླབ་པར་བྱ་བ་རྣམ་པ་གཉིས། །རྡུལ་ Pa40b གསུམ་ལ། འདོད་ཆགས་ཀྱི་རྡུལ་དང ། ཞེ་སྡང་གི་རྡུལ་དང ། གཏི་མུག་གི་རྡུལ་ལོ། །ལུས་ལས་བྱུང་བའི་ཉེས་པ་གསུམ་སྟེ། འདོད་ཆགས་ལས་བྱུང་བ་དང ། ཞེ་སྡང་ལས་བྱུང་བ་དང ། གཏི་མུག་ལས་བྱུང་བའོ། །ངག་ལས་བྱུང་བའི་ཉེས་པ་གསུམ་སྟེ། འདོད་ཆགས་ལས་བྱུང་བ་དང ། ཞེ་སྡང་ལས་བྱུང་བ་དང ། གཏི་མུག་ལས་བྱུང་བའོ། །འདུལ་བ་མ་ཡིན་པ་ལས་བྱུང་བ་རྣམ་པ་གསུམ་སྟེ།་འདོད་ཆགས་ལས་བྱུང་བ་དང ། ཞེ་སྡང་ལས་བྱུང་བ་དང ། གཏི་མུག་ལས་བྱུང་བ་དང ། འདུལ་བ་ལ་རྣམ་པ་གསུམ་སྟེ། འདོད་ཆགས་འདུལ་བ་དང ། ཞེ་སྡང་འདུལ་བ་དང ། གཏི་མུག་འདུལ་བའོ། །གནས་གསུམ་དུ་ཉེས་པ་ཐམས་ཅད་འདུས་པར་འགྱུར་ཏེ། བྱུང་བ་དང་བཅས་པ་དང ། རྣམ་པར་ཕྱེ་བའོ། །ལས་རྣམ་པ་གསུམ་གྱི་ཉེས་པ་ཐམས་ཅད་མཉམ་པར་འཇུག་པར་འགྱུར་ཏེ། གསོལ་བ་དང ། གསོལ་བ་དང་གཉིས་དང ། གསོལ་བ་དང་བཞི་པའི་ལས་རྣམས་སོ། །ལས་རྣམ་པ་གསུམ་གྱིས་ན། གཟུ་བོར་བྱེད་དེ། ལས་དང ། སོ་སོར་ཐར་པའི་ལས་དང ། ཆད་པའི་ལས་སོ། །བསླབ་པ་ལ་རྣམ་པ་གསུམ་སྟེ། ལྷག་པའི་ཚུལ་ཁྲིམས་ལ་བསླབ་པ་དང ། ལྷག་པའི་སེམས་ལ་བསླབ་པ་དང ། ལྷག་པའི་ཤེས་རབ་ལ་བསླབ་པའོ། །གཞན་ཡང་བསླབ་པ་གསུམ་སྟེ། ཀུན་ཏུ་སྤྱོད་པ་ལ་སློབ་པ་དང ། ལྷག་པའི་འདུལ་བ་དང ། ལྷག་པའི་སོ་སོར་ཐར་པ་ལ་སློབ་པའོ། །མདོར་ན། ཉེ་བར་འགྱུར་བ་གསུམ་ Pa41a ༄#། །པོ་དང ། །རྩོད་པ་ལ་ཡང་རྣམ་པ་གསུམ། །ལས་དང་དགེ་འདུན་འབྱེད་པ་དང ། །ཤིན་ཏུ་དཔྱས་པའང་དེ་བཞིན་ནོ། །ཉེ་བར་འགྱུར་བའི་ལས་གསུམ་གྱིས་ཉེས་པར་འགྱུར་ཏེ། ལུས་ཀྱི་ལས་དང ། ངག་གི་ལས་དང ། ཡིད་ཀྱི་ལས་སོ། །རྩོད་པ་རྣམ་པ་གསུམ་སྟེ། དགེ་བ་དང ། མི་དགེ་བ་དང ། ལུང་དུ་མི་སྟོན་པའོ། །ལས་གསུམ་སྟེ།་ཆོས་ཀྱི་ལས་དང ། ཆོས་མ་ཡིན་པའི་ལས་དང ། མཐུན་པའི་ལས་སོ། །དགེ་འདུན་འབྱེད་པ་ལ་རྣམ་པ་གསུམ་སྟེ། དགེ་བ་དང ། མི་དགེ་བ་དང ། ལུང་དུ་མི་སྟོན་པའོ། །གནས་གསུམ་གྱིས་ན། དཔྱས་པས་མི་ཆགས་ཏེ། བྱུང་བ་དང ། བཅས་པ་དང ། རྗེས་སུ་བཅས་པའོ། །མདོར་ན། གནས་པར་མི་རིག་མི་གནས་དང ། །སོ་སོར་གནས་པའང་དེ་བཞིན་ཏེ། །མཆོད་པ་བསྙེན་བཀུར་ཕྱག་བྱ་དང ། །ལྡང་བར་བྱ་དང་ཐལ་མོ་སྦྱར། །གནས་གསུམ་གྱིས་གནས་པའི་འོས་མ་ཡིན་པར་འགྱུར་ཏེ། ཉེས་པ་དང ། ཉེས་པ་མེད་པ་དང ། བཅས་པའོ། །རྣམ་པ་གསུམ་གྱིས་ན། མི་གནས་པར་འགྱུར་ཏེ། ཉེས་པ་དང ། ཉེས་པ་མེད་པ་དང ། བཅས་པའོ། །རྣམ་པ་གསུམ་གྱིས་ན། སོ་སོར་གནས་པར་འགྱུར་ཏེ། ཉེས་པ་དང ། ཉེས་པ་མེད་པ་དང ། བཅས་པའོ། །མཆོད་པར་འོས་པ་གསུམ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང ། སློབ་པ་དང ། མི་སློབ་པ་རྣམས་སོ། ། Pa41b གཞན་ཡང་མཆོད་པར་འོས་པ་རྣམ་པ་གསུམ་སྟེ། སློབ་དཔོན་དང ། མཁན་པོ་དང ། ཚངས་པ་མཚུངས་པར་སྤྱོད་པ་ཤིན་ཏུ་རྒན་པ་རྣམས་སོ། །ཇི་ལྟར་མཆོད་པར་འོས་པ་དེ་བཞིན་དུ་བསྙེན་བཀུར་བྱ་བ་དང ། ཕྱག་བྱ་བ་དང ། ལྡང་བ་དང ། ཐལ་མོ་སྦྱར་བའི་འོས་རྣམས་ཀྱང་རིགས་པར་ཤེས་པར་བྱའོ། །མདོར་ན། བཅས་པ་གཉིས་སུ་བྱ་བ་དང ། །སྐབས་དབྱེ་རྣམ་པ་བཞི་པོ་དང ། ། སྡོམ་པ་དང་ནི་གྲོགས་པོ་དང ། །གཞག་པ་དེ་ནི་ཐ་མའོ། །བཅས་པ་རྣམ་པ་གསུམ་སྟེ། བྱུང་བ་ལས་བཅས་པ་དང ། ཉེས་པ་ལས་བཅས་པ་དང ། རྣམ་པར་དབྱེ་བར་བཅས་པའོ། །གཞན་ཡང་བཅས་པ་རྣམ་པ་གསུམ་སྟེ། རྗེས་སུ་སྲུང་བར་བཅས་པ་དང ། རྗེས་སུ་བསྟན་པར་བཅས་པ་དང ། རྗེས་སུ་ཕན་པར་བཅས་པའོ། །སྐབས་དབྱེ་བ་དང ། སྐབས་དབྱེ་བ་རྣམ་པ་གསུམ་སྟེ།་སོ་སོར་སྐབས་དབྱེ་བའོ། །གཞན་ཡང་སྐབས་དབྱེ་བ་རྣམ་པ་གསུམ་སྟེ། དད་པའི་སྐབས་དབྱེ་བ་དང ། ཡོངས་སུ་དག་པའི་སྐབས་དབྱེ་བ་དང ། ནོར་གྱི་སྐབས་དབྱེ་བའོ། ། གཞན་ཡང་སྐབས་དབྱེ་བ་རྣམ་པ་གསུམ་སྟེ། ལྷུང་བཟེད་ཀྱི་སྐབས་དབྱེ་བ་དང ། ཆོས་གོས་ཀྱི་སྐབས་དབྱེ་བ་དང ། ཟང་ཟིང་གི་སྐབས་དབྱེ་བའོ། །གཞན་ཡང་སྐབས་དབྱེ་བ་ལ་རྣམ་པ་གསུམ་སྟེ། སྨན་གྱི་སྐབས་དབྱེ་བ་དང ། དུས་སུ་སྐབས་དབྱེ་བ་དང ། མ་ངེས་པར་སྐབས་དབྱེ་བའོ། །སྡོམ་པ་རྣམ་པ་གསུམ་སྟེ། དགེ་འདུན་གྱི་སྡོམ་པ་དང ། སྦྱིན་བདག་གི་སྡོམ་ Pa42a ༄#། །པ་དང ། སྨན་པའི་སྡོམ་པའོ། །གྲོགས་རྣམ་པ་གསུམ་སྟེ། ཐ་མ་དང ། འབྲིང་པོ་དང ། དམ་པའོ། །གཞག་པ་རྣམ་པ་གསུམ་སྟེ། རྙེད་པ་གཞག་པ་དང།་མཚམས་གཞག་པ་དང ། གང་ཟག་གཞག་པའོ། །མདོར་ན། འདས་བཅས་འགྱུར་བ་རྣམ་བཞི་དང ། །ཉེས་པ་རྣམ་པ་གཉིས་པོ་དང ། །བསྒོ་བ་ལ་ཡང་རྣམ་བཞི་དང ། ། ཞལ་ཏ་པ་ལ་རྣམ་གཉིས་སོ། །ཕྱག་བྱས་ན། འདས་པ་དང་བཅས་པར་འགྱུར་བ་རྣམ་པ་གསུམ་སྟེ། སྔོན་ཉེས་པ་བྱུང་བ་དང ། རྐུན་གནས་དང ། སོ་སོར་གནས་པ་ལའོ། །གཞན་ཡང་ཕྱག་བྱས་ན། འདས་པ་དང་བཅས་པར་འགྱུར་བ་རྣམ་པ་གསུམ་སྟེ། ངོ་ཚ་བ་མེད་པ་དང ། འཁོན་པ་དང ། རྗེས་སུ་ཕྱོགས་པའོ། །ཕྱག་མ་བྱས་ན། འདས་པ་དང་བཅས་པར་འགྱུར་བ་རྣམ་པ་གསུམ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང ། བཙུན་པ་རྣམས་དང ། ཚངས་པ་མཚུངས་པར་སྤྱོད་པ་ཤིན་ཏུ་རྒན་པ་ལའོ། །གཞན་ཡང་ཕྱག་མ་བྱས་ན། འདས་པ་དང་བཅས་པར་འགྱུར་བ་རྣམ་པ་གསུམ་སྟེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་དང ། མཁན་པོ་དང ། ཚངས་པ་མཚུངས་པར་སྤྱོད་པ་ཤིན་ཏུ་རྒན་པ་རྣམས་སོ། །ཕྱག་མ་བྱས་ཀྱང་ཉེས་པ་མེད་པ་རྣམ་པ་གསུམ་སྟེ། སྔར་ཉེས་པ་བྱུང་བ་དང ། རྐུན་གནས་ Pa42b དང ། སོ་སོར་གནས་པའོ། །གཞན་ཡང་ཕྱག་མ་བྱས་ཀྱང་ཉེས་པ་མེད་པ་རྣམ་པ་གསུམ་སྟེ། ངོ་ཚ་བ་མེད་པ་དང ། འཁོན་པ་དང ། རྗེས་སུ་ཕྱོགས་པའོ། །བསྒོ་བ་རྣམ་པ་གསུམ་སྟེ། དགེ་འདུན་གྱིས་བསྒོ་བ་དང ། གང་ཟག་གིས་བསྒོ་བ་དང ། སོ་སོར་ཐར་པས་བསྒོ་བའོ། །གཞན་ཡང་བསྒོ་བ་རྣམ་པ་གསུམ་སྟེ། དགེ་འདུན་གྱིས་བསྒོ་བ་དང ། སྡེས་བསྒོ་བ་དང ། དགེ་འདུན་གྱི་གནས་བརྟན་གྱིས་བསྒོ་བའོ། །གཞན་ཡང་བསྒོ་བ་རྣམ་པ་གསུམ་སྟེ། སློབ་དཔོན་གྱིས་བསྒོ་བ་དང ། མཁན་པོས་བསྒོ་བ་དང ། དགེ་འདུན་གྱིས་བསྒོ་བའོ། །གཞན་ཡང་བསྒོ་བ་རྣམ་པ་གསུམ་སྟེ། རྒྱལ་པོས་བསྒོ་བ་དང ། རྐུན་པོས་བསྒོ་བ་དང ། རིགས་པར་བྱེད་པའི་རིགས་ཀྱིས་བསྒོ་བའོ། །དགེ་འདུན་གྱི་ཞལ་ཏ་པ་རྣམ་པ་གསུམ་སྟེ། མཁས་པ་དང ། མཁས་པ་བས་ཀྱང་མཁས་པ་དང ། མཁས་པ་བས་མཁས་པའི་ཡང་མཁས་པ་རྣམས་སོ། །གཞན་ཡང་དགེ་འདུན་གྱི་ཞལ་ཏ་པ་རྣམ་པ་གསུམ་སྟེ། བསྐོས་པ་དང ། མ་བསྐོས་པ་དང ། གནང་བའོ། །མདོར་ན། ཆད་པ་ཤེས་པ་དབྱུང་བ་དང ། །རྟེན་པ་མཁན་པོ་སྡུད་པ་དང ། །སྨན་གཉིས་སྤང་བར་བྱ་བ་དང ། །རྗེས་སུ་གནང་བ་ཡུལ་དང་ལས། །རྒྱུ་རྣམ་པ་བཞིས་ན། ཆད་པའི་ལས་དང ། ཡིད་མགུ་པར་སྤྱོད་པའི་དགེ་སློང་གིས་ཞག་ཏུ་ཆད་པ་བགྲང་བར་བྱ་སྟེ། དྲང་པོར་གནས་པའི་དགེ་སློང་དང་ལྷན་ཅིག་སྐྱ་རེངས་བྱུང་བ་དང ། དགེ་སློང་ Pa43a ༄#། །མེད་པའི་གནས་སུ་སོང་སྟེ་སྐྱ་རེངས་བྱུང་བ་དང ། མ་ཚང་བ་ལ་ཆད་པ་མེད་པ་དང ། ཆད་པ་ཡིད་མགུ་བ་དགེ་སློང་རྣམས་ལ་བརྗོད་པར་མི་འདོད་པ་རྣམས་སོ། །ཤེས་པ་ལ་རྣམ་པ་བཞི་སྟེ། བྱུང་བ་ཤེས་པ་དང ། ཉེས་པ་ཤེས་པ་དང ། ཉེས་པ་མེད་པ་ཤེས་པ་དང ། ལངས་པ་ཤེས་པའོ། །བསླང་བ་ལ་རྣམ་པ་བཞི་སྟེ། མཐོང་བས་བསླང་བ་དང ། བཤགས་པས་བསླང་བ་དང ། སྔ་ནས་མ་བྱས་པས་བསླང་བ་དང ། མཐོལ་བས་བསླང་བའོ། །རྟོན་པ་ལ་རྣམ་པ་བཞི་སྟེ། དོན་ལ་རྟོན་གྱི་ཡི་གེ་ལ་མ་ཡིན་པ་དང ། ཆོས་ལ་རྟོན་གྱི་གང་ཟག་ལ་མ་ཡིན་པ་དང ། ངེས་པའི་དོན་གྱི་མདོ་སྡེ་ལ་རྟོན་གྱི་བཀྲི་བའི་དོན་ལ་མ་ཡིན་པ་དང ། ཡེ་ཤེས་ལ་རྟོན་གྱི་རྣམ་པར་ཤེས་པ་ལ་མ་ཡིན་པའོ། །མཁན་པོ་ལ་རྣམ་པ་བཞི་སྟེ།་མཁན་པོ་ཆོས་ཀྱིས་སྡུད་ལ་ཟང་ཟིང་གིས་མ་ཡིན་པའང་ཡོད། ཟང་ཟིང་གིས་སྡུད་ལ་ཆོས་ཀྱིས་མ་ཡིན་པའང་ཡོད། མཁན་པོ་ཆོས་ཀྱིས་སྡུད་ཅིང་ཟང་ཟིང་གིས་སྡུད་པ་ཡང་ཡོད།་མཁན་པོ་ཆོས་ཀྱིས་མི་སྡུད་ཅིང་ཟང་ཟིང་གིས་མ་ཡིན་པ་ཡོད་དེ། དེ་ལ་མཁན་པོ་གང་གིས་ཆོས་ཀྱིས་སྡུད་ལ་ཟང་ཟིང་གིས་མ་ཡིན་པ་དེ་ལྟ་བུའི་མཁན་པོ་ལ་ནི། ཤེས་པར་བྱས་ཏེ་གནས་པར་བྱའོ། །དེ་ལ་མཁན་པོ་གང་ཟང་ཟིང་གིས་སྡུད་ལ་ཆོས་ཀྱིས་མ་ཡིན་པ་དེ་ལྟ་བུའི་མཁན་པོ་ལ་ནི། བལྟས་ཏེ་འགྲོ་བར་བྱའོ། །དེ་ལ་མཁན་པོ་གང་ཆོས་ཀྱིས་སྡུད་ལ་ཟང་ཟིང་ Pa43b གིས་ཀྱང་སྡུད་པ་དེ་ལྟ་བུའི་མཁན་པོ་ནི། གཤེར་ཟིན་ཀྱང་ནམ་འཚོའི་བར་དུ་གནས་པར་གྱིས་ཤིག་།དེ་ལ་མཁན་པོ་གང་ཆོས་ཀྱིས་ཀྱང་མི་སྡུད་ཟང་ཟིང་གིས་ཀྱང་མ་ཡིན་པ་དེ་ལྟ་བུའི་མཁན་པོ་ནི།་མ་འགྲོ་ཞེས་བསྒོ་ཡང་མི་ལྟ་བར་འགྲོ་བར་བྱའོ། །བསྡུ་བའི་དངོས་པོ་བཞི་སྟེ། སྦྱིན་པ་དང ། ཚིག་སྙན་པ་དང ། དོན་སྤྱོད་པ་དང ། དོན་མཐུན་པ་རྣམས་སོ། །སྨན་རྣམ་པ་བཞི་སྟེ། སྨན་ཉིད་མི་རུང་ལ་ཉེ་འཁོར་མི་རུང་བ་ཡང་ཡོད། སྨན་ཉིད་མི་རུང་ལ་ཉེ་འཁོར་རུང་བ་ཡང་ཡོད། སྨན་ཉིད་རུང་ལ་ཉེ་འཁོར་མི་རུང་བ་ཡང་ཡོད། སྨན་ཉིད་རུང་ལ་ཉེ་འཁོར་རུང་བ་ཡང་ཡོད་དོ། །དོན་གྱི་མཐུ་བཞི་ལ་བརྟེན་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱི་སྨན་གནང་སྟེ། དུས་ཀྱི་མཐུ་དང ། ཡུལ་གྱི་མཐུ་དང ། གང་ཟག་གི་མཐུ་དང ། བྱུང་བའི་མཐུའོ། །སྤང་བ་ལ་རྣམ་པ་བཞི་སྟེ། ཁ་ན་མ་ཐོ་བ་དང ། ཆད་པས་བཅད་པ་དང ། ཕན་གདགས་པ་དང ། དམ་པའི་ཆོས་ལ་གནས་པའོ། །རྗེས་སུ་གནང་བ་རྣམ་པ་བཞི་སྟེ། ཁ་ན་མ་ཐོ་བ་མེད་པ་དང ། ཆད་པས་མ་བཅད་པ་དང ། ཕན་གདགས་པ་དང ། བདེ་བར་སྤྱོད་པའོ། །ཡུལ་རྣམ་པ་བཞིར་དེ་བཞིན་གཤེགས་པའི་ཉན་ཐོས་རྣམས་ཀྱི་བསླབ་པ་བཅས་ཏེ། ཡེ་ཤེས་ཀྱི་ཡུལ་དང ། ཆོས་ཀྱི་ཡུལ་དང ། གང་ཟག་གི་ཡུལ་དང ། རྫུ་འཕྲུལ་གྱི་ཡུལ་ལོ། །ལས་རྣམ་པ་བཞི་སྟེ། ཕན་གདགས་པའི་ལས་དང ། ནན་ཏུར་གྱི་ལས་དང ། ཆད་པའི་ལས་དང ། སྤྱོད་པ་ལ་གནས་པའི་ Pa44a ༄#། །ལས་རྣམས་སོ། །མདོར་ན། ལས་ལ་ཁས་ལེན་དད་པ་དང ། །འཇེབས་པར་བཅས་པའི་ལས་ལྔ་དང ། །རྣམ་དག་ལས་དང་འདུལ་བ་དང ། །ནན་ཏུར་ཆད་པ་དེ་བཞིན་ནོ། །ལས་ཁས་བླང་བ་རྣམ་པ་ལྔ་སྟེ། བདག་ཉིད་ཀྱི་ལས་བྱེད་པ་དང ། མངོན་སུམ་དུ་གྱུར་ནས་ཁས་ལེན་པ་དང ། དད་པ་འབུལ་བ་དང ། རང་གི་ལྟ་བ་མི་བརྗོད་པ་དང ། ཅང་མི་སྨྲ་བར་ཁས་ལེན་པ་རྣམས་སོ། །མཚམས་ཀྱི་ནང་དུ་མངོན་སུམ་དུ་མི་གནས་པ་ལྔས་དད་པ་བྱིན་པའི་ལས་བྱའི། མང་པོ་མངོན་སུམ་དུ་འདུས་པའི་ནང་དུ་ནི། མ་ཡིན་ཏེ།་རྐུན་གནས་དང ། སོ་སོར་གནས་པ་དང ། མི་གནས་པ་དང ། རྗེས་སུ་ཕྱོགས་པ་དང ། དགེ་སློང་མ་སུན་ཕྱུང་བའོ། །མ་བྱས་པར་མི་གནང་བའི་ལས་བྱ་བ་ལྔ་ནི། གནས་འདི་ཞེས་བྱ་བར་ཁྱོད་ལ་བྱའོ། །འདིར་དགེ་འདུན་གྱི་ནང་དུ་ཁྱོད་ལ་བྱའོ། །གནས་གཞན་གྱི་དགེ་འདུན་དག་གི་ནང་དུ་ཁྱོད་ལ་བྱའོ། །ཉེས་པ་དེ་ལྟ་བུ་ཁྱོད་ལ་བྱའོ། ཞེས་དེས་དེ་ལ་ཉེས་པས་བསྡིགས་ནས་ཉེས་པ་རབ་ཏུ་བཞག་སྟེ། དམ་དེམ་དང་བཅས། འཇེབས་པ་དང་བཅས། གསེབ་ཏུ་དབྱུང་བ་དང་བཅས་པར་བྱས་ནས་གཏོང་བའོ། །བཤགས་པའི་ལས་དང ། བྱིན་གྱིས་བརླབས་པའི་ལས་དང ། བགོ་བའི་ལས་དང ། རྗེས་སུ་གནང་བའི་ལས་དང ། སྤྱོད་པ་ལ་གནས་པའི་ལས་སོ། །རྣམ་པར་དག་པའི་ལས་ལྔ་སྟེ། ཆད་པ་ Pa44b དང ། གཞི་ནས་བསླང་བའི་ཆད་པ་དང ། ཡིད་མགུ་བ་དང ། གཞི་ནས་བསླང་བའི་ཡིད་མགུ་བ་དང ། དབྱུང་བ་རྣམས་སོ། །གདུལ་བའི་དངོས་པོ་ལྔ་སྟེ། བསྡིགས་པ་དང ། སྨད་པ་དང་བསྐྲད་པ་དང ། སླར་བསྡུམ་པ་དང ། སྤང་བ་རྣམས་སོ། །སྨད་པའི་དངོས་པོ་རྣམ་པ་ལྔ་སྟེ། བསྡིགས་པ་དང ། སྨད་པ་དང ། བསྐྲད་པ་དང ། བསྡུམ་པ་དང ། སྤང་པ་རྣམས་སོ། །ཆད་པའི་ལས་རྣམ་པ་ལྔ་སྟེ། དེ་དག་སྤང་བའི་བར་དུ་བརྗོད་པར་བྱའོ། །མདོར་ན། དགེ་འདུན་ནང་ན་སྤྱོད་པ་གཉིས། །གནས་བརྟན་བག་མེད་སྒོ་གཉིས་དང ། །ཤེད་དམན་གྱུར་དང་རྩོད་པ་དང ། ། བདག་དང་བདག་ཤེས་དེ་བཞིན་ནོ། །དགེ་འདུན་གྱི་ནང་ན་སྤྱོད་པའི་དགེ་སློང་གིས་དགེ་འདུན་གྱི་དྲུང་དུ་འགྲོ་བ་ན། ཆོས་རྣམ་པ་ལྔས་དྲན་པ་ནང་དུ་ཉེ་བར་བཞག་སྟེ་དགེ་འདུན་གྱི་ནང་དུ་འགྲོ་བར་བྱའོ། །ལྔ་གང་ཞེ་ན། རིམ་གྲོར་བཅས་པ་དང ། བསྟི་སྟང་དུ་བཅས་པ་དང ། འཇིགས་པའི་དབང་དུ་གྱུར་པར་བཅས་པ་དང ། དམན་པའི་ཡིད་དུ་བཅས་པ་དང ། ཕྱག་དར་བ་དང་མཉམ་པའི་སེམས་དང ། སྟན་ལ་འདུག་པར་མཁས་པའོ། །དགེ་འདུན་གྱི་ནང་ན་སྤྱོད་པའི་དགེ་སློང་གིས་གཞན་ཡང་ཆོས་རྣམ་པ་ལྔས་ནང་དུ་དྲན་པ་ཉེ་བར་བཞག་སྟེ་དགེ་འདུན་གྱི་ནང་དུ་འགྲོ་བར་བྱའོ། །ལྔ་གང་ཞེ་ན། བྱམས་པའི་སེམས་དང ། ཕན་པའི་སེམས་དང ། སྙིང་རྗེའི་སེམས་དང ། སྙན་པར་སྨྲ་བ་དང ། ཚིག་རྩུབ་པོར་མི་སྨྲ་བ་རྣམས་སོ། །དགེ་འདུན་གྱི་ནང་ Pa45a ༄#། །ན་ཆོས་མ་ཡིན་པར་རྩོད་པའང་ཡོད་དེ། དེ་ལ་དགེ་འདུན་གྱི་ནང་ན་སྤྱོད་པའི་དགེ་སློང་གིས་ཆོས་དང་མཐུན་པའི་ཕྱོགས་ལ་བརྟེན་པར་བྱའོ། །ཡང་ན་རང་གི་ལྟ་བ་བརྗོད་ནས་སྟན་ལས་ལངས་ནས་འགྲོ་བར་བྱ་སྟེ། དེའི་གླེང་གཞི་མི་དཀྲུགས་པར་རྣལ་འབྱོར་དུ་བརྩོན་པར་གནས་པར་བྱའོ། །ཆོས་རྣམ་པ་ལྔ་དང་ལྡན་པའི་གནས་བརྟན་གྱིས་དགེ་སློང་ནི་བསྡིགས་པར་བྱའོ། །ཚར་གཅད་པར་བྱའོ། །སྤང་བར་བྱའོ། །ཕྱོགས་མེད་པར་བྱའོ། །སྨ་དབབ་པར་བྱའོ། །སྤ་གོང་བར་བྱའོ། །དོགས་པ་དང ། ཐེ་ཚོམ་དང ། འགྱོད་པ་རྣམས་སྐྱེ་བར་བྱའོ། །དམ་དེམ་དུ་བཅས། འཇེབས་པར་བཅས། གསོབ་ཏུ་དབྱུང་བར་བཅས་པར་བྱ་སྟེ། ལྔ་གང་ཞེ་ན། ཚུལ་ཁྲིམས་ངན་པ་ཡིན། ཚུལ་ཁྲིམས་ལ་ཉེས་པ་བྱུང ། ལོག་པར་ལྟ་བ་ཡིན། ཕྱིན་ཅི་ལོག་ཏུ་ལྟ་ཞིང་ངོ་ཚ་མེད་པ་ཡིན། འཁོར་ལོ་ཚ་མེད་ཅིང་རྒོལ་བ་དང་སླར་རྒོལ་བའི་དགེ་སློང་རྣམས་འཐབ་པ་དང ། མཚང་འདྲུ་བ་དང ། འཁོན་པ་དང ། འཁྲུགས་པ་རྣམས་སུ་སྐུལ་བ་ཡིན། རྒོལ་བ་དང ། སླར་རྒོལ་བའི་དགེ་སློང་རྣམས་ཆོས་མ་ཡིན་པ་ལ་བརྟེན་དུ་འཇུག་པའོ། །ཆོས་རྣམ་པ་ལྔ་དང་ལྡན་པའི་དགེ་སློང་ནི་དགེ་བསྙེན་མ་རྣམས་ཀྱིས་མ་དད་པར་ཚོར་བར་བྱ་བར་རིགས་ཏེ། ལྔ་གང་ཞེ་ན། ཁྱིམ་པ་རྣམས་ལ་ཁ་ཟེར་བ་དང ། ཁྱིམ་པ་རྣམས་ལ་མི་སྙན་པར་སྨྲ་བ་དང ། ཁྱིམ་པ་རྣམས་ཀྱི་སྐྱོན་ནས་བརྗོད་ Pa45b བ་དང ། ཁྱིམ་པ་རྣམས་ལ་དོན་མ་ཡིན་པ་དང ། མི་ཕན་པའི་རྙེད་པ་ལ་ཞུགས་པ་ཡིན་ནོ། །གཞན་ཡང་ཆོས་རྣམ་པ་ལྔ་དང་ལྡན་པའི་དགེ་སློང་ནི་དགེ་བསྙེན་ཕས་མ་དད་པར་ཚོར་བར་བྱ་བ་རིགས་ཏེ།་ལྔ་གང་ཞེ་ན། སངས་རྒྱས་ལ་ངན་དུ་བརྗོད་པ་དང ། ཆོས་ལ་ངན་དུ་བརྗོད་པ་དང ། དགེ་འདུན་ལ་ངན་དུ་བརྗོད་པ་དང ། མི་སྤྱད་པ་སྤྱོད་པ་དང ། དགེ་སློང་གི་བསླབ་པ་ལ་མ་མོས་པའོ། ། ཆོས་རྣམ་པ་ལྔ་དང་ལྡན་པའི་དགེ་བསྙེན་ནི་དགེ་འདུན་གྱིས་ལྷུང་བཟེད་ཁས་དབུབ་པར་འོས་ཏེ། ལྔ་གང་ཞེ་ན། དགེ་སློང་དག་ལ་ཁ་ཟེར་བ་དང ། དགེ་སློང་དག་ལ་མི་སྙན་པར་སྨྲ་བ་དང ། དགེ་སློང་དག་ལ་ངན་དུ་བརྗོད་པ་དང ། དགེ་སློང་རྣམས་ལ་མི་ཕན་པ་དང་དོན་མ་ཡིན་པ་བྱེད་པ་དང ། རྙེད་པ་ལྡོག་པ་དང་ཞུགས་པ་རྣམས་ཡིན་ནོ། །གཞན་ཡང་ཆོས་རྣམ་པ་ལྔ་དང་ལྡན་པའི་དགེ་བསྙེན་ནི་དགེ་འདུན་གྱིས་ལྷུང་བཟེད་ཁས་དབུབ་པར་འོས་ཏེ། ལྔ་གང་ཞེ་ན། སངས་རྒྱས་ལ་ངན་དུ་བརྗོད་པ་དང ། ཆོས་ལ་ངན་དུ་བརྗོད་པ་དང ། དགེ་འདུན་ལ་ངན་དུ་བརྗོད་པ་དང ། མི་སྤྱད་པ་སྤྱོད་པ་དང ། དགེ་བསྙེན་གྱི་བསླབ་པ་ལ་མི་སློབ་པའོ། །ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི་རྩོད་པ་ཞི་བར་བྱེད་མི་ནུས་པ་སྟེ། ལྔ་གང་ཞེ་ན། ཤེད་དམན་པར་འགྱུར་བ་དང ། ལོགས་ཤིག་ཏུ་འགྲོ་བ་དང ། ངན་དུ་སྨྲ་བར་འགྱུར་བ་དང ། ཚིག་ཀྱལ་བར་སྨྲ་བ་དང ། མི་ཕན་པ་སྡུད་པར་གྱུར་པ་ཡིན་ཏེ། དེ་ Pa46a ༄#། །རྣམ་པ་ལྔ་ལས་དཀར་པོའི་ཕྱོགས་སུ་བཟློག་པ་ཡང་བརྗོད་པར་བྱའོ། །གཞན་ཡང་ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི་རྩོད་པ་ཞི་བར་བྱེད་མི་ནུས་པ་སྟེ། ལྔ་གང་ཞེ་ན། འཁྲུལ་བ་འཛིན་པ་དང ། གསང་བའི་ཚིག་འཛིན་པ་དང ། ཚིག་མང་པོ་འཛིན་པ་དང ། མ་ངེས་པར་འཛིན་པ་དང ། ལན་གསུམ་གྱི་བར་དམ་བཅར་མ་བཅུག་པར་མཆོད་པ་ཡིན་ཏེ། དཀར་པོའི་ཕྱོགས་སུ་བཟློག་པ་ཡང་རྣམ་པ་ལྔར་བརྗོད་པར་བྱའོ། །གཞན་ཡང་ཆོས་རྣམ་པ་དང་ལྡན་པའི་འདུལ་བ་འཛིན་པ་ནི་རྩོད་པ་ཞི་བར་བྱེད་མི་ནུས་ཏེ། ལྔ་གང་ཞེ་ན། བདག་གི་སྨྲ་བ་མཐར་ཐུག་པར་མི་ཤེས་པ་དང ། གཞན་གྱི་ཚིག་མཐར་མི་འབྱིན་པ་དང ། མི་ཉན་པ་དང ། གྲགས་པར་མི་བྱེད་པ་ཡིན། དཀར་པོའི་ཕྱོགས་སུ་ཡང་བཟློག་པ་རྣམ་པ་ལྔར་བརྗོད་པར་བྱའོ། །གཞན་ཡང་ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི་རྩོད་པ་ཤིན་ཏུ་ཞི་བར་མི་ནུས་པ་ཡིན་ཏེ། མ་བསྒོ་བ་སྒོ་བར་མི་བྱེད་པ་ཡིན། ཡང་དག་པར་མ་བསྒོ་བ་ཡང་དག་པར་སྒོ་བར་མི་བྱེད་པ་ཡིན། མི་སེམས་པ་སེམས་བར་མི་བྱེད་པ་ཡིན། རྒོལ་བ་དང་སླར་རྒོལ་བའི་དགེ་སློང་རྣམས་འཐབ་པ་དང ། མཚང་འདྲུ་བ་དང ། འཁོན་པ་དང ། རྩོད་པ་རྣམས་སུ་སྐུལ་བ་ཡིན། རྒོལ་བ་དང་སླར་རྒོལ་བའི་དགེ་སློང་རྣམས་ཆོས་མ་ཡིན་པའི་ཕྱོགས་ལ་བརྟེན་པ་ཡིན་ཏེ། Pa46b རྣམ་པ་ལྔས་དཀར་པོའི་ཕྱོགས་སུ་བཟློག་པ་ཡང་བརྗོད་པར་བྱའོ། །མདོར་ན། རྗེས་སུ་བསྟན་པ་བརྩོད་\་Bཱ་RཊZཱོཌ?\་པ་དང ། །ལས་དང་རྒོལ་བ་འཛིན་པ་དང ། །ཆོས་མ་ཡིན་པ་མདོ་སྡེ་འདུལ། །མ་བསྐོས་བྱུང་དང་ཉེས་དེ་བཞིན། །ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི་རྗེས་སུ་སྟོན་པར་བྱེད་མི་ནུས་ཏེ། ལྔ་གང་ཞེ་ན། རྗེས་སུ་བསྟན་པའི་ངག་ལྔ་མི་ཤེས་པ་དང ། སླར་རྒོལ་བ་མི་ཤེས་པ་དང ། ཆོས་ཀྱི་རྗེས་སུ་སྦྱོར་བ་མི་ཤེས་པ་དང ། ཆོས་མ་ཡིན་པའི་རྗེས་སུ་སྦྱོར་བ་མི་ཤེས་པ་དང ། ཡི་དམ་མ་བཅས་པ་ཡིན་ཏེ། སླར་དཀར་པོའི་ཕྱོགས་སུ་བཟློག་པའང་རྣམ་པ་ལྔར་བརྗོད་པར་བྱའོ། །ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི་རྩོད་པ་ཞི་བར་བྱེད་མི་ནུས་པ་ཡིན་ཏེ། ལྔ་གང་ཞེན། རྩོད་པ་མི་ཤེས་པ་དང ། རྩོད་པ་ཅི་ལས་བྱུང་བ་མི་ཤེས་པ་དང ། རྩོད་པ་བསྡུ་བ་མི་ཤེས་པ་དང ། རྩོད་པ་ཞི་བར་བྱ་བ་མི་ཤེས་པ་དང ། རྩོད་པ་ཞི་བར་བྱས་ཀྱང་ཕྱིས་མི་འབྱུང་བར་མི་མཁས་པ་ཡིན་ཏེ། སླར་དཀར་པོའི་ཕྱོགས་སུ་བཟློག་པའང་རྣམ་པ་ལྔར་བརྗོད་པར་བྱའོ། །ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི་ལས་བྱེད་མི་ནུས་པ་ཡིན་ཏེ། ལྔ་གང་ཞེ་ན། དེས་དོན་སྦྱིན་པ་ལ་ཤིན་ཏུ་རྣམ་པར་མ་དག་ཅིང་གཅིག་ནས་གཅིག་ཏུ་བསྒོ་བ་ཡིན་ཏེ། ཀུན་དགའ་བོ། དགེ་ཚུལ་གྱི་ཚིག་གིས་བསྒོ་ཞིང་མདོ་སྡེའི་ཚིག་མི་ཤེས་པ་ཡིན། གསོལ་བའི་ལས་མི་ཤེས། གསོལ་བ་དང་གཉིས་ཀྱི་ལས་མི་ཤེས། གསོལ་ Pa47a ༄#། །བ་དང་བཞིའི་ལས་མི་ཤེས་པ་ཡིན། བསྒོ་བའི་ལས་མི་ཤེས་པ་དང ། བྱིན་གྱིས་བརླབ་པའི་ལས་མི་ཤེས་པ་སྟེ། སླར་དཀར་པོའི་ཕྱོགས་སུ་བཟློག་པའང་རྣམ་པ་ལྔར་བརྗོད་པར་བྱའོ། །ཆོས་རྣམ་པ་ལྔ་དང་ལྡན་ན། རྒོལ་བའི་དགེ་སློང་གིས་ཚིག་མི་གཟུང་བ་ཡིན་ཏེ། ལྔ་གང་ཞེ་ན། དེའི་དོན་སྦྱིན་པ་ཤིན་ཏུ་རྣམ་པར་མ་དག་ཅིང་གཅིག་ནས་གཅིག་ཏུ་སྒོ་བར་མི་བྱེད་པ་དང ། ཀུན་དགའ་བོ། དགེ་ཚུལ་གྱི་ཚིག་གིས་སྟོན་པ་དང ། མདོ་སྡེའི་གཞི་མི་ཤེས་པ་དང ། ཇི་ལྟར་གསུངས་པ་མི་མངོན་པའི་གནས་ནས་གསུངས་པ་མི་ཤེས་པ་དང ། གང་ལ་གནས་ནས་རྣམ་པར་སྦྱོང་བ་སྟེ། སླར་དཀར་པོའི་ཕྱོགས་སུ་བཟློག་པའང་རྣམ་པ་ལྔར་བརྗོད་པར་བྱའོ། །ཆོས་རྣམ་པ་ལྔ་དང་ལྡན་ན། སླར་རྒོལ་བའི་དགེ་སློང་གི་ཚིག་གཟུང་དུ་མི་རུང་བ་ཡིན་ཏེ། ལྔ་གང་ཞེ་ན། རྒོལ་བའི་དགེ་སློང་གིས་དྲིས་པ་གཞན་ལ་གཞན་གྱིས་བརྗོད་པ་དང ། གཏམ་རླུང་ལ་བསྐུར་བ་དང ། དག་པའི་དགེ་སློང་ལ་འཚེ་བ་དང ། ཕྱོགས་ལ་གནས་ནས་ཉེས་པ་ཤེས་ཀྱང་ཉེས་པ་མི་ཤེས་སོ། །ཞེས་ཟེར་བ་སྟེ། སླར་དཀར་པོའི་ཕྱོགས་སུ་བཟློག་པའང་རྣམ་པ་ལྔར་བརྗོད་པར་བྱའོ། །ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི། རྩོད་པ་ཞི་བར་བྱེད་མི་ནུས་པ་ཡིན་ཏེ། ལྔ་གང་ཞེ་ན། རྒོལ་བ་དང ། སླར་རྒོལ་བའི་དགེ་སློང་རྣམས་ Pa47b ཆོས་མ་ཡིན་པའི་ཕྱོགས་ལ་བསྙེན་པར་བྱེད་པ་དང ། རྒོལ་བ་དང ། སླར་རྒོལ་བའི་དགེ་སློང་རྣམས་འཐབ་པ་དང ། མཚང་འདྲུ་བ་དང ། འཁོན་པ་དང ། རྩོད་པ་རྣམས་ལ་སྐུལ་བ་ཡིན།་དགེ་སློང་གཟུ་བོ་རྣམས་ཀྱིས་མདོ་སྡེའི་ཚིག་མི་ཉན་པ་དང ། དགེ་སློང་གཙོ་བོ་རྣམས་ལ་སྐུར་པ་འདེབས་པ་དང ། རྩོད་པའི་ཐོག་མ་དང ། བར་མ་དང ། ཐ་མ་ལ་མི་མཁས་པ་ཡིན་ཏེ།་སླར་དཀར་པོའི་ཕྱོགས་སུ་བཟློག་པའང་རྣམ་པ་ལྔར་བརྗོད་པར་བྱའོ། །ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་མདོ་སྡེའི་ཡོན་ཏན་ཤེས་པར་མི་ནུས་པ་ཡིན་ཏེ། ལྔ་གང་ཞེ་ན།་མདོ་སྡེ་ལ་མི་མཁས་པ་ཡིན། འདུལ་བ་ལ་མི་མཁས་པ་དང ། མ་ལྟ་བུ་ལ་མི་མཁས་པ་དང ། རྣམ་པར་འབྱེད་པ་ལ་མི་མཁས་པ་དང ། ལུང་ཁ་ཏོན་དུ་མ་ལོབས་པ་ཡིན་ཏེ། སླར་དཀར་པོའི་ཕྱོགས་སུ་བཟློག་པའང་རྣམ་པ་ལྔར་བརྗོད་པར་བྱའོ། །གཞན་ཡང་ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི། མདོ་སྡེའི་ཡོན་ཏན་ཤེས་པར་མི་ནུས་པ་ཡིན་ཏེ། ལྔ་གང་ཞེ་ན། ཉི་ཚེ་བ་ཐམས་ཅད་དང་ལྡན་པའི་འདུལ་བ་མི་ཤེས་པ་དང ། རེ་ཞིག་པ་དང་དུས་ཐམས་ཅད་པའི་འདུལ་བ་མི་ཤེས་པ་དང ། ཉེས་པའི་འདུལ་བ་མི་ཤེས་པ་དང ། རྩོད་པའི་འདུལ་བ་མི་ཤེས་པ་དང ། ཉོན་མོངས་པའི་འདུལ་བ་མི་ཤེས་པ་སྟེ། སླར་དཀར་པོའི་ཕྱོགས་སུ་བཟློག་པའང་རྣམ་པ་ལྔར་བརྗོད་པར་བྱའོ། །ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་ Pa48a ༄#། །འཛིན་པས་མདོ་སྡེའི་ཡོན་ཏན་ཤེས་པར་མི་ནུས་ཏེ། ལྔ་གང་ཞེ་ན། ཉེས་པའི་འདུལ་བ་དང ། རྩོད་པའི་འདུལ་བ་དང ། ཉི་ཚེ་བ་དང ། ཐམས་ཅད་དང་ལྡན་པ་དང ། རེ་ཞིག་པ་དང ། དུས་ཐམས་ཅད་པ་རྣམས་ལ་ངེས་པར་མ་གྱུར་པ་ཡིན་ནོ། །ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི། རྩོད་པ་ཞི་བར་བྱེད་མི་ནུས་པ་ཡིན་ཏེ། ལྔ་གང་ཞེ་ན། མ་བསྐོས་པ་ལས་ཞི་བར་བྱེད་པ་དང ། ཉེས་པ་མི་སྟོན་པ་དང ། ཆད་པའི་ལས་མི་གཅོད་པ་དང ། རྣམ་པར་དག་པ་ཉེས་པར་མི་སྟོན་པ་དང་འདིས་དགེ་འདུན་གྱིས་བསྒོ་བ་བཞིན་མ་བྱས་པར་གྱུར་པ་སྟེ། སླར་དཀར་པའི་ཕྱོགས་སུ་བཟློག་པའང་རྣམ་པ་ལྔར་བརྗོད་པར་བྱའོ། །ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པ་ནི། ཉེས་པ་སྟོན་པར་མི་ནུས་ཏེ། ལྔ་གང་ཞེ་ན། ཉེས་པ་མི་ཤེས་པ་དང ། ཉེས་པ་མེད་པར་མི་ཤེས་པ་དང ། ལྕི་བ་མི་ཤེས་པ་དང ། ཡང་བ་མི་ཤེས་པ་དང ། འདིས་སོ་སོར་ཐར་པའི་མདོ་ཁ་ཏོན་མ་ལོབས་པ་ཡིན་ཏེ། སླར་དཀར་པོའི་ཕྱོགས་སུ་བཟློག་པའང་རྣམ་པ་ལྔར་བརྗོད་པར་བྱའོ། །གཞན་ཡང་ཆོས་རྣམ་པ་ལྔ་དང་ལྡན་པའི་འདུལ་བ་འཛིན་པས། ཉེས་པ་སྟོན་པར་མི་ནུས་ཏེ། ལྔ་གང་ཞེ་ན། བྱུང་བ་མི་ཤེས་པ་དང ། བཅས་པ་མི་ཤེས་པ་དང ། རྗེས་སུ་བཅས་པ་མི་ཤེས་པ་དང ། སྤང་པ་མི་ཤེས་པ་དང ། རྗེས་སུ་གནང་བ་མི་ཤེས་པ་སྟེ། སླར་དཀར་པོའི་ཕྱོགས་ Pa48b སུ་བཟློག་པའང་རྣམ་པ་ལྔར་བརྗོད་པར་བྱའོ། །མདོར་ན། ལྡང་དང་ལས་དང་གཡོགས་པ་དང ། །མ་བྱིན་པ་དང ། མལ་སྟན་རྣམས། །སེམས་འཁྲུགས་ཕོ་མཚན་ཁུ་བ་དང ། །གཎྜཱི་དང་ནི་བསྐོས་པའོ། །ཉེས་པ་ལྡང་བ་རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། གསོལ་བས་ལྡང་བ་དང ། གསོལ་བ་མི་དགོས་པར་ལྡང་བ་དང ། བརྡས་ལྡང་བ་དང ། དོན་དམ་པས་ལྡང་བ་དང ། དགེ་སློང་མ་དང་ཐུན་མོང་མ་ཡིན་པ་ལས་འདས་ཤིང་མཚན་གྱུར་པའོ། །རྒྱུ་ལྔས་ན། ཆོས་མ་ཡིན་པའི་ལས་དང ། འདུལ་བ་མ་ཡིན་པའི་ལས་བྱས་པར་འགྱུར་ཏེ། ལྔ་གང་ཞེ་ན། མངོན་སུམ་དུ་མ་གྱུར་པར་བྱེད་པ་དང ། མ་གླེང་པ་དང ། དྲན་པར་མ་བྱས་པ་དང ། དངོས་པོ་མེད་པ་དང ། ཡི་དམ་མ་བཅས་པའོ། །རྣམ་པ་ལྔས་ནི། ལས་བྱེད་པའི་དགེ་སློང་མདའ་འཕངས་པ་བཞིན་དུ་ལུས་འགྱེལ་ཏེ། ཤི་མ་ཐག་ཏུ་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བར་སྐྱེ་སྟེ། ལྔ་གང་ཞེ་ན། འདོད་པའི་ཕྱིར་འགྲོ། ཞེ་སྡང་དང ། གཏི་མུག་དང ། འཇིགས་པའི་ཕྱིར་འགྲོ། ལས་བྱས་པ་དང་མ་བྱས་པ་མི་ཤེས་པའོ། །རྒྱུ་ལྔས་ན། དགེ་སློང་གིས་ཕ་རོལ་ནས་མ་བྱིན་པར་བླངས་ན། ཕས་ཕམ་པའི་ཉེས་པར་འགྱུར་ཏེ། ལྔ་གང་ཞེ་ན། བདག་གི་བར་འདུ་ཤེས་མེད་པར་བླངས་པ་དང ། སྐད་ཅིག་བརྙ་བའི་འདུ་ཤེས་མེད་པར་བླངས་པ་དང ། ཡིད་གཅུགས་པའི་འདུ་ཤེས་མེད་པར་བླངས་པ་དང ། ལེན་པ་ན་གཞན་ Pa49a ༄#། །ཤེས་པར་བྱས་ནས་མ་བླངས་པ་དང ། རྐུ་སེམས་ཉེ་བར་གནས་པ་ཡིན་ཏེ། སླར་དཀར་པོའི་ཕྱོགས་སུ་བཟློག་པའང་རྣམ་པ་ལྔར་བརྗོད་པར་བྱའོ། །མལ་སྟན་མི་སྤྱད་པ་རྣམ་པ་ལྔར་ཤེས་པར་བྱ་སྟེ། ལྔ་གང་ཞེ་ན། དུད་པ་དང ། རྡུལ་ཁྲོད་དང ། ཆུ་དང ། འདྲེན་པ་དང ། དྲུད་པ་དང་ལྔའོ། །རྒྱུ་ལྔས་ན། སེམས་འཁྲུགས་པར་འགྱུར་ཏེ། ལྔ་གང་ཞེ་ན། གཉེན་བཤེས་ཟད་པ་དང ། ལོངས་སྤྱོད་ཟད་པ་དང ། ཁམས་མི་མཉམ་པ་དང ། མི་མ་ཡིན་པས་བརླམས་པ་དང ། སྔོན་གྱི་ལས་རྣམ་པར་སྨིན་པའོ། །གཞན་ཡང་རྒྱུ་ལྔས་ན། སེམས་འཁྲུགས་པར་འགྱུར་ཏེ། ལྔ་གང་ཞེ་ན། རླུང་བསྐྱོད་པ་དང ། མཁྲིས་པ་དང ། བད་ཀན་དང ། འདུས་པ་དང ། སྔོན་གྱི་ལས་རྣམ་པར་སྨིན་པའོ། །གཞན་ཡང་རྒྱུ་ལྔས་ན། སེམས་འཁྲུགས་ཏེ། གང་ཞེ་ན། མི་མ་ཡིན་པས་བརྡེགས་པ་དང ། མི་མ་ཡིན་པས་སེམས་དཀྲུགས་པ་དང ། མི་མ་ཡིན་པས་མདངས་འཕྲོག་པ་དང ། ཁམས་མ་མཉམ་པ་དང ། སྔོན་གྱི་ལས་རྣམ་པར་སྨིན་པའོ། །རྒྱུ་ལྔས་ན། འདོད་ཆགས་དང་མ་བྲལ་བའི་ཕོ་མཚན་ལས་སུ་རུང་བར་འགྱུར་ཏེ། བཤང་བ་འགགས་པར་གྱུར་པ་དང ། གཅི་བ་འགགས་པར་གྱུར་པ་དང ། རླུང་འགགས་པར་གྱུར་པ་དང ། སྲོག་ཆགས་ཨུ་ཙ་ཏིང་ཀས་ཟིན་པར་གྱུར་པ་དང ། འདོད་པའི་འདོད་ཆགས་ཀྱིས་ཀུན་ཏུ་དཀྲིས་པར་གྱུར་པ་ Pa49b དང་ལྔའོ། །ཁུ་བ་རྣམ་པ་ལྔ་སྟེ། སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། བསྐ་བ་དང ། སླ་བའོ། །གཎྜཱི་བརྡུང་བ་ལ་རྣམ་པ་ལྔ་སྟེ། དགེ་འདུན་ཐམས་ཅད་ཀྱི་གཎྜཱི་དང ། ལས་ཀྱི་གཎྜཱི་དང་ཤི་བའི་གཎྜཱི་དང ། ཉེས་པའི་གཎྜཱི་དང ། སྤོང་བའི་གཎྜཱི་དང་ལྔའོ། །དགེ་འདུན་ཐམས་ཅད་ཀྱི་གཎྜཱི་ནི། རྒུད་གསུམ་དང ། དྲག་པོ་གསུམ་མོ། །ལས་ཀྱི་གཎྜཱི་ནི། རྒྱུད་གཉིས་དང ། དྲག་པོ་གཅིག་གོ་།ཤི་བའི་གཎྜཱི་ནི། རྒྱུད་གཅིག་པའོ། །ཉེས་པའི་གཎྜཱི་ནི། ནམ་ཞི་བར་གྱུར་གྱི་བར་དུའོ། །སྤོང་བའི་གཎྜཱི་ནི། འཁར་གསིལ་ལོ། །ཆོས་རྣམ་པ་ལྔ་དང་ལྡན་པའི་དགེ་སློང་གིས་དགེ་སློང་མ་ལ་ལུང་བསྒོ་བར་བྱ་སྟེ། ལྔ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པར་གྱུར་པ་དང ། མང་དུ་ཐོས་པ་དང ། གནས་བརྟན་རྒྱལ་པོར་གྱུར་པ་དང ། གྲོང་ཁྱེར་གྱི་སྐད་དང་ལྡན་པར་གྱུར་པ་དང ། དེས་དགེ་སློང་མ་ལ་ལུས་ཀྱིས་བསྐྱོད་པས་སུན་མ་ཕྱུང་བར་གྱུར་པའོ། །ཇི་ལྟར་ན། ཚུལ་ཁྲིམས་དང་ལྡན་པ་ཡིན་ཞེ་ན། ཕས་ཕམ་པ་བཞི་ལས་གང་ཡང་རུང་བ་འདས་པར་མ་གྱུར་པའོ། །ཇི་ལྟར་ན། མང་དུ་ཐོས་པ་ཡིན་ཞེ་ན། དེས་སོ་སོར་ཐར་པའི་མདོ་བཤད་པའམ། ཁ་ཏོན་དུ་བྱས་པར་གྱུར་པའོ། །ཇི་ལྟར་ན། གནས་བརྟན་གྱི་རྒྱལ་པོ་ལྟ་བུར་གྱུར་པ་ཡིན་ཞེ་ན། བསྙེན་པར་རྫོགས་ནས་ལོ་ཉི་ཤུ་ལོན་པར་གྱུར་པའམ། ཡང་ན་དེ་ལས་འདས་པའོ། །དེ་སྟེ་དགེ་སློང་མ་ལ་ལུས་ཀྱིས་བསྐྱོད་པས་སུན་ཕྱུང་བར་མ་གྱུར་ཏམ། ཡང་ Pa50a ༄#། །ན་ཉེས་པ་དེ་འདིས་ཇི་ལྟར་ཆོས་བཞིན་དུ་བྱས་པར་གྱུར་པའོ། །སྒོ་གཉིས་པ་རྫོགས་སོ།། །།སྒོ་གསུམ་པའི་མདོ་བསྡུས་པ་སྟེ། རྩོད་པ་མགུ་བར་བྱེད་པ་དང ། །ནོར་རྙེད་གང་ཟག་དེ་བཞིན་ཏེ། །ུ་པ་ལི་འདུལ་འཆད་པ་དང ། །རབ་འབྱུང་སྦྱིན་པ་དེ་བཞིན་ནོ། །མདོར་ན། འཁྲུག་པའི་རྩ་བ་བསྒོ་བ་དྲུག་།ལས་དང་བསྟན་པའང་དེ་བཞིན་ཏེ། །བསྟབ་པར་བྱ་བ་ཉམས་པ་དང ། །བཟློག་པར་བྱ་བའང་དེ་བཞིན་ནོ། །དགེ་སློང་དག། འདི་ལ་འཁྲུག་པའི་རྩ་བ་ནི། དྲུག་སྟེ། དགེ་སློང་ཁྲོ་ཞིང་འཁོན་པ་ཡང་ཡོད་དེ། དགེ་སློང་དག་།དགེ་སློང་ཁྲོ་ཞིང་འཁོན་དུ་འཛིན་པར་གྱུར་པ་གང་ཡིན་པ་དེས་ནི། སྟོན་པ་ལ་བླ་མར་མི་བྱེད། བཀུར་སྟིར་མི་བྱེད། ཕུད་དུད་དུ་མི་བྱེད། མཆོད་པར་མི་བྱེད་དེ། དེས་སྟོན་པ་ལ་བསྟི་སྟང་དུ་མ་བྱས། བླ་མར་མ་བྱས། བཀུར་སྟིར་མ་བྱས། ཕུ་དུད་དུ་མ་བྱས། མཆོད་པར་མ་བྱས་པས་ན། ཆོས་མི་མཐོང་ངོ ། །ཆོས་མ་མཐོང་བས་དགེ་འདུན་ལ་རིམ་གྲོ་མེད་པར་སྤྱོད་དོ། །དགེ་འདུན་ལ་རིམ་གྲོ་མེད་པར་སྤྱོད་པས་དགེ་སློང་ཉིད་ལ་བག་མེད་པར་སྤྱོད་དོ། །དགེ་སློང་ཉིད་ལ་བག་མེད་པར་སྤྱོད་པས་ཅི་ནས་དགེ་འདུན་ལ་འཐབ་པ་དང ། མཚང་འདྲུ་བ་དང ། འཁོན་པ་དང ། རྩོད་པ་དེ་ལྟ་བུ་སྐྱེད་པར་འགྱུར་ཏེ། འཐབ་པ་དང ། མཚང་འདྲུ་བ་དང ། འཁོན་པ་དང ། རྩོད་པ་རྣམས་ནི། སྐྱེ་བོ་ Pa50b མང་པོ་ལ་ཕན་པ་མ་ཡིན། སྐྱེ་བོ་མང་པོའི་དོན་མ་ཡིན་གྱི། སྐྱེ་བོ་མང་པོ་ལ་སྡུག་བསྔལ་བར་བྱེད་དོ། །ལྷ་དང་མི་རྣམས་ལ་ཡང་དོན་མ་ཡིན་པ་དང ། མི་ཕན་པ་དང ། སྡུག་བསྔལ་བར་བྱེད་དོ། །དགེ་སློང་ཁྱེད་རྣམས་འདི་ལྟ་བུའི་རྩོད་པའི་རྩ་བ་ནང་ངམ་ཕྱི་རོལ་ན་ཡོད་པ་ལ་བདག་ཉིད་ཀྱིས་མ་སྤངས་པར་རྗེས་སུ་མཐོང་བ་དང ། དེ་ལ་ཁྱེད་དང་ལྷན་ཅིག་ཏུ་མཐུན་ཞིང་ཤིན་ཏུ་དགའ་བར་བྱོས་ལ། རབ་ཏུ་དད་པའི་བརྩོན་འགྲུས་དང ། བརྩལ་བ་དང ། སྤྲོ་བ་སྐྱེད་ཅིག་།སྤྲོ་བ་བསྐྱེད་ནས་རྩོད་པའི་རྩ་བ་མ་བཏང་གི་བར་དུ་དྲན་པ་དང ། ཤེས་པ་མི་གཏང་བར་བརྩོན་པར་བྱོས་ཤིག་།དེ་བཞིན་དུ་དགེ་སློང་ཁྱེད་རྣམས་ཀྱི་རྩོད་པའི་རྩ་བ་ནང་ངམ་ཕི་རོལ་ན་ཡོད་པ་མ་སྤངས་པར་མཐོང་ན། དེར་ཁྱེད་དང་ལྷན་ཅིག་ཏུ་མཐུན་ཞིང་ཤིན་ཏུ་དགའ་བར་བྱོས་ལ།་སེམས་ཀྱིས་ཤིན་ཏུ་བསྲུངས་པའི་དྲན་པས་རྩོད་པའི་རྩ་བ་དེའི་ཉེས་པ་ཟད་པར་མ་གྱུར་གྱི་བར་དུ་བརྩོན་པར་བྱོས་ཤིག་དང ། ཁྱོད་ཀྱི་རྩོད་པའི་རྩ་བ་དེ་ཡང་དག་པར་བཅོམ་ནས་ཕྱིས་ཀྱང་མི་འབྱུང་བར་འགྱུར་རོ། །འཁོན་དུ་འཛིན་པ་ཇི་ལྟ་བ་དེ་བཞིན་དུ་འཆབ་པ་དང ། འཚིག་པ་དང ། ཕྲག་དོག་དང ། འཇུངས་པ་དང ། གཡོ་དང ། སྒྱུ་དང ། ངོ་ཚ་མེད་པ་དང ། མི་འཛེམ་པ་དང ། རང་གི་ལྟ་བ་སྙེམས་པར་གྱུར་པ་རྣམས་ཡིན་ཏེ། བབ་བབ་ཏུ་འཛིན་པ་སྤང་དཀའ་བའི་ཚིག་རྣམས་རྒྱས་པར་བརྗོད་པར་བྱའོ། །བསྒོ་བ་རྣམ་པ་དྲུག་སྟེ། Pa51a ༄#། །སངས་རྒྱས་ཀྱིས་བསྒོ་བ་དང ། དགེ་འདུན་གྱིས་བསྒོ་བ་དང ། སློབ་དཔོན་གྱིས་བསྒོ་བ་དང ། མཁན་པོས་བསྒོ་བ་དང ། རྒྱལ་པོས་བསྒོ་བ་དང ། རྐུན་པོས་བསྒོ་བའོ། །དགེ་བསྙེན་ཕས་བྱར་མི་རུང་བའི་ལས་དྲུག་སྟེ། སེམས་ཅན་འཚོང་པ་དང ། མཚོན་ཆ་འཚོང་པ་དང ། ཆང་འཚོང་པ་དང ། དུག་འཚོང་པ་དང ། རྒྱ་སྐྱེགས་ཀྱི་ལས་དང ། འབྲུ་མར་བྱེད་པའི་ལས་སོ། །ནག་པོར་བསྟན་པ་དྲུག་སྟེ། འདི་ལྟར་དགེ་སློང་དག་ལ་དགེ་སློང་ཞིག་འདི་སྐད་དུ། ཚེ་དང་ལྡན་པ། ཁོ་བོས་ནི། བཅོམ་ལྡན་འདས་ལས་མངོན་སུམ་དུ་ཐོས། མངོན་སུམ་དུ་བླངས་ཏེ། འདི་ནི། ཆོས་སོ། །འདི་ནི། འདུལ་བའོ། །འདི་ནི། སྟོན་པས་བསྟན་པའོ། །ཞེས་ཟེར་ན། དགེ་སློང་དེས་སྨྲས་པ། དེ་ལ་སྤྲོ་བར་ཡང་མི་བྱ། སྨད་པར་ཡང་མི་བྱ་སྟེ། སྤྲོ་བར་ཡང་མི་བྱ། སྨད་པར་ཡང་མི་བྱ་བར་ཚིག་དང ། དོན་དང ། འབྲུ་རྣམས་ཟུངས་ལ་མདོ་སྡེ་དང་གཏུགས་ཤིག། འདུལ་བ་ལ་ལྟོས་ཤིག་།དེ་སྟེ་མདོ་སྡེ་དང་གཏུགས། འདུལ་བ་ལ་བལྟས་ཀྱང་མདོ་སྡེ་དང་ཡང་མི་མཐུན། འདུལ་བ་ལས་ཀྱང་མི་འབྱུང ། ཆོས་ཉིད་དང་ཡང་འགལ་ན། དགེ་སློང་དེ་ལ་འདི་སྐད་དུ།་ཇི་ལྟར་ཚེ་དང་ལྡན་པ། ཁྱོད་ཀྱི་ཆོས་འདི་ནི། བཅོམ་ལྡན་འདས་ཀྱིས་མ་གསུངས་སོ། །ཡང་ན་ཚེ་དང་ལྡན་པས་ཆོས་འདི་ལོག་པར་བཟུང་ངོ ། །དེ་ལྟ་བས་ན། ཁོ་བོས་ཆོས་འདི་ Pa51b མདོ་སྡེ་དང་ཡང་གཏུགས། འདུལ་བ་ལ་ཡང་བལྟས་ན། མདོ་སྡེ་དང་ཡང་མི་མཐུན། འདུལ་བ་ལས་ཀྱང་མི་འབྱུང ། ཆོས་ཉིད་དང་ཡང་འགལ་བས་འདི་ནི། ཆོས་མ་ཡིན། འདི་ནི། འདུལ་བ་མ་ཡིན། འདི་ནི། སྟོན་པས་བསྟན་པ་མ་ཡིན་པར་ཤེས་པར་བྱོས་ལ་འོར་ཅིག་།ཅེས་སྒོས་ཤིག་།གཞན་ཡང་དགེ་སློང་དག་ལ་དགེ་སློང་ཞིག་འདི་སྐད་དུ། ཚེ་དང་ལྡན་པ་དག། གནས་འདི་ཞེས་བྱ་བ་ན་གནས་བརྟན་དུ་བཅས། སོ་སོར་ཐར་པར་བཅས་པའི་དགེ་སློང་གི་དགེ་འདུན་ཆེན་པོ་དག་གནས་ཏེ། ཚེ་དང་ལྡན་པ། ཁོ་བོས་ནི། དགེ་སློང་གི་དགེ་འདུན་དེ་དག་ལས་མངོན་སུམ་དུ་ཐོས། མངོན་སུམ་དུ་བླངས་ཏེ། འདི་ནི། ཆོས་སོ། །འདི་ནི། འདུལ་བའོ། །འདི་ནི། སྟོན་པས་བསྟན་པའོ། །ཞེས་ཟེར་ན། དགེ་སློང་དེས་དེ་ལ་སྤྲོ་བ་དང ། སྨད་པར་མི་བྱ་བར་ཚིག་དང ། དོན་དང ། འབྲུ་རྣམས་ཟུངས་ལ་མདོ་སྡེ་དང་གཏུགས་ཤིག་།འདུལ་བ་ལ་ལྟོས་ཤིག། དེ་སྟེ་མདོ་སྡེ་དང་གཏུགས། འདུལ་བ་ལ་བལྟས་ཀྱང་མདོ་སྡེ་དང་ཡང་མི་མཐུན། འདུལ་བ་ལས་ཀྱང་མི་འབྱུང་ལ། ཆོས་ཉིད་དང་ཡང་འགལ་ན། དགེ་སློང་དེ་ལ་འདི་སྐད་དུ། ཚེ་དང་ལྡན་པ། ཁྱེད་ཀྱིས་གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་པའི་དགེ་སློང་གི་དགེ་འདུན་གྱིས་ཆོས་སུ་འདུ་ཤེས། འདུལ་བར་འདུ་ཤེས་ཏེ་ཆོས་མ་ཡིན། འདུལ་བ་མ་ཡིན་པ་སྨྲས་སོ། །ཡང་ཚེ་དང་ལྡན་པ་ཉིད་ཀྱིས་ཆོས་འདི་ལོག་པར་བཟུང་ངོ ། ། Pa52a ༄#། །དེ་ལྟ་བས་ན། ཆོས་འདི་དག་ནི། མདོ་སྡེ་དང་ཡང་གཏུགས། འདུལ་བར་ཡང་བལྟས་ན། མདོ་སྡེ་དང་ཡང་མི་མཐུན། འདུལ་བ་ལས་ཀྱང་མི་འབྱུང་ལ། ཆོས་ཉིད་དང་ཡང་འགལ་བས་ན། འདི་ནི། ཆོས་མ་ཡིན། འདི་ནི། འདུལ་བ་མ་ཡིན། འདི་ནི། སྟོན་པས་བསྟན་པས་བསྟན་པ་མ་ཡིན་པར་ཤེས་པར་བྱོས་ལ་འོར་ཅིག་།ཅེས་སྒོས་ཤིག། གཞན་ཡང་དགེ་སློང་ཞིག་འདི་སྐད་དུ། དགེ་སློང་དག་།གནས་འདི་ཞེས་བྱ་བ་ན་དགེ་སློང་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་ལྟ་བུ་འཛིན་པ་མང་ཞིག་གནས་ཏེ། ཚེ་དང་ལྡན་པ། དགེ་སློང་དེ་དག་ལས་བདག་གིས་མངོན་སུམ་དུ་ཐོས། མངོན་སུམ་དུ་བླངས་ཏེ། འདི་ནི། ཆོས་སོ། །འདི་ནི། འདུལ་བའོ། །འདི་ནི། སྟོན་པས་བསྟན་པའོ། །ཞེས་ཟེར་བ་ནས། དགེ་སློང་དེ་ལ་འདི་སྐད་སྨྲོས་ཤིག་ཅེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། ཇི་ལྟར་ཚེ་དང་ལྡན་པ་དགེ་སློང་དེ་དག་གིས་ནི། ཆོས་སུ་འདུ་ཤེས། འདུལ་བར་འདུ་ཤེས་ཏེ་ཆོས་མ་ཡིན་པ་དང ། འདུལ་བ་མ་ཡིན་པར་སྨྲས་སོ། །ཡང་ན་ཚེ་དང་ལྡན་པ་ཉིད་ཀྱིས་ཆོས་འདི་དག་ལོག་པར་བཟུང་ངོ ། །འདི་ལྟར། ཆོས་འདི་མདོ་སྡེ་དང་གཏུགས། འདུལ་བ་ལ་བལྟས་ན། མདོ་སྡེ་དང་ཡང་མི་མཐུན། འདུལ་བ་ལས་ཀྱང་མི་འབྱུང ། ཆོས་ཉིད་དང་ཡང་འགལ་ཏེ། འདི་ཆོས་མ་ཡིན། འདུལ་བ་མ་ཡིན། སྟོན་པས་བསྟན་པ་མ་ཡིན་ Pa52b པར་ཤེས་པར་བྱོས་ལ་འོར་ཅིག་ཅེས་སྒོས་ཤིག། གཞན་ཡང་དགེ་སློང་ཞིག་དགེ་སློང་དག་ལ་འདི་སྐད་དུ། ཚེ་དང་ལྡན་པ། གནས་འདི་ཞེས་བྱ་བ་ན་དགེ་སློང་གི་གནས་བརྟན་གྱི་ནང་ན་གནས་བརྟན་གང་ཡང་རུང་བ་དང ། གཙོ་བོའི་ནང་ན་གཙོ་བོ་གང་ཡང་རུང་བའི་དགེ་སློང་དག་གནས་ཏེ། ཚེ་དང་ལྡན་པ། དགེ་སློང་དེ་དག་ལས་བདག་གིས་མངོན་སུམ་དུ་ཐོས། མངོན་སུམ་དུ་བཟུང་བས་ན། འདི་ནི། ཆོས་སོ། །འདི་ནི། འདུལ་བའོ། །འདི་ནི། སྟོན་པས་བསྟན་པའོ། །ཞེས་བྱ་བ་ནས་དགེ་སློང་དེ་ལ་འདི་སྐད་སྨྲོས་ཤིག་ཅེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། ཇི་ལྟར་ཚེ་དང་ལྡན་པ་གནས་བརྟན་གྱི་ནང་ན་གནས་བརྟན་གང་ཡང་རུང་བ་དང ། གཙོ་བའི་ནང་ན་གཙོ་བོ་གང་ཡང་རུང་བའི་དགེ་སློང་གིས་འདི་ལ་ཆོས་སུ་འདུ་ཤེས། འདི་ལ་འདུལ་བར་འདུ་ཤེས་ཏེ་ཆོས་མ་ཡིན། འདུལ་བ་མ་ཡིན་པར་སྨྲས་སོ། །ཡང་ན་ཚེ་དང་ལྡན་པ་ཉིད་ཀྱིས་ཆོས་འདི་ལོག་པར་བཟུང་ངོ ། །ཞེས་བྱ་བ་ནས་ཤེས་པར་བྱོས་ལ་འོར་ཅིག་ཅེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །གཞན་ཡང་དགེ་སློང་ཞིག་གིས་དགེ་སློང་ཞིག་ལ་འདི་སྐད་སྨྲས་ཏེ། ཚེ་དང་ལྡན་པ། གནས་འདི་ཞེས་བྱ་བ་ན་དགེ་བསྙེན་དད་པ་ཡིད་ཆེས་པ་ཞིག་ཡོད་དེ། ཚེ་དང་ལྡན་པ་ཁོ་བོས་ནི། དགེ་བསྙེན་དེ་ལས་མངོན་སུམ་དུ་ཐོས། མངོན་སུམ་དུ་བླངས་ན། འདི་ནི། ཆོས་སོ། །འདི་ནི། འདུལ་བའོ། །འདི་ནི། སྟོན་པས་བསྟན་པའོ། །ཞེས་བྱ་བ་ནས་དགེ་ Pa53a ༄#། །སློང་དེ་ལ་འདི་སྐད་སྨྲོས་ཤིག་ཅེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །ཇི་ལྟར་ཚེ་དང་ལྡན་པ་ཁྱོད་དགེ་བསྙེན་གྱིས་ཆོས་སུ་འདུ་ཤེས། འདུལ་བར་འདུ་ཤེས་ནས་ཆོས་མ་ཡིན་པ་དང ། འདུལ་བ་མ་ཡིན་པར་སྨྲས་སོ། །ཡང་ན་ནི་ཚེ་དང་ལྡན་པ་ཉིད་ཀྱིས་ཆོས་འདི་དག་ལོག་པར་བཟུང་ངོ ། །ཞེས་བྱ་བ་ནས་ཤེས་པར་བྱོས་ལ་འོར་ཅིག་ཅེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །གཞན་ཡང་དགེ་སློང་དག་ལ་དགེ་སློང་ཞིག་གིས་འདི་སྐད་སྨྲས་ཏེ། ཚེ་དང་ལྡན་པ། ཁོ་བོས་ནི། ལྷ་རྣམས་ལས་མངོན་སུམ་དུ་ཐོས་ཏེ། འདི་ནི། ཆོས་སོ། །འདི་ནི། འདུལ་བའོ། །འདི་ནི། སྟོན་པས་བསྟན་པའོ། །ཞེས་བྱ་བ་ནས་དགེ་སློང་དེ་ལ་འདི་སྐད་སྨྲོས་ཤིག་ཅེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། ཇི་ལྟར་ཚེ་དང་ལྡན་པ་ཁྱོད་ལྷ་རྣམས་ཀྱིས་ཆོས་སུ་འདུ་ཤེས། འདུལ་བར་འདུ་ཤེས་ནས་ཆོས་མ་ཡིན་པ་དང ། འདུལ་བ་མ་ཡིན་པར་སྨྲས་སོ། །ཡང་ན་ཚེ་དང་ལྡན་པ་ཉིད་ཀྱིས་ཆོས་འདི་དག་ལོག་པར་བཟུང་ངོ ། །ཞེས་བྱ་བ་ནས་ཤེས་པར་བྱོས་ལ་འོར་ཅིག་།ཅེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །བསྟན་པ་ཆེན་པོ་དྲུག་ཅེས་བྱ་བ་ནི། འདི་ལྟར་དགེ་སློང་དག་ལ་དགེ་སློང་ཞིག་འདི་སྐད་དུ། ཚེ་དང་ལྡན་པ། བདག་གིས་བཅོམ་ལྡན་འདས་ལས་མངོན་སུམ་དུ་ཐོས། མངོན་སུམ་དུ་བླངས་ཏེ་འདི་ནི། ཆོས་སོ། །འདི་ནི། འདུལ་བའོ། །འདི་ནི། སྟོན་པས་བསྟན་ Pa53b པའོ། །ཞེས་ཟེར་ན། དགེ་སློང་དེས་སྨྲས་པ། དེ་ལ་སྤྲོ་བར་ཡང་མི་བྱ། སྨྲད་\་ཥཾཱཌ\་པར་མི་བྱ་སྟེ། སྤྲོ་བར་མི་བྱ། སྨད་པར་མི་བྱ་བར་ཚིག་དང ། དོན་དང ། འབྲུ་རྣམས་བཟུང་སྟེ་མདོ་སྡེ་དང་གཏུགས་པར་བྱའོ། །འདུལ་བ་ལ་བལྟ་བར་བྱའོ། །དེ་སྟེ་མདོ་སྡེ་དང་གཏུགས། འདུལ་བ་ལ་བལྟས་ཀྱང་མདོ་སྡེ་དང་མཐུན། འདུལ་བ་ལས་ཀྱང་འབྱུང ། ཆོས་ཉིད་དང་ཡང་མི་འགལ་ན། དགེ་སློང་དེ་ལ་འདི་སྐད་སྨྲོས་ཤིག་།ཇི་ལྟར་ཚེ་དང་ལྡན་པ། ཆོས་འདི་དག་ནི། བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཚེ་དང་ལྡན་པས་ཀྱང་ཆོས་དེ་དག་ལེགས་པར་བཟུང་ངོ ། །དེ་ལྟ་བས་ན། ཆོས་འདི་དག་མདོ་སྡེ་དང་གཏུགས། འདུལ་བ་ལ་བལྟས་ན། མདོ་སྡེ་དང་མཐུན། འདུལ་བ་ལས་ཀྱང་འབྱུང་ལ་ཆོས་ཉིད་དང་ཡང་མི་འགལ་བས་ན། འདི་ནི། ཆོས་སོ། །འདི་ནི། འདུལ་བའོ། །འདི་ནི། སྟོན་པས་བསྟན་པ་ཡིན་པར་ཤེས་པར་བྱོས་ལ་གཟུང་བར་བྱའོ། །ལུང་བསྒོ་བ་ཆེན་པོ་འདི་དྲུག་རྒྱས་པར་དཀར་པོའི་ཕྱོགས་སུ་ཡང་དེ་བཞིན་དུ་བརྗོད་པར་བྱའོ། ། བསྟབས་པ་རྣམ་པ་དྲུག་སྟེ། དགེ་སློང་ལ་བསྟབས་པ་དང ། དགེ་སློང་མ་ལ་བསྟབས་པ་དང ། གཉིས་ཀ་ལ་བསྟབས་པ་དང ། སོ་སོར་བསྟབས་པ་དང ། གང་ཟག་ལ་བསྟབས་པ་དང ། སེམས་བསྐྱེད་པས་བསྟབས་པའོ། །གཞན་ཡང་བསྟབས་པ་དྲུག་སྟེ། དད་པས་བསྟབས་པ་དང ། ཡོངས་སུ་དག་པས་བསྟབས་པ་དང ། ཟང་ཟིང་གིས་བསྟབས་པ་དང ། ཡོ་བྱད་བསྟབས་ Pa54a ༄#། །པ་དང ། སྨན་བསྟབས་པ་དང ། དུས་སུ་བསྟབས་པའོ། །ཉམས་པ་དྲུག་སྟེ། བདག་ཉམས་པ་དང ། གཞན་ཉམས་པ་དང ། ཚུལ་ཁྲིམས་ཉམས་པ་དང ། ལྟ་བ་ཉམས་པ་དང ། སྤྱོད་པ་ཉམས་པ་དང ། འཚོ་བ་ཉམས་པའོ། །ཕུན་སུམ་ཚོགས་པ་དྲུག་སྟེ། བདག་ཕུན་སུམ་ཚོགས་པ་དང ། གཞན་ཕུན་སུམ་ཚོགས་པ་དང ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང ། ལྟ་བ་ཕུན་སུམ་ཚོགས་པ་དང ། སྤྱོད་པ་ཕུན་སུམ་ཚོགས་པ་དང ། འཚོ་བ་ཕུན་སུམ་ཚོགས་པའོ།། །།འདུལ་བ་གཞུང་དམ་པ། བམ་པོ་ཉེར་བདུན་པ། མདོར་ན། མགུ་བར་བྱེད་དང་རྐུ་བ་དང ། །མངོན་སུམ་གྱུར་པ་དེ་བཞིན་ཏེ། །ཉམས་པར་གྱུར་དང་མ་གྱུར་པ། །ལས་རྣམས་དྲུག་དང་བསྟན་པའོ། །མགུ་བར་བྱེད་ཅེས་བྱ་བ་ནི། སྟོན་པ་དང ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་ལ་བདག་གི་ལུས་བྱམས་པ་དང་ལྡན་པ་ཉེ་བར་གནས་པར་གྱུར་ཅིག། ཅེས་བྱ་བའི་ཆོས་འདི་ནི། མགུ་བར་བྱེད་པ་སྟེ། དགའ་བར་བྱེད་པ། བླ་མར་བྱེད་པ། ཡིད་དུ་འོང་བ། དགའ་བར་བྱ་བ་དང ། བླ་མར་བྱ་བ་དང ། བཀུར་སྟིར་བྱ་བ་དང ། བསྒོམ་པར་བྱ་བ་དང ། གཟུང་བར་བྱ་བ་དང ། མཐུན་པར་བྱ་བ་དང ། མི་འཁོན་པར་བྱ་བ་དང ། མི་རྩོད་པར་བྱ་བ་དང ། དངོས་པོ་གཅིག་ཏུ་འགྱུར་པའི་ཕྱིར་ངག་གི་ལས་བྱམས་པ་དང ། ཡིད་ཀྱི་ལས་ Pa54b བྱམས་པ་འཇུག་གོ། གང་ཆོས་བཞིན་དུ་ཆོས་ཀྱི་རྙེད་པ་དེ་ཆུང་ངུ་ན། ལྷུང་བཟེད་ཀྱི་ནང་དུ་འོངས་པའམ། ལྷུང་བཟེད་ཀྱི་འཁོར་དུ་གཏོགས་པ་དེ་ལྟ་བུའི་རྙེད་པ་ནི། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་དང་ཐུན་མོང་པར་སྤྱད་པར་བྱའོ། །ཞེས་བྱ་བའི་ཆོས་འདི་ནི། མགུ་བར་བྱེད་པའོ། །དངོས་པོ་གཅིག་ཏུ་འགྱུར་བའི་ཕྱིར་འཇུག་གོ། ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། གང་ཚུལ་ཁྲིམས་འདི་དག་མ་རལ་བ། མ་ཞིག་པ། མ་འདྲེས་པ། རྙོག་པ་ཅན་དུ་མ་གྱུར་པ། མ་ཉམས་པ། སྐྱོན་མེད་པ། ལེགས་པར་རྫོགས་པ། ལེགས་པར་མནོས་པ། མཁས་པ་རྣམས་ཀྱིས་བསྟོད་པ་དེ་ལྟ་བུའི་ཚུལ་ཁྲིམས་ལ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་དང་ལྷན་ཅིག་ཏུ་ཚུལ་ཁྲིམས་ཐུན་མོང་དུ་གྱུར་ཅིག་ཅེས་བྱ་བའི་ཆོས་འདི་ནི། མགུ་བར་བྱེད་པའོ། །གཅིག་ཏུ་འགྱུར་བའི་ཕྱིར་འཇུག་པ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། འཕགས་པ་རྣམས་སྡུག་བསྔལ་ཡང་དག་པར་ཟད་པར་བྱ་བ་དང ། སྡུག་བསྔལ་གྱི་མཐར་ཕྱིན་པར་བྱ་བའི་ཕྱིར་འབྱུང་བར་བྱེད་པ་དང ། ངེས་པར་འབྱེད་པའི་ལྟ་བ་གང་ཡིན་པ་དེ་ལ་ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་རྣམས་དང་ལྷན་ཅིག་ཏུ་ལྟ་བ་ལ་ཐུན་མོང་བར་གྱུར་ཅིག། ཅེས་བྱ་བའི་ཆོས་འདི་ནི། མགུ་བར་བྱེད་པ་སྟེ། གཅིག་ཏུ་འགྱུར་བའི་ཕྱིར་འཇུག་པ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །རྐུ་བ་དྲུག་ལ། འཇབ་ Pa55a ༄#། །བུས་རྐུ་བ་དང ། སྒྱུས་རྐུ་བ་དང ། མཐུས་རྐུ་བ་དང ། ཕྱིར་སྦྱིན་ནོ། །ཞེས་ནས་རྐུ་བ་དང ། བརྣོགས་ཏེ་རྐུ་བ་དང ། གཞན་ལ་བསྔོས་ནས་རྐུ་བའོ། །གནས་དྲུག་མངོན་སུམ་དུ་གྱུར་པ་ལ་བསྙེན་པར་རྫོགས་པར་བྱ་སྟེ། སྟོན་པ་མངོན་སུམ་དུ་གྱུར་པ་དང ། ཆོས་མངོན་སུམ་དུ་གྱུར་པ་དང ། དགེ་འདུན་མངོན་སུམ་དུ་གྱུར་པ་དང ། ཡོངས་སུ་དག་པ་མངོན་སུམ་དུ་གྱུར་པ་དང ། སློབ་དཔོན་མངོན་སུམ་དུ་གྱུར་པ་དང ། མཁན་པོ་མངོན་སུམ་དུ་གྱུར་པའོ། །ཆོས་དྲུག་ནི། སྟོན་པས་བསྟན་པ་ཉམས་པར་བྱེད་པའི་རྒྱུར་གྱུར་ཏེ།་ལས་ལ་དགའ་བར་གྱུར་པ་དང ། སྨྲ་བ་ལ་དགའ་བར་གྱུར་པ་དང ། ཉལ་བ་ལ་དགའ་བ་དང ། འདུ་འཛིའི་གཏམ་ལ་དགའ་བ་དང ། རྙེད་པ་དང ། བཀུར་སྟི་དང ། གྲགས་པ་མི་སྤོང་བ་ལ་དགའ་ཞིང ། མི་སྤོང་བ་ལ་མོས་པས་སྤང་བ་ལ་མི་དགའ་ཞིང་རྣལ་འབྱོར་དུ་མི་འཇུག་བ་དང ། སྒོམ་པ་ལ་མི་དགའ་ཞིང་སྒོམ་པ་ལ་མི་མོས་པར་གྱུར་བས་སྒོམ་པ་ལ་མི་དགའ་ཞིང་རྣལ་འབྱོར་དུ་མི་འཇུག་པའོ། །ཆོས་དྲུག་ནི། སྟོན་པས་བསྟན་པ་མི་ཉམས་པའི་རྒྱུར་འགྱུར་ཏེ། ལས་ལ་མི་དགའ་བར་གྱུར་པ་དང ། སྨྲ་བ་ལ་མི་དགའ་བ་དང ། ཉལ་བ་ལ་མི་དགའ་བ་དང ། འདུ་འཛིའི་གཏམ་ལ་མི་དགའ་བ་དང ། རྙེད་པ་དང་བཀུར་སྟི་ལ་མི་དགའ་ཞིང་སྤོང་བ་ལ་མོས་པར་གྱུར་པས་སྤོང་བ་ལ་དགའ་ཞིང་རྣལ་ Pa55b འབྱོར་དུ་འཇུག་པ་དང ། སྒོམ་པ་ལ་དགའ་ཞིང་སྒོམ་པ་ལ་མོས་པར་གྱུར་པས་སྒོམ་པ་ལ་དགའ་ཞིང་སྒོམ་པ་ལ་མོས་ཏེ་རྣལ་འབྱོར་དུ་འཇུག་པའོ། །ཆོས་དེ་དྲུག་ནི། སྟོན་པས་བསྟན་པའི་རྒྱུར་འགྱུར་ཏེ། དགེ་སློང་ཁྱེད་ཅག་གིས་ཤེས་པར་བྱོས་ཤིག། ཆོས་འདི་དག་ནི་ཀུན་ཏུ་འདོད་ཆགས་པའི་རྒྱུར་འགྱུར། ཀུན་ཏུ་ཞེ་སྡང་བ་དང ། ཀུན་ཏུ་གཏི་མུག་པ་དང ། ཀུན་ཏུ་སྦྱོར་བ་དང ། ཀུན་ཏུ་ཉོན་མོངས་པ་དང ། རབ་ཏུ་སྤྲོས་པ་རྣམས་ཀྱི་རྒྱུར་འགྱུར་བ་འདི་ནི། ཆོས་མ་ཡིན། འདི་ནི། འདུལ་བ་མ་ཡིན། འདི་ནི། སྟོན་པས་བསྟན་པ་མ་ཡིན་གྱི། ཁྱེད་ཀྱིས་རྟོགས་པར་གྱིས་ཤིག་།ཆོས་དེ་དྲུག་ནི། སྟོན་པས་བསྟན་པའི་རྒྱུར་འགྱུར་ཏེ། དགེ་སློང་དག་།ཁྱེད་ཀྱིས་འདི་དག་ཤེས་པར་གྱིས་ཤིག་།ཆོས་འདི་དག་ནི། ཀུན་ཏུ་འདོད་ཆགས་པའི་རྒྱུར་མི་འགྱུར། ཀུན་ཏུ་ཞེ་མི་སྡང་བ་དང ། ཀུན་ཏུ་གཏི་མི་མུག་པ་དང ། རྣམ་པར་བྱང་བ་དང ། མ་སྤྲོས་པ་རྣམས་ཀྱི་རྒྱུར་འགྱུར་བ་འདི་ནི། ཆོས་སོ། །འདི་ནི། འདུལ་བའོ། ། འདི་ནི། སྟོན་པས་བསྟན་པ་སྟེ། ཁྱེད་ཀྱིས་རྟོགས་པར་གྱིས་ཤིག་།གཞན་ཡང་ཆོས་དྲུག་ནི། སྟོན་པས་བསྟན་པའི་རྒྱུར་འགྱུར་ཏེ། དགེ་སློང་དག་།ཁྱེད་ཀྱིས་འདི་དག་ཤེས་པར་གྱིས་ཤིག་།ཆོས་འདི་དག་ནི། ཆོག་མི་ཤེས་པའི་རྒྱུར་འགྱུར། མགུ་མི་མྱོང་བ་དང ། དགང་དཀའ་བ་དང ། གསོ་དཀའ་བ་དང ། འདོད་པ་མང་བ་རྣམས་ཀྱི་རྒྱུར་འགྱུར་བ་འདི་ནི། ཆོས་ Pa56a ༄#། །མ་ཡིན་།འདི་ནི། འདུལ་བ་མ་ཡིན། འདི་ནི། སྟོན་པས་བསྟན་པ་མ་ཡིན་གྱི། ཁྱེད་ཀྱིས་རྟོགས་པར་གྱིས་ཤིག་།ཆོས་དེ་དྲུག་ནི། སྟོན་པས་བསྟན་པའི་རྒྱུར་འགྱུར་ཏེ། དགེ་སློང་དག་།ཁྱེད་ཀྱིས་འདི་དག་ཤེས་པར་གྱིས་ཤིག་།ཆོས་འདི་དག་ནི། ཆོག་ཤེས་པའི་རྒྱུར་འགྱུར། མགུ་སླ་བ་དང ། གསོ་སླ་བ་དང ། དགང་སླ་བ་དང ། འདོད་པ་མི་མང་བའི་རྒྱུར་འགྱུར་ཏེ། འདི་ནི། ཆོས་སོ། །འདི་ནི། འདུལ་བའོ། །འདི་ནི། སྟོན་པས་བསྟན་པ་སྟེ། ཁྱེད་ཀྱིས་གཏན་ལ་བབ་པར་ཤེས་པར་གྱིས་ཤིག་།མདོར་ན ། ནོར་དང་སྟོབས་དང་ཞི་གནས་དང ། །ཉམས་པ་དག་དང་གོས་རྣམས་དང ། །ཡོན་ཏན་འགྲོ་བར་མི་བྱེད་དང ། །ཆོས་མིན་དགེ་འདུན་སྤྱོད་པའོ། །ནོར་བདུན་ཏེ། དད་པའི་ནོར་དང ། ཚུལ་ཁྲིམས་ཀྱི་ནོར་དང ། ཁྲེལ་ཡོད་པའི་ནོར་དང ། འཛེམ་པའི་ནོར་དང ། ཐོས་པའི་ནོར་དང ། གཏོང་བའི་ནོར་དང ། ཤེས་རབ་ཀྱི་ནོར་བདུན་ནོ། །སྟོབས་བདུན་ཏེ། དད་པའི་སྟོབས་དང ། བརྩོན་འགྲུས་ཀྱི་སྟོབས་དང ། དྲན་པའི་སྟོབས་དང ། ཏིང་ངེ་འཛིན་གྱི་སྟོབས་དང ། ཤེས་རབ་ཀྱི་སྟོབས་དང ། ཁྲེལ་ཡོད་པའི་སྟོབས་དང ། འཛེམ་པའི་སྟོབས་སོ། །རྩོད་པ་ཞི་བར་བྱེད་པ་བདུན་ཏེ། མངོན་སུམ་དུ་འདུལ་བ་དང ། དྲན་པས་འདུལ་བ་དང ། མ་རྨོངས་པས་འདུལ་བ་དང ། ཚུལ་ཤིང་གང་མང་བ་དང ། དེའི་དངོས་པོ་ཉིད་ཚོལ་བ་དང ། Pa56b དམ་བཅར་འཇུག་པ་དང ། རྩཝ་གདིང་བ་ལྟ་བུ་རྣམས་སོ། །ཉམས་པའི་ཆོས་བདུན་ཏེ། སངས་རྒྱས་ལ་རིམ་གྲོ་མེད་པར་སྤྱོད་པ་དང ། ཆོས་དང ། དགེ་འདུན་དང ། བསླབ་པ་དང ། བག་ཡོད་པ་དང ། གདིང་བ་དང ། ཏིང་ངེ་འཛིན་རྣམས་ལ་རིམ་གྲོ་མེད་པར་སྤྱོད་པའོ། །ཉམས་པ་མེད་པའི་ཆོས་བདུན་ཏེ། སངས་རྒྱས་ལ་རིམ་གྲོ་དང་བཅས་པར་སྤྱོད་པ་དང ། ཆོས་དང ། དགེ་འདུན་དང ། བསླབ་པ་དང ། བག་ཡོད་པ་དང ། གདིང་བ་དང ། ཏིང་ངེ་འཛིན་རྣམས་ལ་རིམ་གྲོ་དང་བཅས་པར་སྤྱོད་པའོ། །གོས་སུ་རུང་བ་བདུན་ཏེ། བལ་དང ། སྡུམ་བུ་ཤ་ན་ཀ་དང ། རས་བལ་དང ། ཟར་མ་དང ། རྩཝ་དུ་གུ་ལ་ཀ་དང ། རྩཝ་ཀོ་ཊ་བ་ཀ་དང ། སྲིན་བལ་རྣམས་སོ། །གོས་སུ་མི་རུང་བ་བདུན་ཏེ། རྔ་མོའི་བལ་དང ། བ་གླང་གི་བལ་དང ། རེའུ་བལ་དང ། རི་དྭགས་ཀྱི་བལ་དང ། འབྲིའུའི་བལ་དང ། འདྲེས་པ་དང ། ཐགས་སུ་མ་བཏགས་པ་རྣམས་སོ། །འདུལ་བ་འཛིན་པའི་གང་ཟག་ལ་ཡོན་ཏན་བདུན་ཡོད་དེ། རྒྱལ་བའི་ནང་གི་མཛོད་སྲུང་བ་ཡིན། རང་གི་ཚུལ་ཁྲིམས་ཀྱི་ཕུང་པོ་ཤིན་ཏུ་བསྲུངས་ཤིང་ཤིན་ཏུ་སྦས་པ་ཡིན། ལུང་ནོད་ཅིང་སྟོན་པའི་རག་གཞན་ལ་མ་ལུས་པ་ཡིན། འཁོར་བཞི་འདུ་བར་གྱུར་བ་ཡིན། ཐེ་ཚོམ་སྐྱེས་པའི་གང་ཟག་རྣམས་ཀྱི་སྐྱབས་སུ་གྱུར་པ་ཡིན། དགེ་འདུན་གྱི་ནང་ན་འཇིགས་པ་མེད་པར་སྤྱོད་པ་དང ། སེམས་ལ་སྣང་བ་མང་དུ་སྤྱོད་པ་ཡིན་ནོ། །དགེ་སློང་འགྲོ་བར་མི་ Pa57a ༄#། །བྱ་བའི་སྤྱོད་ཡུལ་བདུན་ཏེ། ཤན་པའི་ཁྱིམ་དང ། རྒྱན་པོ་འགྱེད་པའི་ཁྱིམ་དང ། སྨད་འཚོང་མའི་ཁྱིམ་དང ། ཆང་འཚོང་བའི་ཁྱིམ་དང ། རོལ་མོ་མཁན་གྱི་ཁྱིམ་དང ། རྒྱལ་པོའི་ཕོ་བྲང་དང ། རིགས་ངན་གྱི་ཁྱིམ་མོ། །དམ་པའི་ཆོས་མ་ཡིན་པ་བདུན་ཏེ། ཆོས་མ་ཡིན་པར་མི་ཤེས་པར་གྱུར་པ་དང ། དོན་མི་ཤེས་པ་དང ། དུས་མི་ཤེས་པ་དང ། ཚོད་མི་ཤེས་པ་དང ། བདག་ཉིད་མི་ཤེས་པ་དང ། འཁོར་མི་ཤེས་པ་དང ། གང་ཟག་ཕ་རོལ་དང་ཚུ་རོལ་མི་ཤེས་པར་གྱུར་པའོ་།དགེ་འདུན་གྱི་ནང་ན་སྤྱོད་པའི་དག་སློང་ཆོས་བདུན་དང་ལྡན་པ་ནི། དགེ་འདུན་གྱི་ནང་དུ་སྤྱད་པར་མི་བྱ་སྟེ། སྤྲོ་ཐུང་ཞིང་མི་སྲུན་པར་གྱུར་པ་དང ། མང་དུ་སྨྲ་བར་གྱུར་པ་དང ། ཚིག་ཟློས་ཤིང་སྨྲ་བར་གྱུར་པ་དང ། མ་གཙིགས་པར་སྨྲ་བར་གྱུར་པ་དང ། ཚུ་རོལ་མི་ཤེས་པར་གྱུར་པ་ཡིན་ནོ། །དམ་པའི་ཆོས་བདུན་ཏེ། ཆོས་ཤེས་པར་གྱུར་པ་དང ། དོན་ཤེས་པར་གྱུར་པ་དང ། དུས་ཤེས་པར་གྱུར་པ་དང ། ཚོད་ཤེས་པར་གྱུར་པ་དང ། བདག་ཉིད་ཤེས་པར་གྱུར་པ་དང ། འཁོར་ཤེས་པར་གྱུར་པ་དང ། གང་ཟག་མི་མཛའ་བ་མང་བར་གྱུར་པ་དང ། རྩོད་པའི་ཐོག་མ་དང་བར་མ་དང་ཐ་མ་ལ་མི་མཁས་པར་གྱུར་པ་དང ། འདྲ་བ་དང་མི་འདྲ་བ་མི་ཤེས་པའོ། །བདུན་པ་རྫོགས་སོ།། །།མདོར་ན། རྙེད་པ་གཏན་པ་དབྱུང་བ་དང ། །ལྷམ་བྱ་བ་ཡང་དེ་བཞིན་ Pa57b ཏེ། །འཇིག་རྟེན་གྱི་ནི་ཆོས་བརྒྱད་དང ། །དབྱེན་དང་རྩ་བ་མེད་དེ་བཞིན། །རྙེད་པ་བརྒྱད་ཀྱི་མདོ་བར་མ་སྟེ། མཚམས་དང་བྱ་བ་གནས་དང་ནི། །དབྱར་དང་དགེ་འདུན་ལྔ་པོ་དང ། །གང་ཟག་མངོན་སུམ་གྱུར་པ་དང ། །སོ་སོའི་ཡུལ་གྱི་བརྒྱད་པའོ། །མཚམས་ཀྱི་ནང་དུ་ཕུལ་བའི་རྙེད་པ་དང ། བྱ་བའི་ཚེ་ཕུལ་བའི་རྙེད་པ་དང ། གནས་པའི་ཚེ་ཕུལ་བའི་རྙེད་པ་དང ། དབྱར་གྱི་རྙེད་པ་དང ། དགེ་འདུན་གྱི་བཅས་པའི་རྙེད་པ་དང ། གང་ཟག་གི་བཅས་པའི་རྙེད་པ་དང ། མངོན་སུམ་དུ་གྱུར་པའི་རྙེད་པ་དང ། སོ་སོར་བསྔོས་པའི་རྙེད་པ་དང་བརྒྱད་ཡིན་ནོ། །མ་ལྟ་བུའི་གནས་ལས་གཏན་པ་དབྱུང་བའི་རྒྱུར་འགྱུར་བ་བརྒྱད་དེ། སོང་བ་དང ། འཛིན་པ་དང ། སླར་མི་འོང་སྙམ་པ་དང ། ཆུད་གསན་པ་དང ། ཐོས་པ་དང ། མཚམས་ལས་འདས་པ་དང ། རེ་ཐག་ཆད་པ་དང ། གསོལ་བའི་ལས་དང་བརྒྱད་ཡིན་ནོ། །དགེ་སློང་གིས་བཅང་བར་མི་བྱ་བའི་ལྷམ་བརྒྱད་དེ། རྩཝ་ཀུ་ཤ་ལས་བྱས་པའི་ལྷམ་དང ། མུན་ཛ་ལས་བྱས་པའི་ལྷམ་དང ། བལ་བ་ཛ་ལས་བྱས་པའི་ལྷམ་དང ། འབྲ་ཀོ་ལས་བྱས་པའི་ལྷམ་དང ། སྨྱུག་མ་ལས་བྱས་པའི་ལྷམ་དང ། སྦའི་ལོ་མ་ལས་བྱས་པའི་ལྷམ་དང ། གྲོ་བའི་ལྷམ་མོ། །གཞན་ཡང་དགེ་སློང་གིས་བཅང་བར་མི་བྱ་བའི་ལྷམ་བརྒྱད་དེ། སྐུད་པ་ལས་བྱས་པའི་ལྷམ་དང ། སྒྲ་དང་བཅས་པའི་ལྷམ་དང ། ཀོ་བ་ལས་བྱས་པའི་ལྷམ་དང ། ཤིང་ལྷམ་དང ། བ་སོ་ལས་བྱས་པའི་ Pa58a ༄#། །ལྷམ་དང ། ལྕགས་ལས་བྱས་པའི་ལྷམ་དང ། རིན་པོ་ཆེ་ལས་བྱས་པའི་ལྷམ་དང ། ཤུན་ཕྲགས་\?\་ལས་བྱས་པའི་ལྷམ་རྣམས་སོ། །འཇིག་རྟེན་གྱི་ཆོས་བརྒྱད་དེ།་རྙེད་པ་དང ། མ་རྙེད་པ་དང ། གྲགས་པ་དང ། མ་གྲགས་པ་དང ། སྨད་པ་དང ། བསྟོད་པ་དང ། བདེ་བ་དང ། སྡུག་བསྔལ་བ་རྣམས་སོ། །དགེ་འདུན་དབྱེ་བར་འགྱུར་བའི་ཆོས་བརྒྱད་ལ། འདི་ལྟ་སྟེ་།ཆོས་སོ། །ཆོས་མ་ཡིན་ནོ། །ཞེས་བྱ་བ་དང ། འདུལ་བའོ། །འདུལ་བ་མ་ཡིན་ནོ། །ཞེས་བྱ་བ་དང ། ལྟུང་བའོ། །ལྟུང་བ་མ་ཡིན་ནོ། །ཞེས་བྱ་བ་དང ། ལྕི་བའོ།། ཡང་བའོ། །ཞེས་བྱ་བ་དང ། ལྷག་མ་དང་བཅས་པའོ། །ལྷག་མ་མ་ལུས་སོ། །ཞེས་བྱ་བ་དང ། མཐོལ་པར་བྱའོ། །བསྡམ་པར་བྱའོ། །ཞེས་བྱ་བ་དང ། འདུལ་བ་ལས་འདས་པའོ། །ལོག་པར་བཤད་པར་འགྲོ་བའོ། །ཞེས་བྱ་བ་དང ། མི་དགེ་བའོ། །ལུང་དུ་མི་སྟོན་པའོ། །ཞེས་བྱ་བ་རྣམས་སོ། །རྣམ་པ་བརྒྱད་ཀྱིས་ན། རྩ་བ་མེད་པས་སྨད་པར་འགྱུར་ཏེ། འཁོན་པ་དང ། སྤྲོ་ཐུང་བ་དང ། ཁྲོ་བ་དང ། མི་སྲུན་པ་དང ། ཡིད་མི་དགའ་བ་དང ། མགུ་དཀའ་བ་དང ། ཕྲག་དོག་དང ། སེར་སྣའོ། །མདོར་ན། གང་ཟག་བརྟག་པར་བྱ་བ་དང ། རྒོལ་བ་དང་ནི་སླར་རྒོལ་དང ། །འདུལ་བ་རྡུལ་དང་རྣམ་པ་བརྒྱད། །སོ་སོར་ཐར་པ་བཞག་པའོ། །གང་ཟག་བརྟག་པ་རྣམ་པ་བརྒྱད་དེ། སྤྱོད་པ་དང ། སྤྱོད་ཡུལ་དང ། མཛའ་བ་དང ། Pa58b གྲོགས་དང ། འཚོ་བ་དང ། ཐོས་པ་དང ། ལུས་ཀྱི་ལས་དང ། ངག་གི་ལས་རྣམས་སོ། །གང་ཟག་ཇི་ལྟ་བ་བཞིན་དུ་རྒོལ་བ་དང་ཕྱིར་རྒོལ་བ་ཡང་ཤེས་པར་བྱའོ། །ཆོས་བརྒྱད་ཀྱིས་འདོད་ཆགས་འདུལ་བའི་མཐར་ཕྱིན་པར་འགྱུར་བ་ནི། འཕགས་པའི་ལམ་ཡན་ལག་བརྒྱད་པ་སྟེ། ཡང་དག་པའི་ལྟ་བ་དང ། ཡང་དག་པའི་རྟོག་པ་དང ། ཡང་དག་པའི་ངག་དང ། ཡང་དག་པའི་ལས་ཀྱི་མཐའ་དང ། ཡང་དག་པའི་འཚོ་བ་དང ། ཡང་དག་པའི་རྩོལ་བ་དང ། ཡང་དག་པའི་དྲན་པ་དང ། ཡང་དག་པའི་ཏིང་ངེ་འཛིན་རྣམས་སོ། །ཇི་ལྟར་འདོད་ཆགས་འདུལ་བའི་མཐར་ཕྱིན་པར་འགྱུར་བ་དེ་བཞིན་དུ། ཞེ་སྡང་འདུལ་བ་དང ། གཏི་མུག་འདུལ་བའི་མཐར་ཕྱིན་པར་འགྱུར་བ་ཡང་དེ་བཞིན་ནོ། །རྡུལ་ལྟ་བུ་བརྒྱད་དེ། བཅའ་བ་རྡུལ་ལྟ་བུ་དང ། བཟའ་བ་རྡུལ་ལྟ་བུ་དང ། བཏུང་བ་རྡུལ་ལྟ་བུ་དང ། བལྡག་པ་རྡུལ་ལྟ་བུ་དང ། བཞིབ་པ་རྡུལ་ལྟ་བུ་དང ། སྨན་རྡུལ་ལྟ་བུ་དང ། རྡུལ་ཉིད་ཀྱི་རྡུལ་དང་བརྒྱད་དོ། །ཆོས་མ་ཡིན་པའི་སོ་སོར་ཐར་པ་བཞག་པ་བརྒྱད་དེ། རྩ་བ་མེད་བཞིན་དུ་བྱས་པའི་ཚུལ་ཁྲིམས་ཉམས་པ་དང ། ལྟ་བ་ཉམས་པ་དང ། སྤྱོད་པ་ཉམས་པ་དང ། འཚོ་བ་ཉམས་པ་དང ། རྩ་བ་མེད་པས་མ་བྱས་པའི་ཚུལ་ཁྲིམས་ཉམས་པ་དང ། ལྟ་བ་ཉམས་པ་དང ། སྤྱོད་པ་ཉམས་པ་དང ། འཚོ་བ་ཉམས་པ་རྣམས་སོ། །ཆོས་དང་ལྡན་པའི་གསོ་སྦྱོང་བཞག་པ་བརྒྱད་དེ། རྩ་བ་དང་ Pa59a ༄#། །བཅས་པས་བྱས་པའི་ཚུལ་ཁྲིམས་ཉམས་པ་དང ། ལྟ་བ་ཉམས་པ་དང ། སྤྱོད་པ་ཉམས་པ་དང ། འཚོ་བ་ཉམས་པ་དང ། རྩ་བ་དང་བཅས་པས་མ་བྱས་པའི་ཚུལ་ཁྲིམས་ཉམས་པ་དང ། ལྟ་བ་ཉམས་པ་དང ། སྤྱོད་པ་ཉམས་པ་དང ། འཚོ་བ་ཉམས་པ་རྣམས་སོ། །མདོར་ན། ཨུ་པ་ལི་དང་འགགས་དང ། །གོའུ་ཏས་གོའུ་ཏམ་མི་རིད་དེ། །དེ་མ་གནས་དང་རིགས་མ་ཡིན། །གནོད་པ་དང་ནི་འདུལ་བའོ། །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། ཇི་ལྟར་བདག་གིས་ཆོས་དང་འདུལ་བ་འཚལ་བར་འགྱུར་བ་དེ་ལྟ་བུའི་ཆོས་བདག་ལ་མདོར་བཤད་ན་ལེགས་སོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཨུ་པ་ལི་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ུ་པ་ལི། ཆོས་གང་འཐབ་པའི་རྒྱུར་འགྱུར་པ་དང ། མཚང་འདྲུ་བའི་རྒྱུར་འགྱུར་བ་དང ། འཁོན་པའི་རྒྱུར་འགྱུར་བ་དང ། རྩོད་པའི་རྒྱུར་འགྱུར་བ་དང ། སོ་སོར་སྨྲ་བའི་རྒྱུར་འགྱུར་བ་དང ། མི་མཐུན་པར་སྨྲ་བའི་རྒྱུར་འགྱུར་བ་དང ། མི་སྡུད་པའི་རྒྱུར་འགྱུར་བ་དང ། དྲན་པ་ཉམས་པའི་རྒྱུར་འགྱུར་བ་དང ། དུ་མར་འགྱུར་བའི་རྒྱུར་འགྱུར་བ་སྟེ། དེ་ལྟ་བུ་ལ་འདི་ནི། ཆོས་མ་ཡིན། འདི་ནི། འདུལ་བ་མ་ཡིན། འདི་ནི། སྟོན་པས་བསྟན་པ་མ་ཡིན་པར་ཤིན་ཏུ་རྟོགས་པར་གྱིས་ཤིག་།ུ་པ་ Pa59b ལི།་ཆོས་གང་མི་འཐབ་པའི་རྒྱུར་འགྱུར་བ་དང ། མཚང་མི་འདྲུ་བ་དང ། མི་འཁོན་པ་དང ། མི་རྩོད་པ་དང ། སོ་སོར་མི་སྨྲ་བ་དང ། མཐུན་པར་མི་སྨྲ་བ་དང ། སྡུད་པ་དང ། དྲན་པ་མ་ཉམས་པ་དང ། དངོས་པོ་གཅིག་ཏུ་འགྱུར་བ་འདི་རྣམས་ལ་འདི་ནི། ཆོས་སོ། །འདི་ནི། འདུལ་བའོ། །འདི་ནི། སྟོན་པས་བསྟན་པ་ཡིན་པར་ཤིན་ཏུ་རྟོགས་པར་བྱོས་ཤིག་།ུ་པ་ལི། བརྒྱད་པོ་ཇི་ལྟ་བ་དེ་བཞིན་ནོ། །མ་འགགས་པ་ལ་ཡང་ནག་པོ་དང ། དཀར་པོའི་ཕྱོགས་སུ་བརྒྱད་དུ་བརྗོད་པར་བྱའོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དེའི་ཚན་གོའུ་ཏ་མི་སྐྱེ་རྒུའི་བདག་མོ་ཆེན་མོ་བཅོམ་ལྡན་འདས་ག་ན་བ་དེར་སོང་སྟེ་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་གོའུ་ཏ་མི་སྐྱེ་རྒུའི་བདག་མོ་ཆེན་མོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་ཇི་ལྟར་ཆོས་དང་འདུལ་བ་འཚལ་བར་འགྱུར་བ་དེ་ལྟ་བུའི་ཆོས་བདག་ལ་བཤད་ན་ལེགས་སོ། །ཞེས་དེ་སྐད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་གོའུ་ཏ་མི་སྐྱེ་རྒུའི་བདག་མོ་ཆེན་མོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །གོའུ་ཏ་མི།་ཆོས་གང་ཀུན་ཏུ་འདོད་ཆགས་པའི་རྒྱུར་འགྱུར་གྱི། ཀུན་ཏུ་འདོད་ཆགས་མེད་པའི་རྒྱུར་མ་ཡིན། ཀུན་ཏུ་ཞེ་སྡང་བའི་རྒྱུར་འགྱུར་གྱི། ཀུན་ཏུ་ཞེ་སྡང་མེད་པའི་རྒྱུར་མ་ཡིན། Pa60a ༄#། །ཀུན་ཏུ་གཏི་མུག་གི་རྒྱུར་འགྱུར་གྱི། ཀུན་ཏུ་གཏི་མུག་མེད་པའི་རྒྱུར་མ་ཡིན། ཀུན་ཏུ་སྦྱོར་བའི་རྒྱུར་འགྱུར་གྱི། ཀུན་ཏུ་མི་སྦྱོར་བའི་རྒྱུར་མ་ཡིན། ཀུན་ཏུ་ཉོན་མོངས་པའི་རྒྱུར་འགྱུར་གྱི། རྣམ་པར་བྱང་བའི་རྒྱུར་མ་ཡིན། འདོད་ཆེན་ཆེ་བའི་རྒྱུར་འགྱུར་གྱི། འདོད་ཆེན་མི་ཆེ་བའི་རྒྱུར་མ་ཡིན། ཆོག་མི་ཤེས་པའི་རྒྱུར་འགྱུར་གྱི།་ཆོག་ཤེས་པའི་རྒྱུར་མ་ཡིན། དགང་དཀའི་རྒྱུར་འགྱུར་གྱི། དགང་སླ་བའི་རྒྱུར་མ་ཡིན། གསོ་དཀའ་བའི་རྒྱུར་འགྱུར་གྱི། གསོ་སླ་བའི་རྒྱུར་མ་ཡིན་ཏེ། འདི་དག་ནི། ཆོས་མ་ཡིན། འདུལ་བ་མ་ཡིན། སྟོན་པས་བསྟན་པ་མ་ཡིན་པར་ཤིན་ཏུ་རྟོགས་པར་བྱོས་ཤིག་།གོའུ་ཏ་མི། ཆོས་གང་ཀུན་ཏུ་འདོད་ཆགས་མེད་པའི་རྒྱུར་འགྱུར་གྱི། ཀུན་ཏུ་འདོད་ཆགས་པའི་རྒྱུར་མ་ཡིན། ཀུན་ཏུ་ཞེ་སྡང་མེད་པའི་རྒྱུར་འགྱུར་གྱི། ཀུན་ཏུ་ཞེ་སྡང་གི་རྒྱུར་མ་ཡིན། ཀུན་ཏུ་གཏི་མུག་མེད་པའི་རྒྱུར་འགྱུར་གྱི། ཀུན་ཏུ་གཏི་མུག་གི་རྒྱུར་མ་ཡིན།་ཀུན་ཏུ་མི་སྦྱོར་བའི་རྒྱུར་འགྱུར་གྱི། ཀུན་ཏུ་སྦྱོར་བའི་རྒྱུར་མ་ཡིན། རྣམ་པར་བྱང་བའི་རྒྱུར་འགྱུར་གྱི། ཀུན་ཏུ་ཉོན་མོངས་པའི་རྒྱུར་མ་ཡིན། འདོད་ཆེན་མི་ཆེ་བའི་རྒྱུར་འགྱུར་གྱི། འདོད་ཆེན་ཆེ་བའི་རྒྱུར་མ་ཡིན། ཆོག་ཤེས་པའི་རྒྱུར་འགྱུར་གྱི། ཆོག་མི་ཤེས་པའི་རྒྱུར་མ་ཡིན། དགང་སླ་བའི་རྒྱུར་འགྱུར་གྱི། དགང་དཀའ་བའི་རྒྱུར་མ་ཡིན། Pa60b གསོ་སླ་བའི་རྒྱུར་འགྱུར་གྱི། གསོ་དཀའ་བའི་རྒྱུར་མ་ཡིན་ཏེ། དེ་དག་ལ་འདི་ནི། ཆོས་སོ། །འདི་ནི། འདུལ་བའོ། །འདི་ནི། སྟོན་པས་བསྟན་པའོ། །ཞེས་ཤིན་ཏུ་རྟོགས་པར་ཤེས་པར་བྱོས་ཤིག་།གོའུ་ཏ་མི་སྐྱེ་རྒུའི་བདག་མོ་ཆེན་མོ་ལ་ཇི་སྐད་གསུངས་པ་དེ་བཞིན་དུ་བརྗོད་པར་བྱའོ། །བརྒྱད་པ་རྫོགས་སོ།། །།གནས་དགུ་སྟེ། སྟོན་པ་ལ་གནས་པ་དང ། ཆོས་ལ་གནས་པ་དང ། དགེ་འདུན་ལ་གནས་པ་དང ། སློབ་དཔོན་ལ་གནས་པ་དང ། མཁན་པོ་ལ་གནས་པ་དང ། བླ་མ་ལ་གནས་པ་དང ། གནས་ལ་གནས་པ་དང ། གང་ཟག་ལ་གནས་པ་དང ། ཡུལ་ལ་གནས་པའོ། །མི་རིགས་པའི་གནས་དགུ་སྟེ། དགྲ་བཅོམ་པ་ཟག་པ་ཟད་པ་ཤེས་བཞིན་དུ་སྲོག་ཆགས་འཚོ་བ་དང་འབྲལ་བར་བྱེད་པ་མི་རིགས་པ་དང ། མ་བྱིན་པར་ལེན་པ་དང ། མི་ཚངས་པར་སྤྱོད་ཅིང་འཁྲིག་པའི་ཆོས་ལ་བརྟེན་པ་དང ། ཤེས་བཞིན་གྱི་རྫུན་སྨྲ་བ་དང ། སྤགས་པ་ལ་ཀུན་ཏུ་སྤྱོད་པར་འདོད་ཅིང་ཟ་བ་དང ། ཤེས་བཞིན་དུ་བསླབ་པ་ལས་འདའ་བར་བྱེད་པ་དང ། བསླབ་པ་ཕུལ་ཞིང་འབབ་པར་བྱེད་པ་དང ། འདི་ལས་ཕྱི་རོལ་གཞན་དུ་སྟོན་པ་ཚོལ་བ་དང ། མོ་དང་ལྟས་ཀྱིས་རྣམ་པར་འདག་པར་ཡིད་ཆེས་ཀྱི། ལས་ཀྱིས་མ་ཡིན་པ་རྣམས་སུ་མི་རིགས་པའོ། །འདོད་པའི་དངོས་པོ་དགུ་སྟེ། འདི་ནི། བདག་ལ་གནོད་པར་འདོད་དོ། །མི་ཕན་པར་འདོད་དོ། །མི་བདེ་བར་འདོད་དོ། ། Pa61a ༄#། །བདེ་བ་དང་ལྡན་པར་འདོད་པ་མ་ཡིན་ནོ། །སྐྱིད་པ་དང་མི་ལྡན་པར་འདོད་པའོ། །འདིས་བདག་ལ་གནོད་པ་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ། །སྙམ་ནས་དེས་དེ་ལ་གནོད་པར་བྱེད་དོ། །གང་ཡང་བདག་ལ་གནོད་པར་འདོད་པ། མི་ཕན་པར་འདོད་པ། མི་བདེ་བར་འདོད་པ། བདེ་བར་འདོད་པ་མ་ཡིན་ནོ། །སྐྱིད་པ་དང་ལྡན་པར་མི་འདོད་དེ། འདིས་མི་གནོད་པར་འདོད། ཕན་པར་འདོད། བདེ་བར་འདོད། བདེ་བ་དང་ལྡན་པར་འདོད། སྐྱིད་པ་ལ་བདེ་བར་འདོད་དེ། འདིས་དེ་ལ་གནོད་པ་མ་བྱས་སོ། །མི་བྱེད་དོ། བྱེད་པར་མི་འགྱུར་རོ། །ཞེས་དེ་དེ་ལ་གནོད་པར་བྱེད་དོ། །སུ་ཞིག་ཡང་བདག་ལ་མི་གནོད་པར་འདོད་པ། ཕན་པར་འདོད་པ། བདེ་བར་འདོད་པ། བདེ་བ་དང་ལྡན་པར་འདོད་པ། སྐྱིད་པ་དང་ལྡན་པར་འདོད་པ་དེ་ལ་འདིས་གནོད་པར་འདོད། མི་ཕན་པར་འདོད། མི་བདེ་བར་འདོད། བདེ་བ་དང་མི་ལྡན་པར་འདོད། སྐྱིད་པ་དང་མི་ལྡན་པར་འདོད་ལ་གནོད་པར་བྱེད་དོ། །གནོད་པར་བྱེད་པ་དགུ་འདུལ་བ་སྟེ། འདི་ནི། བདག་ལ་གནོད་པར་འདོད། མི་ཕན་པར་འདོད། མི་བདེ་བར་འདོད། བདེ་བ་དང་མི་ལྡན་པར་འདོད། སྐྱིད་པ་དང་མི་ལྡན་པར་འདོད། འདིས་ནི། བདག་ལ་གནོད་པར་བྱས་སོ། །བྱེད་དོ། །བྱེད་པར་འགྱུར་རོ། །སྙམ་ནས་དེས་དེ་ལ་གནོད་པ་སྐྱེད་པ་སླར་འཇིལ་བར་བྱེད་དོ། །གང་ཡང་བདག་ལ་གནོད་པར་ Pa61b འདོད་པ། མི་ཕན་པར་འདོད་པ། མི་བདེ་བར་འདོད་པ། བདེ་བ་དང་མི་ལྡན་པར་འདོད་པ། སྐྱིད་པ་དང་མི་ལྡན་པར་འདོད་པ། དེ་ལ་འདི་གནོད་པར་མི་འདོད། ཕན་པར་འདོད། བདེ་བར་འདོད། བདེ་བ་དང་ལྡན་པར་འདོད། སྐྱིད་པ་དང་ལྡན་པར་འདོད་དེ། དེ་ལ་འདིས་གནོད་པ་མ་བྱས། མི་བྱེད། བྱེད་པར་མི་འགྱུར་རོ། །སྙམ་ནས་དེ་འདི་སྙམ་དུ་བདག་འདི་ལྟར་གྱུར་ཅིག་།འདི་ལྟར་མ་གྱུར་པར་གཞན་ལས་ཐོབ་པར་ག་ལ་འགྱུར་སྙམ་དུ་བསམ་ནས་དེས་དེ་ལ་གནོད་པ་སྐྱེད་པ་སླར་འཇིལ་བར་བྱེད་དོ། །ཡང་གང་བདག་ལ་མི་གནོད་པར་འདོད་པ། ཕན་པར་འདོད་པ། བདེ་བ་དང་ལྡན་པར་འདོད་པ། སྐྱིད་པ་དང་ལྡན་པར་འདོད་པ་དེ་ལ་འདི་གནོད་པར་འདོད། མི་ཕན་པར་འདོད། བདེ་བ་དང་མི་ལྡན་པར་འདོད། སྐྱིད་པ་དང་མི་ལྡན་པར་འདོད་པ་དེ་ལ་འདིས་གནོད་པ་བྱས། བྱེད། བྱེད་པར་འགྱུར་རོ། །སྙམ་པ་ལས། དེ་ཡང་འདི་སྙམ་དུ། བདག་འདི་ལྟར་གྱུར་ཅིག་།འདི་ལྟར་མ་གྱུར་པར་གཞན་ལས་ཐོབ་པར་ག་ལ་འགྱུར་སྙམ་དུ་བསམ་ནས་དེས་དེ་ལ་གནོད་པ་སྐྱེད་པ་སླར་འཇིལ་བར་བྱེད་དོ། །དགུ་པ་རྫོགས་སོ།། །།མདོར་ན། འདུལ་བ་མ་ཡིན་རྣམ་གཉིས་དང ། །འདུལ་བ་ལ་ཡང་རྣམ་གསུམ་སྟེ། །སྦྱིན་དང་བསྡུ་བར་བྱ་བ་དང ། །ཡོན་ཏན་རྣམས་ནི་ཐ་མའོ། །འདུལ་བ་མ་ཡིན་པ་བཅུ་ནི། མི་དགེ་བ་བཅུའི་ལས་ཀྱི་ལམ་སྟེ། སྲོག་གཅོད་པ་དང ། མ་བྱིན་པར་ལེན་པ་དང ། འདོད་པས་ལོག་པར་གཡེམ་པ་ Pa62a ༄#། །དང ། བརྫུན་དུ་སྨྲ་བ་དང ། ཕྲ་མ་དང ། ཚིག་རྩུབ་མོ་དང ། ཚིག་འཁྱལ་པ་དང ། ངན་དུ་སེམས་པ་དང ། ཆགས་པ་དང ། ལོག་པར་ལྟ་བའོ། །གཞན་ཡང་འདུལ་བ་མ་ཡིན་པ་བཅུ་ནི། ལོག་པའི་ཡན་ལག་བཅུ་སྟེ། ལོག་པར་ལྟ་བ་དང ། ལོག་པར་རྟོག་པ་དང ། ལོག་པར་སྨྲ་བ་དང ། ལོག་པའི་ལས་ཀྱི་མཐའ་དང ། ལོག་པར་འཚོ་བ་དང ། ལོག་པར་རྩོལ་བ་དང ། ལོག་པར་དྲན་པ་དང ། ལོག་པའི་ཏིང་ངེ་འཛིན་དང ། ལོག་པའི་རྣམ་པར་གྲོལ་བ་དང ། ལོག་པའི་ཡེ་ཤེས་སོ། །འདུལ་བ་བཅུ་ནི། དགེ་བ་བཅུའི་ལས་ཀྱི་ལམ་བཅུ་སྟེ། སྲོག་གཅོད་པ་ལས་སླར་ལྡོག་པ་དང ། མ་བྱིན་པ་ལེན་པ་ལས་སླར་ལྡོག་པ་དང ། འདོད་པས་ལོག་པར་གཡེམ་པ་ལས་སླར་ལྡོག་པ་དང ། བརྫུན་དུ་སྨྲ་བ་དང ། ཕྲ་མ་དང ། ཚིག་རྩུབ་པོ་དང ། ཚིག་འཁྱལ་པ་དང ། ངན་དུ་སེམས་པ་དང ། ཆགས་པ་དང ། ལོག་པར་ལྟ་བ་རྣམས་ལས་སླར་ལྡོག་པ་རྣམས་སོ། །གཞན་ཡང་འདུལ་བ་བཅུ་ནི། ཡང་དག་པའི་ཡན་ལག་བཅུ་སྟེ། ཡང་དག་པའི་ལྟ་བ་དང ། ཡང་དག་པའི་རྟོག་པ་དང ། ཡང་དག་པའི་ངག་དང ། ཡང་དག་པའི་ལས་ཀྱི་མཐའ་དང ། ཡང་དག་པའི་འཚོ་བ་དང ། ཡང་དག་པའི་རྩོལ་བ་དང ། ཡང་དག་པའི་དྲན་པ་དང ། ཡང་དག་པའི་ཏིང་ངེ་འཛིན་དང ། ཡང་དག་པར་རྣམ་པར་གྲོལ་བ་དང ། ཡང་དག་པའི་ཡེ་ཤེས་སོ། །གཞན་ཡང་འདུལ་བ་བཅུ་སྟེ། སངས་རྒྱས་ཀྱི་དུས་སུ་བྱུང་བ་ Pa62b དང ། དུས་ཐམས་ཅད་དུ་བྱུང་བ་དང ། ཉི་ཚེ་བའི་དུས་སུ་བྱུང་བ་དང ། ཐམས་ཅད་དུ་འགྲོ་བ་དང ། དུས་ཀྱི་འདུལ་བ་དང ། ཡུལ་གྱི་འདུལ་བ་དང ། གང་ཟག་གི་འདུལ་བ་དང ། གནས་ཀྱི་འདུལ་བ་དང ། རྩོད་པའི་འདུལ་བ་དང ། ཉོན་མོངས་པའི་འདུལ་བའོ། །བསྡུ་བ་བཅུ་སྟེ། ལྷུང་བཟེད་བསྡུ་བ་དང ། ཆོས་གོས་བསྡུ་བ་དང ། སྨན་བསྡུ་བ་དང ། ཟང་ཟིང་བསྡུ་པ་དང ། མལ་སྟན་བསྡུ་བ་དང ། མདོ་སྡེ་བསྡུ་པ་དང ། འདུལ་བ་བསྡུ་བ་དང ། མ་ལྟ་བུ་བསྡུ་བ་དང ། ཡོངས་སུ་དག་པ་བསྡུ་བ་དང ། ཉེས་པ་ལས་ལྡང་བ་བསྡུ་བའོ། །སྦྱིན་པ་བཅུ་སྟེ། ལྷུང་བཟེད་སྦྱིན་པ་དང ། ཆོས་གོས་སྦྱིན་པ་དང ། སྨན་སྦྱིན་པ་དང ། ཟང་ཟིང་སྦྱིན་པ་དང ། མལ་སྟན་སྦྱིན་པ་དང ། མདོ་སྡེ་སྦྱིན་པ་དང ། འདུལ་བ་སྦྱིན་པ་དང ། མ་ལྟ་བུ་སྦྱིན་པ་དང ། ཡོངས་སུ་དག་པ་སྦྱིན་པ་དང ། ཉེས་པ་ལས་ལྡང་བ་སྦྱིན་པ་སྟེ། འདི་དག་ཀྱང་བསྡུ་བའི་དངོས་པོ་བཅུ་པར་ཤེས་པར་བྱའོ། །འདུལ་བ་འཛིན་པའི་གང་ཟག་ལ་ཡོན་ཏན་བཅུ་སྟེ། བྱུང་བ་ཤེས་པ་དང ། བཅས་པ་ཤེས་པ་དང ། རྗེས་སུ་བཅས་པ་ཤེས་པ་དང ། མི་གནང་བར་ཤེས་པ་དང ། རྗེས་སུ་གནང་བར་ཤེས་པ་དང ། ངའི་ཕྱོགས་དེར་སྣང་བར་གྲགས་པ་དང ། སྣང་བར་གྱུར་པ་དང ། རབ་ཏུ་སྣང་བར་གྱུར་པ་དང ། ངའི་ཕྱོགས་དེར་མ་སྟོངས་པར་གྲགས་པ་དང ། འདུལ་བ་འཛིན་པའི་གང་ཟག་དེ་ལྟ་བུ་ཕྱོགས་གང་ན་གནས་པ་དེའི་ཕྱོགས་སུ་དེ་བཞིན་གཤེགས་པ་ Pa63a ༄#། །ཐུགས་ལས་ཆུང་བར་འགྱུར་རོ། །མདོར་ན། ཆད་པའི་ལས་དང་མངོན་སུམ་དང ། །བར་ཆད་བསྙེན་པར་རྫོགས་པ་དང ། །གླེང་པ་དག་དང་བཞི་པ་དང ། ། ཡིད་དུ་འོང་དང་རྣམ་དྲུག་གོ་།ཆད་པའི་ལས་བཅུ་སྟེ། བསྡིགས་པ་དང ། སྨད་པ་དང ། བསྐྲད་པ་དང ། བསྡུམ་པ་དང ། མ་མཐོང་ཞེས་བྱ་བས་གཞི་ནས་བསླང་བའི་ཆད་པ་དང ། གནས་ནས་དབྱུང་བ་དང ། གསོ་སྦྱོང་གཞག་པ་དང ། དགག་དབྱེ་གཞག་པ་དང ། གསོལ་བ་བརྗོད་པ་གཞག་པ་དང ། ཡིད་མགུ་བ་དང་བཅུའོ། །མངོན་སུམ་དུ་གྱུར་ནས་བསྙེན་པར་རྫོགས་པར་འགྱུར་བ་བཅུ་སྟེ། སྟོན་པ་མངོན་སུམ་དུ་གྱུར་ནས་བསྙེན་པར་རྫོགས་པར་འགྱུར་བ་དང ། སངས་རྒྱས་མངོན་སུམ་དུ་གྱུར་པ་དང ། ཆོས་མངོན་སུམ་དུ་གྱུར་པ་དང ། མཁན་པོ་མངོན་སུམ་དུ་གྱུར་པ་དང ། སློབ་དཔོན་མངོན་སུམ་དུ་གྱུར་པ་དང ། བསྙེན་པར་རྫོགས་པར་འདོད་པ་མངོན་སུམ་དུ་གྱུར་པ་དང ། བསྙེན་པར་རྫོགས་པར་འདོད་པའི་ཡོ་བྱད་མངོན་སུམ་དུ་གྱུར་པ་དང ། ཡོངས་སུ་དག་པ་མངོན་སུམ་དུ་གྱུར་པ་དང ། གསོལ་པ་མངོན་སུམ་དུ་གྱུར་པ་དང ། ལས་མངོན་སུམ་དུ་གྱུར་པ་རྣམས་སོ། །བསྙེན་པར་རྫོགས་པའི་བར་ཆད་དུ་འགྱུར་བ་བཅུ་སྟེ། མ་ནིང་དུ་གྱུར་པ་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་བསད་པ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དགེ་འདུན་ཕྱེ་བ་ Pa63b དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། རྐུན་གནས་དང ། སྔར་ཉེས་པ་བྱུང་བ་དང ། མུ་སྟེགས་ཅན་དུ་སོང་བ་རྣམས་སོ། །བསྙེན་པར་རྫོགས་པ་བཅུ་སྟེ། དེ་བཞིན་གཤེགས་པ་སློབ་དཔོན་མེད་པར་བསྙེན་པར་རྫོགས་པ་དང ། ཡེ་ཤེས་མངོན་པར་རྟོགས་ནས་བསྙེན་པར་རྫོགས་པ་ལྔ་དང ། འོད་སྲུང་ཆེན་པོས་སྟོན་པར་ཁས་བླངས་ཏེ་བསྙེན་པར་རྫོགས་པ་དང ། སོ་ད་ཡས་དྲིས་པའི་ལན་ལོན་པར་ཤེས་ནས་བསྙེན་པར་རྫོགས་པ་དང ། གོའུ་ཏ་མི་སྐྱེ་རྒུའི་བདག་མོ་ཆེན་མོ་བླ་མའི་ཆོས་ཁས་བླངས་པས་བསྙེན་པར་རྫོགས་པ་དང ། ཆོས་སྦྱིན་མ་འཕྲིན་པས་བསྙེན་པར་རྫོགས་པ་དང ། མཐའ་འཁོབ་ཏུ་འདུལ་བ་འཛིན་པ་དང་ལྔས་བསྙེན་པར་རྫོགས་པ་དང ། སློབ་དཔོན་མེད། མཁན་པོ་མེད་པར་བསྙེན་པར་རྫོགས་པ་དང ། དགེ་སློང་ཚུར་ཤོག་ཅེས་གསུངས་པས་བསྙེན་པར་རྫོགས་པ་དང ། གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པའོ། །གླེང་བ་བཅུ་སྟེ། དུས་དང ། དུས་མ་ཡིན་པ་དང ། བདེན་པ་དང ། མི་བདེན་པ་དང ། དོན་དང་ལྡན་པ་དང ། དོན་དང་མི་ལྡན་པ་དང ། སྙན་པ་དང ། ཚིག་རྩུབ་པོ་དང ། བྱམས་པ་དང་ལྡན་པ་དང ། ཞེ་སྡང་དང་ལྡན་པའོ། །ཆོས་བཅུ་དང་ལྡན་པས་གཞན་ལ་གླེང་བར་བྱ་སྟེ། ཚུལ་ཁྲིམས་དང་ལྡན་པར་གྱུར་པ་དང ། མང་དུ་ཐོས་པ་དང ། བརྩོན་འགྲུས་བརྩམས་པ་དང ། དྲན་པ་ཉེ་བར་གནས་པ་དང ། ཤེས་རབ་དང་ལྡན་ Pa64a ༄#། །པ་དང ། དུས་སུ་གླེང་གི་།དུས་ལས་འདས་པར་མ་ཡིན་པ་དང ། བདེན་པ་སྟེ། མི་བདེན་པར་མ་ཡིན་པ་དང ། དོན་དང་ལྡན་པ་སྟེ། དོན་དང་མི་ལྡན་པ་མ་ཡིན་པ་དང ། སྙན་པ་སྟེ། ཚིག་རྩུབ་མོ་མ་ཡིན་པ་དང ། བྱམས་པ་དང་ལྡན་པ་སྟེ། ཞེ་སྡང་དང་ལྡན་པ་མ་ཡིན་ནོ། །གཞན་ཡང་ཆོས་བཅུ་དང་ལྡན་པས་གཞན་ལ་གླེང་བར་བྱ་སྟེ། ཚུལ་ཁྲིམས་དང་ལྡན་པར་གྱུར་པ་དང ། མང་དུ་ཐོས་པ་དང ། བརྩོན་འགྲུས་བརྩམས་པ་དང ། མི་གཡེང་པ་དང ། ཤེས་རབ་ལྡན་པ་དང ། དུས་སུ་གླེང་གི། དུས་ལས་འདས་པ་མ་ཡིན་པ་དང ། བདེན་པ་སྟེ། མི་བདེན་པ་མ་ཡིན་པ་དང ། དོན་དང་ལྡན་པ་སྟེ། དོན་དང་མི་ལྡན་པ་མ་ཡིན་པ་དང ། སྙན་པ་སྟེ། ཚིག་རྩུབ་པོ་མ་ཡིན་པ་དང ། བྱམས་པ་དང་ལྡན་པ་སྟེ། ཞེ་སྡང་དང་ལྡན་པ་མ་ཡིན་པའོ། །གཞན་ཡང་ཆོས་བཅུ་དང་ལྡན་པས་གཞན་ལ་གླེང་བར་བྱ་སྟེ། ཚུལ་ཁྲིམས་དང་ལྡན་པ་དང ། མང་དུ་ཐོས་པ་དང ། བརྩོན་འགྲུས་བརྩམས་པ་དང་དྲན་པ་ཉེ་བར་གནས་པ་དང ། སོ་སོར་བརྟགས་པའི་སྟོབས་སུ་གྱུར་པ་དང ། དུས་སུ་གླེང་གི་།དུས་ལས་འདས་པར་མ་ཡིན་པ་དང ། བདེན་པ་སྟེ། མི་བདེན་པ་མ་ཡིན་པ་དང ། དོན་དང་ལྡན་པ་སྟེ། དོན་དང་མི་ལྡན་པ་མ་ཡིན་པ་དང ། ངག་སྙན་པ་སྟེ། རྩུབ་པོ་མ་ཡིན་པ་དང ། བྱམས་པ་དང་ལྡན་པ་སྟེ། ཞེ་སྡང་དང་ལྡན་པ་མ་ཡིན་པའོ། །ཆོས་བཅུ་དང་ལྡན་པའི་ Pa64b དགེ་སློང་ནི། ཚངས་པ་མཚུངས་པ་རྣམས་ལ་དགའ་བར་འགྱུར་ཏེ། ཚུལ་ཁྲིམས་དང་ལྡན་པ་དང ། མང་དུ་ཐོས་པ་དང ། བརྩོན་འགྲུས་བརྩམས་པ་དང ། དྲན་པ་ཉེ་བར་གནས་པ་དང ། ཤེས་རབ་དང་ལྡན་པ་དང ། མི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པར་གྱུར་པ་དང ། ཤེས་རབ་ཀྱི་ཕུང་པོ་དང ། ཏིང་ངེ་འཛིན་གྱི་ཕུང་པོ་དང ། རྣམ་པར་གྲོལ་བའི་ཕུང་པོ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་ལྡན་པར་གྱུར་པའོ། །ཇི་ལྟར་དགའ་བར་གྱུར་པ་དེ་བཞིན་དུ་གཉིས་པ་ཡིད་དུ་འོང་བ་ལ་ཡང་བཅུར་བརྗོད་པར་བྱའོ། །གསུམ་པ་བླ་མར་བྱས་པ་ལ་ཡང་བཅུར་བརྗོད་པར་བྱའོ། །བཞི་པ་མོས་པར་བྱས་པ་ལ་ཡང་བཅུར་བརྗོད་པར་བྱའོ། །ལྔ་པ་མཆོད་པ་ལ་ཡང་བཅུར་བརྗོད་པར་བྱའོ། །དྲུག་པ་བསྟོད་པ་ལ་ཡང་བཅུར་བརྗོད་པར་བྱའོ། །མདོར་ན། རབ་ཏུ་བྱུང་དང་བཞི་པོ་སྟེ། །རྣམ་པར་གྲོལ་དང་ཕུན་སུམ་དང ། །ཡོན་ཏན་དེ་བཞིན་སྦྱིན་པ་དང ། །གསོ་སྦྱོང་རྣམས་ཀྱི་གཞག་པའོ། །ཆོས་བཅུ་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ་སྟེ། བསྙེན་པར་རྫོགས་ནས་ལོ་བཅུ་ལོན་ནམ། དེ་ལས་ལྷག་པ་ཡང་རུང་བ་དང ། ལྷན་ཅིག་སྤྱོད་པ་དང ། ཉེ་གནས་ཀྱང་རུང་སྟེ། ནད་གཡོག་བྱེད་དུ་འཇུག་པར་ནུས་པ་དང ། ལྷན་ཅིག་སྤྱོད་པ་དང ། ཉེ་གནས་ལ་འགྱོད་པ་སྐྱེས་ན། སླར་སེལ་བའམ། སེལ་བར་བྱེད་དུ་འཇུག་པར་ནུས་པ་དང ། ལྷན་ཅིག་ Pa65a ༄#། །སྤྱོད་པ་དང ། ཉེ་གནས་རྣམས་སྡིག་པ་དང་ལྡན་པའི་རྣམ་པ་ཞིག་བྱུང་ན། སླར་གཏོང་ངམ། སླར་གཏོང་དུ་འཇུག་ནུས་པ་དང ། ལྷན་ཅིག་སྤྱོད་པ་དང ། ཉེ་གནས་ཡུལ་དེར་གནས་པར་མི་དགའ་ན། ཡུལ་གཞན་དུ་གཏོང་བར་ནུས་པ་དང ། ཚུལ་ཁྲིམས་དང་ལྡན་པ་དང ། མང་དུ་ཐོས་པ་དང ། བརྩོན་འགྲུས་བརྩམས་པ་དང ། དྲན་པ་ཉེ་བར་གནས་པ་དང ། ཤེས་རབ་དང་ལྡན་པའོ། །གཞན་ཡང་ཆོས་བཅུ་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ་སྟེ། བཅུ་གང་ཞེ་ན། ཉེས་པ་ཤེས་པ་དང ། ཉེས་པ་མེད་པར་ཤེས་པ་དང ། ལྕི་བ་ཤེས་པ་དང ། ཡང་བ་ཤེས་པ་དང ། དེས་སོ་སོར་ཐར་པའི་མདོ་ཁ་ཏོན་དུ་སློབ་པར་གྱུར་པ་དང ། སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང ། ཏིང་ངེ་འཛིན་གྱི་ཕུང་པོ་དང ། ཤེས་རབ་ཀྱི་ཕུང་པོ་དང ། རྣམ་པར་གྲོལ་བའི་ཕུང་པོ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་ལྡན་པར་གྱུར་པའོ། །གཞན་ཡང་ཆོས་བཅུ་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ་སྟེ། བྱུང་བ་ཤེས། བཅས་པ་ཤེས། རྗེས་སུ་བཅས་པ་ཤེས། མ་གནང་བ་ཤེས། རྗེས་སུ་གནང་བ་ཤེས། བར་ཆད་དུ་འགྱུར་བ་ཤེས། བར་ཆད་དུ་མི་འགྱུར་བ་ཤེས། ལུང་བསྒོ་བ་ཡིན། རྗེས་སུ་སྟོན་པ་ཡིན། གནས་བཅུར་ Pa65b འཇུག་ནུས་པ་ཡིན་ནོ། །གཞན་ཡང་ཆོས་བཅུ་དང་ལྡན་པས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ་སྟེ། དད་པ་ཕུན་སུམ་ཚོགས་པ་ཡིན། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང ། ཐོས་པ་ཕུན་སུམ་ཚོགས་པ་དང ། གཏོང་བ་ཕུན་སུམ་ཚོགས་པ་དང ། ཤེས་རབ་ཕུན་སུམ་ཚོགས་པ་དང ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང ། ཏིང་ངེ་འཛིན་ཕུན་སུམ་ཚོགས་པ་དང ། ཤེས་རབ་ཕུན་སུམ་ཚོགས་པ་དང ། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པའོ། །ཆོས་བཅུས་ན། རྣམ་པར་གྲོལ་བར་ཡང་དག་པར་འཇུག་པའི་རྒྱུར་འགྱུར་ཏེ། སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང ། ཏིང་ངེ་འཛིན་གྱི་ཕུང་པོ་དང ། ཤེས་རབ་ཀྱི་ཕུང་པོ་དང ། རྣམ་པར་གྲོལ་བའི་ཕུང་པོ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང ། མི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང ། ཏིང་ངེ་འཛིན་གྱི་ཕུང་པོ་དང ། ཤེས་རབ་ཀྱི་ཕུང་པོ་དང ། རྣམ་པར་གྲོལ་བའི་ཕུང་པོ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོའོ། །ཕུན་སུམ་ཚོགས་པ་བཅུ་སྟེ། སྟོན་པ་ཕུན་སུམ་ཚོགས་པ་དང ། ཆོས་ཕུན་སུམ་ཚོགས་པ་དང ། དགེ་འདུན་ཕུན་སུམ་ཚོགས་པ་དང ། སློབ་དཔོན་ཕུན་སུམ་ཚོགས་པ་དང ། མཁན་པོ་ཕུན་སུམ་ཚོགས་པ་དང ། ཚུལ་ཁྲིམས་ཕུན་སུམ་ཚོགས་པ་དང ། ཐོས་པ་ཕུན་སུམ་ཚོགས་པ་དང ། ཤེས་རབ་ཕུན་སུམ་ཚོགས་ Pa66a ༄#། །པ་དང ། རྣམ་པར་གྲོལ་བ་ཕུན་སུམ་ཚོགས་པ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་ཕུན་སུམ་ཚོགས་པའོ། །ཡོན་ཏན་བཅུ་སྟེ། དགེ་འདུན་བསྡུ་བ་དང ། དགེ་འདུན་ལ་དགེ་བ་དང ། དགེ་འདུན་བདེ་བར་སྤྱོད་པ་དང ། ཁྲེལ་མེད་པའི་གང་ཟག་རྣམས་ལ་ནན་ཏུར་བྱ་བ་དང ། ཁྲེལ་ཡོད་པའི་རྣམས་ལ་བརྩེ་བར་སྤྱོད་པ་དང ། མངོན་པར་མ་དད་པའི་རྣམས་མངོན་པར་དད་པར་བྱ་བ་དང ། མངོན་པར་དད་པའི་རྣམས་ཕྱི་ཕྱིར་དད་པར་བྱ་བ་དང ། ད་ལྟར་གྱི་ཚེ་འདིའི་ཟག་པ་རྣམས་བསྡམ་པ་དང ། ཚེ་ཕྱི་མའི་ཕྱིར་འབྱུང་བའི་རྣམས་རབ་ཏུ་གཞོམ་པ་དང ། ཚངས་པར་སྤྱོད་པས་རྗེས་སུ་ཕན་གདགས་པ་དང ། ཚངས་པར་སྤྱོད་པ་དང་མཐུན་པར་བྱ་བའི་ཕྱིར་ངའི་ཚངས་པར་སྤྱད་པ་རིང་དུ་གནས་པར་འགྱུར་ཞིང ། སྐྱེ་བོ་མང་པོ་ལ་ཕན་ཞིང་རྒྱས་པ། ལྷ་དང་མི་རྣམས་ལ་ཡང་དག་པར་བསྟན་པའི་བར་དུ་ཡོན་ཏན་དེ་བཅུ། དེ་བཞིན་གཤེགས་པས་གཟིགས་ནས་ཉན་ཐོས་རྣམས་ལ་བསླབ་པ་བཅས་སོ། །བྱིན་ཏུ་མི་རུང་བ་བཅུ་སྟེ། གང་ཟག་གང་ཡང་རུང་བ་ཞིག་གིས་གང་ཟག་ཅིག་ལ་སྦྱིན་པ་སྦྱིན་པ་དེ། གཞན་ལ་ཡང་བྱིན་ན། ཆོས་དང་མི་ལྡན་པར་བྱིན་ལ། ཆོས་དང་མི་ལྡན་པར་བླངས་ཏེ་མི་རུང་བར་སྤྱོད་པའོ། །གང་ཟག་ཅིག་ལ་སྦྱིན་པ་བྱིན་པ་དགེ་འདུན་ལ་ཡང་དབུལ་ན། ཆོས་དང་མི་ལྡན་པར་བྱིན་ལ་ཆོས་ Pa66b དང་མི་ལྡན་པར་བླངས་ཏེ། མི་རུང་བར་སྤྱོད་པའོ། །དེ་བཞིན་དུ་གང་ཟག་གཉིས་ལ་སྦྱིན་པ་བྱིན་གང་ཟག་གཅིག་ལ་བྱིན་ནམ། མང་པོའམ། དགེ་འདུན་གཉིས་ལ་བྱིན་ན། ཆོས་དང་མི་ལྡན་པར་བྱིན་ལ་ཆོས་དང་མི་ལྡན་པར་བླངས་ཏེ་མི་རུང་བར་སྤྱོད་པའོ། །དེ་ལྟར་གང་ཟག་གང་ཟག་གཅིག་ལ་བྱིན་ནམ། གཉིས་ལའམ། མང་པོའམ། དགེ་འདུན་ལ་ཕུལ་ན། ཆོས་དང་མི་ལྡན་པར་བྱིན་ལ་ཆོས་དང་མི་ལྡན་པར་བླངས་ཏེ། མི་རུང་བར་སྤྱོད་པའོ། །དེ་བཞིན་དུ་དགེ་འདུན་ལ་སྦྱིན་པ་བྱིན་ལ། གཅིག་ལའམ། གཉིས་ལའམ། མང་པོ་ལའམ། དགེ་འདུན་ལ་ཕུལ་ན། ཆོས་དང་མི་ལྡན་པར་བྱིན་ལ་ཆོས་དང་མི་ལྡན་པར་བླངས་ཏེ། མི་རུང་བར་སྤྱོད་པའོ། །དེ་བཞིན་དུ་དགེ་སློང་གི་དགེ་འདུན་ལ་སྦྱིན་པ་བྱིན་པ། དགེ་སློང་མའི་དགེ་འདུན་ལ་བྱིན་ནམ། དགེ་སློང་གི་དགེ་འདུན་ལ་སྦྱིན་པ་བྱིན་པ་དགེ་འདུན་གཉིས་ཀ་ལ་ཕུལ་ལམ། དགེ་སློང་མའི་དགེ་འདུན་ལ་སྦྱིན་པ་བྱིན་པ་དགེ་སློང་གི་དགེ་འདུན་ལ་ཕུལ་ལམ། དགེ་སློང་མའི་དགེ་འདུན་ནམ་དགེ་འདུན་གཉིས་ཀ་ལ་ཕུལ་ལམ། དགེ་འདུན་གཉིས་ཀ་ལ་སྦྱིན་པ་བྱིན་པ་དགེ་འདུན་སྡེ་གཉིས་གཞན་ལ་ཕུལ་ལམ། དགེ་འདུན་ཕྱོགས་དང ། གཞན་གྱི་ཕྱོགས་སུ་ཐ་དད་པར་གནས་ལ་ཕྱོགས་གཅིག་ལ་སྦྱིན་པ་བྱིན་པ་ཕྱོགས་གཉིས་པོ་ལ་ཕུལ་ན། ཆོས་དང་མི་ལྡན་པར་བྱིན་ལ། ཆོས་དང་མི་ལྡན་པར་བླངས་ཏེ། མི་རུང་བར་སྤྱོད་ Pa67a ༄#། །པའོ། །དེ་དག་ལས་སླར་བཟློག་ན། སྦྱིན་པར་རུང་བ་བཅུ་དང ། དཀར་པོའི་ཕྱོགས་སུ་བརྗོད་པར་བྱའོ། །ཆོས་དང་ལྡན་པའི་གསོ་སྦྱོང་གཞག་པ་བཅུ་སྟེ། ཕས་ཕམ་པར་གྱུར་པ་དང ། ཕས་ཕམ་པར་གྱུར་པའི་གཏམ་ལ་ཞུགས་པ་དང ། བསླབ་པ་ཕུལ་བར་གྱུར་པ་དང ། བསླབ་པ་ཕུལ་བའི་གཏམ་ལ་ཞུགས་པ་དང ། དགེ་འདུན་ལ་སྨད་པ་དང ། དགེ་འདུན་ལ་སྨད་པའི་གཏམ་ལ་ཞུགས་པར་གྱུར་པ་དང ། ཚུལ་ཁྲིམས་ཉམས་པར་གྱུར་པ་དང ། ལྟ་བ་ཉམས་པར་གྱུར་པ་དང ། སྤྱོད་པ་ཉམས་པར་གྱུར་པ་དང ། འཚོ་བ་ཉམས་པར་གྱུར་པའོ། །མདོར་ན། རྒོལ་བ་རྣམས་དང་སྐབས་དབྱེ་དང ། །གཟུ་བོར་བྱ་དང་ཞི་བ་གཉིས། །རྒོལ་བར་བྱེད་དང་ཉེས་པ་དང ། །མངོན་སུམ་བྱུང་བ་ཆད་པའོ། །རྒོལ་བའི་དགེ་སློང་གིས་དོན་གཟུང་བར་འདོད་ན། གནས་བཅུར་བསམ་པ་ཤིན་ཏུ་བསམ། དཔྱད་པ་ཤིན་ཏུ་དཔྱད། བརྟག་པ་ཤིན་ཏུ་བརྟགས་ལ་དོན་གཟུང་བར་བྱའོ། །བཅུ་གང་ཞེ་ན།་བདག་གིས་དོན་གཟུང་བར་འདོད་པ་དེ། བདེན་པས་དོན་དེ་འཛིན་ཏམ། འོན་ཏེ་མི་བདེན་པས་དོན་དེ་འཛིན། དོན་དེ་གཟུང་བའི་དུས་ལ་བབ་བམ། འོན་ཏེ་དུས་ལ་མ་བབ། དོན་གཟུང་བ་དེ་སྐབས་སུ་བབ་བམ། འོན་ཏེ་སྐབས་སུ་མ་བབ། དོན་དེ་གཟུང་བ་དེ་དོན་དང་ལྡན་པའམ། འོན་ཏེ་དོན་དང་མི་ལྡན། དེ་ལ་མཐོང་བའམ། ཐོས་པའམ། དོགས་ Pa67b པའམ། ལུས་ཀྱི་ཉེས་པའམ། དག་གི་ཉེས་པའམ། དེ་གང་གིས་སྨྲ་བར་བྱ། ཚེ་དང་ལྡན་པ་འདི་མི་དགེ་བའི་གནས་ནས་བསླང་སྟེ་དགེ་བའི་གནས་སུ་གཞོག་ནུས་སམ་སྙམ་དུ་བསམ་པའོ། །ལན་འདེབས་པའི་དགེ་སློང་གིས་ཀྱང་གནས་བཅུར་བསམ་པ་ཤིན་ཏུ་བསམ། དཔྱད་པ་ཤིན་ཏུ་དཔྱད། བརྟག་པ་ཤིན་ཏུ་བརྟགས་ལ་སླར་རྒོལ་བའི་དགེ་སློང་ལ་སྐབས་དབྱེ་སྟེ། བཅུ་གང་ཞེ་ན། ཅི། ཚེ་དང་ལྡན་པ་ཚུལ་ཁྲིམས་དང་ལྡན་ནམ། འོན་ཏེ་མ་ཡིན། ཁྲེལ་བ་ཅན་ནམ། འགྱོད་པ་ཅན་ནམ། སྡོམ་པ་ཅན་ནམ། བསླབ་པ་ལ་འདོད་པ་ཅན་ནམ། མང་དུ་ཐོས་པ། ཐོས་པ་འཛིན་པ་འཆང་པ་ཅན་ནམ། འདུལ་བ་དང་ལྷག་པའི་འདུལ་བ་ལ་ཤིན་ཏུ་མཁས་པའམ། ལུང་ཁ་ཏོན་ལོབས་པ་ཡིན་ནམ། ཅི། ཚེ་དང་ལྡན་པ་གཟུ་བོའི་དངོས་པོ་ཡོད་དམ་སྙམ་དུ་སེམས་པའོ། །ུ་པ་ལི། དེ་ལ་འདུལ་བ་འཛིན་པའི་གཟུ་བོས་ཀྱང་གནས་བཅུར་བསམ་པ་ཤིན་ཏུ་བསམ། དཔྱད་པ་ཤིན་ཏུ་དཔྱད། བརྟག་པ་ཤིན་ཏུ་བརྟགས་ལ་རྩོད་པ་གཟུང་བར་བྱའོ། །བཅུ་གང་ཞེ་ན། ཅི། བདག་རྩོད་པ་དེ་ཐོག་མ་བྱུང་བ་ལ་མཁས་སམ། ཅི། བདག་རྩོད་པ་དེ་ཐོག་མ་བྱུང་བའི་ནང་དུ་མ་གཏོགས་སམ། ཅི། བདག་ལ་གཟུ་བོའི་དངོས་པོ་ཡོད་དམ། རྒོལ་བ་དང ། ལན་གློན་པའི་དགེ་སློང་དེ་དག་བདག་གི་ཚིག་ཉན་ཏམ། བདག་གིས་རྒོལ་བ་དང ། ལན་གློན་པའི་དགེ་སློང་དེ་དག་ལ་ཆོས་བཞིན་བསྒོ་བར་ནུས་ Pa68a ༄#། །སམ།་བདག་གིས་རྒོལ་བ་དང ། ལན་གློན་པའི་དགེ་སློང་དེ་དག་གི་ལྟུང་བ་རྣམ་པར་སྦྱོང་ནུས་སམ། བདག་གིས་རྒོལ་བ་དང ། ལན་གློན་པའི་དགེ་སློང་དེ་དག་ལ་ནན་ཏུར་བྱ་ནུས་སམ། བདག་གིས་རྩོད་པ་འདི་ཆོས་བཞིན་འདུལ་བ་བཞིན། སྟོན་པས་བསྟན་པ་བཞིན་ཉེ་བར་ཞི་བར་བྱ་ནུས་སམ། བདག་གིས་རྒོལ་བ་དང་ལན་གློན་པའི་དགེ་སློང་དེ་དག་མི་དགེ་བའི་གནས་ནས་བསླང་སྟེ་དགེ་བའི་གནས་སུ་རབ་ཏུ་གཞོག་ནུས་སམ། བདག་གིས་རྩོད་པ་འདི་ཅི་ནས་ཕྱིན་ཆད་མི་འབྱུང་བར་འགྱུར་བ་དེ་ལྟ་བུར་ཉེ་བར་ཞི་བར་བྱེད་ནུས་སམ་སྙམ་དུ་བསམ་པའོ། དེ་ལ་ཨུ་པ་ལི། གཟུ་བོ་འདུལ་བ་འཛིན་པས་རྩོད་པ་གཟུང་བར་འདོད་པ་ན། གནས་བཅུར་བསམ་པ་ཤིན་ཏུ་བསམ། དཔྱད་པ་ཤིན་ཏུ་དཔྱད། བརྟག་པ་ཤིན་ཏུ་བརྟགས་ལ་རྩོད་པ་ཞི་བར་བྱའོ། །བཅུ་གང་ཞེ་ན། བདག་གིས་འདིར་འཆད་པའི་གསུངས་སྐད་དུ་སྨྲས་པ་དེ་ཟིན་པའི་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ།་མ་ལྟ་བུ་འཛིན་པའི་དགེ་སློང་དགེ་འདུན་གྱི་ནང་ན་ཡོད་པར་འགྱུར་རམ། དགེ་འདུན་འདི་དག་གི་ནང་ན་དགེ་སློང་རྩོད་པ་འདི་ཇི་ལྟར་ཆོས་དང ། ཇི་ལྟར་འདུལ་བ་དང ། ཇི་ལྟར་སྟོན་པས་བསྟན་པ་དེ་ལྟར་ཞི་བར་བྱེད་པ་བདག་གི་ཟླ་བོ་ཡོད་དམ། དགེ་འདུན་འདི་དག་གི་ནང་ན་དགེ་སློང་རྩོད་པ་འདི་ཕྱི་ཕྱིར་རྣམ་པར་མི་འཕེལ་བར་འགྱུར་བ་བདག་གི་ཟླ་ཡོད་དམ། དགེ་ Pa68b འདུན་འདི་དག་གི་ནང་ན་དགེ་སློང་གང་རྩོད་པ་འདི་ཆོས་བཞིན་ཞི་བར་བྱེད་དེ། ཕྱིན་ཆད་མི་འབྱུང་བར་བྱེད་པའི་བདག་གི་ཟླ་ཡོད་དམ། དགེ་འདུན་འདི་དག་གི་ནང་ན་དགེ་སློང་གང་རྒོལ་བ་དང ། ལན་གློན་པའི་དགེ་སློང་འདི་དག་རྩོད་པ་འདི་རྒྱལ་པོའི་འཁོར་དུ་འགྱེད་པ་ངེས་པའི་རིགས་དེར་འགྱེད་པར་གྱུར་ཅིག་ཅེས་ནས་ཆོས་བཞིན་དུ་བཟློག་པར་བྱའོ། །སྙམ་དུ་བསམ་པ་ཡོད་དམ། ཅི། བདག་གིས་རྩོད་པ་འདི་དགེ་འདུན་འདིའི་ནང་དུ་ཞི་བར་བྱེད་ནུས་སམ། བདག་གིས་རྩོད་པ་འདི་ཞི་བར་བྱ་བ་ཕྱི་རོལ་ཏུ་བཙལ་དགོས་པར་མི་འགྱུར་གྲང ། བདག་གིས་རྩོད་པ་འདི་ལ་རྒོལ་བ་དང ། ལན་གློན་པའི་དགེ་སློང་དེ་དག་གནས་ནས་གནས་སུ་འདོང་མི་དགོས་པར་ནུས་པར་འགྱུར་རམ། བདག་གིས་རྩོད་པ་འདི་ཇི་ལྟར་ཕྱིན་ཆད་མི་འབྱུང་བའི་ཆོས་སུ་དེ་ལྟ་བུར་ཞི་བར་ནུས་སམ་སྙམ་དུ་བསམ་པའོ། །ུ་པ་ལི། ཆོས་བཅུ་དང་ལྡན་པའི་འདུལ་བ་འཛིན་པས་རྩོད་པ་བྱུང་བ་ཞི་བར་བྱེད་ནུས་སོ། །བཅུ་གང་ཞེ་ན། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་སྟོན་ནུས་པར་གྱུར་པ་དང ། ཉན་ཐོས་ཀྱིས་བཤད་པའི་མདོ་སྡེ་འཆད་པ་དང ། སངས་རྒྱས་ཀྱི་དུས་སུ་བྱུང་བའི་མདོ་སྡེ་འཆད་པ་དང ། དུས་ཐམས་ཅད་དུ་བྱུང་བའི་མདོ་སྡེ་འཆད་པ་དང ། ཕྱོགས་གཅིག་པའི་མདོ་སྡེ་འཆད་པ་དང ། ནག་པོར་གསུངས་པ་དང ། དཀར་པོར་གསུངས་པའི་མདོ་སྡེ་འཆད་པ་དང ། མདོའི་ལུགས་བཙལ་ནས་མདོ་འཆད་པ་ཐམས་ Pa69a ༄#། །ཅད་དུ་འགྲོ་བའི་མདོ་སྡེ་འཆད་པ་དང ། མཐུན་པའི་མདོ་སྡེ་འཆད་པ་དང ། འདུལ་བ་དང་མཐུན་པའི་མདོ་སྡེ་འཆད་ནུས་པའོ། །ུ་པ་ལི། གཟུ་བོ་འདུལ་བ་འཛིན་པས་རྩོད་པ་བཟུང་ནས་རྣམ་པ་བཅུས་ཉེ་བར་ཞི་བར་བྱའོ། །བཅུ་གང་ཞེ་ན། དགེ་སློང་རྒོལ་བ་ཤེས་པར་བྱ། དགེ་སློང་ལན་འདེབས་པ་ཤེས་པར་བྱ། དགེ་སློང་རྒོལ་བ་དཔྱད་པར་བྱ། ལན་གློན་པའི་དགེ་སློང་དཔྱད་པར་བྱ། རྒོལ་བའི་དགེ་སློང་ཡི་དམ་བཅར་གཞུག་།ལན་གློན་པའི་དགེ་སློང་ཡི་དམ་བཅར་གཞུག་།རྒོལ་བའི་དགེ་སློང་གཏན་ལ་འབེབས་སུ་གཞུག་།ལན་གློན་པའི་དགེ་སློང་གཏན་ལ་འབེབས་སུ་གཞུག་།རྒོལ་བའི་དགེ་སློང་ལྡང་བར་བྱེད་དུ་གཞུག་།ལན་གློན་པའི་དགེ་སློང་ལྡང་བར་བྱེད་དུ་གཞུག་གོ་།ཆོས་བཅུ་དང་ལྡན་ན། འདུལ་བ་འཛིན་པ་ཉེས་པ་རྣམ་པར་སྟོན་ནུས་ཏེ། བཅུ་གང་ཞེ་ན། ཉེས་པ་ལྕི་བ་ཤེས། ཡང་བ་ཤེས། ལྷག་མ་དང་བཅས་པ་ཤེས། ལྷག་མ་མེད་པ་ཤེས། གནས་ངན་ལེན་ཤེས། གནས་ངན་ལེན་མ་ཡིན་པ་ཤེས། བཅས་པ་ཤེས། མ་བཅས་པ་ཤེས། བཤགས་པ་ཤེས། བསྡམ་པར་བྱ་བ་ཤེས་པའོ། །ཆོས་བཅུ་དང་ལྡན་པའི་འདུལ་བ་འཛིན་པ་ནི།་ལས་བྱེད་ནུས་པ་ཡིན་ཏེ། བཅུ་གང་ཞེ་ན། མངོན་དུ་གྱུར་པའི་ལས་ཤེས། མངོན་དུ་མ་གྱུར་པའི་ལས་ཤེས། སྐབས་བྱེ་བའི་ལས་ཤེས། སྐབས་མ་བྱེ་བའི་ལས་ཤེས་ Pa69b གླེང་བར་རིགས་པ་ཤེས། མི་གླེང་བར་རིགས་པ་ཤེས། དྲན་པར་བྱ་བར་རིགས་པ་ཤེས། མི་དྲན་པར་བྱ་བར་རིགས་པ་ཤེས། གཏན་ཚིགས་སུ་རིགས་པ་ཤེས། གཏན་ཚིགས་སུ་མི་རིགས་པ་ཤེས་པའོ། །ཆོས་བཅུ་དང་ལྡན་པའི་འདུལ་བ་འཛིན་པས་རྩོད་པ་ཞི་བར་བྱེད་ནུས་པ་ཡིན་ཏེ། བཅུ་གང་ཞེ་ན། བྱུང་བ་མ་ནོར་བར་བྱེད་པ་ཡིན། བཅས་པ་མ་ནོར་བར་བྱེད་པ་ཡིན། རྗེས་སུ་བཅས་པ་མ་ནོར་བར་བྱེད་པ་ཡིན། མ་གནང་བ་མ་ནོར་བར་བྱེད་པ་ཡིན། རྗེས་སུ་གནང་བ་མ་ནོར་བར་བྱེད་པ་ཡིན། དགེ་སློང་མི་གཙང་བའི་ཉེས་པ་མི་འཆབ་པར་བྱེད་པ་ཡིན། རྒོལ་བ་དང་ལན་གློན་པའི་དགེ་སློང་ལ་ཡི་དམ་བཅའ་བར་བྱེད་པ་ཡིན། མདོ་སྡེའི་ཚིག་ཉེ་བར་སྟོན་པར་བྱེད་པ་ཡིན། རྗེས་སུ་བཅས་པ་ཉམས་པར་མི་བྱེད་པ་ཡིན། འདུལ་བ་ལ་མཐུན་པ་ཡིན། ཆོས་བཞིན་རྩོད་པ་ཞི་བར་བྱེད་པ་ཡིན་ནོ། །ཆོས་བཅུ་དང་ལྡན་ན། འདུལ་བ་འཛིན་པས་ཆད་པའི་ལས་ཀྱིས་གཅོད་ནུས་པ་ཡིན་ཏེ། བཅུ་གང་ཞེ་ན། ཚངས་པའི་ཆད་པ་ཤེས། མི་དགའ་བར་འགྱུར་བའི་ལས་ཤེས། མི་སྤྱོད་པར་འགྱུར་བའི་ལས་ཤེས། མ་རུང་བར་བྱ་བའི་ལས་ཤེས། དེའི་ངོ་བོ་ཉིད་ཚོལ་དུ་གཞུག་པའི་ལས་ཤེས། བཟློག་པའི་ལས་ཤེས། སྤང་བའི་ལས་ཤེས། རྣམ་པར་དག་པའི་ལས་ཤེས། བྱིན་གྱིས་བརླབ་པའི་ལས་ཤེས། རྒོལ་བའི་ལས་ཤེས་པའོ། །འདུལ་བ་དམ་པའི་གཞུང་ལས། གཅིག་ནས་འཛེགས་པ་རྫོགས་སོ།། །། Pa70a ༄#། །འདུལ་བ་གཞུང་དམ་པ། བམ་པོ་ཉེར་བརྒྱད་པ། འདུལ་བ་ལས་ལྔ་པའི་མདོ་བསྡུས་པ་སྟེ། ཉེར་བཞག་འཇིགས་པ་སེལ་པ་དང ། །བྱིན་ལེན་བྱ་བ་བརྐུ་བ་དང ། །བསྙེན་པར་རྫོགས་དང་མཚམས་རྣམས་དང ། །ཟས་ཀྱང་དེ་བཞིན་སྐབས་དབྱེ་དང ། །དུགས་ཁང་དང་ནི་ཐ་མའོ། །མདོར་ན། ཉེར་བཞག་ཚུལ་ཁྲིམས་བདེན་པ་དང ། །སྨྲ་བར་བྱ་དང་ཕས་ཕམ་དང ། །ཉེས་བྱས་གཉིས་དང་ལྟ་བ་སྟེ། །ཉམས་པ་དང་ནི་ལྕི་བ་དང ། །ཇི་ལྟ་བུར་ནི་རིགས་ཀྱི་བུ། །དེ་མིན་རིམ་པར་བཅས་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། དགེ་སློང་གླེང་བ་ཞིག་གིས་གཞན་ལ་གླེང་བར་འཚལ་ན། གནས་དུར་གནས་ཏེ་གླེང་བར་བགྱི། དགེ་སློང་ཡང་སྐབས་འབྱེད་དུ་གཞུག་པར་བགྱི། ཨུ་པ་ལི། དགེ་སློང་ཞིག་དགེ་སློང་གཞན་ལ་གླེང་བར་འདོད་པས་གནས་ལྔ་ལ་གནས་ཏེ་གླེང་བར་བྱའོ། །དགེ་སློང་སྐབས་འབྱེད་དུ་གཞུག་པ་ལྔ་གང་ཞེ་ན། སྟོད་གཡོགས་ཕྲག་པ་གཅིག་ཏུ་གཟར་ཏེ་ལྷམ་ཕུད་ལ་རྒན་རིམ་དུ་འདུག་ནས་དགེ་སློང་གི་དགེ་འདུན་ལ་ཐལ་མོ་སྦྱར་བ་བཏུད་དེ་བྱམས་པའི་སེམས་ཉེ་བར་བཞག་ལ་གླེང་བའི་དགེ་སློང་དེ་ལ་སྐབས་འབྱེད་དུ་གཞུག་།གླེང་བའི་དགེ་སློང་གིས་གཞན་ལ་གླེང་བར་འདོད་པས་ཆོས་ལྔས་ནང་དུ་དྲན་པ་ཉེ་བར་བཞག་ལ་གཞན་ལ་གླེང་བར་བྱའོ། །ལྔ་གང་ཞེ་ན། ཅི། བདག་ཚུལ་ཁྲིམས་ Pa70b དང་ལྡན་ཞིང་སྔོན་རྫོགས་པ་ཡིན་ནམ། ངོ་ཚ་ཞིང་འགྱོད་པ་དང་ལྡན་ནམ། སྡོམ་པས་བསྡམས་པ་བསླབ་པར་འདོད་དམ། མང་དུ་ཐོས་ཤིང་ཐོས་པ་འཛིན། ཐོས་པ་ལ་སོགས་པ་ལུང་ཁ་ཏོན་ལོབས་སམ། ཅི། འདུལ་བ་དང ། ལྷག་པའི་འདུལ་བ་ལ་བདག་ཤིན་ཏུ་རྣམ་པར་གདོན་མི་ཟ་བར་གྱུར་ཏམ་སྙམ་དུ་བསམ་ནས་གླེང་བར་བྱེད་པའི་དགེ་སློང་གིས་གཞན་ལ་གླེང་བར་འདོད་ན། དེ་ལྟར་གནས་ལྔས་ནང་དུ་དྲན་པ་ཉེ་བར་བཞག་ལ་གཞན་ལ་གླེང་བར་བྱའོ། །གཞན་ཡང་དགེ་སློང་གླེང་བ་ཞིག་གླེང་བར་འདོད་པས་ཆོས་ལྔས་ནང་དུ་དྲན་པ་ཉེ་བར་བཞག་ལ་གླེང་བར་བྱའོ། །ལྔ་གང་ཞེ་ན། འདི་ལྟར་བདག་གཞན་ལ་གླེང་བར་འདོད་པ་དེ། ཅི་བདེན་པས་སམ། འོན་ཏེ་མི་བདེན་པས། དོན་དུ་བཟུང་བ་འདི་དུས་ལ་བབ་བམ། འོན་ཏེ་དུས་ལ་མ་བབ། ཅི།་དོན་བཟུང་བ་སྐབས་སུ་བབ་བམ། འོན་ཏེ་སྐབས་སུ་མ་བབ།་ཅི། དོན་བཟུང་བ་འདི་དོན་དང་ལྡན་པའམ། འོན་ཏེ་དོན་དང་ལྡན་པ་མ་ཡིན། དེ་ལ་མཐོང་བས་སམ། ཐོས་པས་སམ། དོགས་པས་སྨྲ་བར་བྱའམ་ཞེས་གླེང་བའི་དགེ་སློང་གིས་གཞན་ལ་གླེང་བར་འདོད་པས་ཆོས་དེ་ལྔས་ནང་དུ་དྲན་པ་ཉེ་བར་བཞག་ལ་གཞན་ལ་གླེང་བར་བྱའོ། །གླེང་བར་བྱེད་པའི་དགེ་སློང་གིས་གླེང་བའི་དགེ་སློང་ལ་རྣམ་པ་ལྔས་སྐབས་འབྱེད་དུ་གཞུག་པར་བྱའོ། །ལྔ་གང་ཞེ་ན། འདི་ལྟར། ཁྱོད་ལ་གླེང་གི། ཤེས་པར་གྱིས་ཤིག་།ཚེ་དང་ལྡན་པ། ཁྱོད་ལ་སྨྲའོ། །ཚེ་དང་ Pa71a ༄#། །ལྡན་པ། ཁྱོད་ལ་གླེང་ངོ ། །ཚེ་དང་ལྡན་པ། ཁྱོད་ལ་དྲན་པར་བྱའོ། །ཚེ་དང་ལྡན་པ། ཁྱོད་ཀྱིས་བདག་ལ་སྐབས་དབྱེ་བར་བྱོས་ཤིག་།ཕས་ཕམ་པ་དང ། དགེ་འདུན་གྱི་ལྷག་མ་དང ། ལྟུང་བ་དང ། སླར་བཤགས་པ་དང ། ཉེས་བྱས་རྣམས་ལས་གང་ཁྱོད་ལ་སྨྲས། གང་ཁྱོད་ལ་བརྗོད། གང་ཁྱོད་ལ་གླེང ། གང་ཁྱོད་ལ་དྲན་པར་བྱ། གང་ཁྱོད་ལ་སྐབས་འབྱེད་དུ་གཞུག་།ཉེས་བྱས་སུ་གྱུར་ན། ཕམ་པ་ལས་བྱུང་བའམ། དགེ་འདུན་གྱི་ལྷག་མ་ལས་བྱུང་བའམ། ལྟུང་བ་ལས་བྱུང་བའམ། སོ་སོར་བཤགས་པ་ལས་བྱུང་བའམ། བསླབ་པ་ལས་བྱུང་བ་རྣམས་གང་ཁྱོད་ལ་བརྗོད་པར་བྱ། བཤགས་པར་བྱ་བའམ། བསྡམ་པར་བྱ་བའམ། འདུལ་བ་ལས་ཤིན་ཏུ་འདས་པའམ། ངན་དུ་སྨྲ་བ་ལས་བྱུང་བའམ། མངོན་དུ་སྤྱད་པ་རྣམས་ཀྱིས་ཉེས་བྱས་གང་ཁྱོད་ལ་བརྗོད་པར་བྱ། ཁྱོད་ལ་མཐོང་བའམ། ཐོས་པའམ། དོགས་པ་གང་སྨྲ་བར་བྱ། ལུས་ཀྱིས་འདས་པ་དང ། ངག་གིས་འདས་པ་གང་ཁྱོད་ལ་སྨྲ་བར་བྱ། ལྟུང་བ་ལྕི་བའམ། ཡང་བའམ། ལྷག་མ་དང་བཅས་པའམ། ལྷག་མ་མ་ལུས་པའམ། ཐམས་ཅད་ལས་འདས་པའམ། ལྟུང་བ་གང་ཁྱོད་ལ་སྨྲ་བར་བྱ། ཚུལ་ཁྲིམས་ཉམས་པའམ། ལྟ་བ་ཉམས་པའམ། འཚོ་བ་ཉམས་པའམ། ཉམས་པ་ཐམས་ཅད་གང་ཁྱོད་ལ་སྨྲ་བར་བྱ། ཁྱོད་འགྲོ་བའམ། Pa71b འགྲེང་བའམ། འདུག་པའམ། ཉལ་བའམ། འཆག་པའམ། སྤྱོད་ལམ་གང་ཁྱོད་ལ་སྨྲ་བར་བྱ། གྲོང་དུ་བྱས་པའམ། དགོན་པར་བྱས་པའམ། ལམ་དུ་བྱས་པའམ། ལམ་ལས་གོལ་བར་བྱས་པའམ། དབེན་པར་བྱས་པ་རྣམས་གང་དུ་བྱས་པས་ཁྱོད་ལ་གླེང་བར་བྱ་ཞེས་དགེ་སློང་གླེང་བར་བྱེད་པས་གླེང་བའི་དགེ་སློང་ལ་རྣམ་པ་འདི་ལྔས་སྐབས་ཕྱེ་ནས་ཡི་དམ་འཆར་ཆུག་ལ་གདོད་གླེང་བར་བྱའོ། །དེ་སྟེ་ཁས་མི་ལེན་ན། གླེང་བར་བྱེད་པའི་དགེ་སློང་གིས་བྱམས་པའི་སེམས་དང ། སྙིང་རྗེའི་སེམས་དང ། ཕན་པའི་སེམས་དང ། རྗེས་སུ་བརྩེ་བའི་སེམས་དང ། བསླང་བར་འདོད་པའི་སེམས་ཀྱིས་གླེང་བར་བྱའོ། །ལན་འདེབས་པའི་དགེ་སློང་གིས་ཀྱང་ཕས་གླེང་བར་བྱེད་པའི་ཚེ་གནས་ལྔ་ལ་གནས་ནས་གླེང་བར་བྱེད་པའི་དགེ་སློང་ལ་སྐབས་དབྱེ་བར་བྱའོ། །གནས་ལྔ་གང་ཞེ་ན། སྟན་ལས་ལངས། ལྷམ་ཕུད། སྟོད་གཡོགས་ཕྲག་པ་གཅིག་ཏུ་གཟར་ཏེ་རྒན་རིམ་ལ་ཐལ་མོ་སྦྱར་བ་བཏུད་ནས་བསྟི་སྟང་དུ་བཅས། འཇིགས་པ་དང་བཅས་པའི་དབང་དུ་བྱས་ལ་གླེང་བར་བྱེད་པའི་དགེ་སློང་ལ་སྐབས་དབྱེ་བར་བྱའོ། །གླེང་བའི་དགེ་སློང་གིས་གླེང་བར་བྱེད་པའི་དགེ་སློང་ལ་སྐབས་དབྱེ་བར་འདོད་ན། གླེང་བར་བྱེད་པའི་དགེ་སློང་ལ་གནས་ལྔར་བརྟག་པར་བྱའོ། །ལྔ་གང་ཞེ་ན། ཅི། ཚེ་དང་ལྡན་པ་འདི་ཚུལ་ཁྲིམས་དང་ལྡན་ཞིང་སྔོན་རྫོགས་པ་ཡིན་ནམ། ངོ་ཚ་ཞིང་འགྱོད་པ་དང་ལྡན་ Pa72a ༄#། །ནམ།་སྡོམ་པས་བསྡམས་ཤིང་སྡོམ་པར་དད་དམ། ཅི། ཚེ་དང་ལྡན་པ་མང་དུ་ཐོས་པ། ཐོས་པ་འཛིན་པ། ཐོས་པ་བསགས་པའམ། ལུང་ཁ་ཏོན་ལོབས་སམ།་འདུལ་བ་དང ། ལྷག་པའི་འདུལ་བ་དང ། མདོ་སྡེ་ལ་ཤིན་ཏུ་རྣམ་པར་གདོན་མི་ཟ་བ་ཡིན་ནམ་ཞེས་གླེང་བའི་དགེ་སློང་གིས་གླེང་བར་བྱེད་པའི་དགེ་སློང་ལ་གནས་འདི་ལྔས་བརྟགས་ལ་དེའི་འོག་ཏུ་སྐབས་དབྱེ་བར་བྱའོ། །གླེང་པའི་དགེ་སློང་གིས་གླེང་བར་བྱེད་པའི་དགེ་སློང་ལ་སྐབས་དབྱེ་བར་འདོད་པས། ཆོས་ལྔ་ནང་དུ་དྲན་པ་ཉེ་བར་བཞག་ལ་སྐབས་དབྱེ་བར་བྱའོ། །ལྔ་གང་ཞེ་ན། བདག་ལ་གཞན་གྱིས་གླེང་བ་དེ། བདེན་པས་གླེང་གི། མི་བདེན་པས་མ་ཡིན་པ་དང ། དུས་སུ་གླེང་གི། དུས་ལས་འདས་པར་མ་ཡིན་པ་དང ། དོན་དང་ལྡན་པས་གླེང་གི། དོན་དང་མི་ལྡན་པར་མ་ཡིན་པ་དང ། ཚིག་འཇམ་པོས་གླེང་གི། རྩུབ་པོས་མ་ཡིན་པ་དང ། བྱམས་པ་དང་ལྡན་པས་གླེང་གི། ཞེ་སྡང་དང་ལྡན་པས་མ་ཡིན་པ་འདི་ལྟ་བུ་གཞན་ལས་རྙེད་པར་ག་ལ་འགྱུར་སྙམ་དུ་བསམ་ནས་གླེང་བའི་དགེ་སློང་གིས་གླེང་བར་བྱེད་པའི་དགེ་སློང་ལ་སྐབས་དབྱེ་བར་འདོད་པས། ཆོས་འདི་ལྔ་ནང་དུ་དྲན་པ་ཉེ་བར་བཞག་ནས་གླེང་བར་བྱེད་པའི་དགེ་སློང་ལ་ཚིག་འདི་སྐད་སྨྲོས་ཤིག་།ཀྱེ་གླེང་བར་བྱེད་པའི་ཚེ་དང་ལྡན་པ། ཁྱོད་ཤེས་པར་གྱིས་ལ་བདག་ལ་སྨྲོས་ཤིག་།ཚེ་དང་ལྡན་པ། ཁྱོད་ཀྱིས་ Pa72b བདག་ལ་སྒོས་ཤིག་།ཚེ་དང་ལྡན་པ། ཁྱོད་ཀྱིས་བདག་ལ་གླེངས་ཤིག་།ཚེ་དང་ལྡན་པ། ཁྱོད་ལ་སྐབས་དབྱེ་བར་བྱའོ། བདག་ལ་ཇི་སྐད་དུ་སྨྲ། བདག་ལ་ཇི་སྐད་དུ་བསྒོ། བདག་ལ་ཇི་སྐད་དུ་གླེང ། བདག་ལ་ཇི་ལྟ་བུར་དྲན་པར་བྱ། གང་གི་ཕྱིར་བདག་གིས་སྐབས་དབྱེ་བར་བྱ། ཉེས་པའི་ནང་ནས་ཕས་ཕམ་པའམ། དགེ་འདུན་གྱི་ལྷག་མའམ། ལྟུང་བའམ། སོ་སོར་བཤགས་པ་རྣམས་ལས་གང་སྨྲ་བར་བྱ། ཉེས་བྱས་རྣམས་ལས་ཀྱང་ཕས་ཕམ་པའམ། དགེ་འདུན་གྱི་ལྷག་མ་ལས་བྱུང་བའམ། ལྟུང་བ་ལས་བྱུང་བའམ། སོ་སོར་བཤགས་པ་ལས་བྱུང་བའམ། བསླབ་པ་ལས་བྱུང་བ་རྣམས་གང་སྐབས་དབྱེ་བར་བགྱི། བཤགས་པར་བྱ་བའམ། བསྡམ་པར་བྱ་བ་བའམ། འདུལ་བ་ལས་འདས་པའམ། ངན་དུ་སྨྲ་བ་ལས་བྱུང་བའམ། མངོན་པར་སྤྱད་པ་ལས་བྱུང་བ་རྣམས་ཀྱི་ཉེས་བྱས་གང་གིས་སྐབས་དབྱེ་བར་བྱ། བདག་ལ་མཐོང་བའམ། ཐོས་པའམ། དོགས་པའམ། ལུས་ཀྱིས་འདས་པའམ། ངག་གིས་འདས་པའམ། བདག་ལ་མངོན་པར་སྤྱོད་པ་གང་སྨྲ། བདག་ལ་ལྕི་བའམ། ཡང་བའམ། ལྷག་མ་དང་བཅས་པའམ། ལྷག་མ་མ་ལུས་པའམ། ཐམས་ཅད་ལས་འདས་པའམ། བདག་ལ་ཉེས་པ་གང་སྨྲ། ཚུལ་ཁྲིམས་ཉམས་པའམ། ལྟ་བ་ཉམས་པའམ། སྤྱོད་པ་ཉམས་པའམ། འཚོ་བ་ཉམས་པའམ། ཐམས་ཅད་ཉམས་པའམ། ཉམས་པ་གང་སྨྲ། འགྲོ་བ་དང ། འགྲེང་བ་དང ། འདུག་པ་དང ། Pa73a ༄#། །ཉལ་བ་དང ། མ་ཉལ་བ་རྣམས་སྤྱོད་ལམ་གང་བྱས་པ་ལས་སྨྲ། གྲོང་དུ་བྱས་པའམ། དགོན་པར་བྱས་པའམ། ལམ་དུ་བྱས་པའམ། ལམ་གོལ་བར་བྱས་པའམ། མཚན་མོར་བྱས་པའམ། ཉིན་པར་བྱས་པ་རྣམས་ལས་བདག་གིས་གང་དུ་བྱས་པ་སྨྲོས་ཤིག་།གླེང་བའི་དགེ་སློང་གིས་གླེང་བར་བྱེད་པའི་དགེ་སློང་བ་རྣམ་པ་འདི་ལྔས་སྐབས་ཕྱེ་ལ། ཡི་དམ་བཅར་བཅུག་སྟེ་ཚིག་འདི་སྐད་སྨྲོས་ཤིག་།གླེང་བར་བྱེད་པ་ཇི་ལྟར་ཡི་དམ་བཅས་པའི་ཉེས་པ་སྨྲོས་ཤིག་ཅེས་བྱའོ། །མདོར་ན། འཇིགས་པར་གྱུར་དང་འཁྲུལ་པ་དང ། །ཚངས་པའི་ཆད་པ་རིམ་གྲོ་མེད། །བསྡིགས་པའི་ཆད་པ་མངོན་སུམ་དང ། །བདེན་པ་རྣམས་ཀྱང་དེ་བཞིན་ནོ། །གང་གི་ཚེ་གླེང་བའི་དགེ་སློང་གིས་སྐབས་ཕྱེ་བར་གྱུར་པ་དེའི་ཚེ་ན་གླེང་བར་བྱེད་པའི་དགེ་སློང་གིས་གནས་ལྔར་ཡིད་བརྟན་པར་བྱ་སྟེ། ཚེ་དང་ལྡན་པ། མ་འཇིགས་ཤིག་།ཁྱོད་འཇིགས་པར་མ་བྱེད་ཅིག། ཁྱོད་སྐྲག་པར་མ་བྱེད་ཅིག་།ཀུན་ཏུ་མ་སྐྲག་ཅིག་།ཁྱོད་ཀུན་ཏུ་སྐྲག་པར་མ་བྱེད་ཅིག་།མ་དངངས་ཤིག་།དངང་པར་མ་བྱེད་ཅིག་།མ་འཛེམ་ཞིག་།འཛེམ་པར་མ་བྱེད་ཅིག་།གླེང་བར་བྱེད་པའི་དགེ་སློང་གིས་གླེང་བའི་དགེ་སློང་ལ་གཞན་ཡང་གནས་ལྔར་ཡིད་བརྟན་པར་བྱ་སྟེ། ཚེ་དང་ལྡན་པ། ཁྱོད་ཀྱི་འཁྲུལ་པ་མི་འཛིན་ཏོ། །ཁྱོད་ཀྱི་དངངས་པའི་སྐབས་མི་འཛིན་གྱི། ཚེ་དང་ལྡན་པ། ཁྱོད་ལ་གཏན་ལ་ Pa73b བབ་པར་འཛིན་ཏོ། །ཚེ་དང་ལྡན་པ་ལན་གསུམ་གྱི་བར་དུ་དམ་བཅའ་བ་ལ་གཞུག་གོ་།གླེང་བའི་དགེ་སློང་གིས་གླེང་བར་བྱེད་པའི་དགེ་སློང་ལ་གཞན་ཡང་གནས་ལྔར་ཡིད་བརྟན་པར་བྱའོ།། དེ་སྟེ་ཚེ་དང་ལྡན་པ། ཁྱོད་ཚངས་པའི་ཆད་པས་རིགས་པར་གྱུར་ན། ཚངས་པའི་ཆད་པས་བསྒོ་བར་བྱའོ། །དེ་སྟེ་མི་དགའ་བར་ཚོར་བས་འོས་བར་གྱུར་ན། དགའ་བར་འགྱུར་བའི་ལས་བྱའོ། །གླེང་བར་བྱེད་པའི་དགེ་སློང་གིས་གླེང་བའི་དགེ་སློང་ལ་གཞན་ཡང་གནས་ལྔར་ཡིད་བརྟན་པར་བྱའོ། །དེ་སྟེ་ཚེ་དང་ལྡན་པ། ཁྱོད་རིམ་གྲོ་མེད་པར་བྱེད་ན། རིམ་གྲོ་མེད་པའི་ནང་དུ་བགྲང་བར་བྱའོ། །དེ་སྟེ་ཚེ་དང་ལྡན་པ། ཁྱོད་ཉེས་པ་ངོར་བརྗོད་ན་ནི། ཉེས་པ་ངོར་བརྗོད་པའི་ནང་དུ་བགྲང་བར་བྱའོ། །དེ་སྟེ་ཁྱོད་གཞན་ཟེར་རོ། །ཞེས་འཕྱས་འདོགས་ན་ནི། གཞན་ཟེར་རོ། །ཞེས་འཕྱས་འདོགས་པའི་ནང་དུ་ཁྱོད་བགྲང་བར་བྱའོ། །དེ་སྟེ་བསྒོ་བ་མི་ཉན་ན་ནི། བསྒོ་བ་མི་ཉན་པར་ཁྱོད་བགྲང་བར་བྱའོ། །དེ་སྟེ་ཅང་མི་སྨྲ་བས་བསྒོ་བ་མི་ཉན་ན་ནི། ཡང་ཅང་མི་སྨྲ་བའི་ནང་དུ་ཁྱོད་བགྲང་བར་བྱའོ། །གླེང་བར་བྱེད་པའི་དགེ་སློང་གིས་གླེང་བའི་དགེ་སློང་ལ་གཞན་ཡང་གནས་ལྔར་ཡིད་བརྟན་པར་བྱ་སྟེ། དེ་སྟེ་ཚེ་དང་ལྡན་པ། ཁྱོད་ལ་བསྡིགས་པའི་ལས་བྱ་བར་འོས་ན་ནི། ཁྱོད་ལ་བསྡིགས་པའི་ལས་བྱའོ། །དེ་སྟེ་ལོངས་སྤྱོད་མི་གཅིག་པར་འོས་ན་ནི། ལོངས་སྤྱོད་མི་གཅིག་པའི་ལས་བྱའོ། །དེ་སྟེ་མིག་ལམ་ན་མི་སྣང་བར་འོས་ན་ནི། Pa74a ༄#། །ཁྱོད་ལ་མིག་ལམ་ན་མི་སྣང་བའི་ལས་བྱའོ། །དེ་སྟེ་བསྐྲད་པར་འོས་ན་ནི། བསྐྲད་པའི་ལས་བྱའོ། །དེ་སྟེ་སྨད་པའི་ལས་བྱ་བར་འོས་ན་ནི། སྨད་པའི་ལས་བྱའོ། དེ་སྟེ་སླར་བསྡུམ་པར་འོས་ན་ནི། ཁྱོད་ལ་བསྡུམ་པའི་ལས་བྱའོ། །དེ་སྟེ་སྤང་བར་འོས་ན་ནི། སྤང་བའི་ལས་བྱའོ། །གླེང་བར་བྱེད་པའི་དགེ་སློང་གིས་གླེང་བའི་དགེ་སློང་ལ་གཞན་ཡང་གནས་ལྔར་ཡིད་བརྟན་པར་བྱ་སྟེ། དེ་སྟེ་ཚེ་དང་ལྡན་པ། ཁྱོད་ལ་ཆད་པ་གཅད་པར་འོས་ན་ནི། ཁྱོད་ལ་ཆད་པས་གཅད་པར་བྱའོ། །གཞི་ནས་བསླང་སྟེ་ཆད་པས་གཅད་པར་འོས་ན་ནི། ཁྱོད་གཞི་ནས་བསླངས་ཏེ་ཆད་པས་གཅད་པར་བྱའོ། །དེ་སྟེ་ཡིད་མགུ་བར་འོས་ན་ནི། ཁྱོད་ཡིད་མགུ་བར་བྱེད་དུ་གཞུག་གོ་།དེ་སྟེ་གཞི་ནས་བསླང་སྟེ་ཡིད་མགུ་བ་བྱེད་པར་འོས་ན་ནི། ཁྱོད་གཞི་ནས་བསླང་སྟེ་ཡིད་མགུ་བར་བྱེད་དུ་གཞུག་གོ། དེ་སྟེ་སླར་གཞི་ནས་བསླང་སྟེ་ཆད་པ་བྱེད་དུ་གཞུག་པར་འོས་ན་ནི། ཁྱོད་ལ་སླར་གཞི་ནས་བསླངས་ཏེ་ཆད་པ་བྱེད་དུ་གཞུག་པའི་ལས་བྱའོ། །དེ་སྟེ་སླར་གཞི་ནས་བསླང་སྟེ་ཡིད་མགུ་བ་བྱེད་དུ་གཞུག་པར་འོས་ན་ནི། ཁྱོད་སླར་གཞི་ནས་ཡིད་མགུ་བར་བྱེད་དུ་གཞུག་གོ་།གླེང་བར་བྱེད་པའི་དགེ་སློང་གིས་གླེང་པའི་དགེ་སློང་ལ་གཞན་ཡང་གནས་ལྔར་ཡིད་བརྟན་པར་བྱ་སྟེ། དེ་སྟེ་ཚེ་དང་ལྡན་པ། ཁྱོད་མངོན་སུམ་གྱིས་འདུལ་བར་འོས་ན་ནི། ཁྱོད་མངོན་སུམ་དུ་འདུལ་ Pa74b བར་བྱའོ། །དེ་སྟེ་དྲན་པས་འདུལ་བར་འོས་ན་ནི། ཁྱོད་དྲན་པས་འདུལ་བར་བྱའོ། །དེ་སྟེ་མ་རྨོངས་པས་འདུལ་བར་འོས་ན་ནི། ཁྱོད་མ་རྨོངས་པས་འདུལ་བར་བྱའོ། །དེ་སྟེ་དེའི་ངོ་བོ་ཚོལ་བས་འདུལ་བར་འོས་ན་ནི། ཁྱོད་དེའི་ངོ་བོ་ཚོལ་བས་འདུལ་བར་བྱའོ། །དེ་སྟེ་ཚུལ་ཤིང་མང་པོར་བྱ་བར་འོས་ན་ནི། ཁྱོད་ལ་ཚུལ་ཤིང་མང་པོར་བྱ་བར་སྦྱིན་ནོ། །གླེང་བར་བྱེད་པའི་དགེ་སློང་གིས་གླེང་བའི་དགེ་སློང་ལ་གཞན་ཡང་གནས་ལྔར་ཡིད་བརྟན་པར་བྱ་སྟེ། གླེང་བ་ཁྱོད་ཉོན་ཅིག་།ཁྱོད་ལ་གང་དྲིས་པ་དེ་ལྟ་བུར་ཁྱོད་ཀྱིས་སྨྲོས་ཤིག་།ཇི་ལྟར་བདག་ཉིད་སུན་པར་མི་འགྱུར་བ་དང ། གཞན་ལ་གནོད་པར་མི་འགྱུར་བ་དང ། སྐྱོན་མེད་པའི་དགེ་སློང་རྣམས་ལ་གཙེ་བར་མི་འགྱུར་བ་དང ། མངོན་སུམ་པའི་དགེ་སློང་རྣམས་མངོན་སུམ་དུ་མི་སྨོད་པ་དང ། གཟུ་བོའི་དགེ་སློང་རྣམས་ལ་མདོ་སྡེའི་ཚིག་དང་མི་མཐུན་པར་མ་བྱེད་ཅིག་།དེ་ལྟར་བྱས་ན། དགེ་ཞིང་ཤིན་ཏུ་དགེ་བར་འགྱུར་རོ། །མདོར་ན། ཉེས་པ་འཕྱས་འདོགས་དེ་བཞིན་ཏེ། ། ཁས་ལེན་ལྟ་བ་གསོ་སྦྱོང་དང ། །སློབ་དཔོན་དང་ནི་གང་སྤྱོ་དང ། །གནས་འཇིགས་པ་དང་བསྐྲད་པའོ། །ཉེས་པ་བྱེད་པ་ལྔ་སྟེ། ཁྲེལ་མེད་པ་ལས་ཉེས་པ་བྱུང་བ་དང ། ཐེ་ཚོམ་ལས་བྱུང་བ་དང ། མི་ཤེས་པ་ལས་བྱུང་བ་དང ། བློ་ཞན་པ་ལས་བྱུང་བ་དང ། དྲན་པ་ཉམས་པ་ལས་བྱུང་བའོ། །སྤང་བའི་དངོས་པོ་ལྔ་སྟེ། གསོལ་བ་དང ། འདྲི་བར་བྱེད་པ་དང ། བསྒོ་བ་དང ། ཁ་ Pa75a ༄#། །ཅིག་ལ་སྨྲ་བ་དང ། བརྗོད་པར་བྱ་བའོ། །གསོལ་བ་གང་ཞེ་ན། ཚེ་དང་ལྡན་པ། ཁྱོད་ཀྱིས་དགེ་སྦྱོང་དུ་མི་འགྱུར་བ་ཅུང་ཟད་ཀྱང་མ་བྱེད་ཅིག་པར་ཚེ་དང་ལྡན་པ་ཁྱོད་ལ་གསོལ་ལོ། །འདྲི་བར་བྱེད་པ་གང་ཞེ་ན། ཚེ་དང་ལྡན་པ། ཁྱོད་ཀྱིས་དགེ་སྦྱོང་དུ་མི་འགྱུར་ཅུང་ཟད་མ་བྱས་སམ་ཞེས་ཚེ་དང་ལྡན་པ་ཁྱོད་ལ་དྲིའོ། །བསྒོ་བ་གང་ཞེ་ན། ཚེ་དང་ལྡན་པ། ཁྱོད་ཀྱིས་དགེ་སྦྱོང་དུ་མི་འགྱུར་བར་མ་བྱེད་ཅིག་།ཅེས་ཁྱོད་ལ་བསྒོ་བར་བྱའོ། །ཁ་ཅིག་ལ་སྨྲ་བ་གང་ཞེ་ན། ཚེ་དང་ལྡན་པ། ཁྱོད་ཀྱིས་ཇི་ལྟར་ཁ་ཅིག་དགེ་སྦྱོང་དུ་མི་འགྱུར་བར་བྱེད་པ་དེ་ལྟར་མ་བྱེད་པར་བག་ཡོད་པར་སྒྲུབ་པར་གྱིས་ཤིག་།བརྗོད་པ་གང་ཞེ་ན། ཚེ་དང་ལྡན་པ། ཁྱོད་དགེ་སྦྱོང་དུ་མི་འགྱུར་བར་མི་བྱ་བའི་ཕྱིར་ཡང་དང་ཡང་བརྗོད་དོ། །ཆོས་བཞིན་མ་ཡིན་པར་ཁས་ལེན་པ་ལྔ་སྟེ། རྒྱལ་པོས་འཇིགས་ཏེ་ཁས་ལེན་པ་དང ། རྐུན་པོས་འཇིགས་ཏེ་ཁས་ལེན་པ་དང ། རིགས་པའི་གྲོང་གིས་འཇིགས་ཏེ་ཁས་ལེན་པ་དང ། ཆད་པས་འཇིགས་ཏེ་ཁས་ལེན་པ་དང ། དགེ་སྦྱོང་ཉིད་ལ་ལྟོས་པ་མེད་པར་ཁས་ལེན་པའོ། །ཆོས་བཞིན་ཁས་ལེན་པ་ཡང་ལྔ་སྟེ། དཀར་པོའི་ཕྱོགས་སུ་རྣམ་པ་ལྔར་བཟློག་པར་བྱའོ། །ཆོས་བཞིན་མ་ཡིན་པར་ལྟ་བ་སྨྲ་བ་ལྔ་སྟེ། ལྷག་མ་མ་ལུས་པའི་དངོས་པོ་ལ་ལྟ་བ་སྨྲ་བ་དང ། བཤགས་པའི་དངོས་པོ་ལ་ལྟ་བ་སྨྲ་བ་དང ། ཉེས་པ་ Pa75b གཞན་བྱུང་བར་འགྱུར་བ་ལ་ཉེས་པའི་དངོས་པོ་ལ་ལྟ་བ་སྨྲ་བ་དང ། བཤགས་བར་མི་འོས་པའི་དངོས་པོ་ལ་ལྟ་བ་སྨྲ་བ་དང ། མི་ལྡན་པར་འདོད་པ་ལྟ་བ་སྨྲ་བའོ། །ཆོས་བཞིན་དུ་ལྟ་བར་སྨྲ་བ་ལྔ་ཡང་དཀར་པོའི་དགེ་བ་དང་ཚུལ་ནས་བྱུང་བའོ། །སློབ་དཔོན་ལྔ་སྟེ། དགེ་ཚུལ་གྱི་སློབ་དཔོན་དང ། གསང་སྟེ་སྟོན་པ་དང ། ལས་བྱེད་པ་དང ། གནས་བཅའ་བ་དང ། ཀློག་པར་བྱེད་པའོ། །དགེ་ཚུལ་གྱི་སློབ་དཔོན་གང་ཞེ་ན། གང་གིས་དགེ་ཚུལ་གྱི་བསླབ་པའི་གནས་སྦྱིན་པའོ། །གསང་སྟེ་སྟོན་པའི་སློབ་དཔོན་གང་ཞེ་ན། གང་གིས་བསྙེན་པར་རྫོགས་པའི་ཚེ་གསང་སྟེ་སྟོན་པའོ། །ལས་བྱེད་པའི་སློབ་དཔོན་གང་ཞེ་ན། གང་གིས་བསྙེན་པར་རྫོགས་པའི་ལས་བྱེད་པའོ། །གནས་བཅའ་བའི་སློབ་དཔོན་གང་ཞེ་ན། གང་ལན་གསུམ་གྱི་བར་དུ་ནན་ཏན་དུ་མནོས་ཤིང་གནས་བཅས་པའོ། །ཀློག་པའི་སློབ་དཔོན་གང་ཞེ་ན། གང་ལས་བླང་བའི་སེམས་ཀྱིས་ཚིག་གཅིག་ཙམ་ཡང་བླངས་པའོ། །སྤྱོ་བ་རྣམ་པ་ལྔ་སྟེ། མི་སྨྲ་བར་བྱ་བ་དང ། ལུང་མི་སྟོན་པ་དང ། གཅིག་ཏུ་མི་སྤྱོད་པ་དང ། དགེ་བའི་ཕྱོགས་གཅད་པ་དང ། གནས་བཅས་པ་སླར་བཤིག་པ་དང་ལྔའོ། །མི་སྨྲ་བར་བྱ་བ་གང་ཞེ་ན། དེ་ལ་སྨྲ་བར་མི་བྱ། ཀུན་ཏུ་སྨྲ་བར་མི་བྱའོ། །ལུང་མི་སྟོན་པ་གང་ཞེ་ན། དེ་ལ་ལུང་བསྒོ་ཞིང་རྗེས་སུ་མི་སྟོན་པའོ། །བསྟན་པ་མི་སྟོན་པའོ། །གཅིག་ཏུ་མི་སྤྱོད་པ་གང་ཞེ་ན། དེས་བསྙེན་བཀུར་བྱས་པ་བདག་གིར་མི་བྱའོ། །དགེ་བའི་ཕྱོགས་གཅད་ Pa76a ༄#། །པ་གང་ཞེ་ན། དེ་ལ་བཀླག་པ་དང ། རྣལ་འབྱོར་དང ། ཡིད་ལ་བྱ་བ་མི་བསྟན་པའོ། །གནས་བཅས་པ་སླར་བཤིག་པ་གང་ཞེ་ན། གནས་བཅར་མི་གཞུག་པའོ། །རྣམ་པ་ལྔས་ནི། གནས་བཅས་པ་ཞིག་པར་འགྱུར་ཏེ། བསྐྲད་པ་དང ། ལངས་ཏེ་འགྲོ་བ་དང ། སླར་འབབ་པ་དང ། ཕྱོགས་ལས་གཞན་གྱི་ཕྱོགས་སུ་འགྲོ་བ་དང ། རེ་བ་མེད་པར་སེམས་བསྐྱེད་པ་དང་ལྔའོ། །ཆོས་ལྔ་དང་ལྡན་ན། གནས་བཅའ་བ་སྦྱིན་ཏེ། ལྔ་གང་ཞེ་ན། དད་པ་ཡིན། རིམ་གྲོར་བཅས་པ་ཡིན། བརྩོན་འགྲུས་བརྩམས་པ་ཡིན།་ངག་ཉན་པ་ཡིན། དགེ་བའི་བཤེས་གཉེན་ཡིན་པའོ། །ཆོས་ལྔ་དང་ལྡན་ན། གནས་བཅས་པ་ལས་གཞིག་པར་བྱ་སྟེ། ལྔ་གང་ཞེ་ན། མ་དད་པ་ཡིན། རིམ་གྲོ་མེད་པ་ཡིན།་ལེ་ལོ་ཅན་ཡིན། ངག་མི་ཉན་པ་ཡིན། སྡིག་པའི་གྲོགས་པོ་ཡིན་ནོ། །ལྷན་ཅིག་སྤྱོད་པ་དང ། ཉེ་གནས་ཆོས་ལྔ་དང་ལྡན་ན། བསྐྲད་པ་ཡིན་ཏེ། ལྔ་གང་ཞེ་ན། མ་དད་པ་ཡིན། རིམ་གྲོ་མེད་པ་ཡིན། ལེ་ལོ་ཅན་ཡིན། ངག་མི་སྙན་པ་ཡིན། སྡིག་པའི་གྲོགས་པོ་ཡིན་ནོ། །ལྷན་ཅིག་སྤྱོད་པ་དང ། ཉེ་གནས་ཆོས་ལྔ་དང་ལྡན་ན། མི་བསྐྲད་པ་ཡིན་ཏེ། ལྔ་པོ་དཀར་པོའི་ཕྱོགས་སུ་སླར་རྣམ་པ་ལྔར་བཟློག་སྟེ་བརྗོད་པར་བྱའོ། །ལྷན་ཅིག་སྤྱོད་པ་དང ། ཉེ་གནས་ཆོས་ལྔ་དང་ལྡན་ན། བཟོད་པར་བྱ་བ་མ་ཡིན་ཏེ། མ་དད་པ་ཡིན། རིམ་གྲོ་ Pa76b མེད་པ་ཡིན། ལེ་ལོ་ཅན་ཡིན། ངག་མི་ཉན་པ་ཡིན། སྡིག་པའི་གྲོགས་པོ་ཡིན་ནོ། །ལྷན་ཅིག་སྤྱོད་པ་དང ། ཉེ་གནས་ཆོས་ལྔ་དང་ལྡ་ན། བཟོད་པར་བྱ་བ་ཡིན་ཏེ། དཀར་པོའི་ཕྱོགས་སུ་སླར་རྣམ་པ་ལྔར་བཟློག་སྟེ་བརྗོད་པར་བྱའོ། །མདོར་ན། བྱིན་ལེན་གསུམ་དང་བཤིག་པ་དང ། །ཀླུ་དང་ཉེས་པ་བཤགས་པ་དང ། །མ་ནིང་ཕོ་དང་མ་ནིང་མོ། །རུང་བའི་གནས་དང་རྡུལ་གཉིས་སོ། །བྱིན་ལེན་རྣམ་པ་ལྔ་སྟེ། ལུས་ཀྱིས་ལུས་ལ་བྱ་བ་དང ། ལུས་ཀྱིས་ལུས་ལ་ཟིན་པ་དང ། ལུས་ཀྱིས་ཟིན་པས་ལུས་ལ་བྱ་བ་དང ། ལུས་ཀྱིས་ཟིན་པས་ལུས་ཀྱིས་ཟིན་པ་ལ་བྱ་བ་དང ། བཞག་པའི་བྱིན་ལེན་དང་ལྔའོ། །ཇི་ལྟར་ལུས་ཀྱིས་ལུས་ལ་བྱ་ཞེ་ན། ལག་ནས་བྱིན་ལ་ལག་གིས་བླངས་པའོ། །ཇི་ལྟར་ལུས་ཀྱིས་ལུས་ལ་ཟིན་པ་ཞེ་ན། ལག་ནས་བྱིན་ལ་ལྷུང་བཟེད་དུ་བླངས་པའོ། །ཇི་ལྟར་ལུས་ཀྱིས་ཟིན་པས་ལུས་ལ་བྱ་ཞེ་ན། སྣོད་ཀྱིས་བྱིན་ལ་ལག་ཏུ་བླངས་པའོ། །ཇི་ལྟར་ལུས་ཀྱིས་ཟིན་པས་ལུས་ཀྱིས་ཟིན་པ་ལ་བྱ་ཞེ་ན། སྣོད་ནས་བྱིན་ལ་སྣོད་དུ་བླངས་པའོ། །ཇི་ལྟར་བཞག་པའི་བྱིན་ལེན་གང་ཞེ་ན། སྨོད་པ་ཞེས་བྱ་བའི་མི་ཡོད་དེ། དེ་དག་ནི། ཕ་དང ། མ་དང ། ཕུ་བོ་དག་ཀྱང་སྨོད་ན། གཞན་ལ་ལྟ་ཅི་སྨོས་ཏེ། དེ་དག་གི་མདུན་དུ་ལྷུང་བཟེད་བཞག་ནས་འདི་སྐད་ཅེས་སྨྲའོ། །བཞིན་བཟང ། དེ་སྟེ་བཏང་བར་གྱུར་ན། ལྷུང་བཟེད་འོ་ནིའི་ནང་དུ་ལུགས་ཤིག་།དེ་དག་གིས་ཀྱང་ལྷུང་བཟེད་དེར་བླུགས་པར་གྱུར་ན། Pa77a ༄#། །དེ་ནི། བཞག་པའི་བྱིན་ལེན་ཞེས་བྱའོ། །གཞན་ཡང་བྱིན་ལེན་ལྔ་སྟེ། ཁྲིའི་སྟེང་དུ་བྱིན་ལེན་བྱ་བ་དང ། ཁྲིའུ་དང ། ཁྲིའུ་ཆུང་ངུ་དང ། ཐུ་བ་དང ། ལྷུང་བཟེད་ཀྱི་གཞིར་རོ། །རྣམ་པ་ལྔས་བྱིན་ལེན་བྱས་ཀྱང་བྱིན་ལེན་བྱས་པར་མི་འགྱུར་ཏེ། མ་བཏང་བཞིན་ལེན་པ་དང ། བཟའ་བར་མི་སེམས་པར་ལེན་པ་དང ། གཞན་དུ་འདུ་ཤེས་ཏེ་ལེན་པ་དང ། མདུན་དུ་འདུག་པར་ལེན་པ་དང ། རང་བཞིན་ཅན་མ་ཡིན་པ་ལས་བླངས་པའོ། །རྣམ་པ་ལྔས་བྱིན་ལེན་བྱས་ཀྱང་བྱིན་ལེན་འཇིག་པར་འགྱུར་ཏེ། ལྔ་གང་ཞེ་ན། འཕྲོག་པ་དང ། ཤོར་བ་དང ། བོར་བ་དང ། སླར་བབས་པ་དང ། དུས་བྱས་པའོ། །ཀླུའི་རང་བཞིན་ལྔ་སྟེ། ལྷག་མ་རྣམས་ནི། སྤྲུལ་པ་ཡིན་ཏེ། རང་བཞིན་གྱིས་བྱུང་བ་དང ། རང་བཞིན་གྱིས་འཆི་བ་དང ། རང་བཞིན་གྱིས་ཉལ་བ་དང ། རང་བཞིན་གྱིས་ཁྲོས་པ་དང ། རང་བཞིན་གྱིས་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བྱེད་པའོ། །ཉེས་པ་ལྔ་སྟེ། ཕས་ཕམ་པ་དང ། དགེ་འདུན་གྱི་ལྷག་མ་དང ། ལྟུང་བ་དང ། སོ་སོར་བཤགས་པ་དང ། ཉེས་བྱས་སོ། །ཉེས་པ་འབྱུང་བ་རྣམ་པ་ལྔ་སྟེ། ལུས་ལས་ཉེས་པ་འབྱུང་གི། ངག་ལས་མ་ཡིན་པ་ཡང་ཡོད། ངག་ལས་ཉེས་པ་འབྱུང་གི། ལུས་ལས་མ་ཡིན་པ་ཡང་ཡོད། ལུས་དང ། སེམས་ལས་ཉེས་པ་འབྱུང་གི། ངག་ལས་མ་ཡིན་པ་ཡང་ཡོད། ངག་དང ། སེམས་ལས་ཉེས་པ་འབྱུང་གི། ལུས་ Pa77b ལུས་མ་ཡིན་པ་ཡང་ཡོད། ལུས་དང ། སེམས་དང ། ངག་ལས་ཉེས་པ་འབྱུང་བ་ཡང་ཡོད་དོ། །ཉེས་པ་ལས་འབྱུང་བའང་ལྔ་སྟེ། མཐོང་བས་འབྱུང་བ་དང ། བསྒྲགས་པས་འབྱུང་བ་དང ། ཐོག་མ་ནས་བྱས་པས་འབྱུང་བ་དང ། བྱིན་གྱིས་བརླབས་པས་འབྱུང་བ་དང ། བཤགས་པས་འབྱུང་བ་ལྔའོ། །མ་ནིང་ཕོ་ལ་རྣམ་པ་ལྔ་སྟེ། རང་བཞིན་གྱི་མ་ནིང་དང ། ཟླ་བ་ཕྱེད་ཀྱི་མ་ནིང་དང ། ཕྲག་དོག་གི་མ་ནིང་དང ། ཆགས་པའི་མ་ནིང་དང ། ཉམས་པའི་མ་ནིང་ངོ ། །རང་བཞིན་གྱི་མ་ནིང་གང་ཞེ་ན། རང་བཞིན་གྱིས་མ་ནིང་དུ་གྱུར་བའོ། །ཟླ་བ་ཕྱེད་ཀྱི་མ་ནིང་གང་ཞེ་ན། ཟླ་བ་ཕྱེད་ནི། ཕོར་འགྱུར། ཟླ་བ་ཕྱེད་ནི། མོར་འགྱུར་པའོ། །ཕྲག་དོག་གི་མ་ནིང་གང་ཞེ་ན། གཞན་ལོག་པར་ཞུགས་པ་མཐོང་ནས་དེ་ཡང་གདོད་ལོག་པར་བྱེད་པར་གྱུར་པའོ། །ཆགས་པའི་མ་ནིང་གང་ཞེ་ན། དེ་ལ་གཞན་གྱིས་སྤྱོད་ཅིང་བཙིར་ན། གདོད་བྱེད་པའོ། །ཉམས་པའི་མ་ནིང་གང་ཞེ་ན། གཞན་གང་གི་ཕོ་མཚན་སྲོག་ཆགས་ཀྱིས་ཟོས་པའམ། མཚོན་གྱིས་ཆད་པའོ། །མ་ནིང་མོ་ཡང་རྣམ་པ་ལྔ་སྟེ། མཚན་གཉིས་ཀ་ཡོད་པ་དང ། སྒོ་གཉིས་འབྲེལ་བ་དང ། རྒྱུན་དུ་ཟག་པ་དང ། ཟླ་མཚན་མེད་པ་དང ། མཚན་མ་ཙམ་ཡོད་པའོ། ། རུང་བའི་གནས་ལྔ་སྟེ། དངོས་པོ་ཟིན་པ་དང ། དངོས་པོ་མ་ཟིན་པ་དང ། དངོས་པོ་བོར་བ་དང ། སྔ་ནས་ཡོད་པ་དང ། མ་འདུག་པ་དང་ལྔའོ། །རུང་བའི་གནས་དངོས་པོ་ཟིན་པ་གང་ཞེ་ན། Pa78a ༄#། །དངོས་པོ་དེ་རྣམས་ཐམས་ཅད་ཡོངས་སུ་རྫོགས་པ་ཡིན་ནོ། །གང་བྱིན་གྱིས་བརླབས་པ་རྣམ་གསུམ་གྱིས་བྱིན་གྱིས་བརླབས་ཏེ་སེམས་བསྐྱེད་པ་དང ། གཅིག་ནས་གཅིག་ཏུ་སྨྲས་པ་དང ། གསོལ་བ་བྱས་པའོ། །རུང་བའི་གནས་དངོས་པོ་མ་ཟིན་པ་གང་ཞེ་ན། ཆུང་ངུ་ན་རྨང་རྡོ་ཙམ་ཡང་བརྩིགས་པའོ། །དེ་ཡང་བྱིན་གྱིས་བརླབ་པ་རྣམ་པ་གསུམ་པོས་དེ་བཞིན་བྱིན་གྱིས་བརླབས་པ་ཡིན་ནོ། །རུང་བའི་གནས་དངོས་པོ་བོར་བ་གང་ཞེ་ན། གང་སྔོན་རུང་བའི་གནས་སུ་བྱིན་གྱིས་བརླབས་པ་ལས་བོར་ཏེ་སླར་རུང་བའི་གནས་སུ་བྱིན་གྱིས་བརླབས་པ་རྣམ་པ་གསུམ་པོ་དེས་བྱིན་གྱིས་བརླབས་པ་ཡིན་ནོ། །རུང་བའི་གནས་སྔ་ནས་ཡོད་པ་གང་ཞེ་ན། མུ་སྟེགས་ཅན་ཡ་མཚན་སྣ་ཚོགས་རྣམས་ཐུན་མོང་དུ་གྱུར་པ་སྟེ།་དགེ་འདུན་གྱིས་བྱིན་གྱིས་བརླབ་པ་འདི་གསུམ་གྱིས་བྱིན་གྱིས་བརླབས་པ་ཡིན་ནོ། །རུང་བའི་གནས་སུ་མ་འདུག་པ་གང་ཞེ་ན། དེ་ནི། སྔ་ནས་རུང་བའི་གནས་མེད་པ་ལས་རྩིག་པས་བསྐོར་ཏམ། སབ་མོས་བསྐོར་ཏམ། འོབས་ཀྱིས་བསྐོར་ཀྱང་རུང ། དེར་དགེ་འདུན་གྱིས་ས་ལ་རི་མོ་བྲིས་སམ། ཕུར་པས་བཏབ་བམ། རྩིག་པས་བསྐོར་ཏམ། མཚན་མ་གཞན་ཅི་བཙུགས་ཀྱང་རུང་སྟེ། བྱིན་གྱིས་བརླབ་པ་རྣམ་གསུམ་པོ་དེས་རུང་བའི་གནས་སུ་བྱིན་གྱིས་བརླབས་པ་ཡིན་ནོ། །རྡུལ་རྣམ་པ་ལྔ་སྟེ། ཟས་རྡུལ་དང ། བཏུང་ Pa78b བ་རྡུལ་དང ། དྲི་རྡུལ་དང ། སྨན་རྡུལ་དང ། རྡུལ་ཉིད་རྡུལ་དང་ལྔ་ཡིན་ནོ། །གཞན་ཡང་རྡུལ་རྣམ་པ་ལྔ་སྟེ། བཟའ་བ་རྡུལ་དང ། བཅའ་བ་རྡུལ་དང ། ཐུག་པ་རྡུལ་དང ། གཞིབ་པ་རྡུལ་དང ། བལྡག་པ་རྡུལ་དང་ལྔའོ། །མདོར་ན། བརྐུ་བ་དང་ཡང་སྐབས་འབྱེད་པ། །སྦྱིན་པ་དག་དང་གསོ་སྦྱིན་གནས། །བཀའ་ལུང་སྟོན་པར་བྱེད་པ་དང ། གྲོང་དུ་ཉེ་བར་འགྲོ་བ་གཉིས།། བརྐུ་བ་རྣམ་པ་ལྔ་སྟེ། སྒྱུས་བརྐུ་བ་དང ། མཐུས་བརྐུ་བ་དང ། ཕྱིར་སྦྱིན་ནོ། །ཞེས་ཟེར་ཞིང་རྐུ་བ་དང ། བརྣོགས་ཏེ་རྐུ་བ་དང ། བསྔོས་ཏེ་རྐུ་བ་དང་ལྔའོ། །གང་ཟག་སྐབས་འབྱེད་པར་མི་བྱ་བ་ལྟ་སྟེ། ངོ་ཚ་བ་མེད་པ་དང ། བར་ཆད་ཡོད་པ་དང ། ཚིག་མི་བརྟན་པ་དང ། རང་བཞིན་དུ་མི་གནས་པ་དང ། ཕས་ཕམ་པ་བྱུང་བ་དང་ལྔའོ། །སྦྱིན་པ་ལྔ་བསོད་ནམས་མ་ཡིན་པར་བགྲང་སྟེ། མཚོན་བྱིན་པ་དང ། ཆང་བྱིན་པ་དང ། དུག་བྱིན་པ་དང ། བུད་མེད་བྱིན་པ་དང ། ཆོས་མ་ཡིན་པ་བྱིན་པ་དང་ལྔའོ། །རྒྱུ་དང་རྐྱེན་ལྔས་གསོ་སྦྱོང་གི་གནས་སུ་མ་སོང་ཡང་ཉེས་པར་མི་འགྱུར་ཏེ། རྒྱལ་པོས་བར་ཆད་བྱས་པ་དང ། ཆུས་ཁྱེར་བ་དང ། མེས་ཚིག་པ་དང ། མི་མ་ཡིན་པས་བར་ཆད་བྱས་པ་དང་ལྔའོ། །བཀའ་ལུང་སྟོན་པ་ལ་རྣམ་པ་ལྔ་སྟེ། སྨྱོན་པ་ཡིན་ཏེ། སེམས་ལ་འཁྲུགས་པ་ནད་ཀྱིས་གཟིར་བས་བཀའ་ལུང་སྟོན་པ་དང ། ཚུལ་འཆོས་པ་ཡིན་ཏ། སྡིག་པ་ལ་དད་པས་ཚུལ་འཆོས་པས་བཀའ་ལུང་སྟོན་པ་དང ། བླུན་པ་ཡིན་ཏེ། བླུན་པས། Pa79a ༄#། །ཉམས་ཆུང་བ་རྨོངས་པས་བཀའ་ལུང་སྟོན་པ་དང ། མངོན་པའི་ང་རྒྱལ་ཅན་ཡིན་ཏེ། མངོན་པའི་ང་རྒྱལ་གྱིས་བཀའ་ལུང་སྟོན་པ་དང ། ཡང་དག་པར་རྣམ་པར་གྲོལ་བ་ཡིན་ཏེ། ཡང་དག་པར་རྣམ་པར་གྲོལ་བས་བཀའ་ལུང་སྟོན་པའོ། །གྲོང་ཁྱེར་དུ་ཉེ་བར་འགྲོ་བའི་དགེ་སློང་གྲོང་དུ་སོང་ན། ཉེས་པའི་དམིགས་རྣམ་པ་ལྔར་རིག་པར་བྱ་སྟེ། ལྔ་གང་ཞེ་ན། དགེ་སློང་འཁོད་བཞིན་དུ་འདུ་ཤེས་བར་མ་བྱས་པར་དུས་མ་ཡིན་པར་གྲོང་གི་ནང་དུ་འགྲོ་བ་དང ། ལེགས་པར་མ་བརྟགས་པར་སྟན་ལ་འདུག་པ་དང ། བུད་མེད་ལ་ཚིག་ལྔ་ལས་ལྷག་པར་ཆོས་འཆད་པ་དང ། བུད་མེད་དང་ལྷན་ཅིག་གཉིས་སུ་སྟན་ཅིག་ལ་འདུག་པ་དང ། སྨེན་ངན་དང་བཅས་པའི་གྲོང་དུ་ནན་གྱིས་སྟན་ལ་འདུག་པའོ། །གྲོང་དུ་ཉེ་བར་འགྲོ་བའི་དགེ་སློང་དྲན་པ་ཉམས་པར་གྲོང་དུ་སོང་ན། གཞན་ཡང་ཉེས་པའི་དམིགས་ལྔར་རིག་པར་བྱའོ། །བུད་མེད་ལ་རྒྱུན་དུ་ལྟ་བ་དང ། བལྟ་ཞིང་གཏམ་ཟེར་བ་དང ། གཏམ་ཟེར་བ་ལས་འདྲིས་པ་དང ། འདྲིས་ནས་ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱེད་པ་དང ། ཚུལ་བཞིན་མ་ཡིན་པ་ཡིད་ལ་བྱས་ནས་ཚངས་པར་སྤྱོད་པ་ལ་མི་དགའ་བར་འགྱུར་ཞིང ། ཉེས་པ་ལྕི་བ་འབྱུང་བའམ། བསླབ་པ་ཕུལ་བའམ། སླར་བབས་པར་གྱུར་བའི་བར་དུའོ། །མདོར་ན། བསྙེན་རྫོགས་སོ་སོར་ཐར་པ་དང ། །ཡིད་གཅུགས་འདུལ་བ་ཐར་པ་དང ། །བརྟན་པ་ལྔ་ Pa79b དང་དམན་པ་དང ། །མ་སྐྱེས་པ་དང་དོགས་པའོ། །རྣམ་པ་ལྔའི་ཕྱིར་ན་བསྙེན་པར་རྫོགས་པ་ཞེས་བརྗོད་དེ། མཁན་པོའི་མིང་ནས་འབྱིན་པ་དང ། དགེ་འདུན་གྱི་མིང་ནས་འབྱིན་པ་དང ། བསྙེན་པར་རྫོགས་པར་འདོད་པའི་མིང་ནས་འབྱིན་པ་དང ། གསོལ་བ་བྱེད་པ་དང ། ལས་ཉམས་པར་མི་བྱེད་པ་དང་ལྔའོ། །སངས་རྒྱས་བྱུང་བའི་དུས་ན་བསྙེན་པར་རྫོགས་པ་ལྔ་སྟེ། ཡེ་ཤེས་མངོན་པར་ཆུད་པ་དང ། སྟོན་པར་ཁས་བླངས་པ་དང ། བཙུན་པའི་ཆོས་ཁས་བླངས་པ་དང ། དགེ་སློང་ཚུར་ཤོག་ཅེས་སྨྲས་པ་དང ། སློབ་དཔོན་དང་མཁན་པོ་མེད་པ་སྟེ། དེ་ལྟར་ལྔའོ། །སོ་སོར་ཐར་པ་ཀློག་པ་ལྔ་སྟེ། གསོལ་བ་བྱས་ནས་གླེང་གཞི་བརྗོད་དེ་ལྷག་མ་ཐོས་པའོ། །ཞེས་བསྒྲགས་པ་འདི་ནི། སོ་སོར་ཐར་པ་བསྒྲགས་པ་དང་པོའོ། །གསོལ་བ་བྱས་ཏེ་གླེང་གཞི་དང ། ཕས་ཕམ་པ་བཞི་བཀླགས་ཏེ། ལྷག་མ་ཐོས་པའོ། །ཞེས་བསྒྲགས་པ་འདི་ནི། སོ་སོར་ཐར་པའི་མདོ་ཀློག་པ་གཉིས་པའོ། །གསོལ་བ་བྱས་ཏེ་གླང་གཞི་དང ། ཕས་ཕམ་པ་བཞི་དང ། དགེ་འདུན་གྱི་ལྷག་མ་བཅུ་གསུམ་བཀླགས་ཏེ། ལྷག་མ་རྣམས་ཐོས་པའོ། །ཞེས་བསྒྲགས་པ་འདི་ནི། སོ་སོར་ཐར་པའི་མདོ་ཀློག་པ་གསུམ་པའོ། །གསོལ་བ་བྱས་ཏེ་གླེང་གཞི་དང ། ཕས་ཕམ་པ་བཞི་དང ། དགེ་འདུན་གྱི་ལྷག་མ་བཅུ་གསུམ་དང ། མི་མངོན་པ་གཉིས་བཀླགས་ཏེ། ལྷག་མ་ཐོས་པའོ། །ཞེས་བསྒྲགས་པ་འདི་ནི། སོ་སོར་ཐར་པའི་ Pa80a ༄#། །མདོ་ཀློག་པ་བཞི་པའོ། །མདོ་རྫོགས་པར་ཀློག་པ་དང་ལྔའོ། །ཡིད་གཅུགས་པར་འཛིན་པ་ལྔ་སྟེ། མཛའ་བ་ཡིན་ཏེ། ཡིད་དུ་འོང་བ་དང ། བཟོད་པ་ཡིན་ཏེ། མི་མཐུན་པ་མེད་པ་དང ། བླ་མ་ཡིན་ཏེ། བཙུན་པར་བྱ་བ་དང ། གཅུགས་པ་ཡིན་ཏེ། མི་འདོད་པ་བཞིན་བྱེད་པ་དང ། འདུག་འཚོ་སྐྱོང་བ་སྟེ། དེ་འདི་སྙམ་དུ་སེམས་སོ། །བླངས་པ་དེ་ཐོས་ན་ཡང་དགའ་བར་འགྱུར་བའོ། །འདུལ་བ་ལྔ་སྟེ། སངས་རྒྱས་ཀྱི་ཚེ་དང ། རྟག་པ་དང ། ཕྱོགས་གཅིག་པ་དང ། ཐམས་ཅད་དུ་འགྲོ་བ་དང ། ཉོན་མོངས་པ་འདུལ་བའོ། །གཞན་ཡང་འདུལ་བ་ལྔ་སྟེ། ཡུལ་འདུལ་བ་དང ། དུས་འདུལ་བ་དང ། གནས་འདུལ་བ་དང ། གང་ཟག་འདུལ་བ་དང ། འཁྲུག་པ་འདུལ་བའོ། །གང་ཟག་ལྔ་ལ་འདུལ་བ་མི་བརྗོད་དོ། །སྐབས་ཚོལ་བས་འདྲི་བ་དང ། གཙེ་བར་བསམ་སྟེ་འདྲི་བ་དང ། འཕྱས་གདགས་པར་བསམ་སྟེ་འདྲི་བ་དང ། བགམ་པར་བསམ་སྟེ་འདྲི་བ་དང ། ཉེས་པར་བརྗོད་པར་འདོད་པས་འདྲི་བའོ། །གཏན་པ་ལ་ཡོན་ཏན་ལྔ་སྟེ། ཞག་གཅིག་གིས་འབྲལ་བར་མི་འགྱུར་བ་དང ། ཞག་བཅུས་མི་འགྱུར་བ་དང ། ཞག་བཅུ་ལས་འདས་ཀྱང་མི་འགྱུར་བ་དང ། མ་བསྔོས་པར་གོས་ལྷག་མ་འཆང་བ་དང ། སྟོད་གཡོགས་དང ། ཐང་གོས་ཀྱིས་ལྗོངས་རྒྱུ་ཞིང་སྤྱོད་པའོ། །གཞན་ཡང་གཏན་པ་ལ་ཡོན་ཏན་ལྔ་སྟེ། འདུས་ཏེ་ཟ་བ་མེད། ཡང་ཡང་ཟ་བ་མེད། Pa80b སྤྱན་མ་དྲངས་པར་འགྲོ་བ་དང ། ཆོས་གོས་ཅི་དགར་ཚོལ་བ་དང ། སྟོན་ཟླ་ཐ་ཆུང་ནས་དཔྱིད་ཟླར་བའི་བར་དུ་རྙེད་པ་ཅི་ཡོད་པ་དབྱར་ལྷན་ཅིག་ཏུ་གནས་པའི་དགེ་འདུན་དང་འདྲ་བར་བགོ་བའོ། །གཞན་ཡང་གང་ཟག་ལྔ་གཏན་པ་འདིང་བར་མི་བསྐོ་སྟེ། དབྱར་མེད་པ་དང ། དབྱར་ཆད་པ་དང ། དབྱར་ཕྱི་མར་ཞུགས་པ་དང ། གཞན་དུ་དབྱར་ཚུལ་དུ་ཞུགས་པ་དང ། སྤང་བ་བྱས་པའོ། །གཞན་ཡང་གང་ཟག་ལྔ་གཏན་པ་འདིང་བར་མི་བསྐོ་སྟེ། སོ་སོར་གནས་པ་དང ། མི་གནས་པ་དང ། རྗེས་སུ་ཕྱོགས་པ་དང ། བསླབ་པ་བྱིན་པ་དང ། ཞིག་པའོ། །གཞན་ཡང་གང་ཟག་ལྔ་གཏན་པ་འདིང་བར་མི་བསྐོ་སྟེ། མ་མཐོང་བས་སྤངས་པར་བྱས་པ་དང ། སླར་ལས་མི་བྱེད་པའི་ཕྱིར་སྤངས་པ་དང ། སྡིག་པར་ལྟ་བ་སླར་མ་བཏང་བས་སྤངས་པ་དང ། རྗེས་སུ་ཕྱོགས་པ་དང ། མི་གནས་པའོ། །གཞན་ཡང་གང་ཟག་ལྔ་གཏན་པ་འདིང་བར་མི་བསྐོ་སྟེ། ཆད་པ་བྱེད་པ་དང ། གཞི་ནས་བསླང་སྟེ་ཆད་པ་བྱེད་པ་དང ། ཡིད་མགུ་བར་བྱེད་པ་དང ། གཞི་ནས་བསླང་སྟེ་མགུ་བར་བྱེད་པ་དང ། ཡིད་མགུ་བར་སྤྱོད་པའོ། །གང་ཟག་ལྔ་རྣམས་རྙེད་པ་དབང་ལ་ཡོན་ཏན་མེད་དེ། དབྱར་མེད་པ་དང ། དབྱར་ཆད་པ་དང ། དབྱར་ཕྱི་མར་ཚུལ་དུ་ཞུགས་པ་དང ། དགེ་ཚུལ་ཕ་དང ། བསླབ་པ་བྱིན་པའོ། །གཞན་ཡང་གང་ཟག་ལྔ་རྣམས་རྙེད་པ་དབང་ལ་ཡོན་ཏན་མེད་དེ། མ་མཐོང་བའི་ཕྱིར་སྤངས་པ་དང ། སླར་ལས་མི་བྱེད་པས་སྤངས་པ་དང ། Pa81a ༄#། །སྡིག་པ་ལ་ལྟ་བ་སླར་མ་བཏང་བས་སྤངས་པ་དང ། ཉེ་བར་ཕྱོགས་པ་དང ། མི་གནས་པའོ། །གང་ཟག་ལྔ་རྣམས་རྙེད་པ་ཡང་མི་དབང་ལ་ཡོན་ཏན་ཡང་མེད་དེ། ཕ་བསད་པ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དགེ་འདུན་གྱི་དབྱེན་བྱས་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའོ། །གཞན་ཡང་གང་ཟག་ལྔ་དག་རྙེད་པ་ཡང་མི་དབང་ལ་ཡོན་ཏན་ཡང་མེད་དེ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། སྔོན་ཉེས་པ་བྱུང་བའོ། །བླ་མར་མི་བྱེད་པའི་ཆོས་ལྔ་སྟེ། མ་དད་པ་ཡིན། ཚུལ་ཁྲིམས་ངན་པ་ཡིན། །ཉུང་དུ་ཐོས་པ་ཡིན། སེར་སྣ་ཅན་ཡིན། ཤེས་རབ་འཆལ་བ་ཡིན་ནོ། །གང་ཟག་ལྔ་ནི། ཆོས་འདུལ་བ་འདི་ལ་མི་སྐྱེ་བའི་ཆོས་ཅན་ཏེ། ཕ་བསད་པ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དགེ་འདུན་གྱི་དབྱེན་བྱས་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའོ། །གཞན་ཡང་གང་ཟག་ལྔ་ནི། ཆོས་དང ། འདུལ་བ་འདི་ལ་མི་སྐྱེ་བའི་ཆོས་ཅན་ཏེ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། སྔོན་ཉེས་པ་བྱུང་བའོ། །ཆོས་ལྔ་དང་ལྡན་པའི་དགེ་སློང་སྡིག་པ་ལ་དོགས་པ་ཅན་ཡིན་ཏེ། གནོད་སྦྱིན་མོ་ལ་བརྟེན་པ་དང ། སྨད་འཚོང་མ་ལ་བརྟེན་པ་དང ། ཡུགས་ས་ Pa81b མོ་ལ་བརྟེན་པར་བྱེད་པ་དང ། གཞོན་ནུ་མ་ཆེན་མོ་ལ་བརྟེན་པར་བྱེད་པ་དང ། མ་ནིང་མོ་དང་བརྟེན་པར་བྱེད་པའོ། །མདོར་ན། མཚམས་གསུམ་ལྷག་མ་བྱས་པ་དང ། །མྱུར་དུ་གནས་པ་འགྲོ་བ་དང། །གོས་དང་རུང་བས་སྨན་རྣམས་དང ། །ཁབ་རལ་ཡང་ནི་དེ་བཞིན་ནོ། །རྣམ་པ་ལྔས་མཚམས་སླར་ཞིག་པར་འགྱུར་ཏེ། དགེ་འདུན་ཐམས་ཅད་དོང་བ་དང ། དགེ་འདུན་ཐམས་ཅད་བབས་པ་དང ། དགེ་འདུན་ཐམས་ཅད་ཤི་སྟེ་དུས་བྱས་པ་དང ། དགེ་འདུན་ཐམས་ཅད་ཕྱོགས་ཕྱོགས་སུ་དོང་ཞིང་ཆད་པ་དང ། གསོལ་བ་དང་ལས་བྱས་པ་དང་ལྔའོ། །གཞན་ཡང་རྣམ་པ་ལྔས་ན། མཚམས་ཕྱིར་ཞིག་པར་འགྱུར་ཏེ། མཚན་མ་མེད་པ་དང ། དགེ་སློང་མེད་པ་དང ། རེ་བ་མེད་པ་དང ། མཚམས་གཞན་བསྐོར་བ་དང ། གསོལ་བ་དང་ལས་ལྔའོ། །རྣམ་པ་ལྔས་ན། ལྷག་མར་མ་བྱས་པ་ཞེས་བརྗོད་དེ། མངོན་སུམ་དུ་མ་གྱུར་པར་བཟའ་བ་དང ། བཅའ་བ་ལྷག་མར་བྱེད་པ་དང ། ཕྱིན་ལེན་མ་བྱས་པར་བཟའ་བ་དང ། བཅའ་བ་ལྷག་མར་བྱེད་པ་དང ། གཞན་ལ་མ་བསྒོ་བར་ལྷག་མར་བྱེད་པ་དང ། བསྙེན་པར་རྫོགས་པའི་མདུན་དུ་ལྷག་མར་བྱེད་པ་དང ། རང་བཞིན་དུ་མི་གནས་པའི་མདུན་དུ་ལྷག་མར་བྱེད་པ་དང་ལྔའོ། །ལྷག་མར་བྱས་པ་དཀར་པོའི་ཕྱོགས་སུ་རྣམ་པ་ལྔར་བཟློག་སྟེ་བརྗོད་དོ། །མྱུར་དུ་སྨྲ་བའི་གང་ཟག་ལས་ཉེས་པའི་དམིགས་རྣམ་པ་ལྔར་རིག་པར་བྱའོ། །ལྔ་གང་ཞེ་ན། ལུས་ངལ་བར་འགྱུར། དྲན་པ་ཉམས་པར་འགྱུར། Pa82a ༄#། །སེམས་ལ་གནོད་པར་འགྱུར། མིད་པ་འགགས་པར་འགྱུར། ཟུར་མི་ཕྱིན་ཅིང་གོ་བར་མི་འགྱུར་ཏེ། མྱུར་དུ་སྨྲ་བའི་གང་ཟག་ལ་ཉེས་པའི་དམིགས་སུ་འགྱུར་རོ། །མྱུར་དུ་མི་སྨྲ་བའི་གང་ཟག་ལ་ཡོན་ཏན་རྣམ་པ་ལྔར་འགྱུར་ཏེ། དཀར་པོའི་ཕྱོགས་སུ་རྣམ་པ་ལྔར་བཟློག་སྟེ་བརྗོད་པར་བྱའོ། །གནས་གཅིག་ན་ཡུན་རིང་དུ་གནས་པའི་གང་ཟག་ལ་ཉེས་པའི་དམིགས་རྣམ་པ་ལྔར་འགྱུར་ཏེ། བྱ་བ་མང་པོར་འགྱུར། སྣོད་སྤྱད་མང་དུ་འགྱུར། ཡོ་བྱད་མང་ཞིང་གནས་ལ་སེར་སྣ་ཅན་དུ་འགྱུར། གནས་ལ་ཆགས་ཤིང་ཁྱིམ་ལ་སེར་སྣ་ཅན་དུ་འགྱུར། རིགས་ལ་ཆགས་ཤིང་ཁྱིམ་པ་དང་རབ་ཏུ་བྱུང་བ་དེ་དག་ལྷན་ཅིག་འདྲེས་པར་འགྱུར་རོ། །གནས་གཅིག་ན་ཡུན་རིང་དུ་མི་གནས་པའི་གང་ཟག་ལ་ཡོན་ཏན་ལྔ་སྟེ།་དཀར་པོའི་ཕྱོགས་སུ་བཟློག་སྟེ་རྣམ་པ་ལྔར་བརྗོད་པར་བྱའོ། །རྟག་ཏུ་འགྲོ་བ་ལ་ཉེས་པའི་དམིགས་རྣམ་པ་ལྔར་འགྱུར་ཏེ། ཁོང་དུ་མ་ཆུད་པ་ཆུད་པར་མི་འགྱུར་བ་དང ། ཁོང་དུ་ཆུད་པ་རྣམས་ཉམས་པར་འགྱུར་བ་དང ། ཆོས་ཐོས་པ་རྣམས་ཀྱང་བརྗོད་པར་འགྱུར། གནོད་པ་ཆེན་པོ་མྱོང་བར་འགྱུར། མཛའ་བོ་དང་ལྡན་པར་མི་འགྱུར་རོ། །རྟག་པར་མི་འགྲོ་བ་ལ་ཡོན་ཏན་ལྔ་སྟེ། དེ་དཀར་པོའི་ཕྱོགས་སུ་བཟློག་སྟེ་རྣམ་པ་ལྔར་བརྗོད་པར་བྱའོ། །རུང་བའི་གོས་ལ་རྣམ་པ་ལྔ་སྟེ། བལ་དང ། རས་བལ་དང ། སྲིན་བལ་དང ། ལྡུམ་བུ་ཤ་ན་ Pa82b དང ། ཟར་མའི་གོས་སོ། །ཆོས་གོས་ལ་རྣམ་པ་ལྔས་ན། ཆོས་གོས་བྱིན་གྱིས་བརླབས་པ་ལས་སླར་ཞིག་པར་འགྱུར་ཏེ། འཕྲོག་པ་དང ། བཏང་བ་དང ། སླར་ཕྱུང་བ་དང ། བབས་པ་དང ། དུས་བྱས་པའོ། །བསྔོས་པ་ལས་ཀྱང་རྣམ་པ་ལྔས་ན། སླར་ཞིག་པར་འགྱུར་ཏེ། འཕྲོག་པ་དང ། བྱིན་པ་དང ། སླར་ཕྱུང་བ་དང ། བབས་པ་དང ། དུས་བྱས་པའོ། །དེ་བཞིན་དུ་ལྷུང་བཟེད་བྱིན་གྱིས་བརླབས་པའང་བརྗོད་པར་བྱའོ། །དེ་བཞིན་དུ་སྨན་བྱིན་གྱིས་བརླབས་པ་དང ། སྨན་བསྔོ་བ་ཡང་བརྗོད་པར་བྱའོ། །ཁབ་རལ་གང་ཟག་ལྔའི་དབང་དུ་མི་བྱ་སྟེ། ངོ་ཚ་བ་མེད་པ་དང ། འཁོན་ཡོད་པ་དང ། ཆོག་མི་ཤེས་པ་དང ། དྲན་པ་ཉམས་པ་དང ། རང་བཞིན་དུ་མི་གནས་པའོ། །མདོར་ན། བཟའ་བ་ཕྱི་བཞིན་དགེ་སྦྱོང་དང ། །དགེ་བསྙེན་དང་ནི་ནད་པ་གཉིས། །རབ་ཏུ་འབྱུང་བ་ལྔ་པོ་དང ། །ཡོན་ཏན་མང་པོ་དེ་བཞིན་ནོ། །ཟས་ཚོད་མེད་པ་ལ་ཉེས་པའི་དམིགས་རྣམ་པ་ལྔ་སྟེ། ལུས་ལྕི་བར་འགྱུར། ལས་སུ་མི་རུང་ཞིང་སྤོང་བ་ལ་མི་བཟོད་པ་དང ། དབུགས་ཕྱི་ནང་རྒྱུ་བ་ལ་མི་བདེ་བ་དང ། བཤང་གཅི་མང་དུ་འགྱུར་བ་དང ། སྙོམས་པ་དང་གཉིད་ཀྱིས་སེམས་ཀུན་ཏུ་ནོན་པར་འགྱུར་བ་དང ། སེམས་རྩེ་གཅིག་ཏུ་མི་འགྱུར་ཞིང་ངལ་དུ་འགྱུར་བའོ། །ཟས་ཚོད་ཟིན་པ་ལ་ཡོན་ཏན་ལྔར་འགྱུར་ཏེ། དེ་དཀར་པོའི་ཕྱོགས་སུ་བཟློག་སྟེ་རྣམ་པ་ལྔར་བརྗོད་པར་བྱའོ། །ཆོས་ལྔ་དང་ལྡན་ན། ཕྱི་བཞིན་འབྲང་བའི་དགེ་སྦྱོང་ Pa83a ༄#། །བཀྲི་མི་དགོས་ཏེ། ཤིན་ཏུ་མདུན་དུ་རིང་དུ་འགྲོ་བ་དང ། ཤིན་ཏུ་ཕྱི་ནས་ནུར་ཞིང་འོང་བ་དང ། སྙོགས་ཤིང་འགྲོ་བ་དང ། གཏམ་གྱི་བར་དུ་འཇུག་པ་དང ། རིགས་ཤིང་འོས་པར་རྙེད་པ་རྣམས་ལེན་མི་ནུས་པའོ། །ལྷུང་བཟེད་ཉིད་དང ། ལྷུང་བཟེད་དུ་གཏོགས་པ་རྙེད་པ་བླངས་པ་ཡང་དཀར་པོའི་ཕྱོགས་སུ་རྣམ་པ་ལྔ་པ་བཟློག་སྟེ་བརྗོད་པར་བྱའོ། ། ཆོས་ལྔ་དང་ལྡན་པའི་དགེ་བསྙེན་ནི། དགེ་བསྙེན་དྲི་མ་ཅན་ནོ། །དགེ་བསྙེན་རུལ་པའོ། །དགེ་བསྙེན་སླུ་བའོ། །དགེ་བསྙེན་རིགས་ངན་དུ་རིག་པར་བྱའོ། །ཚུལ་ཁྲིམས་ངན་པ་ཅན་ཡིན་ཏེ། བསླབ་པ་ཡོངས་སུ་རྫོགས་པར་མི་བྱེད་པའོ། །ལྟས་དང ། བཀྲ་ཤིས་པ་ལ་བརྟེན་པ་ཡིན་ཏེ། ལྟས་དང ། བཀྲ་ཤིས་པས་འདག་པར་ཡིད་ཆེས་ཀྱི། ལས་ཀྱིས་མ་ཡིན་པ་དང ། ལོག་པར་ལྟ་བ་ཡིན་ཏེ། ལོག་པར་ལྟ་ཞིང་དགེ་སློང་ལ་མི་དགའ་བ་མང་དུ་ཡིན། གནས་བརྟན་དང ། བར་མ་དང ། གསར་བུའི་དགེ་འདུན་ལ་དབང་ཟོས་པ་ཡིན་ཏེ། དེས་དེ་ན་འཁོད་པའི་དགེ་སློང་ལ་སྨོད་པའོ། །ཆོས་ལྔ་དང་ལྡན་པའི་དགེ་བསྙེན་ནི། དགེ་བསྙེན་པདྨོ་ལྟ་བུ། དགེ་བསྙེན་པུཎྜ་རཱི་ཀ་ལྟ་བུ། དགེ་བསྙེན་དམ་པར་བལྟ་སྟེ། དཀར་པོའི་ཕྱོགས་སུ་རྣམ་པ་ལྔར་བཟློག་སྟེ་བརྗོད་པར་བྱའོ། །ཆོས་ལྔ་དང་ལྡན་པའི་ནད་པ་ལ་ནད་གཡོག་བྱ་བར་དཀའ་བ་ཡིན་ཏེ། ཚིག་མི་སྲུན་པར་གྱུར་པའི་ཆོས་རྣམས་དང་ལྡན་པ་དང ། ནད་གཡོག་གིས་ལུང་ Pa83b བསྟན་པ་བཞིན་དུ་མི་བཏུབ་པ་དང ། གང་ཕན་པ་དང་གང་མི་ཕན་པ་མི་ཤེས་པ་དང ། སྨན་པ་ལ་མི་བརྟེན་པ་ཡིན་ཏེ། བདག་ལ་ཡོ་བྱད་འབྱོར་པ་དེ་ཐམས་ཅད་གཞན་ལ་འཚོ་བ་དང ། ནད་རྣམས་དུབ་པ་དང་མ་དུབ་པ་མི་ཤེས་པའོ། །དེ་ཉིད་ལ་དཀར་པོའི་ཕྱོགས་སུ་རྣམ་པ་ལྔར་བཟློག་སྟེ་བརྗོད་པར་བྱའོ། །ཆོས་ལྔ་དང་ལྡན་ན། ནད་པའི་གཡོག་ཏུ་བཅུག་པའི་མི་རིགས་སོ། ། ཚིག་མི་སྲུན་པ་ཡིན་ཏེ། ཚིག་མི་སྲུན་པར་གྱུར་པའི་ཆོས་རྣམས་དང་ལྡན་པ་དང ། ནད་པ་ལ་ལུང་བསྟན་པ་བཞིན་མི་བྱེད་པ་དང ། ནད་པ་ལ་ཕན་པ་དང་མི་ཕན་པར་མི་ཤེས་པ་དང ། ནད་པའི་སྨན་སྦྱོར་མི་ནུས་པ་དང ། ནད་པ་ལ་ཁ་ཟས་ཀྱི་ཕྱིར་ནད་གཡོག་བྱེད་ཀྱི། ཆོས་ཀྱི་ཕྱིར་མ་ཡིན་ཞིང ། སྨོད་པ་ཅན་ཡིན་ཏེ། ནད་པ་ལ་རབ་ཏུ་སྨད་ནས་ནད་པའི་བཤང་གཅི་དང ། མཆིལ་མ་དང ། སྐྱུག་པ་དང ། ཚད་པ་འདོར་དུ་མི་བཏུབ་ཅིང་སྨོད་པའོ། །དཀར་པོའི་ཕྱོགས་སུ་རྣམ་པ་ལྔར་བཟློག་སྟེ་བརྗོད་པར་བྱའོ། །ཆོས་ལྔ་དང་ལྡན་ཞིང་ལོ་བཅུ་ལོན་པས་རབ་ཏུ་དབྱུང་བར་བྱ།་བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ་སྟེ། ལྔ་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་དང ། མང་དུ་ཐོས་པ་དང ། མདོ་སྡེ་འཛིན་པ་དང ། འདུལ་བ་འཛིན་པ་དང ། མ་ལྟ་བུ་འཛིན་པའོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། ཚུལ་ཁྲིམས་དང་ལྡན་པ་དང ། མང་དུ་ཐོས་པ་དང ། མདོ་སྡེ་ལ་མཁས་པ་དང ། འདུལ་བ་ལ་མཁས་པ་དང ། མ་ལྟ་བུ་ལ་མཁས་པའོ། ། Pa84a ༄#། །གཞན་ཡང་རྣམ་པ་ལྔར་བརྗོད་དོ། །ཚུལ་ཁྲིམས་དང་ལྡན་པ་དང ། མང་དུ་ཐོས་པ་དང ། མདོ་སྡེ་རིག་པ་དང ། འདུལ་བ་རིག་པ་དང ། མ་ལྟ་བུ་རིག་པའོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། ཚུལ་ཁྲིམས་དང་ལྡན་པར་གྱུར་པ་དང ། མང་དུ་ཐོས་པ་དང ། མདོ་སྡེ་ལ་གསལ་བ་དང ། འདུལ་བ་ལ་གསལ་བ་དང ། མ་ལྟ་བུ་ལ་གསལ་བའོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། ཚུལ་ཁྲིམས་ཅན་དང ། མང་དུ་ཐོས་པ་དང ། ལྷན་ཅིག་སྤྱོད་པ་དང ། ཉེ་གནས་མདོ་སྡེ་དང ། འདུལ་བ་དང ། མ་ལྟ་བུ་སློབ་ཏུ་འཇུག་ནུས་པའོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། ཚུལ་ཁྲིམས་ཅན་དང ། མང་དུ་ཐོས་པ་དང ། ལྷག་པའི་ཚུལ་ཁྲིམས་དང ། ལྷག་པའི་སེམས་དང ། ལྷག་པའི་འདུལ་བ་ལ་སློབ་པ་ཡིན་ནོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། ཚུལ་ཁྲིམས་ཅན་དང ། མང་དུ་ཐོས་པ་དང ། བསླབ་པ་ལྷག་པར་སྤྱད་པའི་བསླབ་པ་དང ། འདུལ་བ་ལྷག་པ་དང ། སོ་སོར་ཐར་པ་ལྷག་པ་རྣམས་སློབ་པའོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། དད་པ་དང་ལྡན་པ་དང ། ཚུལ་ཁྲིམས་དང་ལྡན་པ་དང ། ཐོས་པར་ལྡན་པ་དང ། གཏོང་བར་ལྡན་པ་དང ། ཤེས་རབ་དང་ལྡན་པར་གྱུར་པའོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། ཚུལ་ཁྲིམས་དང་ལྡན་པ་དང ། ཤེས་རབ་དང་ལྡན་པ་དང ། ཏིང་ངེ་འཛིན་དང་ལྡན་པ་དང ། རྣམ་པར་གྲོལ་བ་དང་ལྡན་པ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བ་དང་ Pa84b ལྡན་པའོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། ཚུལ་ཁྲིམས་ཅན་དང ། མང་དུ་ཐོས་པ་དང ། བརྩོན་འགྲུས་རྩོམ་པ་དང ། དྲན་པ་ཉེ་བར་འཇོག་པ་དང ། ཤེས་རབ་ཅན་དུ་གྱུར་པའོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། ཚུལ་ཁྲིམས་ཅན་དང ། མང་དུ་ཐོས་པ་དང ། བརྩོན་འགྲུས་བརྩམས་པ་དང ། མཉམ་པར་འཇོག་པ་དང ། ཤེས་རབ་ཅན་དུ་གྱུར་པའོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། ཚུལ་ཁྲིམས་ཅན་དང ། མང་དུ་ཐོས་པ་དང ། བརྩོན་འགྲུས་བརྩམས་པ་དང ། ནད་དུ་ཡང་དག་འཇོག་ལ་བརྩོན་པ་དང ། ཤེས་རབ་ཅན་ཡིན་ནོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། ། སླབ་\་BཥLཱB\་པའི་ཚུལ་ཁྲིམས་ཀྱི་ཕུང་པོར་ལྡན་པ་དང ། ཏིང་ངེ་འཛིན་གྱི་ཕུང་པོ་དང ། ཤེས་རབ་ཀྱི་ཕུང་པོ་དང ། རྣམ་པར་གྲོལ་བའི་ཕུང་པོ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་ལྡན་པར་གྱུར་པའོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། མི་སློབ་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པ་དང ། ཏིང་ངེ་འཛིན་གྱི་ཕུང་པོ་དང ། ཤེས་རབ་ཀྱི་ཕུང་པོ་དང ། རྣམ་པར་གྲོལ་བའི་ཕུང་པོ་དང ། རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་དང་ལྡན་པར་གྱུར་པའོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། ཉེས་པ་བྱུང་བ་ཤེས། བཅས་པ་ཤེས། རྗེས་སུ་བཅས་པ་ཤེས། གནང་བ་ཤེས། རྗེས་སུ་གནང་བ་ཤེས་པའོ། །གཞན་ཡང་རྣམ་པར་ལྔར་བརྗོད་དེ། བར་ཆད་དུ་འགྱུར་བ་ཤེས། བར་ཆད་དུ་མི་འགྱུར་བ་ཤེས། ལུང་བསྟན་པ་དང ། རྗེས་སུ་སྟོན་པ་ Pa85a ༄#། །དང ། གནས་བཅའ་བར་བྱེད་ནུས་པའོ། །གཞན་ཡང་རྣམ་པ་ལྔར་བརྗོད་དེ། ཉེས་པ་ཤེས། ཉེས་པ་མེད་པ་ཤེས། ལྕི་བ་ཤེས། ཡང་བ་ཤེས། དེས་སོ་སོར་ཐར་པའི་མདོ་རྒྱས་པར་གོ་ཞིང་ཁ་ཏོན་ལོབས་པ་ཡིན་ནོ། །ཆོས་འདི་ལྔ་དང་ལྡན་ན། དེས་རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། བདག་ཉིད་ཀྱང་གནས་མི་བཅའ་བར་འདུག་པར་བྱ་སྟེ། ཐོག་མའི་ལྔ་པོ་ཉམས་པ་གཉིས་ཏེ། བསྙེན་པར་རྫོགས་ནས་ལོ་བཅུ་ལོན་ནམ། དེ་བས་ལྷག་ཀྱང་རུང་སྟེ། ལྷན་ཅིག་སྤྱོད་པའམ། ཉེ་གནས་ཀྱང་རུང་སྟེ། ནད་པའི་ནད་གཡོག་བྱེད་དམ། ནད་གཡོགས་བྱེད་དུ་འཇུག་ནུས་པ་དང ། ལྷན་ཅིག་སྤྱོད་པའམ། ཉེ་གནས་ཀྱང་རུང་སྟེ། ཐེ་ཚོམ་བྱུང་ན། སླར་སེལ་ཏམ། སླར་སེལ་དུ་འཇུག་ནུས་པ་དང ། ལྷན་ཅིག་སྤྱོད་པའམ། ཉེ་གནས་སྡིག་པ་ལ་ལྟ་བར་གྱུར་ན། སླར་གཏོང་ངམ། སླར་གཏོང་ནུས་པར་གྱུར་པ་དང ། ལྷན་ཅིག་སྤྱོད་པའམ། ཉེ་གནས་གནས་འདི་ན། མི་དགའ་བར་གྱུར་ན།་ཡུལ་གུད་དུ་ལེན་དུ་འཇུག་པར་བྱེད་ནུས་པ་ཡིན་ཏེ། ཆོས་འདི་ལྔ་དང་ལྡན་ན། རབ་ཏུ་དབྱུང་བར་བྱ། བསྙེན་པར་རྫོགས་པར་བྱ། གནས་སྦྱིན་པར་བྱ། བདག་རང་གནས་མི་བཅའ་བར་འདུག་པའོ།། །།འདུལ་བ་གཞུང་དམ་པ། བམ་པོ་ཉེར་དགུ་པ། ལྔ་པོ་རྣམས་ཀྱི་མདོ་བར་མའི་ཚིགས་སུ་བཅད་པ་བརྗོད་པར་བྱའོ། །ལོ་བཅུ་མདོ་སྡེ་ Pa85b བཞི་པ་དང ། །ལྷག་པར་སྤྱོད་དང་རྫོགས་པ་དང ། །གཉིས་སུ་བྱས་ཏེ་བརྩོན་འགྲུས་བརྩམས། །གཞན་ཡང་གསུམ་པོ་ཕུང་པོ་དང ། །བྱུང་བ་ལ་ཡང་གཉིས་སུ་བྱ། །བར་དུ་གཅོད་དང་ཉེས་པ་དང ། །ཐ་མར་བྱས་ནས་སྡེར་བསྡུས་སོ། །འདུལ་བ་མི་འཛིན་པ་ལ་ཉེས་པའི་དམིགས་ལྔ་དང་ལྡན་པ་ནི། ཟབ་པ་དང ། སྤོབས་པ་མེད་པ་དང ། བསམ་པ་མང་བ་དང ། འཇིག་རྟེན་གྱི་ཡི་གེར་ལྡན་པ་དང ། གོ་དཀའ་བའོ། །གང་ཟག་འདུལ་བ་འཛིན་པ་ལ་ཡོན་ཏན་རྣམ་པ་ལྔ་སྟེ། རྒྱལ་བའི་ནང་གི་མཛོད་སྲུང་བར་འགྱུར་བ་ཡིན། བདག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་སྦས་ཤིང་ཤིན་ཏུ་སྦས་པར་གྱུར་པ་དང ། དེ་ལ་ལུང་བསྒོ་བ་དང ། བསྟན་པ་གཞན་ལ་རག་མ་ལུས་པ་ཡིན། མཁས་པ་ཚངས་པ་མཚུངས་པར་སྤྱོད་པའི་གང་ཟག་འགྱོད་པ་སྐྱེས་པ་རྣམས་ཀྱི་སྐྱབས་སུ་གྱུར་པ་ཡིན་ནོ། །གཞན་ཡང་འདུལ་བ་འཛིན་པའི་གང་ཟག་ལ་ཡོན་ཏན་རྣམ་པ་ལྔ་སྟེ། མི་འཇིགས་པར་དགེ་འདུན་གྱི་ནང་དུ་གནས་པ་དང ། དེས་བསླབ་པའི་གནས་ཤིན་ཏུ་ཟིན་པར་འགྱུར་བ་དང ། སྟོན་པས་བསྟན་པ་དག་འཕེལ་བར་བྱེད་པ་དང ། ཆོས་ཀྱི་རྗེས་སུ་སྒྲོག་པར་བྱེད་པ་དང ། འདི་ལྟར་བསླབ་པའི་དབང་དུ་བྱས་ནས་འདི་ལས་ཕྱི་རོལ་པའི་སྤྱི་བོར་བསྒྲུབས་ཏེ་འདུག་པ་ཡིན་ནོ། །གཞན་ཡང་གང་ཟག་འདུལ་བ་འཛིན་པ་ལ་ཡོན་ཏན་རྣམ་པ་ལྔ་སྟེ། འདུལ་བ་འཛིན་པའི་གང་ཟག་ཕྱོགས་གང་ན་གནས་པ་དེར་ང་སྣང་བར་གྱུར་པ་དང ། མངོན་སུམ་དུ་སྣང་བར་གྱུར་པ་དང ། རབ་ཏུ་སྣང་བར་གྱུར་པ་དང ། ཕྱོགས་དེ་ངས་སྟོང་པར་མ་གྱུར་ Pa86a ༄#། །པ་དང ། འདུལ་བ་འཛིན་པའི་གང་ཟག་ཕྱོགས་གང་ན་འདུག་པ་དེའི་ཕྱོགས་སུ་དེ་བཞིན་གཤེགས་པ་འཕྲིན་ལས་ཆུང་བ་ཡིན་ནོ། །གཞན་ཡང་འདུལ་བ་འཛིན་པའི་གང་ཟག་ལ་ཡོན་ཏན་རྣམ་པ་ལྔ་སྟེ། བྱུང་བ་ཤེས་པ་དང ། བཅས་པ་ཤེས་པ་དང ། རྗེས་སུ་བཅས་པ་ཤེས་པ་དང ། སྤངས་བ་ཤེས་པ་དང ། རྗེས་སུ་གནང་བ་ཤེས་པའོ། ། གཞན་ཡང་འདུལ་བ་འཛིན་པ་ལ་ཡོན་ཏན་རྣམ་པ་ལྔ་སྟེ། ཉེས་པ་ཤེས་པ་དང ། ཉེས་པ་མེད་པ་ཤེས་པ་དང ། ལྕི་བ་ཤེས་པ་དང ། ཡང་བ་ཤེས་པ་དང ། དེས་སོ་སོར་ཐར་པའི་མདོ་ཀློག་ཅིང་རྒྱས་པར་བསྒྲགས་པ་ཡིན་ནོ། །གཞན་ཡང་འདུལ་བ་འཛིན་པའི་གང་ཟག་ལ་ཡོན་ཏན་རྣམ་པ་ལྔ་ཡོད་དེ། བར་ཆད་དུ་འགྱུར་བ་ཤེས། བར་ཆད་མ་ཡིན་པ་ཤེས། ལུང་བསྒོ་བ་དང ། རྗེས་སུ་སྟོན་པ་དང ། གནས་བཅུར་འཇུག་ནུས་པ་ཡིན་ནོ། །མདོར་ན། སྤངས་པར་གྱུར་དང་གཉིས་པ་དང ། །ཕྱག་དར་ཁྲོད་པ་གཉིས་སུ་བྱ། །རུང་བ་གཉིས་པ་བཟའ་བ་དང ། །བཅའ་བ་བུ་རམ་དེ་བཞིན་ནོ། །རྣམ་པ་ལྔས་ན། སྤངས་པ་ཞེས་བྱ་སྟེ། བཟའ་བར་མངོན་པ་དང ། བཟའ་བ་སྦྱིན་པར་མངོན་པ་དང ། བཟའ་བ་བྱིན་ལེན་བྱེད་པར་མངོན་པ་དང ། བཟའ་བ་སྤོང་བར་མངོན་པ་དང ། སྟན་ལས་ལངས་པར་མངོན་པའོ། །ཇི་ལྟར་ན། བཟའ་བར་མངོན་པ་ཞེ་ན། བཟའ་བ་རྣམ་པ་ལྔ་དང ། བཅའ་བ་རྣམ་པ་ལྔ་སླར་སྤང་བར་ Pa86b བྱེད་པའོ། །ཇི་ལྟར་ན། བཟའ་བ་སྦྱིན་པར་མངོན་པ་ཞེ་ན། སྐྱེས་པ་དང ། བུད་མེད་དང ། མ་ནིང་དུ་མངོན་པའོ། །ཇི་ལྟར་ན། བཟའ་བ་བྱིན་ལེན་བྱེད་པར་མངོན་པ་ཞེ་ན། བཟའ་བ་ལྔ་དང ། བཅའ་བ་ལྔ་འབྲིམ་པར་གྱུར་པའོ། །ཇི་ལྟར་ན། བཟའ་བ་སྤོང་བར་མངོན་པ་ཞེ་ན། བཟའ་བ་ལྔ་དང ། བཅའ་བ་ལྔ་མི་འདོད་ཅེས་སྤོང་བ་ཡིན། ཇི་ལྟར་ན། སྟན་ལས་ལངས་པར་མངོན་པ་ཞེ་ན།་གང་སྟན་ལས་ལངས་པའོ། །རྣམ་པ་ལྔས་ན། མ་སྤངས་པ་ཞེས་བྱ་བ་སྟེ། དེ་ལྟ་བུ་ལས་སླར་བཟློག་པ་རྣམ་པ་ལྔར་བརྗོད་པར་བྱའོ། །གཞན་ཡང་རྣམ་པ་ལྔའི་ཕྱིར་མ་སྤངས་པ་ཞེས་བྱ་སྟེ། མི་རུང་བའི་བཟའ་བ་དང ། བཅའ་བའམ། མི་རུང་བར་འདྲེས་པས་སྤོང་པ་དང ། བཞག་པའམ་བཞག་པར་འདྲེས་པས་སྤངས་པ་དང ། མི་ཕན་པའམ་མི་ཕན་པར་འདྲེས་པས་སྤོང་བ་དང ། མི་འདོད་པའམ། མི་འདོད་པར་འདྲེས་པས་སྤོང་བ་དང ། མ་འགྲངས་པའམ། རྫོགས་པར་མ་གྱུར་པའོ། །རྣམ་པ་ལྔས་སྤངས་པ་ཞེས་བྱ་སྟེ། དེ་ལས་སླར་བཟློག་པ་རྣམ་པ་ལྔར་བརྗོད་པར་བྱའོ། །གཞན་ཡང་རྣམ་པ་ལྔས་ལྷག་མ་དང་བཅས་པའི་ཚིག་གིས་སྤངས་པ་ནི། མ་སྤངས་པ་ཞེས་བྱ་སྟེ། རེ་ཞིག་ཆོག་གོ་།ཞེས་ཟེར་བ་དང ། རེ་ཞིག་ཞོག་ཅིག་ཅེས་ཟེར་བ་དང ། རེ་ཞིག་བཟའོ། །ཞེས་ཟེར་བ་དང ། རེ་ཞིག་མི་དགོས་སོ། །ཞེས་ཟེར་བ་དང ། རེ་ཞིག་འགྲངས་སམ་མ་འགྲངས་བལྟའོ། །ཞེས་ཟེར་བ་འདི་ལྔ་ནི། མ་སྤངས་པ་ Pa87a ༄#། །ཞེས་བྱའོ། །རྣམ་པ་ལྔའི་ཕྱིར་སྤངས་པ་ཞེས་བྱ་སྟེ། ཆོག་གོ་།ཞེས་ཟེར་བ་དང ། ཞོག་ཅིག་ཅེས་ཟེར་བ་དང ། ཟོས་ཟིན་ཏོ། །ཞེས་ཟེར་བ་དང ། མི་དགོས་སོ། །ཞེས་ཟེར་བ་དང ། འགྲངས་སོ། །ཞེས་ཟེར་བའི་ཚིག་ལྔ་པོ་ལྷག་མ་མེད་པ་དེ་ལྔ་ནི། སྤངས་པ་ཞེས་བྱའོ། །ཕྱག་དར་ཁྲོད་ཀྱི་གོས་རྣམ་པ་ལྔ་སྟེ། སྲང་གི་ཕྱག་དར་ཁྲོད་ཀྱི་གོས་དང ། ཆུས་ཁྱེར་བ་དང ། ཕྱག་དར་ཁྲོད་པ་དང ། དགོན་པར་འདུག་པ་དང ། མཛོད་རྙིང་ཁྱེར་བ་དང་ལྔའོ། །གཞན་ཡང་ཕྱག་དར་ཁྲོད་ཀྱི་གོས་ལ་རྣམ་པ་ལྔ་སྟེ། བ་ལང་གིས་ཟོས་པ་དང ། བྱི་བས་ཟོས་པ་དང ། བྱིའུས་ཟོས་པ་དང ། མེས་ཚིག་པ་དང ། མ་མས་བོར་བའི་ཕྱག་དར་ཁྲོད་པ་དང་ལྔའོ། །རུང་བར་བྱེད་པ་ལ་རྣམ་པ་ལྔ་སྟེ། མེས་རུང་བར་བྱ་བ་དང ། མཚོན་གྱིས་རུང་བར་བྱ་བ་དང ། སེན་མོས་རུང་བར་བྱ་བ་དང ། ནེ་ཙོས་རུང་བར་བྱ་བ་དང ། རྙིས་པས་རུང་བར་བྱ་བ་དང་ལྔའོ། །གཞན་ཡང་རུང་བ་ལྔ་སྟེ། བཏོན་པ་དང ། བཙལ་བ་དང ། བཅད་པ་དང ། གཤེག་པ་དང ། ས་བོན་མ་ཡིན་པའི་ཆོས་དང་ལྔའོ། །བཟའ་བ་ལ་རྣམ་པ་ལྔ་སྟེ། འབྲས་ཆན་དང ། ཕྱེ་ཚལ་བཙོས་པ་དང ། ཤ་དང ། ཉ་དང ། ཁུར་བའོ། །བཅའ་བ་ལ་རྣམ་པ་ལྔ་སྟེ། རྩ་བ་བཅའ་བ་དང ། སྡོང་བུ་བཅའ་བ་དང ། ལོ་མ་བཅའ་བ་དང ། མེ་ཏོག་བཅའ་བ་དང ། འབྲས་བུ་བཅའ་བའོ། །གཞན་ཡང་བཅའ་བ་རྣམ་པ་ལྔ་སྟེ། བག་ Pa87b ཚོས་བཅའ་བ་དང ། བརྔོས་བཅའ་བ་དང ། ཁུར་སྐམ་བཅའ་བ་དང ། བུ་རམ་བཅའ་བ་དང ། ཆན་བཅའ་བའོ། །ཉམ་དམའ་བ་ལྔས་ན། བྱིན་གྱིས་བརླབས་པའི་བུ་རམ་བཅའ་བར་བྱ་སྟེ། ཟན་ཆུང་བ་ཟོས་པ་དང ། ཟན་མ་ཟོས་པ་དང ། ནད་ཀྱིས་གཟིར་བ་དང ། ལམ་དུ་ཞུགས་པ་དང ། ལས་གསར་དུ་བྱེད་པའོ། །མདོར་ན། དུགས་ཁང་ཚུལ་ཁྲིམས་མི་བཟོད་དང ། །དམ་ཆོས་མ་ཡིན་མཛའ་མང་བ། །ལྷུང་བཟེད་དང་ནི་བཟའ་བ་དང ། །གོས་དང་བསོད་སྙོམས་དེ་བཞིན་ཏེ། །དུགས་ཁང་ལ་ཡོན་ཏན་རྣམ་པ་ལྔ་སྟེ། ལུས་ཀྱི་དྲི་མ་མེད་པར་བྱེད་པ་དང ། པགས་པ་མདངས་གསལ་བར་བྱེད་པ་དང ། པགས་པའི་ནང་ན་ནད་ཡོད་པ་འབྱིན་པ་དང ། རླུང་དང་བད་ཀན་དང་མི་མཐུན་པར་བྱེད་པ་དང ། དགེ་སློང་དག་གི་ནད་མང་པོ་དུགས་ཁང་གིས་མེད་པར་འགྱུར་བ་དང་ལྔའོ། །དགེ་སློང་ཆོས་འདི་ལྔ་དང་ལྡན་ན། དགེ་འདུན་བདེ་བར་གནས་པའོ། །སོ་སོར་ཐར་པའི་སྡོམ་པས་བསྡམས་པ་དང ། སྤྱོད་པ་དང ། སྤྱོད་ལམ་དུ་ལྡན་པ་དང ། ཁ་ན་མ་ཐོ་བ་རྡུལ་ཙམ་ལ་ཡང་འཇིགས་པར་བྱེད་ཅིང ། བསླབ་པའི་གནས་ལ་དམ་བཅས་ཏེ་བསླབ་པ་དང ། བདག་ལ་ལྟའི། །གཞན་ལ་མི་ལྟ་བ་དང ། བཤེས་ཉུང་བཤེས་པ་རབ་ཏུ་ཉུང་བའོ། །དེ་ལ་བཤེས་པ་ཉུང་བ་ནི། ཕྲད་འདོད་པའི་སྡུག་བསྔལ་མེད་པར་འགྱུར་བ་དང ། བདེ་བར་གནས་ཤིང་གཞན་ལ་གནོད་པ་མེད་པས་བདེ་བར་གྱུར་པ་ཡིན། གཞན་གྱིས་མི་སྙན་པར་སྨྲས་པ་དང ། ཚིག་རྩུབ་པོར་སྨྲས་ཀྱང་གཞན་ Pa88a ༄#། །གྱིས་མི་གདུང་ཞིང་མི་བཟོད་པར་མི་འགྱུར་བའོ། །གང་ཟག་མི་བཟོད་པ་ལ་ཉེས་པའི་དམིགས་རྣམ་པ་ལྔ་སྟེ། མ་རུང་བ་ཡིན། གཏུམ་པོ་ཡིན། སྐྱེ་བོ་མང་པོ་ལ་མི་སྡུག་པ་ཡིན། ཡིད་དུ་མི་འོང་བ་ཡིན། ཕྱིས་འགྱོད་པ་ཡིན་ནོ། །བཟོད་པའི་སྐྱེས་བུ་གང་ཟག་ལ་ཡོན་ཏན་རྣམ་པ་ལྔ་སྟེ། དེ་ཡང་དཀར་པོའི་ཕྱོགས་སུ་རྣམ་པ་ལྔར་བཟློག་སྟེ་བརྗོད་པར་བྱའོ། །མི་བཟོད་པ་ལ་ཡང་ཉེས་པའི་དམིགས་རྣམ་པ་ལྔ་སྟེ། དགྲ་མང་དུ་འགྱུར་བ་དང ། སྡུག་བསྔལ་བ་དང་ཡིད་མི་བདེ་བ་མང་དུ་འགྱུར། འཕྱེ་བ་མང་དུ་འགྱུར། འགྱོད་བཞིན་དུ་དུས་བྱེད་པར་འགྱུར། ལུས་དང་བྲལ་ཏེ་ཤི་བའི་འོག་ཏུ་ངན་སོང་གི་རྒྱུད་སེམས་ཅན་དམྱལ་བར་སྐྱེ་བར་འགྱུར་བའོ། །བཟོད་པ་ལ་ཡོན་ཏན་རྣམ་པ་ལྔ་སྟེ། དེ་ལས་དཀར་པོའི་ཕྱོགས་སུ་བཟློག་སྟེ་རྣམ་པ་ལྔར་བརྗོད་དོ། །དམ་པའི་ཆོས་འཇིག་པ་ན་འཇིག་རྟེན་དུ་དམ་པའི་ཆོས་དང་མི་མཐུན་པར་གྱུར་པའི་ཚེ་འཇིག་རྟེན་དུ་དམ་པའི་ཆོས་མ་ཡིན་པ་རྣམ་པ་ལྔ་འབྱུང་བར་འགྱུར་ཏེ། ལྔ་གང་ཞེ་ན། དམ་པའི་ཆོས་འཇིག་པ་ན། འཇིག་རྟེན་དུ་དམ་པའི་ཆོས་དང་མི་མཐུན་པར་གྱུར་པའི་ཚེ་དགེ་སློང་མ་དད་པ་དང ། ངོ་ཚ་མེད་པ་དང ། ཁྲེལ་མེད་པ་དང ། ལེ་ལོ་ཅན་དང ། དྲན་པ་ཉམས་པ་དང ། སེམས་གཅིག་ཏུ་མི་ཐུབ་ཅིང་སེམས་འཁྲུགས་པར་འགྱུར་ཏེ། དེ་ལྟར་ན། དམ་པའི་ཆོས་འཇིག་པ་ན། འཇིག་རྟེན་དུ་དམ་པའི་ཆོས་དང་མི་མཐུན་ Pa88b བར་གྱུར་པ་དེ་ནི། འཇིག་རྟེན་དུ་དམ་པའི་ཆོས་མ་ཡིན་པ་འབྱུང་བ་དང་པོ་ཡིན་ནོ། །དམ་པའི་ཆོས་འཇིག་པ་ན། འཇིག་རྟེན་དུ་དམ་པའི་ཆོས་དང་མི་མཐུན་པར་གྱུར་པའི་ཚེ་དགེ་སློང་རྣམས་འཐབ་པ་དང ། མཚང་འདྲུ་བ་དང ། འཁོན་པ་དང ། རྩོད་པར་འགྱུར་ཏེ། དེ་ལྟར་ན། དམ་པའི་ཆོས་འཇིག་པ་ན། འཇིག་རྟེན་དུ་དམ་པའི་ཆོས་དང་མི་མཐུན་པར་གྱུར་པ་འདི་ནི། འཇིག་རྟེན་དུ་དམ་པའི་ཆོས་མ་ཡིན་པ་འབྱུང་བ་གཉིས་པ་ཡིན་ནོ། །དམ་པའི་ཆོས་འཇིག་པ་ན། འཇིག་རྟེན་དུ་དམ་པའི་ཆོས་དང་མི་མཐུན་པར་གྱུར་པའི་ཚེ་དགེ་སློང་ཁ་ཅིག་ཚུལ་འཆོས་ཤིང་སྡིག་པ་ལ་ལྟ་བས་འཆོས་པས་ཞི་གནས་ཙམ་ལ་བརྟེན་ཅིང་བཀའ་ལུང་སྟོན་ཏོ། །དེ་ལྟར་ན། དམ་པའི་ཆོས་འཇིག་པ་ན། འཇིག་རྟེན་དུ་དམ་པའི་ཆོས་དང་མི་མཐུན་པར་གྱུར་པ་འདི་ནི། འཇིག་རྟེན་དུ་དམ་པའི་ཆོས་མ་ཡིན་པ་འབྱུང་བ་གསུམ་པ་ཡིན་ནོ། །དམ་པའི་ཆོས་འཇིག་པ་ན། འཇིག་རྟེན་དུ་དམ་པའི་ཆོས་དང་མི་མཐུན་པར་གྱུར་པའི་ཚེ་དགེ་སློང་རྣམས་ཚུལ་ཁྲིམས་ཉམས་བཞིན་དུ་འཆི་བའི་དུས་བྱེད་པ་དང ། ཚུལ་ཁྲིམས་དང་ལྡན་པ་ལ་སྐུར་བ་འདེབས་ཏེ། དེ་ལྟར་ན། དམ་པའི་ཆོས་འཇིག་པ་ན། འཇིག་རྟེན་དུ་དམ་པའི་ཆོས་དང་མི་མཐུན་པར་གྱུར་པ་འདི་ནི། འཇིག་རྟེན་དུ་དམ་པའི་ཆོས་མ་ཡིན་པ་འབྱུང་བ་བཞི་པ་ཡིན་ནོ། །དམ་པའི་ཆོས་འཇིག་པ་ན། འཇིག་རྟེན་དུ་དམ་པའི་ཆོས་དང་མི་མཐུན་པར་གྱུར་པའི་ཚེ་ཁྱིམ་བདག་གིས་རབ་ཏུ་བྱུང་བ་ལ་བྱ་བ་བྱས་པས། Pa89a ༄#། །དེ་དག་ནི། ལུས་དང་བྲལ་ཏེ་ཤི་ནས་ཀྱང་བདེ་འགྲོ་མཐོ་རིས་ཀྱི་ལྷར་སྐྱེའོ། །རབ་ཏུ་བྱུང་བ་དག་ནི། མང་དུ་ངན་སོང་དུ་ལྟུང་སྟེ། དེ་ལྟར་ན། དམ་པའི་ཆོས་འཇིག་པ་ན།་འཇིག་རྟེན་དུ་དམ་པའི་ཆོས་དང་མི་མཐུན་པར་གྱུར་པ་འདི་ནི། འཇིག་རྟེན་དུ་དམ་པའི་ཆོས་མ་ཡིན་པ་འབྱུང་བ་ལྔ་པ་ཡིན་ནོ། །ཆོས་རྣམ་པ་ལྔ་དང་ལྡན་པའི་གྲོགས་པོ་དང་མི་འགྲོགས་པར་བྱ། མི་བསྟེན་པར་བྱ་སྟེ། ལས་ལ་ཞུགས་པ་དང ། རྩོད་པ་ལ་ཞུགས་པ་དང ། རྒྱུན་དུ་འགྲོ་བ་ལ་ནན་ཏན་བྱེད་པར་གྱུར་པ་དང ། གཅེས་པ་དང་ལྷན་ཅིག་ཏུ་སྔོ་བར་བྱེད་པ་དང ། རྒྱལ་པོའི་འཁོར་དུ་གནས་པའོ། །དཀར་པོའི་ཕྱོགས་སུ་བཟློག་སྟེ་རྣམ་པ་ལྔར་བརྗོད་དེ། ཐ་དད་པ་ལྔ་སྟེ། སྟོན་པ་ཐ་དད་པ་དང ། ཆོས་ཐ་དད་པ་དང ། དགེ་འདུན་ཐ་དད་པ་དང ། ལས་ཐ་དད་པ་དང ། ལམ་ཐ་དད་པའོ། །ལྷུང་བཟེད་འདི་ལྔ་མེད་ན་ཡང་མ་ཚོལ་ཅིག་།ཡོད་ན་ཡང་བཅང་བར་མ་བྱེད་ཅིག་།ལྔ་གང་ཞེ་ན། ཤེལ་གྱི་ལྷུང་བཟེད་དང ། རྡོའི་ལྷུང་བཟེད་དང ། འཁར་བའི་ལྷུང་བཟེད་དང ། རིན་པོ་ཆེའི་ལྷུང་བཟེད་དོ། །ལྷག་པའི་ལྷུང་བཟེད་དོ། །རྣམ་པ་ལྔར་དགེ་སློང་གིས་ཟན་ཟོས་ན། འདས་པ་དང་བཅས་པར་འགྱུར་ཏེ། འདབ་མའི་སྣོད་དུ་ཟན་ཟ་བ་དང ། སྙིམ་པར་ཟན་ཟ་བ་དང ། ལྕེ་ཕྱུང་ལ་ཟན་ཟ་བ་དང ། མཆུས་ལེན་ཅིང་ཟ་བ་དང ། ལག་པས་ཕུགས་སུ་ཕུལ་ཏེ་ཟན་ཟ་བའོ། །བརྟད་པའི་གོས་རྣམ་པ་ལྔ་སྟེ། འགྲོ་ Pa89b བས་ན་སྦྱིན་པ་དང ། འགྲོ་བའི་ཕྱིར་སྦྱིན་པ་དང ། ནད་པས་སྦྱིན་པ་དང ། ནད་པའི་ཕྱིར་སྦྱིན་པ་དང ། བརྟད་པ་ཕྱུང་ནས་སྦྱིན་པའོ། །རིངས་པའི་ཟན་ལ་ལྔ་སྟེ། འགྲོ་བ་དང ། ན་བ་དང ། ནད་གཡོག་དང ། ལས་བྱེད་པ་དང ། ཁང་སྐྱོང་རྣམས་སོ། །སྟན་རྣམ་པ་ལྔའི་སྟེང་དུ་མི་འདུག་པར་བྱ་སྟེ། དེ་བཞིན་གཤེགས་པའི་དང ། དགེ་འདུན་གྱི་གནས་བརྟན་གྱི་དང ། སློབ་དཔོན་གྱི་དང ། མཁན་པོའི་དང ། ཆོས་འཆད་པའིའོ། །འདུལ་བའི་གཞུང་དམ་པ་ལས། ལྔ་པ་རྫོགས་སོ།། །།འདུལ་བ་བཅུ་དྲུག་སྟེ། མདོར་ན། སྨྲ་བར་བྱ་བ་རྒོལ་བ་དང ། །ལན་འདེབས་གཟུ་བོ་འཛིན་གཉིས་དང ། །རྗེས་སུ་རིགས་དང་ཡོན་ཏན་དང ། །གནས་དང་བཤད་པ་དེ་བཞིན་ཏེ། །ལྟུང་བ་གཉིས་དང་ཆད་པའི་ལས། །རྣམ་པར་ཞི་གཉིས་བསོད་ནམས་མང་།། ཐ་མར་བྱས་ནས་སྡེར་བསྡུས་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། རྒོལ་བའི་དགེ་སློང་གིས་དོན་གྱིས་རྒོལ་བ་འཚལ་ན། གནས་དུར་ཤིན་ཏུ་བསམ་པ་བསམ། ཤིན་ཏུ་དཔྱད་པ་དཔྱད། ཤིན་ཏུ་བརྟག་པ་བརྟགས་ནས་དོན་གྱིས་བརྒལ་བར་བགྱི། ཨུ་པ་ལི། རྒོལ་བའི་དགེ་སློང་གིས་དོན་གྱིས་བརྒལ་བར་འདོད་ན། གནས་བཅུ་དྲུག་ཏུ་ཤིན་ཏུ་བསམ་པ་བསམ། ཤིན་ཏུ་དཔྱད་པ་དཔྱད། ཤིན་ཏུ་བརྟག་པ་བརྟགས་ལ་དོན་གྱིས་བརྒལ་བར་བྱའོ། །བཅུ་དྲུག་པོ་གང་ཞེ་ན། བདག་དོན་གང་གིས་བརྒལ་བར་འདོད་པའི་ Pa90a ༄#། །དོན་འདི། ཅི་བདེན་པ་ཡིན་ནམ། འོན་ཏེ་རྫུན། དོན་གྱིས་བརྒལ་བ་དེའི་དུས་ལ་བབ་བམ། འོན་ཏེ་དུས་ལ་མ་བབ། དོན་འདིས་བརྒལ་བའི་སྐབས་སུ་བབ་བམ། འོན་ཏེ་སྐབས་སུ་མ་བབ། དོན་གྱིས་བརྒལ་བ་འདིའི་དོན་དང་ལྡན་པའམ། འོན་ཏེ་དོན་དང་མི་ལྡན། དེའི་འོག་ཏུ་ཡང་བརྟག་པར་བྱ་སྟེ། དེ་ལ་མཐོང་བ་དང ། ཐོས་པ་དང་དོགས་པ་གང་གིས་སྨྲ་བར་བྱ། ལུས་ཀྱིས་འདས་པའམ། ངག་གིས་འདས་པའམ། གྲོང་དུ་བྱས་སམ། དགོན་པར་བྱས་སམ། ནུབ་མོར་བྱས་སམ། ཉིན་པར་བྱས་སམ། ལྷག་མ་དང་བཅས་སམ། ལྷག་མ་མེད་དམ། ཚེ་དང་ལྡན་པ་འདི་མི་དགེ་བའི་གནས་ནས་བསླང་སྟེ་དགེ་བའི་གནས་སུ་གཞག་པར་ནུས་སམ། ཨུ་པ་ལི། དོན་གྱིས་རྒོལ་བའི་དགེ་སློང་གིས་དོན་གྱིས་རྒོལ་བར་འདོད་པས་གནས་བཅུ་དྲུག་པོ་འདི་ལ་ཤིན་ཏུ་བསམ་པ་བསམ། ཤིན་ཏུ་དཔྱད་པ་དཔྱད། ཤིན་ཏུ་བརྟག་པ་བརྟགས་ལ་དོན་གྱིས་བརྒལ་བར་བྱའོ། །ཆོས་རྣམ་པ་འདི་ལྔ་དང་ལྡན་ན། དོན་གྱིས་རྒོལ་བའི་དགེ་སློང་གི་ཚིག་གཟུང་བར་མི་བྱ་སྟེ། ལྔ་གང་ཞེ་ན། དོན་རྒོལ་བ་དེ་རྣམ་པར་དག་པ་མ་ཡིན་པ་དང ། གཅིག་ནས་གཅིག་ཏུ་ཟེར་བ་ལས་རྒོལ་བ་དང ། ཀུན་དགའི་གནས་བྱུང་བ་དང ། དགེ་ཚུལ་ཕའི་ཚིག་ལ་རྒོལ་བ་དང ། ཇི་ལྟར་ངེས་པར་གསུངས་པའི་མདོ་སྡེའི་ཚིག་མི་ཤེས་པ་དང ། གང་ལ་གནས་ནས་རྣམ་པར་སྦྱངས་པ་དེའི་གནས་ Pa90b མི་ཤེས་པ་སྟེ། ཨུ་པ་ལི། ཆོས་རྣམ་པ་འདི་ལྔ་དང་ལྡན་ན། དོན་གྱིས་རྒོལ་བའི་དགེ་སློང་གི་ཚིག་གཟུང་བར་མི་བྱའོ། །ུ་པ་ལི། ཆོས་རྣམ་པ་ལྔ་དང་ལྡན་ན། དོན་གྱིས་རྒོལ་བའི་དགེ་སློང་གི་ཚིག་གཟུང་བར་བྱ་སྟེ། དོན་གྱིས་རྒོལ་བ་དེ་རབ་ཏུ་དག་པ་ཡིན། གཅིག་ནས་གཅིག་ཏུ་ཟེར་བས་མི་རྒོལ་བ་དང ། ཀུན་དགའི་གནས་བྱུང་བ་མ་ཡིན་པ་དང ། དགེ་ཚུལ་ཕའི་ཚིག་ལས་རྒོལ་བ་མ་ཡིན་པ་དང ། ཇི་ལྟར་ངེས་པར་གསུངས་པའི་མདོ་སྡེའི་ཚིག་ཤེས་པ་དང ། གང་ལ་གནས་ནས་རྣམ་པར་སྦྱངས་པ་དེའི་གནས་ཤེས་པ་སྟེ། ཨུ་པ་ལི། ཆོས་རྣམ་པ་དེ་ལྔ་དང་ལྡན་ན། དོན་གྱིས་རྒོལ་བའི་དགེ་སློང་གི་ཚིག་གཟུང་བར་བྱའོ། །ུ་པ་ལི། ལན་གློན་པའི་དགེ་སློང་གནས་བཅུ་དྲུག་ཏུ་ཤིན་ཏུ་བསམ་པ་བསམ། ཤིན་ཏུ་དཔྱད་པ་དཔྱད། ཤིན་ཏུ་བརྟག་པ་བརྟགས་ནས་རྒོལ་བའི་དགེ་སློང་ལ་སྐབས་དབྱེ་བར་གྱིས་ཤིག། བཅུ་དྲུག་པོ་གང་ཞེ་ན། ཅི། ཚེ་དང་ལྡན་པ་འདི་ཚུལ་ཁྲིམས་དང་ལྡན་པ་ཡིན་ནམ། ཐོག་མ་ནས་བསྙེན་པར་རྫོགས་པ་ཡིན་ནམ། ངོ་ཚ་ཅན་ཡིན་ནམ། འགྱོད་པ་ཅན་ཡིན་ནམ། སྡོམ་པ་ཅན་ནམ། སློབ་པར་འདོད་པའམ། མང་དུ་ཐོས་པའམ། ཐོས་པ་འཛིན་པའམ། ཐོས་པ་བསགས་པའམ། འདུལ་བའམ། ལྷག་པའི་འདུལ་བ་ལས་ངེས་པར་ཤེས་པའམ། ལུང་ཁ་ཏོན་དུ་ལོབས་པའམ། དེའི་འོག་ཏུ་ཡང་བརྟག་པར་བྱ་སྟེ། བདག་ལ་མཐོང་བས་སམ། ཐོས་པས་སམ། དོགས་པས་སམ། ལུས་ཀྱིས་འདས་པས་སམ། ཚིག་གིས་འདས་པས་སམ། Pa91a ༄#། །གྲོང་དུ་བྱས་སམ། དགོན་པར་བྱས་སམ། ནུབ་མོར་བྱས་པའམ། ཉིན་པར་བྱས་པའམ། ལྷག་མར་བཅས་པའམ། ལྷག་མ་མེད་པ་གང་གིས་སྨྲ་བར་བྱེད། ཚེ་དང་ལྡན་པ་དེས་བདག་མི་དགེ་བའི་གནས་ནས་བསླང་སྟེ་དགེ་བའི་གནས་སུ་འཇོག་པར་ནུས་སམ། ཨུ་པ་ལི། ལན་གློན་པའི་དགེ་སློང་གིས་གནས་བཅུ་དྲུག་པོ་འདི་ལ་ཤིན་ཏུ་བསམ་པ་བསམ། ཤིན་ཏུ་དཔྱད་པ་དཔྱད། ཤིན་ཏུ་བརྟག་པ་བརྟགས་ནས་རྒོལ་བའི་དགེ་སློང་ལ་སྐབས་དབྱེ་བར་གྱིས་ཤིག་།ུ་པ་ལི། ཆོས་རྣམ་པ་འདི་ལྔ་དང་ལྡན་ན། ལན་གློན་པའི་དགེ་སློང་གི་ཚིག་གཟུང་བར་མི་བྱ་སྟེ། ལྔ་གང་ཞེ་ན། རྒོལ་བའི་དགེ་སློང་གིས་དྲིས་པ་བཞིན་དུ་ལན་མི་འདེབས་པ་དང ། དྲིས་ན་བསམ་པ་མ་ཡིན་པ་སྟོན་པ་དང ། གང་གཞན་གྱིས་གཞན་སྨྲ་བ་དང ། ཕྱི་རོལ་གྱི་གཏམ་སྡུད་པ་དང ། བྱང་བའི་དགེ་སློང་མ་རུང་བར་བྱེད་པ་དང ། ཕྱོགས་འཛིན་པ་ལ་བརྟེན་པ་དང ། ཉེས་པ་མི་ཤེས། ཉེས་པ་མེད་པ་མི་ཤེས་པ་སྟེ། ཨུ་པ་ལི། ཆོས་རྣམ་པ་འདི་ལྔ་དང་ལྡན་ན། ལན་གློན་པའི་དགེ་སློང་གི་ཚིག་གཟུང་བར་མི་བྱའོ། །ུ་པ་ལི། ཆོས་རྣམ་པ་འདི་ལྔ་དང་ལྡན་ན། ལན་གློན་པའི་དགེ་སློང་གི་ཚིག་གཟུང་བར་བྱ་སྟེ། ལྔ་གང་ཞེ་ན། རྒོལ་བའི་དགེ་སློང་གིས་དྲིས་པ་བཞིན་དུ་ལན་འདེབས་པ་དང ། དྲིས་པའི་དོན་གཞན་དང་གཞན་དུ་མི་སྨྲ་བ་དང ། ཕྱི་རོལ་གྱི་ Pa91b གཏམ་གཞན་མི་སྨྲ་བ་དང ། བྱང་བའི་དགེ་སློང་ལ་མི་རུང་བར་མི་བྱེད་པ་དང ། ཕྱོགས་འཛིན་པ་ལ་མི་བརྟེན་པ་དང ། ཉེས་པ་ཤེས། ཉེས་པ་མེད་པ་ཤེས་པ་སྟེ། ཨུ་པ་ལི། ཆོས་རྣམ་པ་འདི་ལྔ་དང་ལྡན་ན། དགེ་སློང་ལན་གློན་པའི་ཚིག་གཟུང་བར་བྱའོ། །ུ་པ་ལི། དེ་ལ་རྒོལ་བ་དང ། ལན་གློན་པའི་དགེ་སློང་དག་རྩོད་པ་ཞི་བར་འདོད་པས་ཆོས་བཅུ་དྲུག་དང་ལྡན་པའི་གཟུ་བོ་འདུལ་བ་འཛིན་པ་ཚོལ་ཅིག་།བཅུ་དྲུག་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པ་དང ། ཐོག་མར་བསྙེན་པར་རྫོགས་པ་དང ། ངོ་ཚ་ཅན་དང ། འགྱོད་པ་ཅན་དང ། སྡོམ་པ་ཅན་དང ། བསླབ་པ་འདོད་པ་དང ། མང་དུ་ཐོས་པ་དང ། ཐོས་པ་འཛིན་པ་དང ། ཐོས་པ་བསགས་པ་དང ། འདུལ་བ་དང ། ལྷག་པའི་འདུལ་བ་ངེས་པར་ཤེས་པ་དང ། མདོ་སྡེ་དང ། ལུང་ཁ་ཏོན་དུ་ལོབས་པ་དང ། དེ་ལས་ཡང་དེའི་འོག་ཏུ་ཡང་བརྟག་པ་བྱ་སྟེ། ཅི། ཚེ་དང་ལྡན་པ་འདི་ལ་གཟུ་བའི་དངོས་པོ་ཡོད་དམ། ཅི། ཚེ་དང་ལྡན་པ་འདིས་སྔ་ནས་མ་འདྲེས་པའམ། ཅི། ཚེ་དང་ལྡན་པ་འདི་རྩོད་པ་སྔར་བྱུང་བ་ལ་མཁས་པའམ། ཅི། ཚེ་དང་ལྡན་པ་འདི་ལྷུང་བཟེད་ཀྱི་ཕྱིར་མ་ཡིན་ནམ། ཆོས་གོས་ཀྱི་ཕྱིར་མ་ཡིན་ན། ཟང་ཟིང་ཅུང་ཟད་ཙམ་གྱི་ཕྱིར་མ་ཡིན་ནམ། འདོད་པའི་ཕྱིར་འགྲོ་བ་མ་ཡིན་ནམ། ཞེ་སྡང་དང ། གཏི་མུག་དང ། འཇིགས་པས་འགྲོ་བ་མ་ཡིན་ནམ། ཅི། ཚེ་དང་ལྡན་པ་འདི་འདོད་ཆགས་ཀྱིས་གཟིར་བ་མ་ཡིན་ Pa92a ༄#། །ནམ། ཞེ་སྡང་གིས་གཟིར་བ་མ་ཡིན་ནམ། གཏི་མུག་གིས་གཟིར་བ་མ་ཡིན་ནམ། རྒྱལ་བའི་གསུང་ལས་འདའ་བར་བྱེད་པ་མ་ཡིན་ནམ། ཅི་ཚེ་དང་ལྡན་པ་འདི་རིགས་པ་མི་རིགས་པར་མི་བྱད་དམ། རིགས་པ་གཅོད་པར་མི་བྱེད་དམ། ཅི་ཚེ་དང་ལྡན་པ་འདི་སྟོན་པས་བསྟན་པ་ཆོས་དང་འདུལ་བས་རབ་ཏུ་ཞི་བར་བྱེད་དམ། ཅི་ཚེ་དང་ལྡན་པ་འདིས་ཚེ་དང་ལྡན་པ་འདི་མི་དགེ་བའི་གནས་ནས་བསླང་སྟེ་དགེ་བའི་གནས་སུ་འཇོག་པར་བྱེད་དམ། ཨུ་པ་ལི། རྒོལ་བ་དང ། ལན་གློན་པའི་དགེ་སློང་དག་རྩོད་པ་ཞི་བར་འདོད་ན། ཆོས་བཅུ་དྲུག་པོ་འདི་དང་ལྡན་པའི་གཟུ་བོ་འདུལ་བ་འཛིན་པ་བཙལ་བར་བྱའོ། །ུ་པ་ལི། འདུལ་བ་འཛིན་པ་ཆོས་རྣམ་པ་ལྔ་དང་ལྡན་ན། རྩོད་པ་ཞི་བར་བྱེད་མི་ནུས་ཏེ། ལྔ་གང་ཞེན། རྒོལ་བ་དང ། ལན་གློན་པའི་དགེ་སློང་ལ་ཆོས་མ་ཡིན་པའི་ཕྱོགས་སུ་འཇུག་པ་དང ། རྒོལ་བ་དང ། ལན་གློན་པའི་དགེ་སློང་ལ་འཐབ་པ་དང ། མཚང་འདྲུ་བ་དང ། འཁོན་པ་དང ། རྩོད་པར་བསྐུལ་བ་དང ། གཟུ་བོའི་དགེ་སློང་རྣམས་ཀྱིས་མདོ་སྡེའི་ཚིག་མི་བཙན་པར་བྱེད་པ་དང ། དགེ་སློང་གཅེས་པ་རྣམས་ལ་འཕྱས་འདོགས་པ་དང ། རྩོད་པའི་ཐོག་མ་དང ། བར་མ་དང ། ཐ་མ་ལ་མི་མཁས་པར་གྱུར་པའོ། །ུ་པ་ལི། གཟུ་བོའི་འདུལ་བ་འཛིན་པ་དང ། ཆོས་རྣམ་པ་འདི་ལྔ་དང་ལྡན་ན། རྩོད་པ་ Pa92b ཞི་བར་བྱེད་ནུས་པར་འགྱུར་རོ། །ལྔ་གང་ཞེ་ན། རྒོལ་བ་དང ། ལན་གློན་པའི་དགེ་སློང་ལ་ཆོས་ཀྱི་ཕྱོགས་སུ་འཇུག་པ་དང ། རྒོལ་བ་དང ། ལན་གློན་པའི་དགེ་སློང་འཐབ་པ་དང ། མཚང་འདྲུ་བ་དང ། འཁོན་པ་དང ། རྩོད་པར་མི་སྐུལ་བ་དང ། གཟུ་བོའི་དགེ་སློང་རྣམས་ཀྱི་མདོ་སྡེའི་གཞུང་བཙན་པར་བྱེད་པ་དང ། དགེ་སློང་གཅེས་པ་ལ་འཕྱས་མི་འདོགས་པ་དང ། རྩོད་པའི་ཐོག་མ་དང ། བར་མ་དང ། ཐ་མ་ལ་མཁས་པར་གྱུར་པའོ། །ུ་པ་ལི། དེ་ལ་གཟུ་བོའི་འདུལ་བ་འཛིན་པ་དེས། རྩོད་པ་རབ་ཏུ་གཟུང་བར་འདོད་ན། གནས་བཅུ་དྲུག་ཏུ་བདག་དང་གཞན་ལ་ཤིན་ཏུ་བརྟགས་ལ་གདོད་རྩོད་པ་གཟུང་བར་བྱ་སྟེ། རྣམ་པ་བརྒྱད་ཀྱིས་ནི་བདག་ཉིད་ཤིན་ཏུ་བརྟག་པར་བྱ། རྣམ་པ་བརྒྱད་ཀྱིས་ནི་གཞན་ཤིན་ཏུ་བརྟག་པར་བྱའོ། །བདག་ཉིད་བརྟག་པ་བརྒྱད་གང་ཞེ་ན། ཅི་བདག་རྩོད་པའི་ཐོག་མ་དང ། བར་མ་དང ། ཐ་མ་ལ་མཁས་པ་ཡིན་ནམ། ཅི་བདག་རྩོད་པ་དེ་ལ་ཐོག་མ་ནས་མ་འདྲེས་སམ། རྒོལ་བ་དང ། ལན་གློན་པའི་དགེ་སློང་གིས་བདག་གི་ཚིག་འཛིན་ཏམ། རྒོལ་བ་དང ། ལན་གློན་པའི་དགེ་སློང་གིས་བདག་གི་ཚིག་ཉན་ཏམ། རྒོལ་བ་དང ། ལན་གློན་པའི་དགེ་སློང་དག་གི་ཉེས་པ་བདག་གིས་རྣམ་པར་སྦྱང་ནུས་སམ། སོ་སོའི་ཕྱོགས་ལ་བདག་གིས་ཆོས་བཞིན་བསྒོ་བར་ནུས་སམ། བདག་གིས་རྩོད་པ་འདི་ཇི་ལྟར་འདུལ་བ་དང ། ཇི་ལྟར་སྟོན་པས་བསྟན་པ་དེ་ལྟར་རྣམ་པར་ཞི་བར་ནུས་སམ། རྒོལ་བ་དང ། ལན་གློན་ Pa93a ༄#། །པའི་དགེ་སློང་དག་བདག་གིས་མི་དགེ་བའི་གནས་ནས་བསླང་སྟེ་དགེ་བའི་གནས་སུ་འཇོག་ནུས་སམ་སྙམ་པ་སྟེ། རྣམ་པ་དེ་བརྒྱད་ཀྱིས་བདག་ཉིད་ཤིན་ཏུ་བརྟག་པར་བྱའོ། །གཞན་ལ་བརྟག་པ་རྣམ་པ་བརྒྱད་གང་ཞེ་ན། དགེ་འདུན་དེ་དག་གི་ནང་ན་མདོ་སྡེ་འཛིན་པ་དང ། འདུལ་བ་འཛིན་པ་དང ། མ་ལྟ་བུ་འཛིན་པའི་དགེ་སློང་ལ་ཇི་ལྟར་བདག་གིས་རྒྱལ་བའི་གསུང་རབ་སྨྲས་པ་ལ་འཛིན་པར་འགྱུར་བ་ཡོད་དམ། དེའི་ཚེ་མདོ་སྡེ་འཛིན་པ་དང ། འདུལ་བ་འཛིན་པ་དང ། མ་ལྟ་བུ་འཛིན་པའི་དགེ་སློང་གང་གིས་རྩོད་པ་འདི་ཇི་ལྟར་ཆོས་བཞིན། ཇི་ལྟར་འདུལ་བ་བཞིན། ཇི་ལྟར་སྟོན་པས་བསྟན་པ་དེ་ལྟ་བུར་ཞི་བར་བྱ་སྙམ་དུ་སེམས་པ་ཡོད་དམ། དགེ་འདུན་དེ་དག་ལ་དགེ་སློང་གནས་བརྟན་དང ། བར་མ་དང ། གསར་བུ་དག་གིས་སོ་སོའི་ཕྱོགས་ཀྱི་དགེ་སློང་དག་ལ་ཇི་ལྟར་ཆོས་བཞིན་སླར་བཟློག་པར་བྱའོ། །སྙམ་དུ་སེམས་པ་ཡོད་དམ། ཅི། རྩོད་པ་དེ་རྒྱལ་པོའི་ཕོ་བྲང་དུ་འགྱེད་པར་འགྱུར་རམ། རིགས་པའི་རིགས་ལ་འགྱེད་པར་མི་འགྱུར་རོ། །ཅི། ཚེ་དང་ལྡན་པ་དེ་དག་རྩོད་པ་ཞི་བར་བྱ་བ་འདི་ལས་ཕྱི་རོལ་ཏུ་མི་ཚོལ་ལམ། ཅི། ཚེ་དང་ལྡན་པ་དེ་དག་དགེ་འདུན་འདི་ཉིད་དུ་རྩོད་པ་ཞི་བར་བྱ་བ་ཚོལ་ལམ་སྙམ་པ་སྟེ། རྣམ་པ་འདི་བརྒྱད་ནི། གཞན་བརྟག་པར་བྱ་སྟེ། ཨུ་པ་ལི། དེ་ལྟ་བུར་རྣམ་པ་བཅུ་དྲུག་གིས་བདག་དང་གཞན་བརྟགས་ནས་རྩོད་པ་རབ་ཏུ་གཟུང་བར་ Pa93b བྱའོ། །ུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་འདི་ལྔ་དང་ལྡན་ན། རྩོད་པ་ཞི་བར་བྱེད་མི་ནུས་པར་འགྱུར་རོ། །ལྔ་གང་ཞེ་ན། རྩོད་པ་མི་ཤེས་པ་དང ། རྩོད་པ་འབྱུང་བ་མི་ཤེས་པ་དང ། རྩོད་པ་ཡང་དག་པར་གཟུང་བར་མི་ཤེས་པ་དང ། རྩོད་པ་ཞི་བར་བྱེད་མི་ཤེས་པ་དང ། རྩོད་པ་ཞི་ནས་ཕྱིས་མི་འབྱུང་བར་བྱེད་པ་མི་ཤེས་པ་སྟེ། ཨུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་དེ་ལྔ་དང་ལྡན་ན། རྩོད་པ་ཞི་བར་བྱེད་མི་ནུས་པ་ཡིན་ནོ། །ུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་ལྔ་དང་ལྡན་ན། རྩོད་པ་ཞི་བར་བྱེད་ནུས་པ་ཡིན་ནོ། །ལྔ་གང་ཞེ་ན། རྩོད་པ་ཤེས་པ་དང ། རྩོད་པ་འབྱུང་བ་ཤེས་པ་དང ། རྩོད་པ་ཡང་དག་པར་གཟུང་བ་ཤེས་པ་དང ། རྩོད་པ་ཞི་བར་བྱས་པ་ཤེས་པ་དང ། རྩོད་པ་ཞི་བར་གྱུར་ནས་ཕྱིས་རྩོད་པ་མི་འབྱུང་བར་ཤེས་པའོ། །ུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་དེ་ལྔ་དང་ལྡན་ན། རྩོད་པ་ཞི་བར་བྱེད་ནུས་པ་ཡིན་ནོ། །དེ་ལ་ཨུ་པ་ལི། གཟུ་བོ་འདུལ་བ་འཛིན་པས་རྩོད་པ་རབ་ཏུ་བཟུང་ལ་གནས་བཅུ་དྲུག་གི་རྒོལ་བ་དང ། ལན་གློན་པའི་དགེ་སློང་བརྟག་པར་བྱ་སྟེ། རྣམ་པ་བརྒྱད་ཀྱིས་ལན་གློན་པའི་དགེ་སློང་བརྟག་པར་བྱའོ། །རྣམ་པ་བརྒྱད་པོ་གང་གིས་རྒོལ་བའི་དགེ་སློང་བརྟག་པར་བྱ་ཞེ་ན། སྤྱོད་པ་དང ། སྤྱོད་ཡུལ་དང ། མཛའ་བ་དང ། གྲོགས་བྱེད་པ་དང ། ལུས་ཀྱི་ལས་དང ། ངག་གི་ལས་ Pa94a ༄#། །དང ། འཚོ་བ་དང ། མང་དུ་ཐོས་པ་རྣམས་སོ། །དེ་སྟེ་ཨུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཡང་འདི་སྙམ་དུ་གྱུར་ཏེ། ཚེ་དང་ལྡན་པ་འདི་ནི། སྡིག་པ་ཅན་ཏེ། སྡིག་པར་སྤྱོད། མཛའ་བོ་སྡིག་པ་ཅན། གྲོགས་བོ་སྡིག་པ་ཅན། ལུས་ཀྱི་ལས་སྡིག་པ་ཅན། ངག་གི་ལས་སྡིག་པ་ཅན། འཚོ་བ་སྡིག་པ་ཅན། ཐོས་པ་སྡིག་པ་ཅན་ཏེ། ཚེ་དང་ལྡན་པ་འདིས་ནི། དག་པའི་དགེ་སློང་ལ་མ་རུང་བར་བྱེད་ནུས། དགེ་འདུན་ལ་ཡང་དེ་ལྟ་བུར་རྩོད་པ་འབྱིན་པར་ནུས་ཏེ། དེ་སྐད་དུ་མ་སྨྲ་ཞིག་ཅེས་སྒོས་ཤིག་།དེ་སྟེ་ཨུ་པ་ལི། གཟུ་བོ་འདུལ་བ་འཛིན་པས་འདི་སྙམ་དུ་གྱུར་ཏེ། ཚེ་དང་ལྡན་པ་འདི་ནི། དགེ་བ་ཅན་ཏེ། སྤྱོད་པ་དགེ། སྤྱོད་ཡུལ་དགེ། མཛའ་བོ་དགེ་།གྲོགས་པོ་དགེ། ལུས་ཀྱི་ལས་དགེ། ངག་གི་ལས་དགེ། འཚོ་བ་དགེ། ཐོས་པ་དགེ་བ་ཅན་ཏེ། ཚེ་དང་ལྡན་པ་འདིས་ནི། དག་པའི་དགེ་སློང་ལ་མ་རུང་བར་བྱེད་པར་མི་ནུས་ཏེ། དགེ་འདུན་གྱི་ནང་དུ་ཡང་རྣམ་པ་དེ་ལྟ་བུར་མི་འབྱིན་ཏོ། །སྙམ་ནས་དེ་ལྟ་བུ་ལ་ནི། སྨྲོས་ཤིག་ཅེས་བསྒོའོ། །ུ་པ་ལི། རྣམ་པ་བརྒྱད་པོ་དེ་ལྟ་བུས་རྒོལ་བའི་དགེ་སློང་ལ་བརྟག་པར་བྱའོ། །ལན་གློན་པའི་དགེ་སློང་མ་རྣམ་པ་འདི་བརྒྱད་ཀྱིས་བརྟག་པར་བྱ་སྟེ། སྤྱོད་པ་དང ། སྤྱོད་ཡུལ་དང ། མཛའ་བོ་དང ། གྲོགས་པོ་དང ། ལུས་ཀྱི་ལས་དང ། ངག་གི་ལས་དང ། འཚོ་བ་དང ། མང་དུ་ཐོས་པའོ། །དེ་སྟེ་ Pa94b ུ་པ་ལི། གཟུ་བོ་འདུལ་བ་འཛིན་པས་འདི་སྙམ་དུ་གྱུར་ཏེ། ཚེ་དང་ལྡན་པ་འདི་ནི། སྡིག་པ་ཅན་ཏེ། སྤྱོད་པ་སྡིག་པ་ཅན། སྤྱོད་ཡུལ་སྡིག་པ་ཅན། མཛའ་བོ་སྡིག་པ་ཅན། གྲོགས་པོ་སྡིག་པ་ཅན། ལུས་ཀྱི་ལས་སྡིག་པ་ཅན། ངག་གི་ལས་སྡིག་པ་ཅན། འཚོ་བ་སྡིག་པ་ཅན། ཐོས་པ་སྡིག་པ་ཅན་ཏེ། ཚེ་དང་ལྡན་པ་འདིས་ནི། རྣམ་པ་འདི་ལྟ་བུའི་གནས་སུ་འཇུག་པར་བྱེད་ནུས་སོ། །སྙམ་ནས་དེ་ནས་དེ་རྒོལ་བའི་དགེ་སློང་ལ་ཚིག་འཇམ་པོར་སྨྲོས་ལ། ལན་གློན་པའི་དགེ་སློང་ལ་ཚིག་འདི་སྐད་དུ་སྨྲོས་ཤིག་།ཚེ་དང་ལྡན་པ། ཁྱོད་དེའི་ཚེ་ན་ལུས་ཀྱི་འདུས་བྱས་ཇི་ལྟ་བུར་གྱུར། ངག་གི་འདུས་བྱས་ཇི་ལྟ་བུར་གྱུར། ཡིད་ཀྱི་འདུས་བྱས་ཇི་ལྟ་བུར་གྱུར་ཅེས་ཇི་ལྟ་བུར་ཁས་ལེན་པ་དེ་ལྟ་བུར་བྱེད་དུ་ཆུག་ཅིག་།ུ་པ་ལི། དེ་སྟེ་གཟུ་བོ་འདུལ་བ་འཛིན་པས་འདི་སྙམ་དུ་གྱུར་ཏེ། ཚེ་དང་ལྡན་པ་འདི་ནི། དགེ་བ་ཅན་ཏེ། སྤྱོད་པ་དགེ་།སྤྱོད་ཡུལ་དགེ། མཛའ་བོ་དགེ། གྲོགས་པོ་དགེ། ལུས་ཀྱི་ལས་དགེ། ངག་གི་ལས་དགེ། འཚོ་བ་དགེ། ཐོས་པ་དགེ་སྟེ། ཚེ་དང་ལྡན་པ་འདི་ནི། གནས་དེ་ལྟ་བུ་ལ་འཇུག་པར་མི་བྱེད་དོ། །སྙམ་ནས་ལན་གློན་པའི་དགེ་སློང་ལ་ཚིག་འཇམ་པོར་སྨྲས་ཏེ། རྒོལ་བའི་དགེ་སློང་ལ་ཆོས་ཉིད་ཀྱིས་ཤེས་པར་བྱོས་ཤིག་།རྣམ་པ་འདི་བརྒྱད་ཀྱིས་ནི། གཞན་ལ་བརྟག་པར་བྱོས་ཤིག་།ུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་ལྔ་དང་ལྡན་ན། རྩོད་པ་ཞི་བར་བྱེད་མི་ནུས་ Pa95a ༄#། །པ་ཡིན་ནོ། །ལྔ་གང་ཞེ་ན། འཁྲུལ་པ་འཛིན་པ། གསང་བའི་ཚིག་འཛིན་པ། མང་པོ་འཛིན་པ། མ་ངེས་པ་འཛིན་པ། ཇི་ཙམ་ལན་གསུམ་གྱི་བར་དུ་དམ་འཆར་མི་འཇུག་པ་ཡིན་ཏེ། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་འདི་ལྔ་དང་ལྡན་ན། རྩོད་པ་ཞི་བར་བྱེད་ནུས་པར་མི་འགྱུར་རོ། །ུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་འདི་ལྔ་དང་ལྡན་ན། རྩོད་པ་ཞི་བར་བྱེད་ནུས་པར་འགྱུར་རོ། །ལྔ་གང་ཞེ་ན། འཁྲུལ་པ་མི་འཛིན་པ། གསང་བའི་ཚིག་མི་འཛིན་པ། ཚིག་མང་པོ་མི་འཛིན་པ། མ་ངེས་པར་མི་འཛིན་པ། ལན་གསུམ་གྱི་བར་དུ་དམ་འཆར་འཇུག་པ་ཡིན་ཏེ། ཨུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་རྣམ་པ་དེ་ལྔ་དང་ལྡན་ན། རྩོད་པ་ཞི་བར་བྱེད་ནུས་པར་འགྱུར་རོ། །དེ་ལ་ཨུ་པ་ལི། གཟུ་བོ་འདུལ་བ་འཛིན་པས་གནས་བཅུ་དྲུག་གིས་རྒོལ་བ་དང ། ལན་གློན་པའི་དགེ་སློང་དག་བརྟགས་ལ་གནས་བཅུ་དྲུག་ཏུ་རྗེས་སུ་རིགས་པས་གཞག་པར་བྱ་སྟེ། བཅུ་དྲུག་པོ་གང་ཞེ་ན། རྒོལ་བའི་དགེ་སློང་དེ་རིགས་པར་བྱ། རྒོལ་བའི་དགེ་སློང་དེ་བརྟག་པར་བྱ། ལན་གློན་པའི་དགེ་སློང་དེ་རིགས་པར་བྱ། ལན་གློན་པའི་དགེ་སློང་དེ་བརྟག་པར་བྱ། རྒོལ་བའི་དགེ་སློང་ལ་བཟོད་པ་གསོལ་པར་བྱ། ལན་གློན་པའི་དགེ་སློང་ལ་བཟོད་པ་གསོལ་བར་བྱ། Pa95b རྒོལ་བའི་དགེ་སློང་དེ་གཏོང་དུ་གཞུག་།ལན་གློན་པའི་དགེ་སློང་དེ་གཏོང་དུ་གཞུག་།རྒོལ་བའི་དགེ་སློང་དེ་དྲི་བར་བྱ། ལན་གློན་པའི་དགེ་སློང་དེ་དྲི་པར་བྱ། རྒོལ་བའི་དགེ་སློང་དེ་བྱེད་དུ་གཞུག་།ལན་གློན་པའི་དགེ་སློང་དེ་བྱེད་དུ་གཞུག་།རྒོལ་བའི་དགེ་སློང་དེ་ཚུགས་པར་བྱེད་དུ་གཞུག་།ལན་གློན་པའི་དགེ་སློང་དེ་ཚུགས་པར་བྱེད་དུ་གཞུག་།རྒོལ་བའི་དགེ་སློང་དེ་ཡི་དམ་འཆར་གཞུག་།ལན་གློན་པའི་དགེ་སློང་དེ་ཡི་དམ་འཆར་གཞུག་།མདོ་སྡེ་བརྗོད་པར་བྱ། མདོ་སྡེ་བརྗོད་ནས་ཇི་ལྟར་ཆོས་བཞིན། ཇི་ལྟར་འདུལ་བ་བཞིན། ཇི་ལྟར་སྟོན་པས་བསྟན་པ་དེ་ལྟར་རྩོད་པ་ཞི་བར་བྱ་སྟེ། ཨུ་པ་ལི། དེ་ལྟར་གཟུ་བོའི་དགེ་སློང་གིས་གནས་བཅུ་དྲུག་ཏུ་རིགས་པས་གཞག་པར་བྱའོ། །ུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་ལྔ་དང་ལྡན་ན། རིགས་པའི་གནས་འཇོག་ནུས་པར་མི་འགྱུར་རོ། །ལྔ་གང་ཞེ་ན། རྗེས་སུ་འབྲང་བའི་ཆོས་ལྔ་མི་ཤེས་པ་སྟེ། ལྔ་གང་ཞེ་ན། རྒོལ་བ་མི་ཤེས་པ། ལན་གློན་པ་མི་ཤེས་པ། ཆོས་བཞིན་མི་ཤེས་པ། ཆོས་བཞིན་མ་ཡིན་པ་མི་ཤེས་པ། ཡི་དམ་མ་བླངས་པར་གྱུར་ཏེ། ཨུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་དེ་ལྔ་དང་ལྡན་ན། རིགས་པའི་གནས་སུ་འཇོག་མི་ནུས་པའོ། །ུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་ལྔ་དང་ལྡན་ན། རིགས་པའི་གནས་སུ་འཇོག་ Pa96a ༄#། །ནུས་པར་འགྱུར་རོ། །རྗེས་སུ་འབྲང་བའི་ཆོས་ལྔ་ཤེས་པར་འགྱུར་རོ། །ལྔ་གང་ཞེ་ན། རྒོལ་བ་ཤེས་པ། ལན་གྲོན་པ་ཤེས་པ། ཆོས་བཞིན་ཤེས་པ།་ཆོས་བཞིན་མ་ཡིན་པ་ཤེས་པ། ཡི་དམ་བླངས་པར་གྱུར་པའོ། །གཟུ་བོ་འདུལ་བ་འཛིན་པ་རྣམ་པ་དེ་ལྔ་དང་ལྡན་ན། རིགས་པའི་གནས་སུ་འཇོག་ནུས་པར་འགྱུར་རོ། །དེ་ལ་ཨུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་རིགས་པའི་གནས་བཅུ་དྲུག་ཏུ་བཞག་ལ་ཡོན་ཏན་བཅུ་དྲུག་མཐོང་ནས་མདོ་སྡེ་བསྒྲག་པར་བྱ་སྟེ། བཅུ་དྲུག་གང་ཞེ་ན། བདག་གིས་མདོ་སྡེ་བསྟན་ཏོ། །སྙམ་ནས་མདོ་སྡེ་བསྒྲག་པར་བྱ། བདག་གིས་མདོ་སྡེ་དཔྱད་པར་བྱའོ། །སྙམ་ནས་མདོ་སྡེ་བསྒྲག་པར་བྱ། །བདག་གིས་འདུལ་བ་རྗེས་སུ་འབྲང་བར་འགྱུར་རོ། །སྙམ་ནས་མདོ་སྡེ་བསྒྲག་པར་བྱ། བདག་གིས་ཚིག་བཙན་པར་འགྱུར་རོ། །སྙམ་ནས་མདོ་སྡེ་བསྒྲག་པར་བྱ། བདག་གིས་ངོ་ཚ་མེད་པའི་ཕྱོགས་ལ་ཆད་པས་གཅད་པར་འགྱུར་རོ། །སྙམ་ནས་མདོ་སྡེ་བསྒྲག་པར་བྱ། བདག་གིས་ཐམས་ཅད་མཁྱེན་པའི་གསུང་ལ་བསྒོ་ནུས་པར་འགྱུར་རོ། །སྙམ་ནས་མདོ་སྡེ་བསྒྲག་པར་བྱ། དགེ་འདུན་མཐུན་པར་བསྟན་པར་འགྱུར་རོ། །སྙམ་ནས་མདོ་སྡེ་བསྒྲག་པར་བྱ། བདག་གིས་གཞན་ལ་བསྒོ་བར་འགྱུར་རོ། །སྙམ་ནས་མདོ་སྡེ་བསྒྲག་པར་བྱ། བདག་ Pa96b གིས་ཚིག་གཞན་གྱིས་གཟུང་བར་འགྱུར་རོ། །སྙམ་ནས་མདོ་སྡེ་བསྒྲག་པར་བྱ། བདག་གིས་དགེ་སློང་དག་གདོན་པར་འགྱུར་རོ། སྙམ་ནས་མདོ་སྡེ་བསྒྲག་པར་བྱ། བདག་གིས་མ་དད་པ་དག་དད་པ་ལ་ཞུགས་པར་འགྱུར་རོ། །སྙམ་ནས་མདོ་སྡེ་བསྒྲག་པར་བྱ། དད་པ་སླར་འཕེལ་བར་འགྱུར་རོ། །སྙམ་ནས་མདོ་སྡེ་བསྒྲག་པར་བྱ། ངོ་ཚ་མེད་པའི་ཕྱོགས་ལ་བདག་གིས་ཆད་པས་གཅད་པར་འགྱུར་རོ། །སྙམ་ནས་མདོ་སྡེ་བསྒྲག་པར་བྱ། ངོ་ཚ་ཤེས་པའི་ཕྱོགས་ལ་བདག་གིས་གཟུང་བར་འགྱུར་རོ། །སྙམ་ནས་མདོ་སྡེ་བསྒྲག་པར་བྱ། རྩོད་པ་འབྱུང་བ་མི་འབྱུང་བར་འགྱུར་རོ། །སྙམ་ནས་མདོ་སྡེ་བསྒྲག་པར་བྱ། རྩོད་པ་ཞི་བར་འགྱུར་རོ། །སྙམ་ནས་མདོ་སྡེ་བསྒྲག་པར་བྱ། རྩོད་པ་ཞི་ནས་ཕྱིས་མི་སྐྱེ་བར་འགྱུར་རོ། །སྙམ་ནས་མདོ་སྡེ་བསྒྲག་པར་བྱ། བདག་ཡུན་རིང་དུ་ཚངས་པར་སྤྱོད་པར་འགྱུར་རོ། །སྙམ་ནས་མདོ་སྡེ་བསྒྲག་པར་བྱ། ཨུ་པ་ལི། གཟུ་བོ་འདུལ་བ་འཛིན་པས་བདག་གི་ཡོན་ཏན་བཅུ་དྲུག་པོ་འདི་མཐོང་ན། མདོ་སྡེ་བསྒྲག་པར་བྱའོ། །ུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་འདི་ལྔ་དང་ལྡན་ན། མདོ་སྡེའི་ཡོན་ཏན་མི་ཤེས་པར་འགྱུར་རོ། །ལྔ་གང་ཞེ་ན། མདོ་སྡེ་ལ་མི་མཁས་པ་དང ། འདུལ་བ་ལ་མི་མཁས་པ་དང ། མ་ལྟ་བུ་ལ་མི་མཁས་པ་དང ། རྣམ་པར་འབྱེད་པ་ལ་མི་མཁས་པ་དང ། ལུང་ Pa97a ༄#། །ཁ་ཏོན་དུ་མ་བྱས་པར་གྱུར་པའོ། །ུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་ལྔ་དང་ལྡན་ན། མདོ་སྡེའི་ཡོན་ཏན་ཤེས་པར་འགྱུར་རོ། །ལྔ་གང་ཞེ་ན། མདོ་སྡེ་ལ་མཁས་པ་དང ། འདུལ་བ་ལ་མཁས་པ་དང ། མ་ལྟ་བུ་ལ་མཁས་པ་དང ། རྣམ་པར་འབྱེད་པ་ལ་མཁས་པ་དང ། ལུང་ཁ་ཏོན་ལོབས་པ་སྟེ། ཨུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་དེ་ལྔ་དང་ལྡན་ན། མདོ་སྡེའི་ཡོན་ཏན་ཤེས་པར་འགྱུར་རོ། །ུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་གང་གིས་མདོ་སྡེ་ཤེས་པར་ནུས་པ་དེ་ནི། མདོ་སྡེ་འདི་ལ་ཡོན་ཏན་བཅུ་དྲུག་མཐོང་བས་མདོ་སྡེ་བརྗོད་པར་བྱའོ། །གཞན་ཡང་གནས་བཅུ་དྲུག་ཏུ་མདོ་སྡེ་བརྗོད་པར་བྱ་སྟེ། བཅུ་དྲུག་པོ་གང་ཞེ་ན། སངས་རྒྱས་ཀྱིས་གསུངས་པའི་མདོ་སྡེ་བརྗོད་པར་བྱ། ཉན་ཐོས་ཀྱིས་བཤད་པའི་མདོ་སྡེ་བརྗོད་པར་བྱ། སངས་རྒྱས་བྱུང་བའི་དུས་ཀྱི་མདོ་སྡེ་བརྗོད་པར་བྱ། ཕྱོགས་གཅིག་པའི་མདོ་སྡེ་བརྗོད་པར་བྱ།་ཐམས་ཅད་དུ་ཡོད་པའི་མདོ་སྡེ་བརྗོད་པར་བྱ། དེ་ཉིད་དང་འདྲ་བའི་མདོ་སྡེ་བརྗོད་པར་བྱ། འདུལ་བ་དང་ལྡན་པའི་མདོ་སྡེ་བརྗོད་པར་བྱ། འདུལ་བ་ལས་ལྷག་པའི་མདོ་སྡེ་བརྗོད་པར་བྱ། མདོ་སྡེའི་ཡོན་ཏན་བཙལ་ལ་མདོ་སྡེ་བརྗོད་པར་བྱ། མདོ་སྡེའི་རྒྱན་བཙལ་ལ་མདོ་སྡེ་བརྗོད་པར་བྱ། མདོ་སྡེའི་གླེང་གཞི་བཙལ་ལ་མདོ་སྡེ་བརྗོད་པར་བྱ། མདོ་ Pa97b སྡེའི་ཆ་ཙམ་བཙལ་ཏེ་མདོ་སྡེ་བརྗོད་པར་བྱ། མདོ་སྡེའི་སྒྲ་བཙལ་ཏེ་མདོ་སྡེ་བརྗོད་པར་བྱ། ཨུ་པ་ལི། གཟུ་བོ་འདུལ་བ་འཛིན་པས་ཡོན་ཏན་བཅུ་དྲུག་པོ་དེ་མཐོང་ན། མདོ་སྡེ་བརྗོད་པར་བྱའོ། །ུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་ལྔ་དང་ལྡན་ན། མདོ་སྡེ་བརྗོད་པར་ནུས་པར་མི་འགྱུར་རོ། །ལྔ་གང་ཞེ་ན། དགེ་སློང་གི་འདུལ་བ་མི་ཤེས་པ། དགེ་སློང་མའི་འདུལ་བ་མི་ཤེས་པ། ཉེས་པ་མི་ཤེས་པ། རྩོད་པ་འདུལ་བ་མི་ཤེས་པ། ཉོན་མོངས་པ་འདུལ་བ་མི་ཤེས་པའོ། །ུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་དེ་ལྔ་དང་ལྡན་ན། མདོ་སྡེ་བརྗོད་མི་ནུས་པར་འགྱུར་རོ། །ུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་ལྔ་དང་ལྡན་ན། མདོ་སྡེ་བརྗོད་ནུས་པར་འགྱུར་རོ། །ལྔ་གང་ཞེ་ན། དགེ་སློང་གི་འདུལ་བ་ཤེས་པ་དང ། དགེ་སློང་མའི་འདུལ་བ་ཤེས་པ་དང ། ཉེས་པ་འདུལ་བ་ཤེས་པ་དང ། རྩོད་པ་འདུལ་བ་ཤེས་པ་དང ། ཉོན་མོངས་པ་འདུལ་བ་ཤེས་པ་སྟེ། ཨུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་དེ་ལྔ་དང་ལྡན་ན། མདོ་སྡེ་བརྗོད་ནུས་པར་འགྱུར་རོ།། །།འདུལ་བ་གཞུང་དམ་པ། བམ་པོ་སུམ་ཅུ་པ།་དེ་ལ་ཨུ་པ་ལི། གཟུ་བོ་འདུལ་བ་འཛིན་པས་གནས་བཅུ་དྲུག་ཏུ་བརྗོད་ནས་བཅུ་དྲུག་ཏུ་འདུལ་བ་ལ་བརྟག་པར་བྱ་སྟེ། བཅུ་དྲུག་གང་ཞེ་ན། ལུང་དང ། ལུང་བསྒོ་ Pa98a ༄#། །བ་དང ། དངོས་པོ་དང ། རྣམ་པར་འབྱེད་པ་དང ། སྤྱོད་པ་དང ། སྤྱོད་ཡུལ་དང ། ཉུང་ངུ་འདོད་པ་དང ། མང་དུ་འདོད་པ་དང ། མགུ་བ་དང ། མི་མགུ་བ་དང ། དགང་དཀའ་བ་དང ། དགང་སླ་བ་དང ། གསོ་དཀའ་བ་དང ། གསོ་སླ་བ་དང ། རབ་ཏུ་ཤེས་པ་དང ། ཆོག་ཤེས་པ་སྟེ། ཨུ་པ་ལི། གནས་འདི་བཅུ་དྲུག་གིས་འདུལ་བ་ལ་བརྟག་པར་བྱའོ། །ུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་ལྔ་དང་ལྡན་ན། ཉེས་པ་འབྱིན་མི་ནུས་པར་གྱུར་ཏེ། ལྔ་གང་ཞེ་ན། བྱུང་བ་མི་ཤེས། བཅས་པ་མི་ཤེས། རྗེས་སུ་བཅས་པ་མི་ཤེས། མ་གནང་བ་མི་ཤེས། རྗེས་སུ་གནང་བ་མི་ཤེས་པའོ། །ུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་དེ་ལྔ་དང་ལྡན་ན། ཉེས་པ་འབྱིན་མི་ནུས་པར་འགྱུར་རོ། །ུ་པ་ལི། གཟུ་བོ་འདུལ་པ་འཛི་པ་ཆོས་རྣམ་པ་ལྔ་དང་ལྡན་ན། ཉེས་པ་འབྱིན་ནུས་པར་འགྱུར་ཏེ། ལྔ་གང་ཞེ་ན།་བྱུང་བ་ཤེས་པ་དང ། བཅས་པ་ཤེས་པ་དང ། རྗེས་སུ་བཅས་པ་ཤེས་པ་དང ། གནང་བ་ཤེས་པ་དང ། རྗེས་སུ་གནང་བ་ཤེས་པའོ། །ུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་དེ་ལྔ་དང་ལྡན་ན། ཉེས་པ་འབྱིན་ནུས་པར་འགྱུར་རོ། །ུ་པ་ལི། གཟུ་བོ་འདུལ་བ་འཛིན་པས་གནས་བཅུ་དྲུག་གིས་འདུལ་བ་ཤེས་པར་བྱས་ལ། Pa98b གནས་བཅུ་དྲུག་གིས་ཉེས་པ་བརྗོད་པར་བྱ་སྟེ། བཅུ་དྲུག་གང་ཞེ་ན། ལྕི་བ་དང ། ཡང་བ་དང ། ལྷག་མ་ཡོད་པ་དང ། ལྷག་མ་མེད་པ་དང ། གནས་ངན་ལེན་དང ། ལུས་ཀྱི་དང ། ངག་གི་དང ། མི་དགེ་བ་དང ། ལུང་དུ་མི་སྟོན་པ་དང ། བཅབས་པ་དང ། མ་བཅབས་པ་དང ། མཐོལ་བར་བྱེད་པ་དང ། སྡོམ་པར་བྱེད་པ་དང ། འདུལ་བ་ལས་འདས་པར་བྱེད་པ་དང ། ངན་དུ་སྨྲ་བར་འགྲོ་བ་སྟེ། ཨུ་པ་ལི། གནས་བཅུ་དྲུག་པོ་འདིས་འདུལ་བ་ཤེས་པར་བྱས་ལ། གནས་བཅུ་དྲུག་གིས་ཉེས་པ་བརྗོད་པར་བྱའོ། །ུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་ལྔ་དང་ལྡན་ན། ཉེས་པ་བརྗོད་མི་ནུས་པར་འགྱུར་ཏེ། ལྔ་གང་ཞེ་ན། ཉེས་པ་མི་ཤེས་པ་དང ། ཉེས་པ་མེད་པ་མི་ཤེས་པ་དང ། ལྕི་བ་མི་ཤེས་པ་དང ། ཡང་བ་མི་ཤེས་པ་དང ། ལུང་ཁ་ཏོན་མི་ཤེས་པར་འགྱུར་བ་སྟེ། ཨུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་དེ་ལྔ་དང་ལྡན་ན། ཉེས་པ་བརྗོད་མི་ནུས་པར་འགྱུར་རོ། །ུ་པ་ལི།་གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་ལྔ་དང་ལྡན་ན། ཉེས་པ་བརྗོད་ནུས་པར་འགྱུར་རོ། །ལྔ་གང་ཞེ་ན། ཉེས་པ་ཤེས་པ་དང ། ཉེས་པ་མེད་པར་ཤེས་པ་དང ། ལྕི་བ་ཤེས་པ་དང ། ཡང་བ་ཤེས་པ་དང ། གཞུང་ཁ་ཏོན་དུ་ཤེས་པར་གྱུར་པ་སྟེ། ཨུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་དེ་ལྔ་དང་ལྡན་ན། ཉེས་པ་བརྗོད་ནུས་པར་འགྱུར་རོ།། Pa99a ༄#། །དེ་ལ་ཨུ་པ་ལི། གཟུ་བོ་འདུལ་བ་འཛིན་པས། གནས་བཅུ་དྲུག་པོ་འདི་དག་གིས་ཉེས་པ་བརྗོད་ནས་གནས་བཅུ་དྲུག་གིས་ཆད་བའི་ལས་ཀྱིས་སྨ་དབབ་པར་བྱའོ། །བཅུ་དྲུག་པོ་གང་ཞེ་ན། ཉེས་པ་ངོར་བརྗོད་པ་དང ། དཔྱས་འདོགས་པ་དང ། བསྒོ་བ་བཞིན་དུ་མི་ཉན་པ་དང ། ཅང་མི་ཟེར་ཞིང་མི་ཉན་པ་དང ། བསྡིགས་པ་དང ། དགར་བ་དང ། བསྐྲད་པ་དང ། སླར་བསྡུམ་པར་བྱ་བ་དང ། མ་མཐོང་བའི་ཕྱིར་སྤང་བ་དང ། སླར་ལས་མི་བྱེད་པའི་ཕྱིར་སྤང་བ་དང ། སྡིག་པ་ལ་ལྟ་བ་སླར་མ་བཏང་བའི་ཕྱིར་སྤང་བ་དང ། ཆད་པ་བྱེད་པ་དང ། གཞི་ནས་བསླངས་ཏེ་ཆད་པ་བྱེད་པ་དང ། ཡིད་མགུ་བར་བྱེད་པ་དང ། གཞི་ནས་བསླངས་ཏེ་ཡིད་མགུ་བར་བྱེད་པ་དང ། གཞི་ནས་བསླངས་ཏེ་སྨྲས་པའོ། །དེ་ལ་ཨུ་པ་ལི། གཟུ་བོ་འདུལ་བ་འཛིན་པས་གནས་བཅུ་དྲུག་གི་འདུལ་བ་བརྗོད་ནས་གནས་བཅུ་དྲུག་པོ་འདིས་ཆད་པའི་ལས་ཀྱིས་སྨ་དབབ་པར་བྱའོ། །ུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་ལྔ་དང་ལྡན་ན། ཆད་པའི་ལས་ཀྱིས་སྨ་དབབ་པར་མི་ནུས་པར་འགྱུར་ཏེ། ལྔ་གང་ཞེ་ན།་འདོད་པས་འགྲོ་བ་དང ། ཞེ་སྡང་གིས་འགྲོ་བ་དང ། གཏི་མུག་གིས་འགྲོ་བ་དང ། འཇིགས་པས་འགྲོ་བ་དང ། ཆད་པའི་ལས་བྱས་པ་དང ། Pa99b མ་བྱས་པ་མི་ཤེས་པའོ། །ུ་པ་ལི། འདུལ་བ་འཛིན་པ་ཆོས་རྣམ་པ་ལྔ་དང་ལྡན་ན། ཆད་པས་གཅད་པའི་ལས་ཀྱིས་སྨ་དབབ་ནུས་པར་འགྱུར་ཏེ། ལྔ་གང་ཞེ་ན། འདོད་པས་མི་འགྲོ་བར་འགྲོ་བ་དང ། ཞེ་སྡང་གིས་མི་འགྲོ་བར་འགྲོ་བ་དང ། གཏི་མུག་གིས་མི་འགྲོ་བར་འགྲོ་བ་དང ། འཇིགས་པས་མི་འགྲོ་བར་འགྲོ་བ་དང ། ཆད་པའི་ལས་བྱས་པ་དང་མ་བྱས་པ་ཤེས་པའོ། །དེ་ལ་གཟུ་བོ་འདུལ་བ་འཛིན་པས་གནས་བཅུ་དྲུག་གིས་ཆད་པས་གཅད་པའི་ལས་ཀྱིས་སྨ་ཕབ་ལ། གཞན་ཡང་གནས་བཅུ་དྲུག་གིས་ཆད་པའི་ལས་ཀྱིས་སྨ་དབབ་པར་བྱ་སྟེ། བཅུ་དྲུག་པོ་གང་ཞེ་ན། ཚངས་པའི་ཆད་པས་བསྡིགས་པར་བྱ་བ་དང ། དད་པར་མི་འགྱུར་བར་ཚོར་བའི་ལས་བྱེད་དུ་གཞུག་པ་དང ། ལོངས་སྤྱོད་མི་མྱོང་པའི་ལས་བྱེད་དུ་གཞུག་པ་དང ། མིག་ལམ་ན་མི་སྣང་བར་བྱ་བའི་ལས་བྱ་བ་དང ། དེའི་ངོ་བོ་ཚོལ་དུ་གཞུག་པ་དང ། གནོད་པར་བྱ་བ་དང ། སྨད་པར་བྱ་བ་དང ། སྤང་པར་བྱ་བ་དང ། ཕྱོགས་མེད་པར་བྱ་བ་དང ། སྤ་དགོང་པར་བྱ་བ་དང ། ཞུམ་པར་བྱ་བ་དང ། འགྱོད་པ་བསྐྱེད་པར་བྱ་བ་དང ། རྣམ་པར་འགྱོད་པ་དང ། རྣམ་པར་སླར་འགྱོད་པ་དང ། དམ་དེམ་དུ་གཞག་པ་དང ། གནད་དུ་དབབ་པ་དང ། ཉེས་སོ། ། Pa100a ༄#། །ཞེས་བརྗོད་པའོ། །དེ་ལ་ཨུ་པ་ལི། གཟུ་བོ་འདུལ་བ་འཛིན་པས་གནས་བཅུ་དྲུག་གིས་ཆད་པའི་ལས་ཀྱིས་སྨ་དབབ་པར་བྱའོ། །ུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་ལྔ་དང་ལྡན་ན། ཆད་པའི་ལས་ཀྱིས་སྨ་དབབ་མི་ནུས་པར་འགྱུར་རོ། །ལྔ་གང་ཞེ་ན། འདུལ་བའི་དངོས་པོ་ལྔ་མི་ཤེས་པ་སྟེ། ལྔ་གང་ཞེ་ན། བསྡིགས་པ་དང ། སྨད་པ་དང ། བསྐྲད་པ་དང ། སླར་བསྡུམ་པ་དང ། སྤང་བ་དང་ལྔའོ། །ུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་ལྔ་དང་ལྡན་ན། ཆད་པའི་ལས་ཀྱིས་སྨ་དབབ་ནུས་པར་འགྱུར་ཏེ། ལྔ་གང་ཞེ་ན། འདུལ་བའི་དངོས་པོ་ལྔ་ཤེས་པའོ། །ལྔ་གང་ཞེ་ན། བསྡིགས་པ་དང ། སྨད་པ་དང ། བསྐྲད་པ་དང།་སླར་བསྡུམ་པ་དང ། སྤང་བ་དང་ལྔའོ། །ུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་དེ་ལྔ་དང་ལྡན་ན། ཆད་པས་གཅད་པའི་ལས་ཀྱིས་སྨ་དབབ་ནུས་པར་འགྱུར་རོ། །དེ་ལ་ཨུ་པ་ལི། གཟུ་བོ་འདུལ་བ་འཛིན་པས་གནས་བཅུ་དྲུག་པོ་འདི་དག་གིས་ཆད་པས་གཅད་པའི་ལས་ཀྱིས་སྨ་ཕབ་ནས་གནས་བཅུ་དྲུག་གིས་ལས་བྱའོ། །བཅུ་དྲུག་པོ་གང་ཞེ་ན། མངོན་སུམ་དུ་གྱུར་པ་ལ་ལས་བྱ་བ་དང ། མངོན་སུམ་དུ་མ་གྱུར་ཀྱང་ལས་བྱ་བ་དང ། སྐབས་ཕྱེ་ནས་ལས་བྱ་བ་དང ། སྐབས་ Pa100b མ་ཕྱེ་ཡང་ལས་བྱ་བ་དང ། གླེང་ལ་ལས་བྱ་བ་དང ། མ་གླེང་ཡང་ལས་བྱ་བ་དང ། དྲན་པར་བྱས་ལ་ལས་བྱ་བ་དང ། དྲན་པར་མ་བྱས་ཀྱང་ལས་བྱ་བ་དང ། དྲིས་ལ་ལས་བྱ་བ་དང ། མ་དྲིས་ཀྱང་ལས་བྱ་བ་དང ། རྗེས་སུ་སྦྱར་ལ་ལས་བྱ་བ་དང ། རྗེས་སུ་མ་སྦྱར་ཀྱང་ལས་བྱ་བ་དང ། སོ་སོར་ཤེས་པ་ལ་ལས་བྱ་བ་དང ། སོ་སོར་མི་ཤེས་ཀྱང་ལས་བྱ་བ་དང ། གཏན་ལ་ཕབ་ལ་ལས་བྱ་བ་དང ། གཏན་ལ་མ་ཕབ་ཀྱང་ལས་བྱ་བ་སྟེ། གནས་བཅུ་དྲུག་པོ་འདི་དག་གིས་ལས་བྱའོ། །ུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་འདི་ལྔ་དང་ལྡན་ན། ལས་བྱེད་མི་ནུས་པ་ཡིན་ཏེ། ལྔ་གང་ཞེ་ན། གསོལ་བའི་ལས་མི་ཤེས་པ་དང ། གསོལ་བ་དང་གཉིས་ཀྱི་ལས་མི་ཤེས་པ་དང ། གསོལ་བ་དང་བཞིའི་ལས་མི་ཤེས་པ་དང ། བསྒོ་བའི་ལས་མི་ཤེས་པ་དང ། བྱིན་གྱིས་བརླབ་པའི་ལས་མི་ཤེས་པ་སྟེ། ཨུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་འདི་ལྔ་དང་ལྡན་ན། ལས་བྱེད་མི་ནུས་པ་ཡིན་ནོ། །ུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་འདི་ལྔ་དང་ལྡན་ན། ལས་བྱེད་ནུས་པ་ཡིན་ཏེ། ལྔ་གང་ཞེ་ན། གསོལ་བའི་ལས་ཤེས་པ་དང ། གསོལ་བ་དང་གཉིས་ཀྱི་ལས་ཤེས་པ་དང ། གསོལ་བ་དང་བཞིའི་ལས་ཤེས་པ་དང ། བསྒོ་བའི་ལས་ཤེས་པ་དང ། བྱིན་གྱིས་ Pa101a ༄#། །བརླབ་པའི་ལས་ཤེས་པ་སྟེ། ཨུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་དེ་ལྔ་དང་ལྡན་ན། ལས་བྱེད་ནུས་པ་ཡིན་ནོ། །དེ་ལ་ཨུ་པ་ལི། གཟུ་བོ་འདུལ་བ་འཛིན་པས་གནས་བཅུ་དྲུག་པོ་དེ་དག་གིས་ལས་བྱས་ལ་གནས་བཅུ་དྲུག་གིས་རྩོད་པ་ཞི་བར་བྱེད་ན། ཉེས་པར་ཞི་བ་ཡིན་ཏེ། བཅུ་དྲུག་གང་ཞེ་ན། དེས་དགེ་འདུན་ལ་གསོལ་བ་མ་བྱས་པར་གྱུར་པ་དང ། རྒྱལ་བའི་བཀའ་དང་མི་མཐུན་པར་གྱུར་པ་དང ། ཕྱོགས་དང་ཕྱོགས་མ་ཡིན་པའི་དགེ་སློང་རྣམས་ལ་མ་བསྒོ་བར་གྱུར་པ་དང ། རྒོལ་བའི་དགེ་སློང་གིས་འདུལ་བ་ཉམས་པར་གྱུར་པ་དང ། མ་དག་པའི་དགེ་སློང་གི་ཉེས་པ་བཅབས་པར་གྱུར་པ་དང ། བྱུང་བ་མ་རུང་བར་གྱུར་པ་དང ། བཅབས་པ་མ་རུང་བར་གྱུར་པ་དང ། རྗེས་སུ་བཅས་པ་མ་རུང་བར་གྱུར་པ་དང ། གནང་བ་མ་རུང་བར་གྱུར་པ་དང ། རྗེས་སུ་གནང་བ་མ་རུང་བར་གྱུར་པ་དང ། རྒོལ་བའི་དགེ་སློང་ཡི་དམ་འཆར་མ་བཅུག་པར་གྱུར་པ་དང ། ལན་གློན་པའི་དགེ་སློང་ལ་ཡི་དམ་འཆར་མ་བཅུག་པར་གྱུར་པ་དང ། མདོ་སྡེའི་ཚིག་མ་རུང་བར་གྱུར་པ་དང ། འདུལ་བ་མི་མཐུན་པར་གྱུར་པ་དང ། ཆོས་ཀྱི་མིག་རྒྱས་པར་མ་གྱུར་པ་དང ། ཇི་ལྟར་ཆོས་བཞིན། ཇི་ལྟར་འདུལ་བ་བཞིན། ཇི་ལྟར་སྟོན་པས་བསྟན་པ་དེ་ལྟ་བུར་རྩོད་པ་དེ་ཞི་བར་མ་གྱུར་པ་སྟེ། ཨུ་པ་ལི། རྣམ་པ་བཅུ་དྲུག་པོ་དེ་ལྟ་བུས་རྩོད་པ་ཞི་བར་བྱས་པ་ནི་ Pa101b ཉེས་པར་ཞི་བ་ཡིན་ནོ། །ུ་པ་ལི། ཆོས་རྣམ་པ་འདི་ལྔ་དང་ལྡན་ན། རྩོད་བ་ཞི་བ་ཉེས་བར་ཞི་བར་གྱུར་བ་ཡིན་ཏེ། ལྔ་གང་ཞེ་ན། མ་བསྐོས་པར་ཞི་བར་བྱེད་པ་དང ། ཉེས་པ་མི་བརྗོད་པ་དང ། ཆད་པའི་ལས་ཀྱིས་སྨ་མི་དབབ་པ་དང ། རྣམ་པར་དག་པ་མི་སྟོན་པ་དང ། དེས་དགེ་འདུན་ལ་གསོལ་བ་མ་བྱས་པར་གྱུར་པ་སྟེ། ཨུ་པ་ལི། ཆོས་རྣམ་པ་འདི་ལྔ་དང་ལྡན་པས་རྩོད་པ་ཞི་བར་བྱས་ཀྱང་ཉེས་པ་ཞི་བར་བྱས་པ་ཡིན་ན། །ུ་པ་ལི། ཆོས་རྣམ་པ་བཅུ་དྲུག་པོ་འདི་དག་དང་ལྡན་ན། རྩོད་པ་ཞི་བ་ལེགས་པར་ཞི་བ་ཡིན་ཏེ། བཅུ་དྲུག་པོ་གང་ཞེ་ན།་དེ་དགེ་འདུན་ལ་གསོལ་བ་བྱས་པར་གྱུར་པ་དང ། རྒྱལ་བའི་བཀའ་དང་མཐུན་པར་གྱུར་པ་དང ། ཕྱོགས་དང་ཕྱོགས་མ་ཡིན་པའི་དགེ་སློང་རྣམས་ལ་བསྒོ་བར་གྱུར་པ་དང ། རྒོལ་བའི་དགེ་སློང་དག་གི་འདུལ་བ་མ་ཉམས་པར་གྱུར་པ་དང ། མ་དག་པའི་དགེ་སློང་གི་ཉེས་པ་མ་བཅབས་པར་གྱུར་པ་དང ། བྱུང་བ་མ་རུང་བར་མ་གྱུར་པ་དང ། བཅས་པ་མ་རུང་བར་མ་གྱུར་པ་དང ། རྗེས་སུ་བཅས་པ་མ་རུང་བར་མ་གྱུར་པ་དང ། མི་གནང་བ་མ་རུང་བར་མ་གྱུར་པ་དང ། རྗེས་སུ་གནང་བ་མ་རུང་བར་མ་གྱུར་པ་དང ། རྒོལ་བའི་དགེ་སློང་ལ་ཤིན་ཏུ་ཡི་དམ་འཆར་བཅུག་པ་དང ། ལན་གློན་པའི་དགེ་སློང་ལ་ཤིན་ཏུ་ཡི་དམ་འཆར་བཅུག་པ་དང ། མདོ་སྡེའི་ཚིག་རུང་བར་གྱུར་པ་དང ། འདུལ་བ་དང་མཐུན་པར་ Pa102a ༄#། །གྱུར་པ་དང ། ཆོས་ཀྱི་མིག་རྒྱས་པར་གྱུར་པ་དང ། ཇི་ལྟར་ཆོས་བཞིན། ཇི་ལྟར་འདུལ་བ་བཞིན། ཇི་ལྟར་སྟོན་པས་བསྟན་པ་དེ་ལྟ་བུར་རྩོད་པ་དེ་ཞི་བ་ཡིན་ཏེ། ཨུ་པ་ལི། ཆོས་རྣམ་པ་འདི་བཅུ་དྲུག་དང་ལྡན་ན། རྩོད་པ་ཞི་བ་ལེགས་པར་ཞི་བ་ཡིན་ནོ། །ུ་པ་ལི། ཆོས་རྣམ་པ་འདི་ལྔ་དང་ལྡན་པས་རྩོད་པ་ཞི་ན། ལེགས་པར་ཞི་བ་ཡིན་ཏེ། ལྔ་གང་ཞེ་ན། བསྒོས་ཏེ་ཞི་བར་བྱེད་པ་དང ། ཉེས་པ་བརྗོད་པ་དང ། ཆད་པའི་ལས་ཀྱིས་སྨ་འབེབས་པ་དང ། རྣམ་པར་དག་པ་སྟོན་པ་དང ། དེས་དགེ་འདུན་ལ་གསོལ་བ་བྱས་པར་གྱུར་པ་སྟེ། ཨུ་པ་ལི། ཆོས་རྣམ་པ་འདི་ལྔ་དང་ལྡན་པས་རྩོད་པ་ཞི་བ་ལེགས་པར་ཞི་བ་ཡིན་ནོ། །དེ་ལ་ཨུ་པ་ལི། གཟུ་བོ་འདུལ་བ་འཛིན་པས། ཆོས་རྣམ་པ་བཅུ་དྲུག་གིས་རྩོད་པ་ཞི་བར་བྱས་ན། བསོད་ནམས་མང་དུ་འཕེལ་བར་འགྱུར་ཏེ། བཅུ་དྲུག་གང་ཞེ་ན། དེས་བདག་ཉིད་ལ་བསོད་ནམས་ཀྱི་ཕུང་པོ་མང་པོས་བསྒོས་པར་གྱུར་པ་དང ། དེས་གཞན་ལ་ཡང་བསོད་ནམས་ཀྱི་ཕུང་པོ་ཆེན་པོས་བསྒོས་པར་གྱུར་པ་དང ། རྒོལ་བ་དང ། ཕྱིར་རྒོལ་བའི་དགེ་སློང་དག་གིས་ཉེས་པ་སྦྱངས་པར་གྱུར་པ་དང ། རྒོལ་བ་དང ། ཕྱིར་རྒོལ་བ་དག་གི་ཉེས་པ་ཆོམས་པར་གྱུར་པ་དང ། ཕྱོགས་རྣམ་པ་བཞི་པའི་ཉོན་མོངས་པའི་རྒྱུད་རྣམས་ཞི་བར་གྱུར་པ་དང ། དགེ་ Pa102b འདུན་བསྡུ་བའི་ཕྱིར་ཞུགས་པར་གྱུར་པ་དང ། དམ་པའི་ཆོས་གནས་པར་བྱ་བའི་ཕྱིར་ཆོས་ཀྱི་མིག་རྒྱས་པར་གྱུར་པ་དང ། ངོ་ཚ་བ་མེད་པའི་ཕྱོགས་རྣམས་ལ་ནན་ཏུར་བྱས་པར་གྱུར་བ་དང ། ངོ་ཚ་བའི་ཕྱོགས་རྣམས་ཡང་དག་པར་བསྡུས་པར་གྱུར་པ་དང ། དམ་པའི་ཆོས་མ་ཡིན་པར་བཟློག་པར་གྱུར་པ་དང ། དམ་པའི་ཆོས་རབ་ཏུ་ཟིན་པར་གྱུར་པ་དང ། དམ་པའི་ཆོས་ཉིད་བརྗོད་པར་གྱུར་པ་དང ། ཕྱིས་འོང་བའི་སྐྱེ་བོ་རྣམས་ལ་སྣང་བ་སྤྲོས་པར་གྱུར་པ་དང ། དམ་པའི་ཆོས་གནས་པ་དང ། སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་ཞུགས་པར་གྱུར་པ་སྟེ། ཨུ་པ་ལི། གཟུ་བོ་འདུལ་བ་འཛིན་པས་རྣམ་པ་བཅུ་དྲུག་གིས་རྩོད་པ་ཞི་བར་བྱས་ན། བསོད་ནམས་མང་དུ་འཕེལ་བར་འགྱུར་རོ། །ུ་པ་ལི། གཟུ་བོ་འདུལ་བ་འཛིན་པས་ཆོས་རྣམ་པ་འདི་ལྔ་དང་ལྡན་པས་རྩོད་པ་ཞི་བར་བྱས་ན། བསོད་ནམས་མང་དུ་འཕེལ་བར་འགྱུར་ཏེ། ལྔ་གང་ཞེ་ན། ཉེས་པ་ལ་ཉེས་པར་བརྗོད་ཅིང་ཉེས་པ་མེད་པ་ལ་ཉེས་པ་མེད་པར་བརྗོད་པ་དང ། ལྕི་བ་ལ་ལྕི་བར་བརྗོད་ཅིང་ཡང་བ་ལ་ཡང་བར་བརྗོད་པ་དང ། ལྷག་མ་དང་བཅས་པ་ལ་ལྷག་མ་དང་བཅས་པར་བརྗོད་ཅིང་ལྷག་མ་མེད་པ་ལ་ལྷག་མ་མེད་པར་བརྗོད་པ་དང ། ཉེས་པ་མེད་པའི་གང་ཟག་ལ་ཉེས་པ་མེད་པར་བརྗོད་ཅིང་ཉེས་པ་ཡོད་པའི་གང་ཟག་ལ་ཉེས་པ་ཡོད་པར་བརྗོད་པ་དང ། ཉེས་པ་མེད་པའི་གང་ཟག་ལ་ Pa103a ༄#། །ཉེས་པ་མེད་པར་རྟོག་པར་བྱེད་ཅིང་ཉེས་པ་ཡོད་པའི་གང་ཟག་ལ་ཉེས་པ་ཡོད་པར་རྟོག་པར་བྱེད་དེ། ཨུ་པ་ལི། གཟུ་བོ་འདུལ་བ་འཛིན་པ་ཆོས་རྣམ་པ་དེ་ལྔ་དང་ལྡན་པས་རྩོད་པ་ཞི་བར་བྱས་ན། བསོད་ནམས་མང་དུ་འཕེལ་བར་འགྱུར་རོ། །ུ་པ་ལི། དེ་ལྟ་བས་ན། དེ་བཞིན་དུ་བསླབ་པར་བྱ་སྟེ། རྩོད་པ་བྱུང་ཞིང་སྐྱེས་པ་ལ་ཇི་ལྟར་ཆོས་བཞིན། ཇི་ལྟར་འདུལ་བ་བཞིན། ཇི་ལྟར་སྟོན་པས་བསྟན་པ་བཞིན་ཞི་བར་བྱའོ། །སྙམ་དུ་ཨུ་པ་ལི་ཁྱོད་ཀྱིས་དེ་བཞིན་དུ་བསླབ་པར་གྱིས་ཤིག་།འདུལ་བ་ལས་བྱུང་བ་རྣམ་པ་བཅུ་དྲུག་ཅེས་བྱ་བ་རྫོགས་སོ།། །།སྒོ་རྣམས་ཀྱི་མདོ་བསྡུས་པ་སྟེ། བསྙེན་པར་རྫོགས་པ་དང་པོ་དང ། །སོ་སོར་ཕྱེ་དང་དཀྱིལ་འཁོར་དང ། །དེ་བཞིན་སྒོ་ལེབ་བྱང་སེམས་ཏེ། །གླེང་གཞི་རྣམས་ནི་འདིར་བསྡུས་སོ། །མདོར་བསྡུས་པ་སྟེ། བསྙེན་པར་རྫོགས་དང་ལྷག་པ་དང ། །ཡོངས་སུ་དག་དང་བསྐོར་བ་ས། །ཕྱེད་དང་གསུམ་དང་སྡེ་དག་དང ། །ཆད་པ་དག་ཀྱང་དེ་བཞིན་ནོ། །བླངས་པ་དང་ནི་ཤ་རྗེན་དང ། །བསྡུས་པ་རྣམས་ནི་མདོར་བཤད་པའོ། །མདོར་ན། བསྙེན་པར་རྫོགས་པར་བྱེད་པ་ན། ། བུད་མེད་སྐྱེས་པར་མངོན་དུ་གནས། །རབ་ཏུ་མ་བྱུང་བསྙེན་པར་རྫོགས། །བར་ཆད་དག་ཀྱང་རྣམ་པ་བཞི། །མཁན་པོ་མེད་དང་བྱ་རོག་དང ། །དང་པོའི་སྡེར་ཡང་བརྗོད་པའོ། །སངས་ Pa103b རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བསྙེན་པར་རྫོགས་པའི་ཚེ་མཚན་འཕོས་ན་དེ་བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པ་ལི། བསྙེན་པར་ནི། རྫོགས་མོད་ཀྱི། དགེ་སློང་མའི་ནང་དུ་ནི། ཐོངས་ཤིག་།བཙུན་པ། དགེ་སློང་དག་གིས་བུད་མེད་སྐྱེས་པ་འདྲ་བ། སྐྱེས་པའི་དབྱངས་ཅན། སྐྱེས་པའི་སྐད་དུ་སྨྲ་བ། སྐྱེས་པའི་སྒྲ་ཅན། སྐྱེས་པའི་དབྱིབས་ལྟ་བུ་ཞིག་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པར་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཨུ་པ་ལི། བསྙེན་པར་ནི། རྫོགས་མོད་ཀྱི། བསྙེན་པར་རྫོགས་པར་བྱེད་པ་ནི། འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ། སྐྱེས་པ་ཞིག་ལས་བུད་མེད་འདྲ་བ། བུད་མེད་ཀྱི་དབྱངས་ཅན། བུད་མེད་ཀྱི་སྒྲ་ཅན། བུད་མེད་ཀྱི་དབྱིབས་ལྟ་བུ་ཞིག་བསྙེན་པར་རྫོགས་པར་བགྱིས་ན། དེ་བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཨུ་པ་ལི། བསྙེན་པར་ནི། རྫོགས་མོད་ཀྱི། བསྙེན་པར་རྫོགས་པར་བྱེད་པ་ནི། འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ། རབ་ཏུ་མ་བྱུང་བར་དགེ་སློང་དག་གིས་བསྙེན་པར་རྫོགས་ Pa104a ༄#། །པར་བགྱིས་ན། དེ་བསྙེན་པར་རྫོགས་པར་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཨུ་པ་ལི། བསྙེན་པར་ནི། རྫོགས་མོད་ཀྱི། བསྙེན་པར་རྫོགས་པར་བྱེད་པ་ནི། འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ། བསྙེན་པར་མ་རྫོགས་པར་མཁན་པོ་བགྱིས་ཏེ་དགེ་སློང་དག་གིས་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པར་ཞེས་བགྱིའམ། བསྙེན་པར་མ་རྫོགས་པར་ཞེས་བགྱི། ཨུ་པ་ལི། བསྙེན་པར་ནི། རྫོགས་མོད་ཀྱི། བསྙེན་པར་རྫོགས་པར་བྱེད་པ་ནི། འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ། བར་ཆད་ཀྱི་ཆོས་དང་ལྡན་ལ་བདག་བར་ཆད་ཀྱི་ཆོས་དང་ཡང་ལྡན་ནོ། །ཞེས་མཆི་བཞིན་དུ་དགེ་སློང་དག་གིས་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཨུ་པ་ལི། བསྙེན་པར་ཡང་མ་རྫོགས་ལ་བསྙེན་པར་རྫོགས་པར་བྱེད་པ་ཡང་འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ། བར་ཆད་ཀྱི་ཆོས་དང་མི་ལྡན་ལ་བདག་བར་ཆད་ཀྱི་ཆོས་དང་ལྡན་ནོ། །ཞེས་མཆི་བ་ཞིག་དགེ་སློང་དག་གིས་བསྙེན་པར་རྫོགས་པར་བགྱིས་ན། དེ་བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཨུ་པ་ལི། བསྙེན་པར་ནི། རྫོགས་མོད་ཀྱི། བསྙེན་པར་རྫོགས་ Pa104b པར་བྱེད་པ་དེ་དག་ནི། འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ། བར་ཆད་ཀྱི་ཆོས་དང་ཡང་མི་ལྡན་ལ་བདག་བར་ཆད་ཀྱི་ཆོས་དང་ཡང་མི་ལྡན་ནོ། །ཞེས་མཆི་བ་ཞིག་དགེ་སློང་དག་གིས་བསྙེན་པར་རྫོགས་པར་བགྱིས་ན། དེ་བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཨུ་པ་ལི། བསྙེན་པར་ཡང་རྫོགས་ལ། བསྙེན་པར་རྫོགས་པར་བྱེད་པ་ལ་ཡང་འདས་པ་དང་བཅས་པར་མི་འགྱུར་རོ། །བཙུན་པ། མཁན་པོ་མ་མཆིས་བཞིན་དུ་དགེ་སློང་དག་གིས་བསྙེན་པར་རྫོགས་པར་བགྱིས་ན། དེ་བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཨུ་པ་ལི། བསྙེན་པར་ནི། རྫོགས་མོད་ཀྱི། བསྙེན་པར་རྫོགས་པར་བྱེད་པ་དག་ནི། འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ། མཁན་པོ་དང་ལྡན་པར་དགེ་སློང་དག་གིས་བསྙེན་པར་རྫོགས་པར་བགྱིས་ན། དེ་བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི།་ཨུ་པ་ལི། བསྙེན་པར་ཡང་རྫོགས་ལ་བསྙེན་པར་རྫོགས་པར་བྱེད་པ་ལ་ཡང་འདས་པ་དང་བཅས་པར་མི་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ལོ་བདུན་ལོན་ལ་བྱ་རོག་སྐྲོད་ནུས་ན། རབ་ཏུ་ཕྱུང་ཞིག་ཅེས་གསུངས་ན། བཙུན་པ། ལོ་དྲུག་ལོན་པ་དེ་ཡང་དགེ་ Pa105a ༄#། །འདུན་གྱི་སྐོ་སེར་བྱ་རོག་ཀྱང་སྐྲོད་ནུས་ན། དེ་རབ་ཏུ་དབྱུང་བར་བགྱིའམ། རབ་ཏུ་མི་དབྱུང་བར་བགྱི། ཨུ་པ་ལི། ལོ་བདུན་ལོན་པར་བྱ་བའི་ཕྱིར་ཏེ། རབ་ཏུ་དབྱུང་བར་མི་བྱའོ། །བཙུན་པ། ལོ་བདུན་ནི་ལོན་ལ་དགེ་འདུན་གྱི་སྐོ་ས་ནས་བྱ་རོག་སྐྲོད་མི་ནུས་ན། དེ་ཡང་རབ་ཏུ་དབྱུང་བར་བགྱིའམ། ཨུ་པ་ལི། བྱ་རོག་སྐྲོད་ནུས་པར་བྱ་བའི་ཕྱིར་ཏེ། རབ་ཏུ་དབྱུང་བར་མི་བྱའོ། །གླེང་གཞིའི་ནང་ན་སྒོ་ཐོག་མའི་མདོ་ཚིགས་སུ་བཅད་པ་དང་པོའོ།། །།མདོར་ན། བྲམ་ཟེ་དང་ཡང་ཉིན་པར་དང ། །དཀོར་བ་ཚེས་གྲངས་དེ་བཞིན་ཏེ། །ལྷག་པ་དག་དང་ལོ་དྲུག་དང ། །དྲུག་ཏུ་བྱ་དང་བཅུ་བཞི་དང ། །ཤོལ་བའི་ཟླ་བར་སྦྱར་བ་སྟེ། །འདྲི་བ་རྣམས་ལའང་དེ་བཞི་བྱ། །དགེ་སློང་འཁོད་པའི་གནས་ན་ནི། །བསླབ་པ་བྱིན་པས་བཀླག་པར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ་བྲམ་ཟེ་དང ། ཁྱིམ་བདག་རྣམས་དགེ་སློང་གི་གན་དུ་འོངས་ནས་འཕགས་པ། དེ་རིང་ཚེས་གྲངས་དུ་ཞེས་དྲིས་པ་དང ། དེ་དག་གིས་སྨྲས་པ། ཀྱེ་མི་ཤེས་སོ། །བྲམ་ཟེ་དང ། ཁྱིམ་བདག་གིས་སྨྲས་པ། མུ་སྟེགས་ཅན་གྱིས་ཀྱང་ཚེས་གྲངས་དང ། ཉི་མ་དང ། སྐར་མ་དང ། ཡུད་ཙམ་ཡང་ཤེས་ན། ཁྱེད་ཅག་རབ་ཏུ་བྱུང་ན། ཚེས་གྲངས་ཙམ་ཡང་ Pa105b མི་ཤེས་སམ། དེ་དག་ལན་མེད་ནས་ཅང་མི་ཟེར་བར་འདུག་གོ་།དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ཚེས་གྲངས་བགྲང་པར་ངས་རྗེས་སུ་གནང་ངོ ། །ཞེས་གསུངས་པ་དང ། དགེ་སློང་ཐམས་ཅད་ཀྱང་བགྲང་བ་ལ་ཞུགས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐམས་ཅད་ཀྱིས་མ་བགྲང་པར་དགེ་འདུན་གྱི་གནས་བརྟན་དང ། གཙུག་ལག་ཁང་སྐྱོང་གཉིས་ཀྱིས་གྲོངས་ཤིག་།དགེ་འདུན་གྱི་གནས་བརྟན་དང ། ཁང་སྐྱོང་གཉིས་ཀྱང་མ་དྲན་ནས་དེ་དག་ཉེས་པའི་དམིགས་སུ་གྱུར་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། འཇིམ་པའི་རི་ལུ་བཅོ་ལྔ་བྱོས་ལ་སྲད་བུ་ལ་བརྒྱུས་ཏེ་ཞོག་ལ་ཉི་མ་རེ་རེ་ཞིང་དྲན་པར་གྱིས་ཤིག་།སྲད་བུ་འཕྱོངས་པར་གྱུར་པ་དང ། བཅོམ་ལྡན་འདས་ཀྱིས་འོད་མའི་བྱང་བུ་བཅོ་ལྔ་བྱོས་ལ་སྲད་བུ་ལ་བརྒྱུས་ཏེ་ཞོག་ལ། དེ་ལས་ཉིན་གཅིག་ཅིང་རེ་རེ་བཞིན་གྲོངས་ཤིག་ཅེས་གསུངས་པ་དང ། དགེ་སློང་ཐམས་ཅད་ཀྱིས་དེ་བཞིན་བགྲངས་པ་དང ། དྲན་པ་ཉམས་པར་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་གནས་བརྟན་གྱིས་བགྲང་བར་གྱིས་ཤིག་།བྲམ་ཟེ་དང ། ཁྱིམ་བདག་དག་གིས་ Pa106a ༄#། །ཡང་དེར་འོངས་ནས་འཕགས་པ། དེ་རིང་ཚེས་གྲངས་དུ་ཞེས་དྲིས་པ་དང ། དགེ་སློང་དག་གིས་དགེ་འདུན་གྱི་གནས་བརྟན་དང ། ཁང་སྐྱོང་གིས་ཤེས་སོ། །དེར་གཏད་པ་དང་དེ་དག་གིས་སྨྲས་པ། འཕགས་པ། ཅི། དེ་དག་ཁྱེད་ཀྱི་ཚེས་གྲངས་ཀྱི་མཛོད་པ་ཡིན་ནམ། ཅི། ཁྱེད་ལ་དྲིས་ན། ཅིའི་ཕྱིར་གཞན་ལ་གཏོད། ཁྱེད་ཅག་ཉིད་ཀྱིས་སྨྲོས་ཤིག་།དེ་དག་ལན་མེད་ནས་ཅང་མི་ཟེར་བར་འཁོད་དོ། །བྲམ་ཟེ་དང ། ཁྱིམ་བདག་རྣམས་འཕྱ་ཞིང་གཙུག་ལག་ཁང་ནས་བྱུང་སྟེ་དོང་ངོ ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་དགོངས་པ། བྲམ་ཟེ་དང ། ཁྱིམ་བདག་རྣམས་འཕྱ་བ་ནི། ཡུས་ཏེ། དེ་བས་དགེ་འདུན་གྱི་ནང་དུ་ཚེས་གྲངས་བརྗོད་པར་བྱའོ། །སྙམ་དུ་དགོངས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། བྲམ་ཟེ་དང ། ཁྱིམ་བདག་རྣམས་འཕྱ་བ་ནི། ཡུས་ཀྱི། དེ་ལྟར་བས་ན། དགེ་འདུན་གྱི་ནང་དུ་ཚེས་གྲངས་བརྗོད་པར་གྱིས་ཤིག་།བཅོམ་ལྡན་འདས་ཀྱིས་དགེ་འདུན་གྱི་ནང་དུ་ཚེས་གྲངས་བརྗོད་པར་གྱིས་ཤིག་།ཅེས་བཀའ་སྩལ་པ་དང ། དགེ་སློང་རྣམས་ཀྱིས་དགེ་འདུན་གྱི་ནང་དུ་ཆོས་གྲངས་བརྗོད་ཀྱི། ཟླ་བ་ཕྱེད་པོ་འཛིན་པར་མི་བྱེད་དོ། །ཁྱིམ་བདག་དང ། བྲམ་ཟེ་དག་གིས་སྨྲས་པ། འཕགས་པ། ཁྱེད་ཀྱིས་ཟླ་ Pa106b བ་བྱེད་པོ་གཟུང་བ་ཡང་མི་ཤེས་ཏེ། དེ་ལྟར་མ་བཟུང་ན། ཡར་གྱི་ཟླ་བ་ཕྱེད་དང ། མར་གྱི་ཟླ་བ་ཕྱེད་པོ་ཇི་ལྟ་བུར་ཤེས་པར་འགྱུར། དེ་དག་ལན་མེད་ནས་ཅང་མི་ཟེར་བར་འཁོད་དོ། ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟླ་བ་ཕྱེད་པོ་ཟུངས་ལ་ཚེས་གྲངས་བརྗོད་པར་བྱའོ། །བརྗོད་པ་ནི། འདི་བཞིན་དུ་བྱ་སྟེ། དགེ་འདུན་ཐམས་ཅད་འདུས་ཤིང་འཁོད་པ་དང ། དགེ་སློང་གཅིག་གིས་རྒན་རིམ་གྱི་དང་པོར་འདུག་ལ་རིམ་གྲོ་དང་བཅས་པས་ཐལ་མོ་སྦྱར་ལ་ཚིག་འདི་སྐད་དུ་སྨྲོས་ཤིག་།དེ་རིང་ནི། ཟླ་བ་མར་གྱི་ཚེས་གཅིག་སྟེ། གཙུག་ལག་ཁང་གི་བདག་པོ་དང ། ལྷ་རྣམས་ཀྱི་ཕྱིར་ཚིགས་སུ་བཅད་པ་རེ་རེ་རྗོད་ཅིག་།དགེ་སློང་རྣམས་ཀྱིས་ཚེས་གྲངས་ནི། བརྗོད་ཀྱི། གཙུག་ལག་ཁང་གི་བདག་པོའི་མིང་ནས་མ་སྨྲོས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཙུག་ལག་ཁང་གི་བདག་པོའི་མིང་ནས་ཀྱང་བརྗོད་པར་བྱའོ། །འདི་སྐད་དུ། སྦྱིན་བདག་མིང་འདི་ཞེས་བྱ་བས་སང་དགེ་སློང་གི་དགེ་འདུན་རྣམས་བཤོས་ལ་སྤྱན་དྲངས་ཀྱི། དེ་ལ་བཙུན་པ་རྣམས་ཀྱིས་དགེ་བའི་ཡིད་ཀྱིས་བརྩེ་བར་མཛོད་ཅིག་།གཙུག་ལག་ཁང་གི་བདག་པོ་ལ་ཇི་ལྟ་བ་གཞན་ཡང་སྦྱིན་པར་བྱེད་པ་དང ། སྦྱིན་པའི་བདག་པོ་ལ་ཡང་དགེ་བའི་ཡིད་ཀྱིས་བརྩེ་བར་མཛོད་ཅིག་།ཇི་ལྟར་དགེ་བའི་ཡིད་ཀྱིས་ Pa107a ༄#། །བརྩེ་བར་མཛད་པས་ན། དེའི་དགེ་བའི་ཆོས་རྣམས་འཕེལ་བར་འགྱུར་གྱི། འགྲིབ་པར་མི་འགྱུར་རོ། །དེ་བཞིན་དུ་གཞན་ཡང་དེ་ན་རྐྱེན་དུ་གནས་པའི་སེམས་ཅན་ཐམས་ཅད་ལ་ཡང་སོ་སོའི་མིང་ནས་བརྗོད་པར་བྱའོ། །དགེ་སློང་དག་གིས་ཀྱང་ཚིག་ཐམས་ཅད་རྫོགས་པའི་རྗེས་ལ་སོ་སོ་ནས་ཚིགས་སུ་བཅད་པ་རེ་རེ་ལྷོགས་ཤིག་།བྲམ་ཟེ་དང ། ཁྱིམ་བདག་དག་ཀྱང་དེར་འོངས་ནས་འཕགས་པ། དེ་རིང་ཚེས་དུ་ཞེས་དྲིས་པ་དང ། དེ་དག་གིས་སྨྲས་པ། ཀྱེ་དེ་རིང་ནི། བཅོ་ལྔའོ། །བྲམ་ཟེ་དང ། ཁྱིམ་བདག་གིས་སྨྲས་པ། འཕགས་པ། འཇིག་རྟེན་པ་ཐམས་ཅད་ཀྱི་ནི། དེ་རིང་བཅུ་བཞི་ན། ཁྱེད་ཅག་གི་ཇི་ལྟར་ན། བཅོ་ལྔ། ཅི་ཁྱེད་ཅག་ཞག་འདུམ་པར་མི་བྱེད་དམ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞག་འདུམ་པར་ཡང་བྱོས་ཤིག ། བཅོམ་ལྡན་འདས་ཀྱིས་ཞག་འདུམ་པར་བྱོས་ཤིག་ཅེས་གསུངས་པ་དང ། དགེ་སློང་དག་ཟླ་བ་ཕྱེད་ཕྱེད་ཅིང་ཞག་འདུམ་པར་བྱེད་དོ། །བྲམ་ཟེ་དང ། ཁྱིམ་བདག་དག་ཡང་དེར་ལྷགས་ནས་འཕགས་པ། དེ་རིང་ཚེས་གྲངས་དུ་ཞེས་དྲིས་པ་དང ། དགེ་སློང་དག་གིས་སྨྲས་པ། ཀྱེ་དེ་རིང་ངེད་ཀྱི་བཅུ་བཞིའོ། །དེ་དག་གིས་ཡང་སྨྲས་པ། Pa107b འཕགས་པ། དེ་རིང་འཇིག་རྟེན་པ་ཐམས་ཅད་ཀྱི་བཅོ་ལྔ་ན། ཁྱེད་ཅག་གི་ཇི་ལྟར་བཅུ་བཞི། ཅི། ཁྱེད་ཅག་ཟླ་བ་ཕྱེད་ཕྱེད་ཅིང་ཞག་རེ་འདུམ་པར་བྱེད་དམ། དེ་དག་གིས་སྨྲས་པ།་འདུམ་པར་བྱེད་དོ། །བྲམ་ཟེ་དང ། ཁྱིམ་བདག་དག་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བྲམ་ཟེ་དང ། ཁྱིམ་བདག་རྣམས་འཕྱ་བ་ནི། ཡུས་ཏེ། དེ་ལྟ་བས་ན། ཟླ་བ་ཕྱེད་ཕྱེད་ཅིང་ཞག་འདུམ་པར་མ་བྱེད་ཅིག་།དུས་གཅིག་གི་ཟླ་བ་ཕྱེད་དང་གཉིས་འདས་ཤིང་ཞག་འདུམ་པར་བྱོས་ཤིག་།དེ་ལྟར་ན། ལོ་གཅིག་ལ་གསོ་སྦྱོང་བཅུ་བཞི་པ་ནི། དྲུག་གོ་།དེའི་ལྷག་མ་རྣམས་ནི། བཅོ་ལྔའོ། །དེ་ནས་ཡང་བྲམ་ཟེ་དང ། ཁྱིམ་བདག་རྣམས་ལྷགས་ནས་འཕགས་པ། དེ་ལྟར་གྱི་ཟླ་བ་འདི། ཁྱེད་ཀྱི་གང་ཞེས་དྲིས་པ་དང ། དགེ་སློང་དག་གིས་སྨྲས་པ། ཀྱེ། ངེད་ཀྱི་ནི། དབྱར་ཟླ་ཐ་ཆུང་ངོ ། །དེ་དག་གིས་སྨྲས་པ།་འཕགས་པ། འཇིག་རྟེན་པ་ཐམས་ཅད་ཀྱི་ནི། ཟླ་བ་འདི་དབྱར་ཟླ་འབྲིང་པོ་ན། ཇི་ལྟར་ཁྱེད་ཀྱི་དབྱར་ཟླ་ཐ་ཆུང ། ཅི། ཁྱེད་ཀྱིས་ཟླ་བ་ཤོལ་བ་མ་བོར་རམ། དེ་དག་གིས་སྨྲས་པ། མ་བོར་རོ། །བྲམ་ཟེ་དང ། ཁྱིམ་བདག་དག་འཕྱ་བར་གྱུར་ན། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ Pa108a ༄#། །བཀའ་སྩལ་པ། དགེ་སློང་དག་།བྲམ་ཟེ་དང ། ཁྱིམ་བདག་རྣམས་འཕྱ་བ་ནི། ཡུས་ཀྱི། དེ་ལྟ་བས་ན། ཟླ་བཤོལ་བོར་ཅིག་།བཅོམ་ལྡན་འདས་ཀྱིས་ཟླ་བཤོལ་བོར་ཅིག་ཅེས་གསུངས་པ་དང ། དགེ་སློང་དག་གིས་ལོ་རེ་རེ་ཞིང་ཤོལ་བོར་རོ། །བྲམ་ཟེ་དང ། ཁྱིམ་བདག་རྣམས་ཡང་དེར་ལྷགས་ནས་འཕགས་པ། ད་ལྟར་གྱི་ཟླ་བ་འདི་ཁྱེད་ཀྱི་གང་ཞེས་དྲིས་པ་དང ། དགེ་སློང་དག་གིས་སྨྲས་པ། ཀྱེ། ངེད་ཅག་གི་ད་ལྟར་ནི། དབྱར་ཟླ་འབྲིང་པོའོ། །དེ་དག་གིས་ཡང་སྨྲས་པ། འཕགས་པ། འཇིག་རྟེན་པ་ཐམས་ཅད་ཀྱི་ནི། ཟླ་བ་འདི་དབྱར་ཟླ་ཐ་ཆུང་ན། ཁྱེད་ཅག་གི་ཇི་ལྟར་དབྱར་ཟླ་འབྲིང་པོ། ཅི། ཁྱེད་ཅག་ལོ་རེ་རེ་ཞིང་ཤོལ་འདོར་རམ། དེ་དག་གིས་སྨྲས་པ། འདོར་རོ། ། བྲམ་ཟེ་དང ། ཁྱིམ་བདག་དག་འཕྱ་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། ཁྱིམ་བདག་དང ། བྲམ་ཟེ་རྣམས་འཕྱ་བ་ནི། ཡུས་ཀྱི། དེ་ལྟ་བས་ན། ལོ་རེ་རེ་ཞིང་ཟླ་བ་ཤོལ་མ་འདོར་བར་ལོ་དྲུག་དྲུག་ཅིང་ཤོལ་པོར་ཅིག་།ལོ་དྲུག་ལྔ་སུམ་ཅུ་སྟེ། དེ་ལྟ་བུར་ཞག་དང ། ཟླ་བ་ཕྱེད་པོ་དང ། ཟླ་བ་དང ། ལོར་བསྒྲེས་ན། མཉམ་པར་འགྱུར་ཏེ། མུ་སྟེགས་ཅན་གྱིས་གླགས་བཙལ་ཀྱང་གླགས་མི་རྙེད་པར་འགྱུར་རོ། །བཅོམ་ལྡན་འདས་ Pa108b ཀྱིས་ལོ་དྲུག་དྲུག་ཅིང་ཤོལ་པོར་ཅིག་ཅེས་གསུངས་པ་དང ། དགེ་སློང་དག་གིས་ལོ་དྲུག་དྲུག་ཅིང་ཟླ་བ་ཤོལ་འདོར་རོ། །རྒྱལ་པོ་དག་ནི། ལོ་གསུམ་གསུམ་ཞིང་ཤོལ་འདོར་བར་བྱེད་དོ། །དགེ་སློང་དག་གིས་དེ་བཞིན་མ་བྱས་པ་དང ། བློན་པོ་དག་འཕྱ་བར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།བློན་པོ་རྣམས་འཕྱ་བ་ནི། ཡུས་ཏེ། དེ་ལྟ་བས་ན། རྒྱལ་པོའི་གཞུང་བཞིན་དུ་ཡང་གྱིས་ཤིག་།སྐར་མ་མི་མཐུན་པར་རྒྱུ་སྟེ། དགེ་སློང་དག་གིས་དེ་ལྟ་བུར་མི་སྦྱོར་བ་དང ། སྐར་མ་རྩི་བ་ལ་མཁས་པ་དག་དགེ་སློང་རྣམས་ལ་འཕྱ་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས། སྐར་མ་རྩི་བ་དག་འཕྱ་བ་ནི། ཡུས་ཏེ། དེ་བས་ན། སྐར་མའི་རྗེས་སུ་ཡང་འཇུག་པར་བྱོས་ཤིག་།གླེང་གཞིའི་ནང་ནས་སྒོ་དང་པོའི་མདོའི་ཚིགས་སུ་བཅས་པ་གཉིས་པའོ།། །།མདོར་ན། ཡོངས་སུ་དག་པ་གཉིས་བྱ་དང ། །མཚམས་ཀྱང་རྣམ་པ་བཞིར་བྱ་སྟེ། །དེ་བཞིན་དད་པ་ནམ་མཁའ་ལས། །མ་བཀྲོལ་བར་ཡང་སྔ་མ་བཞིན། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ Pa109a ༄#། །ཞུས་པ། བཙུན་པ། མཚམས་ཀྱི་ནང་ན་མཆིས་པས་མཚམས་ཀྱི་སླད་རོལ་ན་མཆིས་པ་རྣམས་ལ་ཡོངས་སུ་དག་པ་སྩལ་ཏུ་རུང་ངམ། ཨུ་པ་ལི། མི་རུང་ངོ། །བཙུན་པ། མཚམས་ཀྱི་སླད་རོལ་ན་མཆིས་པས་མཚམས་ཀྱི་ནང་ན་མཆིས་པ་ལ་ཡོངས་སུ་དག་པ་སྩལ་ཏུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། མཚམས་ཀྱི་ནང་ན་མཆིས་པས་མཚམས་ཀྱི་སླད་རོལ་ན་མཆིས་པའི་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། མཚམས་ཀྱི་སླད་རོལ་ན་མཆིས་པས་མཚམས་ཀྱི་ནང་ན་མཆིས་པའི་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། ལས་བགྱིད་པ་མཚམས་ཀྱི་ནང་ན་མཆིས་བཞིན་དུ་མཚམས་ཀྱི་སླད་རོལ་ན་མཆིས་པ་རྣམས་ལ་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། ལས་བགྱིད་པ་མཚམས་ཀྱི་སླད་རོལ་ན་མཆིས་བཞིན་དུ་མཚམས་ཀྱི་ནང་ན་མཆིས་པ་རྣམས་ལ་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། དད་པ་ལེན་པའི་དགེ་སློང་གིས་དད་པ་བླངས་ནས་ནམ་མཁའ་ལ་མཆིས་ན། དད་པ་བླངས་པ་ཞེས་བགྱིའམ། མ་བླངས་པ་ཞེས་བགྱི། ཨུ་པ་ལི། མ་བླངས་པ་སྟེ། གདོད་ལོངས་ཤིག་།བཙུན་པ། མཚམས་སྔ་མ་མ་བཀྲོལ་བར་སླད་མ་དགུམ་དུ་རུང་ Pa109b ངམ།་ཨུ་པ་ལི། མི་རུང་ངོ ། །གླེང་གཞིའི་ནང་ནས་སྒོ་དང་པོའི་མདོ་སྡེའི་ཚིགས་སུ་བཅད་པ་གསུམ་པའོ།། །།འདུལ་བ་གཞུང་དམ་པ། བམ་པོ་སོ་གཅིག་པ། མདོར་ན། བསྐོར་བ་དང་ནི་འཇིག་པ་དང ། །ཤིང་དང་ས་ཡི་སྐྱེ་བ་དང ། །མི་འབྱུང་བ་དང་འབྱུང་བར་བྱེད། །འཆི་བ་ཡང་ནི་དེ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ་སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། མཚམས་ལ་མཚམས་ཀྱིས་བསྐོར་དུ་རུང་ངམ། ཨུ་པ་ལི། དཀྱིལ་འཁོར་དང ། ཆུས་བསྐོར་བ་དང ། དགེ་སློང་མའི་དབྱར་མོ་ཁང་མ་གཏོགས་པར་གཞན་མི་རུང་ངོ ། །མཚམས་ལ་མཚམས་ཀྱིས་གཞིག་ཏུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། རྣམ་པ་དུས་མཚམས་འཇིག་པར་འགྱུར། ཨུ་པ་ལི། ལྔ་སྟེ། དགེ་འདུན་ཐམས་ཅད་ཀྱིས་བོར་ཏེ་དོང་བ་དང ། དགེ་འདུན་ཐམས་ཅད་མཚན་འཕོས་པ་དང ། དགེ་འདུན་ཐམས་ཅད་སླར་བབས་པ་དང ། དགེ་འདུན་ཐམས་ཅད་དུས་བྱས་པ་དང ། གསོལ་བའི་ལས་དང་ལྔའོ། །བཙུན་པ། ཤིང་གཅིག་ལས་གཙུག་ལག་ཁང་གཉིས་ཀྱི་མཚམས་དགུམ་དུ་རུང་ངམ། ཨུ་པ་ལི། རུང་ངོ ། །དེ་བཞིན་དུ་གཙུག་ལག་ཁང་གསུམ་མམ། བཞི་ཡང་རུང་སྟེ། ཤིང་ཉིད་ནི། གཅལ་བར་བྱོས་ཤིག་།སངས་རྒྱས་ Pa110a ༄#། །བཅོམ་ལྡན་འདས་ལྗོངས་ཀ་ཤིར་སྤྱད་པ་སྤྱོད་པ་ན་གནས་གཞན་ཞིག་ཏུ་འཛུམ་པ་མཛད་དོ། །ཆོས་ཉིད་ཀྱིས་ནམ་སངས་རྒྱས་བཅོམ་ལྡན་འདས་འཛུམ་པ་མཛད་པ་དེའི་ཚེ་ན་འོད་སྔོན་པོ། སེར་པོ། དམར་པོ། དཀར་པོ་རྣམས་ཞལ་ནས་བྱུང་སྟེ། ཁ་ཅིག་ནི། འོག་ཏུ་འགྲོ། ཁ་ཅིག་ནི། སྟེང་དུ་འགྲོ། འོག་ཏུ་སོང་བ་དེ་རྣམས་ནི། སེམས་ཅན་དམྱལ་བ་ཡང་སོས་དང ། ཐིག་ནག་པོ་དང ། ཀུན་དམྱལ་དང ། འོ་དོད་འདོན་པ་དང ། འོ་དོད་འབོད་པ་ཆེན་པོ་དང ། ཚིག་པ་དང ། རབ་ཏུ་ཚིག་པ་དང ། བསྟིར་མེད་པ་དང ། ཆུ་བུར་དང ། རྒྱུན་ཏུ་ཆུ་བུར་ཅན་དང ། ་ཏ་ཏ་དང ། ཧ་ཧ་བ་དང ། ཧུ་ཧུ་བ་དང ། ུཏྤ་ལ་ལྟ་བུ་དང ། པདྨོ་ལྟ་བུ་དང ། པདྨོ་ཆེན་པོ་ལྟ་བུ་རྣམས་སུ་ཕྱིན་ནས་གང་ཚ་བའི་སེམས་ཅན་དམྱལ་བ་དེ་དག་ལ་བབ་ན་བསིལ་བར་འགྱུར། གྲང་བའི་སེམས་ཅན་དམྱལ་བ་དེ་དག་ལ་བབ་ན་དྲོ་བར་འགྱུར་ཏེ། དེས་སེམས་ཅན་དམྱལ་བ་དེ་དག་ལ་གནོད་པ་ནི།་བདེ་བའི་ཁྱད་པར་དུ་གྱུར་པ་དང ། དེ་དག་འདི་སྙམ་དུ། ཀྱེ་ཅི། བདག་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་སྙམ་དུ་བསམ་པ་དང ། དེ་དག་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྤྲུལ་པ་བཏང་ངོ ། །དེ་དག་གིས་སྤྲུལ་པ་མཐོང་བ་དང་འདི་སྙམ་དུ། ཀྱེ། བདག་ཅག་འདི་ནས་ཤི་འཕོས་པ་ཡང་མེད། གུད་དུ་སྐྱེས་པ་ཡང་མ་ Pa110b ཡིན་གྱི། སྔོན་མ་མཐོང་བའི་སེམས་ཅན་འདིའི་མཐུས་ན། བདག་ཅག་གནོད་པ་ལས་ཁྱད་པར་དུ་བདེ་བར་གྱུར་ཏོ། །སྙམ་དུ་བསམ་ནས་དེ་དག་སྤྲུལ་པ་ལ་སེམས་དད་པར་གྱུར་པས་ན། སེམས་ཅན་དམྱལ་བའི་གནོད་པའི་ལས་མེད་པར་གྱུར་ཏེ། གང་དུ་བདེན་པ་རྣམས་ཀྱི་སྣོད་དུ་གྱུར་པ་དེར་ལྷ་དང་མིའི་ནང་དུ་མཚམས་འཛིན་པར་གྱུར་ཏོ། །གང་སྟེང་དུ་སོང་བ་དེ་ནི། རྒྱལ་ཆེན་བཞིའི་ལྷ་དང།་སུམ་ཅུ་རྩ་གསུམ་དང ། མཚེ་མ་དང ། དགའ་ལྡན་དང ། འཕྲུལ་དགའ་དང ། གཞན་འཕྲུལ་དབང་བྱེད་དང ། ཚངས་རིས་དང ། ཚངས་ལྷ་ཉེ་ཕན་དང ། ཚངས་ཆེན་དང ། སྣང་བ་དང ། ཚད་མེད་སྣང་བ་དང ། ཀུན་སྣང་དང་བ་དང ། ཆུང་དགེ་དང ། ཚད་མེད་དགེ་བ་དང ། དགེ་རྒྱས་དང ། སྤྲིན་མེད་དང ། བསོད་ནམས་འཕེལ་དང ། འབྲས་བུ་ཆེ་བ་དང ། མི་ཆེ་བ་དང ། མི་གདུང་བ་དང ། ཤིན་ཏུ་མཐོང་བ་དང ། གྱ་ནོམ་སྣང་བ་དང ། འོག་མིན་གྱི་བར་ལ་སོགས་པར་སོང་ནས་མི་རྟག་པ་དང ། སྡུག་བསྔལ་དང ། སྟོང་པ་དང ། བདག་མེད་པར་བརྗོད་ཅིང་ཚིགས་སུ་བཅད་པ་གཉིས་ཀྱང་བརྗོད་དོ། །དབྱུང་བར་བྱ་ཕྱིར་བརྩམས་པར་བྱོས། །སངས་རྒྱས་བསྟན་ལ་བརྩོན་པར་བྱོས། འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་རྣམས་གཞོམ་པར་བྱོས། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བོའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་འབྱིན་པར་འགྱུར། །དེ་དེས་འོད་ཟེར་དེས་ Pa111a ༄#། །སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སུ་བསྐོར་ནས་སླར་བཅོམ་ལྡན་འདས་ཀྱི་སླད་བཞིན་དུ་འབྲང་ཞིང་དོང་ངོ ། །དེ་སྟེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལུང་སྟོན་པར་བཞེད་ན་ནི། བཅོམ་ལྡན་འདས་ཀྱི་སྣམ་ལོགས་སུ་མི་སྣང་བར་འགྱུར་རོ། །མ་འོངས་པའི་ལས་ལུང་སྟོན་པར་བཞེད་ན་ནི། མདུན་དུ་མི་སྣང་བར་འགྱུར་རོ། །སེམས་ཅན་དམྱལ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐིལ་དུ་མི་སྣང་བར་འགྱུར་རོ། །བྱོལ་སོང་དུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་རྟིང་པར་མི་སྣང་བར་འགྱུར་རོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ཞབས་ཀྱི་མཐེ་བོར་མི་སྣང་བར་འགྱུར་རོ། །མིར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། བུས་མོ་གཉིས་སུ་མི་སྣང་བར་འགྱུར་རོ། །སྟོབས་ཀྱི་འཁོར་ལོས་བསྒྱུར་བར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡོན་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །འཁོར་ལོས་བསྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་ན་ནི། ཕྱག་གཡས་པའི་མཐིལ་དུ་མི་སྣང་བར་འགྱུར་རོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་ན་ནི། ལྟེ་བར་མི་སྣང་བར་འགྱུར་རོ། །ཉན་ཐོས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། ཞལ་དུ་མི་སྣང་བར་འགྱུར་རོ། །རང་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ན་ནི། མཛོད་སྤུར་མི་སྣང་བར་འགྱུར་རོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་ Pa111b ན་ནི། གཙུག་ཏོར་དུ་མི་སྣང་བར་འགྱུར་རོ། །དེ་ནས་འོད་ཟེར་དེ་དག་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་ནས་བཅོམ་ལྡན་འདས་ཀྱི་གཙུག་ཏོར་དུ་མི་སྣང་བར་གྱུར་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་ཐལ་མོ་གཉིས་སྦྱར་ཏེ་བཅོམ་ལྡན་འདས་ལ་གསོལ་པ། ཁ་དོག་སྣ་ཚོགས་དུ་མ་སྟོང ། །ཞལ་ནས་བྱུང་བ་མང་པོ་སྟེ། །ཕྱོགས་ཀུན་དེས་ནི་སྣང་གྱུར་པ། །ཉི་མ་ཇི་ལྟར་ཤར་བ་བཞིན། །ཚིགས་སུ་བཅད་དེ་ཡང་སྨྲས་པ། རྒོད་དང་ཞུམ་ལས་རྣམ་བྲལ་ང་རྒྱལ་སྤངས། །སངས་རྒྱས་སྐྱེ་བོ་མཆོག་གི་རྒྱུར་གྱུར་པ། །རྐྱེན་མེད་དུང་དང་པདྨའི་རྩ་ལྟར་དཀར། །རྒྱལ་བ་དགྲ་ཐུལ་འཛུམ་པ་སྟོན་མི་མཛད། །དེ་ཚེ་རང་གིས་མཁྱེན་ཅིང་བློ་བརྟན་པ། །རྒྱལ་དབང་ཉེན་པ་ཐོས་སུ་རེ་བ་རྣམས། །ཐུབ་པའི་ཁྱུ་མཆོག་བརྟན་པའི་གསུང་རབ་ཀྱིས། །ཐེ་ཚོམ་སྐྱེས་པ་དགེ་བས་བསལ་བར་མཛོད། །རྒྱ་མཚོ་ལས་ནི་རི་རྒྱལ་བརྟན་པ་བཞིན། །ཡང་དག་མགོན་རྫོགས་རྒྱུ་མེད་འཛུམ་མི་སྟོན། །བརྟན་པས་གང་ཕྱིར་འཛུམ་པ་ཉེ་བར་བསྟན་པ། །དེ་ནི་སྐྱེ་བོ་མང་པོས་ཐོས་པར་འཚལ། །བཙུན་པ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། རྒྱུ་མ་མཆིས་རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། ཅིའི་རྒྱུ་ཅིའི་རྐྱེན་གྱིས་ན། འཛུམ་པ་མཛད། ཀུན་དགའ་བོ། དེ་ནི། དེ་བཞིན་ནོ། །དེ་ནི། དེ་བཞིན་ཏེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱུ་མེད་རྐྱེན་མེད་པར་ Pa112a ༄#། །འཛུམ་པ་མི་མཛད་དོ། །ཀུན་དགའ་བོ། ཕྱོགས་འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་བཞུགས་ནས་ཆོས་བསྟན་ཏོ། །དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་རིངས་ཤིང་མྱུར་བར་སྟོད་གཡོགས་བཞི་ལྟབ་ཏུ་བལྟབ་སྟེ་བཏིང་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གདན་བཏིང་བ་འདི་ལ་བཞུགས་པར་གསོལ། གནས་འདིར་ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་དང ། ད་ལྟར་གྱི་བཅོམ་ལྡན་འདས་ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་བཞུགས་པར་འགྱུར་རོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ལེགས་སོ། །ཀུན་དགའ་བོ། ངས་མ་སྨྲས་པར་ཁྱོད་ཀྱིས་ཤེས་པ་ནི། ལེགས་སོ། །ཞེས་གསུངས་ནས་གདན་བཏིང་བ་དེ་ལ་བཞུགས་སོ། །བཞུགས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ། ཕྱོགས་འདི་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་འོད་སྲུང་གི་གཙུག་ལག་ཁང་ངོ ། །འདི་ནི། འཆག་སའོ། །འདི་ནི། སྟེགས་བུའོ། །འདི་ནི། སྒོ་ཁང་ངོ ། །འདི་ནི། ཞབས་འཁྲུ་བའི་སའོ། །འདི་ནི། བསྲོ་ཁང་ངོ ། །འདི་ནི། རུང་བའི་ཁང་པའོ། ། འདི་ནི། དུགས་ཁང་ངོ ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། རུང་བའི་ས་ཞེས་ཀྱང་བགྱི། མི་རུང་བའི་ས་ཞེས་ཀྱང་བགྱི་ན། བཙུན་པ། Pa112b ཇི་ཙམ་གྱིས་ན། རུང་བའི་སར་རིག་པར་བགྱི། ཨུ་པ་ལི། དམ་པའི་ཆོས་ཡོད་པའི་ཚེ་རུང་བ་དང ། མི་རུང་བར་འགྱུར། དམ་པའི་ཆོས་ཞིག་པར་གྱུར་ན། ཐམས་ཅད་ཀྱང་རུང་བའོ། །བཙུན་པ། ཇི་ཙམ་གྱིས་ན། དམ་པའི་ཆོས་མཆིས་པ་ཞེས་བགྱི། ཇི་ཙམ་གྱིས་ན་ཞིག་པ་ཞེས་བགྱི་ན། ཨུ་པ་ལི། ཇི་སྲིད་དུ་ལས་བྱེད་ཅིང་ནན་ཏན་བྱེད་པ་ཡང་ཡོད་པའི་བར་དུ་སྟེ། ལས་བྱེད་ལ་ནན་ཏན་བྱེད་པ་ཡང་ཡོད་ན་དམ་པའི་ཆོས་ཡོད་པ་ཞེས་བྱའོ། །ལས་ཀྱང་མི་བྱེད་ལ་ནན་ཏན་བྱེད་པ་དག་ཀྱང་མེད་ན། དེ་ནི། དམ་པའི་ཆོས་ཞིག་པ་ཞེས་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། མཚམས་ཀྱི་ནང་ན་རྒྱལ་བ་བཞུགས་པ་བཞིན་དུ་ལས་བགྱིར་རུང་ངམ། ཨུ་པ་ལི། རུང་ངོ ། །རྒྱལ་བ་གྲངས་སུ་བསྐངས་ལ་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། སངས་རྒྱས་དཀོན་མཆོག་ཀྱང་གཞན། དགེ་འདུན་དཀོན་མཆོག་ཀྱང་གཞན་ནོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། མི་བསྐྱེད་པའི་མཚམས་བསྐྱེད་རུང་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། ཇི་ཙམ་གྱིས་ན། མཚམས་བསྐྱེད་དུ་མི་རུང་བ་ཞེས་བགྱི། ཨུ་པ་ལི། གསུམ་གྱིས་ཏེ། དཀྱིལ་འཁོར་དང ། ཆུས་བསྐོར་བ་དང ། མཚམས་ཀྱི་ནང་ངོ ། །བཙུན་པ། ཀླུང་འབབ་པའི་ཕ་རོལ་ཏུ་མཚམས་དགུམ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ་།། Pa113a ༄#། །དེ་སྟེ་ཟམ་པ་བརྟན་པ་ཞིག་ཡོད་ན། རུང་ངོ ། །དེ་སྟེ་བཙུན་པ། ཟམ་པ་ཆད་དམ་ཞིག་པར་གྱུར་ན། ཇི་ཙམ་གྱིས་ན། མི་འཇིག་པ་ཞེས་བགྱི། ཨུ་པ་ལི་སླར་ཡང་བཅིང་བར་བྱ་བའི་སེམས་ཡོད་ན། ཞག་བདུན་དུ་འཇིག་པར་མི་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། དགེ་སློང་གིས་མཚམས་འགུམ་པའི་ཚེ། ལས་བྱེད་པའི་དགེ་སློང་གུམ་སྟེ་དུས་བགྱིས་ན། བཀུམ་པ་ཞེས་བགྱིའམ། མ་བཀུམ་པ་ཞེས་བགྱི། ཨུ་པ་ལི། མཚན་མ་རྣམས་བརྗོད་ལ་ལས་ཀྱང་མང་དུ་བྱས་ན། བཅད་པ་ཞེས་བྱའོ། །ལྡོག་པ་ནི། མ་བཅད་པའོ། །བཙུན་པ། དགེ་སློང་མའི་མཚམས་གཅོད་པའི་ཚེ་ལས་བགྱིད་པའི་དགེ་སློང་མ་གུམ་སྟེ། དེ་དུས་བགྱིས་ན ། བཀུམ་པ་ཞེས་བགྱིའམ། མ་བཀུམ་པ་ཞེས་བགྱི། དེ་སྟེ་ཨུ་པ་ལི། མཚན་མ་རྣམས་བརྗོད་ལ་ལས་ཀྱང་མང་དུ་བྱས་ན། བཅད་པ་ཞེས་བྱའོ། །ལྡོག་པ་ནི། མ་བཅད་པ་ཞེས་བྱའོ། །གླེང་གཞིའི་ནང་ནས་སྒོ་དང་པོའི་མདོ་སྡེའི་ཚིགས་སུ་བཅད་པ་བཞི་པའོ། །མདོར་ན། ས་དང་ནམ་མཁའ་ལས་བྱ་བ། །མཚམས་དང་ཡོངས་སུ་དག་པ་དང ། །གནས་གཅིག་འདུག་པའི་དགེ་སློང་གིས། །ལས་རྣམས་ཀུན་ལ་བལྟ་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ་སངས་ Pa113b རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། ས་ལ་མཆིས་པ་དག་གིས་ས་ལ་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །དད་པ་བྱིན་པ་ནི། རུང་སྟེ། དེ་སྟེ་ས་ལ་གནས་པས་གྲངས་སུ་ཚང་ལ་ས་ལ་གནས་པ་རྣམས་ལས་དད་པ་ཡང་བླངས་པར་གྱུར་པའོ། །བཙུན་པ། ས་ལ་མཆིས་པས་རྩིག་པ་ལ་མཆིས་པ་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །དད་པ་བྱིན་པ་ནི། རུང་སྟེ། དེ་སྟེ་ས་ལ་གནས་པ་དག་མང་པོར་ཚང་ལ་རྩིག་པ་ལ་གནས་པ་རྣམས་ལས་དད་པ་ཡང་བླངས་པར་གྱུར་པའོ། །ས་ལ་མཆིས་པ་དག་གིས་ཤིང་ལ་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །དད་པ་བྱིན་པ་ནི། རུང་སྟེ། དེ་སྟེ་ས་ལ་གནས་པ་དག་མང་པོར་ཚང་ལ་ཤིང་ལ་གནས་པ་རྣམས་ལས་དད་པ་ཡང་བླངས་པར་གྱུར་པའོ། །བཙུན་པ། ས་ལ་མཆིས་པ་དག་གིས་ནམ་མཁའ་ལ་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། རྩིག་པའི་སྟེང་ན་མཆིས་པ་དག་གིས་རྩིག་པའི་སྟེང་ན་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །དད་པ་བྱིན་ན། རུང་སྟེ། དེ་སྟེ་རྩིག་པའི་སྟེང་ན་གནས་པ་དག་གྲངས་སུ་ཚང་ལ་རྩིག་པའི་སྟེང་ན་གནས་པ་རྣམས་ལས་དད་པ་ཡང་བླངས་པར་གྱུར་པའོ། །བཙུན་པ། རྩིག་སྟེང་ན་མཆིས་པ་དག་གིས་ས་ལ་མཆིས་པ་དག་དང་ལྷན་ཅིག་ Pa114a ༄#། །ཏུ་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །དད་པ་བྱིན་ན། རུང་སྟེ། དེ་སྟེ་རྩིག་པའི་སྟེང་ན་གནས་པ་དག་གིས་གྲངས་སུ་ཚང་ལ་ས་ལ་གནས་པ་རྣམས་ལས་དད་པ་ཡང་བླངས་པར་གྱུར་པའོ། །བཙུན་པ། རྩིག་པའི་སྟེང་ན་མཆིས་པ་དག་གིས་ཤིང་གི་སྟེང་ན་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །དད་པ་བྱིན་ན། རུང་སྟེ། དེ་སྟེ་རྩིག་པ་ལ་གནས་པ་དག་གིས་གྲངས་སུ་ཚང་ལ་ཤིང་གི་སྟེང་ན་གནས་པ་རྣམས་ལས་དད་པ་ཡང་བླངས་པར་གྱུར་པའོ། །བཙུན་པ། རྩིག་པའི་སྟེང་ན་མཆིས་པ་དག་གིས་ནམ་མཁའ་ལ་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། ཤིང་ལ་མཆིས་པ་དག་གིས་ཤིང་ལ་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །དད་པ་བྱིན་ན། རུང་སྟེ། དེ་སྟེ་ཤིང་ལ་གནས་པ་དག་གྲངས་སུ་བསྐངས་ལ་ཤིང་ལ་གནས་པ་རྣམས་ལས་དད་པ་ཡང་བླངས་པར་གྱུར་པའོ། །ཤིང་ལ་མཆིས་པ་དག་གིས་ས་ལ་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །དད་པ་བྱིན་ན། རུང་སྟེ། དེ་སྟེ་ཤིང་ལ་གནས་པ་དག་གིས་གྲངས་སུ་བསྐངས་ལ་ས་ལ་གནས་པ་རྣམས་ལས་དད་པ་ཡང་བླངས་པར་གྱུར་པའོ། །བཙུན་པ། ཤིང་ལ་མཆིས་པ་དག་གིས་རྩིག་པ་ལ་མཆིས་པ་དག་དང་ལྷན་ཅིག་ཏུ་ Pa114b ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །དེ་སྟེ་ཤིང་ལས་གནས་པ་དག་གིས་གྲངས་སུ་བསྐངས་ལ། ས་ལ་གནས་པ་རྣམས་ལས་དད་པ་ཡང་བླངས་པར་གྱུར་པའོ། །བཙུན་པ། ཤིང་ལ་མཆིས་པ་དག་གིས་ནམ་མཁའ་ལ་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། ནམ་མཁའ་ལ་མཆིས་པ་དག་གིས་ནམ་མཁའ་ལ་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། ནམ་མཁའ་ལ་མཆིས་པ་དག་གིས་ས་ལ་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། ནམ་མཁའ་ལ་མཆིས་པ་དག་གིས་རྩིག་པ་ལ་མཆིས་པ་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། ནམ་མཁའ་ལ་མཆིས་པ་དག་གིས་ཤིང་ལ་མཆིས་པ་དག་དང་ལྷན་ཅིག་ཏུ་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་འདུལ་བ་འདིའི་དཀྱིལ་འཁོར་ལས་ལས་བརྒྱ་རྩ་གཅིག་ཏུ་གསུངས་པ། བཙུན་པ། ལས་བརྒྱ་རྩ་གཅིག་པ་དེའི་ནང་ནས་ལས་དུས་ན། དད་པ་དང་བཅས་པར་འགྱུར། དུས་ན། དད་པ་མ་མཆིས་པར་འགྱུར། ཨུ་པ་ལི། ཐམས་ཅད་ཀྱང་དད་པ་དང་བཅས་པ་སྟེ། མཚམས་བཅད་པ་ནི། མ་གཏོགས་སོ། །བཙུན་པ། རྫུ་འཕྲུལ་ལམ་སྒྱུ་མས་མཚམས་དགུམ་དུ་རུང་ངམ། ཨུ་པ་ལི། མི་རུང་སྟེ། དེ་ Pa115a ༄#། །ཅིའི་ཕྱིར་ཞེ་ན། ཨུ་པ་ལི། རྫུ་འཕྲུལ་དང ། སྒྱུ་མ་ནི། ཐ་སྙད་དུ་གདགས་པ་མེད་དོ། །བཙུན་པ། གཟའ་དང ། འོད་ཟེར་དང ། ཉི་མ་དང ། ཟླ་བ་དང ། སྐར་མ་རྣམས་ཀྱིས་མཚམས་དགུམ་དུ་རུང་ངམ། ཨུ་པ་ལི། མི་རུང་སྟེ། དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། གཟའ་དང ། འོད་ཟེར་དང ། ཉི་མ་དང ། ཟླ་བ་དང ། སྐར་མ་རྣམས་ཀྱི་མི་བརྟན་པའི་ཕྱིར་རོ། །བཙུན་པ། ཆུ་རླབས་ཀྱིས་མཚམས་དགུམ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། ཆུ་རླབས་ནི། མི་བརྟན་པའི་ཕྱིར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། ཡོངས་སུ་དག་པ་ལེན་པའི་དགེ་སློང་གིས་ཡོངས་སུ་དག་པ་བླངས་ནས་སྟེང་གི་ནམ་མཁའ་ལས་མཆིས་ན། དེས་ཡོངས་སུ་དག་པ་བླངས་པ་ཞེས་བགྱིའམ། ཨུ་པ་ལི། མ་བླངས་པ་སྟེ། གདོད་བླང་དགོས་སོ། །བཙུན་པ། ལས་བགྱིད་པ་གཅིག་གིས་ལས་ཀྱི་ཚིག་ཀྱང་གཅིག་།གསོལ་པ་ཡང་གཅིག་གིས་གནས་གཞིར་སྡེ་བཞི་ལ་ལས་བགྱིར་རུང་ངམ། ཨུ་པ་ལི། རུང་སྟེ། དེ་སྟེ་གནས་བཞིར་དགེ་སློང་གསུམ་གསུམ་གནས་ལ། གསོལ་བ་དང་ལས་ཀྱང་མངོན་དུ་གྱུར་ཅིང ། དེར་གསོལ་བ་བྱེད་པའི་དགེ་སློང་གིས་གནས་བཞིའི་མཚམས་སུ་སབ་མོའམ། རེ་ལྡེའམ། ཁྲིའམ། གཞན་དག་ཀྱང་རུང ། དེས་མནན་ཏེ་དེའི་སྟེང་དུ་འདུག་ནས་ལས་བྱའོ། །ལས་བྱེད་པ་དེ་ཉིད་དེ་དག་གི་གྲངས་སུ་སྐོང་བའོ། ། Pa115b བཙུན་པ། དགེ་སློང་གཅིག་གིས་གནས་གཅིག་ཏུ་མཆིས་ལ་གནས་བཞིར་ལས་བགྱིད་དུ་རུང་ངམ། ཨུ་པ་ལི། རུང་སྟེ། དེ་ཡང་གནས་བཞིར་འདི་ལྟ་སྟེ། བསྡིགས་པའི་ལས་དང ། སྨད་པ་དང ། བསྐྲད་པ་དང ། སླར་བསྡུམ་པ་དང ། མ་མཐོང་བའི་ཕྱིར་སྤང་བ་དང ། སླར་ལས་མི་བྱེད་པས་སྤང་བའི་ལས་དང ། སྡིག་པ་ལ་ལ་ལྟ་བ་སླར་མ་བཏང་བས་སྤང་བའི་ལས་དང ། ཆད་པའི་ལས་དེ་རྣམས་ལ་མངོན་དུ་གནས་པར་གྱུར་ལ། ལས་བྱེད་པའི་དགེ་སློང་གནས་བཞིའི་མཚམས་སབ་མོའམ། རེ་ལྡེས་མནན་ཏེ་འདུག་པའོ། །གླེང་གཞིའི་སྒོ་དང་པོའི་ཚིགས་སུ་བཅད་པ་ལྔ་པའོ།། །། མདོར་ན། ཕྱེད་དང་གསུམ་ལས་འདས་པ་དང ། །ཕྱེད་དང་གསུམ་ཡང་རི་ཡི་སྟེང ། །དགེ་འདུན་བྱེ་བ་སྐྱ་རེངས་དང ། །མཚམས་ཀྱི་ནང་དུ་བྱིན་གྱིས་བརླབས། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་མཚམས་ཆེན་པོ་ཆོད་ཅིག་ཅེས་གསུངས་ན། བཙུན་པ། མཚམས་ཆེན་པོ་དེའི་ཚད་ཇི་ཙམ་ལགས། ཨུ་པ་ལི། དཔག་ཚད་ཕྱེད་དང་གསུམ་མོ། །བཙུན་པ། ཕྱེད་དང་གསུམ་ཕན་དང་ཀྱང་མཚམས་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་མཚམས་སོ། །བཙུན་པ། འོག་གི་ཁམས་ཀྱི་མཚམས་གང་ལགས། ཨུ་པ་ལི། ཇི་ཙམ་ཆུ་ལ་ཐུག་པར་གྱུར་པའི་བར་ Pa116a ༄#། །དུའོ། །བཙུན་པ། དཔག་ཚད་ཕྱེད་དང་གསུམ་ལས་འདས་ཏེ་ཆུ་ལ་ཐུག་པར་གྱུར་ན། ཅི། དེ་ཡང་མཚམས་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་ནི་མཚམས་ཡིན་གྱི། དེ་ཕན་ཆད་ནི། མཚམས་མ་ཡིན་ནོ། །བཙུན་པ། སྟེང་གི་ཁམས་སུ་མཚམས་གང ། ུ་པ་ལི། ཇི་ཙམ་ཤིང་གི་རྩེ་མོའམ། རྩིག་པའི་སྟེང་ལ་ཐུག་པར་གྱུར་བའི་བར་དུའོ། །བཙུན་པ། དཔག་ཚད་ཕྱེད་དང་གསུམ་ཕན་ཆད་ཀྱི་ཤིང་གི་རྩེ་མོའམ། རྩིག་པའི་སྟེང་དུ་གྱུར་ན། ཅི། དེ་ཡང་མཚམས་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །ུ་པ་ལི། དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་ནི། མཚམས་སོ་།དེ་ཕན་ཆད་ནི། མཚམས་མ་ཡིན་ནོ། །བཙུན་པ། རིའི་མཚམས་གང ། ུ་པ་ལི། ཇི་ཙམ་ཆུས་བསྐོར་བ་ལ་ཐུག་པའི་བར་དུའོ། །བཙུན་པ། དཔག་ཚད་ཕྱེད་དང་གསུམ་ཕན་ཆད་གཅིག་ཏུ་ཆུས་བསྐོར་བར་གྱུར་ན། ཅི། དེ་ཡང་མཚམས་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །ུ་པ་ལི། དཔག་ཚད་ཕྱེད་དང་གསུམ་ཚུན་ཆད་ནི། མཚམས་སོ། །དེ་ཕན་ཆད་ནི། མཚམས་མ་ཡིན་ནོ། །བཙུན་པ། དབྱར་གྱི་ནང་དུ་དགེ་འདུན་བྱེ་སྟེ། དེ་ན་དགེ་སློང་ཞིག་ཞག་བདུན་དུ་བྱིན་གྱིས་བརླབས་ཏེ།་བདག་ཆོས་ལ་ཕྱོགས་པར་བསམ་བཞིན་དུ་ཆོས་མ་ལགས་པའི་ཕྱོགས་ཀྱི་ནང་དུ་མཆིས་ན། དབྱར་ཆད་པ་ཞེས་བགྱིའམ། དབྱར་མ་ཆད་པ་ཞེས་བགྱི། ཨུ་པ་ལི། དེ་སྟེ་དེ་དག་གིས་ལྟ་ Pa116b བ་ལ་ཡང་དད་ལ། དེར་སོང་ནས་སྐྱ་རེངས་ཤར་ན། དབྱར་ཆད་པ་ཞེས་བྱའོ། །དེ་སྟེ་ལྟ་བ་ལ་ཡང་མ་དད་ལ། དེར་སོང་ནས་སྐྱ་རེངས་མ་ཤར་ན། དབྱར་མ་ཆད་པ་ཞེས་བྱའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དབྱར་ཚུལ་ན་གནས་པའི་ཚེ་དགེ་སློང་གིས་ཞག་བདུན་དུ་བྱིན་གྱིས་བརླབས་ཏེ་མཚམས་ཀྱི་སླད་རོལ་དུ་སོང་ཞིག་ཅེས་གསུངས་ན། གང་དུ་བྱིན་གྱིས་བརླབ་པར་བགྱི། ཨུ་པ་ལི། མཚམས་ཀྱི་ནང་དུའོ། །ཇི་ལྟ་བུར་བགྱི། དགེ་སློང་གི་མདུན་དུ་འདུག་ནས་ཐལ་མོ་སྦྱར་བ་བྱས་ཏེ། ཚིག་འདི་སྐད་ཅེས་སྨྲོས་ཤིག་།དགོངས་ཤིག་ཚེ་དང་ལྡན་པ་དག་།བདག་དགེ་སློང་མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་གནས་འདིར་དབྱར་དང་པོའམ། ཐ་མ་ཡང་རུང་སྟེ། ཚུལ་དུ་ཞུགས་པ་ལས། བདག་མིང་འདི་ཞེས་བྱ་བ་དགེ་འདུན་གྱི་དོན་ལ་མཚམས་ཀྱི་སླད་རོལ་དུ་མཆི་བའི་སླད་དུ་ཞག་བདུན་དུ་བྱིན་གྱིས་བརླབས་ཏེ། བདག་དབྱར་འདིར་རོ། །བདག་དབྱར་འདིར་གནས་སོ། །ཞེས་ཀུན་ཏུ་རྒྱས་པར་བྱ་སྟེ། སྔ་མ་བཞིན་ནོ། །གླེང་གཞིའི་སྒོ་དང་པོའི་མདོའི་ཚིགས་སུ་བཅད་པ་དྲུག་པའོ།། །།མདོར་ན། སྡེ་ལྔ་རྣམས་ཏེ་བསམ་བཞིན་དུ། །ཀུན་རྒྱུ་གཉེན་ལའང་དེ་བཞིན་ཏེ། །ལུང་ལ་ཐེ་ཚོམ་བྱུང་བ་དང ། །མ་ཐོབ་ཕྱིར་ཡང་འགྲོ་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་ Pa117a ༄#། །འདས་ཀྱིས་དབྱར་ཚུལ་དུ་འཇུག་པར་གྱིས་ཤིག་།ཅེས་གསུངས་ན། གང་དག་ཚུལ་དུ་འཇུག་པར་བགྱི། ཨུ་པ་ལི། དེ་ནི། རྣམ་པ་ལྔ་སྟེ། དགེ་སློང་དང ། དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མའོ། །ཇི་ལྟར་འཇུག་པར་བགྱི་བ་ཐམས་ཅད་ཀྱང་སྔ་མ་བཞིན་དུའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཞག་བདུན་དུ་བྱིན་གྱིས་བརླབ་པར་བྱས་ན། དགེ་བསྙེན་གྱི་དོན་ལ་མཚམས་ཀྱི་སླད་རོལ་ཏུ་སོང་ཞིག་ཅེས་གསུངས་ན། བཙུན་པ། དེ་སྟེ་མུ་སྟེགས་ཅན་ཞིག་མཆིས་ན། དེའི་དོན་ལ་ཡང་མཆི་བར་བགྱིའམ། ཨུ་པ་ལི། དེ་སྟེ་སྡིག་པ་ལ་ལྟ་བ་དེ་ལས་འབྲལ་བར་འདོད་ན། འགྲོ་བར་བྱའོ། །བཙུན་པ། གཉེན་ཞིག་མཆིས་ན། དེའི་དོན་ལ་ཡང་མཆི་བར་བགྱིའམ། འགྲོ་བར་བྱའོ། །བཙུན་པ། དགེ་སློང་ཞིག་གཞུང་ལ་ཐེ་ཚོམ་མམ། དོགས་པ་ཞིག་མཆིས་ན། དེ་ཡང་མཆི་བར་བགྱིའམ། ཨུ་པ་ལི། དེ་ཡང་འགྲོ་བར་བྱའོ། །བཙུན་པ། དགེ་སློང་གིས་མ་ཐོབ་པ་ལས་ཐོབ་པའི་སླད་དུ། མ་ཆུད་པ་ལས་ཆུད་པའི་སླད་དུ། མངོན་དུ་མ་བགྱིས་པ་ལས་མངོན་དུ་བགྱི་བའི་སླད་དུ་ཐེ་ཚོམ་མམ། དོགས་པ་ཞིག་མཆིས་ན། དེ་ཡང་མཆི་བར་བགྱིའམ། ཨུ་པ་ལི། དེ་ཡང་འགྲོ་བར་བྱའོ། །གླེང་གཞིའི་སྒོ་དང་པོའི་མདོའི་ཚིགས་སུ་བཅད་པ་བདུན་པའོ།། །།མདོར་ན། མ་དྲས་གོས་ཀྱང་དེ་བཞིན་ཏེ། །འོན་ཏེ་གྲོང་དུ་འགྲོ་བ་དང ། །ཀུན་ཏུ་རྒྱུ་ Pa117b དང་དེ་བཞིན་པ། །གཏན་ལ་བབ་ན་གོང་ལུགས་སོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། མ་དྲས་པའི་གོས་བྱིན་གྱིས་བརླབ་པར་རུང་ངམ། ཨུ་པ་ལི། མི་རུང་མོད་ཀྱི། རྣམ་པ་དེ་ལྟ་བུའི་རྐྱེན་གྱིས་ན། རུང་ངོ ། ། བཙུན་པ། མ་དྲས་པའི་གོས་འཚལ་ནས་གྲོང་དུ་མཆིར་རུང་ངམ། ཨུ་པ་ལི། མི་རུང་མོད་ཀྱི། དེ་ལྟ་བུའི་རྐྱེན་གྱིས་ན། རུང་ངོ ། །བཙུན་པ། མ་དྲས་པའི་གོས་འཚལ་ཏེ་ཁྱིམ་པའི་ཁྱིམ་དུ་མཆིར་རུང་ངམ། ཨུ་པ་ལི། མི་རུང་མོད་ཀྱི། དེ་ལྟ་བུའི་རྐྱེན་གྱིས་ན། རུང་ངོ ། །བཙུན་པ། མ་དྲས་པའི་གོས་འཚལ་ཏེ་ཁྱིམ་པའི་ཁྱིམ་དུ་གནས་སུ་རུང་ངམ། ཨུ་པ་ལི། མི་རུང་མོད་ཀྱི། དེ་ལྟ་བུའི་རྐྱེན་གྱིས་ན། རུང་ངོ ། །བཙུན་པ། མ་དྲས་པའི་གོས་འཚལ་ཏེ་ཀུན་ཏུ་རྒྱུའི་ཁྱིམ་དུ་མཆིར་རུང་ངམ། ཨུ་པ་ལི། མི་རུང་མོད་ཀྱི། དེ་ལྟ་བུའི་རྐྱེན་གྱིས་ན། རུང་ངོ ། །བཙུན་པ། མ་དྲས་པའི་གོས་འཚལ་ཏེ་ཀུན་ཏུ་རྒྱུ་བའི་གནས་སུ་མཆི་རུང་ངམ། ཨུ་པ་ལི། མི་རུང་མོད་ཀྱི། དེ་ལྟ་བུའི་རྐྱེན་གྱིས་ན། རུང་ངོ ། །བཙུན་པ། མ་དྲས་པའི་གོས་འཚལ་ཏེ་སླད་རོལ་དུ་མཆིར་རུང་ངམ། ཨུ་པ་ལི། མི་རུང་མོད་ཀྱི། དེ་ལྟ་བུའི་རྐྱེན་གྱིས་ན། རུང་ངོ ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཆོས་གོས་ཁྲུ་ཚད་ Pa118a ༄#། །དུ་བྱོས་ཤིག་ཅེས་གསུངས་ན། བཙུན་པ། ལ་ལ་ཞིག་ཁྲུ་ཐུང་ཞིང་ལུས་རིང་ན། དེས་ཀྱང་ཁྲུ་ཚད་དུ་བགྱིའམ། ཨུ་པ་ལི། དེ་ནི། ཁྲུ་ཚད་དུ་བྱ་བ་མ་ཡིན་གྱི། དེའི་ལུས་ཀྱི་ཚད་དུ་བྱོས་ཤིག་།བཙུན་པ། གང་ལ་ཐབས་ཀྱིས་ཆོས་གོས་མི་ལངས་ན། དེ་ཇི་ལྟར་བགྱི། ཨུ་པ་ལི། དེས་གོང་ལུགས་སུ་གྱིས་ལ་ཆོངས་ཤིག་།གླེང་གཞིའི་སྒོ་དང་པོའི་མདོའི་ཚིགས་སུ་བཅད་པ་བརྒྱད་པའོ།། །།མདོར་ན། ལྷམ་ལ་རྣམ་པ་ལྔར་བྱ་སྟེ། །སེངྒེ་གཅན་གཟན་མི་སྲུན་དང ། །འདུག་པར་ཡང་ནི་མི་རུང་སྟེ། །པགས་པ་ལ་ནི་ཉལ་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་བ་ལང་ཅང་ཤེས་ཀྱི་པགས་པ་ལས་བགྱིས་པའི་ལྷམ་མ་འཆང་ཞིག་ཅེས་གསུངས་ན། བཙུན་པ། ཅི། བ་ལང་ཕལ་གྱི་པགས་པ་ལ་ཡང་ལྷམ་བགྱིས་ཏེ་འཆང་བར་མི་བགྱིའམ། ཨུ་པ་ལི། དེ་དག་གི་པགས་པ་ལ་ཡང་ལྷམ་བྱས་ཏེ་བཅང་བར་མི་བྱའོ། །ུ་པ་ལི། དེ་ཅིའི་ཕྱིར་ཞེ་ན། དེ་དག་ཀྱང་སྣ་སྟོབས་དང་ལྡན་པ། སོ་སྟོབས་དང་ལྡན་པ། རྐང་སྟོབས་དང་ལྡན་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་རྟ་ཅང་ཤེས་ཀྱི་པགས་པ་ལས་བགྱིས་པའི་ལྷམ་མ་འཆང་ཞིག་ཅེས་གསུངས་ན། བཙུན་པ། ཅི། རྟ་ཕལ་གྱི་ Pa118b པགས་པའི་ལྷམ་ཡང་བཅང་བར་མི་བགྱིའམ། ཨུ་པ་ལི། དེའི་པགས་པའི་ལྷམ་ཡང་བཅང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། དེ་དག་ཀྱང་མགྱོགས་པ་དང་ལྡན། སྟོབས་དང་ལྡན་པའི་ཕྱིར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་སེངྒེ་དང ། །སྟག་དང ། གཟིག་གི་པགས་པ་ལས་བགྱིས་པའི་ལྷམ་མ་འཆང་ཞིག་།ཅེས་གསུངས་ན། བཙུན་པ། གཅན་གཟན་མི་སྲུན་པ་གཞན་དག་ཀྱང་མཆིས་ན། དེ་དག་གི་པགས་པ་ལས་བགྱིས་པའི་ལྷམ་ཡང་བཅང་བར་མི་བགྱིའམ། ཨུ་པ་ལི། དེ་དག་གི་པགས་པ་ལས་ལྷམ་བྱས་པ་ཡང་མ་འཆང་ཞིག། ཨུ་པ་ལི། དེ་ཅིའི་ཕྱིར་ཞེ་ན། དེ་དག་ཀྱང་སེན་མོའི་སྟོབས་དང་ལྡན། མཆེ་བའི་སྟོབས་དང་ལྡན་པའི་ཕྱིར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་པགས་པའི་སྟེང་དུ་མ་འདུག་ཅེས་གསུངས་ན། བཙུན་པ།་ཇི་ཙམ་གྱིས་ན། པགས་པའི་སྟེང་དུ་མཆིས་པ་ཞེས་བགྱི། ཨུ་པ་ལི། དེ་ནི། ཇི་ཙམ་རྐུབ་བཞག་པར་གྱུར་པས་སོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་པགས་པའི་སྟེང་དུ་མ་ཉལ་ཅིག་ཅེས་གསུངས་ན། བཙུན་པ། ཇི་ཙམ་གྱིས་ན། པགས་པའི་སྟེང་དུ་ཉལ་བ་ཞེས་བགྱི། དེ་ནི། ཨུ་པ་ལི། ཇི་ཙམ་འཕྲེས་པར་གྱུར་པའོ། །གླེང་གཞིའི་སྒོ་དང་པོའི་མདོའི་ཚིགས་སུ་བཅད་པ་དགུ་པའོ།། །།མདོར་ན། ཤ་རྗེན་དང་ནི་རྩབ་མོ་དང ། །ཡོངས་སུ་བཙགས་པར་གྱུར་པ་དང ། །གཞང་འབྲུམ་གཅད་པར་མི་བྱ་སྟེ། །གཙུག་ལག་ཁང་དང་བཅའ་བའོ།། Pa119a ༄#། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་སེ་ཀ་ཏ་བྲོ་འཚལ་བ་ལ་ཤ་རྗེན་བྱིན་ཅིག་ཅེས་གསུངས་ན། བཙུན་པ། སུ་ལས་བླང་བར་བགྱི། ཨུ་པ་ལི།་དེ་ནི། ཤ་ཚོང་པ་རྣམ་པ་ལྔ་ལས་སོ། །རྣམ་པ་ལྔ་གང་ཞེ་ན། ཤན་པ་དང ། ཁྱིམ་བྱ་གསོད་པ་དང ། རི་བྱ་གསོད་པ་དང ། ཕག་གསོད་པ་དང ། རི་དྭགས་གསོད་པ་རྣམས་སོ། །འོ་ན་བཙུན་པ། སུས་བླང་ཞིང་བྱིན་ལེན་བགྱི། ཨུ་པ་ལི། དགེ་བསྙེན་དད་པས་སོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དེའི་དུས་ན་དགེ་སློང་གཞན་ཞིག་ན་བར་གྱུར་ནས་དེ་སྨན་པའི་དྲུང་དུ་སོང་སྟེ་ནད་མེད་ཅིག་ཅེས་སྨྲས་ནས་བཞིན་བཟང ། བདག་ནད་འདི་དང་འདི་ལྟ་བུ་ཞིག་གིས་བཏབ་ན། དཔྱད་ཅིག་སྟོན་ཅིག་།དེས་འཕགས་པ། མར་འཐུང་ཞིག་དང་འཚོ་བར་འགྱུར་རོ། །ཞེས་སྨྲས་པ་དང ། དེས་བཞིན་བཟང ། བཅོམ་ལྡན་འདས་ཀྱིས་མ་གནང་ངོ ། །ཞེས་སྨྲས་པ་དང ། སྨན་པས། ཁྱོད་ཀྱི་སྟོན་པ་ནི། ཐུགས་རྗེ་ཅན་ཡིན་གྱི། གནང་བར་འགྱུར་རོ། །ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་སྨན་པས་ Pa119b མར་གྱིས་འཚོ་བར་འགྱུར་རོ། །ཞེས་བསྒོ་ན། འཐུང་ཞིག། དགེ་སློང་དེས་མར་འཐུངས་ན། སྐོམ་གྱིས་གཟིར་བར་གྱུར་ཏེ། དེ་སྨན་པ་ལ་བཞིན་བཟང ། བདག་ནི། སྐོམ་པས་གཟིར་ཏོ། ། དེས་སྨྲས་པ། འཕགས་པ། རྩབ་མོ་སྐྱུར་པོ་འཐུང་ཞིག་།དེས་སྨྲས་པ། བཅོམ་ལྡན་འདས་ཀྱིས་དུས་མ་ཡིན་པའི་བཟའ་བ་མ་གནང་ན། ཇི་ལྟར་བཏུང་བར་བྱ། སྨན་པས་སྨྲས་པ། འཕགས་པ།་ཁྱོད་ཀྱི་སྟོན་པ་ནི། ཐུགས་རྗེ་ཅན་ཡིན་པས་གནང་དུ་གདན་མི་ཟའོ། །དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་དེ་ལྟར་ན། རྩབ་མོ་སྐྱུར་པོ་འཐུང་ཞིག་།ཅེས་རྗེས་སུ་གནང་བ་དང ། དགེ་སློང་དག་གིས་རྩབ་མོ་སྐྱུར་པོ་ཇི་ལྟར་བཏུང་བར་མི་ཤེས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། རྩབ་མོ་སྐྱུར་པོ་ནི། རྣམ་པ་འདི་ལྔའོ། །ལྔ་གང་ཞེ་ན། འདི་ལྟ་སྟེ། འབྲས་བུའི་ཆང་ལས་ཚཝར་གྱུར་པ་དང ། འབྲུའི་ཆང་ལས་ཚཝར་གྱུར་པ་དང ། ཞོའི་ཆུ་དང ། དར་བ་དང ། རྩབ་མོ་དང་ལྔའོ། །དེ་ལས་འབྲས་བུའི་ཆང་ལས་ཚཝར་གྱུར་པ་ནི། གང་ལས་འབྲས་བུ་རྣམས་ལས་བྱས་པ་དང་མ་རུང་སྟེ་སྐྱུར་པོར་གྱུར་པའོ། །འབྲུའི་ཆང་ལས་ཚཝར་གྱུར་པ་ནི། གང་འབྲུ་རྣམས་ལས་སྦྱར་ནས་མ་རུང་སྟེ་སྐྱུར་པོར་གྱུར་པའོ། །ཞོའི་ཆུ་ནི། ཞོ་ལས་ཆུ་བྱུང་བའོ། །དར་བའི་ཁུ་བ་ནི། དར་བ་ཞོའི་ཆུ་ལྟ་བུར་གྱུར་པའོ། །རྩབ་མོ་ Pa120a ༄#། །ནི།་རྩབ་མོ་ཉིད་ཡིན་ནོ། །དེ་དག་གི་ནང་དུ་ཆུས་བསླད་ལ་རས་ཀྱི་ནང་དུ་བཙགས་ཏེ་ཇི་ལྟར་མདའི་རྒྱུའི་ཁ་དོག་བཞིན་དུ་གྱུར་པ་དེ་ནི། དུས་དང ། དུས་མ་ཡིན་པ་དང ། ན་བ་དང།་མི་ན་བའི་དགེ་སློང་དག་བཏུང་བར་བྱ་སྟེ། དེ་ལ་ཐེ་ཚོམ་ནི། མ་བྱེད་ཅིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་དགེ་སློང་གཞན་ཞིག་གཞང་འབྲུམ་གྱི་ནད་ཀྱིས་བཏབ་ནས་དེས་འབྲུམ་བུ་སེན་མོས་བཅད་པ་དང ། དེ་སླར་སྡུག་བསྔལ་ཞིང་རྩུབ་པ། ཚ་ཞིང་གནོད་ལ་ན་བར་གྱུར་པ་དང ། དེ་སྡུག་བསྔལ་གྱིས་རབ་ཏུ་གཟིར་ནས་དེས་འདི་སྙམ་དུ། བདག་ལ་བཅོམ་ལྡན་འདས་ཀྱིས་སྡུག་བསྔལ་ཞིང་དོག་པ་དག་ཏུ་གྱུར་ཀྱང་མ་དགོངས་སྙམ་དུ་བསམ་པ་དང ། དེ་ནས་བཅོམ་ལྡན་འདས་ཀྱི་ཐུགས་རྗེ་ཆེན་པོས་བསྐུལ་ནས་དེའི་གནས་སུ་བྱོན་ཏེ་དགེ་སློང་ཅི་ཉེས་ཞེས་སྨྲས་པ་དང ། དེ་སྙིང་རྗེ་ཞིང་མི་དགའ་ནས་མིག་མཆི་མས་གང ། མཆི་མས་བརྣངས་བཞིན་དུ་ཚིག་དལ་ནས་བཅོམ་ལྡན་འདས་ལ་ཇི་ལྟར་གྱུར་པ་རྒྱས་པར་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ངས་སྔ་ནས་ཀྱང་གཞང་འབྲུམ་མ་གཅོད་ཅིག་ཅེས་མ་བསྒོས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །འོ་ན་ཁྱེད་ཀྱིས་ཅིའི་ཕྱིར་དེ་ལྟར་བྱས། བཅོམ་ལྡན་འདས། སྡུག་བསྔལ་གྱིས་གཟིར་བའི་སླད་དུའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་།དགེ་སློང་འདི་ནི། སྡུག་ Pa120b བསྔལ་གྱིས་གཟིར་བས་ན། ཉེས་པ་མེད་ཀྱི། ངས་ཡང་འདི་ལྟར་བསྒོ་བ་ནི། དགེ་སློང་དག་གཞང་འབྲུམ་གྱི་ནད་ཀྱིས་གཟིར་ན། སེན་མོ་ལ་སོགས་པས་བདག་ཉིད་ཀྱིས་ཀྱང་མ་གཅོད་ཅིག་།གཞན་ཡང་གཅོད་དུ་མ་གཞུག་ཅིག་།དེ་ལ་དཔྱད་རྣམ་པ་གཉིས་སུ་སྦྱར་ཞིང་བྱ་སྟེ། སྨན་དང ། སྔགས་ཀྱིས་སོ། །དགེ་སློང་གཞང་འབྲུམ་གྱི་ནད་ཀྱིས་གཟིར་བ་ལ་སེན་མོ་ལ་སོགས་པས་བཅད་དམ། གཅོད་དུ་བཅུག་ན། འདས་པ་དང་བཅས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ཤཱཀྱའི་གྲོང་འདབས་ཚོང་པ་སྤུ་བུ་ཅན་ཞེས་བྱ་བ་ན་བཞུགས་སོ། །དེའི་ཚེ་ན་ཁྱིམ་བདག་གཞན་ཞིག་བདག་ཉིད་དད་བདག་ཉིད་མོས། བདག་ཉིད་དགའ་ནས་གཙུག་ལག་ཁང་ཞིག་བརྩིགས་ཏེ། ཚེ་དང་ལྡན་པ་སྒྲ་གཅན་འཛིན་གང་ཟག་གཅིག་པུ་ལ་ཕུལ་ལོ། །དེ་ནས་ཚེ་དང་ལྡན་པ་སྒྲ་གཅན་འཛིན་ཇི་སྲིད་ཅིག་གི་བར་དུ་གཙུག་ལག་ཁང་དེར་གནས་ནས་ལྷུང་བཟེད་དང ། ཆོས་གོས་ཁྱེར་ཏེ་ལྗོངས་སྤྱོད་དུ་སོང་ངོ ། །ཁྱིམ་བདག་དེས་འཕགས་པ་སྒྲ་གཅན་འཛིན་ཇི་སྲིད་ཀྱི་བར་དུ་གཙུག་ལག་ཁང་དེར་གནས་ནས་ལྷུང་བཟེད་དང ། ཆོས་གོས་ཁྱེར་ཏེ་ལྗོངས་སྤྱོད་དུ་སོང་ངོ ། །ཞེས་ཐོས་སོ། །དེ་སྐད་ཐོས་ནས་ཁྱིམ་བདག་དེས་གཙུག་ལག་ཁང་དེ་དགེ་འདུན་ལ་ཕུལ་ལོ། །དེ་ནས་ཚེ་དང་ལྡན་པ་སྒྲ་གཅན་འཛིན་ཇི་སྲིད་དགའ་བའི་བར་དུ་ལྗོངས་སྤྱོད་ནས་ལྷུང་བཟེད་དང ། ཆོས་གོས་ཁྱེར་ཏེ་ཤཱཀྱའི་གྲོང་འདབས་ཚོང་པ་སྤུ་བུ་ཅན་ཞེས་བྱ་བ་གང་ན་བ་དེར་སྤྱོད་ཅིང་སོང་སྟེ། མི་ Pa121a ༄#། །བཞིན་དུ་སྤྱད་པ་སྤྱོད་ཅིང་ཚོང་པ་སྤུ་བུ་ཅན་ཞེས་བྱ་བར་ཕྱིན་པ་དང ། ཚེ་དང་ལྡན་པ་སྒྲ་གཅན་འཛིན་གྱིས་ཁྱིམ་བདག་དེས་གཙུག་ལག་ཁང་དེ་དགེ་འདུན་ལ་ཕུལ་ལོ། །ཞེས་ཐོས་སོ། །དེ་སྐད་ཐོས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང ། བཅོམ་ལྡན་འདས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་ཚེ་དང་ལྡན་པ་སྒྲ་གཅན་འཛིན་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། འདི་ན་ཁྱིམ་བདག་གཞན་ཞིག་བདག་ཉིད་དད། བདག་ཉིད་མོས། བདག་ཉིད་དགའ་ནས་གཙུག་ལག་ཁང་ཞིག་བརྩིགས་ཏེ་བདག་གང་ཟག་གཅིག་པུ་ལ་སྩལ་ནས་གཙུག་ལག་ཁང་དེར་བདག་ཇི་སྲིད་ཅིག་གི་བར་དུ་མཆིས་ཏེ་ལྷུང་བཟེད་དང ། ཆོས་གོས་འཚལ་ནས་ལྗོངས་སྤྱོད་དུ་མཆིས་པ་དང ། ཁྱིམ་བདག་དེས་འཕགས་པ་སྒྲ་གཅན་འཛིན་གཙུག་ལག་ཁང་དེར་ཇི་སྲིད་ཅིག་གི་བར་དུ་འདུག་ནས་ལྷུང་བཟེད་དང ། ཆོས་གོས་ཁྱེར་ཏེ་ལྗོངས་སྤྱོད་དུ་སོང་ངོ ། །ཞེས་ཐོས་སོ། །དེ་སྐད་ཐོས་པ་དང ། ཁྱིམ་བདག་དེས་ཡང་གཙུག་ལག་ཁང་དེ་དེ་དགེ་འདུན་ལ་ཕུལ་ན། བཙུན་པ། དེ་ལ་བདག་གིས་ད་ཇི་ལྟར་བགྱི་ཞེས་གསོལ་བ་དང ། སྒྲ་གཅན་འཛིན་ཚུར་ཤོག་།ཁྱིམ་བདག་དེ་གང་ན་བ་དེར་སོང་སྟེ་དྲུང་དུ་ཕྱིན་པ་དང ། ཁྱིམ་བདག་དེ་ལ་འདི་སྐད་ཅེས་སྨྲོས་ཤིག་།ཁྱིམ་བདག་།བདག་གིས་ Pa121b ལུས་དང ། ངག་དང ། ཡིད་ཀྱིས་ཉེས་པར་གྱུར་པ་ལྟ་ཡོད་དམ་ཞེས་སྨྲོས་ཤིག་།བཙུན་པ། དེ་བཞིན་དུ་བགྱིའོ། །ཞེས་ཚེ་དང་ལྡན་པ་སྒྲ་གཅན་འཛིན་བཅོམ་ལྡན་འདས་ལས་མཉན་ཏེ་ཁྱིམ་བདག་དེ་གང་ན་བ་དེར་སོང་ནས་ཕྱིན་པ་དང ། ཁྱིམ་བདག་དེ་ལ་འདི་སྐད་ཅེས་སྨྲས་སོ། །ཁྱིམ་བདག་།བདག་གིས་ལུས་དང ། ངག་དང ། ཡིད་ཀྱིས་ཉེས་པར་གྱུར་པ་ལྟ་ཡོད་དམ། འཕགས་པ་སྒྲ་གཅན་འཛིན་གྱི་ལུས་དང ། ངག་དང ། ཡིད་ཀྱི་སྒོ་ནས་ཅུང་ཟད་ཙམ་ཡང་ནོངས་པར་གྱུར་པ་མ་མཆིས་སོ། །དེ་ནས་ཚེ་དང་ལྡན་པ་སྒྲ་གཅན་འཛིན་གྱིས་ཁྱིམ་བདག་དེ་ལ་ལེགས་པར་ཤིན་ཏུ་བརྟགས་ཤིང་སྨྲས་ཏེ་བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་དྲུང་དུ་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་གིས་ཁྱིམ་བདག་དེ་ལ། ཁྱིམ་བདག་།བདག་གིས་ལུས་དང ། ངག་དང ། ཡིད་ཀྱིས་ཅུང་ཟད་ཙམ་ཡང་ཉེས་པར་གྱུར་པ་ལྟ་ཡོད་དམ་ཞེས་བགྱིས་ན། དེ་འདི་སྐད་ཅེས། འཕགས་པ་སྒྲ་གཅན་འཛིན། ཁྱོད་ཀྱིས་ལུས་དང ། ངག་དང ། ཡིད་ཀྱི་སྒོ་ནས་ཅུང་ཟད་ཙམ་ཡང་ནོངས་པར་བགྱིས་པ་མ་མཆིས་སོ། །ཞེས་མཆིའོ། །དེའི་ཚེ་ན་ཚེ་དང་ལྡན་པ་ཀུན་དགའ་བོ་བཅོམ་ལྡན་འདས་ཀྱི་སྣམ་ལོགས་ལ་བསིལ་ཡབ་ཐོགས་ཏེ་བཅོམ་ལྡན་འདས་ལ་བསིལ་ཡབ་གཡོབ་ཅིང་འདུག་པ་དང ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ། ཀུན་དགའ་བོ། སོང་ལ་ཤཱཀྱའི་ Pa122a ༄#། །གྲོང་འདབས་ཚོང་པ་སྤུ་བུ་ཅན་ཞེས་བྱ་བ་ན་གནས་ཤིང་འཁོད་པའི་དགེ་སློང་ཐམས་ཅད་འདུན་ཁང་དུ་འདུས་ཤིག་པར་སྒོས་ཤིག་ཅེས་བཀའ་སྩལ་པ་དང ། བཙུན་པ། བཀའ་བཞིན་དུ་འཚལ་ལོ། །ཞེས་གསོལ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ཏེ་ཤཱཀྱའི་གྲོང་འདབས་ཚོང་པ་སྤུ་བུ་ཅན་ཞེས་བྱ་བ་ན་དགེ་སློང་ཇི་སྙེད་གནས་ཤིང་འཁོད་པ་དག་ཐམས་ཅད་འདུན་ཁང་དུ་བསྡུས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་དུ། བཙུན་པ། བཅོམ་ལྡན་འདས་དུས་ལ་བབ་པར་དགོངས་ན། ཤཱཀྱའི་གྲོང་འདབས་ཚོང་པ་སྤུ་བུ་ཅན་ཞེས་བགྱི་བ་ན་དགེ་སློང་ཇི་སྙེད་གནས་ཤིང་འཁོད་པ་དེ་དག་ཐམས་ཅད་འདུན་ཁང་དུ་འདུས་ནས་མཆིས་སོ། །ཞེས་གསོལ་པ་དང ། དེ་ནས་བཅོམ་ལྡན་འདས་འདུན་ཁང་གང་ན་བ་དེར་གཤེགས་ཏེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་མདུན་ན་གདན་བཏིང་བ་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་བཀའ་སྩལ་པ། དགེ་སློང་དག་།གང་གིས་གང་ཟག་གཅིག་ལ་སྦྱིན་པ་བྱིན་ཏེ། གཞན་ལ་ཡང་བྱིན་ན། ཆོས་མ་ཡིན་པར་བྱིན་པ་སྟེ། ཆོས་མ་ཡིན་པར་བླངས་པའོ། །མི་རུང་བར་སྤྱོད་པའོ། །གཉིས་ལས་མང་པའམ། དགེ་འདུན་ལ་བྱིན་ན་ཡང་ Pa122b ཆོས་མ་ཡིན་པར་བྱིན་པའོ། །ཆོས་མ་ཡིན་པར་བླངས་པའོ། །མི་རུང་བར་སྤྱོད་པའོ། །དགེ་སློང་དག་།གང་གིས་གང་ཟག་གཉིས་ལ་སྦྱིན་པ་བྱིན་པ་གཅིག་ལ་བྱིན་ནམ། གཞན་ལའམ་གཉིས་ལའམ། མང་པོ་ལའམ། དགེ་འདུན་ལ་བྱིན་ན། ཆོས་མ་ཡིན་པར་བྱིན་པའོ། །ཆོས་མ་ཡིན་པར་བླངས་པའོ། །མི་རུང་པར་སྤྱོད་པའོ། །དགེ་སློང་དག་།གང་གིས་གང་ཟག་མང་པོ་ལ་སྦྱིན་པ་བྱིན་ཏེ།་གཅིག་ལ་སྦྱིན་ནམ། གཉིས་ལའམ། མང་པོ་གཞན་ལའམ། དགེ་འདུན་ལ་བྱིན་ན། ཆོས་མ་ཡིན་པར་བྱིན་པའོ། ཆོས་མ་ཡིན་པར་བླངས་པའོ། །མི་རུང་བར་སྤྱོད་པའོ། །དགེ་འདུན་ལ་བྱིན་ཏེ་གང་ཟག་གཅིག་ལ་བྱིན་ནམ། གཉིས་ལའམ། མང་པོ་ལ་བྱིན་ནམ། དགེ་འདུན་གཞན་ལ་བྱིན་ན། ཆོས་མ་ཡིན་པར་བྱིན་པའོ། །ཆོས་མ་ཡིན་པར་བླངས་པའོ། །མི་རུང་པར་སྤྱོད་པའོ། །དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་དག་བྱེ་སྟེ་ཕྱོགས་དང ། ཕྱོགས་མ་ཡིན་པར་གནས་པ་ལས། ཕྱོགས་གཅིག་ལ་སྦྱིན་པ་བྱིན་པ་དེ། གཞན་ལ་བྱིན་ན་ཆོས་མ་ཡིན་པར་བྱིན་པའོ། །ཆོས་མ་ཡིན་པར་བླངས་པའོ། །མི་རུང་བར་སྤྱོད་པའོ། །དགེ་སློང་དག་།གང་གིས་གང་ཟག་གཅིག་ལ་སྦྱིན་པ་བྱིན་པ་གཞན་ལ་མ་བྱིན་ན། ཆོས་བཞིན་དུ་བྱིན་པའོ། །ཆོས་བཞིན་དུ་བླངས་པའོ། །རུང་བར་སྤྱོད་པའོ། །གཉིས་ལ་མ་ཡིན། མང་པོ་ལ་མ་ཡིན། དགེ་འདུན་ལ་མ་བྱིན་ན། ཆོས་བཞིན་དུ་བྱིན་པའོ། །ཆོས་བཞིན་དུ་བླངས་པའོ། །རུང་བར་ Pa123a ༄#། །སྤྱོད་པའོ། །དགེ་སློང་དག་།གང་གིས་གང་ཟག་གཉིས་ལ་སྦྱིན་པ་བྱིན་པ་དེ། གཅིག་ལ་མ་ཡིན། གཞན་ལ་མ་ཡིན། མང་པོ་ལ་མ་ཡིན། དགེ་འདུན་ལ་མ་བྱིན་ན། ཆོས་བཞིན་བྱིན་པའོ། །ཆོས་བཞིན་དུ་བླངས་པའོ། །རུང་བར་སྤྱོད་པའོ། །དགེ་སློང་དག་།གང་གིས་གང་ཟག་མང་པོ་ལ་སྦྱིན་པ་བྱིན་པ་དེ། གཅིག་ལ་མ་བྱིན། གཉིས་ལའམ། གཞན་ལའམ། མང་པོ་ལའམ། དགེ་འདུན་གཞན་ལ་མ་བྱིན་ན། ཆོས་བཞིན་དུ་བྱིན་པའོ། །ཆོས་བཞིན་དུ་བླངས་པའོ། །རུང་བར་སྤྱོད་པའོ། །དགེ་སློང་དག་།གང་གིས་དགེ་འདུན་ལ་སྦྱིན་པ་བྱིན་པ་དེ། གང་ཟག་གཅིག་ལ་མ་བྱིན། གཉིས་ལའམ། མང་པོ་ལའམ། དགེ་འདུན་གཞན་ལ་མ་བྱིན་ན། ཆོས་བཞིན་དུ་བྱིན་པའོ། །ཆོས་བཞིན་དུ་བླངས་པའོ། །རུང་བར་སྤྱོད་པའོ། །ཡང་དེ་བཞིན་གཤེགས་པའི་ཉན་ཐོས་ཀྱི་དགེ་འདུན་བྱེ་སྟེ་ཕྱོགས་དང ། ཕྱོགས་མ་ཡིན་པར་གནས་པ་ལས། ཕྱོགས་གཅིག་ལ་སྦྱིན་པ་བྱིན་པ་དེ་གཞན་ལ་མ་བྱིན་ན། ཆོས་བཞིན་དུ་བྱིན་པའོ། །ཆོས་བཞིན་དུ་བླངས་པའོ། །རུང་བར་སྤྱོད་པའོ། །དགེ་སློང་དག་།རྒྱལ་པོ་ནི། ས་གཞི་ལ་དབང་ངོ ། །བདག་པོ་ནི། མལ་སྟན་ལ་དབང་ངོ ། །དགེ་སློང་ནི། ལྷུང་བཟེད་དང ། ཆོས་གོས་ལ་དབང་ངོ ། །སྦྱིན་པ་བྱེད་པ་དང ། སྦྱིན་པའི་བདག་པོ་ནི། བདག་གིས་བྱིན་པའི་ཆོས་རྣམས་ལ་སླར་འཆོས་པའི་རིགས་ཀྱི། གཞན་ལ་སྦྱིན་པར་ Pa123b ནི།་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་དག་།སྦྱིན་པ་ནི། སྔ་མ་ཡིན་ཏེ། ཕྱི་མ་ནི། མ་ཡིན་ནོ། །དེ་བས་ན། སྒྲ་གཅན་འཛིན་ལ་གཙུག་ལག་ཁང་སླར་བྱིན་ཅིག་།དགེ་སློང་དག་།གང་གིས་སྦྱིན་པ་གཞན་ལ་བྱིན་པ་དེ། ཡང་གཞན་ལ་བྱིན་ན། དེ་ལྟ་བུའི་རྐྱེན་མ་གཏོགས་ཏེ། འདས་པ་དང་བཅས་པར་འགྱུར་རོ། །དགེ་སློང་དག་གིས་ཀྱང་ཚེ་དང་ལྡན་པ་སྒྲ་གཅན་འཛིན་ལ་གཙུག་ལག་ཁང་སླར་བྱིན་ནོ།། །།འདུལ་བ་གཞུང་དམ་པ། བམ་པོ་སོ་གཉིས་པ། གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། བཅོམ་ལྡན་འདས་ཀྱིས་ལོ་ལྔ་པ་དང ། ལོ་དྲུག་པ་དང།་གཙུག་ལག་ཁང་གི་དུས་སྟོན་དང ། དུས་སྟོན་ཆེན་པོ་དག་བྱོས་ཤིག་ཅེས་གསུངས་པ་དང ། བྲམ་ཟེ་དང ། ཁྱིམ་བདག་དག་གིས་ཀྱང་དེ་བཞིན་བྱེད་དོ། །དེར་ཡུལ་སོ་སོ་ན་གནས་པའི་དགེ་སློང་དག་ཀྱང་འདུས་ནས་དེ་དག་ལ་བྲམ་ཟེ་དང ། ཁྱིམ་བདག་དད་པ་ཅན་དག་གིས་བཅའ་བ་མང་དུ་བྱིན་པ་དང ། དེ་དག་གིས་ཅུང་ཟད་ཅིག་ཟོས་ནས་ལྷག་མ་དགེ་ཚུལ་ཕ་དག་ལ་བྱིན་ནོ། །དེ་དག་གིས་ཀྱང་ཕྱི་དེ་ཉིན་དགེ་སློང་དེ་དག་ལ་དེ་ཉིད་བྱིན་ལེན་བྱས་པ་དང ། དེ་དག་གིས་དགེ་ཚུལ་ཕ་དག་ལ་ཁྱེད་ཅག་གིས་བཟའ་བ་འདི་གང་ནས་འོངས་ཞེས་དྲིས་པ་དང ། དེ་དག་གིས་སྨྲས་པ། ཁྱེད་ཅག་གིས་བདག་ཅག་ལ་ཁར་སྩང་བྱིན་པ་དེ་ཉིད་ལགས་སོ། །དགེ་སློང་རྣམས་ངེད་ཀྱིས་འདི་ཁྱེད་ལ་བྱིན་པ་ཡིན་ནོ། །ཞེས་སྨྲས་ཏེ་ཐེ་ཚོམ་དུ་གྱུར་ནས་མི་ Pa124a ༄#། །ལེན་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རེ་བ་ཡོད་བཞིན་དུ་དེས་བྱིན་ལ།་རེ་བ་ཡོད་བཞིན་དུ་སླར་ཟོས་ན། དེ་དག་གིས་བྱིན་ན་ནི། ཉེས་བྱས་ཏེ། ཟོས་ན། ལྟུང་བའོ། །རེ་བ་ཡོད་བཞིན་དུ་དེས་བྱིན་ལ། རེ་བ་མེད་བཞིན་དུ་སླར་ཟོས་ན། དེ་དག་གིས་བྱིན་པའི་ཚེ་ནི།་ཉེས་བྱས། ཟོས་ན། ཉེས་པ་མེད་དོ། །དེས་རེ་བ་མེད་བཞིན་དུ་བྱིན་ལ། རེ་བ་ཡོད་བཞིན་དུ་ཟོས་ན། དེ་དག་གིས་བྱིན་པའི་ཚེ་ནི། ཉེས་པ་མེད། ཟོས་ན། ལྟུང་བའོ། །རེ་བ་མེད་བཞིན་དུ་བྱིན་ལ། རེ་བ་མེད་བཞིན་དུ་ཟོས་ན། དེ་དག་གིས་བྱིན་པའི་ཚེ་ཡང་ཉེས་པ་མེད་ལ། ཟ་བའི་ཚེ་ཡང་ཉེས་པ་མེད་དོ། །གླེང་གཞིའི་སྒོ་དང་པོའི་མདོའི་ཚིགས་སུ་བཅད་པ་བཅུ་པ་རྫོགས་ཏེ།་སྒོ་དང་པོ་རྫོགས་སོ།། །།མདོར་བསྡུས་པ་སྟེ། བསྒོ་བ་དང་ཡང་བསྒྲགས་པ་དང ། །མ་བཏིང་བ་ཡང་དེ་བཞིན་ཏེ། །བསླབ་པ་བྱིན་དང་ལས་བྱེད་དང ། །བཟོད་པར་བྱ་དང་བསྐྲད་པ་དང ། །ཆོས་དང་མཉམ་པའི་ཚུལ་བཞིན་ཏེ། །རྩིག་པ་ཆད་པས་གཅད་པ་དང ། །མདོ་རྣམས་བསྡུས་པ་གཉིས་པའོ། །མདོར་ན། བསྒོ་བ་དྲིས་ལ་ལན་གློན་པའི། །དགེ་སློང་ཕ་མ་དུས་འདས་ཏེ། །མཉན་དུ་ཡོད་ན་རྩོད་པ་དང ། །དགེ་འདུན་གཉིས་དང་ཆོས་གོས་སོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་ Pa124b དགའ་ར་བ་ན་བཞུགས་སོ། །མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་ཞིག་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ། དགའ་ཞིང་ཡོངས་སུ་སྤྱོད་དོ། །དེ་རྩེ་དགའ་ཞིང་ཡོངས་སུ་སྤྱད་པ་ལས་དེའི་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ཏེ། དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང་བུ་ཕོ་ཞིག་བཙས་ཏེ། དེ་ཞག་བདུན་གསུམ་ཉི་ཤུ་གཅིག་གི་བར་དུ་བཙས་པའི་བཙས་སྟོན་ཆེན་པོ་རྒྱ་ཆེར་བྱས་ནས་རིགས་དང་མཐུན་པར་མིང་བཏགས་སོ། །དེ་དུས་ཕྱི་ཞིག་ན་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ནས་དེ་ཡང་དུས་ཕྱི་ཞིག་ནད་ཀྱིས་བཏབ་སྟེ་དུས་ལས་འདས་པ་དང ། དགེ་སློང་དག་གིས་དེ་ལྷུང་བཟེད་དང ། ཆོས་གོས་དང་བཅས་ཏེ་དུར་ཁྲོད་དུ་བོར་བྲམ་ཟེ་དང ། ཁྱིམ་བདག་ལམ་དེར་བྱུང་སྟེ་དོང་བ་དེ་དག་གིས་མཐོང་ནས་དེ་དག་གཅིག་ལ་གཅིག་གཏམ་ཏུ་འཛེར་ཅིང་འདོང་སྟེ། ཀྱེ། བདག་ཅག་ཁྱིམ་པ་ཁྱིམ་ན་གནས་པས་ཐབས་རྣམ་པ་དུ་མས་ནོར་རྫས་དག་བསྒྲུབས་ཀྱང་སྣོད་སྤྱད་དང ། གོས་དག་ནི། མི་འདོར་ན། དགེ་སྦྱོང་ཤཱཀྱའི་བུ་འདི་དག་ནི། སྒོའི་ཐེམ་པ་བརྒྱ་བརྒལ་ཞིང་དཀའ་བཞིན་དུ་ལྟོ་འགེངས་ཤིང་བསོད་སྙོམས་སྒྲུབ་ན། ཅིའི་ཕྱིར་ལྷུང་བཟེད་དང ། ཆོས་གོས་འདོར་ཞེས་སྨྲ་བ་ན། དགེ་སློང་དག་ཀྱང་དེའི་མདུན་ནས་ཚུར་འོངས་པ་དང ། དེ་དག་གིས་དེ་དག་ལ་སྨྲས་པ། འཕགས་པ། བདག་ཅག་ཁྱིམ་པ་ཁྱིམ་ན་གནས་ཏེ་ཐབས་རྣམ་པ་དུ་མས་ནོར་རྫས་བསྒྲུབས་ཀྱང་སྣོད་སྤྱད་དང ། གོས་མི་འདོར་ན། Pa125a ༄#། །ཁྱེད་ཅག་སྒོའི་ཐེམ་པ་བརྒྱ་བརྒལ་ཞིང་དཀའ་བཞིན་དུ་ལྟོ་འགེངས་པའི་བསོད་སྙོམས་བསྒྲུབས་ཏེ་ལྷུང་བཟེད་དང ། ཆོས་གོས་འདི་ག་ལས་འོང་ན། དེ་ཅིའི་ཕྱིར་ཁྱེད་ཀྱིས་དགེ་སློང་འདིའི་ལྷུང་བཟེད་དང ། ཆོས་གོས་སུ་བཅས་ཏེ་དུར་ཁྲོད་དུ་བོར་ཞེས་སྨྲས་པ་དང ། དེ་དག་གིས་བཅོམ་ལྡན་འདས་ཀྱིས་མ་གནང་ངོ ། །ཞེས་སྨྲས་པ་དང ། དེ་དག་ཅང་མི་ཟེར་བར་དོང་ངོ ། །དེ་ལྟར་གྱུར་པ་དགེ་སློང་དག་ལ་སྨྲས་པ་དང ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་དང ། ཆོས་གོས་སུ་བཅས་ཏེ་མ་དོར་ཅིག་།བཅོམ་ལྡན་འདས་ཀྱིས་ལྷུང་བཟེད་དང ། ཆོས་གོས་སུ་བཅས་ཏེ་མ་དོར་ཅིག་།ཅེས་གསུངས་པ་དང ། དགེ་སློང་དག་གིས་གཅེར་བུར་བོར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཅེར་བུར་མ་དོར་བར་སྨད་གཡོགས་དང ། རྡུལ་གཟན་གྱིས་དཀྲིས་ཏེ་འོར་ཅིག་།དེ་ནས་དགེ་སློང་དག་གིས་གོས་བཟང་པོ་བོར་ནས་བཅོམ་ལྡན་འདས་ཀྱིས་བཟང་པོ་དང་མ་དོར་ཅིག་།ཅེས་བཀའ་སྩལ་པ་དང ། དེ་དག་གིས་ངན་པ་དང་པོར་རོ། །བཅོམ་ལྡན་འདས་ཀྱིས་ངན་པ་དང་ཡང་མ་དོར་བར་འབྲིང་པོ་དང་འོར་ཅིག་།ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་ལྷུང་བཟེད་དང ། ཆོས་གོས་སུ་བཅས་ཏེ་མ་དོར་ཅིག་།ཅེས་བཀའ་སྩལ་པ་དང ། དགེ་སློང་དག་གིས་ཇི་ལྟར་བྱ་བ་ Pa125b མི་ཤེས་ནས་བཅོམ་ལྡན་འདས་ཀྱིས། དགེ་སློང་གང་ཕོངས་པ་དེ་ལ་བྱིན་ཅིག་ཅེས་བཀའ་སྩལ་ཏོ། །དྲུག་སྡེ་དག་རྟག་ཏུ་ཕོངས་པ་ལྟར་བྱེད་ན་བཅོམ་ལྡན་འདས་ཀྱིས་དྲུག་སྡེ་དག་ལ་མ་སྦྱིན་པར་ཇི་ལྟར་རྒན་རིམ་བཞིན་དུ་བྱིན་ཅིག། ཅེས་བཀའ་སྩལ་པ་དང ། གསར་བུ་དག་མ་ཐོབ་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས། དྲིས་པ་ལ་ལན་འདེབས་པའི་དགེ་སློང་གིས་དགེ་འདུན་ལ་བསྒོས་ལ་དགེ་སློང་གི་དགེ་འདུན་ཐམས་ཅད་འདུས་ཤིང་འཁོད་པ་དང ། གཙུག་ལག་ཁང་སྐྱོང་གིས་དགེ་འདུན་གྱི་ནང་དུ་རིན་ཐང་བསྐྱེད་པར་བྱོས་ཤིག། ཅེས་བཀའ་སྩལ་ཏོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་དགེ་སློང་གཞན་ཞིག་དུས་འདས་ནས་དེའི་ལྷུང་བཟེད་ཆོས་གོས་དང ། དགེ་སློང་མ་ཞིག་གི་ལག་ཏུ་བཞག་གོ་།དགེ་སློང་དག་གིས་དེའི་རོ་བསྲེགས་ནས་སླར་གཙུག་ལག་ཁང་དུ་ཕྱིན་ནས་ལྷུང་བཟེད་དང ། ཆོས་གོས་དག་བཙལ་ན་མ་རྙེད་དེ། དེ་དག་གིས་དགེ་སློང་མའི་དབྱར་མོ་ཁང་ན་དགེ་སློང་མ་མིང་འདི་ཞེས་བྱ་བ་ཞིག་ལ་ཡོད་པར་ཤེས་ནས་དེ་དག་དགེ་སློང་མའི་དབྱར་མོ་ཁང་དུ་དོང་སྟེ། འཕགས་མ། དགེ་སློང་འདི་ཞེས་བྱ་བ་དུས་འདས་པ་དེའི་ལྷུང་བཟེད་དང ། ཆོས་གོས་འདི་ན་གཏམས་ཤིང་འདུག་པ་དེ་ཚུར་བྱིན་ཅིག་།ཅེས་སྨྲས་པ་དང ། དེས་སྨྲས་པ། འཕགས་པ། དགེ་སློང་དེ་གང་དུ་དུས་འདས། ངེས་ཀྱི་གཙུག་ལག་ཁང་དུ་དུས་འདས་སོ། །འཕགས་ Pa126a ༄#། །པ། ཁྱེད་ཀྱི་དེ་ན་མཆིས་པ་ནི། ཁྱེད་དབང ། བདག་ཅག་གི་དེ་ན་མཆིས་པ་ནི། བདག་ཅག་དབང་ངོ ། །ཇི་ལྟར་ཞེ་ན། དེ་བདག་ཅག་གི་ཡང་ཆོས་ཀྱི་མིང་པོ་ལགས་སོ། །ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས། དགེ་སློང་གི་ལྷུང་བཟེད་དང ། ཆོས་གོས་ནི། དགེ་སློང་དག་དབང་གི་།དགེ་སློང་མ་དག་མ་འཆང་ཞིག་ཅེས་བཀའ་སྩལ་ཏོ། །མཉན་དུ་ཡོད་པ་ན་དགེ་སློང་མ་གཞན་ཞིག་དུས་འདས་ནས་དེའི་ལྷུང་བཟེད་དང ། ཆོས་གོས་དགེ་སློང་ཞིག་ལ་བཞག་གོ་།དགེ་སློང་མ་རྣམས་ཀྱིས་དེའི་རོ་བསྲེགས་ནས་དགེ་སློང་མའི་དབྱར་མོ་ཁང་དུ་སླར་ལྷགས་ཏེ་ལྷུང་བཟེད་དང ། ཆོས་གོས་བཙལ་ན་མ་རྙེད་ནས་གཙུག་ལག་ཁང་ཞིག་ན་དགེ་སློང་མིང་འདི་ཞེས་བྱ་བ་ཞིག་ལ་ཡོད་པར་ཤེས་ནས་དེ་དག་གཙུག་ལག་ཁང་དུ་འོངས་ཏེ་དགེ་སློང་དག་གི་རྐང་པ་ལ་ཕྱག་འཚལ་ནས་འཕགས་པ། དགེ་སློང་མ་མིང་འདི་ཞེས་བགྱི་བ་དུས་འདས་ཏེ། དེའི་ལྷུང་བཟེད་དང ། ཆོས་གོས་འདི་ན་མཆིས་ན། དེ་བདག་ཅག་འཚལ་གྱི། སླར་སྩོལ་ཅིག་།ཅེས་སྨྲས་པ་དང ། དེས་སྨྲས་པ། དགེ་སློང་དེ་གང་དུ་དུས་འདས། བདག་ཅག་གི་དབྱར་མོ་ཁང་དུ་དུས་འདས་སོ། །དེ་ལྟར་ན། འཕགས་མ་ཁྱེད་ཀྱི་དེ་ན་འདུག་པ་ནི། ཁྱེད་དབང་མོད། ངེད་ཀྱི་དེ་ན་ཡོད་པ་ནི། ངེད་དབང་བ་སྟེ། དེའང་ངེད་ཀྱི་ཆོས་ཀྱི་སྲིང་མོ་ཡིན་ Pa126b ནོ། །ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་དགེ་སློང་དག་ལ་སྨྲས་པ་དང ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས། དེ་སྟེ་དགེ་སློང་མའི་ལྷུང་བཟེད་དང ། ཆོས་གོས་ཡིན་ན། དེ་དགེ་སློང་མ་དག་གི་ཡིན་ཏེ། དགེ་སློང་མ་དག་དབང་བས་ན། དགེ་སློང་དག་མ་འཆང་ཞིག་།ཅེས་བཀའ་སྩལ་ཏོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་དགེ་སློང་གཞན་ཞིག་ལྗོངས་སྤྱོད་པ་སྤྱོད་ཅིང་རི་བྲག་གི་གྲོང་གཞན་ཞིག་ཏུ་ཕྱིན་ནས་དེ་ཁྱིམ་པའི་ཁྱིམ་ཞིག་ཏུ་དུས་འདས་ཏེ། དེ་དེས་དུར་ཁྲོད་དུ་བོར་ནས་ལྷུང་བཟེད་དང ། ཆོས་གོས་སྦས་ཏེ་བཞག་གོ་།དུས་ཕྱི་ཞིག་ན་དགེ་སློང་མ་མང་ཞིག་ལྗོངས་སྤྱད་པ་སྤྱོད་ཅིང་རི་བྲག་གི་གྲོང་དེར་ཕྱིན་པ་དང ། ཁྱིམ་བདག་དེས་དེ་དག་མཐོང་སྟེ། འཕགས་མ། བདག་གི་ཁྱིམ་དུ་དགེ་སློང་དུས་འདས་པའི་ལྷུང་བཟེད་དང ། ཆོས་གོས་འདི་ལགས་ཀྱི། སྣོམས་ཤིག་།ཅེས་སྨྲས་པ་དང ། དེ་དག་གིས་སྨྲས་པ། ཁྱིམ་བདག་།འདི་ནི། བཅོམ་ལྡན་འདས་ཀྱིས་མ་གནང་བས་དགེ་སློང་དབང་ངོ ། །དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས།་གང་ན་དགེ་སློང་མེད་པ་དེ་དག་ཏུ་ནི། དགེ་སློང་མ་དག་བླང་བར་བྱ་སྟེ། དེ་ལ་ཐེ་ཚོམ་མ་བྱེད་ཅིག་།ཅེས་བཀའ་སྩལ་ཏོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པར་ Pa127a ༄#། །དགེ་སློང་མ་མང་ཞིག་ལྗོངས་སྤྱད་པ་སྤྱོད་ཅིང་དོང་བ་ན། དེ་དག་ལས་དགེ་སློང་མ་ཞིག་ན་བར་གྱུར་ནས་དེ་དལ་བུས་འགྲོ་ཞིང་ཕྱི་ནས་འོངས་པ་ལ་དེས་ལམ་སྟོར་ཏེ་རི་བྲག་གི་གྲོང་གཞན་ཞིག་ཏུ་ཕྱིན་ནས་དེ་ཁྱིམ་པའི་ཁྱིམ་དུ་དུས་འདས་སོ། །དེས་དེ་དུར་ཁྲོད་དུ་བོར་ནས་ལྷུང་བཟེད་དང ། ཆོས་གོས་སྦས་ཏེ་བཞག་གོ་།དེ་ནས་དུས་ཕྱི་ཞིག་ན་དགེ་སློང་མང་ཞིག་ལྗོངས་སྤྱད་པ་སྤྱོད་ཅིང་རི་བྲག་གི་གྲོང་དེར་ཕྱིན་པ་དང ། ཁྱིམ་བདག་དེས་དེ་དག་མཐོང་ནས་འཕགས་པ་དག་།བདག་གི་ཁྱིམ་དུ་དགེ་སློང་མ་ཞིག་དུས་འདས་ཏེ། དེས་དེའི་ལྷུང་བཟེད་དང ། ཆོས་གོས་འདི་ལགས་ཀྱི། སྣོམས་ཤིག་།ཅེས་སྨྲས་པ་དང ། དེ་དག་གིས་སྨྲས་པ། ཁྱིམ་བདག་།བཅོམ་ལྡན་འདས་ཀྱིས་མ་གནང་སྟེ། འདི་དག་ནི། དགེ་སློང་མ་དབང་ངོ ། །དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས། གང་ན་དགེ་སློང་མ་མེད་པ་དེར་ནི། དགེ་སློང་རྣམས་ཀྱིས་བླང་བར་བྱ་སྟེ།་དེ་ལ་ཐེ་ཚོམ་མ་བྱེད་ཅིག་།ཅེས་བཀའ་སྩལ་ཏོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། དགེ་སློང་ཞིག་དུས་འདས་ཏེ་དེ་དབང་བའི་ལྷུང་བཟེད་དང ། ཆོས་གོས་ཁྱིམ་པའི་དེ་ན་མཆིས་ན། དེ་གང་དབང ། བཅོམ་ལྡན་འདས་ཀྱིས། གང་དེར་སྔར་འོངས་པ་དབང་ངོ ། །ཞེས་བཀའ་ Pa127b སྩལ་ཏོ། །གཉིས་མཆིས་ན། གང་དབང ། གང་སྔར་བླངས་པའི། གཉིས་ཀས་བླངས་ན། གང་དབང ། གང་གིས་སྔར་ཐོབ་པའོ། །གཉིས་ཀས་ཐོབ་ན། གཉིས་ཀ་དབང་ངོ ། །དེ་སྟེ་གཉིས་ཀས་ཐོབ་ན། གང་ལ་ཁྱིམ་གྱི་བདག་པོ་དད་དེ་ཕྱིན་པ་དེ་དབང་ངོ ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་ཛེ་ཏའི་ཚལ་ན་དགེ་སློང་གཉིས་ཤིག་འཐབ་པར་གྱུར་ཏེ། དགེ་སློང་གཞན་དག་གིས་བསྐོར་ཅིང་འཁོད་དོ། །བྲམ་ཟེ་དང ། ཁྱིམ་བདག་དག་གིས་དེ་མཐོང་ནས་དེ་དག་གིས་འཕགས་པ། བདག་ཅག་གིས་ཁྱིམ་པ་འཐབ་པ་དག་མཐོང་ཡང་བདག་ཅག་གིས་གཅུགས་པར་བྱིན། ཁྱེད་ཅག་གིས་ཅི་འདི་མི་གཅུགས་པར་བསྐོར་ཏེ་འཁོད་དམ་ཞེས་སྨྲས་པ་དང ། དེ་ན་གཞན་དག་གིས་སྨྲས་པ། འདི་དག་ཉིད་འཐབ་མོ་བྱེད་པ་ཡིན་ན། ཅིའི་ཕྱིར་གཅུགས་ཞེས་སྨྲས་པ་དང ། དེ་དག་ལ་ལན་མེད་ནས་ཅང་མི་ཟེར་བར་འཁོད་དོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་དེ་དག་ལ་བསྐོར་ཅིང་མ་འཁོད་པར་གཅུགས་པར་བྱོས་ཤིག་ཅེས་བཀའ་སྩལ་པ་དང ། དེ་དག་གཅུགས་ཀྱང་གཏོང་དུ་མ་བཏུབ་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས། དེ་སྟེ་གཅུགས་ཀྱང་མ་བཏུབ་ན། སྤང་བའི་ལས་བྱོས་ཤིག་།ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་སྤང་བའི་ལས་བྱོས་ཤིག་།ཅེས་བཀའ་སྩལ་པ་དང ། དུས་ཕྱི་ཞིག་ Pa128a ༄#། །ན་དགེ་སློང་གཉིས་ཤིག་ངེས་པའི་གཏམ་བྱེད་དོ། །དེ་གཉིས་ན་རེ། འདི་ནི། འཐོབ་པའོ། །འདི་ནི། འཐོབ་པའོ། །ཞེས་ངེས་པའི་གཏམ་སྨྲ་བ་ན་གཅིག་ལ་གཅིག་ངག་རྩུབ་པོ་སྨྲས་པ་དང ། དེ་གཉིས་ཀྱང་དགེ་སློང་དག་གིས་སྤང་བའི་ལས་བྱས་ནས་དེ་གཉིས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་།བདག་ཅག་ནི། ངེས་པའི་གཏམ་སྨྲ་བ་ན་གཅིག་ལ་གཅིག་ངག་རྩུབ་པོར་སྨྲས་སུ་ཟད་ན། ཅིའི་ཕྱིར་ཁྱེད་ཀྱིས་ངེད་གཉིས་ལ་སྤང་བའི་ལས་ཀྱིས་བཅད་ཅེས་སྨྲས་པ་དང ། དེ་དག་གིས་ཚེ་དང་ལྡན་པ་དག་།བཅོམ་ལྡན་འདས་ཀྱིས་འཐབ་པ་རྣམས་ལ་སྤང་བའི་ལས་བྱོས་ཤིག་།ཅེས་གསུངས་པས་ན། ངེད་ཀྱིས་ཁྱེད་གཉིས་ལ་སྤང་བའི་ལས་བྱས་སོ། །ཞེས་སྨྲས་པ་དང ། དེ་དག་ཅང་མི་སྨྲ་བར་འཁོད་དོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་གཉིས་ལ་སྤང་བའི་ལས་མི་བྱ་བར་གཅུགས་པར་བྱོས་ཤིག། དེ་སྟེ་གནས་འཆའ་བ་ཞིག་ན་ནི། དེའི་མཁན་པོ་དང ། སློབ་དཔོན་གྱིས་སྐོས་ཤིག་།དེ་སྟེ་རྒན་པ་ཞིག་ན་ནི། དེ་ལ་དགེ་འདུན་ཐམས་ཅད་འདུས་ལ་རྩོད་པ་ཞི་བར་བྱོས་ཤིག་།དེ་སྟེ་དེས་ཀྱང་མ་སློན་ན། གདོད་དེ་གཉིས་ལ་སྤང་བའི་ལས་བྱོས་ཤིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། Pa128b མཚམས་ཀྱི་བར་དུ་དགེ་སློང་ཞིག་དུས་འདས་ན། གུམ་པ་དེའི་ཡོ་བྱད་རྣམས་སུ་དབང་བར་འགྱུར། ཨུ་པ་ལི། དེ་ནི། མགོ་གང་ལོགས་སུ་བོར་བའོ། །བཙུན་པ། གཉིས་ཀར་མགོ་བོར་ན། གང་དབང་བར་འགྱུར། ཨུ་པ་ལི། དེ་གཉིས་ཀའོ། །གླེང་གཞིའི་སྒོ་གཉིས་པ་སྟེ། ཚིགས་སུ་བཅད་པ་དང་པོའོ།། །།མདོར་ན། བསྒྲག་པར་བྱ་དང་ཤིང་རྟ་དང ། །དེ་ནས་ཕྲེང་བ་གོས་རྣམས་དང ། །དགེ་འདུན་གོས་ཀྱང་དེ་བཞིན་ཏེ། །ཐེ་ཚོམ་སོ་སོའི་སྐྱེ་བོའོ། །སངས་རྒྱས་བཅོམ་ལྡན་འདས་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་དུ་ཡོད་པ་ན་ཡ་མཚན་ཅན་དུ་མ་གནས་ཤིང་འཁོད་དོ། །གང་གི་ཚེ་བཅོམ་ལྡན་འདས་མཉན་དུ་ཡོད་པར་བྱོན་པ་དེའི་ཚེ་ན་མུ་སྟེགས་ཅན་རྣམས་ཀྱི་མཐུ་ཉམས་ནས་རྙེད་པ་ཆུང་བར་གྱུར་ཏེ། དེ་དག་གིས་ཇི་ཙམ་འདོད་པ་བླངས་ནས་མུ་སྟེགས་སུ་བྱ་བ་བྱ་བར་བརྩམས་པ་དང ། ཁྱིམ་བདག་མགོན་མེད་ཟས་སྦྱིན་པ་ཆོས་ཀྱིས་ནང་པར་སྔར་ལངས་ནས་བཅོམ་ལྡན་འདས་ལ་བལྟ་བའི་ཕྱིར་འགྲོའོ། །ཇི་ཙམ་དུས་ཕྱི་ཞིག་ན་ཁྱིམ་བདག་མགོན་མེད་པ་ལ་ཟས་སྦྱིན་ཆོས་ཀྱིས་ནང་པར་སྔར་ལངས་ནས་ཛེ་ཏའི་ཚལ་དུ་སོང་བ་དང ། མུ་སྟེགས་ཅན་དག་ཅི་འདོད་པ་བླངས་ཏེ། དེ་དག་གིས་དེ་ཡང་དག་པར་བསྐུལ་ནས་དེས་བསམ་པ། འདི་དག་ནི། ངན་དུ་སྨྲ་བའི་ཆོས་དང ། འདུལ་བའི་མུ་སྟེགས་ཅན་དག་སྟེ། ཅི་འདོད་པ་དག་བླངས་ཏེ་མུ་སྟེགས་ཅན་གྱི་བྱ་བ་བྱེད་དེ། བཅོམ་ལྡན་འདས་ཀྱིས་ཀྱང་མདོ་སྡེ་དེ་ Pa129a ༄#། །དང་དེ་དག་ལས་མ་དད་པ་དག་ནི། དད་པ་ཕུན་སུམ་ཚོགས་པར་ཡང་དག་པར་བསྐུལ་བར་བྱོས་ཤིག་།དགོད་པར་བྱོས་ཤིག་ཅེས་གསུངས་ཏེ། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ན་ནི། བདག་གིས་སྐྱེ་བོ་མང་པོ་དག་ཀྱང་དགེ་འདུན་ལ་ཡོན་དབུལ་བ་ལ་རབ་ཏུ་དགོད་དོ། །སྙམ་དུ་བསམ་ནས་བཅོམ་ལྡན་འདས་གང་ན་བ་དེར་དོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་པས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། ངན་དུ་སྨྲ་བའི་ཆོས་དང ། འདུལ་བའི་མུ་སྟེགས་ཅན་འདི་དག་ཅི་འདོད་པ་བླངས་ནས་མུ་སྟེགས་སུ་བགྱི་བ་བགྱིད་ན། བཅོམ་ལྡན་འདས་ཀྱིས་གནང་ན་ནི། དེ་དང ། དེ་དག་ཏུ་ཞེས་བྱ་བ་ནས་དགེ་འདུན་ལ་ཡོན་དབུལ་བར་དགོད་དོ། །ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་ན། ངས་ཁྱིམ་བདག་རྗེས་སུ་གནང་གི་།ཅི་འདོད་པ་བླངས་ཏེ་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་བྱ་བ་བྱོས་ཤིག་།བཅོམ་ལྡན་འདས་ཀྱིས་ཅི་འདོད་པ་བླངས་ཏེ་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་བྱ་བ་བྱོས་ཤིག་ཅེས་བཀའ་སྩལ་ན། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཡང་དག་པར་བསྐུལ་བར་བརྩམས་པ་དང ། བྲམ་ཟེ་དང ། ཁྱིམ་བདག་དག་གིས་འཕགས་པ་དག་ཀྱང་ Pa129b ཡང་དག་པར་བསྐུལ་ན་ནི། བདག་ཅག་ལ་བསོད་ནམས་དེ་བས་ཀྱང་རབ་ཏུ་མང་བར་འགྱུར་རོ། །ཞེས་སྨྲས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་ཀྱང་གྲོགས་གྱིས་ཤིག་།བྲམ་ཟེ་དང ། ཁྱིམ་བདག་དག་གིས། དེ་སྟེ་བདག་ཅག་གི་མིང་ནས་ཀྱང་བརྗོད་ན་ནི། ལེགས་པར་འགྱུར་རོ། །ཞེས་སྨྲས་པ་དང ། བཅོམ་ལྡན་འདས་ཀྱིས་སྦྱིན་བདག་གི་མིང་ནས་བརྗོད་པར་བྱོས་ཤིག་།ཅེས་བཀའ་སྩལ་པ་དང ། ཁྱིམ་བདག་གིས་ཀྱང་བརྗོད་པར་བྱས་ནས་བྲམ་ཟེ་དང ། ཁྱིམ་བདག་དག་གིས། དེ་སྟེ་འཕགས་པ་དག་གིས་བརྗོད་ན་ནི། བདག་ཅག་ལ་དེ་བས་ཀྱང་བསོད་ནམས་མང་དུ་འགྱུར་རོ། །ཞེས་སྨྲས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་ཀྱང་བརྗོད་པར་བྱོས་ཤིག་།བྲམ་ཟེ་དང ། ཁྱིམ་བདག་གིས་གཙུག་ལག་ཁང་དུ་འོངས་ནས་ཕུལ་བ་དང ། བཅོམ་ལྡན་འདས་ཀྱིས་གཙུག་ལག་ཁང་དུ་ཡང་བརྗོད་པར་བྱོས་ཤིག་།ཅེས་བཀའ་སྩལ་ཏོ། །རྗོད་པར་བྱེད་པ་དེ་སྐྱེ་བོ་མང་པོ་དག་གིས་བསྐོར་ནས་མི་སྣང་བར་གྱུར་པ་དང ། བཅོམ་ལྡན་འདས་ཀྱིས་ཤིང་རྟའི་སྟེང་དུ་འཛེགས་ལ་རྗོད་ཅིག་།ཅེས་བཀའ་སྩལ་པ་དང ། ཚ་བ་དང ། ཆར་པ་དང ། རླུང་རྣམས་བྱུང་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་ཁང་བུ་བརྩེགས་མ་བྱོས་ཤིག་།ཅེས་བཀའ་སྩལ་ཏོ། །སྐྱེ་བོ་མང་པོ་དག་གིས་སྒོ་བསྒྲིབས་པས་ན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་བཞི་ཐོད་ལ་ Pa130a ༄#། །རྗོད་པ་ཡང་བཞི་ཞོག་ཅིག་།དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་པ་ཅི་འདོད་པ་བླངས་ནས་གོས་ཟུང་མང་པོ། གོས་ཟུང་བརྒྱ་སྟོང་མང་པོ་རྣམས་གསོག་པ་དང ། དེས་འདི་སྙམ་དུ། གོས་མང་ཞིག་ཚོགས་ཀྱི། ད་ནི། བདག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དག་བཤོས་གསོལ་ལ། སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྒན་རིམ་དུ་ཡོན་དབུལ་ལོ། །སྙམ་དུ་བསམ་ནས་དེས་ཛེ་ཏའི་ཚལ་གོས་སྣ་ཚོགས་ཀྱིས་བརྒྱན་ཏེ། གོས་ཀྱི་ཕྲེང་བས་ས་སྟེང་ཀུན་ཏུ་སྦྱངས་ནས་སྲུང་མ་ཡང་བཞག་སྟེ་མཛའ་བོ་དང ། གཉེན་དང ། ཕུ་ནུ་དག་ཀྱང་མགྲོན་དུ་བོས་སོ། །དེ་ནས་གཙང་ཞིང་བསོད་པའི་བཟའ་བ་དང ། བཅའ་བདག་སྦྱར་ནས་བཅོམ་ལྡན་འདས་དང ། དགེ་སློང་གི་དགེ་འདུན་དུ་བཅས་ཏེ་ཛེ་ཏའི་ཚལ་དུ་བཤོས་ལ་སྤྱན་དྲངས་སོ། །དེ་ནང་པར་སྔར་ལངས་ཏེ་གདན་བཏིང་ནས་བུམ་པ་ཆུས་བཀང་སྟེ་བཞག་ནས་བཅོམ་ལྡན་འདས་དང ། ཉན་ཐོས་ཀྱི་དགེ་འདུན་དུ་བཅས་ཏེ་བཤོས་གསོལ་ནས་བཅོམ་ལྡན་འདས་ལ། བཙུན་པ། འཇིག་རྟེན་ན་ཡོན་གནས་དུ་མཆིས་ཅེས་ཞུས་པ་དང ། ཁྱིམ་བདག་།གཉིས་ཏེ། སློབ་པ་དང ། མི་སློབ་པའོ། །དེ་ལ་ཡང་ཁྱིམ་བདག་།སློབ་པ་ལ་རྣམ་པ་བཅོ་བརྒྱད་ཡོད་དོ། །མི་སློབ་པ་ལ་རྣམ་པ་དགུའོ། །སློབ་པ་རྣམ་པ་བཅོ་བརྒྱད་པོ་གང་ཞེ་ན། རྒྱུན་ཏུ་ཞུགས་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང ། Pa130b རྒྱུན་ཏུ་ཞུགས་པ་དང ། ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང ། ལན་གཅིག་ཕྱིར་འོང་བ་དང ། ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང ། ཕྱིར་མི་འོང་བ་དང ། དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱ་བའི་ཕྱིར་ཞུགས་པ་དང ། དད་པས་རྗེས་སུ་འབྲང་བ་དང ། དད་པས་རྣམ་པར་གྲོལ་བ་དང ། ལྟ་བ་ཐོབ་པ་དང ། གོང་ནས་གོང་དུ་འགྲོ་བ་དང ། ཚེ་གཅིག་གིས་ཐོགས་པ་དང ། བར་དུ་མྱ་ངན་ལས་འདའ་བ་དང ། སྐྱེས་མ་ཐག་ཏུ་མྱ་ངན་ལས་འདའ་བ་དང ། མངོན་པར་འདུ་བྱེད་པ་དང་བཅས་པས་ཡོངས་སུ་མྱ་ངན་ལས་འདའ་བ་དང ། མངོན་པར་འདུས་མ་བྱས་པས་ཡོངས་སུ་མྱ་ངན་ལས་འདས་པ་དང ། གོང་དུ་འཕོ་བ་རྣམས་ཏེ། འདི་དག་ནི། སློབ་པ་བཅོ་བརྒྱད་ཅེས་བྱའོ། །མི་སློབ་པ་དགུ་གང་ཞེ་ན། ཆོས་བསྒྲིབས་པ་དང ། ཆོས་མ་བསྒྲིབས་པ་དང ། གསང་བའི་ཆོས་དང ། རྗེས་སུ་སྲུང་བའི་ཆོས་དང ། མི་གཡོ་བར་འདུག་པ་དང ། སོ་སོར་རྟོགས་ནས་སྐལ་བ་ཅན་དུ་མི་འགྱུར་བ་དང ། མི་བསྐྱོད་པའི་ཆོས་དང ། ཤེས་རབ་རྣམ་པར་གྲོལ་བ་དང ། གཉིས་ཀའི་ཆ་ལས་རྣམ་པར་གྲོལ་བ་འདི་དག་ནི། མི་སློབ་པ་དགུ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་སོ། །བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོན་པས་ཡང་གསུངས་པ། ལུས་དང་ངག་ཡིད་དྲང་པོར་གྱུར་པ་ཡི། །སློབ་དང་མི་སློབ་འཇིག་རྟེན་འདི་ན་བཞུགས། །དེ་དག་སྦྱིན་ཞིང་མཆོད་པར་འོས་པ་སྟེ། །མཆོད་ Pa131a ༄#། །པའི་ཞིང་རབ་དེར་བྱིན་འབྲས་བུ་ཆེ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་པ་རྒན་རིམ་གྱི་མདུན་དུ་འདུག་སྟེ་རྗེད་པ་བསྐོས་ནས་འཕགས་པ། བརྗོད་པའི་ཚེ་འདི་སྐད་དུ། གང་བཅོམ་ལྡན་འདས་ཀྱིས་ཉན་ཐོས་ཀྱི་དགེ་འདུན་ལ་སྦྱིན་པར་རིགས་པ། རབ་ཏུ་སྦྱིན་པར་རིགས་པ། ཐལ་མོ་སྦྱར་བར་རིགས་པ། ཕྱག་བྱ་བར་རིགས་པ། བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་འཇིག་རྟེན་གྱི་ཡོན་གནས་སུ་གྱུར་པ་གང་ཡིན་པ་དེ་དག་ལ་གོས་རྙེད་པ་འདི་དག་འབུལ་གྱི། ཅི་བདེར་བཞེས་ཤིག་།ཅེས་གསུངས་ཤིག་།དེ་ནས་དགེ་སློང་རྗོད་པར་བྱེད་པ་དེས་རྒན་རིམ་གྱི་མདུན་དུ་འདུག་ལ་འདི་སྐད་དུ། གསོན་ཅིག་བཙུན་པའི་དགེ་འདུན་རྣམས། བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་སྦྱིན་པར་རིགས་པ། རབ་ཏུ་སྦྱིན་པར་རིགས་པ། ཐལ་མོ་སྦྱར་བར་རིགས་པ། ཕྱག་བྱ་བར་རིགས་པ། བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་འཇིག་རྟེན་གྱི་ཡོན་གནས་གང་ཡིན་པ་དེ་དག་ལ་གོས་རྙེད་པ་འདི་དག་འབུལ་གྱི། ཅི་བདེ་བར་བཞེས་ཤིག་ཅེས་བརྗོད་དོ། །དེ་ནས་དགེ་སློང་འདོད་ཆགས་དང་བྲལ་བ། ཞེ་སྡང་བྲལ་བ། གཏི་མུག་དང་བྲལ་བ་གང་ཡིན་པ་དེ་དག་ནི། འདི་སྙམ་དུ་གྱུར་ཏོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་ནི། འདི་སྐད་དུ་བརྗོད་དེ། གང་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་སྦྱིན་པར་རིགས་པ། རབ་ཏུ་སྦྱིན་པར་རིགས་པ། ཐལ་མོ་ Pa131b སྦྱར་བར་རིགས་པ། ཕྱག་བྱ་བར་རིགས་པ། བླ་ན་མེད་པའི་བསོད་ནམས་ཀྱི་ཞིང་འཇིག་རྟེན་གྱི་ཡོན་གནས་དེ་དག་ལ་གོས་རྙེད་པ་རྣམས་འབུལ་གྱི། ཅི་བདེར་བཞེས་ཤིག་།ཅེས་བརྗོད་དེ།་བདག་ཅག་ནི། བླ་ན་མེད་པ་ཡིན་པས་ན། བདག་ཅག་གིས་རྙེད་པ་འདི་དབང་མོད་ཀྱི། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་།ཁྱེད་ཀྱིས་དགེ་བ་རྣམས་ནི། བཅབ་པར་བྱའོ། །སྡིག་པ་རྣམས་བསྒྲག་པར་བྱའོ། །ཞེས་གསུངས་ན། བདག་ཅག་གོས་རྙེད་པའི་ཕྱིར་བདག་ཉིད་བརྗོད་པ་ལྟ་ག་ལ་རུང ། བདག་ཅག་ནི། འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བའོ། །ཞེས་སྨྲས་ཏེ་ཅང་མི་ཟེར་བར་འཁོད་དོ། །ཀུན་ཏུ་སྦྱོར་བའི་ལྷག་མ་དང་བཅས་པ་གང་ཡིན་པ་དེ་དག་ཀྱང་འདི་སྙམ་དུ། བླ་ན་མེད་པ་ལ་བསྡོས་པས་ན། བདག་ཅག་ནི། ཀུན་ཏུ་སྦྱོར་བའི་ལྷག་མ་དང་བཅས་པ་ཡིན་པས་བདག་ཅག་ནི། མི་དབང་ངོ ། །སྙམ་དུ་བསམ་ནས་ཅང་མི་ཟེར་བར་འཁོད་དོ། །བཅིང་པ་ཐམས་ཅད་ཀྱིས་བཅིངས་པ་གང་ཡིན་པ་དེ་དག་ནི། འདི་སྙམ་དུ། བླ་ན་མེད་པ་ལ་དེ་དབུལ་ལོ། །སྙམ་དུ་བསམ་ནས་དེ་དག་ཅང་མི་ཟེར་བར་འཁོད་དོ། །ཀུན་ཏུ་སྦྱོར་བའི་ལྷག་མ་དང་བཅས་པ་དག་ཀྱང་ཅང་མི་ཟེར་བར་འཁོད་དོ། །བདག་ཅག་ནི། བཅིང་བ་ཐམས་ཅད་ཀྱིས་བཅིངས་པས་ན། བདག་ཅག་ནི། ཐམས་ཅད་ཀྱི་ཐམས་ཅད་དུ་མི་དབང་ངོ ། །སྙམ་དུ་བསམ་ནས་དེ་དག་ཀྱང་ཅང་མི་ཟེར་བར་འཁོད་དོ། །དེའི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ Pa132a ༄#། །གོས་ཕུལ་བ་དེ་དག་དགེ་སློང་གཅིག་གིས་ཀྱང་མ་བླངས་པ་དང ། དེ་ཡང་འདི་སྙམ་དུ། བདག་ལ་འཕགས་པའི་དགེ་འདུན་དག་གི་ལྷུང་བཟེད་ཁས་ཕུབ་བར་མ་གྱུར་གྲང་སྙམ་དུ་བསམ་ནས་དེའི་ལུས་སྐྱ་བོ་སེང་སེང་པོ། རིད་ཅིང་སྐམ་ལ་རྨྱ་བར་གྱུར་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་དྲུང་དུ་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་སྟེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དོན་དེ་བཅོམ་ལྡན་འདས་ལ་གསོལ་པ་དང ། སངས་རྒྱས་བཅོམ་ལྡན་འདས་ནི་མཁྱེན་བཞིན་དུ་འདྲི་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ། ཀུན་དགའ་བོ། ཁྱིམ་བདག་མགོན་མེད་ཟས་སྦྱིན་པས་དགེ་སློང་དག་ལ་གོས་སྦྱར་ཏེ་བྱིན་ན། ཅིའི་ཕྱིར་མ་བླངས་ཞེས་སྨྲས་པ་དང ། དེས་བཙུན་པ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་འདི་སྐད་དུ། གང་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཀྱི་དགེ་འདུན་སྦྱིན་པར་རིགས་པ། རབ་ཏུ་སྦྱིན་པར་རིགས་པ། ཐལ་མོ་སྦྱར་བར་རིགས་པ། ཕྱག་བགྱི་བ་ནས་དེ་དག་ཅང་མི་མཆི་བར་མཆིས་སོ། །ཞེས་བགྱི་བའི་བར་དུ་སྔ་མ་བཞིན་བརྗོད་དེ། དེ་ལྟར་ན། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་སྩལ་པ་དགེ་སློང་གཅིག་གིས་ཀྱང་མ་བླངས་སོ། །ཞེས་གསོལ་པ་དང ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་ Pa132b དང་ལྡན་པ་ཀུན་དགའ་བོ་ལ། ཀུན་དགའ་བོ། སོང་ལ་མཉན་དུ་ཡོད་པ་ན་དགེ་སློང་ཇི་སྙེད་གནས་ཤིང་འཁོད་པ་དེ་དག་ཐམས་ཅད་འདུན་ཁང་དུ་སྡུས་ཤིག་ཅེས་བཀའ་སྩལ་པ་དང ། བཙུན་པ།་དེ་བཞིན་བགྱིའོ། །ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ཏེ་མཉན་དུ་ཡོད་པ་ན་དགེ་སློང་ཇི་སྙེད་གནས་ཤིང་འཁོད་པ་དེ་དག་ཐམས་ཅད་འདུན་ཁང་དུ་བསགས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་དྲུང་དུ་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས། བཙུན་པ་བཅོམ་ལྡན་འདས་ད་དུས་ལ་བབ་བར་དགོངས་ཤིག་།མཉན་དུ་ཡོད་པ་ན་དགེ་སློང་ཇི་སྙེད་གནས་ཤིང་མཆིས་པ་དེ་ཐམས་ཅད་འདུན་ཁང་དུ་འདུས་ཤིང་ཚོགས་སོ། །ཞེས་དེ་སྐད་ཅེས་གསོལ་པ་དང ། དེ་ནས་བཅོམ་ལྡན་འདས་འདུན་ཁང་གང་ན་བ་དེར་གཤེགས་ཏེ་བྱོན་པ་དང ། གདན་བཏིང་བ་ལ་བཞུགས་སོ། ། བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །དགེ་སློང ། ཁྱེད་ཀྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་གོས་མང་པོ་བསྡུས་ཏེ་བྱིན་ན་ཅིའི་ཕྱིར་མ་བླངས་ཞེས་གསུངས་པ་དང ། དགེ་སློང་རྣམས་ཅང་མི་ཟེར་བར་འཁོད་དོ། །སངས་རྒྱས་བཅོམ་ལྡན་འདས་ནི་མཁྱེན་བཞིན་དུ་འདྲི་བ་སྟེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་ Pa133a ༄#། །དང་ལྡན་པ་ཀུན་དགའ་བོ་ལ་ཡང་ཀུན་དགའ་བོ། དགེ་སློང་རྣམས་ཅིའི་ཕྱིར་མི་སྨྲ་བར་འཁོད་ཅེས་སྨྲས་པ་དང ། དེ་ལྟར་གྱུར་པ་བཅོམ་ལྡན་འདས་ལ་ཡང་རྒྱས་པར་གསོལ་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་དག་།ཁྱེད་ངའི་དྲུང་དུ་མྱ་ངན་ལས་འདའ་བར་བསམ་སྟེ་རབ་ཏུ་བྱུང་ངམ། བཙུན་པ།་དེ་བཞིན་ནོ། །ཞེས་གསོལ་ཏོ། །དགེ་སློང་དག་།དེ་ལྟ་བས་ན། ངའི་དྲུང་དུ་མྱ་ངན་ལས་འདའ་བར་བསམ་སྟེ་རབ་ཏུ་བྱུང་བ་དེ་ལ་པ་ཎ་ཕྲག་སྟོང་རི་བའི་གོས་དང ། མི་ལྔ་བརྒྱ་ཡོད་པའི་ཁང་པ་བརྩེགས་པ་དང ། རོ་སྣ་བརྒྱ་དང་ལྡན་པའི་ཟས་རྣམས་རྗེས་སུ་གནང་ངོ ། །དགེ་སློང་དག་།ཚུལ་ཁྲིམས་ཉམས་པ་དག་ནི། དགེ་འདུན་གྱི་ཀུན་དགའ་ར་བར་རྐང་པའི་རྟིང་པ་གཅིག་ཙམ་ཡང་ཡོངས་སུ་སྤྱད་པར་མི་གནང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ཚུལ་ཁྲིམས་ཉམས་པའི་གང་ཟག་ལ་ནི། ཉེས་པའི་དམིགས་འདི་བཅུ་ཡོད་དེ། བཅུ་གང་ཞེ་ན། ཚུལ་ཁྲིམས་ཀྱིས་བདག་སྨད་པ་དང ། གཞན་དང ། ལྷ་དང ། སྟོན་པས་སྨད་པ་དང ། ཚངས་པ་མཚུངས་པར་སྤྱོད་པ་མཁས་པ་དང ། ཆོས་ཉིད་ཀྱིས་སྨད་པ་དང ། ཕྱོགས་ཕྱོགས་སུ་སྡིག་པ་མི་སྙན་པའི་སྒྲ་དང་ཚིགས་སུ་བཅད་པས་གྲགས་པར་འགྱུར་བ་དང ། མ་རྟོགས་པ་རྣམས་རྟོགས་པར་མི་འགྱུར་བ་དང ། རྟོགས་པ་རྣམས་ཉམས་པ་དང ། སྔོན་ཐོས་པའི་ཆོས་ Pa133b རྣམས་བརྗེད་པར་འགྱུར་པ་དང ། རྣམ་པར་འགྱོད་བཞིན་དུ་དུས་བྱེད་པ་དང ། ལུས་དང་བྲལ་ནས་ཤི་བའི་འོག་ཏུ་ངན་འགྲོ་ངན་སོང་དུ་ལོག་པར་ལྷུང་ནས་སེམས་ཅན་དམྱལ་བར་སྐྱེའོ། །འོན་ཀྱང་དགེ་སློང་དག་གིས་སྤྱད་པ་ནི། བཞི་སྟེ། བདག་པོ་བྱེད་ཅིང་ཡོངས་སུ་སྤྱོད་པ་དང ། བྱིན་པས་ཡོངས་སུ་སྤྱོད་པ་དང ། གནང་བས་ཡོངས་སུ་སྤྱོད་པ་དང ། བུ་ལོན་གྱིས་ཡོངས་སུ་སྤྱོད་པའོ། །དེ་ལས་དགེ་སློང་འདོད་ཆགས་དང་བྲལ་བ། ཞེ་སྡང་དང་བྲལ་བ། གཏི་མུག་དང་བྲལ་བ་དེ་དག་ནི། བདག་པོ་བྱེད་ཅིང་ཡོངས་སུ་སྤྱོད་པའོ། །ཀུན་ཏུ་སྦྱོར་བའི་ལྷག་མ་དང་བཅས་པ་དག་ནི། བྱིན་པས་ཡོངས་སུ་སྤྱོད་པའོ། །སོ་སོའི་སྐྱེ་བོ་དགེ་བ་ཅན་བསམ་གཏན་དང ། ཀློག་པ་ལ་ཞུགས་པ་རྣམས་ནི། གནང་བས་ཡོངས་སུ་སྤྱོད་པའོ། །ལེ་ལོ་ཅན་དག་ནི། བུ་ལོན་གྱིས་ཡོངས་སུ་སྤྱོད་པའོ། །ཚུལ་ཁྲིམས་ཉམས་པ་ནི། ཡོངས་སུ་སྤྱོད་པ་ཐམས་ཅད་མི་གནང་ངོ ། །དེ་ལྟ་བས་ན། རྙེད་པ་ཞིག་ཡོད་ན། དགེ་འདུན་གྱིས་མཉམ་པར་བགོ་བར་བྱའོ། །གླེང་གཞིའི་སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་གཉིས་པའོ།། །།མདོར་ན། བཏིང་བ་དང་ནི་མ་བཏིང་དང ། །ཕྱུང་བ་དང་ཡང་མ་ཕྱུང་དང ། །དེ་བཞིན་མཚམས་ཀྱི་ཕྱི་རོལ་གནས། །ཐོས་པ་ཡི་རང་བསམ་པས་སོ། །སངས་རྒྱས་བཅོམ་ལྡན་འདས་མ་ཉན་དུ་ཡོད་པ་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ Pa134a ༄#། །སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། དགེ་འདུན་གྱིས་གཏན་པ་བཏིང་བ་དགེ་སློང་གིས་ཤིན་ཏུ་མྱོང་བཞིན་དུ་གཏན་པ་བཏིང་བར་མི་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟ་སྟེ། དགེ་འདུན་གྱིས་གཏན་པ་འདིང་བའི་ཚེ་དགེ་སློང་དེས་དད་པ་བྱིན་ལ་གཉིད་ཀྱིས་ལོག་སྟེ། དགེ་འདུན་གྱི་གཏན་པ་བཏིང་བར་འགྱུར་རོ། །ུ་པ་ལི། དེ་ལྟར་ན། དགེ་སློང་གཏན་པ་ཤིན་ཏུ་མྱོང་བཞིན་དུ་གཏན་པ་བཏིང་བར་མི་འགྱུར་རོ། །བཙུན་པ། དགེ་འདུན་གྱི་གཏན་པ་ཤིན་ཏུ་མ་མྱོང་བཞིན་དུ་གཏན་བཏིང་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། དགེ་སློང་ཞིག་གིས་དགེ་འདུན་གྱིས་གཏན་པ་བཏིང་བའི་ཚེ་དད་པ་བྱིན་ལ་ཉལ་ལ། དགེ་འདུན་གྱི་གཏན་པ་ཡང་བཏིང་བར་འགྱུར་ཏེ། དེ་ལྟར་ན། དགེ་འདུན་གྱིས་གཏན་པ་བཏིང་བ་ཤིན་ཏུ་མ་མྱོང་བ་ཡང་གཏན་པ་བཏིང་བར་འགྱུར་རོ། ཨུ་པ་ལི། དེ་བཞིན་དུ་དགེ་སློང་གིས་དགེ་འདུན་གྱིས་གཏན་པ་འདིང་བའི་ཚེ་དད་པ་བྱིན་པ་ལ་གཉིད་ཀྱིས་ལོག་གམ། སྙོམས་པར་ཞུགས་པ་སྟེ། ཤིན་ཏུ་མ་མྱོང་ཡང་གཏན་པ་བཏིང་བར་འགྱུར་རོ། །བཙུན་པ། དགེ་སློང་གིས་དགེ་འདུན་གྱིས་གཏན་པ་འབྱིན་པའི་ཚེ་མྱོང་བར་གྱུར་ཀྱང་གཏན་པ་མ་ཕྱུང་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟ་སྟེ། དགེ་སློང་གིས་དགེ་འདུན་གྱིས་གཏན་པ་འདིང་པའི་ཚེ་དད་པ་མ་བྱིན་ལ་ Pa134b གཉིད་ཀྱིས་ལོག་གམ། སྙོམས་པར་ཞུགས་པ་སྟེ། ཨུ་པ་ལི། དེ་ལྟར་ན། དགེ་སློང་གིས་དགེ་འདུན་གྱི་གཏན་པ་འབྱིན་པའི་ཚེ་མྱོང་བར་གྱུར་ཀྱང་གཏན་པ་མ་ཕྱུང་བར་འགྱུར་རོ། །བཙུན་པ། དགེ་སློང་ཞིག་གིས་དགེ་འདུན་གྱི་གཏན་པ་འབྱིན་པའི་ཚེ་མྱོང་པར་མ་གྱུར་ཀྱང་གཏན་པ་ཕྱུང་བར་འགྱུར་བ་མཆིས་སམ། ཨུ་པ་ལི། ཡོད་དེ། འདི་ལྟར། དགེ་སློང་གིས་དགེ་འདུན་གྱི་གཏན་པ་འབྱིན་པའི་ཚེ་དད་པ་བྱིན་ལ་གཉིད་ཀྱིས་ལོག་གམ། སྙོམས་པར་ཞུགས་སམ། མཚམས་ཀྱི་ཕྱི་རོལ་ཏུ་སོང་ཡང་རུང་སྟེ། དགེ་འདུན་གྱིས་གཏན་པ་ཕྱུང་ངོ ། །ཞེས་ཐོས་ཏེ། ཐོས་ནས་ཀྱང་ལེགས་པར་ཕྱུང་བའོ། །ཤིན་ཏུ་ཕྱུང་བའོ། །ཞེས་རྗེས་སུ་ཡི་རང་བའོ། །གླེང་གཞིའི་སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་གསུམ་པའོ།། །།མདོར་ན། བསླབ་པ་བྱིན་དང་ཚུལ་ཤིང་དང ། །གང་ལ་ལས་རྣམས་བྱ་བ་དང ། །བཅུ་གཉིས་རྣམས་ལ་སླར་འཁྱལ་དང ། །མི་གཙང་བ་དང་མི་བཙན་པ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བསླབ་པ་སྩལ་བས་ཚུལ་ཤིང་བྲིམ་ཞིང་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །མ་ནིང་དང ། ཟ་མ་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་བསད་པ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། ཀུན་ Pa135a ༄#། །གནས་དང ། སོ་སོར་གནས་པ་དང ། མི་གནས་པས་ཚུལ་ཤིང་བྲིམ་ཞིང་ལས་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གང་ལ་ལས་བྱ་བ་དེ་སླར་འཁྱལ་ན་ཡང་མི་བཙན་ནོ། །ཞེས་གསུངས་ན། བཙུན་པ། གང་ལ་ཆོས་བཞིན་མ་ལགས་པར་ལས་བགྱིས་པ་དེ་སླར་འཁྱལ་ན་ཡང་མི་བཙན་པར་འགྱུར་རམ་ཨུ་པ་ལི། དེ་ནི། བཙན་ནོ། བཙུན་པ། གང་ཟག་གི་ལས་བཅུ་གཉིས་བསྒོས་པའི་ཚེ་དེ་དག་འདི་སྐད་དུ། ངེད་ཅག་ལ་མ་བསྒོ་ཞིག་ཅེས་མཆི་ན། ཅི། དེ་དག་དེ་ལྟར་འཁྱལ་བ་ཡང་མི་བཙན་ནམ། ཨུ་པ་ལི། བཙན་ནོ། །དེ་ནི། ངས་ཆད་པས་བཅད་པ་རྣམས་ཀྱི་ཕྱིར་བསམ་སྟེ། གསུངས་སོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་མི་གཙང་བ་རྣམས་སླར་འཁྱལ་ན། མི་བཙན་ནོ། །ཞེས་གསུངས་ན། བཙུན་པ། ཇི་ཙམ་གྱིས་ན། མི་གཙང་བ་ཞེས་བགྱི། ཨུ་པ་ལི། དེ་ནི། གང་ལ་ཕས་ཕམ་པ་བཞིའི་ནང་ནས་གང་ཡང་རུང་བ་ཞིག་བྱུང་བར་གྱུར་པ་སྟེ།་དེ་ཙམ་གྱིས་ན། མི་གཙང་བར་འགྱུར་རོ། །གླེང་གཞིའི་སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་བཞི་པའོ།། །།མདོར་ན། བསླབ་པ་བྱིན་དང་ལས་བྱེད་དང་།། ཀུན་གནས་ཀྱང་ནི་དེ་བཞིན་ཏེ། །བསྙེན་རྫོགས་མཚམས་ཀྱི་ཕྱི་རོལ་དུ། །མངགས་ཏེ་གཏང་བར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ Pa135b ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། ལས་བགྱིད་པ་བསླབ་པ་སྩལ་བས་ལས་བགྱིས་ན། བགྱིས་པ་ཞེས་བགྱིའམ། འོན་ཏེ་མ་བགྱིས་པ་ཞེས་བགྱི། ཨུ་པ་ལི། མ་བྱས་པ་ཞེས་བྱ་སྟེ། སླར་ཡང་བྱ་དགོས་སོ། །དེ་བཞིན་དུ་མ་ནིང་དང ། ཟ་མ་དང ། མི་གནས་པའི་བར་དུ་སྔ་མ་བཞིན་དུ་བྱའོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དགེ་སློང་གཞན་ཞིག་ལ་དགེ་སྦྱོང་ཞིག་བསྙེན་པར་རྫོགས་པར་འདོད་ནས་དེས་བསྙེན་པར་རྫོགས་པར་བྱ་བའི་དགེ་སློང་རྣམས་སྦྲན་ཏེ། དེས་བསྙེན་པར་རྫོགས་པར་བྱ་བའི་ཕྱིར་དེས་དགེ་ཚུལ་ཕ་དེ་ཁྲིད་དེ་དཀྱིལ་འཁོར་དུ་དོང་ནས་དེ་དགེ་སློང་དག་དང་ལྷན་ཅིག་ཏུ་དཀྱིལ་འཁོར་དུ་ཕྱིན་ནས་དེ་མཚམས་ཀྱི་ཕྱི་རོལ་ཏུ་མངགས་ཏེ་བཏང་བ་དང ། དེ་གཉེན་དག་གིས་ཁྲིད་དེ་སོང་ངོ ། །ཚེ་དང་ལྡན་པ་དེ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དགེ་སློང་གི་དངོས་པོར་འགྱུར་བའི་བར་ཆད་དུ་གྱུར་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་སངས་རྒྱས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། དགེ་སློང་དག་གིས་བསྙེན་པར་རྫོགས་པར་འདོད་པ་དེ་མཚམས་ཀྱི་ཕྱི་རོལ་ཏུ་མ་མངགས་ཤིག་།འདི་ལྟ་སྟེ། དགེ་སློང་དག་།འཁོར་ལོས་བསྒྱུར་བའི་རྒྱལ་པོའི་བུ་ཐུ་བོ་དབང་བསྐུར་བའི་རིགས་པ། དབང་མ་བསྐུར་ནས་རྒྱལ་ཚབ་འཐོབ་པ་དེ། རབ་ Pa136a ༄#། །ཏུ་བསྲུང་བར་བྱ་བ་དང ། རབ་ཏུ་བསྐྱང་བར་བྱ་བ་དེ་བཞིན་དུ་དགེ་སློང་གིས་བསྙེན་པར་རྫོགས་པར་འདོད་པ་དེ་ཡང་རབ་ཏུ་བསྲུང་ཞིང་བསྐྱང་བའི་རིགས་སོ། །དེ་ལྟ་བས་ན། དགེ་སློང་གིས་བསྙེན་པར་རྫོགས་པར་འདོད་པའི་དགེ་ཚུལ་དེ། མི་ཐོས་པའི་ཉེ་འཁོར་ཙམ་དུ་སྤངས་ལ་མཐོང་བའི་ཉེ་འཁོར་ཙམ་དུ་ཐལ་མོ་སྦྱར་ཏེ་མངོན་དུ་ལྟ་བཞིན་ཞོག་ཅིག་།དེ་ལྟར་ན། ཉེས་པའི་དམིགས་སུ་མི་འགྱུར་རོ། །གླེང་གཞིའི་སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་ལྔ་པའོ།། །།མདོར་ན། བཟོད་པར་གསོལ་བ་བྱེད་དང་མཚམས། །སྤུ་བསྙལ་བ་ཡང་དེ་བཞིན་ནོ། །འཐབ་མོ་རྒོད་པ་བསྡིགས་པ་དང ། །སྨད་པར་བྱ་དང་རིགས་སུན་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་བསྡིགས་པའི་ལས་བགྱིས་པས་བཟོད་པར་གསོལ་ཅིག་།ཅེས་གསུངས་ན། གང་དུ་བཟོད་པར་གསོལ་བར་བགྱི། ཨུ་པ་ལི། དེ་ནི། མཚམས་ཀྱི་ནང་དུའོ། །ཇི་ལྟར་བཟོད་པར་གསོལ་བར་བགྱི། སྤུ་ལངས་ཤིང་རབ་ཏུ་ལངས་པ་ལས་དགེ་འདུན་ལ་སྤུ་ཉལ་བར་བྱེད། འབྱུང་བར་རྩོལ། ཕྱག་འཚལ་བ་མངོན་དུ་སྟོན་ཅིང ། འཐབ་མོ་རྒོད་པ་དེ་ཡང་སླར་གཏོང་བའོ། །བཙུན་པ། བཅོམ་ Pa136b ལྡན་འདས་ཀྱིས་འཐབ་མོ་རྒོད་པའི་དགེ་སློང་དག་ལ་བསྡིགས་པའི་ལས་བྱོས་ཤིག་།ཅེས་གསུངས་ན། དེ་སྟེ་བཙུན་པ། དེ་ལ་བསྡིགས་པའི་ལས་བགྱིད་པའི་ཚེ་མ་རངས་པར་གྱུར་ན། དེ་ལ་ཐབས་ཇི་ལྟ་བུར་བགྱི། ཨུ་པ་ལི། དེའི་ཡོ་བྱད་དང་རྫས་ལས་ཁ་ཅིག་གིས་ལྷུང་བཟེད་དང ། ཆོས་གོས་ཁྱེར་ཅིག་།ཁ་ཅིག་གིས་ནི། པར་བུར་གྱི་སྣོད་དག་ཁྱེར་ལ་ཕྱི་རོལ་ཏུ་ཕྱུང་སྟེ་འོར་ཅིག་།དེ་སྟེ་ཀ་བ་ལ་འཇུ་ན་ཡང་ཀ་བ་ཆོད་ཅིག་།དེ་སྟེ་སྒོ་སྐྱེས་ལ་འཇུ་ན་ཡང་སྒོ་སྐྱེས་ཕྱུང་ལ། དེ་ལ་ངོ་ལྡོག་མི་ཕོད་པ་མ་བྱེད་ཅིག་།དེ་སླར་སུས་བཅོས་པར་བགྱི། དགེ་འདུན་གྱིས་སོ། །སུ་ལ་བཅོལ་བའི་ཡོ་བྱད་དགུག་།སྦྱིན་བདག་ལ་སློང་ལ་དེ་སྟེ་མ་འབྱོར་ན། དགེ་འདུན་ཐམས་ཅད་ཀྱི་ནོར་ལས་བྱོས་ཤིག་།དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།དེ་སྟེ་བཙུན་པ། དགེ་སློང་མ་ཞིག་འཐབ་མོ་རྒོད་པར་གྱུར་ན། དེ་ལ་ཡང་བསྡིགས་པའི་ལས་བགྱིའམ། ཨུ་པ་ལི། དེ་ལ་ཡང་བསྡིགས་པའི་ལས་བྱའོ། །དེ་སྟེ་མ་རངས་པར་གྱུར་ན་ཞེས་པ་ནས། ཐེ་ཚོམ་མ་བྱེད་ཅིག་ཅེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །བཙུན་པ། དེ་སྟེ་དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་ཞིག་འཐབ་མོ་རྒོད་པར་གྱུར་ན། དེ་དག་ལ་ཡང་བསྡིགས་པར་བགྱིའམ། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་ཅེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །བཙུན་པ། བཅོམ་ལྡན་འདས་ཀྱིས། རིགས་སུན་ཕྱུང་བའི་དགེ་སློང་ལ་བསྐྲད་པའི་ལས་བྱོས་ཤིག་།ཅེས་གསུངས་ན། དེ་སྟེ་བཙུན་པ། Pa137a ༄#། །དེ་ལ་བསྐྲད་པའི་ལས་བགྱིད་པའི་ཚེ་དེ་མ་རངས་པར་གྱུར་ན། དེ་ལ་ཇི་ལྟར་བགྱི། ཨུ་པ་ལི། དེ་ལ་ཡོ་བྱད་རྣམས་ཞེས་བྱ་བ་ནས་ཐེ་ཚོམ་མ་བྱེད་ཅིག་།ཅེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །དེ་བཞིན་དུ་དགེ་སློང་མས་རིགས་སུན་པ་དང ། དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་དག་ལ་ཡང་བསྐྲད་པའི་ལས་བགྱིའམ། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།ཅེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །གླེང་གཞིའི་སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་དྲུག་པའོ།། །།འདུལ་བ་གཞུང་དམ་པ། བམ་པོ་སོ་གསུམ་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཚུལ་ཁྲིམས་ཉམས་པའི་དགེ་སློང་སྐྲོད་ཅིག་ཅེས་གསུངས་ན། སུས་བསྐྲད་པར་བགྱི། དེ་ནི། དགེ་འདུན་གྱིས་བསྐྲད་པར་བྱའོ། །དེའི་ཡོ་བྱད་ལས་ཁ་ཅིག་གིས་ནི། ལྷུང་བཟེད་དང ། ཆོས་གོས་ཁྱེར། ཁ་ཅིག་གིས་ནི། པར་བུར་གྱི་སྣོད་དག་ཁྱེར་ཏེ་ཕྱི་རོལ་ཏུ་ཕྱུང་ལ་འོར་ཅིག་།དེ་སྟེ་ཀ་བ་ལ་འཇུས་ན། ཀ་བ་ཆོད་ཅིག་།སྒོ་སྐྱེས་ལ་འཇུས་ན། སྒོ་སྐྱེས་ཀྱང་ཕྱུང་ལ། དེ་ལ་ངོ་ལྡོག་མི་ཕོད་པར་མ་བྱེད་ཅིག་།སླར་སུས་བཅོས་པར་བགྱི། དགེ་འདུན་གྱིས་སོ། །འཆོས་པའི་ཡོ་བྱད་སུ་ལས་དགུག་།ཡོན་བདག་ལ་བསྐུལ་ལོ། །དེས་ཀྱང་མ་འབྱོར་ན། དགེ་འདུན་ཐམས་ཅད་ཀྱི་ནོར་གྱིས་སླར་བཅོས་པར་བྱ་སྟེ། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།ཚུལ་ཁྲིམས་ཉམས་པའི་དགེ་སློང་ Pa137b ལ་ཇི་ལྟར་དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་དག་ཀྱང་དེ་བཞིན་ནོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཁྱིམ་པ་ལ་སྨོད་པར་བྱེད་པའི་དགེ་སློང་དེ་ལ་སླར་བསྡུམ་པའི་ལས་བྱོས་ཤིག་།ཅེས་གསུངས་ན། བཙུན་པ། དེ་སྟེ་དགེ་སློང་མས་ཀྱང་ཁྱིམ་པ་ལ་སྨད་པར་གྱུར་ན། དེ་ལ་ཡང་སླར་བསྡུམ་པའི་ལས་བགྱིའམ། ཨུ་པ་ལི། དེ་ལ་ཡང་སླར་བསྡུམ་པའི་ལས་བྱེད་དུ་ཆུག་ཅིག་།དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་ལ་ཡང་དེ་བཞིན་ནོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གིས་ཁྱིམ་པ་ལ་སྨོད་ན། སླར་བསྡུམ་པའི་ལས་བྱེད་དུ་ཆུག་ཅིག་།ཅེས་གསུངས་ན། དགེ་སློང་གིས་དགེ་སློང་ལ་སྨོད་ན། དེ་ལ་ཡང་སླར་བསྡུམ་པའི་ལས་བགྱིའམ། ཨུ་པ་ལི། དེ་ལ་ཡང་སླར་བསྡུམ་པའི་ལས་བྱའོ། །དགེ་སློང་གིས་དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་ལ་ཡང་དེ་བཞིན་དུ་བྱའོ། །དགེ་སློབ་མས་དགེ་སློང་མ་དང ། དགེ་སློང་དང ། དགེ་སློབ་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་ལ་ཡང་དེ་བཞིན་དུ་བྱའོ། །དགེ་སློབ་མས་དགེ་སློབ་མ་དང ། དགེ་སློང་དང ། དགེ་སློང་མ་དང ། དགེ་ཚུལ་ཕ་དང ། དགེ་ཚུལ་མ་ལ་ཡང་དེ་བཞིན་དུ་བྱའོ། །དགེ་ཚུལ་ཕས་དགེ་ཚུལ་ཕ་དང ། དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་སློབ་མ་དང ། དགེ་ཚུལ་མ་ལ་ཡང་དེ་བཞིན་དུ་བྱའོ། །དགེ་ཚུལ་མས་དགེ་ཚུལ་མ་དང ། དགེ་སློང་དང ། དགེ་སློང་མ་དང ། Pa138a ༄#། །དགེ་སློབ་མ་དང ། དགེ་ཚུལ་ཕ་ལ་ཡང་དེ་བཞིན་དུ་བྱའོ། །དེ་ལྟར་འཁོར་ལོ་བཞིན་རྒྱས་པར་བརྗོད་དོ། །གླེང་གཞིའི་སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་བདུན་པའོ།། །།མདོར་ན། དགེ་ཚུལ་དག་དང་བསྡིགས་པ་དང ། །ལྔ་ལས་ཉུང་བ་མི་གནས་དང ། །ུ་པ་ལིས་ནི་ཇི་ལྟར་དྲིས། །ནུབ་མོ་ལྔ་ཡང་བྱིན་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། དགེ་སློང་གིས་བསྡིགས་པའི་ལས་བགྱིས་པའི་དགེ་ཚུལ་ལ་བསྙེན་པར་རྫོགས་པ་བགྱིས་ན། དེ་བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཨུ་པ་ལི། བསྙེན་པར་ནི། རྫོགས་མོད་ཀྱི། བསྙེན་པར་རྫོགས་པར་བྱེད་པ་ནི། འདས་པ་དང་བཅས་པའོ། །བཟོད་པ་ནི། གསོལ་བ་ཞེས་བྱའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ལོ་ལྔ་ལོན་ལ། ཆོས་རྣམ་པ་ལྔ་དང་ལྡན་ན། གནས་མ་བཅས་ཀྱང་ལྗོངས་སྤྱད་པ་སྤྱོད་དུ་གནང་ངོ ། །ཞེས་གསུངས་ན། བཙུན་པ། ལོ་བཞི་ལོན་ལ་ཆོས་རྣམ་པ་ལྔ་དང་ལྡན་ན། དེའང་གནས་མ་བཅས་པར་ལྗོངས་སྤྱོད་པ་སྤྱོད་དུ་གནང་ངམ། ཨུ་པ་ལི། མི་གནང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ལོ་ལྔ་མ་ལོན་པ་མི་རུང་བའི་ཕྱིར་རོ། །དེ་སྟེ་ལོ་དྲུག་གམ། ལོ་ Pa138b དགུ་ལོན་ལ། དེ་ཡང་ཆོས་ལྔ་དང་མི་ལྡན་ན། དེ་གནས་མ་བཅས་པར་ལྗོངས་སྤྱད་པ་སྤྱོད་དུ་གནང་ངམ། ཨུ་པ་ལི། མི་གནང་ངོ ། །དེ་ཅིའི་ཕྱིར་ཞེ་ན། ཆོས་ལྔ་དང་ལྡན་པར་བྱ་བའི་ཕྱིར་རོ། །བཙུན་པ། དགེ་སློང་བསྙེན་པར་རྫོགས་ནས་ལོ་གསུམ་ལོན་ལ། དེ་ཡང་སྡེ་སྣོད་གསུམ་དང་ལྡན་པ། རིག་པ་གསུམ་དང་ལྡན་པ། དྲི་མ་གསུམ་དང་བྲལ་ན། དེ་ཡང་གཞན་ལ་གནས་བཅའ་བར་བགྱིའམ། ཨུ་པ་ལི། དེ་ཡང་དེ་བཞིན་ནོ། །དེ་ཅིའི་ཕྱིར་ཞེ་ན། བཅས་པའི་ཚུལ་དུ་བྱ་བའི་ཕྱིར་རོ། །ཇི་སྲིད་དུ་གནས་མ་བཅས་པ་ལ་རྙེད་པ་སྩལ་བར་བགྱི། ཨུ་པ་ལི། དེ་མང་ན་ཡང་ཞག་ལྔའི་བར་དུ་སྟེ། ཡང་གནས་བཅའ་བ་ཆོལ་ཞིང་སྦྱོར་བ་མ་བཏང་བའོ། །གླེང་གཞིའི་སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་བརྒྱད་པའོ།། །།མདོར་ན། མཐུན་པ་དག་དང་མི་མཐུན་པ། །ཚད་གཟུང་དུ་ཡང་མེད་པ་དང ། །བཅས་པ་དང་ནི་མ་བཅས་པ། །དེ་བཞིན་མིང་དང་རིགས་ཀྱང་ངོ ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། ནོངས་པ་མཐུན་པ་ཞེས་ཀྱང་བགྱི། མི་མཐུན་པ་ཞེས་ཀྱང་བགྱི་ན་བཙུན་པ། ནོངས་པ་མཐུན་པ་གང་ལགས། མི་མཐུན་པ་གང་ལགས། ཨུ་པ་ལི། ཕས་ཕམ་པ་རྣམས་ནི། ཕས་ཕམ་པར་མཐུན་གྱི། གཞན་དང་མི་མཐུན་པའོ། །དགེ་འདུན་གྱི་ལྷག་མ་ Pa139a ༄#། །ནི། དགེ་འདུན་གྱི་ལྷག་མར་མཐུན་ནོ། །ལྟུང་བ་ནི། ལྟུང་བར་མཐུན་ནོ། །སོ་སོར་བཤགས་པ་ནི། སོ་སོར་བཤགས་པར་མཐུན་ནོ། །ཉེས་བྱས་ནི། ཉེས་བྱས་སུ་མཐུན་ནོ། །བཙུན་པ། ནོངས་པ་ཆད་དང་ལྡན་པ་ཞེས་ཀྱང་བགྱི། ནོངས་པ་ཚད་དང་མི་ལྡན་པ་ཞེས་ཀྱང་བགྱི་ན། བཙུན་པ། ཚད་དང་ལྡན་པ་ནི། གང་ལགས། མི་ལྡན་པ་ནི། གང་ལགས། ཨུ་པ་ལི། གང་ཞག་གི་མཐའ་དང ། ཉེས་པའི་མཐའ་དྲན་པར་གྱུར་པ་སྟེ། ཚད་དང་ལྡན་པ་ཞེས་བྱའོ། །གང་ཞག་དང་ཉེས་པའི་མཐའ་མི་དྲན་པར་གྱུར་པ་དེ་ནི། ཚད་དང་མི་ལྡན་པ་ཞེས་བྱའོ། །བཙུན་པ། ནོངས་པ་བཅབས་པ་ཞེས་ཀྱང་བགྱི། མ་བཅབས་པ་ཞེས་ཀྱང་བགྱི་ན། བཙུན་པ། བཅབས་པ་གང་ལགས། མ་བཅབས་པ་གང་ལགས། ཨུ་པ་ལི། དེ་ནི། རྣམ་པ་གཉིས་ཀྱིས་བཅབས་པ་སྟེ། སེམས་ཀྱིས་བཅབས་པ་དང ། ཞག་ཏུ་བཅབས་པའོ། །དེ་ལ་ཞག་ཏུ་བཅབས་པ་གང་ཡིན་པ་དེ་ནི། མ་བཅབས་པའོ། །སེམས་ཀྱིས་བཅབས་པ་གང་ཡིན་པ་དེ་ནི། བཅབས་པ་ཞེས་བྱའོ། །བཙུན་པ། ནོངས་པ་རྣམས་ཀྱི་མིང་དང ། རུས་ཞེས་བགྱི་བ། བཙུན་པ། མིང་གང་ལགས། རུས་གང་ལགས། ཨུ་པ་ལི། ཕས་ཕམ་པ་རྣམས་ནི། མིང་ངོ ། །དེ་ལས་བྱུང་བ་ནི། རུས་སོ། །དགེ་འདུན་གྱི་ལྷག་མ་ཞེས་བྱ་བ་ནི། མིང་ངོ ། །དེ་ལས་བྱུང་བ་ནི། རུས་སོ། །ལྟུང་བ་དང ། སོ་སོར་བཤགས་པ་དང ། ཉེས་བྱས་རྣམས་ནི། Pa139b མིང་ངོ ། །དེ་ལས་བྱུང་བ་ནི། རུས་སོ། །གླེང་གཞིའི་སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་དགུ་པའོ།། མདོར་ན། གཅིག་ལ་ཆད་པས་བཅད་པ་དང ། །བསླབ་པ་བྱིན་ལ་མི་སྤྱད་དེ། །དེ་དག་ལ་ནི་དད་མི་སྦྱིན། །དགེ་སློང་བྱེད་དམ་མི་ལེན་ཏོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། ། དྲུག་སྡེ་དག་དགེ་འདུན་གྱི་ལྷག་མའི་ཉེས་པ་བྱུང་བར་གྱུར་ནས་དེ་དག་ཆད་པས་བཅད་པ་དང ། དེ་དག་ར་བའི་ནང་དུ་དཀྱིལ་འཁོར་བྱས་ནས་ཆད་པ་བྱེད་དོ། །དེ་དག་ལ་དགེ་སློང་དག་གིས་ཚེ་དང་ལྡན་པ་དག་།ཅི་ཞིག་བྱེད། དེ་དག་གིས་སྨྲས་པ། ཆད་པ་བྱེད་དོ། །ཞེས་སྨྲས་པ་དང ། དགེ་སློང་དག་གིས་འདི་ནི། སླར་བཅབས་པ་ཡིན་གྱི། ཆད་པ་མ་ཡིན་ནོ། །ཞེས་སྨྲས་པ་དང ། དེ་དག་སྤ་གོང་ནས་ཅང་མི་ཟེར་བར་འདུག་གོ་།དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་།གང་ན་དགེ་སློང་གཅིག་པུ་གནས་པ་དེར་ཆད་པའི་ལས་མ་བྱེད་ཅིག་།ཅེས་བཀའ་སྩལ་ཏོ་།གང་དུ་དགེ་སློང་གཉིས་སམ། གསུམ་གནས་པ་དེར་ཡང་དགེ་སློང་དག་གིས་ཆད་པའི་ལས་མ་བྱེད་ཅིག་།གང་ན་དགེ་སློང་བཞིའམ། དེ་ལས་ལྷག་པ་ཡང་རུང་གནས་པ་དེར་དགེ་སློང་དག་གིས་ཆད་པ་དང ། གཞི་ནས་བསླང་བའི་ཆད་པ་དང ། གཞི་ནས་སླར་བསླང་བ་དང ། ཡིད་མགུ་བར་བྱ་བ་ Pa140a ༄#། །དང ། གཞི་ནས་བསླང་བའི་ཡིད་མགུ་བར་བྱ་བ་དང ། གཞི་ནས་སླར་བསླངས་ཏེ་ཡིད་མགུ་བ་དག་བྱོས་ཤིག་།བཅོམ་ལྡན་འདས་ཀྱིས་གང་ན་དགེ་སློང་བཞིའམ། དེ་ལས་ལྷག་པར་གནས་པ་དེ་དག་ཏུ་དགེ་སློང་གིས་ཆད་པ་དང ། གཞི་ནས་བསླང་བའི་ཆད་པ་དང ། གཞི་ནས་སླར་བསླང་བ་དང ། ཡིད་མགུ་བར་བྱ་བ་དང ། གཞི་ནས་བསླང་བའི་ཡིད་མགུ་བར་བྱ་བ་དང ། གཞི་ནས་སླར་བསླང་བ་དག་ཀྱང་བྱོས་ཤིག་།ཅེས་བཀའ་སྩལ་པ་དང ། དགེ་སློང་པ་དག་གིས་བསླབ་པ་བྱིན་པའི་དགེ་སློང་བཞི་ལ་ཆད་པ་བྱེད་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསླབ་པའི་བྱིན་པའི་དགེ་སློང་བཞི་ལ་ཡང་ཆད་པ་བྱེད་དུ་མི་གནང་ངོ ། །བཅོམ་ལྡན་འདས་ཀྱིས་བསླབ་པ་བྱིན་པའི་དགེ་སློང་བཞི་ལ་ཆད་པ་བྱེད་དུ་མི་གནང་ངོ ། །ཞེས་བཀའ་སྩལ་པ་དང ། དགེ་སློང་དག་གིས་བསླབ་པ་བྱིན་པ་གསུམ་དང ། ཚུལ་བཞིན་གནས་པ་གཅིག་ལ་བྱེད་དོ། །བསླབ་པ་བྱིན་པ་གཉིས་དང ། ཚུལ་བཞིན་གནས་པ་གཉིས་ལ་བྱེད་དོ། །བསླབ་པ་བྱིན་པ་གཅིག་དང ། ཚུལ་བཞིན་གནས་པ་གསུམ་ལ་ཆད་པ་བྱེད་དོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསླབ་པ་བྱིན་པ་བཞི་ལ་ཡང་ཆད་པ་མ་བྱེད་ཅིག། །བསླབ་པ་བྱིན་པ་གསུམ་དང ། ཚུལ་བཞིན་གནས་པ་ Pa140b གཅིག་ལ་ཡང་མ་བྱེད་ཅིག་།བསླབ་པ་བྱིན་པ་གཉིས་དང ། ཚུལ་བཞིན་གནས་པ་གཉིས་ལ་ཡང་མ་བྱེད་ཅིག་།བསླབ་པ་བྱིན་པ་གཅིག་དང ། ཚུལ་བཞིན་གནས་པ་གསུམ་ལ་ཡང་ཆད་པ་མ་བྱེད་པར་ཡོངས་སུ་དག་པ་བཞིའམ། དེ་ལས་མང་བ་རྣམས་ལ་ཆད་པ་བྱོས་ཤིག་།ཆད་པས་བཅད་པ་ལ་ཇི་ལྟ་བར་ཆད་པ་གཞི་ནས་བསླང་བ་དང ། གཞི་ནས་སླར་བསླང་བ་དང ། ཡིད་མགུ་བར་བྱེད་པ་དང ། གཞི་ནས་བསླངས་ཏེ་ཡིད་མགུ་བར་བྱེད་པ་དང ། གཞི་ནས་སླར་བསླང་བའི་ཡིད་མགུ་བར་བྱ་བ་རྣམས་ཀྱང་དེ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བསླབ་པ་སྩལ་པ་ལ་དད་པ་སྩལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །ཆོས་ཉིད་ལ་རེག་ན། མི་རུང་ངོ ། །བཙུན་པ། བསླབ་པ་སྩལ་བ་ལས་དད་པ་བླང་དུ་རུང་ངམ། ཨུ་པ་ལི། དེ་ལ་དགེ་སློང་དུ་འདུ་ཤེས་བཞག་ན། གདོད་རུང་ངོ ། །གླེང་གཞིའི་སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་བཅུ་པ་རྫོགས་ཏེ། སྒོ་གཉིས་པ་རྫོགས་སོ།། །།མདོར་བསྡུས་པ་ནི། དཀྱིལ་འཁོར་ལྷུང་བཟེད་དུགས་ཁང་དང ། །དུད་པ་བཏུང་དང་ཁར་ཕོར་དང ། །ལྕགས་སྐྲ་ཤིང་རྟའི་ལྟེ་བ་དང ། གདང་ཤིང་སྒྲོན་མ་མཆོད་རྟེན་ཏེ། །མདོར་ན། དཀྱིལ་འཁོར་ལྷ་ཡི་གནས་དང་ནི། །ཕྱེ་དང་གསུམ་དང་གནས་མི་འཆའ། །ལྷུང་བཟེད་མེད་པར་རབ་ཏུ་བྱུང ། །ལྷུང་བཟེད་ལ་ཡང་མི་བྲི་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་ Pa141a ༄#། །མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་དག་གིས་གར་བབ་བབ་ཏུ་ལྷུང་བཟེད་བཀྲུས་པ་དང ། ས་ཕྱོགས་དེར་སྦྲང་མ་དག་གིས་གང་སྟེ་མི་སྡུག་པར་གྱུར་པ་བྲམ་ཟེ་དང ། ཁྱིམ་བདག་གིས་མཐོང་ནས། ཅི། འཕགས་པ་དག་གིས་ཕྱོགས་འདིར་བཤང་གཅི་བགྱིས་སམ་ཞེས་སྨྲས་པ་དང ། དེ་དག་གིས། བཞིན་བཟང ། འདིར་བཤང་གཅི་དག་ནི། སུས་ཀྱང་མ་བྱས་ཀྱི། ངེད་ཀྱི་ལྷུང་བཟེད་བཀྲུས་སོ། །ཞེས་སྨྲས་པ་དང ། དེ་དག་གིས། འཕགས་པ། ཁྱེད་ཀྱིས་འདིར་དཀྱིལ་འཁོར་བྱ་བའི་རིགས་སོ།། ཞེས་སྨྲས་པ་དང ། དེ་དག་སྤ་གོང་ནས་ཅང་མི་ཟེར་བར་འདུག་གོ་།དེ་དག་འཕྱ་སྟེ་དགེ་སྦྱོང་ཤཱཀྱའི་བུ་དག་ནི། མི་གཙང་བ་སྟེ། གར་བབ་བབ་ཏུ་ལྷུང་བཟེད་འཁྲུའོ། །ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། བྲམ་ཟེ་དང ། ཁྱིམ་བདག་རྣམས་འཕྱ་བ་ནི། ཡུས་ཀྱི། དེ་བས་ན། གར་བབ་བབ་ཏུ་ལྷུང་བཟེད་མ་བཀྲུ་བར་དགེ་སློང་དག་གིས་ལྷུང་བཟེད་གང་དུ་བཀྲུས་པའི་གནས་དེར་དཀྱིལ་འཁོར་བྱོས་ཤིག་།ཅེས་བཀའ་སྩལ་ཏོ། །བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་བྱོས་ཤིག་ཅེས་གསུངས་ནས་དགེ་སློང་དག་གིས་ལྷུང་བཟེད་བཀྲུས་པའི་གནས་དེར་དཀྱིལ་འཁོར་ཟླུམ་པོར་བྱས་པ་དང ། བྲམ་ཟེ་དང ། ཁྱིམ་བདག་དག་གཙུག་ལག་ Pa141b ཁང་དུ་འོངས་ཏེ་གནས་ཀྱི་བར་ན་མར་དཀྱིལ་འཁོར་ཡོད་པ་དག་མཐོང་ནས། ཀྱེ། འདི་ཅི་ཞིག་ཅེས་དྲིས་པ་དང ། ཁ་ཅིག་གིས་ཡང ། ཀྱེ། འདི་ལྟ་ལ་ཤེས་པར་བྱར་ཅི་ཡོད། དགེ་སྦྱོང་ཤཱཀྱའི་བུ་དག་ནི། ཉི་མ་ལ་དད་དོ། །ཞེས་སྨྲས་སོ། །གཞན་དག་གིས། ཀྱེ། དེ་བཞིན་ཏེ། དགེ་སྦྱོང་ཤཱཀྱའི་བུ་དག་ནི། ཉི་མ་ལ་དད་པ་བདེན་ནོ། །ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ཉི་མ་དང་འདྲ་བའི་དཀྱིལ་འཁོར་མ་བྱེད་ཅིག་།བཅོམ་ལྡན་འདས་ཀྱིས་ཉི་མ་དང་འདྲ་བའི་དཀྱིལ་འཁོར་མ་བྱེད་ཅེས་གསུངས་པ་དང ། དགེ་སློང་དག་གིས་ཟླ་བ་ཁམ་པ་འདྲ་བའི་དཀྱིལ་འཁོར་བྱས་སོ། །དེར་བྲམ་ཟེ་དང ། ཁྱིམ་བདག་དག་གིས་ཡང་གཙུག་ལག་ཁང་དུ་ལྷགས་ནས། ཀྱེ། དགེ་སློང་ཤཱཀྱའི་བུ་དག་ནི། ཟླ་བ་ལ་དད་དོ། །ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ཟླ་བ་དང་འདྲ་བའི་དཀྱིལ་འཁོར་ཀྱང་མ་བྱེད་ཅིག་།དགེ་སློང་དག་གྲུ་བཞིར་བྱེད་པ་ལ་ཞུགས་པ་དང ། གཙུག་ལག་ཁང་དེར་བྲམ་ཟེ་དང ། ཁྱིམ་བདག་དག་ཡང་ལྷགས་ནས། ཀྱེ། དགེ་སྦྱོང་ཤཱཀྱའི་བུ་དག་ནི། བ་ལང་ལ་དད་དོ། །ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། Pa142a ༄#། །དཀྱིལ་འཁོར་གྲུ་བཞི་དང་རྣམ་པ་གཉིས་ལྟར་མ་བྱེད་པར་མདུང་རྩེ་དང་རྔ་འདྲ་བར་བྱོས་ཤིག་།ཅེས་བཀའ་སྩལ་ནས་དགེ་སློང་རྣམས་དེ་ཅིས་བྱ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བ་ལང་གི་ལྕི་བའམ། སའམ། ཆུས་བྱུག་པར་གྱིས་ཤིག་།བཅོམ་ལྡན་འདས་ཀྱིས་དཀྱིལ་འཁོར་རྣམ་པ་གཉིས་བྱོས་ཤིག་།ཅེས་གསུངས་པ་དང།་དགེ་སློང་དག་གིས་སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་དེ་འདྲ་བའི་དཀྱིལ་འཁོར་རྣམ་པ་གཉིས་བྱས་ཏེ། དེ་མགུ་བར་གྱུར་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དཀོན་མཆོག་གསུམ་ལ་ནི། ཉི་མའམ། ཟླ་བའམ། ཇི་ལྟར་དད་པ་རྣམ་པ་ཐམས་ཅད་དུ་བྱ་སྟེ། དེ་ལ་ཐེ་ཚོམ་མ་བྱེད་ཅིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་བཀའ་སྩལ་པ། དགེ་སློང་དག་སྦྱིན་པ་བྱེད་པ་དང ། སྦྱིན་པའི་བདག་པོས་གཏོར་མ་ལེན་པའི་ལྷ་དག་ལ་རྣམ་པ་གསུམ་གྱིས་དུས་དུས་སུ་ཡང་དག་པར་མགུ་བར་བྱ། ཡང་དག་པར་མཆོད་པར་བྱ། ཡང་དག་པར་བདེ་བར་བྱའོ། །གསུམ་གང་ཞེ་ན། དུས་དུས་སུ་གཙང་མའི་བྱི་བདར་དང ། དུས་དུས་སུ་གཏོར་མའི་ལས་ཀྱང་བྱེད། དུས་དུས་སུ་སྦྱིན་པའི་ཡོན་ཀྱང་བསྔོའོ། །དགེ་སློང་དག་སྦྱིན་པར་བྱེད་པ་དང ། སྦྱིན་བདག་གིས་གཏོར་མ་ལེན་པའི་ལྷ་དག་ལ་དུས་དུས་ Pa142b སུ་ཡང་དག་པར་མགུ་བར་བྱ། ཡང་དག་པར་མཆོད་པར་བྱ། ཡང་དག་པར་བདེ་བར་བྱས་ན། སྦྱིན་པར་བྱེད་པ་དང ། སྦྱིན་བདག་རྣམས་ལ་ཡིད་དགེ་བས་སླར་བརྩེ་བར་བྱེད་དོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་བཀའ་སྩལ་པ་དང ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་ཡང་སྟོན་པས་གསུངས་པ། སྐྱེས་བུ་གང་ཟག་དད་པ་དག་།གང་གིས་ལྷ་རྣམས་མཆོད་བྱེད་པ། །སྟོན་པའི་བཀའ་བཞིན་བྱེད་པ་སྟེ། །སངས་རྒྱས་ཀྱིས་ཀྱང་དེ་ལ་བསྔགས། །ས་ཕྱོགས་གང་ན་ཤེས་རབ་ཅན། །མཁས་པ་ཚུལ་ཁྲིམས་ལྡན་འཁོད་པ། །བཤོས་གསོལ་སྦྱིན་རབ་བསྒྲག་པར་བྱ། །དེ་དག་རྗེད་པས་རྗོད་པར་འགྱུར། །མཆོད་པར་བྱས་པས་མཆོད་པར་འགྱུར། །དེ་ནས་འདི་ལ་སྙིང་བརྩེ་བ། །མ་ཡིས་ལུས་བསྐྱེད་བུ་ལ་བཞིན། །ལྷས་རྗེས་བརྩེ་བའི་མི་རྣམས་ཀྱིས། །བདེ་ཞིང་བཟང་པོ་མཐོང་བར་འགྱུར། །བཅོམ་ལྡན་འདས་ཀྱིས་སྐྱེས་བུ་གང་ཟག་ལ་དད་པས་ལྷ་རྣམས་ལ་མཆོད་ན། སྟོན་པའི་བཀའ་བཞིན་བྱས་པ་ཡིན་ཏེ། སངས་རྒྱས་དག་གིས་ཀྱང་བསྔགས་སོ། །ཞེས་གསུངས་པ་དང ། དྲུག་སྡེ་དག་གིས་ར་བའི་ལྷ་དང ། ནགས་ཚལ་གྱི་ལྷ་དང ། བཞི་མདོའི་ལྷ་དང ། སུམ་མདོའི་ལྷ་དང ། འཇིག་རྟེན་གྱི་ལྷ་དག་ལ་སོགས་ཏེ་ཐམས་ཅད་མཆོད་པར་བྱེད་པ་དང།་དད་པའི་བྲམ་ཟེ་དང ། ཁྱིམ་བདག་དད་པ་རྣམས། །འཕགས་པ་འདི་དག་དགེ་བར་གསུངས་པའི་ཆོས་འདུལ་བ་རབ་ཏུ་བྱུང་ན། འདི་ལྟར་གནོད་པ་ཤ་དང ། ཁྲག་དང ། རྐང་དང ། Pa143a ༄#། །ཚིལ་དག་ཟ་ཞིང་གཞན་གྱི་སྲོག་འཕྲོག་པ་དག་ལ་མཆོད་དེ། བདག་ཅག་དགེ་བསྙེན་གྱིས་ཀྱང་རིང་དུ་སྤངས་ན། འདི་དག་ནི། མཆོད་པར་བྱེད་དོ། །ཞེས་ཉེས་པ་ངོར་བརྗོད། འཕྱས་འདོགས་ཤིང་མི་སྙན་པར་ཟེར་ནས་དེ་དག་དགེ་སློང་དག་གིས་བཟློག་པ་དང ། ཅིའི་ཕྱིར། ཚེ་དང་ལྡན་པ་དག་།བཅོམ་ལྡན་འདས་ཀྱིས་ནི། གང་སྐྱེས་བུ་གང་ཟག་དད་པ་དག་གིས་ལྷ་དག་ལ་མཆོད་པར་བྱས་ན། སྟོན་པའི་བཀའ་བཞིན་དུ་བྱས་པ་ཡིན་ཏེ། སངས་རྒྱས་དག་གིས་ཀྱང་བསྔགས་སོ། །ཞེས་མ་གསུངས་སམ། ཅི། ངེད་ཅག་དད་པ་མ་ཡིན་ནམ། ཅིའི་ཕྱིར་ན་མི་མཆོད་ཅེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ངས་ཁྱིམ་པ་དག་ལ་དགོངས་ཏེ་གསུངས་ཀྱི། དགེ་སློང་དག་ལ་མ་ཡིན་གྱི། དེ་ལྟ་བས་ན། དགེ་སློང་དག་གིས་ལྷ་རྣམས་ལ་མཆོད་པར་མ་བྱེད་ཅིག་།བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལྷ་རྣམས་ལ་མཆོད་པར་མ་བྱེད་ཅེས་གསུངས་པ་དང ། དྲུག་སྡེ་དག་གིས་དེ་དག་ལ་གནོད་པར་བྱེད་པ་ལ་ཞུགས་པ་དང ། དགེ་སློང་དེ་དག་གི་རྨི་ལམ་དུ་ངེད་ཀྱིས་ཉེས་པ་ཅི་བྱས་ན། ངེད་ལ་གནོད་པར་བྱེད་ཅེས་སྟོན་ཏོ། །བྲམ་ཟེ་དང ། ཁྱིམ་བདག་མ་དད་པ་དག་ཀྱང ། འཕགས་པ་རྣམས། འདི་དག་གིས་ཁྱེད་ཅག་ལ་གནོད་པ་ཅི་ཞིག་ Pa143b བྱས་ན། འདི་དག་མ་རུང་བར་བྱེད་ཅེས་འཕྱའོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་དེ་དག་ལ་མཆོད་པར་ཡང་མ་བྱེད། གནོད་པར་ཡང་མ་བྱེད་ཅིག་ཅེས་བཀའ་སྩལ་པ་དང ། དྲུག་སྡེ་དག་ལམ་དུ་ཞུགས་ཏེ་འདོང་བའི་ཚེ་ལྷ་དག་གི་རྟེན་མཐོང་བ་དང་བྱོལ་ཏེ་ལམ་མཐོན་དམན་དང ། ཚེར་མ་ཅན་དུ་དོང་བ་དང ། དེ་ན་དགེ་སློང་ཁ་ཅིག་ནི། འཇག་མས་གནོན། ཁ་ཅིག་ནི། ཚེར་མ་ཟུག་།ཁ་ཅིག་ནི། དྲེད་ནས་ལྷུང་ངོ ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལམ་བྱོལ་ཏེ་མ་འདོང་བར་ལམ་དྲང་པོར་དེངས་ལ། ལྷ་དག་གི་རྟེན་ལ་སེ་གོལ་གྱི་སྒྲ་ཕྱུང་ལ་ཞལ་ནས་གསུངས་པའི་ཚིགས་སུ་བཅད་པ་བཀླག་པར་བྱ་སྟེ། དེ་ལ་ཐེ་ཚོམ་མ་བྱེད་ཅིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ལྷན་ཅིག་སྤྱོད་པ་དང ། ཉེ་གནས་ཀྱི་དགེ་སློང་གི་མཁན་པོ་དང ། སློབ་དཔོན་ལ་དུས་གསུམ་དུ་བལྟར་སོང་ཞིག་།ཅས་གསུངས་ལ། མཚམས་ཆེན་པོ་དཔག་ཚད་ཕྱེད་དང་གསུམ་དུ་ཆོད་ཅིག་།ཅེས་ཀྱང་གསུངས་ན། བཙུན་པ། དེ་ལྟར་ན། སློབ་དཔོན་དང ། མཁན་པོ་དཔག་ཚད་ཕྱེད་དང་གསུམ་ན་མཆིས་ན། དེ་དག་གིས་ཇི་ལྟར་མཆི། ཨུ་པ་ལི། དེ་དག་གིས་ཟླ་བ་ཕྱེད་ཕྱེད་ཅིང་བལྟར་སོང་ཞིག་།དེ་སྟེ་དེ་དག་རྒྱང་ Pa144a ༄#། །གྲགས་ལྡན་གནས་ན། དེ་དག་གིས་ཞག་བདུན་ནམ་བརྒྱད་ན་བལྟར་སོང་ཞིག་།དེ་ཚུན་ཆད་ནི། ཇི་ལྟར་དུས་སུ་བལྟར་སོང་ཞིག་།འདོམ་ལྔ་བརྒྱ་ན་གནས་ན་ནི།་དེ་དག་གིས་དུས་གསུམ་དུ་བལྟར་སོང་ཞིག་།དེ་ལྟར་མ་སོང་ན། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། ཚེ་དང་ལྡན་པ་ཉེ་དགའ་བོ་ལ་རབ་ཏུ་འབྱུང་བར་འདོད་པ་ཞིག་འོངས་ནས་དེས་དེ་ལྷུང་བཟེད་མེད་པར་རབ་ཏུ་ཕྱུང་ངོ ། །དེའི་ཚེ་ན་དགེ་སློང་དག་གིས་ལྷུང་བཟེད་བཀྲུས་ནས་ལྷུང་བཟེད་གཞག་པའི་སར་བཞག་སྟེ་མཆོད་རྟེན་ལ་ཕྱག་བྱས་ནས་བདག་བདག་གི་ལྷུང་བཟེད་བླངས་ཏེ་ཟས་བཟའ་བའི་གནས་སུ་འཁོད་དོ། །གང་གི་ཚེ་དགེ་སློང་དག་ཟས་བཟའ་བའི་ལྷུང་བཟེད་དག་བཀྲུས་ནས་མཆོད་རྟེན་ལ་ཕྱག་བྱེད་པ་ལ་ཞུགས་པ་དང ། གསར་དུ་རབ་ཏུ་བྱུང་བ་དེ་ཡང་དེ་དག་དང་ལྷན་ཅིག་ཏུ་ཕྱག་བྱས་ནས་གང་གི་ཚེ་དགེ་སློང་དག་མཆོད་རྟེན་ལ་ཕྱག་བྱས་ཏེ་ལག་པ་བཀྲུས་པ་དང ། གསར་དུ་རབ་ཏུ་བྱུང་བ་དེས་ཀྱང་གནས་བརྟན་ཀུན་ཤེས་ཀོའུ་འདི་ནྱའི་ལྷུང་བཟེད་བླངས་པ་དང ། དེས་དེ་ལྟར་བཟློག་གོ་།དེ་ནས་གང་པོ་དང ། མིང་ཆེན་དང ། མ་འགག་པ་དང ། ཤཱ་རིའི་བུ་དང ། མོའུ་དགལ་གྱི་བུ་དང ། འོད་སྲུང་དང ། ཀུན་དགའ་བོ་དང ། རེ་བ་ཏི་ལ་སོགས་པའི་ལྷུང་བཟེད་བླངས་ཏེ། དེ་དག་གིས་ཀྱང་སླར་བཟློག་པ་དང ། དེ་མཆི་མས་མིག་གང་བཞིན་དུ་ཕྱོགས་གཅིག་ཏུ་ Pa144b བདུག་གོ་།འདོད་ཆགས་དང་མ་བྲལ་པའི་དགེ་སློང་དག་།འདི་ལྟར་ལྷུང་བཟེད་མེད་པར་སུས་རབ་ཏུ་བྱུང་ཞེས་འཕྱས་འདོགས་སོ། །ཁ་ཅིག་གིས་ནི། ཉེ་དགའ་བོ་ཡིན་ནོ། །ཞེས་སྨྲས་ནས་དེ་དག་གིས་ཉེས་པ་སྦོམ་པོ་ལ་སྤྱོད་པ་དེ་མ་གཏོགས་པར་གཞན་སུ་ཞིག་དེ་ལྟར་བྱེད་ཅེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་འདི་རྣམས་འཕྱ་བ་ནི། ཡུས་ཏེ། དེ་བས་ན། དགེ་སློང་རྣམས་ཀྱིས་ལྷུང་བཟེད་མེད་པར་རབ་ཏུ་དབྱུང་བར་དང་པོར་ལྷུང་བཟེད་དག་ཚོལ་ལ་གདོད་རབ་ཏུ་ཕྱུང་ཞིག། དེ་སྟེ་མི་འབྱོར་ན། བདག་གི་ལྷུང་བཟེད་ཆུང་དུ་བྱིན་ཅིག་།དགེ་སློང་དག་གིས་ལྷུང་བཟེད་མེད་པར་རབ་ཏུ་ཕྱུང་ན། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། ཚེ་དང་ལྡན་པ་མ་འགག་པ་ལ་ཉེ་གནས་གཞོན་ནུ་ལྷུང་བཟེད་འཛིན་པ་ཞིག་ཡོད་པ་དེས་དེའི་ལྷུང་བཟེད་དང ། བདག་གི་ལྷུང་བཟེད་གཉིས་བཀྲུས་ཏེ། ལྷུང་བཟེད་དེ་དག་གཉིས་ཀྱང་འདྲ་བ་ཞིག་ནས་བདག་གི་གང་ཡིན། སློབ་དཔོན་གྱི་གང་ཡིན་པ་མི་ཤེས་ནས་ཕྱི་ཞིག་ན་དེས་ཚེ་དང་ལྡན་པ་མ་འགག་པའི་ལྷུང་བཟེད་ལ་སློབ་དཔོན་མ་འགག་པའི་ལྷུང་བཟེད་ཅེས་ཡི་གེ་བྲིས་སོ། །དེ་ནས་དུས་ཕྱི་ཞིག་ན་ཁྱིམ་བདག་གཞན་ཞིག་གིས་སངས་རྒྱས་ལ་སོགས་བ་དགེ་སློང་གི་དགེ་འདུན་རྣམས་ཁྱིམ་དུ་བཤོས་ལ་སྤྱན་དྲངས་ཏེ། ཁྱིམ་བདག་དེ་ལ་སྔོན་ཡོངས་སུ་སྤྱད་པའི་སྨད་འཚོང་མ་ཞིག་ཡོད་དེ། Pa145a ༄#། །དེས་དེ་ལ་ཡང་བཟང་མོ། ངས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དག་བཤོས་ལ་སྤྱན་དྲངས་ཀྱི། ཁྱོད་ཀྱང་ཚུར་ཤོག་ལ་རང་གི་ལག་གིས་ཀྱང་བྲིམ་པར་བྱོས་ཤིག་ཅེས་སྤྲིང་པ་དང ། དེ་ཡང་བྲེལ་བའི་རྐྱེན་ཅིག་བྱུང་ནས་དེར་མ་འོངས་སོ། །བཅོམ་ལྡན་འདས་དང་ཉན་ཐོས་ཀྱི་དགེ་འདུན་དག་བཤོས་གསོལ། སྦྱིན་རབས་གསུངས་ནས་སླར་བཞུད་པ་དང ། ཚེ་དང་ལྡན་པ་མ་འགག་པའི་ལྷུང་བཟེད་འཛིན་པའི་གཞོན་ནུ་དེ་ཁྱིམ་དེ་ཉིད་དུ་ལྷུང་བཟེད་བཀྲུས་ཏེ་འགྲོའོ། །སྙམ་དུ་བསམ་ནས་འདུག་པ་དང ། ཁྱིམ་བདག་དེས་འཕགས་པ། ལྷུང་བཟེད་སྐད་ཅིག་གཡར། མཛའ་བ་ཞིག་ལ་ལྷུང་བཟེད་ཀྱི་ལྷག་མ་ཞིག་བསྐུར་རོ། །ཞེས་སྨྲས་པ་དང ། དེས་བདག་གི་ནི། མ་བྱིན་གྱི། ཚེ་དང་ལྡན་པ་མ་འགག་པའི་ལྷུང་བཟེད་བྱིན་པ་དང ། ཁྱིམ་བདག་དེས་དེའི་ནང་དུ་བཟའ་བ་དང ། བཅའ་བ་གཙང་མས་བཀང་ནས་སྨད་འཚོང་མ་དེ་ལ་བསྐུར་ཏེ་འཕྲིན་དུ། བཟང་མོ། ངས་ནི། ཁ་ཟས་ཟས་འདི་ལྟ་བུས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་རྣམས་ཚིམ་པར་བྱས་ཀྱི། ཁྱོད་ཀྱིས་དེ་ལ་རྗེས་སུ་ཡི་རང་སྐྱེད་ཅིག་།ཅེས་སྤྲིང་ངོ ། །དེས་ཁ་ཟས་དེ་དག་བྱོ་བ་དང་ལྷུང་བཟེད་ཀྱི་ཞབས་ལ་ཡི་གེ་འདུག་པ་མཐོང་ནས་བུད་མེད་ཀྱི་ཡུལ་ནི། རྣམ་པ་བཅོ་བརྒྱད་ལ་མཁས་ཏེ། དེས་བཀླགས་པ་དང ། ཚེ་དང་ལྡན་པ་མ་འགག་པའི་མིང་མཐོང་ནས་དེས་འདི་སྙམ་དུ། བདག་གིས་འཕགས་པ་ལྷ་དང ། མིས་མཆོད་པའི་ལྷུང་བཟེད་དེ་འདི་ Pa145b བཞིན་དུ་བསྐུར་བའི་མི་རིགས་སོ། །སྙམ་དུ་བསམ་ནས། དེས་ལྷུང་བཟེད་དེ་དྲིས་ཕྱིས་ཏེ་དེ་ནས་མེ་ཏོག་བསུང་ཞིམ་པོས་བཀང་ནས་ཁྲིའུ་ཚོན་གྱིས་བྲིས་པའི་སྟེང་དུ་བཞག་སྟེ་དེའི་དྲུང་དུ་བཏུང་ནས་པོག་\?\་པོར་གྱིས་བདུག་ཅིང་འདུག་པ་དང ། དེ་ན་སྐྱེད་པ་གཞན་ཞིག་ཀཪྴ་པཎ་ལྔ་བརྒྱ་དང ། དྲི་དང ། ཕྲེང་བ་དག་ཁྱེར་ཏེ་དེའི་དྲུང་དུ་འོངས་ནས་བཟང་མོ། ཅི་བྱེད། ཀུན་ཏུ་སྤྱད་ཀྱི། འདོང་ངོ ། །ཞེས་སྨྲས་པ་དང ། ལྷུང་བཟེད་ལ་མཆོད་པ་བྱའོ། སྐད་ཅིག་སྡོད་ཅིག་།དེས་ལྷུང་བཟེད་འདི་གང་ནས་འོངས། སུའི་ཡིན་ཞེས་སྨྲས་པ་དང ། མོས་ཇི་ལྟར་གྱུར་པ་ཞིབ་ཏུ་སྨྲས་སོ། །དེས། ཁྱོད་ཀྱིས་ཡ་མཚན་ཅན་ཐམས་ཅད་དག་ལ་ཡང་སྦྱིན་པ་གཏོང་སྟེ། རབ་ཏུ་བྱུང་བ་དག་ཀྱང་མ་ཤོར་ཏོ། །ཞེས་སྨྲས་པ་དང ། དེ་རྣ་བ་བཀབ་ནས་སྡིག་པ་དེ་ལྟ་བུ་མ་བྱས་ཀྱི། སེམས་ཅན་དམྱལ་བར་འགྲོ་བའི་རྒྱུར་གྱུར་ཏ་རེ་ཞེས་སྨྲས་སོ། །མོས་དེ་སྐད་སྨྲས་ཀྱང་དེས་ལོག་པར་བྱེད་པ་དེ་མ་བཏང་ངོ ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་དགོངས་པ། དགེ་སློང་གང་མི་བྲི་བ་བྲིས་པ་དེ་ནི། ཉེས་པའི་དམིགས་སུ་འགྱུར་གྱི། དེ་བས་ན། དགེ་སློང་དག་མི་བྲི་བ་མ་འབྲི་ཞིག་།བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་མི་བྲི་བ་མ་འབྲི་ཞིག་།ཅེས་གསུངས་པ་དང ། དགེ་སློང་དག་གིས་གང་མི་བྲི་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མི་བྲི་པ་རྣམ་པ་ལྔ་སྟེ། སོ་སོར་ཐར་པ་ཐམས་ཅད་དང ། སོ་སོར་ཐར་པ་ལྡན་པ་དང ། འདུལ་བ་ཐམས་ཅད་དང ། འདུལ་བ་ཐམས་ཅད་དུ་ Pa146a ༄#། །ལྡན་པ་དང ། གང་ཟག་སོ་སོའོ། །མཚན་མ་ཅན་དུ་བྱ་བ་ལ་ནི། ཉེས་པ་མེད་དོ། །གླེང་གཞིའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་དང་པོའོ།། །།མདོར་ན།་དགེ་ཚུལ་གྱིས་ནི་ལྷུང་བཟེད་བཅག་།ལྷུང་བཟེད་ཇི་ལྟར་བསྲེག་པར་བྱ། །སྲེག་འགེབས་གནང་བར་བྱ་བ་སྟེ། །དྲང་སྲོང་ཆེན་པོས་རྗེས་སུ་གནང ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་སྐྱབས་མེད་པ་ལ་ཟས་སྦྱིན་པའི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་གཞན་ཞིག་གིས་དགེ་ཚུལ་ཕ་ལྷུང་བཟེད་འཛིན་པ་དེ་ལ་དེས་ལྷུང་བཟེད་འཁྲུར་བཅུག་པ་དང ། དགེ་ཚུལ་ཕ་དེ་ཡང་དྲན་པ་ཉེ་བར་གནས་པ་མ་ཡིན་པ་ཞིག་ནས་དེའི་ལག་ནས་ལྷུང་སྟེ་ཆག་གོ་།དགེ་སློང་དེ་ཕོངས་པར་གྱུར་ཏེ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་དགོངས་པ། དགེ་སློང་དག་།གང་ཅུང་ཟད་དགེ་སློང་དག་གིས་དགེ་ཚུལ་ཕ་ལ་ལྷུང་བཟེད་འཁྲུར་བཅུག་ན། ཉེས་པའི་དམིགས་སུ་འགྱུར་ཏེ། དེ་བས་ན། དགེ་སློང་དག་གིས་དགེ་ཚུལ་ཕ་དག་ལ་ལྷུང་བཟེད་འཁྲུར་མ་གཞུག་ཅིག་།བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལྷུང་བཟེད་དགེ་ཚུལ་ཕ་ལ་འཁྲུར་མ་གཞུག་ཅིག་ཅེས་བཀའ་སྩལ་ནས་ཚེ་དང་ལྡན་པ་ཤཱ་རིའི་བུའི་དགེ་ཚུལ་ཕ་ཙུནྡན་ཞེས་བྱ་བ་ལྷུང་བཟེད་འཛིན་ཏེ། དེས། མཁན་པོ། ལྷུང་བཟེད་ཚུར་སྩོལ་ཅིག་།བཀྲུའོ། །ཞེས་སྨྲས་པ་དང ། དེས། བུ། བཅོམ་ལྡན་འདས་ཀྱིས་བསླབ་ Pa146b པའི་གནས་བཅས་ཏེ། དགེ་སློང་གིས་དགེ་ཚུལ་ཕ་དག་ལ་ལྷུང་བཟེད་འཁྲུར་མ་གཞུག་ཅིག་།ཅེས་གསུངས་ཀྱི། ང་ཉིད་འཁྲུའི། ཁྱོད་ཕར་སོང་ཞིག་།ཅེས་སྨྲས་པ་དང ། དེས། མཁན་པོ། ཅི། བདག་གིས་ཀྱང་ཉེས་པའི་དམིགས་སུ་འགྱུར་རམ་ཞེས་སྨྲས་པ་དང ། དེས། བུ། སངས་རྒྱས་བཅོམ་ལྡན་འདས་ནི། ཆོས་ཀྱི་བདག་པོ་བས་ན། ངས་ཇི་ལྟར་བྱ་ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ཚུལ་ཕ་དྲན་པ་ཉེ་བར་གནས་པ་དེ་དག་ལ་ནི། འཁྲུར་གཞུག་སྟེ། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དགེ་སློང་དག་ལྷུང་བཟེད་དུ་ཟན་ཟོས་ནས་དེ་ཡང་མ་བཅོས་པས་བཙས་ཁྱེར་ནས་རྡོལ་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་སྲེག་པར་བྱོས་ཤིག་།བཅོམ་ལྡན་འདས་ཀྱིས་ལྷུང་བཟེད་སྲེག་ཤིག་།ཅེས་གསུངས་ནས་དགེ་སློང་དག་གིས་ལྷུང་བཟེད་ཤིང་གིས་བསྲེགས་པ་དང ། ལྷུང་བཟེད་མ་རུང་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་ཤིང་གིས་སྲེག་པར་མ་བྱེད་ཅིག་།ཅེས་བཀའ་སྩལ་པ་དང ། དགེ་སློང་དག་གིས་རྩཝ་དང ། སོག་མ་དག་གིས་གཡོགས་ཏེ་བསྲེགས་པ་དང།་དེ་ཉིད་ཉེས་པའི་དམིགས་སུ་གྱུར་ནས་བཅོམ་ལྡན་འདས་ཀྱིས་རྩཝ་དང ། སོག་མས་གཡོགས་ཏེ་སྲེག་པར་མ་བྱེད་ཅིག་ཅེས་བཀའ་སྩལ་ནས་དགེ་སློང་དག་གིས་ཇི་ལྟར་བསྲེག་པར་བྱ་བ་མི་ Pa147a ༄#། །ཤེས་ནས་བཅོམ་ལྡན་འདས་ཀྱིས་ལྷུང་བཟེད་ཀྱི་སྲེག་འགེབས་སྦྱོར་ཅིག་།ཅེས་བཀའ་སྩལ་པ་དང ། དགེ་སློང་དག་གིས་ལྷུང་བཟེད་ཀྱི་སྲེགས་འགེབས་ཇི་ལྟར་སྦྱོར་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲེག་འགེབས་ལ་རྣམ་པ་གཉིས་ཏེ། སློབ་དཔོན་གྱིས་བྱས་པ་དང ། བདག་གིས་བྱས་པའོ། །དེ་ལ་སློབ་དཔོན་གྱིས་བྱས་པ་ནི། བུམ་པ་ལྟ་བུའོ། །བདག་གིས་བྱས་པ་ནི། ཕྲུ་བའམ། རྫ་མ་ཡང་རུང་སྟེ། ཐལ་བས་བཀང་ལ་རྫ་མ་ཇི་ཙམ་རན་པར་གྱིས་ཤིག་།ཅེས་བཀའ་སྩལ་པ་དང ། དགེ་སློང་དག་གིས་གྱོ་མོའི་ནང་དུ་དེ་བཞིན་དུ་བསྲེགས་པས་དེ་ཉིད་ཉེས་པའི་དམིགས་སུ་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱི་རོལ་ཏུ་ནི། འཇིམ་པ་དང་ཕུབ་མར་བསྲེས་པས་ཡུགས་ལ་ནང་དུ་ཏིལ་གྱི་ཚིགས་མའམ། བ་ལང་གི་ལྕི་བས་ཡུགས་ཏེ། དེ་བསྐམས་པ་དང་ས་གཞི་བྱི་བདར་གྱིས་ལ། འོག་ཏུ་ཕུབ་མའམ། ཏིལ་གྱི་ཚིགས་མ་དང ། གཞན་ཡང་བྱད་བཟང་དུ་འགྱུར་བ་དག་བཏིང་སྟེ་རྩཝ་དང ། ལྕི་བ་དང ། སོག་མ་དག་གིས་གཡོགས་ལ་ཅི་ནས་དུད་པ་མ་ཤོར་བར་བྱོས་ལ་སྲེགས་ཤིག་།དེའི་གཡས་གཡོན་ཆག་ཆག་ཐོབ་ལ་སྐྱང་ནུལ་གྱིས་ཤིག་།ཅི་ནས་སྲོག་ཆགས་དག་བདེ་བར་བྱ་བའི་ཕྱིར་རོ། །བསྲེགས་པ་དེ་གྲང་བ་དང་ལྷུང་བཟེད་ཕྱུང་ལ་ཁྲུས་ཏེ་ནམ་ཁ་དོག་ཞེན་པར་གྱུར་གྱི་བར་དུ་སྲེག་པར་གྱིས་ཤིག་།དེ་བས་ན། ལྷུང་བཟེད་ཀྱི་སྲེག་འགེགས་དང ། ཡོ་བྱད་ Pa147b དག་རྗེས་སུ་གནང་ངོ ། །གླེང་གཞིའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་གཉིས་པའོ།། །།མདོར་ན། གཅིག་ལ་གཅིག་དང་དུགས་ཁང་དང ། །ཁྱིམ་པ་གསུམ་པ་དེ་བཞིན་ཏེ། ། གདིང་བ་དང་ནི་དེ་བཞིན་སྒྲ། །ལྕི་བས་བྱས་པ་ཀུན་ཐོས་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་གི་དགེ་འདུན་གྱི་ཕྱིར་དུགས་ཁང་ཞིག་བྱས་སོ། །དེ་ནས་དྲུག་སྡེ་དག་གིས་གོས་གཅིག་པུས་སྨད་གཡོགས་བྱས་ཏེ་གཅིག་ལ་གཅིག་ལས་བྱེད་ཅིང་འཁོད་པ་དང ། བྲམ་ཟེ་དང།་ཁྱིམ་བདག་དག་ཕྱོགས་དེར་ལྷགས་པ་དང ། དེ་དག་གིས་དེ་མཐོང་ནས། ཀྱེ། འདི་ལྟ་བུ་དག་ཏུ་བྱེད་པ་སུ་ཞིག་ཅེས་སྨྲས་པ་དང ། དེ་ན་ཁ་ཅིག་གིས་མུ་སྟེགས་ཅན་དེ་དག་ཡིན་ནོ། །ཞེས་སྨྲས་སོ།། ཡང་ཁ་ཅིག་གིས། འདི་དག་ནི། མུ་སྟེགས་ཅན་མ་ཡིན་གྱི། དགེ་སྦྱོང་ཤཱཀྱའི་བུའོ། །ཞེས་སྨྲས་པ་དང ། དེ་དག་འཕྱ་བ་ལ་ཞུགས་ཏེ། ཀྱེ། སྟོན་པ་ནི། ངོ་ཚ་དང་ལྡན་ན། ཅིའི་ཕྱིར་འདི་དག་ངོ་ཚ་བ་དང ། ཁྲེལ་མེད་ཅེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།བྲམ་ཟེ་དང ། ཁྱིམ་བདག་རྣམས་འཕྱ་བ་ནི། ཡུས་ཀྱི། དེ་ལྟ་བས་ན། དགེ་སློང་དག་དུགས་ཁང་དུ་གོས་གཅིག་པུ་གྱོན་ཏེ་གཅིག་ལ་གཅིག་ལས་མ་བྱེད་ཅིག་།དགེ་སློང་དག་གིས་གོས་གཅིག་བུ་གྱོན་ཏེ་དུགས་ཁང་དུ་ལས་ Pa148a ༄#། །བྱས་ན། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་གིས་དགེ་འདུན་ཕྱིར་དུགས་ཁང་ཞིག་བྱས་པ་དང ། དེར་དགེ་སློང་དག་གིས་འབྲུ་མར་གྱིས་བྱུགས་ཏེ་རྐང་པ་ལ་རེག་ནས་མགོ་བོ་ལ་རེག། །མགོ་བོ་ལ་རེག་ནས་ཁ་ལ་རེག་།ཁ་ལ་རེག་ནས་ལག་པ་དང་རྐང་པ་ལ་རེག་།ལག་པ་དང་རྐང་པ་ལ་རེག་ནས་སླར་ཡང་ཁ་ལ་རེག་ཅིང ། གོས་ངན་པ་ཞིག་གིས་སྨད་གཡོགས་ཏེ་འདུག་པ་དང ། ཇི་ཙམ་ཞིག་ན་ཁྱིམ་པ་མ་དད་པ་ཞིག་ཕྱོགས་དེར་འོངས་ནས་དེས་དགེ་སློང་དག་མཐོང་བ་དང ། དེ་འཕྱ་བ་ལ་ཞུགས་ཏེ། དགེ་སྦྱོང་ཤཱཀྱའི་བུ་དག་ནི། མི་གཙང་བ་སྟེ། རྐང་པ་ལ་རེག་པ་ཁ་ལ་རེག་པར་བྱས་ནས་གོས་ངན་པས་སྨད་གཡོགས་བྱས་ཏེ། གཅེར་བུར་སྐྱེ་བོ་དག་གི་ནང་ན་འདུག་གོ་།ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།བྲམ་ཟེ་དང ། ཁྱིམ་བདག་རྣམས་འཕྱ་བ་ནི། ཡུས་ཀྱི། དེ་བས་ན། དུགས་ཁང་དུ་ཁྱིམ་པ་མ་གཞུག་ཅིག་།མ་དད་པ་ཡང་ལས་བྱེད་དུ་མ་གཞུག་ཅིག་།དུགས་ཁང་གི་སྒོ་བ་དགེ་སློང་རྣམས་བསྐོས་ལ་དེ་དག་གིས་ཁྱིམ་བདག་ནང་དུ་མ་གཏང་ཞིག་།བཅོམ་ལྡན་འདས་ཀྱིས་དུགས་ཁང་དུ་ཁྱིམ་པ་མ་གཏང་ཞིག་།ལས་ཀྱང་བྱེད་དུ་མ་གཞུག་ཅིག་།ཅེས་གསུངས་པ་དང ། དེ་ནས་དུས་ཕྱེ་ཞིག་ན་དུགས་ཁང་དུ་ཞུགས་ Pa148b པའི་ཚེ་ཁྱིམ་བདག་མགོན་མེད་ཟས་སྦྱིན་དེར་འོངས་པ་དང ། དགེ་སློང་སྒོ་བས་སྨྲས་པ། ཁྱིམ་བདག་ནང་དུ་མ་འགྲོ་བར་འདུག་ཅིག་།བཅོམ་ལྡན་འདས་ཀྱིས་ཁྱིམ་པ་དུགས་ཁང་དུ་མ་གཏང་ཞིག། ཅེས་བཀའ་སྩལ་ཏོ། །དེས། འཕགས་པ་དག་།ཅི། ཁོ་བོ་ཡང་གཞན་དུ་འགྱུར་རམ། ཁོ་བོས་ནི། ངེས་པར་འཕགས་པ་དག་གི་ལས་བྱའོ། །ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དད་པ་དག་ནི། དུགས་ཁང་དུ་ཐོང་ལ་ལས་ཀྱང་བྱེད་དུ་ཆུག་ཅིག་།དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།བཅོམ་ལྡན་འདས་ཀྱིས་དད་པ་དག་ནི། དུགས་ཁང་དུ་ཐོང་ལ་ལས་ཀྱང་བྱེད་དུ་ཆུག་ཅིག་ཅེས་གསུངས་པ་དང ། དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ནང་དུ་འགྲོ་བ་ན་དེ་དང་ལྷན་ཅིག་ཏུ་བྲམ་ཟེ་ཞིག་ཀྱང་འོངས་ནས་དེ་མ་བཏང་བ་དང་དེས། འཕགས་པ། ཅིའི་ཕྱིར་ན་ཁྱིམ་བདག་མགོན་མེད་ཟས་སྦྱིན་ནི། ནང་དུ་བཏང་ལ། བདག་ནི། མི་གཏོང་ཞེས་སྨྲས་པ་དང ། དགེ་སློང་གིས་དེ་ལ་སྨྲས་པ། བྲམ་ཟེ།་ཁྱིམ་བདག་མགོན་མེད་ཟས་སྦྱིན་ནི། དད་པས་ན། ནང་དུ་བཏང་ངོ ། །དེས་སྨྲས་པ། འོ་ན། བདག་ཀྱང་དད་པར་གྱུར་ན། ནང་དུ་གཏོང་ངམ་ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས། དེ་སྟེ་དད་པར་གྱུར་ན། ནང་དུ་ཐོང་ཞིག་།ཅེས་བཀའ་སྩལ་པ་དང ། དགེ་སློང་དག་གིས་དེ་སྐྱབས་གསུམ་དུ་བཏང་ནས་ནང་དུ་ Pa149a ༄#། །བཏང་ངོ ། །དེས་ཀྱང་དགེ་སློང་དག་རྐང་པ་ལ་རེག་ནས་ཁ་དང་མགོ་ལ་རེག་ཅིག། གོས་ངན་པས་སྨད་གཡོགས་ནས་སྒྲེན་མོར་འདུག་པ་མཐོང་བ་དང ། དེ་མ་དད་དེ་འཕྱ་བ་ལ་ཞུགས་སོ། །དགེ་སྦྱོང་ཤཱཀྱའི་བུ་ནི། མི་གཙང་བ་སྟེ། རྐང་པ་ལ་རེག་པ་ཁ་དང་མགོ་བོ་ལ་རེག་ཅིང ། གོས་ངན་པས་སྨད་གཡོགས་ནས་སྒྲེན་མོར་འདུག་གོ་།ཞེས་སྨྲས་པ་དང ། ད་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། རབ་ཏུ་དད་པ་དག་ནི། དུགས་ཁང་གི་ནང་དུ་ཐོང་ཞིག་།དད་པ་ཆུང་བ་དག་ནི། མ་གཏང་ཞིག།། །།འདུལ་བ་གཞུང་དམ་པ། བམ་པོ་སོ་བཞི་པ། གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དག་དུགས་ཁང་དུ་སྤྱན་དྲངས་ཏེ་དགེ་སློང་དག་ནང་དུ་ཞུགས་པ་དང ། དེ་ན་དགྲ་བཅོམ་པའི་དགེ་སློང་ཞིག་གིས་ཚུལ་ཁྲིམས་ཉམས་པའི་དགེ་སློང་ཞིག་ལ་ལས་བྱེད་ཅིང་འདུག་པ་དང ། བཅོམ་ལྡན་འདས་ཀྱིས་ཀྱང་ནང་དུ་གཤེགས་ནས་དེས་ལས་བྱེད་པ་གཟིགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་བཀའ་སྩལ་པ། དགེ་སློང་ཁྱེད་ཅག་གིས་དགེ་སློང་འདི་ལ་དགེ་སློང་འདིས་ལས་བྱེད་པ་མཐོང་ངམ། བཙུན་པ། མཐོང་ངོ ། །ཞེས་གསོལ་པ་དང ། དགེ་སློང་ལས་བྱེད་པ་འདི་ནི། དགྲ་བཅོམ་པ་ཟག་པ་ཟད་པའོ། །གང་ Pa149b ལ་ལས་བྱ་བ་འདི་ནི། ཚུལ་ཁྲིམས་ཉམས་པ། སྡིག་པའི་ཆོས་ཅན་ཁོང་རུལ་པ། ཟགས་པ། གསོག་ཏུ་གྱུར་པ། དུང་སྒྲ་ལྟ་བུར་སྤྱོད་པ། དགེ་སྦྱོང་མ་ཡིན་པ་དགེ་སྦྱོང་དུ་ཡིད་མ་འཛིན་པ། ཚངས་པར་སྤྱོད་པ་མ་ཡིན་པ་ཚངས་པར་སྤྱོད་པར་ཡི་དམ་འཛིན་པ་སྟེ། དེ་བས་ན། དགེ་སློང་དག་སེངྒེ་ལྟ་བུས་ཝ་འདྲ་བའི་ལས་མ་བྱེད་ཅིག་།བྱས་ན། འདས་པ་དང་བཅས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་སེངྒེ་འདྲ་བས་ཝ་ལྟ་བུའི་ལས་མ་བྱེད་ཅིག་།ཅེས་བཀའ་སྩལ་པ་དང ། མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་དེ་དང་རིགས་མཉམ་པ་ལས་ཆུང་མ་ཞིག་བླངས་ཏེ། དེ་དེ་དང་ལྷན་ཅིག་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་དང་ལྷན་ཅིག་རྩེ་དགའ་ཡོངས་སུ་སྤྱོད་པ་ལས། དུས་ཕྱི་ཞིག་ན་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ནས་དེ་ལ་ཟླ་བ་བརྒྱད་དམ་དགུ་འདས་པ་དང ། བུ་བཙས་ནས་བུ་ཕོ་ཞིག་བྱུང་སྟེ། དེ་གཟུགས་ལེགས་པ། བལྟ་ན་སྡུག་ཅིང་མཛེས་པ། ཡན་ལག་ཐམས་ཅད་དང་ལྡན་པ་ཞིག་ནས་དེ་བཙས་པའི་བཙས་སྟོན་ཆེན་པོ་བྱས་ནས་མིང་བཏགས་སོ། །དེ་བསྲིངས་བསྐྱེད་ནས་ཆེར་གྱུར་པ་དང ། དེ་དུས་ཕྱི་ཞིག་ན་ཛེ་ཏའི་ཚལ་དུ་སོང་སྟེ་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ནས་དེ་མཛོད་གསུམ་དང་ལྡན་པར་གྱུར་ཏེ། དེས་འདི་སྙམ་དུ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག། བུའི་ཕ་མ་ནི། དཀའ་བར་བྱ་བ་བྱེད་དེ། ཕན་པར་བྱེད་པའོ། །གསོ་བར་བྱེད་པའོ། །སྐྱེད་པར་བྱེད་པའོ། །ནུ་མ་སྣུན་པར་བྱེད་པའོ། །འཛམ་བུའི་གླིང་སྣ་ཚོགས་པ་སྟོན་པར་བྱེད་པ་ཡིན་ཏེ། བུས་ཕྲག་པ་གཅིག་ Pa150a ༄#། །ལ་ནི། མ། གཉིས་པ་ལ་ནི། ཕ་ཁྱེར་ཏེ་ལོ་བརྒྱ་ཚང་གི་བར་དུ་ཁྱེར་ཏམ། ཡང་ནས་གཞི་ཆེན་པོ་ནོར་བུ་དང ། མུ་ཏིག་དང ། བཻ་ཌཱུརྱ་དང ། དུང་དང ། ཤེལ་དང ། གསེར་དང ། དངུལ་དང ། སྨ་གརྦྷ་དང ། སྤུག་དང ། གཡས་ཕྱོགས་སུ་འཁྱིལ་བ་དེ་ལྟ་བུ་དག་གིས་དབང་པོར་བཅུག་གམ། དབང་ཕྱུག་ཏུ་བཅུག་ཀྱང་དེས་ནི། ཕ་དང་མ་ལ་བུས་ཕན་བཏགས་པའམ། ཉེ་བར་ཕན་བཏགས་པར་མི་འགྱུར་གྱི། གང་གིས་ཕ་མ་དད་པ་མེད་པ་དད་པ་ཕུན་སུམ་ཚོགས་པར་བྱས་སམ། ཡང་དག་པར་བསྐུལ་ཏམ། དུལ་བར་བྱས་སམ། འཇུག་པར་བྱས་སམ།་སོ་སོར་བཀོད་དམ། ཚུལ་ཁྲིམས་ངན་པ་ལས་ཚུལ་ཁྲིམས་ཕུན་སུམ་ཚོགས་པར། སེར་སྣ་ཅན་ལས་གཏོང་བ་ཕུན་སུམ་ཚོགས་པར། ཤེས་རབ་འཆལ་བ་ལས་ཤེས་རབ་ཕུན་སུམ་ཚོགས་པར་ཡང་དག་པར་བསྐུལ། དུལ་བར་བྱས། ཞུགས་པར་བྱས། སོ་སོར་བཀོད་ན། དེ་ལྟ་བུ་ནི། བུས་ཕ་དང ། མ་ལ་ཕན་བཏགས་པ་དང ། ཉེ་བར་ཕན་བཏགས་པར་འགྱུར་རོ། །ཞེས་གསུངས་སོ། །སྙམ་དུ་བསམ་ནས་བདག་གིས་ཀྱང་ཅི་ནས་ཕ་མ་ལ་ཕན་བཏགས་པ་ཅུང་ཟད་ཅིག་བྱའོ། །སྙམ་ནས་ཇི་སྲིད་དགའ་བའི་བར་དུ་གཤོངས་སྤྱོད་ཅིང་འདུག་ནས་མཉན་དུ་ཡོད་པ་གང་ན་བ་དེ་ལོགས་སུ་གཤོངས་སྤྱོད་ཅིང་སོང་ངོ ། །མཐར་གྱིས་སྤྱད་པ་སྤྱོད་ཅིང་མཉན་དུ་ཡོད་པར་ཕྱིན་ཏོ། །དེས་དེ་གཉིས་སྐྱབས་སུ་འགྲོ་བ་དང ། བསླབ་པའི་གནས་ལ་རབ་ཏུ་བཀོད་ Pa150b དོ། །དེ་ནས་དུས་ཕྱི་ཞིག་ན་དེས་ཕའི་དྲུང་དུ་སོང་ལས་བསོད་ནམས་སུ་བྱ་བའི་དངོས་པོ་བདུན་པོའི་ཡོན་ཏན་རྒྱས་པར་བརྗོད་པ་དང ། དེས་འཕགས་པ། བདག་གིས་ཀྱང་ནོར་སྣ་བདུན་ལས་བྱས་པའི་བསོད་ནམས་ཀྱི་དངོས་པོ་ཅུང་ཟད་ཅིག་བྱའོ། །ཞེས་སྨྲས་པ་དང ། དེས་བགྲེས་པོ། དེ་བཞིན་ལེགས་ཀྱི་གྱིས་ཤིག་།ཅེས་སྨྲས་པ་དང ། ཅི་ཞིག་བྱ། དུགས་ཁང་ཞིག་གིས་ཤིག་།དེས་དུགས་ཁང་བྱས་ཏེ་ཁྱིམ་བདག་དེ་རང་གི་དུགས་ཁང་དུ་རང་གི་ལས་བྱ་བ་ལ་ཞུགས་ཏེ་ཤིན་ཏུ་ངལ་བར་གྱུར་ནས་བཀྲུ་བའི་ཡོ་བྱད་དང ། འབྲུ་མར་དང ། ཕྱེ་ལ་སོགས་པ་མང་དུ་ལྷག་གོ་།དེ་ནས་དེས། བུ་བདག་རབ་ཏུ་ངལ་བར་གྱུར་གྱི། ངའི་རྒྱབ་ཅུང་ཞིག་མཉེས་ཤིག་།ཅེས་སྨྲས་པ་དང ། དེས། ཡབ། བཅོམ་ལྡན་འདས་ཀྱིས་སེངྒེ་ལྟ་བུས་ཝ་ལྟ་བུ་དག་ལ་བསྙེན་བཀུར་མ་བྱེད་ཅིག་།ཅེས་བཀའ་སྩལ་ཏེ་མ་གནང་ངོ ། །ཞེས་སྨྲས་པ་དང ། དེས་བུ། སེངྒེ་ལྟ་བུ་གང ། ཝ་ལྟ་བུ་གང་ཞེས་སྨྲས་པ་དང ། ཡབ། བདག་ནི། སེངྒེ་དང་འདྲ། ཁྱོད་ནི། ཝ་དང་འདྲའོ། །བུ། དེ་ཅིའི་ཕྱིར་ཞེས་སྨྲས་པ་དང ། ཡབ། བདག་ནི། ཚུལ་ཁྲིམས་དང་ལྡན་པའོ། །ཁྱོད་ནི། ཚུལ་ཁྲིམས་ངན་པ་དང་ལྡན་པའོ། །བུ། དེ་ལྟར་ཝ་དང་འདྲ་བ་ང་ལྟ་བུ་ལས་སེངྒེ་དང་འདྲ་བ་ཁྱོད་ལྟ་བུ་སྐྱེས་སམ་ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།རིགས་གང་ན་ཕ་མ་ལ་ཡང་དག་པར་མགུ་བར་བྱེད། ཡང་དག་པར་མཆོད་པར་བྱེད། Pa151a ༄#། །ཡང་དག་པར་བདེ་བར་སྐྱོང་བར་བྱེད་པའི་རིགས་དེ་ནི། ཚངས་པ་དང་བཅས་པའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུ་ཕ་མ་ལ་ཆོས་བཞིན་བྱེད། ཚུལ་བཞིན་བྱེད་པ་ནི། ཚངས་པ་ཞེས་བྱའོ། །དགེ་སློང་དག་།རིགས་གང་ན་ཕ་མ་ལ་ཡང་དག་པར་མགུ་བར་བྱེད། ཡང་དག་པར་མཆོད་པར་བྱེད། ཡང་དག་པར་བདེ་བར་བསྙེན་བཀུར་བྱེད་པ་དེ་ནི། སློབ་དཔོན་དང་བཅས་པའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུས་ཕ་མ་ལ་ཆོས་བཞིན་བྱས་ན། སློབ་དཔོན་ལྟ་བུར་འགྱུར་རོ། །དགེ་སློང་དག་།རིགས་གང་ན་ཕ་མ་ལ་ཡང་དག་པར་མགུ་བར་བྱེད། ཡང་དག་པར་མཆོད་པར་བྱེད། ཡང་དག་པར་བདེ་བར་བསྙེན་བཀུར་བྱེད་པའི་རིགས་དེ་ནི། སྦྱིན་པར་རིགས་པའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུས་ཕ་མ་ལ་ཆོས་བཞིན་དུ་བྱས་ན། སྦྱིན་པར་རིགས་པའོ།། དགེ་སློང་དག་།རིགས་གང་ན་ཕ་མ་ལ་ཡང་དག་པར་མགུ་བར་བྱེད། ཡང་དག་པར་མཆོད་པར་བྱེད། ཡང་དག་པར་བདེ་བར་བསྙེན་བཀུར་བྱེད་ན། རིགས་དེ་ནི། མེ་དང་བཅས་པའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུས་ཕ་མ་ལ་ཆོས་བཞིན་དུ་བྱས་ན། མེ་ལྟ་བུའོ། །དགེ་སློང་དག་།རིགས་གང་ན་ཕ་མ་ལ་ཡང་དག་པར་མགུ་བར་བྱེད། ཡང་དག་པར་མཆོད་པར་བྱེད། ཡང་དག་པར་བདེ་བར་བསྙེན་བཀུར་བྱེད་ན། རིགས་དེ་ནི། ལྷ་དང་བཅས་པའོ། །དེ་ཅིའི་ཕྱིར་ཞེ་ན། རིགས་ཀྱི་བུས་ཕ་མ་ལ་ཆོས་བཞིན་དུ་བྱས་ན། ལྷ་ལྟ་བུར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་བཀའ་ Pa151b སྩལ་པ་དང ། བདེ་བར་གཤེགས་པས་དེ་སྐད་གསུངས་ནས་སྟོན་པས་ཡང་གསུངས་པ། ཕ་དང་མ་གཉིས་ཚངས་པ་སྟེ། །སློབ་དཔོན་ལྷ་ཡང་དེ་བཞིན་ནོ། །ཇི་ལྟར་མེ་ཡི་ལྷ་ཕྲན་བཞིན། །བུ་ཡི་སྦྱིན་པའི་གནས་ཡིན་ནོ། །དེ་བས་དེ་གཉིས་ཕྱག་བྱ་ཞིང ། །ཕྱི་བར་བྱ་ཞིང་བཀྲུ་བ་དང ། །རྐང་པ་གཉིས་ཀྱང་བཀྲུ་བར་བྱ། །དེ་བཞིན་མཁས་པས་བསྙེན་བཀུར་བྱ། །ཡང་ན་བཟའ་བ་བཏུང་བ་དང ། །བགོ་བ་མལ་སྟན་དེ་བཞིན་ཏེ། །དེས་ནི་ཕ་དང་མ་གཉིས་ལ། །མཁས་པས་བསྙེན་བཀུར་བཅས་བྱེད་ན། །འདིར་ནི་མནར་བར་མི་འགྱུར་ཏེ། །སོང་ནས་མཐོ་རིས་དགའ་བར་འགྱུར། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་མདོ་སྡེ་དེ་གསུངས་པ་དེའི་ཚེ་ན་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཕ་དང ། མ་དང ། བླ་མ་ལ་ནི། རིམ་གྲོ་བགྱིད་པའི་ཡོན་ཏན་བརྗོད་པ་ནི། ངོ་མཚར་ཆེའོ། །ཞེས་ཞུས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།འདི་ལ་ཅི་ཞིག་ངོ་མཚར་ཆེར་ཡོད། ད་ལྟར་དེ་བཞིན་གཤེགས་པ་འདོད་ཆགས་མེད། ཞེ་སྡང་མེད། གཏི་མུག་མེད། སྐྱེ་བ་དང ། རྒ་བ་དང ། ན་བ་དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་མེད་བཞིན་དུ་ཕ་མ་ལ་རིམ་གྲོ་བྱ་བའི་ཡོན་ཏན་བརྗོད་པ་པས། སྔོན་འདས་པའི་དུས་ན་ང་འདོད་ཆགས་དང་བཅས། ཞེ་སྡང་དང་བཅས། གཏི་མུག་དང་བཅས། སྐྱེ་བ་དང་བཅས། རྒ་བ་དང ། ན་བ་ Pa152a ༄#། །དང ། འཆི་བ་དང ། མྱ་ངན་དང ། སྨྲེ་སྔགས་འདོན་པ་དང ། སྡུག་བསྔལ་བ་དང ། ཡིད་མི་བདེ་བ་དང ། འཁྲུག་པ་རྣམས་ལས་ཡོངས་སུ་མ་གྲོལ་བ་ན་ཡང་མ་ལ་གནོད་པ་ཅུང་ཟད་ཅིག་བྱས་ནས་སྡུག་བསྔལ་ཆེན་པོ་རྗེས་སུ་མྱོང་ངོ ། །ཕན་པ་ཅུང་ཟད་ཅིག་བྱས་ནས་ཀྱང་བདེ་བ་ཆེན་པོ་རྗེས་སུ་མྱོང་བར་གྱུར་ཏེ། དེ་དག་ལེགས་པར་ཤིན་ཏུ་ཡིད་ལ་བྱོས་ཤིག་དང་བཤད་པར་བྱའོ། །སྔོན་བྱུང་བ་ནི། དགེ་སློང་དག་།སྔོན་འདས་པའི་དུས་ན་གྲོང་ཁྱེར་ཝཱ་ར་ཎཱ་སི་ན་དེད་དཔོན་མཛའ་བོ་ཞེས་བྱ་བ། ཕྱུག་ཅིང་ནོར་མང་ལ་ལོངས་སྤྱོད་ཆེ་བ། གནས་རྒྱ་ཆེ་ཞིང་ཡངས་པ་ཞིག་སྟེ། ངལ་བསོ་པོའི་ནོར་དང་འདྲ་བ། ངལ་བསོ་པོའི་ནོར་ལ་འགྲན་པ་ཞིག་ཡོད་དེ། དེས་རིགས་མཉམ་པའི་ཆུང་མ་ཞིག་བླངས་ནས་དེ་དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་ལ་རྩེ་དགའ་ཡོངས་སུ་སྤྱད་པ་ལས་བུ་ཕོ་རྣམས་བྱུང་ཡང་ཤི་ནས་དེ་བུ་མེད་དེ། བུ་འདོད་པས་ལྷ་གུ་ལང་དང ། ཝ་རུ་ན་དང ། ངལ་བསོ་པོ་དང ། བ་ས་བ་ལ་སོགས་པ་ལྷ་སྟོང་ལ་གསོལ་ཀྱང་དེའི་བུ་གསོན་པར་མ་གྱུར་ཏེ། དེ་ལ་གཞན་ཞིག་གིས། དེ་སྟེ་ཁྱོད་ལ་བུ་ཕོ་ཞིག་བཙས་ན། བུ་མོའི་མིང་དུ་ཐོགས་ཤིག་དང ། ཡུན་རིང་དུ་འཚོ་བར་འགྱུར་རོ། །ཞེས་བསྒོའོ། །དེ་དུས་ཕྱི་ཞིག་ན་དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེས་རྩེ་དགའ་ཡོངས་སུ་སྤྱད་པས་དེའི་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ནས་ཟླ་བ་བརྒྱད་དམ་དགུ་ལོན་ནས་ཁྱེའུ་ཞིག་བཙས་ཏེ། དེ་གཟུགས་ལེགས་ Pa152b ཤིང་བལྟ་ན་སྡུག་པ། མཛེས་པ། མདོག་གསེར་གྱི་ཁ་དོག་ལྟ་བུ། མགོ་གདུགས་འདྲ་བ། ལག་པ་རིང་བ། དཔྲལ་བའི་དབྱེས་ཆེ་བ་དང ། ཀོས་ཀོ་རིང་བ། སྨིན་མ་སྙོམས་པ། སྣ་མཐོ་ཞིང་ཡན་ལག་དང་ཉིང་ལག་ཐམས་ཅད་དུ་ལྡན་པ་ཞིག་བཙས་ཏེ། དེ་བཙས་པའི་བཙས་སྟོན་ཆེན་པོ་བྱས་ནས་མིང་གདགས་པར་བརྩམས་ཏེ་མཛའ་བོའི་བུ་སྟེ། བུ་མོའི་མིང་དུ་གདགས་པས་ན། ཁྱེའུ་འདིའི་མིང་བུ་མོ་མཛའ་མོར་གདགས་སོ། །ཇི་ཙམ་ན་ཁྱེའུ་བུ་མོ་མཛའ་མོ་ཞེས་བྱ་བ་དེ་ཆེར་གྱུར་པ་དང ། དེའི་ཕ་ཡང་རྒྱ་མཚོ་ཆེན་པོའི་ནང་དུ་ཞུགས་ཏེ། དེ་དེ་ཉིད་དུ་ཤི་བར་གྱུར་ཏོ། །དེ་ནས་བུ་མོ་མཛའ་མོས་མ་ལ། བདག་གི་ཕ་སྔོན་ལས་ཀྱི་འབྲས་བུ་གང་གིས་འཚོ། བདག་ཀྱང་ཕྱིས་དེ་བཞིན་དུ་བསྒྲུབ་བོ། །ཞེས་སྨྲས་པ་དང ། མས་བསམ་པ། སྔོན་རྒྱ་མཚོ་ཆེན་པོའི་ནང་དུ་འཇུག་པའི་ཚོང་པ་ཡིན་ནོ། །ཞེས་འདི་ལ་སྨྲས་ན་ནི། །འདི་ཉིད་ཀྱང་རྒྱ་མཚོ་ཆེན་པོའི་ནང་དུ་ཞུགས་ཏེ། དེ་ཉིད་དུ་ཤི་བར་འགྱུར་རོ། །སྙམ་དུ་བསམ་ནས་དེས། བུ། ཁྱོད་ཀྱི་ཕ་ནི། སྔོན་འབྲུ་ཚོང་པ་བྱེད་བྱེད་དེ། ཁྱོད་ཀྱང་དགའ་ན། འབྲུ་ཚོང་བ་གྱིས་ཤིག་།ཅེས་སྨྲས་པ་དང ། དེས་འབྲུའི་ཚོང་ཁང་བརྩིགས་ཏེ་ཐོག་མའི་ཉིན་པར་ཀཪྴ་པ་ཎ་བཞི་རྙེད་དེ། དེས་དེ་དག་མ་ལ་བྱིན་ནོ། །དེ་ནས་དུས་ཕྱི་ཞིག་ན་གཞན་ཞིག་གིས་དེ་ལ་ཁྱོད་ཀྱི་ཕ་ནི། སྔོན་དྲི་ཚོང་པའོ། །ཞེས་སྨྲས་པ་དང ། དེས་འབྲུ་ཚོང་པ་བཏང་སྟེ། དྲི་ཚོང་པའི་ཚོང་ཁང་བརྩིགས་སོ། །དེ་ནས་ཉི་མ་དང་པོའི་ཚེ་ཀཪྴ་པ་ཎ་བརྒྱད་རྙེད་ནས་དེས་ཡང་དེ་དག་མ་ལ་བྱིན་ནོ། །དེ་ནས་དུས་ཕྱི་ཞིག་ན་གཞན་ཞིག་གིས་དེ་ལ་ཁྱོད་ Pa153a ༄#། །ཀྱི་ཕ་ནི། གསེར་ཚོང་པ་ཡིན་ནོ། །ཞེས་སྨྲས་པ་དང ། དེས་ཡང་དྲི་ཚོང་པ་བཏང་སྟེ་གསེར་ཚོང་པ་ལ་ཞུགས་པ་དང ། དེའི་ཉི་མ་དང་པོ་ལ་ཀཪྴ་པ་ཎ་བཅུ་དྲུག་རྙེད་པ་དང་དེས་ཡང་དེ་དག་མ་ལ་བྱིན་ནོ། །ཕྱིས་དེ་ཉིན་མོ་དེས་ཀཪྴ་པ་ཎ་སུམ་ཅུ་རྩ་གཉིས་རྙེད་པ་དང་དེས་དེ་དག་མ་ལ་བྱིན་ནོ། །དེ་ནས་གསེར་ཚོང་པ་ཕྲག་དོག་ཅན་དག་གིས་གྲོང་ཁྱེར་ཐམས་ཅད་ཀྱི་གསེར་འདིས་བསྡུས་སོ། །སྙམ་དུ་བསམ་ནས་བུ་མོ་མཛའ་མོ་ལ། ཁྱེད་འདི་ལྟ་བུ་བྱེད་ཅིང་འཚོ་སྟེ་ཅི་རུང ། ཁྱོད་ཀྱི་ཕ་ནི། སྔོན་རྒྱ་མཚོ་ཆེན་པོར་འཇུག་པའི་ཚོང་པ་ཡིན་ན། ཁྱོད་སུས་འདི་འདྲ་བ་ངན་པས་འཚོ་བ་ལ་འཇུག་ཏུ་བཅུག་།ཅེས་སྨྲས་པ་དང ། དེ་གསེར་ཚོང་པ་དག་གི་ཚིག་དེས་བསྐུལ་པས་དེའི་མའི་ཐད་དུ་སོང་སྟེ། མ། བདག་གི་ཕ་ནི། འདི་ལྟར་སྔོན་རྒྱ་མཚོ་ཆེན་པོའི་ཚོང་པའོ། །ཞེས་ཐོས་ན། རྗེས་སུ་གནོངས་ཤིག་དང ། བདག་ཀྱང་རྒྱ་མཚོ་ཆེན་པོའི་ནང་དུ་ཞུགས་ལ་མཆིའོ། །ཞེས་སྨྲས་པ་དང ། མས་དེ་ལ། བུ། དེ་ནི། བདེན་མོད་ཀྱི། ཁྱོད་ནི། གཞོན་ལ་བུ་གཅིག་པུ་སྟེ། ཁོ་མོ་བོར་ནས་རྒྱ་མཚོ་ཆེན་པོར་མ་འགྲོ་ཞིག་།ཅེས་སྨྲས་པ་དང ། དེ་ནས་བུ་མོ་མཛའ་མོས་མའི་ཚིག་མ་མཉན་ཏེ་བདག་གི་གྲོང་ཁྱེར་དུ་གང་རྒྱ་མཚོ་ཆེན་པོར་ཞུགས་ཤིང་འདོང་དུ་དད་པ་རྣམས་འདོང་ངོ ། །ཞེས་དེས་བདག་ཉིད་དེད་དཔོན་དུ་བསྒྲགས་སོ། །དེ་ནས་ཚོང་པ་ལྔ་བརྒྱས་བསྐོར་ཏེ་དོང་བ་དང ། དེ་མའི་སྙིང་དུ་སྡུག་པས་དཀྲུགས་ཏེ་མཆི་མས་བརྣངས་བཞིན་རྐང་པ་གཉིས་ལ་བཟུང་སྟེ། བུ། ཁོ་མོ་བོར་ཏེ་རྒྱ་མཚོ་ཆེན་པོར་ཞུགས་ Pa153b ལ་མ་འགྲོ་ཞིག་ཅེས་སྨྲས་པ་དང ། དེ་འདི་ལྟར་སྙིང་རྗེ་ཞིང་མི་དགའ་སྟེ་དལ་གྱིས་སྨྲས་པ་ལ་ཁྲོས་ནས་མའི་མགོ་བོ་རྐང་པས་ཕུལ་ཏེ་དེ་མགྲོན་པོ་མང་པོ་དང་འགྲོགས་ཏེ་སོང་ངོ ། །མས། བུ་ཁྱོད་ལ་ལས་འདི་རྣམ་པར་སྨིན་པར་མ་གྱུར་ཅིག་།ཅེས་སྨྲས་པ་དང ། དེ་ནས་གྲོང་དང ། གྲོང་ཁྱེར་དང ། རྒྱལ་པོའི་ཕོ་བྲང་འཁོར་རྣམས་ལ་ལྟ་ཞིང་རྒྱ་མཚོ་ཆེན་པོའི་འགྲམ་དུ་ཕྱིན་པ་དང ། དེས་དོང་ཚེ་རྙིང་པ་ལྔ་བརྒྱས་གྲུ་བོ་ཆེ་ཉོས་ཏེ་གྲུའི་ནང་དུ་འཇུག་པ་དང ། འབྱིན་པ་དང ། མཉན་པ་དང ། ཉག་ཐག་འཛིན་པ་དང ། ཕྱོགས་རྟོག་པའི་མི་དག་ལ་གླ་བྱས་ནས་དེས་དྲིལ་ཆེན་པོར་ལན་གསུམ་དུ་བསྒྲགས་ནས་རྒྱ་མཚོ་ཆེན་པོའི་ནང་དུ་ཞུགས་ཏེ་སོང་བ་དང ། ཇི་ཙམ་ཞིག་ན་ཆུ་སྲིན་ཉའི་རིགས་ཀྱིས་གྲུ་མ་རུང་བར་བྱས་ནས་བུ་མོ་མཛའ་མོ་གྲུ་ཚལ་ཞིག་ལ་འཇུས་ནས་མཐར་ཕྱིན་ཏོ། །དེ་ནས་སྐམ་ལ་སོང་བ་དང།་དགའ་བ་ཞེས་བྱ་བའི་གྲོང་ཁྱེར་དེ་མཐོང་སྟེ། དེ་དེར་སོང་ནས་དེ་ནས་ལྷའི་བུ་མོ་གཟུགས་ལེགས་ཤིང་བལྟ་ན་སྡུག་པ་བཞི་བྱུང་སྟེ། དེར་འོངས་ནས་བུ་མོ་མཛའ་མོ་བདེ་བར་འོངས་སམ། འདི་ནི། བདག་ཅག་གི་ཟས་ཀྱི་ཁང་པ་དང ། བཏུང་བའི་ཁང་པ་དང ། གོས་ཀྱི་ཁང་པ་དང ། ཉལ་བའི་ཁང་པ་དང ། ནོར་བུ་དང ། མུ་ཏིག་དང ། བཻ་ཌཱུརྱ་དང ། དུང་དང ། ཤེལ་དང ། བྱི་རུ་དང ། གསེར་དང ། དངུལ་གྱིས་གང་བ་ཡིན་གྱི། འདི་བཞེས་ཤིག་།ཚུར་སྤྱོན། བདག་ཅག་དང་ལྷན་ཅིག་བཞུགས་སོ། །ཞེས་སྨྲས་ནས་དེ་དང་ལྷན་ཅིག་ལོ་དུ་མ། ལོ་བརྒྱ་དུ་མ། ལོ་སྟོང་དུ་མ། ལོ་བརྒྱ་སྟོང་དུ་མར་ཇི་ Pa154a ༄#། །ལྟར་སེམས་ཅན་བསོད་ནམས་བྱས་པ། དགེ་བ་བྱས་པ། རྫུ་འཕྲུལ་ཆེན་པོ་མཐུ་ཆེན་པོས་རང་གི་བསོད་ནམས་ལ་མྱོང་བར་གྱུར་བ་བཞིན་མྱོང་བར་གྱུར་ཏོ། །དེ་དག་གིས་ལྷོ་ཕྱོགས་ཀྱི་ལམ་དུ་མ་འགྲོ་ཞིག་ཅེས་བསྒོ་བ་དང་དེ་ལྷོ་ཕྱོགས་ཀྱི་ལམ་དུ་མ་བཏང་ཡང་དེར་འགྲོ་བར་འཐེན་ཏེ། དེས་ཕྱི་ཞིག་ན་ལྷོ་ཕྱོགས་སུ་སོང་བ་དང ། དེ་རྟག་ཏུ་ར་རོ་བ་ཞེས་བྱ་བའི་གྲོང་ཁྱེར་མཐོང་ནས་དེའི་སྒོར་ཕྱིན་པ་དང ། དེ་ནས་ཀྱང་ལྷའི་བུ་མོ་དེ་བས་ཀྱང་གཟུགས་ལེགས་པ། དེ་བས་ཀྱང་བལྟ་ན་སྡུག་པ། དེ་བས་ཀྱང་མཛེས་པ་བརྒྱད་བྱུང་སྟེ། དེ་དག་གིས་བུ་མོ་མཛའ་མོ་ཚུར་སྤྱོན། བདེ་བར་བྱོན་ཏམ། བདག་ཅག་གི་ཟས་ཀྱི་ཁང་པ་འདི་དང ། སྐོམ་གྱི་ཁང་པ་དང ། གོས་ཀྱི་ཁང་པ་དང ། ཉལ་བའི་ཁང་པ་དང ། ནོར་བུ་དང ། མུ་ཏིག་དང ། བཻ་ཌཱུརྱ་དང ། དུང་དང ། ཤེལ་དང ། བྱི་རུ་དང ། གསེར་དང ། དངུལ་དག་གིས་གང་བ་ཡོད་ཀྱི། ཚུར་སྤྱོན། ལྷན་ཅིག་བཞུགས་སོ། །ཞེས་སྨྲས་ནས་བདག་དང་ལྷན་ཅིག་ལོ་དུ་མ། ལོ་བརྒྱ་དུ་མ། ལོ་སྟོང་དུ་མ། ལོ་བརྒྱ་སྟོང་དུ་མར་ཇི་ལྟར་སེམས་ཅན་བསོད་ནམས་བྱས་པ། དགེ་བ་བྱས་པ། རྫུ་འཕྲུལ་ཆེན་པོ་མཐུ་ཆེན་པོས་མྱོང་བ་བཞིན་དུ་མྱོང་བར་གྱུར་ཏོ། །དེ་དག་གིས་ཀྱང་དེ་ལྷོ་ཕྱོགས་ཀྱི་ལམ་དུ་མ་འགྲོ་ཞིག་ཅེས་བསྒོའོ། །དེ་ལྷོ་ཕྱོགས་ཀྱི་ལམ་དུ་མ་འགྲོ་ཞིག་།ཅེས་བསྒོ་ན་ཇེ་ཐུར་འཐེན་ཏེ་འགྲོ་འདོད་ནས་ཇི་ཙམ་ཞིག་ན་ལྷོ་ཕྱོགས་ཀྱི་ལམ་དུ་སོང་བ་དང་དགའ་བ་ཅན་ཞེས་བྱ་བའི་གྲོང་ཁྱེར་མཐོང་ Pa154b ནས་དེའི་སྒོར་ཕྱིན་པ་དང ། དེ་ནས་ཡང་ལྷའི་བུ་མོ་དེ་བས་ཀྱང་གཟུགས་ལེགས་པ། དེ་བས་ཀྱང་བལྟ་ན་སྡུག་པ། དེ་བས་ཀྱང་མཛེས་པ་བཅུ་དྲུག་བྱུང་སྟེ། དེ་དག་གིས་བུ་མོ་མཛའ་མོ་བདེ་བར་བྱོན་ཏམ། བུ་མོ་མཛའ་མོ་ཚུར་སྤྱོན། བདག་ཅག་གི་ཟས་ཀྱི་ཁང་པ་འདི་དང ། སྐོམ་གྱི་ཁང་པ་དང ། གོས་ཀྱི་ཁང་པ་དང ། ཉལ་བའི་ཁང་པ་དང ། ནོར་བུ་དང ། མུ་ཏིག་དང ། བཻ་ཌཱུརྱ་དང ། དུང་དང ། ཤེལ་དང ། བྱི་རུ་དང ། གསེར་དང ། དངུལ་དག་གིས་གང་བ་ཡོད་ཀྱི། ཚུར་སྤྱོན། ལྷན་ཅིག་བཞུགས་སོ། །ཞེས་སྨྲས་ནས་དེ་དང་ལྷན་ཅིག་ལོ་དུ་མ། ལོ་བརྒྱ་དུ་མ། ལོ་སྟོང་དུ་མ། ལོ་བརྒྱ་སྟོང་དུ་མར་ཇི་ལྟར་སེམས་ཅན་བསོད་ནམས་བྱས་པ། དགེ་བ་བྱས་པ། རྫུ་འཕྲུལ་ཆེན་པོ་མཐུ་ཆེན་པོས་མྱོང་བར་གྱུར་པ་བཞིན་མྱོང་བར་གྱུར་ཏོ། །དེ་དག་གིས་ཀྱང་དེ་ལ་ལྷོ་ཕྱོགས་ཀྱི་ལམ་དུ་མ་འགྲོ་ཞིག་ཅེས་བསྒོའོ། །དེ་ལྷོ་ཕྱོགས་ཀྱི་ལམ་དུ་མ་འགྲོ་ཞིག་ཅེས་བསྒོ་ཡང་ཇེ་ཐུར་འཐེན་ཅིང་འགྲོ་བར་འདོད་ནས་དེ་ཇི་ཙམ་ཞིག་ན་ལྷོ་ཕྱོགས་ཀྱི་ལམ་དུ་སོང་བ་དང ། བླ་མའི་ཚངས་པ་ཞེས་བྱ་བའི་ཁང་པ་བཟང་པོ་ཞིག་མཐོང་ནས་དེའི་སྒོར་འོངས་བ་དང ། དེའི་ནང་ནས་ལྷའི་བུ་མོ་དེ་བས་ཀྱང་གཟུགས་ལེགས་པ། དེ་བས་ཀྱང་བལྟ་ན་སྡུག་པ། ཤིན་ཏུ་བཟང་མོ་སུམ་ཅུ་རྩ་གཉིས་ཤིག་བྱུང་ནས་དེ་དག་གིས་བུ་མོ་མཛའ་མོ་ཚུར་སྤྱོན། མཛའ་མོ་བདེ་བར་བྱོན་ཏམ། བདག་ཅག་གི་ཟས་ཀྱི་ཁང་པ་འདི་དང ། སྐོམ་གྱི་ཁང་པ་དང ། གོས་ཀྱི་ཁང་པ་དང ། ཉལ་བའི་ཁང་པ་དང ། ནོར་བུ་དང ། མུ་ཏིག་དང ། བེ་ཌཱུརྱ་དང ། དུང་དང ། ཤེལ་དང ། བྱི་རུ་དང ། Pa155a ༄#། །གསེར་དང ། དངུལ་ལ་སོགས་པ་རྣམ་པ་སྣ་ཚོགས་ཀྱིས་གང་བ་ཡོད་ཀྱི། ཚུར་སྤྱོན། ལྷན་ཅིག་བཞུགས་སོ། །ཞེས་སྨྲས་ནས་དེ་དག་དང་ལྷན་ཅིག་ལོ་དུ་མ། ལོ་བརྒྱ་དུ་མ། ལོ་སྟོང་དུ་མ། ལོ་བརྒྱ་སྟོང་དུ་མར་ཇི་ལྟར་སེམས་ཅན་བསོད་ནམས་བྱས་པ། དགེ་བ་བྱས་པ། མཐུ་ཆེན་པོ་རྫུ་འཕྲུལ་ཆེན་པོས་མྱོང་བ་བཞིན་མྱོང་བར་གྱུར་ཏོ། །དེ་དག་གིས་ཀྱི་ལྷོ་ཕྱོགས་ཀྱི་ལམ་དུ་མ་འགྲོ་ཞིག་ཅེས་བསྒོའོ། །དེ་ལྷོ་ཕྱོགས་ཀྱི་ལམ་དུ་མ་འགྲོ་ཞིག་ཅེས་བསྒོ་ཡང་ཇེ་ཐུར་འཐེན་ཅིང་འགྲོ་བར་འདོད་ནས་ཇི་ཙམ་ཞིག་ན་ལྷོ་ཕྱོགས་ཀྱི་ལམ་དུ་སོང་ནས་དེ་ཕྱི་ཕྱིར་ཞིང་དད་པ་སྐྱེས་ཏེ། དེ་རིམ་གྱིས་ལྷོ་ཕྱོགས་སུ་སོང་བ་དང་ལྕགས་ལས་བྱས་པའི་གྲོང་ཁྱེར་ཞིག་མཐོང་སྟེ། དེ་དེར་ཞུགས་སོ། །དེར་ཞུགས་མ་ཐག་ཏུ་དེའི་སྒོ་ཡང་སླར་བཅད་པར་གྱུར་ཏོ། །དེ་ནས་ཡང་ནང་དུ་སོང་བ་དང་སྒོ་ཡང་དེ་བཞིན་དུ་བཅད་དོ། །དེ་ནས་ཡང་ནང་དུ་སོང་བ་དང ། སྒོ་ཡང་བཅད་པར་གྱུར་ཏེ། ཇི་ཙམ་ཞིག་ན་སྐྱེས་བུ་རབ་ཏུ་ལུས་ཆེ་བ་ཞིག་དེ་ནས་བྱུང་སྟེ་དེའི་སྤྱི་བོ་ལ་ལྕགས་ཀྱི་འཁོར་ལོ་འབར་བ། རབ་ཏུ་འབར་བ། ཤིན་ཏུ་རབ་ཏུ་འབར་བ། མེ་ལྕེ་གཅིག་ཏུ་གྱུར་པ་ཞིག་འཁོར་ཞིང་འདུག་སྟེ། དེའི་མགོ་ལས་རྣག་ཁྲག་བྱུང་བ་ནི། ཟས་སུ་ཟ་བར་མཐོང་ངོ ། །དེ་ནས་བུ་མོ་མཛའ་མོས་སྐྱེས་བུ་དེ་ལ། ཁྱོད་ཅིའི་ཕྱིར་དེ་ལྟར་གྱུར་ཅེས་དྲིས་པ་དང ། དེས། ངས་ནི། མ་ལ་གནོད་པ་བྱས་པའི་ཕྱིར་རོ། །ཞེས་སྐྱེས་བུ་དེས་དེ་སྐད་དུ་སྨྲས་མ་ཐག་ཏུ་བུ་མོ་མཛའ་མོ་དེའི་ Pa155b ལས་ཀྱང་མངོན་དུ་སྨིན་པར་གྱུར་ཏེ། བདག་གིས་ཀྱང་མ་ལ་གནོད་པ་བྱས་ནས་དེའི་ལས་ཀྱིས་འདིར་ཁྲིད་དེ་འོངས་སོ། །སྙམ་བསམ་པ་དང ། དེ་མ་ཐག་ཏུ་ནམ་མཁའ་ལས་སྒྲ་འདི་སྐད་དུ། གང་བཅིངས་པ་དེ་ནི། ཐར། གང་མ་བཅིངས་པ་དེ་ནི། བཅིངས་པའོ། །ཞེས་སྒྲ་དེ་བྱུང་མ་ཐག་ཏུ་སྐྱེས་བུ་དེའི་སྤྱི་བོ་ན་འཁོར་ལོ་ཡོད་པ་དེ་ནི། མེད་པར་གྱུར། བུ་མོ་མཛའ་མོའི་སྤྱི་བོར་འཁོར་ལོ་བྱུང་ངོ ། །དེ་ནས་བུ་མོ་མཛའ་མོ་རབ་ཏུ་སྡུག་བསྔལ་བར་སྐྱེས་བུ་དེས་མཐོང་ནས་ཚིགས་སུ་བཅད་དེ་སྨྲས་པ། རྟག་ཏུ་དགའ་དང་དྲེགས་བྱེད་ཅིང ། །སྐྱིད་པར་བྱེད་པ་བོར་བྱས་ཏེ། །ཚངས་པ་བླ་མའི་ཁང་པ་ནས། །ཅི་ཡི་ཕྱིར་ནི་ཁྱོད་འདིར་འོངས། །བུ་མོ་མཛའ་མོས་སྨྲས་པ། རྟག་ཏུ་དགའ་དང་དྲེགས་བྱེད་ཅིང ། །སྐྱིད་པར་བྱེད་པ་བོར་བྱས་ཏེ། །ཚངས་པ་བླ་མའི་ཁང་པ་ནས། །འདིར་ནི་འོངས་པར་འདོད་གྱུར་པ། །ཡུན་རིང་པོ་ཡི་ལས་ཀྱིས་གཉེར། །ལས་ཀྱིས་རིང་ནས་གཉེར་ནས་ཀྱང ། །གང་དུ་ལས་ཀྱིས་གཉེར་བ་དེར། །ལས་ཀྱང་རྣམ་པར་སྨིན་པར་གྱུར། །ལས་གང་རྣམ་པར་སྨིན་པས་ན། །འཁོར་ལོ་འབར་དང་རབ་འབར་བ། །བདག་གི་སྲོག་ལ་གནོད་གྱུར་ཏེ། །ཀླད་ལ་འཁོར་ལོ་འབར་བར་གྱུར། །མི་དེས་སྨྲས་པ། ཁྱོད་ཀྱིས་ངན་པའི་སེམས་བསྐྱེད་དོ། །དགའ་བར་བྱེད་པ་མ་ཡི་མགོར། །ཁྱོད་ཀྱིས་རྡོག་པ་བརྒྱབ་པས་ན། །དེ་ཡི་ལས་ཀྱི་འབྲས་བུ་ཡིན། །བུ་མོ་མཛའ་མོས་སྨྲས་པ། འཁོར་ལོ་འབར་བ་རབ་འབར་བ། །བདག་གི་སྲོག་ལ་སྲོག་ལ་གནོད་བྱེད་པ། །ལོ་གྲངས་སྲོང་ཕྲག་ཇི་སྲིད་དུ། །ང་ཡི་ཀླད་ལ་འཁོར་བར་འགྱུར། །མི་དེས་སྨྲས་པ། ལོ་ Pa156a ༄#། །གྲངས་སྟོང་ཕྲག་དྲུག་ཅུ་དང ། །ལོ་གྲངས་བརྒྱ་ཡི་བར་དུ་ནི། །འབར་བའི་ལྕགས་ཀྱི་འཁོར་ལོས་ཀྱང ། །ཁྱོད་ཀྱི་མགོ་ལ་འཇོམས་པར་བྱེད། །དེ་ནས་བུ་མོ་མཛའ་མོ་དེས་མི་དེ་ལ། ཀྱེ་སྐྱེས་བུ། གཞན་དག་ཀྱང་འདིར་འོང་བ་ལྟ་ཡོད་དམ་མེད་ཅེས་སྨྲས་པ་དང ། མི་དེས་སྨྲས་པ། གང་གིས་ལས་འདི་ལྟ་བུ་བྱས་པ་དག་ནི། འདིར་འོང་བར་འགྱུར་རོ། །དེ་ནས་བུ་མོ་མཛའ་མོ་སྡུག་བསྔལ་གྱིས་མངོན་དུ་གཟིར་བ་དང ། སེམས་ཅན་རྣམས་ལ་སྙིང་རྗེ་བ་བསྐྱེད་ནས་མི་དེ་ལ་འདི་སྐད་དུ་སྨྲས་སོ། །ཀྱེ་སྐྱེས་བུ། ངས་སེམས་ཅན་ཐམས་ཅད་ཀྱི་ཕྱིར་འཁོར་ལོ་འདི་མགོ་ལ་བཟོད་པར་བྱའི། །གཞན་དག་གིས་འདི་འདྲ་བའི་ལས་བྱས་པ་དེ་དག་འདིར་མ་འོངས་ཤིག་།ཅེས་སྨྲས་མ་ཐག་ཏུ་བུ་མོ་མཛའ་མོ་བྱང་ཆུབ་སེམས་དཔའ་དེའི་མགོ་ལས་འཁོར་ལོ་དེ་ཤིང་ཏ་ལ་བདུན་ཙམ་དུ་ནམ་མཁའ་ལ་འཕགས་ནས་འདུག་པ་དང ། དེའང་དུས་འདས་ནས་དགའ་ལྡན་གནམ་གྱི་ལྷའི་ཁམས་སུ་སྐྱེས་སོ། །ཞེས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ཏོ། །དགེ་སློང་དག་།ཇི་སྙམ་དུ་སེམས། དེའི་དུས་ན་བུ་མོ་མཛའ་མོ་ཞེས་བྱ་བ་དེ་ནི། ང་ཉིད་ཡིན་ཏེ། དེའི་ཚེ་ངས་ཚོང་བྱས་ཏེ། ཀཪྴ་པ་ཎ་མ་ལ་བྱིན་པ་དེའི་ལས་ཀྱི་རྣམ་པར་སྨིན་པས་ནི། གྲོང་ཁྱེར་ཆེན་པོ་རྣམ་བཞིར་རབ་ཏུ་བདེ་བ་མྱོང་བར་གྱུར་ཏོ། །དེ་ནས་ངས་མ་ལ་གནོད་པ་ཅུང་ཟད་ཅིག་བྱས་པ་དེའི་ལས་ཀྱི་འབྲས་བུ་རྣམ་པར་སྨིན་པས་ནི། རྣམ་པ་འདི་ལྟ་བུའི་སྡུག་བསྔལ་མྱོང་བར་གྱུར་ Pa156b ཏོ། །དེ་བས་ན། དགེ་སློང་དག་།དེ་བཞིན་དུ་བསླབ་པར་གྱིས་ཤིག་།ཕ་དང ། མ་ལ་ཕན་གདགས་པར་བྱ་ཡི། གནོད་པ་མ་བྱེད་ཅིག་དང ། དེ་ལྟ་བུའི་གནོད་པ་མི་མྱོང་བར་འགྱུར་བ་ནི། ཇི་ལྟར་བུ་མོ་མཛའ་མོ་སོ་སོ་སྐྱེ་བོའི་ཚེ་ན་མྱོང་བ་བཞིན་ཏེ། ཡོན་ཏན་མང་པོར་ཡང་འགྱུར་ཞིང ། དེ་ཡང་དེ་བཞིན་གཤེགས་པ་ཡིན་ཏེ། དགེ་སློང་དག་།དེ་བཞིན་བསླབ་པར་བྱོས་ཤིག་།དགེ་སློང་དག་།དེ་ལྟ་བས་ན། ཚུལ་ཁྲིམས་རབ་ཏུ་ཉམས་པར་གྱུར་ཀྱང་རྣམ་པ་ལྔ་ལ་ཉེ་གཡོག་བྱ་བར་གནང་སྟེ། ལྔ་གང་ཞེ་ན། ཕ་དང ། མ་དང ། མཁན་པོ་དང ། སློབ་དཔོན་དང ། ནད་པ་རྣམས་སོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་བཀའ་སྩལ་པ། དགེ་སློང་དག་།ཉི་མ་ནི། ཤར། བྱ་རོག་ནི། ཟེར། ཞིང་པ་ནི། རྨོ་རྐོ་བྱེད། མ་ལུས་པར་རྐུ་བ་རྣམས་ནི། ངུའོ། །དགེ་སློང་དག་།དེ་ནི། དཔེར་བྱས་ཏེ། དོན་དེ་མི་ཤེས་པའི་ཕྱིར་དོན་དེའང་བསྟན་པར་བྱ་སྟེ། དགེ་སློང་དག་།ཉི་མ་ཤར་ཅེས་བྱ་བ་ནི། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་ཚིག་བླ་དྭགས་སོ། །བྱ་རོག་ཟེར་རོ། །ཞེས་བྱ་བ་ནི། ཆོས་ཀྱི་སྣོད་གང་ཟག་རྣམས་ཀྱི་ཚིག་བླ་དྭགས་སོ། །ཞིང་བ་ཞིང་རྨོད་ཅེས་བྱ་བ་ནི། སྦྱིན་པར་བྱེད་པ་དང ། སྦྱིན་བདག་རྣམས་ཀྱི་ཚིག་བླ་དྭགས་སོ། །མ་ལུས་པར་རྐུ་བ་རྣམས་ངུའོ། །ཞེས་བྱ་བ་ནི། བདུད་ཀྱི་འཁོར་གྱི་ཚིག་བླ་དྭགས་སོ། །དེ་ལྟ་བས་ན། དགེ་སློང་དག་།སྟོན་པ་ནི། ཉན་ཐོས་དག་ལ་ཐུགས་བརྩེ་བས་ཐུགས་རྗེའི་དོན་སྟོན་པ། ཕན་པར་དགོངས་པ། Pa157a ༄#། །ཐུགས་རྗེ་བཞིན་པས་ན། ངས་ཁྱོད་ལ་དོན་བྱས་ཀྱི། ཁྱོད་ཀྱིས་ད་བྱ་བའི་རིགས་སོ། །དེ་འདི་ལྟར་དགོན་པ་དང ། ཤིང་དྲུང་དང ། ཁང་སྟོང་དང ། རི་དང ། གྲོག་པོ་དང ། རི་ཕུག་དང ། སོག་མའི་ཕུང་པོ་དང ། བླ་བག་མེད་པ་དང ། དུར་ཁྲོད་དང ། ནགས་ཚལ་གྱི་ཕྱོགས་དང ། བས་མཐར་གནས་པར་བྱ་སྟེ། དགེ་སློང་དག། བག་མེད་པར་མ་བྱེད་ཅིག་།ཕྱིས་འགྱོད་པར་གྱུར་ཏ་རེ། ངས་བསྟན་པ་འདི་ནི། ངས་རྗེས་སུ་བསྟན་པའོ། །བཅོམ་ལྡན་འདས་ཀྱིས་དགོན་བར་གནས་པར་གསུངས་པས་ན། ཕྱིས་འགྱོད་པར་གྱུར་ཏ་རེ། འདི་ནི། ངས་བསྟན་པའོ། །ཞེས་གསུངས་པའི་བར་དུ་སྔ་མ་བཞིན་ནོ། །དགེ་སློང་དག་།དགོན་པ་དང ། ནགས་ཚལ་གྱི་ཕྱོགས་དང ། བས་མཐའ་ལ་གནས་ཤིང་བསམ་གཏན་བྱེད་པ་ལ་ཞུགས་སོ། །མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་གིས་དགོན་པ་ལ་གནས་པའི་དགེ་སློང་དག་གི་ཕྱིར་དགོན་པར་ཁྱིམ་བརྩིགས་ཏེ། ཇི་ཙམ་ཞིག་ན་བསོད་སྙོམས་པ་གཞན་ཞིག་ལྗོངས་སྤྱད་པ་སྤྱོད་ཅིང་མཉན་དུ་ཡོད་པར་ཕྱིན་པ་དང།་དེའང་སླར་ཁྱིམ་དུ་འོངས་ཏེ་འདུག་པ་དང ། དེ་དུས་ཕྱི་ཞིག་ན་དེའི་སྐྲ་དང་ཁ་སྤུ་རིང་པོར་གྱུར་ནས་སྔ་དྲོའི་དུས་ན་ཤམ་ཐབས་བགོས་ཏེ་ལྷུང་བཟེད་དང ། ཆོས་གོས་ཁྱེར་ཏེ་སོང་བ་དང ། དེ་ལ་ཁྱིམ་བདག་དེས། འཕགས་པ། སྐྲ་དང ། ཁ་སྤུ་རིང་ངོ ། །ཞེས་སྨྲས་པ་དང ། དེས། བཞིན་བཟང ། འབྲེག་མཁན་མེད་དོ། །ཞེས་སྨྲས་ནས་ཁྱིམ་བདག་གིས། འཕགས་པ། དེ་ལྟ་ན་བཞུད་ཅིག་ Pa157b དང ། བདག་གིས་འབྲེག་མཁན་གཏང་ངོ ། །ཞེས་སྨྲས་པ་དང ། དེས་བསོད་སྙོམས་བླངས་ནས་སླར་སོང་བ་དང ། དེས་འབྲེག་མཁན་ཡང་བཏང་ངོ ། །བསོད་སྙོམས་པ་དེ་རབ་ཏུ་ལེ་ལོ་ཅན་ཞིག་སྟེ། དེ་གདིང་བའི་སྟེང་དུ་འདུག་བཞིན་སྐྲ་བྲེགས་པ་དང ། སྐྲ་ཡང་གདིང་བའི་སྟེང་དུ་ལྷུང་ནས་ཟད་པར་དོར་མ་ནུས་སོ། །ཁྱིམ་བདག་དེས་བསམ་པ། འབྲེག་མཁན། ཁྱོད་སོང་ལ་དགེ་སློང་དེའི་སྐྲ་དང ། ཁ་སྤུ་དག་བྲེགས་སམ་མ་བྲེགས་ལྟོས་ཤིག་།ཅེས་སྨྲས་པ་དང ། དེ་དེར་སོང་སོང་ནས་གདིང་བ་དེའི་སྟེང་དུ་འདུག་པ་དང ། དེའི་གོས་ལ་སྐྲ་དག་ཆགས་ནས་ཁྱིམ་བདག་དེས་བསོད་སྙོམས་པ་དེ་ལ་མགུ་བ་དག་བྱས་ནས་སླར་ཁྱིམ་དུ་སོང་བ་དང ། དེའི་ཆུང་མས། ཇོ་བོའི་སྲས། ཅི། ཁྱོད་འབྲག་མཁན་གྱི་ཁྱིམ་ན་འདུག་འདུག་གམ། དེས་གོས་ལ་བལྟས་ན་སྐྲ་ཆགས་ཤིང་འདུག་པ་མཐོང་ནས་དེས་བསམ་པ། བསོད་སྙོམས་པ་དེ་གདིང་བའི་སྟེང་དུ་འདུག་བཞིན་དུ་སྐྲ་མ་བྲེགས་གྲང་ཞེས་དེ་བལྟར་འགྲོའོ། །སྙམ་བསམ་ནས་དེ་དེར་སོང་སྟེ་བལྟས་པ་དང ། དེའི་གདིང་བ་ལ་སྐྲ་དག་གིས་གང་ཞིང་འདུག་པ་མཐོང་ནས་འཕགས་པ།་གདིང་བའི་སྟེང་དུ་སྐྲ་མི་བྲེགས་པ་ཙམ་ཡང་མི་ཤེས་སམ་ཞེས་ཉེས་པ་གང་བརྗོད་པ་དང ། བསོད་སྙོམས་པ་དེ་གནང་ནས་སྤ་གོང་སྟེ་ངོ་ཚ་ནས་ཅང་མི་ཟེར་བར་འདུག་གོ་།དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཁྱིམ་བདག་དེ་དག་འཕྱ་བ་ནི། ཡུས་ཏེ། དེ་བས་ན། དགེ་སློང་དག་གདིང་བའི་སྟེང་ན་འདུག་ Pa158a ༄#། །ཅིང་སྐྲ་མ་བྲེགས་ཤིག་།བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གདིང་བའི་སྟེང་ན་འདུག་ཅིང་སྐྲ་མ་བྲེགས་ཤིག་།ཅེས་བཀའ་སྩལ་པ་དང ། དགེ་སློང་དག་གིས་གནས་ཁང་དང ། བཀད་ས་དང ། སྒོ་ཁང་དུ་སྐྲ་བྲེགས་ནས་དེ་ཉིད་ཉེས་པའི་དམིགས་སུ་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དགེ་འདུན་གྱིས་ཕྱག་དར་བྱེད་པའི་གནས་དེར་སྐྲ་མ་བྲེགས་ཤིག་།བྲེགས་ན། འདས་པ་དང་བཅས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་གང་དགེ་འདུན་གྱི་ཕྱག་དར་བྱ་བའི་གནས་དེར་སྐྲ་མ་བྲེགས་ཤིག་།ཅེས་གསུངས་པ་དང ། དགེ་སློང་ཁ་ཅིག་རྒས་ཤིང་འཁོགས་ལ་རིད་པར་གྱུར། ཁ་ཅིག་ནི། ན་བར་གྱུར་ཏེ་ཕྱི་རོལ་ཏུ་འགྲོ་མ་ནུས། མི་ན་བ་དག་ཀྱང་ཚ་ཞིང་ཆར་བ་བབ་པར་གྱུར་བ་དང ། དེ་དག་ཀྱང་ཕྱིར་འབྱུང་མི་ནུས་ནས་གནོད་པར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དགེ་སློང་དག། རྒས་ཤིང་འཁོགས་ལ་རིད་པར་གྱུར་པ་དང ། ན་སྟེ་མི་བདེ་བ་དག་ནི། སྔ་ཁང་དུ་སྐྲ་བྲེག་པར་གྱིས་ཤིག་།མིན་བ་དག་ཚ་ཞིང་ཆར་བ་བབ་པར་འགྱུར་ཏེ་ཕྱི་རོལ་ཏུ་འབྱུང་བར་མི་བདེ་ན། དེ་ཡང་སྔ་ཁང་དུ་སྐྲ་བྲེག་པར་གྱིས་ཤིག ། སའི་དངོས་པོ་ཐམས་ཅད་དུའང་ས་གཞི་ཕྱི་བདར་བྱ། ཡང་ན་ནི། བྱེད་དུ་ཆུ་གཅིག་།སྐྲ་ནི། བསྡུས་ལ་ཕྱག་དར་ཁྲོད་དུ་འོར་ཅིག་།སེན་མོ་གཅོད་པ་ཡང་གོ་རིམ་འདི་བཞིན་ནོ། །གང་མི་བདེ་ Pa158b བར་གྱུར་པ་དེ་ལ་རྗེས་སུ་བཅས་ཀྱི། མི་བདེ་བ་མེད་པ་དག་ནི། དེ་ལྟར་མ་བྱེད་ཅིག་།བྱས་ན། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་དགེ་སློང་ཞིག་ན་བར་གྱུར་ན་དེས་རྩ་བ་དང ། སྡོང་བུ་དང ། འདབ་མ་དང ། འབྲས་བུ་རྣམས་ཀྱི་སྨན་གྱིས་གསོས་ཀྱང་དེའི་ནད་སོས་པར་མ་གྱུར་ནས་ཇི་ཙམ་ཞིག་ན་སྨན་པ་གཙུག་ལག་ཁང་དུ་འོངས་པ་དང ། དེ་ལ་དགེ་སློང་དག་གིས། བཞིན་བཟང ། དགེ་སློང་འདི་འདྲ་བར་ན་བར་གྱུར་ན། སྨན་དཔྱད་ཀྱི་ཐབས་སྟོན་ཅིག་།ཅེས་སྨྲས་པ་དང ། དེས། འཕགས་པ། ཕྱི་དྲོ་ཕྱེ་ཟོ་ཞིག་དང་སོས་པར་འགྱུར་རོ། ། ཞེས་སྨྲས་པ་དང ། དེ་དག་གིས། བཞིན་བཟང ། ཕྱི་དྲོ་ཕྱི་བཟའ་བར་བཅོམ་ལྡན་འདས་ཀྱིས་མ་གནང་ན། ངེད་ཅག་གིས་ཇི་ལྟར་ཕྱི་དྲོ་ཕྱེ་བཟའ་བར་བྱ་ཞེས་སྨྲས་པ་དང ། དེས། འཕགས་པ། ཁྱེད་ཅག་གི་སྟོན་པ་ནི། ཐུགས་རྗེ་ཅན་ཡིན་གྱི། གནང་བར་འགྱུར་རོ། །ཞེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།བ་ལང་རྒན་པོ་སོ་མེད་པ་དག་གིས་ནས་ཇི་ལྟར་ཟོས་པ་དེ་བཞིན་དུ་འབྱུང་བ་ཡོད་དེ། དེ་ལྟ་བས་ན། རྗེས་སུ་གནང་བ་ནི། བ་ལང་རྒན་པོས་ཟོས་པའི་ནས་ལས་ཕྱེར་ཐོགས་ལ་བྱིན་ཅིག་།དེ་ལ་ཐེ་ཚོམ་ནི། མ་བྱེད་ཅིག་།དེ་ལ་ཕྱེ་དེ་བྱིན་ཀྱང་སོས་པར་མ་གྱུར་ནས་དགེ་སློང་དག་གིས་སྨན་པ་ལ་ཞིབ་ཏུ་སྨྲས་པ་དང ། དེས། འཕགས་པ་དག་།དེ་ནི། རོ་ཡལ་བས་མི་ཕན་ཏེ། ནས་གཞན་ལས་ Pa159a ༄#། །ཕྱེ་བྱོས་ལ་བྱིན་ཅེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། གཞན་གྱིས་མ་ཟོས་པའི་ནས་ལས་ཕྱིར་བྱོས་ཏེ་ཚགས་ཀྱིས་ཚོགས་ལ་བྱིན་ཅིག་།ཅེས་བཀའ་སྩལ་པ་དང ། དགེ་སློང་དག་གིས་དེ་བཞིན་དུ་བྱིན་ཡང་སོས་པར་མ་གྱུར་ནས་དགེ་སློང་བདག་གིས་སྨན་པ་ལ་ཞིབ་ཏུ་སྨྲས་པ་དང ། དེས། འཕགས་པ། ལྡེ་གུ་བྱོས་ལ་བྱིན་ཅིག་དང ། སོས་པར་འགྱུར་རོ། །ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་སྨན་པས་བསྒོ་ན། ཕྱེ་ལ་ལྡེ་གུར་བྱོས་ལ་བྱིན་ཅིག་།དེ་བཞིན་དུ་ཕྱེ་ལས་ཟན་དུ་བྱས་པ་དང ། དེ་ཉིད་ཀྱང་རུང་སྟེ། ཐམས་ཅད་བྱིན་ཅིག་།དེ་ལ་ཐེ་ཚོམ་མ་བྱེད་ཅིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་མཉན་དུ་ཡོད་པ་ན། དགེ་སློང་གཞན་ཞིག་ན་བར་གྱུར་ནས་དེ་རྩ་བ་དང ། སྡོང་བུ་དང ། འདབ་མ་དང ། འབྲས་བུའི་སྨན་རྣམས་ཀྱིས་གསོས་ཀྱང་སོས་པར་མ་གྱུར་ནས་ཕྱི་ཞིག་ན་སྨན་པ་གཙུག་ལག་ཁང་དུ་འོངས་པ་དང ། དགེ་སློང་དག་གིས་དྲིས་པ། བཞིན་བཟང ། དགེ་སློང་འདི་ན་བའི་ཐབས་འདི་ལྟ་བུ་ཞིག་ན། སྨན་དཔྱད་སྟོན་ཅིག་།ཅེས་སྨྲས་པ་དང ། དེས། འཕགས་པ་དག་།ཕྱི་དྲོ་ཁུ་ཤ་བྱིན་ཅིག་དང ། སོས་པར་འགྱུར་རོ། །ཞེས་སྨྲས་པ་དང ། དེ་དག་གིས། བཞིན་བཟང ། ཕྱི་དྲོ་ཟ་བར་བཅོམ་ལྡན་ Pa159b འདས་ཀྱིས་མ་གནང་ན། དེ་ལ་ཕྱི་དྲོ་ཁུ་ཤ་ཇི་ལྟར་བཟའ་ཞེས་སྨྲས་པ་དང ། དེས། འཕགས་པ་དག་།ཁྱེད་ཀྱི་སྟོན་པ་ནི། ཐུགས་རྗེ་ཅན་ཡིན་གྱི། གནང་བར་འགྱུར་རོ། །ཞེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།དྲེད་མོ་ཞེས་བྱ་བའི་སྲོག་ཆགས་ཤིག་ཡོད་དེ། དེས་ཤ་ཇི་ལྟར་ཟོས་པ་དེ་བཞིན་དུ་འབྱུང་གི་།དེ་ལྟ་བས་ན། རྗེས་སུ་གནང་བ་ནི། དྲེད་མོས་ཟོས་པའི་ཤ་ལས་ཁུ་ཤར་བྱོས་ཏེ་བྱིན་ཅིག་།དེ་ལ་ཐེ་ཚོམ་མ་བྱེད་ཅིག་།དེ་དག་གིས་དྲེད་མོས་ཟོས་པའི་ཤ་ལས་ཁུ་ཤར་བྱས་ཏེ་བྱིན་ཡང་སོས་པར་མ་གྱུར་ནས་དགེ་སློང་དག་གིས་སྨན་པ་ལ་ཞིབ་ཏུ་སྨྲས་པ་དང ། དེས། འཕགས་པ་དག་།དེ་ནི། རོ་ཡལ་ཟིན་པས་ཤ་གསར་པ་ལས་བྱས་པ་དག་བྱིན་ཅིག་དང་སོས་པར་འགྱུར་རོ། །ཞེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་སྨན་པས་ཤ་གསར་པ་ལས་ཁུ་ཤར་བྱོས་ལ་བྱིན་ཅིག་།ཅེས་བསྒོ་ན་ནི། དེ་ལྟ་བས་ན། རྗེས་སུ་གནང་བ་ནི། ཤ་གསར་པ་ལས་ཁུ་ཤར་གྱིས་ལ་དར་གྱིས་ཚོགས་ཏེ་བྱིན་ཅིག་།དགེ་སློང་དག་གིས་དེ་བཞིན་དུ་བྱིན་ཡང་སོས་པར་མ་གྱུར་ནས་དགེ་སློང་དག་གིས་སྨན་པ་ལ་ཞིབ་ཏུ་སྨྲས་པ་དང།་དེས། འཕགས་པ་དག་།སྣག་ཚོགས་བྱོས་ལ་བྱིན་ཅིག་ཅེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་ Pa160a ༄#། །སྨན་པས་སྣག་ཚོགས་བྱིན་ཅིག་ཅེས་བསྒོ་ན་ནི། བྱིན་ཅིག་།དེ་ལ་སོགས་ཏེ་གཏུབས་པ་དང ། སྐམ་པོ་ཐམས་ཅད་ཀྱང་བྱིན་ཅིག་།དེ་ལ་ཐེ་ཚོམ་མ་བྱེད་ཅིག་།གླེང་གཞིའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་གསུམ་པའོ།། །།མདོར་ན། དུད་པ་བཏུང་དང་སེང་རས་དང ། །སྣར་བླུགས་པ་དང་ཕོར་བུ་དང ། །ཁབ་རལ་དང་ནི་མིག་བྱུག་པ། །དྲང་སྲོང་ཆེན་པོས་གནང་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དུད་པ་བཏུང་པའི་སྤུ་བུ་ཆོངས་ཤིག་།ཅེས་གསུངས་ན། ཇི་ལྟ་བུ་བཅང་བར་བགྱི། ཨུ་པ་ལི། རིན་པོ་ཆེ་ལས་བྱས་པ་མ་གཏོགས་སོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་སེང་རས་ཆོངས་ཤིག་།ཅེས་གསུངས་ན། ཇི་ལྟ་བུ་བཅང་བར་བགྱི། བལ་ལས་བྱས་པ་དང ། ཟར་མ་ལས་བྱས་པ་དང ། རས་ལས་བྱས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་སྣའི་ནང་དུ་བླུགས་པ་ཆོངས་ཤིག་།ཅེས་གསུངས་ན། ཇི་ལྟ་བུ་བཅང་བར་བགྱི། ཨུ་པ་ལི། རིན་པོ་ཆེ་ལས་བྱས་པ་མ་གཏོགས་སོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་རྗེས་བཞིན་བཏུང་པའི་ཕོར་བུ་ཆོངས་ཤིག་།ཅེས་གསུངས་ན། ཇི་ལྟར་བུ་བཅང་བར་བགྱི། ཨུ་པ་ལི། དེ་ནི། རིན་པོ་ཆེ་མ་གཏོགས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཁབ་རལ་ཆོས་ཤིག་།ཅེས་གསུངས་ Pa160b ན།་ཇི་ལྟ་བུ་བཅང་བར་བགྱི། ཨུ་པ་ལི། དེ་ནི། རིན་པོ་ཆེ་ལས་བྱས་པ་མ་གཏོགས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་མིག་བྱུག་བའི་སྨན་གྱི་སྣོད་ཆོངས་ཤིག་།ཅེས་གསུངས་ན། ཇི་ལྟ་བུ་བཅང་བར་བགྱི།་ཨུ་པ་ལི། དེ་ནི། རིན་པོ་ཆེ་ལས་བྱས་པ་མ་གཏོགས་པའོ། །གླེང་གཞིའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་བཞི་པའོ།། །།མདོར་ན། ཕོར་བུ་དང་ཡང་སྐུད་རིས་དང ། །རྐང་གནས་པ་དང་རྐང་རྟེན་དང ། །བཀྲུ་སྨན་དག་དང་རྔན་པ་དང ། །ཤི་བར་གྱུར་བའི་ཆོས་གོས་སོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་སྨན་གྱི་ཕོར་བུ་ཆོངས་ཤིག་།ཅེས་གསུངས་ན། ཇི་ལྟ་བུ་བཅང་བར་བགྱི། ཨུ་པ་ལི།་དེ་ནི། རིན་པོ་ཆེ་ལས་བྱས་པ་མ་གཏོགས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་སྐུད་རིས་ཆོངས་ཤིག་།ཅེས་གསུངས་ན། ཇི་ལྟ་བུ་བཅང་བར་བགྱི། ཨུ་པ་ལི། སྐུད་པ་བདུན་ལས་བྱས་པ་སྟེ། བལ་དང ། ལྡུམ་བུ་ཤ་ན་ཀ་དང ། རས་བལ་དང ། གསོ་མ་དང ། རྩཝ་དུ་གུ་ལ་དང ། ལྡུམ་བུ་ཀོ་ཏམ་པ་དང ། སྲིན་བལ་གྱི་སྐུད་པ་ལས་བྱས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་རྐང་རྟེན་ཆོངས་ཤིག།་ཅེས་གསུངས་ན། ཇི་ལྟར་བུ་བཅང་བར་བགྱི། ཨུ་པ་ལི། དེ་ནི། རིན་པོ་ཆེ་ལས་བྱས་པ་མ་གཏོགས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཁྲི་དང་རྐང་རྟེན་ཆོངས་ཤིག་།ཅེས་གསུངས་ན། Pa161a ༄#། །ཇི་ལྟ་བུ་བཅང་བར་བགྱི། ཨུ་པ་ལི། དེ་ནི། རིན་པོ་ཆེ་ལས་བྱས་པ་མ་གཏོགས་པའོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་ན་བར་གྱུར་ནས་དེས་སྨན་པ་ལ་དྲིས་པ། བཞིན་བཟང ། བདག་ནད་འདི་འདྲ་བ་ཞིག་གིས་བཏབ་ན། སྨན་དཔྱད་ཀྱི་ཐབས་སྟོན་ཅིག་།ཅེས་སྨྲས་པ་དང ། དེས། ཁྱིམ་བདག་།སྣུམ་བག་སྔར་ཟོ་ཞིག་དང་ཕྱིས་བཀྲུ་སྨན་གཏང་ངོ ། །ཞེས་སྨྲས་པ་དང ། དེ་སྣུམ་བག་ཟ་བ་ལ་ཞུགས་སོ། །ཇི་ཙམ་ཞིག་ན་དེའི་གྲོང་དུ་ཉེ་བར་འགྲོ་བའི་དགེ་སློང་དེར་འོངས་ནས་དེས། ཁྱིམ་བདག་།ཅི་བྱེད་ཅིང་འདུག་ཅེས་སྨྲས་པ་དང ། དེས་ཇི་ལྟར་གྱུར་པ་ཞིབ་ཏུ་སྨྲས་སོ། །དེས། ཁྱིམ་བདག་།ཁོ་བོ་བཀྲུ་སྨན་གཏོང་བར་རབ་ཏུ་མཁས་ཀྱི། སྨན་པ་ལ་སྦྱིན་པ་དེ་ཁོ་བོ་ལ་བྱིན་ཅིག་དང ། ངས་ཁྱོད་ལ་བཀྲུ་སྨན་བཏང་ངོ ། །ཞེས་སྨྲས་པ་དང ། ཁྱིམ་བདག་དེས། ལེགས་ཀྱི། དེ་བཞིན་དུ་བགྱིའོ། །ཞེས་སྨྲས་ནས་དེས་དེ་བཀྲུ་སྨན་བཏང་ནས་གཙུག་ལག་ཁང་དུ་ལངས་ཏེ་སོང་ངོ ། །ཁྱིམ་བདག་དེའི་བཀྲུ་སྨན་མཆོད་ནས་དེའི་ཉེ་དུ་དག་སོང་སྟེ་སྨན་པ་ལ་དྲིས་པ། ཁྱིམ་བདག་དེ་བཀྲུ་སྨན་མཆོང་ན། ཐབས་ཇི་ལྟ་བུར་བགྱི་ཞེས་སྨྲས་པ་དང ། དེ་ལ་བཀྲུ་སྨན་སུས་བླུད། དེ་དག་གིས། འཕགས་པ། འདི་ཞེས་བྱ་བས་བླུད་དོ། །ཞེས་སྨྲས་པ་དང ། དེ་ཁྲོས་ནས་དེ་ཉིད་ཀྱི་གན་དུ་སོང་ལ་དྲིས་ཤིག་།ཅེས་སྨྲས་སོ། །དེ་དག་གིས་དེ་དེའི་ཤི་བ་ལས་སོས་ནས་དེ་ལྟར་གྱུར་པ་དགེ་སློང་དག་ Pa161b གིས་བཅོམ་ལྡན་འདས་ལ་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། དགེ་སློང་དག་གིས་རྔན་པ་ལེན་ཅིང་སྨན་མ་གཏོང་ཞིག་།དེ་སྟེ་བཀྲུ་སྨན་བཏང་ན་ཡང་གུང་དུ་མ་འགྲོ་ཞིག་།དེ་འདྲ་བའི་རྐྱེན་ཅིག་བྱུང་ན་ཡང་སྨན་དཔྱད་སྟོན་ལ་སོང་ཞིག་།དེ་བཞིན་དུ་མ་བྱས་པར་སོང་ན། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། ནོར་བདག་གིས་ནོར་ཆགས་པ་བཟུང་སྟེ། དེས་དེ་ལ་དུས་འདི་ཙམ་ཞིག་ན་བྱིན་ཅིག་ཅེས་དུས་བཏབ་ནས་བཏང་ངོ ། །དེས་བསམ་པ། དེ་ལྟར་དུས་བཏང་ཏུ་ཟིན་ཀྱང་ངས་དུས་བཞིན་དུ་གཞལ་བར་མི་ནུས་ཀྱི། ཅི་ནས་དུས་ལ་བབ་ན་བྲོས་ཏེ་འགྲོའོ། །སྙམ་དུ་བསམ་མོ། །ཕྱིས་ཡང་བསམ་པ། ཡུལ་དང་བྲལ་ཏེ་འགྲོ་བ་ཡང་རབ་ཏུ་སྡུག་བསྔལ་གྱི། ཅི་ནས་ནོར་བདག་དེ་གསད་དོ། །སྙམ་བསམ་ནས་དེ་ཛེ་ཏའི་ཚལ་དུ་འགྲོ་བའི་ལམ་དུ་དེས་དེ་བསད་དོ། །ཇི་ཙམ་ཞིག་ན་དྲུག་སྡེ་དག་གིས་དེ་མཐོང་ནས་དེ་དག་གིས་བསམ་པ། བདག་ཅག་གིས་ཕྱག་དར་ཁྲོད་ཀྱི་གོས་རྙེད་དོ། །སྙམ་བསམ་ནས་བཤུ་བར་བསམ་པ་དང ། དེའི་གཉེན་དག་གནས་དེར་འོངས་ནས་དེ་དག་གིས་དེ་མཐོང་སྟེ་ངུ་བ་ལ་ཞུགས་ནས་ཁྱེད་དག་གིས་བསད་དོ། །ཞེས་སྨྲས་པ་དང ། དེ་དག་གིས་ངེད་ཀྱིས་ནི། མ་བསད་ཀྱི། གདོན་མི་ཟ་བར་དགྲས་བསད་དོ། །ཞེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།དེའི་གཉེན་རྣམས་དོགས་པ་སྐྱེས་པ་ནི། ཡུས་ཏེ། དེ་བས་ན། དགེ་ Pa162a ༄#། །སློང་དག་གིས་དེ་འདྲ་བའི་ཕྱག་དར་ཁྲོད་ནི། མ་ལེན་ཅིག་།གང་གི་ཚེ་ན་སྐྱེ་བོ་མང་པོ་དག་གིས་རྟོགས་པར་གྱུར་པ་དེའི་ཚེ་ན། སླང་བར་བྱ་སྟེ། དེ་ལྟར་མ་བྱས་ན། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞིའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་ལྔ་པའོ།། །།འདུལ་བ་གཞུང་དམ་པ། བམ་པོ་སོ་ལྔ་པ། མདོར་ན། ལྕགས་ཀྱི་གོང་བུ་གཟར་བུ་དང ། །རྒྱབ་ཁུར་རྐེད་པ་མགོ་བོ་དང ། །ཕ་དང་མ་ལ་གོས་དང་ཟས། །སྤུ་ཅན་ཆོས་གོས་གསུམ་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ལྕགས་ཀྱི་གོང་བུ་ལྕགས་ཐག་གིས་ཐོགས་ཤིག་།ཅེས་གསུངས་ན། ལྕགས་ཐག་ཇི་ལྟ་བུ་གདག་པར་བགྱི། ཨུ་པ་ལི། དེ་ནི། རིན་པོ་ཆེ་ལས་བྱས་པ་མ་གཏོགས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་སྨན་གྱི་གཟར་བུ་ཆོངས་ཤིག་།ཅེས་གསུངས་ན། ཇི་ལྟ་བུ་བཅང་བར་བགྱི། ཨུ་པ་ལི། དེ་ནི། རིན་པོ་ཆེ་ལས་བྱས་པ་མ་གཏོགས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་རྒྱབ་དང ། རྐེད་པ་དང ། མགོ་ལ་ཁུར་མ་ཁྱེར་ཅིག་།ཅེས་གསུངས་ན། བཙུན་པ། དགེ་སློང་མ་དག་གིས་ཀྱང་རྒྱབ་དང ། རྐེད་པ་དང ། མགོ་ལ་ཁུར་མི་བཀུར་བར་བགྱིའམ། ཨུ་པ་ལི། དགེ་སློང་མ་དག་གིས་ཀྱང་རྒྱབ་དང ། རྐེད་པ་དང ། མགོ་ལ་ཁུར་མ་ཁྱེར་ཅིག་།དེ་སྟེ་ཁྱེར་ན། འདས་པ་ Pa162b དང་བཅས་པར་འགྱུར་རོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་གིས་རིགས་མཉམ་པ་ལས་ཆུང་མ་ཞིག་བླངས་ཏེ་དེ་དང་ལྷན་ཅིག་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱད་ནས་དུས་ཕྱི་ཞིག་ན་དེའི་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ནས་དེ་ཟླ་བ་བརྒྱད་དམ་དགུ་ལོན་པ་དང ། དེ་ལ་བུ་གཟུགས་ལེགས་པ། བལྟ་ན་སྡུག་པ། བཟང་བ། ཡན་ལག་ཐམས་ཅད་དང་ལྡན་པའི་ཁྱེའུ་ཞིག་བཙས་ཏེ། དེ་དག་གིས་བཙས་པའི་བཙས་སྟོན་ཆེན་པོ་བྱས་ནས་མིང་བཏགས་སོ། །དེ་བསྲིངས་བསྐྱེད་དེ་ཆེར་གྱུར་པ་དང ། ཇི་ཙམ་དུས་ཕྱི་ཞིག་ན་ཕ་མ་ལ་མ་གསོལ་བར་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་རབ་ཏུ་བྱུང་ངོ ། །དེ་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང ། ཆོས་གོས་ཁྱེར་ཏེ་མཉན་དུ་ཡོད་པར་བསོད་སྙོམས་ལ་ཞུགས་པ་དང ། དེའི་ཕ་རྒན་པོས་མཐོང་ནས་བུ་ཁྱོད་རབ་ཏུ་བྱུང་ན། ངེད་ཅག་སུས་གསོ་བར་འགྱུར་ཞེས་སྨྲས་པ་དང ། དེ་སྤ་གོང་ནས་ཅང་མི་སྨྲ་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཕ་དང ། མ་ནི། བུའི་དཀའ་བ་བྱེད་པ་སྟེ། དེ་ལྟ་བས་ན། བུ་རབ་ཏུ་བྱུང་ཡང་ཕ་དང ། མ་གཉིས་ཀྱི་བཟའ་བ་དང ། བགོ་བ་དག་སྦྱོར་བར་རྗེས་སུ་གནང་ངོ ། །བཅོམ་ལྡན་འདས་ཀྱིས་རབ་ཏུ་བྱུང་ཡང་ཕ་མ་གཉིས་ཀྱི་བཟའ་བ་དང ། བགོ་བ་དག་སྦྱོར་ཅིག་།ཅེས་གསུངས་པ་དང ། དགེ་སློང་དག་གིས་ཇི་ལྟར་སྦྱར་བ་ Pa163a ༄#། །མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ལྷུང་བཟེད་དང ། ཆོས་གོས་ལྷག་པར་གྱུར་པ་དེས་སྦྱར་བར་བྱོས་ཤིག་།དེ་སྟེ་མེད་ན། སྦྱིན་བདག་ལ་བསླངས་ཏེ་སྦྱོར་ཅིག་།དེ་སྟེ་དགེ་འདུན་དུ་གཏོགས་ལ་དགེ་འདུན་གྱི་རྙེད་པ་དབང་བར་གྱུར་ན། དེའི་ཕྱེད་བྱིན་ཅིག་།དེ་སྟེ་བསོད་སྙོམས་པ་ཞིག་ན། བསོད་སྙོམས་ཕྱེད་སྦྱིན་པར་གྱིས་ཤིག་།དེ་ལྟར་མ་བྱས་ན། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ནས་མི་རིང་བ་ཞིག་ན་རི་བྲག་གི་གྲོང་ཞིག་ཡོད་དེ། རི་བྲག་གི་གྲོང་དེ་ན་གཙུག་ལག་ཁང་ཞིག་ཡོད་པ་དེའི་ནང་ན་རྒན་ཞུགས་གཞན་ཞིག་གནས་ཏེ། དེ་ནས་དུས་ཕྱི་ཞིག་ན་མཆོད་རྟེན་ལ་ཕྱག་འཚལ་བའི་ཕྱིར་མཉན་དུ་ཡོད་པར་སོང་ངོ ། །དྲུག་སྡེ་རྣམས་ནི། ཆོས་ཀྱིས་ཀྱང་དྲུག་སྡེའི་ནང་ན་གཅིག་གིས་ནི། ཛེ་ཏའི་ཚལ་གྱི་སྒོ་སྲུང་པས་ན། ཚེ་དང་ལྡན་པ་ཉེ་དགའ་བོ་སྒོ་ན་འདུག་པ་དེས་མགོ་དཀར་ལ་སྨིན་མ་རིང་བ་ཞིག་རྒྱང་རིང་པོ་ནས་འོང་བ་མཐོང་ནས་དེས་བསམ་པ། དགེ་སློང་གནས་བརྟན་གང་ཞིག་འདིར་འོང ། བསུར་འགྲོའོ། །སྙམ་བསམ་སྟེ། དེ་སྔར་སོང་བ་དང ། དེས་གནས་བརྟན་བདེ་བར་འོངས་སམ་ཞེས་སྨྲས་སོ། །དེས་སློབ་དཔོན་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །ཞེས་སྨྲས་པ་དང ། ཚེ་དང་ལྡན་པ་ཉེ་དགའ་བོས་བསམ་པ། རྒན་ཞུགས་འདིས་སློབ་དཔོན་ཡང་མི་ཤེས། མཁན་པོ་ཡང་མི་ཤེས་པར་རིག་ནས་དེས། རྒན་ཞུགས། ཚུར་ Pa163b ཤོག་།གཙུག་ལག་ཁང་དུ་འདོང་ངོ ། །ཞེས་སྨྲས་སོ། །དེས་གཙུག་ལག་ཁང་དུ་ཁྲིད་ནས་ངལ་བསོར་བཅུག་པ་དང ། དེས་ཅུང་ཟད་ཅིག་འདུག་ནས་སློབ་དཔོན། བདག་ནི། མཆོད་རྟེན་ལ་ཕྱག་འཚལ་དུ་མཆིའོ། །ཞེས་སྨྲས་པ་དང ། ཉེ་དགའ་བོས། སྡོད་ཅིག་དང་འདུ་བའི་དུས་ལ་བབ་པ་དང་བྱའོ། །ཞེས་སྨྲས་པ་དང ། དེས། སློབ་དཔོན། བདག་གིས་ཆོས་གོས་གསུམ་ག་ཡང་ཁྱེར་ཏེ་མ་འོངས་པས་འགྲོའོ། །ཞེས་སྨྲས་པ་དང ། ཉེ་དགའ་བོས། རྒན་ཞུགས། སྡོད་ཅིག་དང ། འདིར་ཆོས་གོས་གསུམ་བྱིན་གྱིས་བརླབ་པར་བྱའོ། །ཞེས་སྨྲས་ནས་ཇི་ཙམ་ན་འདུག་པར་གྱུར་པ་དང ། དེས་དེ་ལ་པར་ཐང་ནི། མཐང་གོས་སུ་བྱིན་གྱིས་བརླབས། ལ་བ་ནི། སྟོད་གཡོགས་སུ་བྱིན་གྱིས་བརླབས། བེའུ་རས་ནི། སྦྱར་མར་བྱིན་གྱིས་བརླབས་ཏེ། དེ་ནས་ལ་བ་དང་བེའུ་རས་གཉིས་ཕྲག་པ་ལ་བཞག་ནས་པར་ཐང་གིས་དཀྲིས་པའི་སྟེང་དུ་ཐེ་གུས་དཀྲིས་ཏེ་དམ་དུ་བཅིངས་ནས་དེ་ནས་འདུས་པའི་ནང་དུ་བཏང་བ་དང ། དགེ་སློང་དག་གིས་མཐོང་ནས་དེ་ནས་དགེ་སློང་ཀུན་ཏུ་བཅིངས་པ་ཁ་ཅིག་གིས་ནི། ཉེས་པ་ངོར་བརྗོད་དོ། །ཁ་ཅིག་གིས་ནི། རྒན་ཞུགས་ཕ་བི་ཅིའི་ཕྱིར་སྨྱོན་ཐབས་བྱེད་ཅེས་སྨྲས་པ་དང ། དེས། ཚེ་དང་ལྡན་པ་དག་།འདི་ནི། ཁོ་བོའི་ཆོས་གོས་གསུམ་ཡིན་ཏེ། ཁོ་བོ་ནི། གློ་བུར་དུ་འོངས་ན། གང་དུ་གཞག་ཅེས་སྨྲས་པ་དང ། དེ་དག་གིས་ཆོས་གོས་གསུམ་དེ་འདྲ་བ་ཡིན་ནམ་ཞེས་སྨྲས་པ་དང ། དེས། གང་ལ་མེད་པ་དེ་ཅི་འདྲ་བར་འགྱུར་ཞེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་ Pa164a ༄#། །བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཉེས་པའི་དམིགས་སུ་གྱུར་པ་དེ་ནི། དགེ་སློང་དག་གིས་སྤུ་རིང་པོ་ལས་ཆོས་གོས་གསུམ་དུ་བྱིན་གྱིས་བརླབས་པ་སྟེ། དེ་ལྟ་བས་ན། དགེ་སློང་དག་གིས་སྤུ་རིང་པོ་ལས་ཆོས་གོས་གསུམ་དུ་བྱིན་གྱིས་བརླབ་པར་མི་གནང་བར་དགོངས་ནས་བཀའ་སྩལ་པ། དགེ་སློང་དག ། དགེ་སློང་རྣམས་ཉེས་པ་ངོར་བརྗོད་པ་ནི། ཡུས་ཏེ། ཉེས་པའི་དམིགས་སུ་གྱུར་པ་དེ་ནི། སྤུ་རིང་པོ་ལས་ཆོས་གོས་གསུམ་དུ་བྱིན་གྱིས་བརླབས་པ་སྟེ། དེ་ལྟ་བས་ན། དགེ་སློང་དག་སྤུ་རིང་པོ་ལས་ཆོས་གོས་གསུམ་དུ་བྱིན་གྱིས་མ་རློབས་ཤིག་།དེ་སྟེ་བྱིན་གྱིས་བརླབས་ན། འདས་པ་དང་བཅས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་སྤུ་རིང་པོ་ལས་ཆོས་གོས་གསུམ་དུ་བྱིན་གྱིས་མ་རློབས་ཤིག་།ཅེས་གསུངས་པ་དང ། དད་པའི་བྲམ་ཟེ་དང ། ཁྱིམ་བདག་གིས་ལ་བ་དང ། ཕྲུག་སྟན་དང ། བེའུ་རས་དག་ཕུལ་བ་དང ། དགེ་སློང་དག་ཐེ་ཚོམ་སྐྱེས་ནས་མ་བླངས་པ་དང ། དེས། འཕགས་པ་དང ། ནམ་སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་མ་བྱུང་བའི་ཚེ་ན་ནི། མུ་སྟེགས་ཅན་དག་ཡོན་གནས་ལགས་ན། ད་ནི། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་དུ་བྱུང་བས་ཁྱེད་ཅག་ཡོན་གནས་ལགས་ཏེ། ད་ཁྱེད་ཀྱིས་མ་བླངས་ན། བདག་ཅག་གིས་དགེ་བའི་ཟོང་མེད་བཞིན་དུ་འཇིག་རྟེན་ཕ་རོལ་ཏུ་ཇི་ལྟར་འགྲོ་ཞེས་སྨྲས་པ་དང ། དེ་དག་ཅང་མི་ཟེར་བར་འདུག་ Pa164b གོ་།དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།དང་པའི་བྲམ་ཟེ་དང ། ཁྱིམ་བདག་ཟེར་བ་ནི། བདེན་ཏེ། དེ་ལྟ་བས་ན། ངས་རྗེས་སུ་གནང་གི། ལོངས་ལ་སྤུ་ཐུང་དུ་རྣམས་ནི། ལྷག་པའི་གོས་སུ་བྱིན་གྱིས་རློབས་ཤིག་།སྤུ་རིང་པོ་རྣམས་ནི། ཡོན་བདག་གིར་བྱིན་གྱིས་རློབས་ལ་བཅང་བར་གྱིས་ཤིག་།གླེང་གཞིའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་དྲུག་པའོ།། །།མདོར་ན། དབུ་དང་སེན་མོའི་མཆོད་རྟེན་དང ། །ཁ་དོག་དཀར་པོ་མར་མེ་དང ། །ཁྱིམ་དང་མར་མེ་སྣོད་དག་དང ། །བ་ལང་བཙུན་མོ་རྟ་བབས་སོ།། སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་ཞུགས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་ནི། ཆོས་ཀྱིས་ནང་པར་སྔར་ལངས་ནས་བཅོམ་ལྡན་འདས་དང ། དགེ་སློང་གི་དགེ་འདུན་གྱི་ཞབས་ལ་ཕྱག་འཚལ་དུ་འགྲོའོ། །ཇི་ཙམ་དུས་ཕྱི་ཞིག་ན་བཅོམ་ལྡན་འདས་ཀྱིས་སེམས་ཅན་གྱི་བསོད་ནམས་ཀྱི་དོན་བསྟན་པའི་ཕྱིར་འབྲེག་མཁན་བཀུག་ནས་སྐྲ་དང ། ཁ་སྤུ་བྲེགས་བ་དང ། དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ཛེ་ཏའི་ཚལ་དུ་སོང་ནས་བཅོམ་ལྡན་འདས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ན། བདག་གིས་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་བརྩིག་པར་བགྱིའོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ཁྱིམ་བདག་།ངས་རྗེས་སུ་གནང་གི་།རྩིགས་ཤིག་།དེས་གཞི་ཡངས་ Pa165a ༄#། །པའི་གནས་ཤིག་ཏུ་མཛའ་བོ་དང ། ཕུ་ནུ་དང ། གཉེན་དག་དང་ལྷན་ཅིག་ཏུ་རིམ་གྲོ་ཆེར་བྱས་ནས་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ཡང་སྐྱེ་བོ་ཐམས་ཅད་ཀྱིས་བལྟ་ན་སྡུག་པ་ཞིག་བརྩིགས་ནས། རྡོ་ཐལ་གྱིས་མ་བྱུགས་པས་མི་མཛེས་པར་གྱུར་ནས་དེ་ཡང་བཅོམ་ལྡན་འདས་ཀྱི་དྲུང་དུ་སོང་ནས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། གསོལ་པ། བཅོམ་ལྡན་འདས། བདག་གིས་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་སྐྱེ་བོ་ཐམས་ཅད་ཀྱིས་བལྟ་ན་སྡུག་པ་ཞིག་བརྩིགས་ན། རྡོ་ཐལ་གྱིས་མ་བྱུགས་ཀྱི་བར་དུ་མི་མཛེས་པར་གྱུར་ན། དེ་ལ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བར་མཛོད་ཅིག་དང ། བདག་གིས་རྡོ་ཐལ་གྱིས་བྱུག་པར་བགྱིའོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ཁྱིམ་བདག་།ངས་རྗེས་སུ་གནང་གི་།རྡོ་ཐལ་གྱིས་སྐུས་ཤིག་།དེས་རྡོ་ཐལ་གྱིས་བསྐུས་ནས་དྲི་དང ། བདུག་པ་དང ། མེ་ཏོག་གིས་མཆོད་པ་བྱས་སོ། །མཚན་མོ་མར་མེ་མེད་པས་མི་མཛེས་པར་གྱུར་ནས་དེ་ཡང་བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་རྡོ་ཐལ་གྱིས་བསྐུས་ནས་དྲི་དང ། བྱུག་པ་དང ། མེ་ཏོག་དག་གིས་མཆོད་པ་བགྱིས་ན། མཚན་མོ་ཞུགས་མར་མ་མཆིས་ Pa165b ཏེ་མི་མཛེས་པར་གྱུར་ན། དེ་ལ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ན། བདག་གིས་བཅོམ་ལྡན་འདས་ཀྱིས་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ལ་མཆོད་པར་བགྱིས་ལ་མཚན་མོ་ཞུགས་མར་གྱི་ཕྲེང་བ་བུད་དོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ཁྱིམ་བདག་།ངས་རྗེས་སུ་གནང་གི་།དེ་ལ་མཆོད་པ་བགྱིས་ཏེ་ནུབ་མོ་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་གྱི་སྟེང་དུ་མར་མེའི་ཕྲེང་བ་བུས་ཤིག་།དེ་ནས་མར་ཟགས་ནས་མཆོད་རྟེན་གྱི་ཁ་དོག་དཀར་པོ་ཡང་མ་རུངས་པར་གྱུར་ཏེ། དེས་བཅོམ་ལྡན་འདས་ལ་ཞུས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མར་མེའི་ཕྲེང་བ་འོག་ཏུ་ཞོག་ཅིག་།དེས་མར་མེའི་ཕྲེང་བ་འོག་ཏུ་བཞག་པ་དང ། ཁྱིས་མར་མེ་འཐུངས་ནས་སྣོད་ཀྱང་ཁྱེར་རོ། །དེ་ཡང་བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་ཞབས་ལ་ཕྱག་འཚལ་ཏེ་གསོལ་པ། བཅོམ་ལྡན་འདས། བདག་གིས་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་གྱི་འོག་ཏུ་ཞུགས་མར་གྱི་ཕྲེང་བ་བཞག་ན། ཁྱི་དག་གིས་མར་འཚལ་ནས་ཞུགས་མར་གྱི་སྣོད་ཀྱང་འཚལ་ཏེ་མཆིས་ན། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བར་མཛོད་ཅིག་དང ། བདག་གིས་ཞུགས་མར་གྱི་ཁང་བུ་བགྱིའོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བས་ན། ཁྱིམ་བདག་།ངས་རྗེས་སུ་གནང་གི་།དེ་ལྟར་བྱོས་ཤིག་།དེས་མར་མེའི་ཁང་བུ་དག་ཀྱང་བྱས་སོ། །དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ལ་བ་ལང་དག་གིས་བསྙོགས་པ་དང ། དེ་ཡང་བཅོམ་ལྡན་འདས་གང་ Pa166a ༄#། །ན་བ་དེར་སོང་ནས་ཞབས་ལ་ཕྱག་འཚལ་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གིས་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་བརྩིགས་པ་ལ་བ་ལང་དག་གིས་བསྙོགས་པར་གྱུར་ན། བཅོམ་ལྡན་འདས་ཀྱིས་དེ་ལ་རྗེས་སུ་གནང་བར་མཛོད་ཅིག་དང ། བདག་གིས་སྟེགས་བུས་བསྐོར་བར་བགྱིའོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ཁྱིམ་བདག་།ངས་རྗེས་སུ་གནང་གི། བསྐོར་བར་བྱོས་ཤིག་།དེས་སྟེགས་བུས་བསྐོར་ན། རྟ་བབས་མེད་པ་དང་མི་མཇེས་པར་གྱུར་ཏེ། དེ་ཡང་བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་ཞབས་ལ་ཕྱག་འཚལ་ཏེ་གསོལ་པ། བཅོམ་ལྡན་འདས། བདག་གིས་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་གྱི་ཐ་མ་སྟེགས་བུས་བསྐོར་ན། སྟེགས་བུ་དེའི་རྟ་བབས་མ་མཆིས་ཏེ་མི་མཛེས་ན། དེ་ལ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་བར་མཛོད་ཅིག་དང ། བདག་གིས་སྟེགས་བུའི་རྟ་བབས་བགྱིའོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ཁྱིམ་བདག་།ངས་རྗེས་སུ་གནང་གི་།བྱོས་ཤིག་ཅེས་བཀའ་སྩལ་པ་དང ། དེས་རྟ་བབས་བྱས་ཏེ་ཡོ་བྱད་ཐམས་ཅད་བསགས་ནས་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ལ་མཛའ་བོ་དང ། ཕུ་ནུ་དང ། གཉེན་དག་བསགས་ནས་མཆོད་པ་ཆེན་པོ་བྱས་སོ། །སྐྱེ་བོ་མང་པོ་དག་དེ་ལྟ་བུ་མཐོང་ནས་རབ་ཏུ་མོས་ཏེ། དེ་དག་དད་པ་སྐྱེས་ནས་དེ་ Pa166b དག་གིས་ཀྱང་རྣམ་པ་དེ་ལྟ་བུར་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་དག་གནས་གནས་སུ་བརྩིགས་སོ། །དེ་ནས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཇི་སྲིད་དགྱེས་པའི་བར་དུ་བཞུགས་ནས་རྒྱལ་པོའི་ཁབ་གང་ན་བ་དེར་ལྗོངས་སྤྱད་པ་སྤྱོད་ཅིང་རིམ་གྱིས་རྒྱལ་པོའི་ཁབ་ཏུ་བྱོན་ཏོ། །རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་བྱ་ཀ་ལནད་ཀ་གནས་པ་ན་བཞུགས་སོ། །རྒྱལ་པོ་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཡུལ་དབུས་འགྱུར་འཆང་ནས་ལྗོངས་སྤྱད་པ་སྤྱོད་ཅིང་རྒྱལ་པོའི་ཁབ་ཏུ་བྱོན་ཏོ། །རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་བྱ་ཀ་ལནད་ཀ་གནས་པ་ན་བཞུགས་པར་ཐོས་ཏེ། ཐོས་ནས་རྒྱལ་པོའི་མཐུ་ཆེན་པོ་དང ། ཡོ་ལང་ཆེན་པོས་ནང་གི་བཙུན་མོ་དང ། གཞོན་ནུ་དང ། བློན་པོ་དང ། ནང་གི་སྐྱེ་བོ་དག་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འཁོད་དོ། །བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང ། བག་ལ་ཉལ་དང ། ཁམས་དང ། རང་བཞིན་མཁྱེན་ནས་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བའི་ཆོས་དེ་ལྟ་བུ་བཤད་དེ་དེ་ཐོས་པ་དང་རྒྱལ་པོ་གཟུགས་ཅན་སྙིང་པོས་ལྷ་སྟོང་ཕྲག་བརྒྱད་ཅུ་དང་ལྷན་ཅིག་ཏུ་འཇིག་ཚོགས་སུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །དེས་བདེན་པ་མཐོང་ནས་ལྷ་སྟོང་ཕྲ་བརྒྱད་ཅུ་དང་ལྷན་ཅིག་ཏུ་བཅོམ་ལྡན་འདས་ལ་དུས་གསུམ་དུ་བལྟར་འདོང་ངོ ། །དེ་དུས་ཕྱི་ཞིག་ན་དཔྱིད་ཀྱི་དུས་ལ་བབས་པས་ཤིང་རྩི་དག་ཀྱང་མི་ Pa167a ༄#། །ཏོག་རྒྱས། ངང་པ་དང ། ཁྲུང་ཁྲུང་དང ། རྨ་བྱ་དང ། ནེ་ཙོ་དང ། སྐེག་དང ། ཀོ་ཀི་ལ་དང ། ཛི་བ་ཛི་བ་ཀ་ལ་སོགས་པའང་སྐད་འབྱིན་པར་བྱེད་པའི་ནགས་སྟུག་པོ་དེ་ན་ནང་གི་བཙུན་མོ་དག་གིས་བསྐོར་ཅིང་འདུག་འདུག་པ་ལས། དེ་ལ་ནང་གི་བཙུན་མོ་དག་གིས་གསོལ་པ། ལྷ། བདག་ཅག་གིས་ཉིན་རེ་རེ་ཞིང་བཅོམ་ལྡན་འདས་ཀྱི་ཞལ་ལྟ་ཞིང་མཆི་བར་མི་ནུས་ན། ལྷས་ནང་གི་བཙུན་མོ་དག་གི་དབུས་སུ་དེ་བཞིན་གཤེགས་པའི་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ཞིག་རྩིག་པར་མཛོད་ཅིག་དང་དེ་ལ་བདག་ཅག་གིས་རིམ་གྲོ་བསྐྱེད་དེ་མེ་ཏོག་དང ། དྲི་དང ། བྱུག་པ་དང ། སྤོས་དང ། གདུགས་དང ། རྒྱལ་མཚན་དང ། བ་དན་དག་གིས་མཆོད་པར་བགྱིའོ། །ཞེས་གསོལ་པ་དང ། དེས་བཅོམ་ལྡན་འདས་ལ་གསོལ་བ་བཏབ་སྟེ། བཅོམ་ལྡན་འདས་ཀྱིས་དབུ་སྐྲ་དང ། སེན་མོ་སྩོལ་ཅིག་དང ། བདག་ཅག་གིས་དེ་བཞིན་གཤེགས་པའི་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ནང་གི་བཙུན་མོ་དག་གི་དབུས་སུ་རྩིག་གོ་།ཞེས་གསོལ་པ་དང ། དེ་ནས་བཅོམ་ལྡན་འདས་ཀྱིས་དབུ་སྐྲ་དང ། སེན་མོ་སྩལ་ནས་དེས་བསྟི་སྟང་དང ། རིམ་གྲོ་ཆེར་བྱས་ཏེ་ནང་གི་བཙུན་མོ་དག་དང་ལྷན་ཅིག་ཏུ་དེ་བཞིན་གཤེགས་པའི་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ནང་གི་བཙུན་མོའི་དབུས་སུ་བརྩིགས་ནས་དེ་ལ་ནང་གི་བཙུན་མོ་དག་གིས་མར་མེ་དང ། སྤོས་དང ། མེ་ཏོག་དང ། དྲི་དང ། བྱུག་པ་དག་གིས་རབ་ཏུ་མཆོད་པ་བྱས་སོ། །གང་གི་ཚེ་རྒྱལ་པོ་མ་སྐྱེས་དགྲ་ལ་ Pa167b མི་དགེ་བའི་བཤེས་གཉེན་ལྷས་སྦྱིན་གྱིས་སྦད་ནས་ཕ་ཆོས་ཅན། ཆོས་བཞིན་དུ་རྒྱལ་པོ་བྱེད་པ་འཚོ་བ་དང་ཡོངས་སུ་ཕྲལ་ནས་བདག་ཉིད་རྒྱལ་པོར་ཞུགས་སོ། །དེའི་ཚེ་ན་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་ཆོས་ཀྱི་སྦྱིན་པ་ཐམས་ཅད་གཅད་པར་ཁྲིམས་བཅས་པས། སུས་ཀྱང་དེ་བཞིན་གཤེགས་པའི་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ལ་བྱ་བ་མི་བྱེད་དོ། །གང་གི་ཚེ་བཅོ་ལྔ་པའི་སྐབས་འབྱེད་པའི་དུས་ལ་བབ་པ་དེའི་ཚེ་ན་ཡང་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ལ་སུ་ཡང་ཕྱག་དར་དང ། མར་མེ་དང ། མེ་ཏོག་གིས་མཆོད་པ་མི་བྱེད་དོ། །དེ་ནས་བཙུན་མོ་དག་གིས་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ལ་རྣམ་པ་དེ་ལྟ་བུ་མཐོང་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་དྲན་ཏེ་དེ་དག་མི་དགའ་སྟེ་མྱ་ངན་བྱེད་ཅིང ། ཀྱི་ཧུད། ཆོས་ཀྱི་རྒྱལ་པོ་དང་བྲལ་བར་གྱུར་ནས་བདག་ཅག་གི་བསོད་ནམས་ཀྱང་ཟད་པར་གྱུར་ཏོ། །ཞེས་ཟེར་ཞིང་དུ་བར་གྱུར་ཏོ། །དེའི་ནང་ནས་བཙུན་མོ་དཔལ་གྱི་བློ་གྲོས་མ་ཞེས་བྱ་བ་ཞིག་གིས་འཚོ་བ་ལ་མ་བལྟས་པར་སངས་རྒྱས་ཀྱི་ཡོན་ཏན་རྗེས་སུ་བྲན་ནས་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་གྱི་ཕྱག་དར་བྱས་ཏེ་མར་མེའི་ཕྲེང་བ་དག་ཕུལ་ལོ། །ཇི་ཙམ་ན་མ་སྐྱེས་དགྲ་ཁང་སྟེང་དུ་བྱུང་སྟེ་བལྟས་པ་དང ། སྣང་བ་ཆེན་པོ་བྱུང་བ་མཐོང་ནས་ཕ་བི་ཅི་ཞིག་ཅེས་དྲིས་པ་དང ། གཞན་ཞིག་གིས། དཔལ་གྱི་བློ་གྲོས་མས་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ལ་ཞུགས་མར་གྱི་ཕྲེང་བ་ཕུལ་ཞེས་སྨྲས་པ་དང ། དཔལ་གྱི་བློ་གྲོས་མ་བོས་ནས་ཅིའི་ཕྱིར་རྒྱལ་པོའི་ཁྲིམས་ལས་འགལ་བར་བྱ་ཞེས་སྨྲས་པ་དང ། བཙུན་མོས། ཁོ་མོས་རྒྱལ་པོའི་ཁྲིམས་ Pa168a ༄#། །ལས་འགལ་མོད་ཀྱི། འོན་ཀྱང་ཁོ་མོས་ཆོས་ཀྱི་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཁྲིམས་ལས་མ་འགལ་ལོ། །ཞེས་སྨྲས་པ་དང ། དེ་ཁྲོས་ཏེ་འཁོར་ལོ་འཕངས་ནས་དེ་འཚོ་བ་དང་ཕྲལ་བ་དང ། དེ་བཅོམ་ལྡན་འདས་ལ་སེམས་མངོན་པར་དད་བཞིན་དུ་དུས་ལས་འདས་པ་དང ། སུམ་ཅུ་རྩ་གསུམ་གྱི་ལྷའི་གནས་བཟང་པོར་སྐྱེས་སོ། །དེའི་ཚེ་ན་ལྷ་རྣམས་འདུན་སར་འདུས་སོ། །དེ་ནས་ལྷའི་བུ་མོ་དཔལ་གྱི་བློ་གྲོས་མ་དཔག་ཚད་ཁོ་ར་ཁོར་ཡུག་ཏུ་སྣང་བའི་འོད་ཀྱིས་ལུས་བསྐོར་ནས་ལྷའི་འདུན་སར་སོང་ངོ ། །དེ་ནས་བརྒྱ་བྱིན་ལྷའི་དབང་པོས་དཔག་ཚད་ཁོ་ར་ཁོར་ཡུག་ཏུ་རྒྱ་ཆེར་སྣང་བའི་འོད་མཐོང་ནས་དྲིས་པ། གསེར་གྱི་ལུས་ལ་སུ་ཡིས་བསྐུས། །པདྨོ་ཨུཏྤལ་བཞིན་འདྲ་བ། །དཔལ་ལྡན་མི་མཚུངས་ཅི་ལས་བྱུང ། །ཁྱོད་ཀྱི་ལུས་ལས་འོད་བྱུང་བ། །ཅི་ཕྱིར་ཁྱོད་གདོང་པདྨོ་འདྲ། །ཁྱོད་ནི་གསེར་གྱི་འོད་འདྲ་བ། །ཅི་འབྲས་ལྷ་མོ་བདག་ལ་སྨྲོས། །གང་གི་ལས་ལས་བྱུང་བ་སྤྱོད། །ལྷ་མོས་སྨྲས་པ། འཇིག་རྟེན་གསུམ་གྱི་མགོན་པོ་ནི། །སྐྱེ་བོ་རྣམས་ཀྱི་མར་མེ་སྟེ། །སངས་རྒྱས་མཆོག་གི་མཚན་མཐོང་བས། །མུན་སེལ་དེ་ལ་མར་མེ་ཕུལ། །ཉོན་མོངས་མུན་པ་སེལ་ལ་ཕུལ། །ཟླ་ཟེར་འདྲ་བའི་འོད་མཐོང་ནས། །ཐུབ་པ་གསལ་བའི་དངོས་པོ་སྟེ། །སྟོན་པའི་འོད་མཐུ་མཐོང་བས་ན། །གསུང་བ་མཆོག་ལ་ཕྱག་བྱས་པ། །དེ་ཡི་ལས་ཀྱིས་འདིར་སྐྱེས་ཏེ། །བདག་ལ་རབ་ཏུ་གསལ་ཞིང་མཛེས། །བདག་གདོང་བལྟ་ན་སྡུག་པ་ནི། །པདྨོ་ Pa168b ཟླ་བཞིན་རྣམ་པར་དག་།བརྒྱ་བྱིན་གྱིས་སྨྲས་པ། ཨེ་མའོ་ཞིང་འདི་ཡོན་ཏན་ཅན། །ཉེས་པ་ཐམས་ཅད་རྣམ་སྤངས་ལ། །མཐོ་རིས་གང་དུ་སྐྱེ་བ་ཡི། །ཁྱོད་ཀྱིས་ས་བོན་དེར་བཏབ་བོ། །གསེར་བཞིན་སྤུངས་ལ་དཀར་བ་ཡིན། །རྣམ་པ་མཆོག་ལ་སུས་མི་མཆོད། །སངས་རྒྱས་པདྨོ་ཁ་འབྱེད་བཞིན། །གང་དུ་ལྷགས་སྐྱེས་པདྨོ་སྤྱན། །ཡན་ལག་མཆོག་རྣམས་འབར་བ་སྟེ། །སྤྱན་ནི་ཀ་མ་ལ་དང་འདྲ། །ཆོས་ཉིད་ཀྱིས་ལྷའི་བུ་ཕོའམ། ལྷའི་བུ་མོ་ཡང་རུང་སྟེ། སུམ་ཅུ་རྩ་གསུམ་དུ་སྐྱེས་ནས་རིང་པོ་མ་ལོན་པར་གང་ནས་ཤི་འཕོས་པ་དང ། གང་དུ་སྐྱེས་པ་དང ། ལས་གང་ཡིན་པས་སྐྱེས་པ་སྟེ། སེམས་འདི་གསུམ་སྐྱེ་བར་འགྱུར་རོ། །ལྷའི་བུ་མོ་དཔལ་གྱི་བློ་གྲོས་མས་བདག་གང་ནས་ཤི་འཕོས་ཞེས་བལྟས་ན། མི་ལས་སོ། །གང་དུ་སྙམ་པ་དང་སུམ་ཅུ་རྩ་གསུམ་གྱི་ལྷའི་ཁམས་བཟང་པོར་སྐྱེས་པ་མཐོང་ངོ། །ལས་གང་ཡིན་ཞེ་ན། བཅོམ་ལྡན་འདས་ལ་སེམས་རབ་ཏུ་དད་པའོ། །སྙམ་དུ་སེམས་ནས་དེ་ནས་དཔལ་གྱི་བློ་གྲོས་མས་འདི་སྙམ་དུ། བདག་གིས་ཞག་ལོན་ནས་བཅོམ་ལྡན་འདས་ཀྱི་ཞལ་ལྟ་བའི་མི་རིགས་ཀྱི། ཅི་ནས་བདག་གིས་ཞག་མ་ལོན་པར་བཅོམ་ལྡན་འདས་བལྟ་བའི་ཕྱིར་འགྲོའོ། །སྙམ་བསམ་ནས། དེ་ནས་ལྷའི་བུ་མོ་དཔལ་གྱི་བློ་གྲོས་མས་དྲི་མ་མེད་པ་འཚེར་བའི་རྣ་ཆ་ནི། ཐོགས། ལུས་དོ་ཤལ་དང ། སེ་མོ་དོས་བརྒྱན་ཏེ་ལྷའི་མེ་ཏོག་ཨུཏྤལ་དང ། པདྨོ་དང ། ཀུ་མུད་དང ། པུཎྜ་རཱི་ཀ་དང ། མནྡཱ་ར་བ་ལ་སོགས་པའི་མེ་ཏོག་དག་གིས་པང་བ་བཀང་ནས་འོད་མའི་ཚལ་བྱ་ཀ་ལནད་ཀ་གནས་པ་ Pa169a ༄#། །རྒྱ་ཆེན་པོས་ཐམས་ཅད་འོད་སྣང་བར་བྱས་ཏེ་བཅོམ་ལྡན་འདས་ལ་མེ་ཏོག་གིས་མངོན་པར་གཏོར་ནས་ཆོས་ཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་གོ ། བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང ། བག་ལ་ཉལ་བ་དང ། ཁམས་དང ། རང་བཞིན་མཁྱེན་ནས་ཇི་ལྟར་འཕགས་པའི་བདེན་པ་བཞི་རབ་ཏུ་རྟོགས་བར་འགྱུར་བ་དེ་ལྟ་བུའི་ཆོས་བཤད་དེ་ཐོས་ནས་ལྷའི་བུ་མོ་དཔལ་གྱི་བློ་གྲོས་མས་འཇིག་ཚོགས་སུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་མཐོ་བ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །དེས་བདེན་པ་མཐོང་ནས་བརྗོད་པ་བྱ་བ་རྣམ་གསུམ་བརྗོད་དེ། བཙུན་པ། བདག་ལ་འདི་ལྟར་ནི། ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷས་ཀྱང་མ་བགྱིས། སྡུག་པས་ཀྱང་མ་བགྱིས། ཕུ་ནུ་དང ། གཉེན་གྱིས་ཀྱང་མ་བགྱིས། ཚེ་སྔ་མ་ལ་མ་བགྱིས། བྲམ་ཟེ་དང ། དགེ་སློང་གིས་ཀྱང་མ་བགྱིས། བཅོམ་ལྡན་འདས་ཀྱིས་བདག་གི་མཆི་མ་དང ། ཁྲག་གི་རྒྱ་མཚོ་ནི། བསྐམས། རུས་པའི་རི་ལས་ནི། བསྒྲལ། ངན་སོང་གི་སྒོ་ནི། བཀུམ། མཐོ་རིས་དང ། ཐར་པའི་སྒོ་ནི། ཕྱེ་སྟེ། བདག་ནི། ལྷ་དང ། མིའི་གནས་སུ་བཞག་གོ་།ཞེས་གསོལ་ཏོ། །སྨྲས་པ། ཁྱོད་ཀྱི་མཐུས་ནི་རབ་གསལ་བ། །ངན་སོང་ལམ་སྟེ་ཉེས་མང་པོ། །མཐོ་རིས་བསོད་ནམས་སྒོ་ཡང་ཕྱེ། །མྱ་ངན་འདས་པའི་ལམ་ཡང་བདག་གིས་ཐོབ། །ཁྱོད་ལ་བརྟེན་ནས་ཉེས་པ་རྣམས་ཀྱང་སྤངས། །བདག་ Pa169b གིས་རྟག་ཏུ་རྣམ་དག་མིག་ཀྱང་ཐོབ། །འཕགས་པ་དགའ་ཞིང་ཞི་བའི་ལམ་ཡང་ཐོབ། །སྡུག་བསྔལ་མཚོ་ལས་ཕ་རོལ་བདག་བརྒལ་ནས། །འགྲོ་བ་ན་ཡང་ལྷ་མི་རྣམས་ཀྱིས་མཆོད། །སྐྱེ་རྒ་ན་དང་འཆི་བའི་ཉེས་དང་བྲལ། །སྲིད་པ་སྟོང་དུའང་རབ་ཏུ་མཐོང་བར་དཀའ། དེ་རིང་ཐུབ་པའི་ཞལ་མཐོང་འབྲས་བུ་ཐོབ། །བཏུད་ནས་སེ་མོ་དོ་ཡང་རབ་ཏུ་འཕྱང ། །ཞབས་གཉིས་ལ་ཡང་ཕྱག་བྱས་དགའ་བ་སྐྱེས། །རྒྱལ་ལ་གཡས་ཀྱི་ཕྱོགས་ནས་བསྐོར་བྱས་ནས། །ལྷ་ཡི་འཇིག་རྟེན་ཁམས་སུ་མངོན་དུ་སོང ། །དེ་ནས་ལྷའི་བུ་མོ་དཔལ་གྱི་བློ་གྲོས་མ་ཚོང་པས་ཁེ་རྙེད་པ་བཞིན། ཞིང་པ་ལོ་ལེགས་པ་བཞིན། དཔའ་བོ་གཡུལ་ལས་རྒྱལ་བ་བཞིན། ནད་པ་ནད་ཐམས་ཅད་ལས་ཐར་བ་བཞིན། ལོངས་སྤྱོད་གང་དག་དང་ལྡན་པས་བཅོམ་ལྡན་འདས་ཀྱི་དྲུང་དུ་འོངས་པའི་ལོངས་སྤྱོད་དེ་ཉིད་དང་བདག་གི་གནས་སུ་སོང་ངོ ། །དགེ་སློང་དག་སྲོད་དང ། ཐོ་རངས་མི་ཉལ་ཞིང་ཐུབ་པ་ལ་བརྩོན་ཞིང་འཁོད་པ་དང ། བཅོམ་ལྡན་འདས་ཀྱིས་དེར་འོད་རྒྱ་ཆེར་སྣང་བ་མཐོང་ངོ་།མཐོང་ནས་བཅོམ་ལྡན་འདས་ལ་ཞུས་པ། ཅི། བཅོམ་ལྡན་འདས། བཅོམ་ལྡན་འདས་ལ་ཞལ་བལྟ་བའི་ཕྱིར་ཚངས་པ་འཁོར་གྱི་བདག་པོའམ། བརྒྱ་བྱིན་ལྷའི་དབང་པོའམ། འཇིག་རྟེན་སྐྱོང་བ་བཞིའམ། གང་ཞིག་གིས་བཅོམ་ལྡན་འདས་ཀྱི་ཞལ་བལྟར་མཆིས་ཞེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཚངས་པ་འཁོར་གྱི་བདག་པོ་ཡང་མ་ཡིན། བརྒྱ་བྱིན་ལྷའི་དབང་པོ་ཡང་མ་ཡིན། འཇིག་རྟེན་སྐྱོང་བ་བཞི་ལ་སོགས་པ་ལྷགས་པའང་མ་ཡིན་མོད་ Pa170a ༄#། །ཀྱི།་རྒྱལ་པོ་གཟུགས་ཅན་སྙིང་པོའི་ཆུང་མ་དཔལ་གྱི་བློ་གྲོས་མ་ཞེས་བྱ་བ་ཞིག་གིས་བདག་གི་འཚོ་བ་ལ་མ་བལྟས་ཏེ་དེ་བཞིན་གཤེགས་པའི་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ལ་མར་མེའི་ཕྲེང་བ་ཕུལ་བ་དང ། དེ་ནས་རྒྱལ་པོ་མ་སྐྱེས་དགྲས་འཁོར་ལོ་འཕངས་ཏེ་འཚོ་བ་དང་ཕྲལ་ལོ། །དེ་ང་ལ་སེམས་མངོན་པར་དད་བཞིན་དུ་དུས་འདས་ནས་སུམ་ཅུ་རྩ་གསུམ་དུ་གནས་བཟང་པོའི་ལྷར་སྐྱེས་སོ། །དེ་ནུབ་མོ་ངའི་དྲུང་དུ་འོངས་ཏེ། དེ་ལ་ངས་ཆོས་བཤད་ནས་དེས་བདེན་པ་མཐོང་སྟེ་བདག་གི་གནས་སུ་སོང་ངོ ། །དེ་ལྟ་བས་ན། དགེ་སློང་དག་།བསོད་ནམས་ལ་འཇིགས་པར་མ་བྱེད་ཅིག་།ཅིའི་ཕྱིར་ཞེ་ན། དེ་ནི། བདེ་བའི་ཚིག་བླ་དྭགས་སོ། །མོས་པ་དང ། སྡུག་པ་དང ། ཤིན་ཏུ་སྡུག་པ་དང ། ཡིད་དུ་འོང་བར་གྱུར་པ་ནི། འདི་ལྟ་སྟེ། བསོད་ནམས་སོ། །དགེ་སློང་དག། ཁྱེད་ཅག་གིས་བསོད་ནམས་མ་ཡིན་པ་ལ་འཇིགས་པར་གྱིས་ཤིག་།ཅིའི་ཕྱིར་ཞེ་ན། དེ་ནི། སྡུག་བསྔལ་གྱི་ཚིག་བླ་དྭགས་སོ། །མ་མོས་པ་དང ། མི་སྡུག་པ་དང ། ཤིན་ཏུ་མི་སྡུག་པ་དང ། ཡིད་དུ་མི་འོང་བ་ནི། འདི་ལྟ་སྟེ། བསོད་ནམས་མ་ཡིན་པའོ། །དགེ་སློང་དག་།ངས་ཡུན་རིང་པོ་ནས་ཀྱང་མངོན་པར་མཐོང་སྟེ། ཡུན་རིང་པོ་ནས་བསོད་ནམས་བྱས་པ། རྣམ་པར་སྨིན་པ་ལ་མོས་པ་དང།་སྡུག་པ་དང ། ཤིན་ཏུ་སྡུག་པ་དང ། ཡིད་དུ་འོང་བ་དག་མྱོང་བར་འགྱུར་རོ། །དགེ་སློང་དག་།ངས་ལོ་བདུན་གྱི་བར་དུ་བྱམས་པའི་སེམས་བསྒོམས་པས་བསྐལ་པ་འཇིག་པ་དང་རྟས་པ་བདུན་ Pa170b གྱི་བར་དུ་འཇིག་རྟེན་འདིར་མ་འོངས་སོ། །འཇིག་རྟེན་འཇིག་པའི་ཚེ་ཀུན་སྣང་དང་བའི་ལྷའི་རིས་སུ་སྐྱེས་སོ། །རྟས་པའི་ཚེ་ཚངས་པའི་གཞལ་མེད་ཁང་སྟོང་པར་སྐྱེས་ནས་དེར་ཡང་ངས་ཚངས་པ་དང ། ཚངས་ཆེན་གྱི་བདག་པོར་གྱུར་ནས་ངས་ཟིལ་གྱིས་ནོན་གྱི། གཞན་གྱིས་མ་ཡིན་ནོ། །སེམས་ཅན་བརྒྱ་ཕྲག་བཅུ་ལ་དབང་བསྒྱུར་ཏེ་སེམས་ཅན་གྱི་ནང་ན་མཆོག་ཏུ་བསྔགས་སོ། །སྟོང་ཕྲག་གསུམ་ཅུ་རྩ་དྲུག་གི་བར་དུ་བརྒྱ་བྱིན་ལྷའི་དབང་པོར་གྱུར་ཏོ། །བརྒྱ་ཕྲག་གྲངས་མེད་པའི་བར་དུ་འཁོར་ལོས་བསྒྱུར་བའི་རྒྱལ་པོར་གྱུར་ཏེ། མཐའ་བཞི་བཏུལ་ནས་རིན་པོ་ཆེ་བདུན་དང་ལྡན་ནོ། །རིན་པོ་ཆེ་སྣ་བདུན་ནི། རྣམ་པ་འདི་ལྟ་བུ་ཡིན་ཏེ། འདི་ལྟ་སྟེ། འཁོར་ལོ་རིན་པོ་ཆེ་དང ། གླང་པོ་རིན་པོ་ཆེ་དང ། རྟ་རིན་པོ་ཆེ་དང ། ནོར་བུ་རིན་པོ་ཆེ་དང ། བུད་མེད་རིན་པོ་ཆེ་དང ། ཁྱིམ་བདག་རིན་པོ་ཆེ་དང ། དམག་མི་རིན་པོ་ཆེ་དང་བདུན་ནོ། ། ང་ལ་བུ་ཡང་སྟོང་ཚང་ནས་དེ་དག་ཀྱང་དཔའ་བ་དང ། ནུས་པ་དང ། གཟུགས་སུ་ལྡན་པ། ཕ་རོལ་གྱི་སྡེ་ཚར་གཅོད་པ་སྟེ། དེ་ཡང་ངས་འདི་ལྟར་རྒྱ་མཚོའི་མཐའ་ཚུན་ཆད་ས་ཆེན་པོ་འདི་ཆོས་ཀྱིས་བཏུལ་གྱི།་དབྱུག་པ་དང ། མཚོན་གྱིས་གནོད་ཅིང་མི་བདེ་བ་མེད་པར་གནས་སོ། །དེའི་ཚེ་ཡང་ང་འདི་སྙམ་དུ། ལས་གང་གི་འབྲས་བུ་རྣམ་པར་སྨིན་པས་བདག་འདིར་མཐུ་ཆེ་རྫུ་འཕྲུལ་ཆེ་བར་གྱུར་སྙམ་བསམ་པ་དང ། ཡང་འདི་སྙམ་དུ་ལས་འདིའི་འབྲས་བུ་གསུམ་དང ། ལས་འདིའི་འབྲས་བུ་རྣམ་པར་སྨིན་པ་གསུམ་གྱིས་བདག་འདི་ལྟར་མཐུ་ཆེ་བར་གྱུར་ཏེ། གསུམ་གང་ཞེ་ན། འདི་ལྟ་སྟེ། སྦྱིན་པ་དང་ Pa171a ༄#། །གདུལ་བ་དང ། དུལ་བའོ། །སྙམ་དུ་བསམས་ནས། བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་ནས་ཡང་སྟོན་པས་འདི་སྐད་གསུངས་སོ། །དགེ་ཞིང་བདེ་བར་འདོད་པ་ཡིས།། བསོད་ནམས་རྣམ་པར་སྨིན་ལ་ལྟོས། །ལོ་བདུན་པར་དུ་དགེ་སློང་དག་།བྱམས་པར་བྱེད་པའི་སེམས་བསྒོམས་པས། །བསྐལ་པ་འཇིག་ཅིང་རྟས་འགྱུར་བ། །བདུན་དུ་འཇིག་རྟེན་འདིར་མ་འོངས། །འཇིག་པའི་ཚེ་ན་བདག་ཉིད་ནི། །འཇིག་རྟེན་ཀུན་སྣང་བ་དང་པར་གནས། །རྟས་ནས་ཚངས་པའི་འཇིག་རྟེན་ན། །ཚངས་ཆེན་དབང་བསྒྱུར་གནས་སུ་ཡང། །ལན་བདུན་གྱི་ནི་བར་དུ་གནས། །སུམ་བཅུ་རྩ་དྲུག་པར་དུ་ནི། །ལྷ་ཡི་དབང་པོ་བྱས་པར་གྱུར། །བརྒྱ་ཕྲག་གྲངས་མེད་པར་དུ་ཡང ། །རྒྱལ་པོ་རབ་ཏུ་འཇིག་གྲགས་བྱས། །རྒྱལ་རིགས་རྒྱལ་ཐབས་སྤྱི་བོར་བླུགས། །འཛམ་བུ་གནས་ཀྱི་དབང་པོར་གྱུར། །དབྱུག་དང་མཚོན་གྱིས་མ་ཡིན་པར། །འཇིག་རྟེན་འདི་ཡང་ཐུལ་བར་བྱས། །ཆོས་ཉིད་ཀྱིས་ནི་རྐྱེན་མེད་པར། །ཡང་དག་རྗེས་སུ་སློབ་པར་གྱུར། །ཆོས་ཀྱི་འཁོར་ལོ་རབ་བསྐོར་ནས། །ས་ཡི་དཀྱིལ་འཁོར་འདི་དག་ཏུ། །ཕྱུག་ཅིང་ལོངས་སྤྱོད་ཆེ་བ་དེར། །དེ་འདྲའི་རིགས་སུ་ང་ཡང་སྐྱེས། །ནོར་རྫས་ཐམས་ཅད་ཕུན་སུམ་ཚོགས། །རིན་ཆེན་སྣ་བདུན་དེ་བཞིན་ཏེ། །ནོར་དང་ཡོ་བྱད་མང་པོར་ལྡན། །རྒྱལ་པོ་གྲགས་ཤིང་འཇིགས་པར་གྱུར། །མཐུ་ཆེན་དེ་ཡི་རྒྱུ་ཡིས་ནི། །གང་དུ་སྐྱེས་པའི་མཆོག་ཏུ་གྱུར། །སངས་རྒྱས་འཇིག་རྟེན་ཕན་པ་ཅན། །དེ་ཡིས་འདི་ལྟར་བཤད་པའོ། །ངོ་མཚར་ཆེ་བ་འདི་ཤེས་པ། །དེ་ཡང་རྫུ་འཕྲུལ་ཆུང་ Pa171b མ་ཡིན། །མཁས་པ་གང་གིས་དད་མི་འགྱུར། །དེ་སྟེ་རིགས་ནི་དམར་གྱུར་ཀྱང ། །དེ་ལ་ཕན་པར་འདོད་པ་དང ། །མཐུ་རྣམས་ཆེན་པོར་མངོན་འདོད་པ། །དམ་པའི་ཆོས་ལ་བླ་མར་བྱོས། སངས་རྒྱས་བསྟན་པ་དྲན་པར་གྱིས། །བཅོམ་ལྡན་འདས་ཀྱིས་དེ་སྐད་གསུངས་པ་དང ། དགེ་སློང་དག་ཡིད་མགུ་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའོ། །གླིང་གཞིའི་ནང་ནས་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་བདུན་པའོ།། །།མདོར་ན། ཁྱིམ་རྨང་རྟ་བབས་བཅས་པ་དང ། །བ་གམ་སྟེགས་བུ་བཅས་པ་སྟེ། །ཀ་བ་མཚལ་གྱིས་བྱུགས་པ་དང ། །རྩིག་པ་རྒྱ་སྐྱེགས་རི་མོར་བྲིའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་པ་བཅོམ་ལྡན་འདས་གང་བ་ན་དེར་སོང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་དུ། དེ་སྟེ་བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ན། བདག་གིས་བཅོམ་ལྡན་འདས་ཀྱིས་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ལ་མཐའ་མ་དྲི་གཙང་ཁང་གིས་བསྐོར་ལ་རྟ་བབས་ཀྱང་གཟུགས་པར་བགྱིའོ། ཞེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ཁྱིམ་བདག་།རྗེས་སུ་གནང་གི་།བྱོས་ཤིག་།ཡང་བཅོམ་ལྡན་འདས། དེ་སྟེ་རྗེས་སུ་གནང་ན། བདག་གིས་བཅོམ་ལྡན་འདས་ཀྱིས་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ལ་བ་གམ་བགྱིའོ། ཞེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་ Pa172a ༄#། །བཀའ་སྩལ་པ། ཁྱིམ་བདག་།དེ་ལྟ་བས་ན། ངས་རྗེས་སུ་གནང་གི་།བྱོས་ཤིག་།དེ་ནས་བཅོམ་ལྡན་འདས། དེ་སྟེ་རྗེས་སུ་གནང་ན། བདག་གིས་བ་གམ་གྱིས་བསྐོར་བར་བགྱིའོ། །ཞེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ཁྱིམ་བདག་།ངས་རྗེས་སུ་གནང་གི། བྱོས་ཤིག་།ཡང་བཅོམ་ལྡན་འདས་ཀྱིས་དེ་སྟེ་རྗེས་སུ་གནང་ན། བདག་གིས་ཀ་བ་དག་མཚལ་གྱིས་བྱུག་གོ་།ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག། དེ་ལྟ་བས་ན། རྗེས་སུ་གནང་གི་།བྱོས་ཤིག་།བཅོམ་ལྡན་འདས་ཀྱིས་དེ་སྟེ་རྗེས་སུ་གནང་ན། བདག་གིས་རྩིག་ངོས་རྒྱ་སྐྱེགས་ཀྱིས་བྲི་བར་བགྱིའོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།དེ་ལྟ་བས་ན། རྗེས་སུ་གནང་གི་།བྲིས་ཤིག་།གླེང་གཞིའི་ནང་ནས་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་བརྒྱད་པའོ།། །།མདོར་ན། བ་ལང་སོ་དང་ཐ་གུ་དང ། །ཕྲེང་བ་རིན་ཆེན་ཕྲེང་བ་ཅན། ། གཡོགས་མ་དང་ནི་སྙིང་པོ་དང ། །སྙིང་པོ་ཡི་ནི་སྒོ་ཡང་ངོ ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་བྱིན་གྱིས་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ལ་མཆོད་པ་དང ། བཀུར་སྟི་བྱོས་ཤིག་།ཅེས་གསུངས་ན། དགེ་སློང་དག་གིས་མཆོད་རྟེན་ལ་མཆོད་པ་བྱེད་པ་ན། ཕུར་བུས་བཏབ་ནས་མེ་ཏོག་ Pa172b གི་ཕྲེང་བ་བཏགས་པ་དང ། བྲམ་ཟེ་དང ། ཁྱིམ་བདག་དད་པ་དག་གིས་མཐོང་ནས་ཅིའི་ཕྱིར་འདི་ལྟར་དགེ་སློང་དག་གིས་སྟོན་པའི་མཆོད་རྟེན་ལ་ཕུར་བུ་མེད་པ་ལ་ཕུར་བུར་བཏབ་ཅེས་འཕྱས་འདོགས་སོ། ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་དང ། ཁྱིམ་བདག་འཕྱ་བ་ནི། ཡུས་ཏེ། དེ་ལྟ་བས་ན། མཆོད་རྟེན་ལ་ཕུར་བུ་མ་བཏབ་པར་བ་ལང་གི་སོ་ལྟ་བུ་ཆུང་དུས་ཐོབ་ཅིག་།བཅོམ་ལྡན་འདས་ཀྱིས་བ་ལང་གི་སོ་ལྟ་བུ་ཆུང་དུས་ཐོབ་ཅིག་།ཅེས་བཀའ་སྩལ་པ་དང ། དགེ་སློང་དག་གིས་མཆོད་རྟེན་ལ་ཁུང་བུ་བརྐོས་ཏེ་བ་ལང་གི་སོ་ལྟ་བུ་འཛུགས་པ་ལ་ཞུགས་པ་དང ། བཅོམ་ལྡན་འདས་ཀྱིས་མཆོད་རྟེན་ལ་ཁུང་བུ་བརྐོས་ཏེ་བ་ལང་གི་སོ་ལྟ་བུ་མ་གཟུགས་པར་མཆོད་རྟེན་རྩིག་པའི་ཚེ་ན་ཚུགས་ཤིག་།ཅེས་བཀའ་སྩལ་ཏོ། །དགེ་སློང་དག་མཆོད་པ་བྱེད་པ་ན་མཆོད་རྟེན་ལ་འཛེགས་ནས་མེ་ཏོག་གི་ཕྲེང་བ་རྣམས་མགུར་ཆུའི་བྲེ་ལ་འདུག་པ་དང ། བྲམ་ཟེ་དང ། ཁྱིམ་བདག་དག་གིས་མཐོང་ནས་ཅིའི་ཕྱིར་འདི་ལྟར་དགེ་སློང་དག་གིས་སྟོན་པའི་མཆོད་རྟེན་ལ་རྡོག་པས་རྫི་ཞིང་འདོང་ཞིང་འདོང་ཞེས་འཕྱས་འདོགས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྲམ་ཟེ་དང ། ཁྱིམ་བདག་རྣམས་འཕྱ་བ་ནི། ཡུས་ཏེ། དེ་ལྟ་བས་ན། དགེ་སློང་དག་གིས་སྟོན་པའི་མཆོད་རྟེན་ལ་རྡོག་པས་རྫི་ཞིང་མ་འདོང་ཞིག་།དེ་སྟེ་མཆོད་པའི་ཕྱིར་ན་ནི། ཁྱིམ་པས་འཛེགས་ཤིག ། Pa173a ༄#། །དེ་མེད་ན། དགེ་ཚུལ་ཕས་རྐང་པ་གཉིས་ཁྲུས་ལ་དིས་བྱུག་གམ་གོས་ཀྱིས་དཀྲིས་ཏེ་འཛེགས་ཤིག་།དེ་དག་ཀྱང་མེད་ན། དགེ་སློང་དག་གིས་སྟོན་པར་འདུ་ཤེས་ཞོག་ལ་དུས་ལ་བབ་པར་བསམས་ཏེ་དེ་ལྟར་དེ་བཞིན་དུ་འཛེགས་ལ་དེའི་རི་མོ་བྱོས་ཤིག་།མཆོད་རྟེན་ཆེ་སྟེ་འཛེག་མི་ནུས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐག་པས་བཏགས་ཏེ་འཛེགས་ཤིག་།དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ལ་མེ་ཏོག་གི་ཕྲེང་བ་ཕུལ་བ་དང ། དེ་དག་རྙིང་སྟེ་མི་མཛེས་པར་གྱུར་ནས་ཁྱིམ་བདག་སྐྱབས་མེད་ཟས་སྦྱིན་གྱིས། བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ལ་མེ་ཏོག་གི་ཕྲེང་བ་ཕུལ་བ་དང་དེ་དག་རྙིང་ཏེ་མི་མཛེས་ནས་དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན། བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ལ་རིན་པོ་ཆེའི་ཕྲེང་བ་དབུལ་ལོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ཁྱིམ་བདག་།གནང་གི་།ཕུལ་ཅིག་།དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ལ་བྱ་རོག་ལ་སོགས་པ་བྱ་རྣམས་འཁོད་དེ། དེ་དག་གི་རྟུག་པས་མཆོད་རྟེན་མ་རུང་བར་གྱུར་པ་དང ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ལ་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ལ་བྱ་རོག་ལ་སོགས་པ་བྱ་རྣམས་མཆིས་ཤིང་རྟུག་པས་མཆོད་རྟེན་མ་རུང་བར་བགྱིས་ན། དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན། བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང ། སེན་ Pa173b མོའི་མཆོད་རྟེན་ལ་གཡོགས་པའི་སྙིང་པོས་གཡོག་གོ་།ཞེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་།དེ་ལྟ་བས་ན། གནང་གི་།གཡོགས་པའི་སྙིང་པོས་གཡོགས་ཤིག་ཅེས་བཀའ་སྩལ་པ་དང ། དེས་གཡོགས་པའི་སྙིང་པོས་གཡོགས་སོ། །གཡོགས་པ་དེ་དབྱར་འདྲུལ་ཞིང་མུན་པས་མི་སྣང་བར་གྱུར་པ་དང ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ལ་བདག་གིས་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ལ་གཡོགས་པའི་སྙིང་པོས་གཡོགས་པ་དེ་ད་ལྟར་དབྱར་གྱི་ཆབ་ཀྱིས་རུལ་ཏེ་མུན་པར་གྱུར་ནས་མི་མངོན་ན། དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་ཆབ་སྒོ་གདོད་པར་བགྱིའོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ཁྱིམ་བདག། གནང་གི། སྒོ་ཐོད་ཅིག་།གླེང་གཞིའི་ནང་ནས་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་དགུ་པའོ།། །།མདོར་ན། འཁར་བ་ལ་སོགས་མཆོད་རྟེན་བྱ། །གསེར་དང་དངུལ་ལ་སོགས་པ་དང ། །རྒྱལ་མཚན་གྱིས་སུ་འདི་ལ་བསྐོར། །འབྲུ་མར་ལ་སོགས་ཆག་ཆག་གདབ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱིས་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྟེ་གནང་ན། བདག་གིས་ Pa174a ༄#། །བཅོམ་ལྡན་འདས་ཀྱི་འཁར་བའི་མཆོད་རྟེན་བགྱིའོ། །ཞེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག། དེ་ལྟ་བས་ན། གནང་གི་།བྱོས་ཤིག་།ཡང་བཅོམ་ལྡན་འདས་ཀྱིས་དེ་སྟེ་གནང་ན། གསེར་གྱི་མཆོད་རྟེན་བགྱིའོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།དེ་ལྟ་བས་ན། གནང་གི ། བྱོས་ཤིག་།དེ་བཞིན་དུ་དངུལ་ལས་བྱས་པ་དང ། བཻ་ཌཱུརྱ་ལས་བྱས་པ་དང ། ཤེལ་ལས་བྱས་པ་རྒྱ་ཆེར་བྱོས་ཤིག་།དེ་སྟེ་ཡང་བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ལ་རྒྱལ་མཚན་དབུལ་ལོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།དེ་ལྟ་བས་ན། གནང་གི་།ཕུལ་ཅིག ། བཅོམ་ལྡན་འདས་ཀྱིས་རྒྱལ་མཚན་ཕུལ་ཅིག་།ཅེས་གསུངས་པ་དང ། དེས་ཅི་འདྲ་བ་ཞིག་དབུལ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་མཚན་བཞི་སྟེ། སེངྒེའི་རྒྱལ་མཚན་དང ། ཆུ་སྲིན་གྱི་རྒྱལ་མཚན་དང ། ཀླུའི་རྒྱལ་མཚན་དང ། ཁྱུ་མཆོག་གི་རྒྱལ་མཚན་ནོ། །དེ་སྟེ་ཡང་བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ལ་འབྲུ་མར་གྱིས་ཆག་ཆག་གདབ་བོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ཁྱིམ་བདག་གནང་གི་།ཆག་ Pa174b ཆག་ཐོབ་ཅིག་།ཡང་གསོལ་བ། དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ལ་ལྡོང་རོས་ཀྱིས་བྱུག་གོ་།ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ཁྱིམ་བདག་།གནང་གི། བྱུགས་ཤིག་།ཇི་ལྟར་ལྡོང་རོས་ཀྱིས་བྱུགས་པ་དེ་བཞིན་དུ་ཙནྡན་གྱིས་བྱུག་པ་ཡང་རྒྱ་ཆེར་བྱོས་ཤིག་།གླེང་གཞིའི་ནང་ནས་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་བཅུ་པ་སྟེ། གླེང་གཞིའི་ནང་ནས་སྒོ་གསུམ་པ་རྫོགས་སོ།། །།མདོར་བསྡུས་པ་ནི། སྒོ་ལེབ་དང་ཡང་དེ་ལྟར་དབྱར། །དྲུག་སྡེ་དག་དང་བཙོ་བླག་མཁན། །གཞོང་པ་བསྟེན་པ་དེ་བཞིན་ཏེ། །ཀུན་ཏུ་རྒྱུ་དང་སྐྱིན་པོ་དང ། །ཆག་ཆག་གདབ་དང་རུང་བ་དང ། །དེ་བཞིན་མདོ་རྣམས་བསྡུས་པར་མཛོད། །མདོར་ན། སྒོ་ལེབ་དང་ནི་པུས་འཁྱུད་དང། །དྲ་བ་དང་ཡང་གཟུགས་འཁོར་དང ། །ཞིང་དང་འབྲས་དང་སྐྱེ་བ་དང ། །ནོར་ལས་སྐྱེས་དང་གོས་རྣམས་སོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་སྒོ་ལེབ་ལ་ལག་གཟུངས་བྱོས་ཤིག་།གསུངས་ན། ཅི་འདྲ་བ་ལས་བགྱི། ཨུ་པ་ལི། རིན་པོ་ཆེ་མ་གཏོགས་པའོ། །ཡང་གསོལ་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་གི་པུས་འཁྱུད་ཆོངས་ཤིག་།ཅེས་གསུངས་ན། ཅི་ལྟ་བུ་ལས་བཅང་ Pa175a ༄#། །པར་བྱ། ཨུ་པ་ལི། སྐུད་པ་སྣ་བདུན་ཏེ། བལ་གྱི་དང ། ལྡུམ་བུ་ཤ་ན་ཀའི་དང ། རས་ཀྱི་སྐུད་པ་དང ། ཟར་མའི་དང ། རྩཝ་དུ་གུ་ལའི་དང ། ཀོ་ཏམ་པ་ཀའི་དང ། སྲིན་བལ་རྣམས་སོ། །ཡང་གསོལ་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དྲ་བ་བྱོས་ཤིག་།ཅེས་གསུངས་ན། ཅི་ལྟ་བུ་ལས་བགྱི་།ུ་པ་ལི། རྣམ་པ་བཞི་སྟེ། རྩཝ་མུན་ཛའི་དང ། བལ་བ་ཛ་དང།་ཟར་མའི་དང ། རས་ཀྱི་སྐུད་པ་ལས་སོ། །གསོལ་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དྲ་བའི་གཟུགས་འཁོར་བྱོས་ཤིག་།ཅེས་གསུངས་ན། ཅི་ལྟ་བུ་ལས་བགྱི། ཨུ་པ་ལི། རིན་པོ་ཆེ་མ་གཏོགས་པའོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་དང་ཅིང་དེས་དེ་ལ་དགེ་བར་སེམས་པ་ཞིག་འདུག་སྟེ། དེ་ན་གཅེར་བུ་པའི་དགེ་བསྙེན་པའི་བུ་མོ་ཆུང་མར་བླངས་ཏེ་དེས་དེ་ལ། བཟང་མོ། སངས་རྒྱས་ནི། སྟོན་པ། ཆོས་ནི། རྒྱལ་མཚན། དགེ་སློང་ནི། ཡོན་གནས་ཏེ། དེ་དག་ལ་བྱ་བ་བྱོས་ཤིག་།ཅེས་བསྒོ་བ་དང ། དེ་གཡོས་ཀུན་ཏུ་སྤྱོད་དེ་གཡོ་མེད་པ་ལྟར། ཇོ་བོའི་སྲས། ལེགས་ཀྱི། དེ་བཞིན་དུ་བགྱིའོ། །ཞེས་སྨྲས་པ་དང ། ཁྱིམ་བདག་དེའི་ཁྱིམ་དུ་ཉིན་གཅིག་བཞིན་དགེ་འདུན་གྱིས་བསྐོས་པའི་དགེ་སློང་རྣམས་བཤོལ་གསོལ་ལོ། །དེ་ནས་དུས་ཕྱི་ཞིག་ན་ཁྱིམ་བདག་དེ་རི་བྲག་གི་གྲོང་གཞན་ཞིག་ཏུ་དོན་ཅུང་ཟད་ཅིག་ཡོད་པར་གྱུར་ཏེ། དེས་ཆུང་མ་དེ་ལ་བསྒོ་བ། བཟང་མོ། ཁོ་བོ་ཡུལ་ Pa175b འདི་ཞེས་བྱ་བའི་རི་དྲུང་གི་གྲོང་དུ་དོན་ཅུང་ཟད་ཅིག་ཡོད་པར་གྱུར་ཏེ། དེར་འགྲོའི། ཁྱོད་ཀྱིས་དེ་བཞིན་དུ་སྦྱིན་གནས་རྣམས་ལ་བཤོས་གསོལ་ཅིག་ཅེས་སྨྲས་པ་དང ། དེ་གཡོས་ཀུན་ཏུ་སྤྱོད་དེ་གཡོ་མེད་པ་ལྟར། ཇོ་བོའི་སྲས། ལེགས་ཀྱི། བཤོས་གསོལ་ལོ། །ཞེས་སྨྲས་སོ། །དེ་སོང་ནས་བདག་གིས་ཆུང་མ་ལ་བསྒོས་ཟིན་ན། དགེ་སློང་ལ་ཡང་བསྒོའོ། །སྙམ་དུ་བསམ་སྟེ་དེ་གཙུག་ལག་ཁང་དུ་སོང་ནས་དགེ་བསྐོས་ཀྱི་རྐང་པ་ལ་ཕྱག་འཚལ་ཏེ་སྨྲས་པ། འཕགས་པ། བདག་ཡུལ་འདི་ཞེས་པའི་རི་བྲག་གི་གྲོང་དེར་དོན་ཅུང་ཟད་ཅིག་མཆིས་པར་གྱུར་ཏེ། བདག་དེར་མཆིའི། ཁྱོད་ཀྱིས་དེ་བཞིན་དུ་དགེ་འདུན་གྱིས་བསྐོས་པའི་དགེ་སློང་གཏང་བར་གསོལ། དེས། ཁྱིམ་བདག་།དེ་བཞིན་ལེགས་ཀྱི། གཏང་ངོ ། །ཞེས་སྨྲས་སོ། །དེ་ནས་ཁྱིམ་བདག་དེས་སྟོན་པ་དང།་ཆོས་དང ། དགེ་འདུན་ལ་ཕྱག་བྱས་ཏེ། རི་བྲག་གི་གྲོང་དེར་སོང་ངོ ། །དགེ་འདུན་གྱིས་བསྐོས་པའི་དགེ་སློང་དག་ཕན་ཚུན་ཚེ་དང་ལྡན་པ། ཁྱིམ་བདག་དེའི་ཆུང་མ་མ་དད་པས་གདུགས་ཚོད་ལས་སྔ་ཟད་དུ་འདོང་ངོ ། །ཞེས་གཏམ་བྱས་ནས་དེ་དག་གདུགས་ཚོད་ལས་སྔར་དོང་བ་དང ། ཁྱིམ་བདག་དེའི་ཆུང་མས་མཐོང་ནས་འཕགས་པ། ཁྱེད་ཅག་ཧ་ཅང་སྔར་བྱོན་ཏེ། ཅི། བདག་གི་སུག་ལས་གཞན་མ་མཆིས་སམ་ཞེས་ཉེས་པ་ངོར་བརྗོད་པ་དང ། དེ་དག་སྤ་གོང་ནས་ཅང་མི་ཟེར་བར་གདུགས་ཚོད་བབ་ཀྱི་བར་དུ་འཁོད་ནས་ཟན་ཟོས་ཏེ་དོང་ངོ ། །དེས་ཕྱི་དེ་ཉིན་མོ་ཟས་དག་སྔར་ Pa176a ༄#། །ཟད་དུ་སྦྱར་ཏེ་སྟན་བཏིང་ནས་བྱ་ར་བྱེད་ཅིང་འདུག་གོ་།དགེ་སློང་དག་གདུགས་ཆོད་བབ་ཁར་དོང་པ་དང ། དེས་མཐོང་ནས་འཕྱས་པ་དང ། དགེ་སློང་དག་གཅིག་ལ་གཅིག་ཚེ་དང་ལྡན་པ། གཉིས་ཀར་ཡང་འཕྱའི། ཇི་ལྟ་བུ་ཡང་རུང་ཟོས་ལ་དོང་ནས་ཚངས་པ་མཚུངས་པར་སྤྱོད་པ་ལ་བསྒོ་སྟེ་ཕྱིན་ཆད་འདིར་ནི་དགེ་སློང་དག་ཀྱང་མི་འདོང་བར་བྱའོ། །ཞེས་སྨྲས་ནས་ཟན་ཟོས་ཏེ་གཙུག་ལག་ཁང་དུ་དོང་ངོ ། །དགེ་སློང་དེ་དག་གིས་ཇི་ལྟར་གྱུར་པ་བཟླས་པ་དང ། དགེ་སློང་དག་ཕྱིས་དེར་མི་འདོང་བར་གྱུར་ཏོ། །ཇི་ཙམ་ན་ཁྱིམ་བདག་དེ་སླར་འོངས་ནས་བཟང་མོ། །ཡོན་གནས་དག་བསྒོ་བ་བཞིན་དུ་བཤོས་གསོལ་ཏམ་ཞེས་དྲིས་པ་དང ། དེས། ཇོ་བོའི་སྲས། ཉི་མ་གཉིས་ཤིག་གཤེགས་ཏེ་བཤོས་གསོལ་ནས་མ་གཤེགས་པར་གྱུར་ཏོ། །ཞེས་སྨྲས་པ་དང ། དེ་སྐད་ཅེས་ཐོས་ནས་གཙུག་ལག་ཁང་དུ་སོང་སྟེ་འཕགས་པ། ཅིའི་སླད་དུ་དགེ་འདུན་གྱིས་བསྐོས་པའི་དགེ་སློང་རྣམས་མ་བཏང་ཞེས་སྨྲས་པ་དང ། དེ་དག་གིས་ཇི་ལྟར་གྱུར་པ་ཐམས་ཅད་བཟླས་སོ། །དེས། འཕགས་པ། དེ་ལྟ་ན། བདག་གི་ཞིང་ལས་སྐྱེ་བའི་འབྲས་བུ་དེ་འཕགས་པ་རྣམས་ལ་དབུལ་གྱི། ཁྱེད་འདིར་གསོལ་ཅིག་སྨྲས་པ་དང ། དེས། ཁྱིམ་བདག་།མི་འཚལ་ལོ། །དེ་ཅིའི་ཕྱིར་ཞེ་ན། མ་བཙོས་པའི་འབྲུ་ལེན་པར་བཅོམ་ལྡན་འདས་ཀྱིས་མ་གནང་ངོ ། །ཞེས་སྨྲས་པ་དང ། དེ་ཅང་མི་ཟེར་བར་འདུག་གོ་།དེ་ལྟར་གྱུར་པ་ Pa176b དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། གནང་གི་།དགེ་འདུན་གྱི་ཕྱིར་འབྲས་ལོངས་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་གིས་གང་ཟག་ཞིག་གི་ཕྱིར་གནས་ཁང་ཞིག་བརྩིགས་ཏེ་བཞག་ནས་དེའི་ནང་དུ་མལ་སྟན་དག་ཀྱང་ཕུལ་ཏེ་བཞག་པ་དང ། དགེ་སློང་དག་གིས་མཛོད་ཆེན་པོའི་ནང་དུ་གཅིག་ཏུ་བསྡུས་ཏེ་བཞག་གོ་།དགེ་སློང་དེས་ཁྱིམ་བདག་དེ་ལ་སྨྲས་པ་དང ། དེས་འཕྱས་འདོགས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཁྱིམ་བདག་འཕྱ་བ་ནི། ཡུས་ཏེ། དེ་བས་ན། མལ་སྟན་ཇི་ལྟར་བསྔོས་པ་བཞིན་དུ་སྤྱད་པར་བྱ་སྟེ། དེར་གང་དག་གནས་པ་དེ་ཉིད་དབང་ངོ ། །དེ་ནས་ཡང་ཁྱིམ་བདག་དེས་གནས་ཁང་དེར་གོས་ཀྱི་རྙེད་པ་མང་ཞིག་ཕུལ་བ་དང ། དེ་ལ་མལ་སྟན་འགྱེད་པས་དགེ་འདུན་གྱི་རྙེད་པའི་ནང་དུ་བྲུབས་པ་དང ། དགེ་སློང་དེས་ཁྱིམ་བདག་དེ་ལ་སྨྲས་སོ། །དེ་ཡང་འཕྱས་འདོགས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཁྱིམ་བདག་དེ་འཕྱ་བ་ནི། ཡུས་ཏེ། ཡོན་བདག་གིས་དབང་དུ་བྱའི། ལོངས་ལ་དགེ་སློང་དག་།ཁྱིམ་གྱི་རྙེད་པ་དེ་ནི། དེར་གང་གནས་པ་དེ་དག་ཉིད་ Pa177a ༄#། །དབང་ངོ ། །དེ་དག་གིས་དགེ་སློང་དེ་ལ་འཐོབ་པ་གཞན་དག་མ་བྱིན་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའམ་དགེ་འདུན་གྱིར་གཏོགས་པའི་རྙེད་པ་དེ་དག་ལས་ཀྱང་བྱིན་ཅིག་།དེས་ཀྱང་དེ་ལ་ལོངས་སྤྱོད་དུ་གྱིས་ལ་དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།གླེང་གཞིའི་ནང་ནས་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་དང་པོའོ།། །།འདུལ་བ་གཞུང་དམ་པ། བམ་པོ་སོ་དྲུག་པ། མདོར་ན། གང་ཞིག་གང་དུ་གནས་པ་དང ། །དགེ་སློང་དེས་ཀྱང་དེ་རུང་བ། །ལས་ཀྱང་གསར་པའི་ཡོ་བྱད་དག་།ཟས་དང་མར་མེ་རུང་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་གིས་གཙུག་ལག་ཁང་དུ་གནས་ཁང་དག་བརྩིགས་ནས་དེར་མལ་སྟན་དག་ཀྱང་ཕུལ། རྙེད་པ་དག་ཀྱང་བཅས་པ་དང ། དགེ་སློང་དག་མལ་སྟན་དེ་དག་ཀྱང་དགེ་འདུན་གྱི་ནང་དུ་བྲུབས་ཏེ་རྙེད་པ་ཡང་སྤྱིར་བགོས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དངོས་པོ་ངེས་པར་འགྱུར་བ་ལ་མ་སྤྱོད་ཅིག་།དེ་ན་ངེས་པར་གནས་པ་གང་ཡིན་པ་དེ་དག་གིས་སྤྱད་པར་བྱ་སྟེ། རྙེད་པ་ཡང་བདག་གིས་བྱོས་ཤིག་།དགེ་སློང་དག་གིས་དེ་ལ་རྙེད་པ་གཞན་མ་བྱིན་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཉི་ག་ཡང་བྱིན་ལ་ཅི་བདེར་སྤྱད་ Pa177b པར་བྱ་སྟེ། འོན་ཀྱང་དགེ་སློང་རྣམས་ལ་ཇི་ལྟར་རྒན་རིམ་དུ་བསྐོར་བར་བྱའོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་འདུག་པ་དེའི་དྲུང་དུ་བསོད་སྙོམས་པ་གཞན་ཞིག་དེར་སོང་ནས་སྐྱབས་སུ་འགྲོ་བ་དང ། བསླབ་པའི་གནས་ལ་བཞག་གོ་།དུས་ཕྱི་ཞིག་ན་ཡང་ནོར་ལས་བསོད་ནམས་སུ་བྱ་བའི་དངོས་པོ་བདུན་པོའི་ཡོན་ཏན་བརྗོད་པ་དང ། ཁྱིམ་བདག་དེ་རབ་ཏུ་དད་པར་གྱུར་ནས་འཕགས་པ། བདག་གིས་ཀྱང་ནོར་ལས་བྱས་པའི་བསོད་ནམས་ཀྱི་དངོས་པོ་ཅུང་ཟད་ཅིག་བགྱིའོ། །ཞེས་སྨྲས་པ་དང ། བསོད་སྙོམས་པ་དེས། ཁྱིམ་བདག་།དེ་བཞིན་དུ་བྱོས་ཤིག་།ཅེས་སྨྲས་པ་དང ། འཕགས་པ། ཅི་ཞིག་བགྱི། དགེ་འདུན་གྱི་གཙུག་ལག་ཁང་བྱོས་ཤིག་།འཕགས་པ། བདག་ལ་ནི། ཀཪྴ་པ་ཎ་མཆིས་ན། བསོད་ནམས་བྱ་བའི་གྲོགས་དག་མ་མཆིས་སོ། །ཁྱིམ་བདག་།ཀཪྴ་པ་ཎ་ཁྱེར་ཏེ་ཤོག་ཅིག་།ངས་ཁྱོད་ཀྱིས་བསོད་ནམས་ཀྱི་གྲོགས་བྱའོ། །ཞེས་སྨྲས་པ་དང ། དེས་ཀཪྴ་པ་ཎ་རྣམས་བྱིན་ནས་ལས་གསར་པ་བྱེད་པ་ཡང་བསྐོས་སོ། །དེས་ཀཪྴ་པ་ཎ་རྣམས་གནས་ཁང་གི་ནང་དུ་བཅུག་སྟེ་བཞག་ནས་ལས་ཅུང་ཟད་ཙམ་ཡང་མ་བརྩམས་སོ། །ཁྱིམ་བདག་དེས་འདི་སྙམ་དུ། བདག་གི་གཙུག་ལག་ཁང་ཇི་ཙམ་ཞིག་བྱས་པ་བལྟར་འགྲོའོ། །ཞེས་བསམ་ནས་དེ་དེར་འོངས་ན། ཅུང་ཟད་ཙམ་ཡང་མ་བྱས་པར་མཐོང་ངོ ། །དེས་བསོད་སྙོམས་པ་ལ། འཕགས་པ། ཅིའི་ཕྱིར་ལས་དག་མ་བརྩམས་ཞེས་དྲིས་པ་དང ། ལས་གསར་པ་བྱེད་པས། འདིར་ Pa178a ༄#། །ཡོ་བྱད་དག་དགོས་སོ། །ཞེས་སྨྲས་པ་དང ། ཁྱིམ་བདག་གིས། བདག་གིས་ཀཪྴ་པ་ཎ་ཕུལ་བ་དེ་ལ་ལས་གསར་པ་བྱ་བའི་ཡོ་བྱད་དག་ཅིའི་ཕྱིར་མི་སྦྱར། དེས་སྨྲས་པ།་ཁྱིམ་བདག་།ངས་ཕྱོགས་བཞིའི་དགེ་འདུན་གྱི་རྫས་མ་རུང་བར་ཇི་ལྟར་བྱ་ཞེས་སྨྲས་པ་དང ། འཕགས་པ། དེ་ལ་ནོངས་པ་མ་མཆིས་ཀྱི། གྱིས་ཤིག་།དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་ཁྱིམ་བདག་གིས་བསྒོ་ན། ལས་གསར་པའི་ཡོ་བྱད་དེ་ལས་སྦྱོར་ཅིག་།དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།དེས་དེ་ལས་གསར་པའི་ཡོ་བྱད་སྦྱར་ཏེ་བསོད་སྙོམས་པ་དེས་ལས་གསར་པ་ཡང་བྱས་ནས་བསོད་སྙོམས་སློང་དུ་སོང་བ་དང ། ཁྱིམ་བདག་དེས་མཐོང་ནས་འཕགས་པ། ཁྱོད་ནི། བསོད་སྙོམས་སྤྱོད་ན།་བདག་གི་གཙུག་ལག་ཁང་གི་ལས་གསར་པ་སུས་བགྱིད་ཅེས་སྨྲས་པ་དང ། ཁྱིམ་བདག་།སེམས་ཅན་ཐམས་ཅད་ནི། ཟས་ལ་གནས་ན། ཅིང་ལྟོགས་བཞིན་དུ་ཁྱོད་ཀྱི་གཙུག་ལག་ཁང་གི་ལས་གསར་པ་བྱེད་དམ། ལོས་ཀྱང་བསོད་སྙོམས་ལ་འཇུག་མོད་ཅེས་སྨྲས་པ་དང ། དེས། འཕགས་པ། དེ་ལྟར་ན། ལས་གསར་པའི་རྒྱུ་དེ་ལས་བཤོས་སུ་མཛོད་ཅིག་ཅེས་སྨྲས་པ་དང ། དེས།་ཅིའི་ཕྱིར་ན་ངས་ཕྱོགས་བཞིའི་དགེ་འདུན་གྱིར་བསྔོས་པ་བཟའ་ཞེས་སྨྲས་པ་དང ། དེས། འཕགས་པ། དེ་ལ་གནོད་པ་མེད་ཀྱི། ཟོ་ཞིག་།ཅེས་སྨྲས་ནས། དེ་ལྟར་གྱུར་པ་དགེ་སློང་ Pa178b རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་ཁྱིམ་བདག་གིས་བསྒོ་ན། དེ་ཉིད་ལ་ཟན་དུ་ཟོ་ཞིག་།དེ་ལ་ཐེ་ཚོམ་དུ་མ་བྱེད་པར་བཟའ་བར་གྱིས་ཤིག་།དེ་ནས་བསོད་སྙོམས་པ་དེ་ཟས་མི་བཟང་བ་ཟོས་པས་གྲམ་པར་གྱུར་པ་དང ། བཅོམ་ལྡན་འདས་ཀྱིས་ཟས་ངན་པ་མ་ཟ་ཞིག་།ཅེས་གསུངས་པ་དང ། ཟས་བཟང་བ་ཟ་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཟས་བཟང་པོར་ཡང་མ་ཟ་བར་ཇི་ལྟར་གཙུག་ལག་ཁང་གཞན་གྱི་བཟའ་བའི་ཐང་དེ་བཞིན་དུ་ཟོ་ཞིག་།སྣུམ་བག་དག་མ་རྙེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་གཙུག་ལག་ཁང་གཞན་ན་སྣུམ་བག་རྙེད་པ་དེ་ལྟར་བྱ་སྟེ། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།བསོད་སྙོམས་པ་དེས་ལས་གསར་པའི་ཡོ་བྱད་དག་བལྟ་བའི་ཕྱིར་འབྲུ་མར་བསོད་སྙོམས་སུ་བླངས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དང ། ལས་གསར་པའི་རྒྱུ་ལས་འབྲུ་མར་ཉོས་ཤིག་།ཡོ་བྱད་གཞན་རྣམས་ཅི་དགོས་པ་ཡང་དེ་ལས་སྦྱར་བར་བྱ་སྟེ། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།གླེང་གཞིའི་ནང་ནས་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་གཉིས་པའོ།། །།མདོར་ན། དགེ་འདུན་རྣམས་ཀྱི་མལ་སྟན་ནི། །བླ་གབ་མེད་པར་མི་བགོ་དང། །ཚོན་དང་ལྷུང་བཟེད་ལས་བྱེད་མི་བགོ་སྟེ། །སྲོད་འདས་མཚན་མོ་མལ་སྟན་བགོ་མི་བྱ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ Pa179a ༄#། །ན་བཞུགས་སོ། །དྲུག་སྡེ་དག་གིས་དགེ་འདུན་གྱི་མལ་སྟན་བགོས་ནས་ཚོན་གྱི་ལས་བྱེད། གོས་འཁྲུ། འཚེད། ལྷུང་བཟེད་ཀྱི་ལས་བྱེད་པའི་གོས་རྣམས་མེས་ཚིག་།དྲི་མ་ཅན་དུ་ཡང་གྱུར་ཅིང་ཚོན་གྱིས་ཀྱང་མ་རུང་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་གོས་གྱོན་ནས་ཚོན་གྱི་ལས་མ་བྱེད་ཅིག་།ལྷུང་བཟེད་ཀྱི་ལས་དང ། གཞན་ཡང་ཤིང་གཤེག་པའི་ལས་དག་མ་བྱེད་ཅིག་།བྱས་ན། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི།་མཉན་དུ་ཡོད་པ་ན་སྟེ། ཡང་དྲུག་སྡེ་དག་གིས་དགེ་འདུན་གྱི་གོས་རྣམས་གྱོན་ནས་བླ་གབ་མེད་པར་ཚོན་རྩིའི་ལས་བྱེད་ཅིང་ཆར་བབ་བཞིན་དུ་འདུག་ནས་གོས་མ་རུང་བར་གྱུར་ཏེ། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་གོས་རྣམས་གྱོན་ནས་བླ་གབ་མེད་པར་ཆར་བབ་བཞིན་མ་འདུག་ཞིག་།འདུག་ན། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། ཡང་དྲུག་སྡེ་དག་ལྗོངས་སྤྱད་པ་སྤྱོད་པ་ལས་རི་བྲག་གི་གྲོང་གཞན་ཞིག་ཏུ་མཚན་མོ་སྲོད་འདས་ཏེ་ཕྱིན་པ་དང ། རི་བྲག་གི་གྲོང་དེ་ན་གཙུག་ལག་ཁང་ཞིག་ཡོད་པ་དེར་འོངས་ནས་དགེ་སློང་དག་གིས་སོ་སོར་བཤེས་པའི་གནས་སུ་ངལ་བསོ་བ་ལ་ཞུགས་སོ། །དེ་དག་གིས་སྨྲས་པ། Pa179b ཚེ་དང་ལྡན་པ་དག་།ངལ་བསོ་བ་ནི། ཕྱིས་བྱའི། མལ་སྟན་འགེད་པ་བོས་ལ་རྒན་རིམ་བཞིན་དུ་མལ་སྟན་དང ། གནས་ཁང་བགོས་ཤིག་།དེ་དག་གིས། ཚེ་དང་ལྡན་པ། དགེ་སློང་ཁ་ཅིག་ཉལ་ནས་སྲོད་ཀྱང་འཁོར་ན། གནོད་པ་བྱས་ཏེ་ཅི་རུང་གི་།གང་དུ་བཤེས་པའི་གནས་སུ་ཉོལ་ཅིག་དང ། སང་ནམ་ནངས་ནས་གནས་ཁང་དང ། མལ་སྟན་བགོ་བར་བྱའོ། །ཞེས་སྨྲས་པ་དང ། དེ་དག་གིས་ཚེ་དང་ལྡན་པ་དག་།སྟོན་པ་བཞུགས་བཞིན་དུ་ཁྱེད་ཀྱིས་བསྟན་པ་དག་བཤིག་པར་བྱའམ། གནས་ཁང་དང ། མལ་སྟན་དག་ངེད་ཅག་དང་རྒན་རིམ་དུ་བགོས་ཤིག་།ཅེས་སྨྲས་པ་དང ། མལ་སྟན་འགེད་པས་གནས་ཁང་དང་མལ་སྟན་དག་འགེད་པ་ལ་ཞུགས་ནས་གསར་བུ་རྣམས་ལ་མ་བགོས་པར་ནམ་ནངས་ནས་དྲུག་སྡེ་དག་ཅུང་ཟད་ཅིག་ཉལ་ནས་ནང་བར་སྔར་ལངས་ཏེ་མལ་སྟན་དག་སླར་ཕུལ་ནས་དོང་བ་དང ། དགེ་སློང་དག་གིས་ཅིའི་ཕྱིར་ན་མལ་སྟན་དག་སླར་ཕུལ། དེ་དག་གིས་ཚེ་དང་ལྡན་པ་དག་།ངེད་ཅག་མཆོད་རྟེན་ལ་ཕྱག་འཚལ་དུ་འོངས་ཏེ། ད་ནི། སླར་འདོང་ངོ ། །ཞེས་སྨྲས་པ་དང ། དེ་དག་གིས་ཚེ་དང་ལྡན་པ་དག་།དེ་ལྟར་ན། ཁྱེད་ཅག་གིས་མཚན་རངས་དགེ་སློང་དག་གཙེས་ཏེ་ཅི་བྱ་ཞེས་སྨྲས་པ་དང ། དེ་དག་གིས་ཚེ་དང་ལྡན་པ་དག་།བསྟན་པ་བརྟན་པར་བྱ་བའི་ཕྱིར་བྱས་ཀྱི། ངེད་ལ་ཉེས་པ་ཅི་ཡོད་ཅེས་སྨྲས་པ་དང ། དགེ་སློང་དག་གིས་དཔྱས་བཏགས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ Pa180a ༄#། །ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། མཚན་མོ་སྲོད་འཁོར་ཕན་ཆད་མལ་སྟན་མ་བགོ་ཞིག་།དེ་སྟེ་གློ་བུར་དུ་ནུབ་མོ་འོངས་ན། གང་མཛའ་བའི་གནས་སུ་འདུག་ལ། དེ་སྟེ་ནམ་ནངས་ནས་ཀྱང་འདུག་པར་གྱུར་ན། གནས་ཀྱང་བགོས་ཤིག་།མལ་བསྟན་ཡང་བྱིན་ཅིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དྲུག་སྡེ་དག་ལྗོངས་སྤྱད་པ་སྤྱོད་ཅིང་དོང་ནས་རི་བྲག་གི་གྲོང་གཞན་ཞིག་ཏུ་ཕྱིན་ནས་རི་དྲུང་གི་གྲོང་དེ་ན་གཙུག་ལག་ཁང་ཞིག་ཡོད་པ་དེར་ཕྱིན་ནས་དགེ་སློང་དག་གིས་གང་མཛའ་བའི་གནས་སུ་བཞག་སྟེ། དེ་ནས་མལ་བསྟན་བགོ་བར་བྱེད་པ་ན། རྒན་རིམ་གྱི་ཁྲིའུའི་སྟེང་དུ་དེ་དག་ནན་གྱིས་འདུག་ནས་དེ་དག་ལ་རྒན་རིམ་གྱིས་ཀྱང་བསླང་བར་མ་ནུས་སོ། །གང་གི་ཚེ་མལ་སྟན་དག་བགོས་པ་དང ། དེའི་ཚེ་རྒན་རིམ་གྱི་ཁྲིའུ་དེ་དག་ལྷན་ཅིག་སྤྱོད་པ་དང་ཉེ་གནས་རྣམས་ལ་བྱིན་ནས་མལ་སྟན་མ་ཐོབ་པ་རྣམས་འཕྱ་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།དགེ་སློང་གསར་བུ་རྣམས་འཕྱ་བ་ནི། ཡུས་ཏེ། དེ་བས་ན། རྒན་རིམ་གྱི་ཁྲིའུ་དག་དང་ཆུང་དུ་ན་སྟན་དག་ཀྱང་རྒན་རིམ་དུ་བགོས་ཤིག་།གླེང་གཞིའི་ནང་ནས་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་གསུམ་པའོ།། །།མདོར་ན། སྣམ་ཕྱི་ས་དང་བཀྲུ་བའི་ས། །གཅི་བའི་ས་དང་རྐང་པ་བཀྲུས། །ཕྱི་བ་སྣོད་དང་ Pa180b གཟར་བུ་དང ། །རྣམ་པ་སྣ་ཚོགས་དེ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་སྣམ་ཕྱི་སའི་སྒོ་ན་འཆག་ཅིང་གཏམ་ཟེར་ཞིང་འདུག་ནས་དགེ་སློང་དག་ལ་གནོད་པར་བྱེད་དེ། ཚེ་དང་ལྡན་པ་དག་།སྐད་ཅིག་སྡོད་ཅིག་།ངེད་ཅག་རྒན་རིམ་དུ་བྱའོ། །ཞེས་སྨྲས་ནས་དེ་དག་གིས་དེའི་ཉེ་འཁོར་དུ་སྟོན་ཅིང་ཁ་ཏོན་ཡང་བྱེད། བཙོ་བླག་གི་ལས་ཀྱང་བྱེད་ནས་དགེ་སློང་དག་སྣམ་ཕྱི་སར་འདོང་དུ་ཡང་ངོ་ཚ་ནས་བཤང་གཅི་ལ་སོགས་པ་ཡང་བག་ཡངས་སུ་བྱར་མེད། ཇི་ལྟར་འོངས་པ་བཞིན་ནང་དུ་འཇུག་ཏུ་ཡང་མེད་པར་དེ་དག་གིས་བགགས་པ་དང ། དེ་དག་ཐམས་ཅད་ནད་དུ་གྱུར་ཏེ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། དགེ་སློང་དག་གིས་སྣམ་ཕྱི་སར་སོང་ནས་གཏམ་ཟེར་ཞིང་མ་འདུག་ཅིག་།དེའི་ཉེ་འཁོར་དུ་སྟོན་པར་ཡང་མ་བྱེད་ཅིག་།ཀློག་པར་ཡང་མ་བྱེད་ཅིག་།ཁ་ཏོན་ཡང་མ་བྱེད་ཅིག་།བཙོ་བླག་གི་ལས་ཀྱང་མ་བྱེད་ཅིག་།དགེ་སློང་དག་གིས་སྣམ་ཕྱི་ས་ན་གཏམ་ཟེར་ཞིང་འདུག་གམ། རིམ་བཞིན་དུ་བྱེད་དམ། དེའི་ཉེ་འཁོར་དུ་སྟོན་ཏམ། ཁ་ཏོན་བྱེད་དམ། ཀློག་གམ། བཙོ་བླག་གི་ལས་བྱེད་ན། འདས་པ་དང་བཅས་པར་འགྱུར་རོ། །དགེ་སློང་དག་བཀྲུ་སར་འཁྲུ་ཞིང་འདུག་པ་མ་ཟིན་པར་དྲུག་སྡེ་དག་གིས་ངེད་རྒན་ནོ། །ཞེས་ཟེར་ནས་བསླང་ངོ ། །དེ་ལྟར་ Pa181a ༄#། །གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་བཀྲུ་སར་དགེ་སློང་བཀྲུ་བ་མ་ཟིན་པར་མ་བསླང་ཞིག་།བསླངས་ན། འདས་པ་དང་བཅས་པར་འགྱུར་རོ། །དགེ་སློང་དག་གཅི་སར་སོང་བ་དང ། ཕྱིས་དྲུག་སྡེ་དག་དེར་འོངས་ཏེ་ངེད་ཅག་རྒན་གྱི། ཇི་ལྟར་རྒན་རིམ་བཞིན་དུ་འཇུག་གོ་།ཞེས་སྨྲས་པ་དང ། དེ་དག་འཕྱ་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་རྒན་རིམ་དུ་གཅི་སར་མ་འདུག་པར་ཇི་ལྟར་འོངས་པའི་རིམ་བཞིན་དུ་ཞུགས་ཤིག་།དགེ་སློང་དག་གིས་ཇི་ལྟར་རྒན་རིམ་བཞིན་དུ་འཇུག་ན། འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་སློང་དག་རྐང་པ་འཁྲུ་ཞིང་འདུག་པ་ལ་བཀྲུ་བ་མ་ཟིན་པར་རྐང་པ་འཁྲུ་བའི་འོག་གཞི་རྒན་རིམ་དུ་བྱའོ། །ཞེས་ཟེར་ཏེ་ཁྱེར་བ་དང ། དེ་དག་འཕྱ་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་རྐང་པ་བཀྲུ་མ་ཟིན་པར་རྐང་པ་བཀྲུ་བའི་གཞི་ཇི་ལྟར་རྒན་རིམ་བཞིན་མ་བཀུར་ཅིག་།དགེ་སློང་གིས་དགེ་སློང་དག་གི་རྐང་པ་བཀྲུ་མ་ཟིན་པར་རྐང་པ་བཀྲུ་བའི་གཞི་རྒན་རིམ་བཞིན་དུ་ཁྱེར་ན། འདས་པ་དང་བཅས་པར་འགྱུར་རོ། ། Pa181b དྲུག་སྡེ་དག་གིས་དགེ་སློང་དག་གདོང་ཕྱི་བས་གདོང་ཕྱི་བ་མ་ཟིན་པར་རྒན་རིམ་དུ་བྱའོ། །ཞེས་ཟེར་ནས་གདོང་ཕྱི་བ་ཁྱེར་བ་དང ། དེ་དག་འཕྱ་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་དགེ་སློང་གི་གདོང་ཕྱི་བ་མ་ཟིན་པར་རྒན་རིམ་དུ་མ་བཀུར་ཅིག་།དགེ་སློང་དག་གིས་དགེ་སློང་གི་གདོང་ཕྱི་བ་མ་ཟིན་པར་གདོང་ཕྱི་བ་རྒན་རིམ་དུ་ཁྱེར་ན། འདས་པ་དང་བཅས་པར་འགྱུར་རོ། །དེ་བཞིན་དུ་སྣོད་དང ། གཟར་བུ་དང ། ཁ་གཟར་ལ་སོགས་པ་ཡང་རྒྱས་པར་སྦྱར་བར་བྱའོ། གླེང་གཞིའི་ནང་ནས་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་བཞི་པའོ།། །།མདོར་ན། བུམ་པ་དང་ནི་གཞོང་ཁུང་དང ། །ལྷུང་བཟེད་ནག་པོ་བཏུང་ཕོར་དང ། །སྤུ་གྲིའི་བརྡར་དང་སེན་གཅོད་དང ། །སྨང་ཚེར་དང་ནི་རྐང་རྟེན་ནོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གིས་དགེ་སློང་དག་བཙོ་བླག་གི་ལས་བྱེད་པ་མ་ཟིན་པར་དགེ་འདུན་གྱི་ཚོན་གྱི་བུམ་པ་རྒན་རིམ་བཞིན་དུ་བྱའོ། །ཞེས་ཟེར་ཏེ་ཁྱེར་བ་དང ། དེ་དག་འཕྱ་བར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་བཙོ་བླག་གི་ལས་བྱེད་པ་མ་ཟིན་པར་དགེ་འདུན་གྱི་ཚོན་གྱི་བུམ་པ་དག་རྒན་ Pa182a ༄#། །རིམ་དུ་མ་བཀུར་ཅིག་།དགེ་སློང་གིས་དགེ་སློང་དག་གི་བཙོ་བླག་གི་ལས་བྱེད་པ་མ་ཟིན་པར་དགེ་འདུན་གྱི་ཚོན་གྱི་བུམ་པ་རྒན་རིམ་དུ་ཁྱེར་ན། འདས་པ་དང་བཅས་པར་འགྱུར་རོ། །བུམ་པ་ལ་ཇི་ལྟ་བ་བཞིན་དུ་གཞོང་ཁུང་ལ་ཡང་དེ་བཞིན་ནོ། །དྲུག་སྡེ་དག་གིས་དགེ་སློང་དག་ཟས་ཟ་བ་མ་ཟིན་པར་ལྷུང་བཟེད་ནག་པོ་རྒན་རིམ་དུ་བྱའོ། །ཞེས་ཟེར་ནས་ཁྱེར་བ་དང ། དེ་དག་འཕྱ་བར་གྱུར་ནས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་དགེ་སློང་དག་ཟན་བཟའ་བ་མ་ཟིན་པར་ལྷུང་བཟེད་ནག་པོ་རྒན་རིམ་དུ་མ་བཀུར་ཅིག་།དགེ་སློང་གིས་དགེ་སློང་དག་ཟན་བཟའ་བ་མ་ཟིན་པར་ལྷུང་བཟེད་ནག་པོ་རྒན་རིམ་དུ་ཁྱེར་ན། དེ་དག་འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་སློང་དག་ཟན་ཟ་ཞིང་སྐོམ་ཕྱེད་ཙམ་འཐུངས་པ་དང ། བཏུང་བའི་ཕུར་བུ་རྒན་རིམ་དུ་བྱའོ། །ཞེས་ཟེར་ནས་ཁྱེར་ཏེ་དེ་དག་འཕྱ་བར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་དགེ་སློང་དག་ཟན་ཟ་ཞིང་སྐོམ་ཕྱེད་ཙམ་འཐུངས་པ་ལ་བཏུང་བའི་ཕོར་བུ་རྒན་རིམ་དུ་མ་བཀུར་ཅིག་།དགེ་སློང་གིས་དགེ་སློང་དག་ཟན་ཟ་ཞིང་སྐོམ་ཕྱེད་ཙམ་འཐུངས་པ་ལ་ཕོར་བུ་རྒན་རིམ་དུ་ཁྱེར་ན། འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་ Pa182b གིས་དགེ་སློང་དག་སྐྲ་ཕྱེད་ཙམ་བྲེགས་པ་དང ། སྤུ་གྲི་ཡང་རྒན་རིམ་དུ་བྱའོ། །ཞེས་ཟེར་ཏེ་ཁྱེར་རོ། །དེ་དག་འཕྱ་བར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་དགེ་སློང་དག་སྐྲ་དང ། ཁ་སྤུ་ཕྱེད་ཙམ་བྲེགས་པ་ལ་སྤུ་གྲི་རྒན་རིམ་དུ་མ་བཀུར་ཅིག་།དགེ་སློང་གིས་དགེ་སློང་དག་སྐྲ་དང ། ཁ་སྤུ་ཕྱེད་ཙམ་བྲེགས་པ་དང ། སྤུ་གྲི་རྒན་རིམ་དུ་ཁྱེར་ན། འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་སློང་དག་སྐྲ་དང ། ཁ་སྤུ་འབྲེག་པའི་སྤུ་གྲི་རྣོན་པོར་བྱ་བའི་སྤུ་གྲི་བརྡར་ལ་ཕྱེད་ཙམ་བརྡར་བ་དང ། རྡར་རྒན་རིམ་དུ་བྱའོ། །ཞེས་ཟེར་ཏེ་ཁྱེར་བ་དང ། དེ་དག་འཕྱ་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་དགེ་སློང་དག་གིས་སྐྲ་དང ། ཁ་སྤུ་འབྲེག་པའི་སྤུ་གྲི་བརྡར་ལ་ཕྱེད་ཙམ་བརྡར་ནས་རྒན་རིམ་དུ་མ་བཀུར་ཅིག་།དགེ་སློང་དག་གིས་སྐྲ་དང ། ཁ་སྤུ་འབྲེག་པའི་སྤུ་གྲི་བརྡར་ལ་ཕྱེད་ཙམ་བརྡར་བ་ལ་རྒན་རིམ་དུ་ཁྱེར་ན། འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་སློང་དག་སེན་མོ་ཕྱེད་ཙམ་བཅད་པ་དང ། སེན་མོ་གཅོད་པ་རྒན་རིམ་དུ་བྱའོ། །ཞེས་ཟེར་ནས་ཁྱེར་རོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་སེན་མོ་ཕྱེད་ཙམ་ Pa183a ༄#། །བཅད་པ་ལ་སེན་མོ་གཅོད་པ་རྒན་རིམ་དུ་མ་བཀུར་ཅིག་།དགེ་སློང་གིས་དགེ་སློང་དག་གིས་སེན་མོ་ཕྱེད་བཅད་པ་ལ་སེན་མོ་གཅོད་པ་རྒན་རིམ་དུ་ཁྱེར་ན། འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་སློང་དག་སྣ་སྤུ་ཕྱེད་ཙམ་བཏོགས་པ་དང ། སྣ་སྤུ་འཐོག་པའི་སྨང་ཚེར་རྒན་རིམ་དུ་བྱའོ། །ཞེས་ཟེར་ཏེ་ཁྱེར་རོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྣ་སྤུ་ཕྱེད་ཙམ་བཏོགས་པ་ལ་སྣ་སྤུ་འཐོག་པའི་སྨང་ཚེར་རྒན་རིམ་དུ་མ་བཀུར་ཅིག་།ཁྱེར་ན། འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་སློང་དག་དགེ་འདུན་གྱི་ཁྲི་རྐང་རྟེན་དུ་བཅས་པ་ལ་ཉལ་ཞིང་འདུག་པ་དང ། རྒན་རིམ་དུ་བྱའོ། །ཞེས་ཟེར་ཏེ་ཁྱེར་བ་དང ། དེ་དག་འཕྱ་བར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་དགེ་འདུན་གྱི་ཁྲི་རྐང་རྟེན་ཅན་གྱི་སྟེང་དུ་ཉལ་བ་ལ་རྒན་རིམ་དུ་མ་བཀུར་ཅིག་།དགེ་སློང་དག་གིས་དགེ་སློང་དག་ཁྲི་རྐང་རྟེན་ཅན་གྱི་སྟེང་དུ་ཉལ་ཞིང་འདུག་པ་ལ་རྐང་རྟེན་རྒན་རིམ་དུ་ཁྱེར་ན། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞིའི་ནང་ནས་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་ལྔ་པའོ།། །།མདོར་ན། གཏན་པ་སྐུད་པ་གཉིས་པ་དང ། །གྲི་དང་ཁབ་དང་བླང་བ་ Pa183b དང། །གཞན་ཡང་འདི་ལྟར་མ་ཟིན་པར། །བསླང་པར་བྱ་བ་མ་ཡིན་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གིས་ཤིང་ལེབ་ཀྱི་སྟེང་དུ་སྦྱར་མ་དང ། སྟོད་གཡོགས་དང ། མཐང་གོས་དག་དགེ་འདུན་གྱི་ཤིང་ལེབ་ཀྱི་སྟེང་དུ་ཕྱེད་ཙམ་བཏིང་བ་དང་རྒན་རིམ་དུ་བྱའོ། །ཞེས་ཟེར་ཏེ་ཁྱེར་རོ། །དེ་དག་འཕྱ་བར་གྱུར་ནས་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།དགེ་འདུན་གྱི་ཤིང་ལེབ་ཀྱི་སྟེང་དུ་སྦྱར་མ་དང ། སྟོད་གཡོགས་དང ། མཐང་གོས་དག་ཕྱེད་ཙམ་བཏིང་བ་ལ་དགེ་འདུན་གྱི་ཤིང་ལེབ་དེ་རྒན་རིམ་དུ་མ་བཀུར་ཅིག་།དགེ་སློང་དག་གིས་དགེ་སློང་གི་དགེ་འདུན་གྱི་ཤིང་ལེབ་ཀྱི་སྟེང་དུ་སྦྱར་མ་དང ། སྟོད་གཡོགས་དང ། མཐང་གོས་དག་ཕྱེད་ཙམ་བཏིང་བ་ལ་དགེ་འདུན་གྱི་ཤིང་ལེབ་རྒན་རིམ་དུ་ཁྱེར་ན། འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་སློང་དག་གི་ཆོས་གོས་དགེ་འདུན་གྱི་སྐུད་པས་ཕྱེད་ཙམ་དྲུབས་པ་དང ། རྒན་རིམ་དུ་བྱའོ། །ཞེས་ཟེར་ནས་ཁྱེར་བ་དང ། དེ་དག་འཕྱ་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་དགེ་སློང་དག་གི་ཆོས་གོས་དགེ་འདུན་གྱི་སྐུད་པས་ཕྱེད་ཙམ་བཙེམས་པ་ལ་རྒན་རིམ་དུ་མ་བཀུར་ Pa184a ༄#། །ཅིག་།དགེ་སློང་དག་གིས་དགེ་སློང་དག་གི་ཆོས་གོས་དགེ་འདུན་གྱི་སྐུད་པས་ཕྱེད་ཙམ་བཙེམས་པ་ལ་རྒན་རིམ་དུ་ཁྱེར་ན། འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་སློང་དག་གི་ཆོས་གོས་དག་ཚོན་ལས་ཕྱེད་ཙམ་བཙོ་བླག་གི་སྲད་བུ་ལ་བྲེས་པ་དང་རྒན་རིམ་བཞིན་དུ་བྱའོ། །ཞེས་ཟེར་ཏེ་ཁྱེར་རོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་དགེ་སློང་དག་གི་གོས་ཕྱེད་ཙམ་བཙོ་བླག་བྱས་ནས་དགེ་འདུན་གྱི་བཙོ་བླག་གི་སྲད་བུ་ལ་བྲེས་པ་རྒན་རིམ་དུ་མ་བཀུར་ཅིག་།དགེ་སློང་དག་གིས་དགེ་སློང་དག་གི་གོས་ཕྱེད་ཙམ་བཙོ་བླག་བྱས་པ་དགེ་འདུན་གྱི་བཙོ་བླག་གི་སྲད་བུ་ལ་བྲེས་པ་རྒན་རིམ་དུ་ཁྱེར་ན། འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་སློང་དག་གི་ཆོས་གོས་དགེ་འདུན་གྱི་གྲིས་ཕྱེད་ཙམ་དྲས་པ་དང་རྒན་རིམ་བཞིན་དུ་བྱའོ། །ཞེས་ཟེར་ཏེ་ཁྱེར་བ་དང ། དེ་དག་འཕྱ་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་དགེ་འདུན་གྱི་ཆོས་གོས་ཕྱེད་ཙམ་དྲས་པ་རྒན་རིམ་དུ་མ་བཀུར་ཅིག་།དགེ་སློང་དག་གིས་དགེ་སློང་དག་གི་ཆོས་གོས་དགེ་འདུན་གྱི་གྲིས་ཕྱེད་ཙམ་དྲས་པ་རྒན་རིམ་དུ་ཁྱེར་ན། འདས་པ་དང་བཅས་པར་འགྱུར་རོ། །དྲུག་ Pa184b སྡེ་དག་གིས་དགེ་སློང་གི་ཆོས་གོས་དགེ་འདུན་གྱི་ཁབ་ཀྱིས་ཕྱེད་ཙམ་དྲུབས་པ་ལ་རྒན་རིམ་བཞིན་དུ་བྱའོ། །ཞེས་ཟེར་ནས་ཁྱེར་བ་དང ། དེ་དག་འཕྱ་བར་གྱུར་ཏེ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་དགེ་སློང་དག་གི་ཆོས་གོས་དགེ་འདུན་གྱི་ཁབ་ཀྱིས་ཕྱེད་ཙམ་དྲུབས་པ་རྒན་རིམ་དུ་མ་བཀུར་ཅིག་།དགེ་སློང་དག་གིས་དགེ་སློང་དག་གི་ཆོས་གོས་དགེ་འདུན་གྱི་ཁབ་ཀྱིས་ཕྱེད་ཙམ་དྲུབས་པ་རྒན་རིམ་དུ་ཁྱེར་ན། འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་སློང་དག་སྐྲ་ཕྱེད་ཙམ་བྲེགས་པ་དང་དགེ་འདུན་གྱི་སྐྲ་བཟེད་པའི་རས་རྒན་རིམ་བཞིན་དུ་བྱའོ། །ཞེས་ཟེར་ཏེ་ཁྱེར་བ་དང ། དེ་དག་འཕྱ་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་དགེ་སློང་དག་སྐྲ་ཕྱེད་ཙམ་བྲེགས་པ་དང ། དགེ་འདུན་གྱི་སྐྲ་བཟེད་པའི་རས་རྒན་རིམ་དུ་མ་བཀུར་ཅིག་།དགེ་སློང་དག་གིས་དགེ་སློང་དག་སྐྲ་ཕྱེད་ཙམ་བྲེགས་པ་དང ། དགེ་འདུན་གྱི་སྐྲ་བཟེད་པའི་རས་རྒན་རིམ་དུ་ཁྱེར་ན། འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་གང་ཡང་རུང་བུའི་གནས་སུ་གཞན་དང་གཞན་གྱི་ལས་མ་ཟིན་པར་དགེ་འདུན་གྱི་སྟན་གྱི་སྟེང་དུ་འདུག་པ་དང ། རྒན་རིམ་བཞིན་བྱའོ། །ཞེས་ཟེར་ནས་བསླང་སྟེ་བཏང་ནས་དེ་དག་འཕྱ་བར་གྱུར་ཏོ་ Pa185a ༄#། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་དགེ་སློང་དག་གིས་གང་ཡང་རུང་བའི་གནས་སུ་གཞན་དང་གཞན་གྱི་ལས་མ་ཟིན་པར་དགེ་སློང་གི་དགེ་འདུན་གྱི་སྟན་གྱི་སྟེང་དུ་འདུག་པ་ལ་རྒན་རིམ་དུ་བྱའོ། །ཞེས་མ་བསླང་ཞིག་དགེ་སློང་དག་གིས་དགེ་སློང་དག་གང་ཡང་རུང་བའི་གནས་སུ་གཞན་དང ། གཞན་གྱི་ལས་མ་ཟིན་བཞིན་དུ་དགེ་འདུན་གྱི་སྟན་གྱི་སྟེང་ན་འདུག་པ་ལ་རྒན་རིམ་དུ་བྱའོ། །ཞེས་བསླངས་ཏེ་བཏང་ན། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞིའི་ནང་ནས་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་དྲུག་པའོ།། །།མདོར་ན། མུ་སྟེགས་ཀུན་ཏུ་རྒྱུ་བ་དང ། །མངོན་མཚན་བདག་ནི་བྱིན་པ་མེད། །ཡིད་ཆེས་པར་ནི་གཟུང་བ་ལྔ། །གཉེར་ཕྱིར་ཉེར་སྤྱོད་དགེ་སློང་མའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལནད་ཀ་གནས་པ་ན་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས་གང་གི་ཚེ་ཡུལ་མཉམ་དཀའི་རྒྱལ་པོ་གཟུགས་ཅན་སྙིང་པོ་མཁས་པ་ཅན། ལྷ་སྟོང་ཕྲག་བརྒྱད་ཅུ་དང་ཡུལ་མཉམ་དཀའི་བྲམ་ཟེ་དང ། ཁྱིམ་བདག་བརྒྱ་ཕྲག་སྟོང་དང་བཅས་ཏེ་བཅོམ་ལྡན་འདས་ཀྱིས་བདེན་པ་ལ་བཀོད་པ་དེའི་ཚེ་ན་རྒྱལ་པོའི་ཁབ་ཏུ་འདི་ལྟར། ཀྱེ་ཁྱེད་ཅག་རྒྱལ་པོའི་ཁབ་ན་གནས་པ་དང ། ཡུལ་སོ་སོ་ནས་ལྷགས་པའི་སྐྱེ་བོ་མང་པོ་དག་ཉོན་ཅིག་།རྒྱལ་པོ་ངའི་ Pa185b ཡུལ་ན་སུ་ཡང་རྐུན་པོ་མ་བྱེད་ཅིག་།གང་གིས་བྱས་པ་དེ་ངས་ཡུལ་དང་ཕྲལ་ཏེ་གཏང་ངོ ། །ནོར་བདག་ལ་ནི་ང་ཉིད་ཀྱི་མཛོད་དང་བང་བ་ནས་སྦྱིན་ནོ། །ཞེས་དྲིལ་ཆེན་བསྒྲགས་སོ། །གང་གི་ཚེ་བཅོམ་ལྡན་འདས་ཀྱིས་ཡུལ་ཀོ་ས་ལར་རྒྱལ་པོ་གསལ་རྒྱལ་དར་ལ་བབ་པ་ལྟ་བུའི་མདོ་སྡེས་བཏུལ་བ་དེའི་ཚེ་ན་དེས་ཀྱང་མཉན་དུ་ཡོད་པར་འདི་ལྟར། རྒྱལ་པོ་ངའི་ཡུལ་ན་སུ་ཡང་རྐུན་པོ་མ་བྱེད་ཅིག་།གང་གིས་ངའི་ཡུལ་དུ་རྐུན་པོ་བྱས་པ་དེ་ཆད་པ་བསད་པས་བཅད་ལ་ནོར་བདག་ལ་ནི། ང་ཉིད་ཀྱི་མཛོད་དང ། བང་བ་ནས་སྦྱིན་ནོ། །ཞེས་དྲིལ་ཆེན་བསྒྲགས་སོ། །དེའི་ཚེ་ན་གང་ཡུལ་མཉམ་དཀའ་ན་གནས་པའི་རྐུན་པོ་རྣམས་དང ། གང་ཡུལ་ཀོ་ས་ལ་ན་གནས་པ་རྣམས་དེའི་ས་མཚམས་ཀྱི་བར་དུ་དོང་ནས་འཁོད་དོ། །ཡུལ་མཉམ་དཀའ་ན་གནས་པའི་རྐུན་པོ་རྣམས་དང ། ཡུལ་ཀོ་ས་ལ་ན་གནས་པ་རྣམས་ཐམས་ཅད་ས་མཚམས་ཀྱི་བར་དུ་དོང་སྟེ་འཁོད་ནས་འགྲོན་པ་མང་པོ་དག་འཇོམས་སོ། །ཞེས་དེ་སྐད་ཀྱི་སྒྲ་ཀུན་ཏུ་གྲགས་སོ། །དེ་དག་གིས་ཐོས་ནས་ཡུལ་མཉམ་དཀའི་འགྲོན་པ་མང་པོ་བསེལ་དང་ལྷན་ཅིག་ཡུལ་ཀོ་ས་ལར་འདོང་ངོ ། །ཡུལ་ཀོ་ས་ལ་ནས་ཀྱང་ཡུལ་མཉམ་དཀར་དེ་བཞིན་དུ་འདོང་སྟེ། ཇི་ཙམ་དུས་ཕྱི་ཞིག་ན་ཡུལ་མཉམ་དཀའ་ནས་འགྲོན་པ་མང་པོ་བསེལ་དང་བཅས་ཏེ་ཡུལ་ཀོ་ས་ལར་དོང་བ་དང ། དེ་དག་གང་གི་ཚེ་མཚམས་ལས་འདས་ནས་ཡུལ་ཀོ་ས་ལར་ཕྱིན་པ་དེའི་ཚེ་དེ་ནས་དེད་དཔོན་གྱིས་ Pa186a ༄#། །སྨྲས་པ། ཀྱེ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ནི། མི་སྲུན་ལག་གཏུམ་ཞིང་ཁྲོ་སྟེ། དཔའ་ཞིང་མཐུ་དང་ལྡན་ནོ། །ཞེས་གྲག་གི་གལ་ཏེ་འགྲོན་པ་མང་པོ་དང་བདག་ཅག་རྣམས་བཅོམ་ན་ཡང་བསབ་པར་ནུས་ཀྱི། བསེལ་བ་དེ་དག་སླར་ཁྱེ་ཞིག་ཅེས་སྨྲས་པ་དང ། འགྲོན་པ་མང་པོ་དག་གིས་སྨྲས་པ། དེ་ལྟར་ན། དེ་བཞིན་དུ་བྱའོ། །ཞེས་སྨྲས་ནས་བསེལ་བ་དེ་དག་སླར་བཀྱེའོ། །རྐུན་པོ་རྣམས་ཀྱིས་བྱ་ར་བཙུགས་ཏེ་བསྡད་པ་དང ། བྱ་ར་བས་བསེལ་བ་སླར་ལོག་པ་མཐོང་ནས་དེས། ཀྱེ། བསལ་བ་རྣམས་སླར་ལོག་གི། འགྲོན་པ་མང་པོ་གཞོམ་མོ། །ཞེས་སྨྲས་ནས་འགྲོན་པ་མང་པོ་དེ་དག་ཤིང་སཱ་ལའི་དགོན་པར་ཕྱིན་པ་དང ། བཅོམ་མོ། །དེ་ལ་ཚོང་པ་ཁ་ཅིག་ནི། བསད། ཁ་ཅིག་ནི། བྲོས་སོ། །དེ་ལ་བྲོས་བས་མགོ་རྡུལ་གྱིས་གང་བར་བྱས་ཏེ་རྒྱལ་པོ་གསལ་རྒྱལ་གྱི་དྲུང་དུ་སོང་ནས་ལྷ་ལ། བདག་ཅག་ནི། ཚོང་པ་ལགས་ན། ཁྱེད་ཀྱི་ཡུལ་དུ་ཕྱིན་ན་ཚོང་པ་མ་ལགས་པར་གྱུར་ཏོ། །ཅི་བྱས་ལྷ།་བདག་ཅག་ནི། རྐུན་པོས་བཅོམ་མོ། །རྒྱལ་པོ་གསལ་རྒྱལ་གྱིས་འཕགས་སྐྱེས་པོ་ལ་བཀའ་སྩལ་པ། གཞོན་ནུ། མྱུར་དུ་རིངས་པར་སོང་ལ་རྐུན་པོ་དང ། ནོར་རྣམས་ཟུངས་ལ་འོན་ཅིག་།ཅེས་བསྒོ་བ་དང ། ལྷ། དེ་བཞིན་དུ་བགྱིའོ། །ཞེས་ནས་དམག་དཔོན་འཕགས་སྐྱེས་པོས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལས་མཉན་ཏེ་དཔུང་གི་ཚོགས་ཡན་ལག་བཞི་ Pa186b པ་བལ་གླང་གི་ཚོགས་དང ། རྟའི་ཚོགས་དང ། ཤིང་རྟའི་ཚོགས་དང ། དཔུང་བུ་ཆུང་གི་ཚོགས་རྣམས་གོ་ཆ་བསྐོན་ཏེ་མྱུར་བར་རིངས་སུ་ཤིང་སཱ་ལའི་དགོན་པར་དོང་བ་དང ། རྐུན་པོ་དག་དེའི་བར་དགོན་པ་ན་ཤིང་སཱ་ལ་སྟུག་པོའི་ནང་དུ་ཞུགས་ཏེ་བག་ཡངས་སུ་ནོར་འགོད་ཅིང་འཁོད་པ་དང ། འཕགས་སྐྱེས་པོས་དེའི་སྟེང་དུ་བརྫིས་ཏེ་དེ་དག་གིས་རྐུན་པོ་ཁ་ཅིག་ནི། བསད། ཁ་ཅིག་ནི། བྲོས་ཁ་ཅིག་ནི། གསོན་པོར་བཟུང་ངོ ། །དེ་ནས་རྐུན་པོའི་གཡུལ་ལས་རྒྱལ་ཏེ་རྐུན་པོ་དང་བཅོམ་པའི་ནོར་རྫས་དག་ཁྱེར་ཏེ་རྒྱལ་པོའི་དྲུང་དུ་སོང་སྟེ་རྐང་པ་ལ་གཏུགས་ནས་ལྷ། འདི་དག་ནི། རྐུན་པོའོ། ། འདི་དག་ནི། ནོར་རོ། །ཞེས་སྨྲས་པ་དང ། རྒྱལ་པོས་ཚོང་པ་དག་ལ་ཀྱེ། དེ་དག་བདག་བདག་གི་ནོར་དག་ངོ་ཤེས་པར་བྱོས་ལ་སླར་ཁྱེར་ཅིག་ཅེས་བསྒོ་བ་དང ། དེ་ན་མུ་སྟེགས་ཀུན་ཏུ་རྒྱུ་བ་དང ། དགེ་སློང་དག་ཀྱང་བཅོམ་པའི་ནང་དུ་གཏོགས་ནས་རྒྱལ་པོས་དེ་ཐམས་ཅད་འཕྲོག་པའི་ནོར་རྫས་སླར་བྱིན་པ་དང ། ཀུན་ཏུ་རྒྱུ་བའི་རང་གི་གོས་བཙག་གི་ནང་དུ་བཙོས་པ་དང ། དགེ་སློང་དག་གི་ཡང་ཁྱེར་རོ། །དགེ་སློང་དག་གིས་བདག་ཅག་གི་གོས་བཙག་གི་ནང་དུ་བཙོས་པ་ངོ་མ་ཤེས་ནས་དེ་དག་ཀུན་ཏུ་རྒྱུ་བ་དང་ལྷན་ཅིག་འཐབ་མོ་བྱུང་བ་དང ། ཀུན་ཏུ་རྒྱུ་བ་མང་པོ་དག་གིས་དེ་དག་ཁྱེར་བ་དང ། རྒྱལ་པོའི་དྲུང་དུ་སོང་སྟེ་ལྷ། བདག་ཅག་གི་གོས་བཙག་གི་ནང་དུ་བཙོས་པ་མུ་སྟེགས་ཅན་ཀུན་ཏུ་རྒྱུ་བས་འཚལ་ཏེ་སླར་མི་སྟེར་རོ། །ཞེས་སྨྲས་པ་དང ། རྒྱལ་པོས་མུ་སྟེགས་ཅན་ཀུན་ཏུ་རྒྱུ་བ་དེ་དག་ Pa187a ༄#། །བཀུག་སྟེ། ཀྱེ། འཕགས་པ་དག་གི་གོས་དག་ཅིའི་ཕྱིར་བཀུར་གྱི། སླར་ཕུལ་ཅིག་།ཅེས་བསྒོ་བ་དང ། དེ་དག་གིས། ལྷ། བཙག་གི་ནང་དུ་བཙོས་པ་འདི་དག་ནི། བདག་ཅག་གི་གོས་སོ། །ཞེས་སྨྲས་པ་དང ། རྒྱལ་པོས། འཕགས་པ་དག་།ཁྱེད་ཀྱི་གང་ཡིན་པ་ཤེས་པར་གྱིས་ལ་ཁྱེར་ཅིག་ཅེས་སྨྲས་སོ། །དགེ་སློང་དག་གིས་གཅིག་ནས་གཅིག་ཏུ་ཕྱུང་སྟེ་བལྟས་པ་དང ། ཁ་ཅིག་ངོ་ཤེས་ཏེ་ལྷ། འདི་དག་ནི། བདག་ཅག་གི་གོས་སོ། །ཞེས་སྨྲས་པ་དང ། རྒྱལ་པོས་མུ་སྟེགས་ཀུན་ཏུ་རྒྱུ་བ་དག་ལ། ཨེ་མའོ། །མུ་སྟེགས་ཀུན་ཏུ་རྒྱུ་བ། འཇབ་བུར་རྐུ་བ་རྐུན་མ་ཡིན་ན། ཁྱེད་ཅག་ནི། རྐུན་པོ་ཆེན་པོ་ཡིན་ནོ། །ཞེས་སྨྲས་པ་དང ། དེ་དག་ལ་ལན་མེད་ནས་ཅང་མི་ཟེར་བར་འཁོད་དོ། །རྒྱལ་པོས་སྨྲས་པ། ཀྱེ་འཕགས་པ། ཁྱེད་ཅག་གིས་ད་ཕན་ཆད་ཆོས་གོས་ལ་མངོན་མཚན་བྱ་བའི་རིགས་སོ་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།རྒྱལ་པོ་དེ་སྐད་ཟེར་བ་ཡུས་ཏེ། དེ་བས་ན། ཆོས་གོས་དག་ལ་མངོན་མཚན་ཐོབ་ཅིག་།ཁ་ཆག་དང་འོར་ཐབས་སུ་དྲུབས་ཤིག་།སྒྲོ་གུ་ཡང་ཐོགས་ཤིག་།བཅོམ་ལྡན་འདས་ཀྱིས་མངོན་མཚན་ཐོབ་ཅིག་ཅེས་གསུངས་ན། དགེ་སློང་དག་གིས་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གོས་ཀྱི་མཐར་སྣག་ཚའི་ཐིག་ལེ་བྱོས་ཤིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་གིས་དེའི་རིགས་མཉམ་པ་ Pa187b ཞིག་ལས་ཆུང་མ་ཞིག་བླངས་ནས་དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་པ་ལས་དེ་དུས་ཕྱི་ཞིག་ན་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ནས་དེ་ཟླ་བ་བརྒྱད་དམ་དགུ་འདས་པ་དང ། བུ་ཁྱེའུ་ཞིག་བཙས་ཏེ་ཞག་བདུན་གསུམ་ཉི་ཤུ་རྩ་གཅིག་གི་བར་དུ་བཙས་པའི་བཙས་སྟོན་ཆེན་པོ་བྱས་སོ། །དེ་རིགས་དང་མཐུན་པར་མིང་བཏགས་སོ། །དེ་བསྲིངས་བསྐྱེད་དེ་ཆེར་གྱུར་པ་དང ། དུས་ཕྱི་ཞིག་ན་དེའི་མ་དུས་ལས་འདས་སོ། །ཁྱིམ་བདག་དེས་ཀྱང་ཆུང་མ་ཞིག་བླངས་ནས་དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་ལ་རྩེ་དགའ་ཡོངས་སུ་སྤྱོད་པ་ལས།་དུས་ཕྱི་ཞིག་ན་བུ་ཕོ་གསུམ་ཞིག་བཙས་ཏེ་དེ་དག་ཀྱང་རིགས་དང་མཐུན་པར་མིང་བཏགས་སོ། །འདི་ལྟར་དགྲའི་ནང་ན་ཆེན་ཆུང་འཐབ་པ་གཅུགས་ཆེ་སྟེ། མོས་མ་ཤི་བའི་བུ་ཁྱེའུ་ཆེན་པོ་དེ་ལ་རྟག་པར་གཙེས་པ་དང ། དེ་མ་དྲན་ནས་ཡི་ཆད་དེ་ཡུལ་གཞན་དུ་སོང་བ་ལས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ངོ ། །དེ་ནས་དུས་ཕྱི་ཞིག་ན་ཁྱིམ་བདག་དེ་ན་བར་གྱུར་ནས་དེ་རྩ་བ་དང ། སྡོང་བུ་དང།་ལོ་མ་དང ། མེ་ཏོག་དང ། འབྲས་བུ་དག་གི་སྨན་བྱས་ཀྱང་དེའི་ནད་ཐ་གི་བར་མ་གྱུར་ནས་དེ་ན་བའི་སྡུག་བསྔལ་གྱིས་རིང་པོ་མི་ཐོགས་པར་དུས་འདའ་བར་ཤེས་ནས་དེས་ཁྱིམ་ཚེས་དག་བསགས་ཏེ་འདུས་ནས་དེའི་ནང་དུ་བུ་ལ་སྨྲས་པ། བུ་དག་།ཁྱེད་ཅག་གི་བུ་ཆེན་པོ་དགེ་སྦྱོང་ཤཱཀྱའི་སྲས་ཀྱི་ནང་དུ་རབ་ཏུ་བྱུང་བ་དེ་ཡང་ཁྱེད་ཀྱིས་ནོར་སྐལ་བྱིན་ཅིག་ཅེས་སྨྲས་ནས། བསགས་པ་ཀུན་མཐའ་ཟད་པར་འགྱུར། ། Pa188a ༄#། །མཐོ་བའི་མཐའ་ནི་འཇིག་པར་འགྱུར། །འདུས་པའི་མཐའ་ནི་འགྱེས་པར་འགྱུར། །ཆོས་ཀྱི་མཐའ་ནི་ཞི་བར་འགྱུར། །དུས་ཀྱི་ཆོས་དང་ལྡན་པར་གྱུར་ཏོ། །དེའི་བུ་ལྗོངས་སྤྱོད་ཅིང་འདུག་པ་དེས་བདག་གི་ཕ་དུས་ལས་འདས་སོ། །ཞེས་ཐོས་ཏེ་དེ་ཡང་འདི་སྙམ་དུ། བདག་སོང་ལ་མ་ཡར་མོ་དང་ནུ་བོ་དག་གི་མྱ་ངན་བསང་གི་།ཆོས་བཤད་དུ་འགྲོའོ། །སྙམ་དུ་སེམས་ནས་དེ་ཇི་ཙམ་དགའ་བའི་བར་དུ་ལྗོངས་སྤྱད་དེ་མཉན་དུ་ཡོད་པ་གང་ན་བ་དེ་ལོགས་སུ་ལྗོངས་སྤྱོད་ཅིང་སོང་ངོ ། །རིམ་བཞིན་དུ་སྤྱོད་ཅིང་མཉན་དུ་ཡོད་པར་ཕྱིན་ནས་ལམ་གྱི་ངལ་བསོས་ཏེ་བདག་གི་ཁྱིམ་དུ་འོངས་པ་དང ། ནང་གི་སྐྱེ་བོ་དག་གིས་མཐོང་ནས་ངུས་ཏེ་དུས་པའི་སྒྲ་དག་ཁྱིམ་ཚེས་དག་གིས་ཐོས་ནས་དེ་དག་འདུས་ཏེ། ཁ་ཅིག་ནི། སྐད་ཕྱུང་སྟེ་ངུ ། །ཁ་ཅིག་ནི། མིག་མཆི་མས་གང་ཞིང་འདུས་ནས་སོ་སོའི་སྐྱེ་བོ་དག་ནི། འདོད་ཆགས་དང་ལྡན་པས་གཉེན་དང་བྲལ་བར་གྱུར་པ་མྱ་ངན་གྱིས་མིག་མཆི་མས་གང་ངོ ། །དེ་ཡང་དུ་ག་ཁྱེར་ཞིང་འདུག་གོ་།དེ་ལ་རྒན་མོ་གཞན་ཞིག་གིས། བུ། ཁྱེད་ཀྱི་ཕས་ནི།་ནོར་སྐལ་བྱིན་པར་ངེད་ཀུན་གྱིས་ཀྱང་ཐོས་ན། མ་ངུ་ཞིག་།སྐྱེ་བ་ཡོད་ན། འཆི་བར་འགྱུར་རོ། །ཞེས་སྨྲས་པ་དང ། དེ་ཅུང་ཟད་ཙམ་ཞིག་གི་བར་དུ་སེམས་ཤིང་འདུག་ནས་དེས། མ་ཡང་མོ་དང ། ནུ་བོ་དག་ལ་ཆོས་བཤད་དོ། །དེ་དག་གི་མྱ་ངན་ཅུང་ཟད་སངས་ནས་དེ་དག་གིས་ཁྱོད་ཀྱི་ནོར་སྐལ་དག་ལོངས་ཤིག་ཅེས་སྨྲས་པ་དང ། དེས་བསམ་པ། བཅོམ་ལྡན་འདས་ཀྱིས་ང་འདས་ནས་བྱིན་པ་ Pa188b ནི།་མེད་དོ། །ཞེས་གསུངས་ན། ཇི་ལྟར་བླང་སྙམ་དུ་བསམ་ནས་ཚེ་དང་ལྡན་པ་དག་།ང་ནི། རབ་ཏུ་བྱུང་བ་ལ་ནོར་རྫས་ཀྱིས་བྱར་མེད་ཀྱི་སྟེང་དུ་བཅོམ་ལྡན་འདས་ཀྱིས་ཀྱང་ང་འདས་ནས་བྱིན་པ་མེད་དོ། ། ཞེས་གསུངས་ཀྱི། ཁྱེད་ཅག་ཉིད་ཁྱེར་ཅིག་ཅེས་སྨྲས་པ་དང ། དེ་དག་གིས་ཉེས་པ་ངོར་བརྗོད་པ། འཕགས་པ། ལོངས་ལ་སྦྱིན་པ་ཡང་བྱིན་ཅིག་།བསོད་ནམས་ཀྱང་བྱོས་ཤིག་།དེ་ལ་ཉེས་པ་ཅི་ཞིག་ཡོད་ཅེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་ལ་སྨྲས་པ་དང ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཁྱིམ་པ་ལ་ནི། རེ་བ་ཡོད། རབ་ཏུ་བྱུང་བ་ལ་ནི། རེ་བ་མེད་པའི་ཕྱིར་ཏེ། ཁྱིམ་བདག་ལ་ནི། ང་འདས་ན་བྱིན་ཅིག་པ་ན་ཁྱིམ་པ་དག་གི་དེ་བཙན་ནོ། །རབ་ཏུ་བྱུང་བ་ལ་ནི། དེ་ལྟ་བུ་མེད་དོ། །དེ་བས་ན། ཁྱིམ་པས་དེ་ལྟ་བུར་བསམ་སྟེ་བྱིན་པ་ལོངས་ཤིག་།སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་བྱ་བའི་ཕྱིར་ཏེ། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དགེ་སློང་དག་ལྕི་བའི་རི་ལུ་དང ། སོ་ཤིང་དང ། བཀྲུ་བའི་ཡོ་བྱད་དང ། བ་ལང་གི་ལྕི་བ་རྣམས་འཆགས་དང ། ཁྱམས་དང ། སྒོ་ཁང་དག་ཏུ་བོར་ནས་ལྗོངས་སྤྱད་པ་སྤྱོད་དུ་འདོང་ངོ ། །དེ་དག་ལ་དགེ་སློང་དག་གིས་ཐེ་ཚོམ་སྐྱེས་ནས་མ་སྤྱོད་དོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡིད་གཅུགས་པ་རྣམ་པ་ལྔ་ལས་ནི། ལོངས་ཤིག་།མཛའ་བ་དང ། ཡིད་འདྲེས་པ་དང ། བླ་མ་དང ། མི་ Pa189a ༄#། །འགྱུར་བ་དང ། ཐོས་ན་དགའ་བར་འགྱུར་པ་སྟེ། ཡིད་གཅུགས་པ་རྣམ་པ་དེ་ལྔ་ལ་ནི། སྤྱད་པར་བྱ་སྟེ། དེ་ལྟ་ཐེ་ཚོམ་དུ་མ་བྱེད་ཅིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་འདུག་པ་དེས་རིགས་མཉམ་པ་ལས་ཆུང་མ་ཞིག་བླངས་ནས་དེ་དང་ལྷན་ཅིག་ཏུ་རྩེ་དགའ་ཡོངས་སུ་སྤྱོད་དོ། །དེ་ལ་རྩེ་དགའ་ཡོངས་སུ་སྤྱོད་པ་ལས་དུས་ཕྱི་ཞིག་ན་ཆུང་མ་སེམས་ཅན་དང་ལྡན་པར་གྱུར་ནས་དེ་ཟླ་བ་བརྒྱད་དམ་དགུ་འདས་པ་དང ། བུ་མོ་ཞིག་བཙས་ནས་དེ་ཞག་བདུན་གསུམ་ཉི་ཤུ་རྩ་གཅིག་གི་བར་དུ་བཙས་པའི་བཙས་སྟོན་ཆེན་པོ་བྱས་ནས་རིགས་དང་མཐུན་པའི་མིང་བཏགས་སོ། །དེ་བསྲིངས་བསྐྱེད་དེ་ཆེར་གྱུར་པ་དང ། ཁྱིམ་བདག་གཞན་ཞིག་གིས་དེ་བསླངས་ཏེ། དེ་རྫས་ལ་སོགས་པས་དེ་བརྫངས་ཏེ། བཏང་ངོ ། །དུས་ཕྱི་ཞིག་ན་ཁྱིམ་པ་དེ་དུས་འདས་ནས། དེ་ཁྱོ་དང་བྲལ་བའི་མྱ་ངན་གྱིས་གདུངས་ནས་ལེགས་པར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ངོ ། །དེ་དུས་ཕྱི་ཞིག་ན་མུ་གེ་བྱུང་ནས་བསོད་སྙོམས་སློང་ཞིང་འདུག་པ་དང་དེ་བསོད་སྙོམས་སྤྱོད་པ་ལས་སྲང་ཞིག་ཏུ་དེའི་ཕས་མཐོང་ནས་དེས་སྨྲས་པ། བུ་མོ། ད་ལྟར་གང་ན་ཇི་ལྟར་འཚོ་ཞིང་འདུག་ཅེས་སྨྲས་པ་དང ། དེས་ཕ། མུ་གེ་བྱུང་ནས་བདག་རབ་ཏུ་བཀྲེས་ཤིང་འདུག་གོ་།ཞེས་སྨྲས་པ་དང ། དེས་བུ་མོ། དེ་ལྟར་ན་ཁྱོད་རབ་ཏུ་མ་བྱུང་ན་ནི། ངས་ཁྱོད་ལ་མི་འདོད་བཞིན་དུ་སྦྱིན་ན། ད་བསོད་སྙོམས་མ་ Pa189b བྱེད་པར་བདག་གི་ཁྱིམ་དུ་ཟན་ཟ་ཞིང་དབྱར་མོ་ཁང་དུ་སོང་ཞིག་།དེས་ཁས་བླངས་ནས་དེ་གྲོགས་ཤིག་དང་གཉིས་ཀྱིས་ཟོས་ཤིང་དབྱར་མོ་ཁང་དུ་སོང་ངོ ། །ཞག་དུ་མ་ཞིག་གི་བར་དུ་དེར་ཟོས་ནས་བུ། བསོད་སྙོམས་པ་གཉིས་ནི། ཟས་སྦྱིན་པར་མི་ནུས་ཀྱི། ཁྱོད་གཅིག་པུ་འདིར་ཟན་ཟོས་ཤིང་སོང་ཞིག་།ཅེས་སྨྲས་པ་དང ། དེས་ཕ། བཅོམ་ལྡན་འདས་ཀྱིས་གཅིག་པུ་གྲོང་དུ་འགྲོ་བར་མ་གནང་ངོ། །ཞེས་སྨྲས་པ་དང ། དེ་ཅང་མི་ཟེར་བར་འདུག་གོ་།དེ་ལྟར་གྱུར་པ་དགེ་སློང་མ་དག་གིས་དགེ་སློང་དག་ལ་སྨྲས་པས། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་ན། ངས་གནང་གི་།དུས་འདི་འདྲ་བ་ལ་ནི། དགེ་སློང་མའི་དགེ་འདུན་ལ་གཉེན་དང་ལྷན་ཅིག་འདྲེ་བར་ཉེ་སྤྱོད་ཀྱི་སྡོམ་པ་སྩོལ་ཅིག་།གསོལ་བ་ནི། འདི་ལྟར་གྱིས་ཤིག ། སྟན་བཏིང་ལ་གཎྜཱི་བརྡུངས་ཏེ་དགེ་སློང་མའི་དགེ་འདུན་དག་འདུས་ཤིང་འཁོད་པ་དང ། ཇི་ལྟར་རྒན་རིམ་དུ་ཕྱག་བྱོས་ལ་རྒན་རིམ་གྱི་མདུན་དུ་ཕ་གུའམ། སྟན་ནང་ཚངས་ཅན་གྱི་སྟེང་དུ་འདུག་ནས་ཐལ་མོ་སྦྱར་ལ་ཚིག་འདི་སྐད་ཅེས་སྨྲོས་ཤིག་།གསོན་ཅིག་འཕགས་མའི་དགེ་འདུན་མ་རྣམས། བདག་མིང་འདི་ཞེས་བགྱི་བས་འདི་འདྲ་བའི་མུ་གེའི་དུས་ལ་བབ་ནས་བསོད་སྙོམས་བླངས་བ་ཡང་མི་ནུས་ན། འཕགས་མའི་དགེ་འདུན་མ་ལ་བདག་མིང་འདི་ཞེས་བགྱི་བ་འཕགས་མའི་དགེ་འདུན་མ་ལས་གཉེན་དང་ལྷན་ཅིག་ཏུ་འདྲེ་བར་ཉེ་སྤྱོད་ཀྱི་སྡོམ་པ་གསོལ་ན། འཕགས་ Pa190a ༄#། །མའི་དགེ་འདུན་དག་གིས་བདག་མིང་འདི་ཞེས་བགྱི་བ་ལ་གཉེན་དང་ལྷན་ཅིག་འདྲེ་བར་ཉེ་སྤྱོད་ཀྱི་སྡོམ་པ་སྩོལ་ཅིག་།བརྩེ་བ་ཅན་བརྩེ་བའི་ཕྱིར་རོ། །དེ་ལྟར་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །དེའི་འོག་ཏུ་དགེ་སློང་མ་གཅིག་གིས་གསོལ་བ་གྱིས་ལ་ལས་བྱོས་ཤིག་།གསོན་ཅིག་འཕགས་མའི་དགེ་འདུན་མ་རྣམས། དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་ནི། འདི་ལྟར་མུ་གེའི་དུས་ལ་བབ་སྟེ་འཕགས་མའི་དགེ་འདུན་དག་ལས་གཉེན་དང་ལྷན་ཅིག་ཏུ་འདྲེ་བར་ཉེ་སྤྱོད་ཀྱི་སྡོམ་པ་གསོལ་ན། དེ་སྟེ་འཕགས་མའི་དགེ་འདུན་རྣམས་ཀྱིས་དུས་ལ་བབ་ཅིང་བཟོད་ན། འཕགས་མའི་དགེ་འདུན་མ་རྣམས་ཀྱིས་གནོངས་ལ། འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི་ལ་གཉེན་དང་ལྷན་ཅིག་ཏུ་འདྲེ་བར་ཉེ་སྤྱོད་ཀྱི་སྡོམ་པ་སྩོལ་ཅིག་།འདི་ནི། གསོལ་བའོ། །ལས་ཀྱང་འདི་བཞིན་དུ་བྱའོ། །གསོན་ཅིག་འཕགས་མའི་དགེ་འདུན་རྣམས། དགེ་སློང་མ་མིང་འདི་ཞེས་བགྱི་བ་འདི། འདི་ལྟར་མུ་གེའི་དུས་ལ་བབ་སྟེ་འཕགས་མའི་དགེ་འདུན་རྣམས་ལ་གཉེན་དང་ལྷན་ཅིག་ཏུ་འདྲེ་བར་ཉེ་སྤྱོད་ཀྱི་སྡོམ་པ་གསོལ་ཏེ། དེ་ལས་འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བ་མུ་གེའི་དུས་ལ་བབ་ན། གཉེན་དང་ལྷན་ཅིག་ཏུ་འདྲེ་བར་ཉེ་སྤྱོད་ཀྱི་སྡོམ་པ་གསོལ་ན། འཕགས་མ་རྣམས་ལས་གང་ལ་དགེ་ Pa190b སློང་མ་མིང་འདི་ཞེས་བགྱི་བ། མུ་གེའུ་དུས་ལ་བབ་སྟེ་གཉེན་དང་ལྷན་ཅིག་ཏུ་འདྲེ་བར་ཉེ་སྤྱོད་ཀྱི་སྡོམ་པ་སྩོལ་བར་བཟོད་པ་དེ་དག་ནི། ཅང་མ་གསུངས་ཤིག་།མི་བཟོད་པ་ནི། སྨྲོས་ཤིག་།འཕགས་མའི་དགེ་འདུན་གྱིས་དགེ་སློང་མ་མིང་འདི་ཞེས་བགྱི་བས་གཉེན་དང་ལྷན་ཅིག་ཏུ་འདྲེ་བར་ཉེ་སྤྱོད་ཀྱི་སྡོམ་པ་སྩལ་ཏེ། འདི་ལྟར་ཅང་མི་གསུངས་པས། དེ་དེ་བཞིན་དུ་འཛིན་ཏོ། །དགེ་སློང་མས་མཉེན་དང་ལྷན་ཅིག་ཏུ་འདྲེ་བར་ཉེ་སྤྱོད་ཀྱི་སྡོམ་པ། དགེ་འདུན་མ་རྣམས་ཀྱིས་བྱིན་པར་གྱུར་ན། གཅིག་པུ་གཉེན་གྱི་ཁྱིམ་དུ་ཟས་ཟ་བར་གྱིས་ལ་དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།ནམ་མུ་གེའི་ཚེ་ནི།་རྗེས་སུ་གནང་ངོ ། །དེ་མ་ཡིན་པར་མ་གནས་ཤིག་།མུ་གེ་མ་བྱུང་བར་གནས་ན། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞིའི་ནང་ནས་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་བདུན་པའོ།། མདོར་ན། བསྐྱི་བ་ལ་ནི་རྣམ་པ་གཉིས། །རས་ལ་ཡང་ནི་རྣམ་གསུམ་སྟེ། །ཉོ་བར་ཡང་ནི་འདོད་པ་དང ། །སྡེར་བསྡུས་པར་ནི་གྱུར་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་གཞན་ཞིག་གིས་ཁྱིམ་བདག་ཅིག་ལ་ཀཪྴ་པ་ཎི་ཞིག་བསྐྱིས་པ་དང ། དེ་དུས་ཀྱི་མཐའ་ཞིག་ཏུ་ཅི་ཞིག་གིས་དུས་འདས་ནས་དགེ་སློང་དེ་ཇི་ལྟར་དུས་འདས་པ་ཁྱིམ་བདག་དེས་ཐོས་སོ། །དགེ་སློང་དེ་ཇི་ལྟར་དུས་འདས་པ་ཁྱིམ་བདག་དེས་ཐོས་ནས་གཙུག་ལག་ཁང་དུ་སོང་སྟེ། ཤེས་བཞིན་དུ་དགེ་སློང་ Pa191a ༄#། །དག་ལ་དྲིས་པ། འཕགས་པ། འདི་ཞེས་བགྱི་བའི་དགེ་སློང་དེ་གང་ན་མཆིས། དེ་དག་གིས་སྨྲས་པ། བཞིན་བཟང ། དུས་འདས་སོ། །འཕགས་པ། དེས་བདག་གི་ཀཪྴ་པ་ཎི་ཞིག་བསྐྱིས་ཏེ་འཚལ་ཏོ། །བཞིན་བཟང ། དེ་ནི། དུར་ཁྲོད་དུ་བསྐྱལ་གྱི། དེར་སོང་སྟེ་དོས་ཤིག་།འཕགས་པ། ཁྱེད་ཀྱིས་དེའི་ལྷུང་བཟེད་དང ། ཆོས་གོས་བགོས་ན། བདག་གིས་ཇི་ལྟར་དུར་ཁྲོད་དུ་སོང་སྟེ་བདའ། ཁྱེད་ཀྱིས་སྩོལ་ཅིག་།ཅེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཁྱིམ་བདག་དེས་ནི། ལེགས་པར་སྨྲས་ཏེ། དེའི་ནོར་ལས་བསྐྱིས་པ་དགེ་སློང་དག་གིས་བྱིན་ཅིག་།དེ་དག་གིས་གང་ནས་སྦྱིན་པ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ལྷུང་བཟེད་དང ། ཆོས་གོས་ཡོད་པ་ལས་བྱིན་ཅིག་།དགེ་སློང་དེ་དག་གིས་ལྷུང་བཟེད་དང ། ཆོས་གོས་དེ་དག་བྱིན་པ་དང ། ལྷུང་བཟེད་དང ། ཆོས་གོས་དེ་དག་མ་འདོད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོངས་ལ་བྱིན་ཅིག་།དགེ་སློང་དག་གིས་དེ་དག་ཐམས་ཅད་བྱིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ཙམ་བླངས་པ་དེ་ཙམ་དུ་བྱིན་ལ་ལྷག་མ་བགོས་ཤིག་།མཉན་དུ་ཡོད་པ་ན་དགེ་སློང་གཞན་ཞིག་གིས་ཁྱིམ་བདག་ཅིག་ལས་ཀཪྴ་པ་ཎ་ཞིག་ Pa191b བསྐྱིས་པ་དང ། དེ་དུས་ཀྱི་མཐའ་ཞིག་ཏུ་ཅི་ཞིག་གིས་དུས་འདས་པ་དང ། དགེ་སློང་དག་གིས་སྔ་མ་བཞིན་དུ་ལྷུང་བཟེད་དང ། ཆོས་གོས་བཙོངས་ནས་དེ་ལ་བྱིན་ནོ། །ཁྱིམ་བདག་གིས་སྨྲས་པ།་འཕགས་པ། དེས་བདག་ལ་འདི་ཙམ་ཞིག་འཚལ་ཏེ། བདག་ལ་ནི། འདི་ལས་མ་སྩལ་གྱི། གཞན་ཡང་སྩོལ་ཅིག་།ཅེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་དེའི་ལྷུང་བཟེད་དང ། ཆོས་གོས་ནི། འདི་ལས་མེད་དོ། །ཞེས་སྒོས་ཤིག་།དེ་སྟེ་ཡིད་མི་ཆེས་ན། གོ་བར་གྱིས་ཤིག་།གོ་བར་བསྒོ་ཡང་མི་བཏུབ་ན། དེ་ལ་དགེ་འདུན་གྱིའམ། གང་ཟག་གཞན་གྱི་ལས་ནི། མ་སྦྱིན་ཅིག་།རིགས་ཀྱི་གཟུ་བོ་རྣམས་ཀྱིས་གོ་བར་བསྒོས་ལ་ཐོང་ཞིག་།གླེང་གཞི་ནི། མཉན་དུ་ཡོང་བ་ན་དགེ་སློང་ཞིག་གིས་གོས་ཚོང་པ་ལས་རས་ཤིག་རིན་མ་བྱིན་པར་བླངས་པ་ལས། དགེ་སློང་དེ་དུས་འདས་ནས་དགེ་སློང་དེ་དུས་འདས་སོ། །ཞེས་གོས་ཀྱི་བདག་པོ་དེས་ཐོས་ནས་དེ་གཙུག་ལག་ཁང་དུ་འོངས་ཏེ་ཤེས་བཞིན་དུ་དགེ་སློང་རྣམས་ལ། འཕགས་པ། དགེ་སློང་མིང་འདི་ཞེས་བགྱི་བ་འདི་ག་ལ་མཆིས་ཞེས་དྲིས་པ་དང ། དེ་དག་གིས་སྨྲས་པ། བཞིན་བཟང ། དུས་འདས་སོ། །འཕགས་པ། དེས་བདག་ལས་རས་ཤིག་རིན་མ་སྦྱིན་པར་བྱས་ཏེ་ཁྱེར་རོ། །བཞིན་བཟང ། དེ་དུར་ཁྲོད་དུ་བསྐྱལ་གྱི། དེར་སོང་ལ་དོས་ཤིག་།འཕགས་པ། དེའི་ཆོས་གོས་ Pa192a ༄#། །དང།་ལྷུང་བཟེད་ནི། ཁྱེད་རྣམས་ཀྱིས་བགོས་ན། བདག་ཅིའི་ཕྱིར་དུར་ཁྲོད་དུ་སོང་སྟེ་བདའ། ཁྱེད་རྣམས་ཀྱིས་བྱིན་ཅིག་།དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས། གོས་ཚོང་པ་འདི་སྨྲ་བ་ནི། བདེན་གྱི། དེ་ནི། བྱིན་ཅིག་།དགེ་སློང་རྣམས་ཀྱིས་དེའི་རས་ཉིད་བྱིན་པ་དང།་དེས་འཕགས་པ་རྣམས། བདག་ལ་དེས་རིན་ཐང་འདི་ཙམ་དུ་འཚལ་ཏོ། །ཞེས་སྨྲས་པ་དང ། བཅོམ་ལྡན་འདས་ཀྱིས་དེ་ཉིད་ཚོངས་ལ་བྱིན་ཅིག་།ཅེས་བཀའ་སྩལ་པ་དང ། དགེ་སློང་རྣམས་ཀྱིས་དེ་བཙོང་པར་བརྩམས་པ་དང ། སྔ་མའི་རིན་ཐང་དུ་མ་ལོན་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷག་མ་ནི། ཆོས་གོས་དང ། ལྷུང་བཟེད་རྣམས་ཚོངས་ལ་བྱིན་ཅིག།་གླེང་གཞི་ནི། མཉན་དུ་ཡོད་པ་ན་དགེ་སློང་ཞིག་གིས་ཐ་ག་པ་ལ་རས་འཐག་པའི་ཕྱིར་སྐུད་པ་དང ། རྔན་པ་བྱིན་པ་ལས་དགེ་སློང་དུས་འདས་ནས་དགེ་སློང་རྣམས་ཀྱིས་ཐ་ག་པ་ལ་བོས་ཏེ། བཞིན་བཟང ། ཁྱོད་ལ་དགེ་སློང་མིང་འདི་ཞེས་བྱ་བས་རས་འཐག་པའི་ཕྱིར་སྐུད་པ་དང ། རྔན་པ་བྱིན་པ་དེ་སླར་ཕུལ་ཅིག་།ཅེས་སྨྲས་པ་དང ། དེས་འཕགས་པ་རྣམས། བདག་གིས་དེ་ལ་རས་སྦྱིན་པར་བྱས་ཀྱི། སྐུད་པ་དང ། རྔན་པ་ནི། མ་ལགས་སོ། །ཞེས་སྨྲས་པ་དང ། དགེ་སློང་རྣམས་ཀྱིས་དེ་ཇི་ལྟར་བྱ་བ་མ་ཤེས་ནས་དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ Pa192b གསོལ་བ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས། ཐ་ག་པ་སྨྲ་བ་ནི། བདེན་གྱི། རས་སུ་ལོངས་ཤིག་།ཅེས་སྨྲས་པ་དང ། དགེ་སློང་རྣམས་ཀྱིས་ཕྲ་མོ་ལས་བཀུག་པ་དང ། དེས་འཕགས་པ་རྣམས། བདག་གིས་དེ་ལ་སྦོམ་པོ་སྦྱིན་པར་བྱས་སོ། །ཞེས་སྨྲས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དེ་ནི། དུས་འདས་ཀྱི། ཇི་ལྟར་བྱིན་པ་དེ་ལྟ་བུར་ལོངས་ཤིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དགེ་སློང་ཞིག་གིས་གོས་ཚོང་པ་ལ་ཀཪྴ་པ་ཎ་བྱིན་ཏེ་རས་ཤིག་བྱིན་ཅིག་།ཅེས་སྨྲས་པ་དང ། དགེ་སློང་དེ་དུས་འདས་ནས་དགེ་སློང་རྣམས་ཀྱིས་གོས་ཚོང་པ་ལ་བོས་ཏེ།་བཞིན་བཟང ། ཁྱོད་ལ་དགེ་སློང་མིང་འདི་ཞེས་བྱ་བས་རས་ཀྱི་རིན་ཞིག་བྱི་པ་དེ་འོན་ཅིག་།ཅེས་སྨྲས་པ་དང ། དེས་འཕགས་པ་རྣམས། དེ་ལ་རས་སུ་སྦྱིན་པར་བགྱིས་སོ། །ཞེས་སྨྲས་པ་དང ། དགེ་སློང་རྣམས་ཀྱིས་དེ་ལ་ཇི་ལྟར་བྱ་བ་མི་ཤེས་སོ། །དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས། གོས་ཚོང་པ་དེ་སྨྲ་བ་ནི། བདེན་གྱི་རས་སུ་ལོངས་ཤིག་།ཅེས་སྨྲས་པ་དང ། དགེ་སློང་རྣམས་ཀྱིས་ཕྲ་མོ་བཀུག་པ་དང ། དེས་འཕགས་པ་རྣམས། བདག་གིས་དེ་ལ་སྦོམ་པོ་དབུལ་བར་བགྱིས་སོ། །ཞེས་སྨྲས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དེ་ནི། དུས་འདས་ན། ཇི་ལྟ་བུ་བྱིན་པ་དེ་བཞིན་དུ་ལོངས་ཤིག། །འདུལ་བ་གཞུང་དམ་པ། བམ་པོ་སོ་བདུན་པ། གླེང་གཞི་ནི། མཉན་དུ་ Pa193a ༄#། །ཡོད་པ་ན་སྟེ། དྲུག་སྡེ་རྣམས་འཇིག་རྟེན་པ་ལ་གྲགས་པར་གྱུར་ཏེ། གང་སུ་ཡང་རུང་ཉོ་བ་དང ། བཙོང་པ་དེ་དག་དེ་དག་གི་དྲུང་དུ་དོང་ནས་འཕགས་པ།་དངོས་པོ་འདིས་ཅི་རི་ཞེས་འདྲིའོ། །དེ་ནས་མཉན་དུ་ཡོད་པ་ན་ཁྱིམ་བདག་གཉིས་ཤིག་གཅིག་ནི། གོས་ཉོ། གཅིག་ནི། འཚོང་སྟེ། དེ་གཉིས་རིན་ཐང་གི་གཏམ་སྨྲ་ཞིང་འཁོད་པའི་སྟེང་དུ་ཉེ་དགའ་བོ་ཕྱོགས་དེར་འོངས་པ་དང ། དེ་གཉིས་ཀྱིས་འཕགས་པ་ཉེ་དགའ་བོས་བཅད་པ་བཙན་ནོ། །གཅིག་ན་རེ། དེ་བཞིན་དུ་བཙན་པར་བྱའོ། །ཞེས་སྨྲས་ནས་དེ་གཉིས་ཀྱིས་ཚེ་དང་ལྡན་པ་ཉེ་དགའ་བོ་ལ། འཕགས་པ། འདིའི་རིན་ཇི་ཙམ་ཞེས་དྲིས་པ་དང ། དེས་གཅིག་ལ་གསང་སྟེ། བཞིན་བཟང ། ཁྱོད་ཉོའམ། འོན་ཏེ་འཚོང་པ་ཞེས་དྲིས་སོ། །དེས། བདག་ནི། ཉོ་བའོ། །ཞེས་སྨྲས་པ་དང ། ཉེ་དགའ་བོས་འདི་ནི། ཀཪྴ་པ་ཎ་ཉི་ཤུ་རིའོ། །ཞེས་སྨྲས་ནས་གཉིས་པ་ལ་ཡང་གསང་སྟེ། བཞིན་བཟང ། ཅི་ཁྱོད་ཉོའམ།་འོན་ཏེ་འཚོང་པ་ཞེས་དྲིས་པ་དང ། དེས། འཕགས་པ། བདག་ནི། འཚོང་པའོ། །ཞེས་སྨྲས་པ་དང ། ཉེ་དགའ་བོས། འདི་ནི། ཀཪྴ་པ་ན་བཞི་བཅུ་རིའོ། །ཞེས་སྨྲས་པ་དང ། དེ་གཉིས་གསང་སྟེ་བསླུས་ནས་ཡང་གཉི་གའི་མངོན་སུམ་དུ། ཁྱེད་ཅག་ཇི་ལྟ་བུར་ལེགས་པ་དེ་ལྟ་བུར་བྱོས་ཤིག་ཅེས་སྨྲས་སོ། །དེ་གང་འཚོང་བ་དེས། འདི་ནི། ཀཪྴ་པ་ཎ་བཞི་ Pa193b བཅུ་རིའོ། །ཞེས་སྨྲས་པ་དང ། གང་ཉོ་བ་དེས་བདག་གིས་དད་པ་དང ། ཡིད་ཆེས་པ་ལས་འདི་ནི། ཀཪྴ་པ་ཎ་ཉི་ཤུ་རིའོ། །ཞེས་ཐོས་སོ། །ཞེས་སྨྲས་པ་དང ། དེས་སྨྲས་པ། ཁྱོད་ཀྱི་དད་པ་དང།་ཡིད་ཆེས་པ་སུ་ཡིན། འཕགས་པ་ཉེ་དགའ་བོ་ཡིན་ནོ། །བདག་ཅག་གཉིས་ལ་དེས་ཤེས་བཞིན་དུ་གཙེས་ཏེ་བདག་ལ་དེས་ཀཪྴ་པ་ཎ་བཞི་བཅུ་རིའོ། །ཞེས་སྨྲས་སོ། །དེས་སྨྲས་པ།་བདག་ལ་ཡང་དེས་ཤེས་བཞིན་དུ་གཉི་ཀ་ལ་བསླུ་བའི་ཕྱིར་མདོར་ན་དེས་གནས་ངན་ལེན་ལ་མཚུངས་པར་སྤྱོད་ཀྱི། ཕྱིན་ཆད་དགོས་པ་ཡོད་ན་ཡང་དེ་ལ་མི་འདྲིའོ། །ཞེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས། ཁྱིམ་བདག་དེ་གཉིས་འཕྱ་བ་ནི། ཡུས་ཀྱི།་དེ་བས་ན། དགེ་སློང་རྣམས་ཀྱིས་དངོས་པོ་གང་ལ་ཡང་རིན་ཐང་མ་གཅོད་ཅིག་།ཁྱིམ་པ་རྩོད་པའི་དྲུང་ནམ་འདུག་ཅིག་།དགེ་སློང་དག་གིས་དངོས་པོ་གང་ཡང་རིན་ཐང་གཅད་དམ།་ཁྱིམ་པ་རྩོད་པའི་དྲུང་ན་འདུག་ན། འདས་པ་དང་བཅས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དངོས་པོ་གང་ལ་ཡང་དགེ་སློང་གིས་རིན་ཐང་མ་གཅོད་ཅིག་།ཅེས་གསུངས་ན། དགེ་སློང་དག་གིས་ཆོས་གོས་དང ། གོས་ཉོ་བར་འདོད་པའི་ཕྱིར་ཚོང་འདུས་སུ་སོང་སྟེ། དེར་ཁྱིམ་པ་དང་ལྷན་ཅིག་ཏུ་ཀཪྴ་པ་ཎའམ། པ་ཎ་གཅིག་གམ། པ་ཎའི་བཞི་ཆའམ། བཞི་ Pa194a ༄#། །ཆའི་ཕྱེད་དམ། བཞི་ཆའི་ཕྱེད་ཀྱི་ཕྱེད་བསྐྱོད་པ་དང ། དེས་ཁྲོས་ཏེ་འཕགས་པ། བདག་ཅག་ནི། སྤོགས་བྱེད་པ་ཡིན་ན། ཁྱེད་ཅག་ཀྱང་ལྷག་པར་སྤོགས་བྱེད་པ་ཆེན་པོའོ། །ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས། དེ་དག་དེ་སྐད་ཟེར་བ་ནི། ཡུས་ཀྱི། དེ་ལྟ་བས་ན། དགེ་སློང་རང་གིས་ཉོ་བར་མ་བྱེད་ཅིག་།བཅོམ་ལྡན་འདས་ཀྱིས་དགེ་སློང་རང་གིས་ཉོ་བར་མ་བྱེད་ཅིག་།ཅེས་གསུངས་པ་དང ། དགེ་སློང་རྣམས་ཀྱིས་ཇི་ལྟར་ཉོ་བར་བྱ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཙུག་ལག་ཁང་ན་གནས་པའི་དགེ་བསྙེན་ཕ་ལ་ཆོལ་ཅིག་།གཙུག་ལག་ཁང་ན་གནས་པའམ། དགེ་བསྙེན་དང་པ་མེད་ལ་ངེས་པར་ཉོ་བར་འདོད་པར་གྱུར་ན། གཏན་ལ་བབ་པའི་ཚིག་ལན་གཉིས་ལན་གསུམ་དུ་སྨྲ་བར་བྱ་སྟེ། ཀཪྴ་པ་ཎ་ལ་སོགས་པའི་ཚུལ་གྱིས་བསྐྱེད་པར་མི་བྱའོ། །དགེ་སློང་དག་གིས་ཉོ་བར་འདོད་ཀྱང་རུང ། ཉོ་བར་མི་འདོད་ཀྱང་རུང་སྟེ། ཀཪྴ་པ་ཎ་ལ་སོགས་པའི་ཚུལ་གྱིས་ཚིག་ལན་གཉིས་ལན་གསུམ་དུ་འདས་པར་བསྐྱེད་ཅིང་སྨྲ་ན། འདས་པ་དང་བཅས་པར་འགྱུར་རོ། །སངས་རྒྱས་དང ། ཆོས་དང ། དགེ་འདུན་གྱི་ཕྱིར་རིན་ཐང་བསྐྱེད་ཀྱང་ཉེས་པ་མེད་དོ། །གླེང་གཞིའི་ནང་ནས་སྒོ་བཞི་པའི་ Pa194b མདོའི་ཚིགས་སུ་བཅད་པ་བརྒྱད་པའོ།། །།མདོར་ན། རྩ་བས་འཚོ་བ་མི་བྱ་སྟེ། །རྣམ་པ་བཞི་ནི་མི་བསྒོ་སྟེ། །བསྲུང་བ་དང་ཡང་མང་དུ་བྱ། །ཅ་ཅོ་མང་པོ་འབྱིན་པའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལནད་ཀ་གནས་པ་ན་བཞུགས་སོ། །གང་གི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོས་དགེ་སློང་གི་དགེ་འདུན་རྣམས་ལ་བཟའ་ཤིང་དྲུང་སྟོང་དང་ལྡན་པའི་ཀུན་དགའ་ར་བ་ཞིག་ཕུལ་བ་དེའི་ཚེ་ན་དགེ་སློང་རྣམས་ཀྱིས་འབྲས་བུ་ཟོས་ནས་ཕྱལ་བར་བོར་བས་ན། མདའ་ལྟ་བུའི་ནགས་སུ་གྱུར་ཏོ། །དེ་ནས་དུས་ཕྱི་ཞིག་ན་རྒྱལ་པོ་ལམ་དེ་ཕྱོགས་སུ་ཕྱིན་པ་དང ། དེས་དེ་དག་མཐོང་ནས་དེས་བློན་པོ་རྣམས་ལ་མདའ་ལྟ་བུའི་ནགས་སུ་གྱུར་པའི་ཀུན་དགའ་ར་བ་འདི། སུའི་ཞེས་སྨྲས་པ་དང ། བློན་པོས། ལྷ། བཟའ་ཤིང་དྲུང་སྟོང་དང་ལྡན་པའི་ཀུན་དགའ་ར་བ་དག་ལྷས་འཕགས་པ་རྣམས་ལ་ཕུལ་བ་དེ་ཉིད་འདི་ལགས་ཏེ། དེ་དག་གིས་འབྲས་བུ་ཟོས་ནས་ཕྱལ་བར་བོར་བས་ན། ད་ནི། མདའ་ལྟ་བུའི་ནགས་སུ་གྱུར་པའོ། །ཞེས་སྨྲས་པ་དང ། རྒྱལ་པོས་སྨྲས་པ། ཀྱེ། འཕགས་པ་དེ་དག་འདི་ལ་ཞལ་ཏ་དང ། ལས་མི་བྱེད་དམ། དེས། ལྷ། དེ་དག་བསམ་གཏན་དང ། ཁ་ཏོན་ལ་ཞུགས་པས། འདིའི་སུག་ལས་དང ། ཞལ་ཏ་མི་བགྱིད་དོ། །ཞེས་སྨྲས་པ་དང ། རྒྱལ་པོ་ཅང་མི་སྨྲ་བར་འདུག་གོ། །དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་ Pa195a ༄#། །གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། རྩ་བས་འཚོ་བ་ལ་ཕྱལ་བར་མ་དོར་བར་ལས་གྱིས་ཤིག་།དགེ་སློང་རྣམས་ཀྱིས་སུས་ལས་བྱ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་འཆའ་བ་རྣམས་ཀྱིས་བྱོས་ཤིག་།དེ་རྒན་པས་ན། དེ་དག་གིས་ལས་བྱ་བར་མི་ནུས་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་ཐམས་ཅད་ཀྱིས་ལས་བྱོས་ཤིག་།དེས་ལས་ཁ་ཅིག་ནི། རིད། རྒས་འཁོགས། ཁ་ཅིག་ནི། ན་བས་ལས་བྱེད་མི་ནུས། དྲུག་སྡེ་རྣམས་ནི། བྱེད་དུ་མི་བཏུབ་པས་ན། ལས་མ་བྱས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་རྣམ་པར་དབྱེ་བས་འཁོར་རྣམ་པར་ཕྱེ་ལ་སྐལ་སྐལ་དུ་བགོས་ཏེ་ལས་བྱོས་ཤིག་།དགེ་སློང་རྣམས་ལུང་ནོད་པ་དང ། ཀློག་པ་དང ། ཁ་ཏོན་དང ། ཚུལ་བཞིན་ཡིད་ལ་བྱེད་པ་རྣམས་དང་སྡེ་དེ་ལ་ཞུགས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་འབའ་ཞིག་ལ་ཡང་འཇུག་པར་མི་བྱ་སྟེ། ལ་ལར་སོ་ཤིང་བཟའ་བར་བྱ། ལ་ལར་གདོང་པ་བཀྲུ་བར་བྱ། ལ་ལར་ནི། རྐང་པ་བཀྲུ་བར་བྱའོ། །དགེ་སློང་དེ་དག་གིས་དེ་བཞིན་དུ་ལས་བྱས་ནས་འབྲས་བུ་རྒྱལ་ཏེ་སྨིན་པར་གྱུར་པ་དང ། ཇི་ཙམ་ན་དགེ་སློང་དག་ཅིག་གློ་བུར་དུ་འོངས་པ་དང ། དེ་དག་གིས་འབྲས་བུ་རྒྱལ་ཞིང་སྨིན་པ་དེ་དག་མཐོང་ནས་དེ་ Pa195b དག་གིས་ཚེ་དང་ལྡན་པ་རྣམས། བདག་ཅག་ཀྱང་ཨ་མྲ་སྨིན་པའི་འབྲས་བུ་བཟའ་བར་བགྱི་ན། ཁོ་བོ་ཅག་ཀྱང་དབང་ངམ་ཞེས་སྨྲས་པ་དང ། དགེ་སློང་རྣམས་ཀྱིས་འདི་དག་ནི། བདག་ཅག་གིས་སྔར་བགོས་ན། བཟར་ག་ལ་ཡོད་ཅེས་སྨྲས་པ་དང ། དེ་དག་འཕྱ་བར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གློ་བུར་དུ་འོངས་པ་རྣམས་ལ་ཡང་བྱིན་ཅིག་།དགེ་སློང་རྣམས་ཀྱིས་བགོས་པའི་ལྷག་མ་ལ་བྱིན་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས། རྣམ་པ་འདི་བཞི་ནི། མི་བགོ་སྟེ། བཞི་གང་ཞེ་ན། འདི་ལྟ་སྟེ། ཕྱོགས་བཞིའི་དགེ་འདུན་ཐམས་ཅད་དབང་བ་དང ། མཆོད་རྟེན་ཐམས་ཅད་དབང་བ་དང ། ནད་ཐམས་ཅད་ཀྱི་རུང་བ་དང ། རིན་ཐང་ནར་མར་བཟའ་བ་ཐམས་ཅད་དོ། །དེ་བས་ན། དགེ་སློང་རྣམས་ཀྱིས་རྩ་བས་འཚོ་བ་རྙེད་དམ། འབྲས་བུའམ། མེ་ཏོག་ལ་སོགས་པ་གང་ཟག་རྣམས་ཀྱིས་ཡོངས་སུ་སྤྱོད་པ་བཞིན་དུ་ཡོང་སུ་སྤྱོད་ཅིག་།དེ་དག་མངོན་སུམ་དུ་དབང་བ་ཡིན་པས་ན། ཞལ་ཏ་བྱོས་ལ་མེ་ཏོག་དང ། འབྲས་བུ་རྣམས་ནི། དགེ་འདུན་ལ་བྲིམས་ཤིག། བཅོམ་ལྡན་འདས་ཀྱིས་མངོན་སུམ་དུ་དབང་བ་ཡིན་པས་སོ་སོར་ཞལ་ཏ་བྱོས་ལ་མེ་ཏོག་དང ། འབྲས་བུ་རྣམས་དགེ་འདུན་ལ་བྲིམས་ཤིག་ཅེས་གསུངས་པ་དང ། དགེ་སློང་རྣམས་ཀྱིས་དེ་དག་ཞལ་ཏ་བྱས་པས་ Pa196a ༄#། །མེ་ཏོག་དང ། འབྲས་བུ་སྨིན་པ་དང ། དེ་དག་ཡལ་བར་བོར་ནས་མེ་ཏོག་དང ། འབྲས་བུ་རྣམས་རྐུན་པོ་རྣམས་ཀྱིས་ཁྱེར་བ་དང ། བཅོམ་ལྡན་འདས་ཀྱིས་སྲུང་མ་ཞོག་ཅིག་།ཅེས་གསུངས་ནས་དགེ་སློང་རྣམས་ཀྱིས་ཉུང་ངུ་ཞིག་བཞག་སྟེ་དེ་ཉིད་ཉེས་པའི་དམིགས་སུ་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མང་དུ་འཁོད་པ་དེ་དག་ལས་ཕྱེད་ནི།་ཟན་སྔར་ཟོ་ཞིག་།བཅོམ་ལྡན་འདས་ཀྱིས་ཤིང་ཏོག་ཨ་མྲའི་འབྲས་བུ་སྨིན་པ་དགེ་འདུན་ལ་བྲིམས་ཤིག་།ཅེས་གསུངས་པ་དང ། གང་གི་ཚེ་སྨིན་པར་གྱུར་པ་དེའི་ཚེ་སྲིན་བུས་ཟོས་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་འཆའ་བ་རྣམས་ཀྱིས་སོ་སོར་བརྟག་པར་བྱོས་ཤིག་།སོ་སོར་བརྟག་པར་བྱེད་པ་དེ་དག་ཅ་ཅོ་ཆེ་ནས་དགེ་སློང་རྣམས་ཀྱིས་དེ་ལས་བཟློག་ཀྱང་དེ་དག་མི་བཏུབ་པ་དང ། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཕགས་པའི་མི་སྨྲ་བས་སོ་སོར་བརྟག་པར་བྱ་སྟེ། ཅ་ཅོར་མ་སྨྲ་ཞིག་།སྨྲ་ན། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞིའི་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་དགུ་པའོ།། །། མདོར་ན། རུང་བར་བྱ་དང་དགེ་ཚུལ་ཕ། །བདག་གིས་བྱིན་གྱིས་བརླབས་པ་དང ། །བླངས་ཤིང་བྱིན་ལེན་བྱེད་པ་དང ། །ཡང་ན་དེ་ལྟར་བསྟན་པ་དང ། །མཚམས་བཅིངས་པ་དང་སྟོང་ Pa196b པ་དང། །འཐབ་མོ་དང་ནི་རྫོགས་པའོ། །བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལནད་ཀ་གནས་པ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཤིང་ཏོག་ཨ་མྲའི་འབྲས་བུ་བྲིམས་ཤིག་།ཅེས་གསུངས་པ་དང ། དགེ་སློང་རྣམས་སུས་བྲིམ་པ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རུང་བར་བྱེད་པས་བྲིམས་ཤིག་།རུང་བར་བྱེད་པ་མེད་ན། དགེ་ཚུལ་ཕས་བྱོས་ཤིག་།དགེ་ཚུལ་ཕ་མེད་ན། དགེ་སློང་རང་གི་ལག་པ་ཁྲུས་ལ་བྱིན་ལེན་བྱོས་ཏེ་སོ་སོར་རུང་བར་བྱོས་ཤིག་།བཅོམ་ལྡན་འདས་ཀྱིས་དགེ་སློང་རང་གི་ལག་པ་ཁྲུས་ལ་བྱིན་ལེན་བྱོས་ཏེ་སོ་སོར་རུང་བར་བྱོས་ལ་བྲིམས་ཤིག་ཅེས་བཀའ་སྩལ་པ་དང ། འབྲས་བུ་མང་པོས་གང་བའི་རྐོན་བུ་གཅིག་པུས་མ་ཐེག་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་ཁྱིམ་པས་ཀྱང་གྲོགས་བྱོས་ལ་གཉིས་ཀས་བྲིམ་པར་བྱ་སྟེ། གང་ཁྱིམ་པས་བྲིམས་པ་དེ་ནི། བྱིན་ལེན་བྱའོ། །གང་དགེ་སློང་གིས་བྲིམས་པ་དེ་ནི། བྱིན་ལེན་བྱ་མི་དགོས་སོ། ། ་མྲ་གཞན་ཞིམ་པོར་གྲགས་པ་ཞིག་ཡོད་ན། དེ་དག་བསྲེས་ཏེ་རིམ་པར་བྲིམས་པ་དང ། ཐམས་ཅད་ཀྱིས་ཐོབ་པར་མ་གྱུར་ནས་བཅོམ་ལྡན་འདས་ཀྱིས་དེ་དག་སོ་སོར་བྲིམས་ཤིག ། ཅེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་ཨ་མྲ་གང་ཞིམ་པོར་གྲགས་པ་སོ་སོར་བྲིམས་ཤིག་ཅེས་གསུངས་པ་དང ། དྲུག་སྡེ་རྣམས་ཀུན་དགའ་ར་བར་དོང་ནས་དེ་དག་གིས་ཨ་ Pa197a ༄#། །མྲའི་ཞིམ་པོར་གྲགས་པ་དེ་རང་གིས་བླངས་ནས་གཙུག་ལག་ཁང་དུ་འོངས་ཏེ་བྱིན་ལེན་བྱས་ཤིང་ཟོས་པ་དང ། དགེ་སློང་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་།་མྲའི་ཞིམ་པོ་དེ་དག་མ་བྲིམས་ན། ཅིའི་ཕྱིར་ཟད་དམ་ཞེས་དྲིས་པ་དང ། སྲུང་མ་རྣམས་ཀྱིས་དེ་དག་བྲིམ་དུ་ག་ལ་ཡོད། དྲུག་སྡེ་རྣམས་ཀྱིས་བླངས་ཏེ་གཙུག་ལག་ཁང་དུ་དོང་ནས་བྱིན་ལེན་བྱས་ཏེ་ཟོས་སོ། །ཞེས་སྨྲས་པ་དང ། དགེ་སློང་རྣམས་འཕྱ་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། དགེ་སློང་རྣམས་གང་སུ་ཞིག་སྔར་བླངས་ལ་ཕྱིས་བྱིན་ལེན་བྱེད་ན། ཉེས་པའི་དམིགས་སུ་འགྱུར་ཏེ། དེ་བས་ན། དགེ་སློང་གིས་སྔར་བླངས་པ་ལས་ཕྱིས་བྱིན་ལེན་མི་བྱའོ། །སྙམ་དུ་མཁྱེན་ནས་དགེ་སློང་དག་།དྲུག་སྡེ་རྣམས་ཀྱིས་ནི། མི་རིགས་པར་བྱས་ཀྱི། དེ་བས་ན། དགེ་སློང་རྣམས་སྔར་བླངས་པ་ལས་ཕྱིས་བྱིན་ལེན་མ་བྱེད་ཅིག་།སྔར་བླངས་པ་ཕྱིས་བྱིན་ལེན་བྱས་ན། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དགེ་སློང་རྣམས་མེ་ཏོག་དང ། འབྲས་བུ་དང་བཅས་པ་དང ། གཞན་ཡང་བཟའ་བ་དང ། བཏུང་བ་འབྲིམ་པ་ལ་མཛུབ་མོས་བསྟན་ཅིང་འདི་བྱིན་ཅིག་།འདི་དག་བྱིན་ཅིག་།ཅེས་སྨྲས་ཤིང་དེ་ཡོངས་སུ་ཟོས་པ་དང ། འབྲིམ་པ་མ་སྙོམས་པར་གྱུར་ Pa197b ནས་འདོད་ཆགས་དང་བྲལ་བའི་དགེ་སློང་ཁ་ཅིག་གིས་དཔྱས་པ་དང ། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་འཕྱ་བ་ནི། ཡུས་ཏེ། དེ་བས་ན། དགེ་སློང་གིས་མཛུབ་མོས་འདི་བྱིན་ཅིག་།འདི་དག་བྱིན་ཅིག་།ཅེས་བསྟན་ཅིང་བཟའ་བར་མི་བྱའོ། །དགེ་སློང་གིས་མཛུབ་མོས་འདི་བྱིན་ཅིག་འདི་དག་བྱིན་ཅིག་།ཅེས་བསྟེན་ཅིང་ཟོས་ན། འདས་པ་དང་བཅས་པར་འགྱུར་རོ། །ལྟུང་བ་མེད་པ་ནི། དྲོད་ཆུང་བས་སྨིན་པ་འདོད་པ་དང ། དྲོད་ཆེ་བས་མ་སྨིན་པ་འདོད་པའོ། །གླེང་གཞི་ནི།་མཉན་དུ་ཡོད་པ་ན་སྟེ། དྲུག་སྡེ་རྣམས་ལྗོངས་སྤྱད་པ་སྤྱོད་ཅིང་རི་བྲག་གི་གྲོང་གཞན་ཞིག་གི་གཙུག་ལག་ཁང་ཞིག་ཏུ་ཕྱིན་ན་དེའི་དགེ་སློང་དག་ཉིན་པར་སྤྱོད་པའི་ཕྱིར་དོང་སྟེ་གཙུག་ལག་ཁང་དེ་སྟོང་པར་ལུས་པ་དང ། དྲུག་སྡེ་པོ་རྣམས་དགའ་བོ་དང་ཉེ་དགའ་བོ། གཙུག་ལག་ཁང་སྟོང་པ་མཚམས་མ་བཅད་པ་འདིར་བདག་ཅག་རྣམས་ཀྱིས་འདིར་གནས་ན། ཇི་ལྟར་གནས་པར་བྱ། མཚམས་གཅད་ཀྱི། ཚུར་ཤོག་།ཅེས་སྨྲས་ནས། དེ་དག་གིས་ལེགས་ཀྱི། དེ་བཞིན་དུ་བྱའོ། །ཞེས་སྨྲས་ནས་དེ་དག་གིས་མཚམས་བཅད་མ་ཐག་ཏུ་སྔ་ན་གནས་པའི་དགེ་སློང་དག་ལྷགས་པ་དང ། དྲུག་སྡེ་པོ་རྣམས་ཀྱིས་དེ་ལ་ངལ་བསོ་ཞིག་ཅེས་བྱས་ན། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་རྣམས། འདི་ལྟར་ཁྱེད་ཅག་ནི། གློ་བུར་ Pa198a ༄#། །དུ་ལྷགས་པའོ། །ངེད་ནི། སྔ་ནས་གནས་པས་ཁྱེད་ཅག་ལ་བདག་ཅག་གིས་ངལ་བསོ་ཞིག་ཅེས་བྱ་བའི་རིགས་སོ། །ཞེས་པ་དང ། དྲུག་སྡེ་པོ་རྣམས་ཀྱིས་སྨྲས་པ། ཚེ་དང་ལྡན་པ་དག་།བདག་ཅག་གིས་ཀྱང་མཚམས་བཅད་དོ། །དེ་དག་གིས་སྨྲས་པ། བདག་ཅག་གིས་ཀྱང་སྔར་མཚམས་བཅད་དོ། །ཞེས་སྨྲས་ནས། དགེ་སློང་དེ་དག་།ཅི། མཚམས་སྔ་མ་བཙན་ནམ། འོན་ཏེ་ཕྱི་མ་བཙན་ཞེས་ཐེ་ཚོམ་སྐྱེས་པ་དང ། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གློ་བུར་པ་རྣམས་གཙུག་ལག་ཁང་དུ་ཞུགས་མ་ཐག་ཏུ་སྟོང་པར་མཐོང་ན་ཡང་མཚམས་གཅད་པར་མི་བྱའོ། །ལམ་གྱི་ངལ་བསོས་ཏེ་ཤིན་ཏུ་བརྟགས་ནས་སྔ་ན་གནས་པ་མེད་ན། གདོད་མཚམས་གཅད་པར་བྱའོ། །གཞན་དུ་ན་གཅད་པར་མི་བྱའོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། ཛེ་ཏའི་ཚལ་གྱི་སྒོར་ཁྱིམ་པ་གཉིས་ཤིག་འཐབ་མོ་བྱུང་སྟེ། དེ་ན་དགེ་སློང་གཅིག་འདུག་པ་དེ་ལ་གཅིག་གིས་དཔང་བཙུགས་ནས་དེ་དེ་ལ་རྒྱལ་པོའི་ཕོ་བྲང་དུ་ཆེ་བཞི་བྱས་ཏེ་གཅིག་ཤོས་པོ་ཆད་པས་བཅད་པ་དང་དེས་དེ་ལ་འཕྱའོ། །དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཁྱིམ་པ་དེ་འཕྱ་བ་ནི། ཡུས་ཀྱི། དེ་བས་ Pa198b ན།་དགེ་སློང་རྣམས་འཐབ་མོ་བྱེད་པའི་དྲུང་ན་མ་འདུག་པར་ཆེ་བཞི་ཡང་མ་བྱེད་པར་བྱོལ་ཏེ་སོང་ཞིག་།དགེ་སློང་འཐབ་མོ་བྱེད་པའི་དྲུང་ན་འདུག་ཅིང་ཆེ་བཞི་བྱེད་ན། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞིའི་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་བཅུ་པའོ། །གླེང་གཞིའི་སྒོ་བཞི་པ་རྫོགས་སོ།། །།མདོར་ན་བསྡུས་པ་ནི། བྱང་ཆུབ་སེམས་དཔའི་གཟུགས་རྣམས་དང ། །ཡུལ་བསྐོར་དང་ནི་ཡོན་གྱི་སྣོད། །ཀུན་འདུས་པ་དང་སྟེགས་སྦུ་དང ། །རྔ་ཆེན་འཁོར་ལོ་ཐ་མའོ། །མདོར་ན། དྲང་སྲོང་ཆེན་པོས་གནང་བར་གསུངས་པ་ནི། བྱང་ཆུབ་སེམས་དཔའི་སྐུ་གཟུགས་དང ། །སྟེགས་བུ་དང་ནི་རྒྱལ་མཚན་དང ། །བ་དན་ལྕགས་ཀྱི་ཀ་བའོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་བྱང་ཆུབ་སེམས་དཔའི་སྐུ་གཟུགས་བགྱིའོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།གནང་གི་བྱོས་ཤིག་།བཅོམ་ལྡན་འདས། དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་བྱང་ཆུབ་སེམས་དཔའི་སྐུ་གཟུགས་ལ་རྒྱལ་མཚན་གྱིས་བསྐོར་རོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།གནང་གི་།བསྐོར་ཅིག་།ཡང་དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་སྐུ་གཟུགས་སྟེགས་བུས་བསྐོར་རོ། །ཞེས་གསོལ་པ་ Pa199a ༄#། །དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།གནང་གི་།སྟེགས་བུས་བསྐོར་ཅིག་།ཡང་དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་སྐུ་གཟུགས་ལ་ལྕགས་ཀྱི་ཀ་བས་བསྐོར་རོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།གནང་གི་།བསྐོར་ཅིག་།ཡང་དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་ལྕགས་ཀྱི་ཀ་བའི་སྟེང་དུ་བ་དན་གདགས་པར་བགྱིའོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།གནང་གི་།ཐོགས་ཤིག ། གླེང་གཞིའི་སྒོ་ལྔ་པའི་མདོའི་ཚིགས་སུ་བཅད་པ་དང་པོའོ།། །།མདོར་ན། བྱང་ཆུབ་སེམས་དཔའི་ཡུལ་བསྐོར་དང ། །དེ་བཞིན་རྒྱན་དང་བྱུག་པ་དང ། །ཁྱོགས་དང་ཤིང་རྟ་བ་དན་དང ། །གདུགས་དང་རྒྱལ་མཚན་སྙན་གྱི་རྒྱན། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་བཞུགས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་བྱང་ཆུབ་སེམས་དཔའི་གཟུགས་ཀྱི་ཡུལ་བསྐོར་བར་བགྱིའོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།གནང་གི། བསྐོར་ཅིག་།བྱང་ཆུབ་སེམས་དཔའི་རྒྱན་མེད་དེ་མི་མཛེས་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། དེ་སྟེ་བཅོམ་ལྡན་ Pa199b འདས་ཀྱིས་གནང་ན། བདག་གིས་བྱང་ཆུབ་སེམས་དཔའི་གཟུགས་ལ་རྒྱན་དབུལ་ལོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།གནང་གི། ཕུལ་ལ་རྐང་པའི་རྒྱན་དང ། རྣ་རྒྱན་ལ་སོགས་པ་ཡང་ཕུལ་ཅིག་།དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་བྱང་ཆུབ་སེམས་དཔའི་གཟུགས་ལ་དྲིའི་རྒྱན་གྱིས་བརྒྱན་པར་བགྱིའོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།གནང་གི་།བརྒྱན་པར་ཤོས་ཤིག་།བྱང་ཆུབ་སེམས་དཔའི་གཟུགས་གྲོང་ཁྱེར་དུ་རྐང་པས་ཁྱེར་བ་དང ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་བྱང་ཆུབ་སེམས་དཔའི་གཟུགས་ཁྱོགས་ལས་གྲོང་ཁྱེར་དུ་བཀུར་བར་བགྱིའོ། །ཞེས་གསོལ་པ་དང།་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།གནང་གི་།ཁྱེར་ཅིག་།ཁྱོགས་ལས་ཁྱེར་ཡང་མི་མཛེས་པར་གྱུར་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་བྱང་ཆུབ་སེམས་དཔའི་གཟུགས་ཤིང་རྟ་ལས་བཀུར་བར་བགྱིའོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག། གནང་གི་།དེ་བཞིན་དུ་བྱོས་ཤིག་།ཤིང་རྟ་ཡང་བ་དན་དང ། གདུགས་མེད་པས། མི་མཛེས་པར་གྱུར་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། དེ་སྟེ་བཅོམ་ལྡན་འདས་ཀྱིས་ Pa200a ༄#། །གནང་ན། བདག་གིས་ཤིང་རྟའི་སྟེང་དུ་བ་དན་དང ། གདུགས་དང ། རྒྱལ་མཚན་ལ་སོགས་པས་བརྒྱན་པར་བགྱིའོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།གནང་གི་།བརྒྱན་པར་བྱོས་ཤིག་།བྱང་ཆུབ་སེམས་དཔའི་གཟུགས་ལ་མེ་ཏོག་གིས་སྙན་གྱི་གོང་མ་བརྒྱན་ནས་མི་མཛེས་པར་གྱུར་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་བྱང་ཆུབ་སེམས་དཔའི་གཟུགས་ཀྱི་དབུའི་སྙན་གྱི་གོང་དུ་མེ་ཏོག་གི་རྒྱན་དབུལ་ལོ། །ཞེས་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།གནང་གི་།ཕུལ་ཅིག་།གླེང་གཞིའི་སྒོ་ལྔ་པའི་མདོའི་ཚིགས་སུ་བཅད་པ་གཉིས་པའོ།། །།མདོར་ན། ཡོན་ཕུལ་བ་དང་ཡོན་དབུལ་བ། །དེ་བཞིན་ཕྲེང་བའི་སྣོད་རྣམས་དང ། །རོལ་མོ་རྣམས་ཀྱང་དགག་ཅིང ། །རྒྱན་ཚོགས་རྣམས་ཀྱང་མི་གཞག་གོ། སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་བྱང་ཆུབ་སེམས་དཔའི་གཟུགས་ཀྱི་ཞབས་ལ་ཡོན་དབུལ་ལོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག ། Pa200b གནང་གི་།ཕུལ་ཅིག་།དེའི་མཆོད་སྟོན་གྱི་ཚེ་ཡུལ་སྣ་ཚོགས་ན་གནས་པའི་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་དང ། གཞན་ཡང་ལྟ་བར་འདོད་པའི་ཕྱིར་ཕལ་མོ་ཆེ་ལྷགས་པ་རྣམས་ཀྱིས་དེ་ལ་ཡོན་ཕུལ་བ་མང་པས། རྙེད་པ་དེ་སུས་བཀུར་བ་དགེ་སློང་རྣམས་ཀྱིས་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་བཀུར་བར་བྱའོ། །ཞེས་པ་དང ། དགེ་སློང་གནས་བརྟན་དག་གིས་ཁྱེར་བ་དང ། མི་དགའ་བ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་བཅའ་བར་བྱེད་པ་དང ། གཞན་ཡང་གཞོན་པ་དང ། རྒན་པ་རྣམས་ཀྱིས་བཀུར་བར་བྱའོ། །དགེ་སློང་གནས་བརྟན་དང ། གནས་བརྟན་དག་གིས་ནི། སྲུང་བར་བྱོས་ཤིག་།ཡོན་ཕུལ་བ་དང ། མེ་ཏོག་དང་གོས་ལ་སོགས་པ་ཤིང་རྟའི་ཐོག་ཏུ་བཞག་པ་དང ། ཁ་ཅིག་ལྷུང་པས་མ་བྱིན་པར་ལེན་པ་དག་གིས་ཐུག་ཐུབ་ཏུ་ཁྱེར་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས། དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་ཤིང་རྟའི་སྟེང་དུ་ཕྲེང་བའི་སྣོད་བགྱིའོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།གནང་གི། བྱོས་ཤིག་།དགེ་སློང་རྣམས་ཀྱིས་རོལ་མོ་རྣམས་ཀྱང་མ་ཞི། སྐྱེ་བོ་རྣམས་ཀྱང་སོ་སོར་མ་གྱེས་པར་གཟུགས་ཀྱི་རྒྱན་རྣམས་སྦས་པ་དང ། བྲམ་ཟེ་དང ། ཁྱིམ་བདག་དད་པ་དག་གིས་འཕགས་པ་དག། བདག་ Pa201a ༄#། །ཅག་ཇི་ལྟར་དད་པ་དེ་བཞིན་དུ་མ་དད་པ་ཡང་སྐྱེས་ཏེ། ཀྱེ་མའོ། །ཁྱེད་ཀྱིས་རོལ་མོ་རྣམས་ཀྱང་ཞི་ལ། སྐྱེ་བོ་མང་པོ་ཡང་སོ་སོར་གྱེས་ནས། གཟུགས་ཀྱི་རྒྱན་རྣམས་དགྲོལ་ན་ཅི་ཉེས་ཞེས་དཔྱས་པ་དང ། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།བྲམ་ཟེ་དང ། ཁྱིམ་བདག་རྣམས་འཕྱ་བ་ནི། ཡུས་ཏེ། དེ་ལྟ་བས་ན། རོལ་མོ་རྣམས་ཀྱང་མ་ཞིག། སྐྱེ་བོ་མང་པོ་ཡང་སོ་སོར་མ་གྱེས་པར་དགེ་སློང་རྣམས་ཀྱིས་གཟུགས་ཀྱི་རྒྱན་མ་རྟུལ་ཅིག་།བརྟུལ་ན། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞིའི་སྒོ་ལྔ་པའི་མདོའི་ཚིགས་སུ་བཅད་པ་གསུམ་པའོ།། །།མདོར་ན། ཀུན་འདུས་པ་དང་དུས་སྟོན་དང ། །དཔྱིད་ཟླ་ཐ་ཆུང་ཞལ་བསྲོ་དང ། །ལོ་ལྔ་དང་ནི་དྲུག་བྱས་ལ། །མཆོད་སྟོན་ཆེན་པོ་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཡུལ་སོ་སོ་ན་གནས་པའི་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་རྣམས་མཐོང་བ་དང ། ཡིད་དགའ་བ་སྐྱེས་ནས་དེས་བསམ་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས། འདི་ལྟར་དུས་སུ་སྦྱིན་པ་ནི། རྣམ་པ་ལྔ་སྟེ། ལྔ་གང་ Pa201b ཞེ་ན།་གློ་བུར་དུ་འོངས་པ་དང ། འདོང་བ་རྣམས་ལ་སྦྱིན་པ་བྱིན་པ་འདི་ནི། སྦྱིན་པའི་དུས་དང་པོའོ། །ནད་པ་དང་ནད་གཡོག་ལ་སྦྱིན་པ་བྱིན་པ་འདི་ནི། སྦྱིན་པའི་དུས་གཉིས་པའོ། །ལོ་ཉེས་ཤིང་ཕོངས་བྲེལ་བ་ལ་སྦྱིན་པ་བྱིན་པ་འདི་ནི། སྦྱིན་པའི་དུས་གསུམ་པའོ། །གང་སུ་ལ་ཡང་རུང་སྟེ། ལོ་ཐོག་གསར་པ་དང ། འབྲས་བུ་གསར་པ་དང ། གསར་ཐོག་དེ་དག་དེ་ཐོག་མར་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ་ལ་བྱིན་ཞིང ། དེའི་འོག་ཏུ་བདག་ཟ་བ་འདི་ནི། སྦྱིན་པའི་དུས་བཞི་པའོ། །གང་སུ་ལ་ཡང་རུང་སྟེ། རླུང་ལྡང་བའམ། ཡུལ་རྨུགས་པའམ། ཆར་འབབ་པའམ། གྲང་བ་ལ་སོགས་པ་དེ་ལྟ་བུའི་རྣམ་པས་རླུང་ལྡང་བ་དང ། ཡུལ་རྨུགས་པ་དང ། ཆར་འབབ་པ་དང ། གྲང་བ་ལ་ཟན་ནམ། སྐྱོ་མའམ། ཐུག་པའམ། སྐོམ་ལ་སོགས་པ་དེ་དག་ཕྱིར་ཕྱུང་སྟེ་དགེ་འདུན་ལ་འབུལ་ཞིང ། འཕགས་པ། འདི་ཟོས་ན། ལུས་ཀྱང་མི་གཤེར། ཆོས་གོས་ལ་ཡང་ཆར་གྱིས་མི་ཕོག་སྟེ། བདེ་བ་ལ་རེག་ཅིང་གནས་པར་འགྱུར་རོ། །ཞེས་སྦྱིན་པ་འདི་ནི། སྦྱིན་པའི་དུས་ལྔ་པའོ། །དེ་ལྟར་ན། འདི་ནི། ཡུལ་སོ་སོ་ན་གནས་པའི་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་ལ་སོགས་པ་ལམ་གྱིས་ངལ་བ་རྣམས་ལ། དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་དེ་དག་འདུས་པའི་ཟས་སྦྱར་རོ། །སྙམ་དུ་བསམ་སྟེ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ Pa202a ༄#། །སྟེ་དྲུང་དུ་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ་བཅོམ་ལྡན་འདས། གློ་བུར་དུ་མཆིས་པ། ཡུལ་སོ་སོ་ན་གནས་པ་ལ་སྦྱིན་པ་བྱིན་པ་འདི་ནི། སྦྱིན་པའི་དུས་དང་པོའོ་ཞེས་བྱ་བ་ནས་སྔ་མ་ལྟར་བདེ་བ་ལ་རེག་པར་གནས་པར་བྱ་བ་འདི་ནི། དུས་ཀྱི་སྦྱིན་པ་ལྔ་པའོ། །ཞེས་བྱ་བའི་བར་དུ་སྦྱིན་པའི་དུས་ལྔར་གསུངས་ན། ད་འདིར་བྱང་ཆུབ་སེམས་དཔའི་མཆོད་པ་ཆེན་པོ་ལ་ཡུལ་སོ་སོ་ནས་མཆིས་པའི་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་ལ་སོགས་པ་གློ་བུར་དུ་མཆིས་པ། ལམ་གྱིས་ཡོངས་སུ་གདུངས་པ་དེ་རྣམས་ལ། དེ་སྟེ། བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་འདུས་པ་དེ་དག་གི་ཟས་སྦྱར་རོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།གནང་གི ། སྦྱོར་ཅིག་།བཅོམ་ལྡན་འདས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཟླ་བ་གང་ལ་བཙས་ཞེས་ཞུས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།དཔྱིད་ཟླ་ཐ་ཆུང་ལ་བཙས་སོ། །དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་བཅོམ་ལྡན་འདས་ཀྱི་ཕོ་བྲང་གི་ཞལ་བསྲོ་བ་སྦྱར་རོ། །ཞེས་གསོལ་པ་དང ། བཅོམ་ Pa202b ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།གནང་གི། སྦྱོར་ཅིག་།ཡང་བཅོམ་ལྡན་འདས་ལོ་དུ་ལགས་ནས་དབུ་སྐྲ་བྲེགས་ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།ལོ་ལྔ་ལོན་པ་ནའོ། །དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་བཅོམ་ལྡན་འདས་ལ་ལོ་ལྔ་ཞིང་ལན་གཅིག་མཆོད་སྟོན་སྦྱར་རོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།གནང་གི། སྦྱོར་ཅིག་།ཡང་བཅོམ་ལྡན་འདས་ཀྱིས་གཙུག་ཕུད་ལོ་དུ་ལགས་ནས་བཞག་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།ལོ་དྲུག་ནའོ། །དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་གཙུག་ཕུད་ཀྱི་མཆོད་སྟོན་སྦྱར་རོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།གནང་གི་།སྦྱོར་ཅིག་།ཡང་ཟླ་བ་གང་ལ་བཅོམ་ལྡན་འདས་ཀྱིས་བླ་ན་མེད་པའི་ཡེ་ཤེས་མངོན་དུ་ཆུད་ཅེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།དཔྱིད་ཟླ་ཐ་ཆུང་ལའོ། །དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན། བཅོམ་ལྡན་འདས་ཛམྦུའི་གྲིབ་མ་ལ་གཟུགས་བཞུགས་པ་ལ་མཆོད་སྟོན་ཆེན་པོ་སྦྱར་རོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།གནང་གི་།སྦྱོར་ཅིག་།གླེང་གཞིའི་སྒོ་ལྔ་པའི་མདོའི་ཚིགས་སུ་བཅད་པ་བཞི་ Pa203a ༄#། །པའོ།། །།མདོར་ན། རྩཝ་སྟན་དང་ནི་ཐེ་ཚོམ་དང ། །སྔ་ཕྱི་དག་ཏུ་འདུག་པ་དང ། །ཅ་ཅོ་དག་དང་ལམ་རྣམས་དང ། །གཎྜཱི་དུང་དང་རྔ་རྡུང་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་འདུས་པའི་ཟས་སྦྱོར་ཅིག་།ཅེས་གསུངས་པ་དང ། དགེ་སློང་མང་པོ་རྣམས་སྟན་མེད་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྩཝའི་སྟན་སྦྱར་ཏེ་དེར་འདུག་ལ་བཟའ་བར་བྱའོ། །བཅོམ་ལྡན་འདས་ཀྱིས་རྩཝའི་སྟན་ལ་འདུག་པར་བྱའོ། །ཞེས་གསུངས་པ་དང ། དགེ་སློང་རྣམས་ཟན་ཟོས་པ་དང་ཐེ་ཚོམ་སྐྱེས་ནས་རྩཝ་སྟན་དེ་ཁྱེར་ཏེ་དོང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟན་ཁྱེར་ཏེ་མ་འདོང་བར་ཕུང་པོར་བྱོས་ཏེ་ཞོག་ལ་གང་གི་ཚེ་དུས་སྟོན་ཡོངས་སུ་རྫོགས་པར་གྱུར་པ་དེའི་ཚེ་ཐམས་ཅད་འོར་ཅིག་།དགེ་སློང་རྣམས་སྟོན་མོའི་དུས་ལ་སྔ་ཕྱིར་འདུག་པས་གཞན་ཟན་ཟོས་ཏེ་སོང་བར་གྱུར། གཞན་གདོད་འོང་པ་མ་ཐོབ་སྟེ་བྲེལ་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་གོ་རིམ་ཇི་ལྟ་བ་བཞིན་དུ་འདུག་ཅིག་།ཅེས་གསུངས་སོ། །དགེ་སློང་མང་པོ་འདུས་པ་དང་ཅ་ཅོར་གྱུར་པས་དུས་མ་ཤེས་ནས་བཅོམ་ལྡན་འདས་ཀྱིས་དུས་བརྗོད་པར་བྱོས་ཤིག་།ཅེས་གསུངས་པ་དང ། དེ་དག་ཉིད་དུ་དུས་ལ་བབ་བོ། །དུས་ལ་བབ་ Pa203b བོ། །ཞེས་བརྗོད་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཎྜཱི་བརྡུང་བར་བྱོས་ཤིག་།དེ་ལྟར་ཡང་གཞན་དག་ལ་གསལ་བར་མ་གྱུར་ནས་དེ་ལ་བཅོམ་ལྡན་འདས་ཀྱིས་སྔར་ནི། གཎྜཱི་ཆུང་ངུ་བརྡུངས་ལ། ཕྱིས་གཎྜཱི་རྡུངས་ཤིག་།ཅེས་གསུངས་སོ། །དེ་ལྟར་ཡང་གཞན་ཉིན་པར་གནས་པར་སོང་བ་རྣམས་ཀྱིས་མ་ཐོས་ནས་བཅོམ་ལྡན་འདས་ཀྱིས་དུང་ཁ་སྡོམས་ཏེ་བུས་ལ་རྔ་ཡང་རྡུངས་ཤིག་།ཅེས་གསུངས་སོ། །གླེང་གཞིའི་སྒོ་ལྔ་པའི་མདོའི་ཚིགས་སུ་བཅད་པ་ལྔ་པའོ།། །།མདོར་ན། དེར་ནི་རྔ་ཡང་བརྡུང་པར་བྱ། །དེ་ནས་ཤིང་རྟ་དབྱུང་བ་དང ། ། དངོས་པོ་བྱུང་དང་རྙེད་པ་དང ། །ཇི་ལྟར་ཚུལ་བཞིན་བསྒོ་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། བཅོམ་ལྡན་འདས་ཀྱིས་གཎྜཱི་དང་དུང་ཁ་བསྡམས་པ་དང ། རྔ་རྡུངས་ཤིག་ཅེས་བཀའ་སྩལ་པ། དེ་དག་གིས་གཎྜཱི་བརྡུངས་པའི་རྗེས་བཞིན་བརྡུངས་པ་དང ། ནད་པ་དང་ལས་ལ་གཏོགས་པ་རྣམས་ལ་གནོད་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གི་ཚེ་ནད་པ་རྣམས་ཟས་མནོས་ཟིན་པར་གྱུར་ལ། ལས་བྱེད་པ་རྣམས་ཀྱང་ཟས་ཟོས་ཟིན་པ་དེའི་ཚེ་ན་གཎྜཱི་དང་དུང་ཁ་བསྡམས་པ་དང ། རྔ་རྡུངས་ཤིག་།མཆོད་སྟོན་ཀྱང་ཡུལ་སོ་སོ་ན་གནས་པའི་དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་དང ། དགེ་བསྙེན་མ་ལ་སོགས་པ་སོ་སོར་མ་དོང་བ་དང ། བཅོམ་ལྡན་འདས་ Pa204a ༄#། །ཀྱིས་བཀའ་སྩལ་པ། ཤིང་རྟ་ཕྱུང་ཞིག་དང་དེ་དོང་ནས་རང་འདོང་ངོ ། །ཞེས་གསུངས་པ་དང ། མཆོད་སྟོན་དེའི་ཚེ་དགེ་སློང་རྣམས་ཀྱིས་རྙེད་པ་གྲུབ་པ་དེ་ཇི་ལྟར་བགོ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་རྒན་རིམ་བཞིན་དུ་མཉམ་པར་བགོས་ཤིག་།དགེ་སློང་མང་པོ་འདུས་པ་དེ་དག་ཅ་ཅོ་བྱེད་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བཅུ་ཞིང་གཅིག་ཏུ་བགོ་བར་བྱའོ། །བརྒྱ་ཞིང་གཅིག་ཏུ་བྱའོ། །དེའི་འོག་ཏུ་སྟོང་ཞིང་གཅིག་ཏུ་རྙེད་པ་བགོ་བར་བྱོས་ཤིག་།སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། གལ་ཏེ་བཅུའི་ནང་ནས་གཅིག་དུས་ལས་འདས་ན། གུམ་པའི་ཡོ་བྱད་སུ་དབང་ཞེས་ཞུས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པ་ལ། དེ་སྟེ་བགོ་བའི་ཚེ་དུས་འདས་ན། ཤི་བའི་ཡོ་བྱད་དགེ་འདུན་འདུས་པ་དབང་གི་།སྤྱིར་བགོས་ཤིག་།འོན་ཏེ། བགོས་ནས་དུས་འདས་ན་ནི། དགུ་བོ་རྣམས་ཀྱིས་འཐོབ་བོ། །དེ་བཞིན་དུ་བརྒྱ་སྟོང་སྡེ་རྣམས་ལ་ཡང་སྦྱར་བར་བྱའོ། །གླེང་གཞིའི་སྒོ་ལྔ་པའི་མདོའི་ཚིགས་སུ་བཅད་པ་དྲུག་པའོ། །གླེང་གཞིའི་སྒོ་ལྔ་པ་རྫོགས་ཏེ། གླེང་གཞི་རྣམས་རྫོགས་སོ།། །།རྐྱང་པའི་སྒོའི་མདོར་ན། ཕྱག་ནི་ཐོག་མར་བྱ་བ་དང ། །གཉིས་པའི་སྣོད་རྣམས་མ་ངེས་པ། །གསུམ་དུ་ཡོ་བྱད་རྣམས་ཀྱང་སྟེ། །དེ་ནི་རྐྱང་པར་བཏགས་པའོ། །མདོར་བསྡུས་པ་ནི། ཕྱག་འཚལ་ Pa204b བ་དང་གསིང་མ་དང ། །དེ་བཞིན་འཇོག་དང་ཉལ་དང་ཁྱི། །དེ་བཞིན་བཏུང་ཕོར་བུ་རམ་ཤིང ། །དེ་བཞིན་མར་དང་རྩ་སྡོང་རྣམས། །མདོ་རྣམས་བསྡུས་པར་གསུངས་པའོ་།སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་དགེ་སློང་གཉིས་ཤིག་རྣམ་པར་གདོན་མི་ཟ་བའི་གཏམ་སྨྲ་བ་ལས། གཅིག་ལ་གཅིག་ཚིག་རྩུབ་བོ་སྨྲས་ནས་དེ་ལ་གཞོན་ནུས་རྒན་པོ་ལ་རབ་ཏུ་སྤྱོས་ཏེ་དེ་གནས་ཁང་དུ་ཞུགས་ཏེ་འདུག་པ་དང ། གཞོན་ནུས་བདག་གིས་རྒན་པ་ལ་རབ་ཏུ་སྤྱོས་ཀྱི། སོང་སྟེ་བཟོད་པ་གསོལ་ལོ།། སྙམ་བསམ་ནས་དེས་དེའི་གནས་ཁང་དུ་སོང་སྟེ་རྐང་པ་གཉིས་ལ་གཏུགས་ནས་བཙུན་པ། བདག་གིས་ཁྱོད་ལ་རབ་ཏུ་སྤྱོས་པ་བཟོད་པར་མཛོད་ཅིག་།ཅེས་བཟོད་པ་གསོལ་བར་བྱེད་པ་དང ། དེ་ཆེར་ཁྲོས་ནས་གཙེས་ཏེ་གནོད་པ་བྱས་སོ། །ཞེས་སྨྲས་པ་དང ། དགེ་སློང་དག་གིས་ཐོས་ནས་རྒྱུགས་ཏེ་ཚེ་དང་ལྡན་པ། ཅིའི་ཕྱིར་འོ་དོད་འབོད་ཅེས་དྲིས་པ་དང ། དེས་སྨྲས་པ། ཚེ་དང་ལྡན་པ། འདི་ནི། འདི་ལྟར་བདག་གིས་གནས་ཁང་དུ་འོངས་ཏེ་གནོད་པར་བྱེད་པ་ལ་ལྟོས། དེ་དག་གིས་དེ་ལ། ཚེ་དང་ལྡན་པ། ཅིའི་ཕྱིར་ཁྱོད་ཀྱིས་དགེ་སློང་རྒན་པ་འདི་ལ་གཙེས་ཞེས་སྨྲས་པ་དང ། དེས་ཀྱང་ཇི་ལྟར་གྱུར་པ་སྨྲས་ནས། དེ་དག་ཅང་མི་སྨྲ་བར་འདུག་གོ་།དེས་བསམ་པ། དེའི་ཕྱིར་ན་བཅོམ་ལྡན་འདས་ཀྱིས་ཕྱག་བྱོས་ཤིག་པར་གསུངས་ཏེ། ཅི་ནས་ངའི་ཉན་ཐོས་རྣམས་ Pa205a ༄#། །བྱམས་པའི་སེམས་དང ། ཕན་པའི་སེམས་དང ། བརྩེ་བའི་སེམས་ཀྱིས་རང་གི་དོན་སྒྲུབ་པར་འགྱུར་རོ། །ཞེས་གསུངས་ན། འདི་ལྟར། འདི་ནི། བདག་མཐོང་ནས་མི་དགའ་བ་དང ། ཁྲོས་པར་གྱུར་ན། བདག་གིས་འདི་ལ་བཟོད་པར་བྱས་ཏེ་ཅི་རུང་གི། འགྲོའོ། །སྙམ་བསམ་ནས། དེ་སོང་ནས་ཕྱིས་དེ་ལ་ཕྱག་ཀྱང་མི་བྱེད་ན། བཟོད་པར་བྱེད་པ་ལྟ་ཅི་སྨོས། དེ་ནས་དུས་ཕྱི་ཞིག་ན་དགེ་སློང་རྒན་པ་དགེ་སློང་གཞན་ཞིག་དང་ལྷན་ཅིག་འཆག་ཅིང་གཏམ་ཟེར་ཞིང་འཁོད་པ་དང ། དགེ་སློང་དེ་ཡང་དགེ་སློང་དག་ལ་ཕྱག་འཚལ་བ་ལས་ཕྱོགས་དེར་འོངས་པ་དང ། འཆག་པའི་གྲོགས་ཀྱི་དགེ་སློང་དེས་དེ་ལ་སྨྲས་པ། ཚེ་དང་ལྡན་པ། འདི་ལྟ་བུའི་དགེ་སློང་ཚུལ་ཁྲིམས་དང་ལྡན་པ་འདི་ལ་ཅིའི་ཕྱིར་བཟོད་པར་མ་བྱས། རྒན་པ་དེས། འདི་ནི། འདི་ལྟར་སྡིག་པའི་སེམས་ཁྲོ་བ་ཅན་ཏེ། ལྟོས་ཤིག་དང ། དེ་ཡང་ཁྱོད་ལ་ཕྱག་བྱེད་ཀྱི། ང་ལ་མི་བྱེད་དོ། །ཞེས་སྨྲས་པ་དང ། དེ་བཞིན་དེས་ཕྱག་བྱས་པ་དང ། དེས་སྨྲས་པ། ཚེ་དང་ལྡན་པ། ཁྱོད་ཀྱིས་སྡིག་པའི་སེམས་ཅན་དེ་མཐོང་ངམ། ཚེ་དང་ལྡན་པ། མཐོང་ངོ ། །དེ་ནས་དེས་དེ་ལ་ཚེ་དང་ལྡན་པ། བདག་གིས་གཞན་དུ་ཐོས་ནས་གཞན་དུ་མཐོང་སྟེ། ཁྱོད་ནི། ངོ་ཚ་ཞིང་འགྱོད་པ་ཅན། བསླབ་པ་ལ་མོས་པའོ། །ཞེས་ཐོས་ན། ཁྱོད་ཅིའི་ཕྱིར་དེ་ལྟར་མ་ཡིན་ཞེས་སྨྲས་པ་དང ། དེས་བཙུན་པ། བདག་ Pa205b གིས་ཇི་ལྟར་བགྱི། ཚེ་དང་ལྡན་པ། དགེ་སློང་ཚུལ་ཁྲིམས་དང་ལྡན་པ་འདི་ལྟ་བུ་ལ་ཁྱོད་ཀྱིས་ཅིའི་ཕྱིར་བཟོད་པ་མི་བྱ་ཞེས་སྨྲས་པ་དང ། དེས་ཇི་ལྟར་གྱུར་པ་རྒྱས་པར་སྨྲས་པ་དང ། དེ་འཕྱ་བར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས། དགེ་སློང་དེ་འཕྱ་བ་ནི། ཡུས་ཀྱི། གང་རྣམ་པར་འཁོན་པ་དེ་བཟོད་པར་བྱའོ། །བཅོམ་ལྡན་འདས་ཀྱིས་གང་འཁོན་པ་དེ་བཟོད་པར་བྱའོ། །ཞེས་གསུངས་པ་དང ། གཞན་ཞིག་གིས་བཟོད་པར་བྱས་ཀྱང་མ་བཟོད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་མི་སྤྱོད་པ་དེ་ཉེར་སྤྱོད་དུ་ཕྱིན་པ་དང་ཕྱག་བྱོས་ཤིག་།དེས་ཀྱང་ནད་མེད་ཅིག་ཅེས་སྨྲའམ། ཡང་ན་ཕྱག་བྱོས་ཤིག་།དེ་ལྟར་མི་བྱེད་ན། གཉིས་ཀ་ལ་འདས་པ་དང་བཅས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་འཁོན་པའི་དགེ་སློང་ལ་བཟོད་པར་བྱའོ། །ཞེས་གསུངས་པ་དང ། དགེ་སློང་གཉིས་ཤིག་རྣམ་པར་གདོན་མི་ཟ་བའི་གཏམ་སྨྲ་པ་ལས་འཁྲུགས་པ་དང ། མཚང་འདྲུ་བ་དང ། འཐབ་པ་དང ། རྩོད་པར་གྱུར་ཏེ། དེ་གཉིས་ལས་དགེ་སློང་གཞོན་པས་དགེ་སློང་རྒན་པ་ལ་ཚིག་དྲག་པོ་མི་སྙན་པས་བློང་ཞིང་ཁྲོས་ཏེ་སྨྲས་པ་དང ། རབ་ཏུ་ཁྲོས་ནས་གནས་ཁང་དུ་ཞུགས་པ་དང ། སྒོ་བཅད་ནས་དེས་ངན་དུ་སྨྲས་པའི་ཚིག་དེ་ལྟ་བུ་སྒོམ་ཞིང་འདུག་གོ་།དེའི་བར་དུ་སངས་རྒྱས་བཅོམ་ལྡན་འདས་ Pa206a ༄#། །ཀྱིས་མི་མཁྱེན་པ་དང ། མ་གཟིགས་པ་དང ། མ་ཆུད་པ་དང ། རྣམ་པར་མི་མཁྱེན་པ་མེད་དེ། སངས་རྒྱས་བཅོམ་ལྡན་འདས་དག་ནི། ཆོས་ཉིད་ཀྱིས་ཐུགས་རྗེ་ཆེན་པོ་ཅན། འཇིག་རྟེན་ལ་ཕན་འདོགས་པ་ལ་ཞུགས་པ། སྲུང་བ་གཅིག་པུ། དཔའ་བ་གཅིག་པུ། ཞི་གནས་དང་ལྷག་མཐོང་ལ་གནས་པ། གདུལ་བའི་དངོས་པོ་གསུམ་ལ་མཁས་པ། ཆུ་བོ་བཞི་ལས་བརྒལ་བ། རྫུ་འཕྲུལ་གྱི་རྐང་པ་བཞིའི་མཐིལ་ལ་རབ་ཏུ་བརྟན་པ། མི་འཇིགས་པ་བཞིས་འཇིགས་པ་མེད། ཡན་ལག་ལྔ་རབ་ཏུ་རྣམ་པར་སྤངས་པ།་འགྲོ་བ་ལྔ་ལས་ཡང་དག་པར་འདས་པ། ཡན་ལག་དྲུག་དང་ལྡན་པ། ཕ་རོལ་ཏུ་ཕྱིན་པ་དྲུག་ཡོངས་སུ་རྫོགས་པ། རྟག་ཏུ་དྲུག་ལ་གནས་པ། བྱང་ཆུབ་ཀྱི་ཡན་ལག་བདུན་གྱི་མེ་ཏོག་གིས་བརྒྱན་པ། ལམ་ཡན་ལག་བརྒྱད་པ་སྟོན་པ། མཐར་གྱིས་གནས་པའི་སྙོམས་པར་འཇུག་པ་དགུ་ལ་མཁས་པ། སྟོབས་བཅུའི་སྟོབས་དང་ལྡན་པ། ཕྱོགས་བཅུར་སྙན་པར་གྲགས་པ། བརྒྱ་ཕྲག་བཅུ་ལ་དབང་བསྒྱུར་བའི་མཆོག་ཏུ་བྱུང་བས་གང་འགྲིབ། གང་འཕེལ། གང་སྡུག་བསྔལ་དུ་གྱུར། གང་དོག་པར་གྱུར། གང་གནོད་པར་གྱུར། གང་སྡུག་བསྔལ་དང ། དོག་པ་དང ། གནོད་པར་གྱུར། གང་ངན་སོང་ལ་གཞོལ། གང་ངན་སོང་ལ་འབབ། གང་ངན་སོང་ལ་རབ་ཏུ་བསྟན། གང་ངས་ངན་སོང་གི་ལམ་ལས་བཏོན་ཏེ་མཐོ་རིས་དང་ Pa206b ཐར་པའི་འབྲས་བུ་ལ་སོ་སོར་དགོད་པར་བྱ། གང་དགེ་བའི་རྩ་བ་མ་བསྐྱེད་པ་རྣམས་ནི། བསྐྱེད་པར་བྱ། གང་གིས་བསྐྱེད་པ་རྣམས་ནི། ཡོངས་སུ་སྨིན་པར་བྱ། གང་ཡོངས་སུ་སྨིན་པ་རྣམས་ནི། རྣམ་པར་གྲོལ་བར་བྱའོ། །ཞེས་ཉིན་ལན་གསུམ། མཚན་ལན་གསུམ་དུ་སངས་རྒྱས་ཀྱི་སྤྱན་གྱིས་འཇིག་རྟེན་པ་ལ་གཟིགས་ཤིང་ཡེ་ཤེས་སྣང་བ་ལ་འཇུག་གོ་།ཡང་གསུངས་པ། ཆུ་སྲིན་གནས་པའི་རྒྱ་མཚོ་ནི། །དུས་ལས་འདའ་བར་འགྱུར་སྲིད་ཀྱི། །གདུལ་བར་བྱ་བའི་བུ་རྣམས་ལ། སངས་རྒྱས་དུས་འདའ་མི་སྲིད་དོ། །དེ་ནས་བཅོམ་ལྡན་འདས་གནས་གཞན་ཞིག་ཏུ་འཛུམ་པ་མཛད་དོ། །ཆོས་ཉིད་ཀྱིས་གང་གི་ཚེ་སངས་རྒྱས་བཅོམ་ལྡན་འདས་རྣམས་འཛུམ་པ་མཛད་པ་དེའི་ཚེ་ན་ཞལ་ནས་འོད་ཟེར་སྔོན་པོ་དང ། སེར་པོ་དང ། དམར་པོ་དང ། དཀར་པོ་ལ་སོགས་པ་བྱུང་སྟེ། ལ་ལ་ནི། འོག་ཏུ་འགྲོའོ། །ལ་ལ་ནི།་སྟེང་དུ་འགྲོ་སྟེ། དེ་ལ་གང་འོག་ཏུ་སོང་བ་དེས་ནི། ཡང་འཚོ་བ་དང ། ཐིག་ནག་པོ་དང ། འདུས་པ་དང ། འོ་དོད་འབོད་པ་དང ། འོ་དོད་འབོད་པ་ཆེན་པོ་དང ། གདུང་བ་དང ། རབ་ཏུ་གདུང་བ་དང ། བསྟིར་མེད་པ་དང ། ཆུ་བུར་དང ། རྒྱུན་དུ་ཆུ་བུར་དང ། ་ཊ་ཊ་དང ། ཧ་ཧ་བ་དང ། ཧུ་ཧུ་བ་དང ། ུཏྤ་ལ་དང ། པདྨོ་དང ། པདྨོ་ཆེན་པོ་ལ་སོགས་པའི་སེམས་ཅན་དམྱལ་བར་སོང་སྟེ། གང་ཚ་བའི་སེམས་ཅན་དམྱལ་བ་ལ་བབ་པ་ནི། བསིལ་བར་གྱུར། གང་གྲང་བའི་སེམས་ཅན་དམྱལ་བ་དེ་ལ་བབ་པ་ནི། དྲོ་བར་གྱུར་ཏེ། དེས་སེམས་ཅན་དེ་དག་དེ་ལྟ་བུས་གཟིར་བའི་ཁྱད་པར་དེ་ Pa207a ༄#། །དག་བདེ་བར་བྱས་པ་དང ། དེ་དག་འདི་སྙམ་དུ། ཀྱེ། བདག་ཅག་རྣམས་འདི་ནས་ཤི་འཕོས་སམ། འོན་ཏེ་གཞན་དུ་སྐྱེས་ཞེས་བསམ་ན། དེ་དག་ལ་རབ་ཏུ་དད་པ་བསྐྱེད་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྤྲུལ་བ་བཏང་ནས་དེ་དག་གིས་སྤྲུལ་པ་མཐོང་བ་དང ། འདི་སྙམ་དུ། ཀྱེ། བདག་ཅག་རྣམས་འདི་ནས་ཤི་འཕོས་པར་གྱུར་པ་ཡང་མེད། གཞན་དུ་སྐྱེས་པ་ཡང་མེད་ཀྱི། སྔོན་མ་བྱུང་བའི་སེམས་ཅན་འདི་མཐོང་བའི་མཐུས་ན། བདག་ཅག་གཟིར་བའི་ཁྱད་པར་རྣམས་བདེ་བར་གྱུར་ཏོ། །སྙམ་དུ་བསམ་ནས་དེ་དག་སྤྲུལ་པ་ལ་སེམས་མངོན་པར་དགའ་བར་གྱུར་པ་དང ། དམྱལ་བས་གཟིར་བའི་ལས་ཟད་པར་བྱས་ཏེ་གང་དུ་བདེན་པར་གྱུར་པའི་སྣོད་དུ་དེར་ལྷ་དང་མིའི་མཚམས་འཛིན་ཏོ། །གང་སྟེང་དུ་སོང་བ་དེས་ནི། རྒྱལ་ཆེན་བཞིའི་རིས་ཀྱི་ལྷ་དང ། སུམ་ཅུ་རྩ་གསུམ་དང ། མཚེ་མ་དང ། དགའ་ལྡན་དང ། འཕྲུལ་དགའ་དང ། གཞན་འཕྲུལ་དབང་བྱེད་དང ། ཚངས་རིས་དང ། ཚངས་ལྷ་ཉེ་ཕན་དང ། ཚངས་ཆེན་དང ། ཆུང་སྣང་དང ། ཚད་མེད་སྣང་དང ། ཀུན་སྣང་དང་བ་དང ། དགེ་བ་དང ། ཚད་མེད་དགེ་བ་དང ། དགེ་རྒྱས་དང ། སྤྲིན་མེད་དང ། བསོད་ནམས་འཕེལ་བ་དང ། འབྲས་བུ་ཆེ་བ་དང ། མི་ཆེ་བ་དང ། མི་གདུང་བ་དང ། ཤིན་ཏུ་མཐོང་བ་དང ། གྱ་ནོམ་སྣང་བ་དང ། འོག་མིན་གྱི་ལྷར་སོང་ནས་མི་རྟག་པ། སྡུག་བསྔལ་བ་དང ། སྟོང་པ་ཉིད་དང ། བདག་མེད་པ་རྣམས་ Pa207b བསྒྲགས་ཏེ་ཚིགས་སུ་བཅད་པ་འདི་གཉིས་ཀྱང་བརྗོད་དོ། །འབྱུང་བར་བྱ་ཕྱིར་བརྩམས་པར་བྱོས། །སངས་རྒྱས་བསྟན་ལ་བརྩོན་པར་བྱོས། །འདམ་བུའི་ཁྱིམ་ལ་གླང་ཆེན་བཞིན། །འཆི་བདག་སྡེ་ནི་གཞོམ་པར་བྱོས། །གང་ཞིག་རབ་ཏུ་བག་ཡོད་པར། །ཆོས་འདུལ་འདི་ལ་སྤྱོད་འགྱུར་བ། །སྐྱེ་བའི་འཁོར་བ་རབ་སྤངས་ནས། །སྡུག་བསྔལ་ཐ་མར་འབྱིན་པར་འགྱུར། །དེ་ནས་འོད་ཟེར་དེས་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་བསྐོར་ནས་བཅོམ་ལྡན་འདས་ཀྱི་ཕྱི་བཞིན་དུ་འབྲང་ངོ ། །དེ་དག་གལ་ཏེ་བཅོམ་ལྡན་འདས་ཀྱིས་འདས་པའི་ལས་ལ་ལུང་སྟོན་པར་བཞེད་པར་གྱུར་ན། བཅོམ་ལྡན་འདས་ཀྱི་རྒྱབ་ཏུ་ནུབ་བོ། །མ་འོངས་པའི་དུས་ལ་ལུང་སྟོན་པར་བཞེད་པར་གྱུར་ན། མདུན་དུ་ནུབ་བོ། །དམྱལ་བར་ལུང་སྟོན་པར་བཞེད་པར་གྱུར་ན།་ཞབས་ཀྱི་མཐིལ་དུ་ནུབ་བོ། །བྱོལ་སོང་སྐྱེ་བར་ལུང་སྟོན་པར་བཞེད་པར་གྱུར་ན། རྟིང་པར་ནུབ་བོ། །ཡི་དྭགས་སུ་སྐྱེ་བར་ལུང་སྟོན་པར་བཞེད་པར་གྱུར་ན། ཞབས་ཀྱི་མཐེ་བོར་ནུབ་པོ། ། མིར་སྐྱེ་བར་ལུང་སྟོན་པར་བཞེད་པར་གྱུར་ན། བུས་མོར་ནུབ་བོ། །སྟོབས་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་པར་གྱུར་ན། ཕྱག་གཡོན་པའི་མཐིལ་དུ་ནུབ་བོ། ། འཁོར་ལོས་བསྒྱུར་བའི་རྒྱལ་པོར་ལུང་སྟོན་པར་བཞེད་པར་གྱུར་ན། ཕྱག་གཡས་པའི་མཐིལ་དུ་ནུབ་བོ། །ལྷར་སྐྱེ་བར་ལུང་སྟོན་པར་བཞེད་པར་གྱུར་ན། ལྟེ་བར་ནུབ་བོ། །ཉན་ཐོས་ཀྱི་ Pa208a ༄#། །བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་པར་གྱུར་ན། ཞལ་དུ་ནུབ་བོ། །རང་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་པར་གྱུར་ན། སྨིན་མཚམས་སུ་ནུབ་བོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པར་བཞེད་པར་གྱུར་ན། སྤྱི་བོའི་གཙུག་ཏུ་ནུབ་བོ། །དེ་ནས་འོད་ཟེར་དེས་བཅོམ་ལྡན་འདས་ལ་ལན་གསུམ་དུ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ཀྱི་ཞབས་ཀྱི་རྟིང་པར་ནུབ་པ་དང ། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཀུན་དགའ་བོས་ཞུས་པ། ཇི་ལྟར་སྣང་བར་བྱེད་པ་ཤར་བ་བཞིན། །ཞལ་གྱི་ནང་ནས་བྱུང་བ་མང་པོ་ནི། ཁ་དོག་རྣམ་པ་སྣ་ཚོགས་སྟོང་ལྡན་པ། །གང་གིས་ཕྱོགས་བཅུ་ཀུན་ཏུ་སྣང་གྱུར་པའོ། །ཡང་ཚིགས་སུ་བཅད་དེ་གསོལ་པ། རྒོད་པ་ཞུམ་རྒྱགས་སྤངས་ནས་བྲལ་གྱུར་པ། །སྐྱེ་བོ་རྣམས་ཀྱི་རྒྱུར་གྱུར་སངས་རྒྱས་ཏེ། །རྒྱལ་བ་དགྲ་རྒྱལ་དུང་དང་པདྨོ་བཞིན་དཀར་བ། རྒྱུ་མེད་འཛུམ་པ་ཉེ་བར་སྟོན་མི་མཛད། །བརྟན་པའི་ཐུགས་མངའ་དེ་དུས་རང་གིས་མཁྱེན་མཛོད་ཅིག་།རྒྱལ་བའི་དབང་ལ་ཐོས་བཙལ་ཉན་རྣམས་ལ། །བརྟན་ཞིང་ཐུབ་པའི་ཁྱུ་མཆོག་དམ་པ་ཡིས། །ཐེ་ཚོམ་བྱུང་བ་དགེ་བས་རྣམ་པར་སོལ། །དོན་མེད་པར་ནི་རྒྱ་མཚོ་རི་རྒྱལ་བརྟན། །རྫོགས་པའི་སངས་རྒྱས་འཛུམ་པ་མི་སྟོན་ཏེ། །བརྟན་པས་གང་ཕྱིར་འཛུམ་པ་མཛད་པ་དེ། །སྐྱེ་བོ་མང་པོ་འདི་དག་ཐོས་པར་མོས། །དེ་ནས་བཅོམ་ Pa208b ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། དེ་དེ་བཞིན་ཏེ། དེ་དེ་བཞིན་ནོ། །ཀུན་དགའ་བོ། དེ་བཞིན་གཤེགས་པ་དགྲ་བཅོམ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། རྒྱུ་མེད་རྐྱེན་མེད་པར་འཛུམ་པར་མི་མཛད་དོ། །ཀུན་དགའ་བོ། གང་དགེ་སློང་གང་གཞོན་པ་དེས་དགེ་སློང་ལ་ཚིག་ངན་པས་མཚང་དྲུས་ཤིང་སྨྲས་པས་ཁྲོས་པ་མཐོང་ངམ། བཅོམ་ལྡན་འདས། མཐོང་ངོ ། །དེ་གནས་ཁང་དུ་ཞུགས་ཏེ་སྒོ་བཅད་ནས་དེའི་ཚིག་ངན་དུ་སྨྲས་པ་དེ་ཕྱི་ཕྱིར་སྒོམ་ཞིང་འདུག་གོ་།དེ་ཁྲོས་པས་ཀུན་ཏུ་ཁེབས་ནས་ཕྱི་ཕྱིར་བསྒོམས་པས་ན། ཞེ་སྡང་གི་ས་བཅུ་རབ་ཏུ་བྱུང་སྟེ། དེ་གནས་ཁང་དུ་ཞུགས་ཏེ་ཤི་འཕོས་ནས་དེའི་གནས་ཁང་དེ་ཉིད་དུ་སྦྲུལ་གདུག་པར་སྐྱེ་བར་འགྱུར་རོ།། །།འདུལ་བ་གཞུང་དམ་པ། བམ་པོ་སོ་བརྒྱད་པ། དེ་ལྟར་བཅོམ་ལྡན་འདས་ཚེ་དང་ལྡན་པ་ཀུན་དགའ་བོ་དང་ལྷན་ཅིག་གཏམ་གསུངས་པའི་བར་དུ་དགེ་སློང་དེ་ཡང་ཚིག་ངན་དུ་སྨྲས་པ་དེ་ལན་མང་དུ་བསྒོམས་ཤིང་ཤིན་ཏུ་ཁྲོ་བས་ཀུན་ཏུ་ཁེབས་ཏེ་མང་དུ་བྱས་ཞེ་སྡང་གི་ས་བཅུ་པོ་ཐོབ་པས་ན། དེ་ཤི་འཕོས་པས་དུས་འདས་ཏེ། དེའི་གནས་ཁང་ཉིད་དུ་སྦྲུལ་གདུག་པར་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། སྐྱེས་བུ་གཏི་མུག་ཅན་དེ་ནི། གནས་ཁང་དེ་ཉིད་དུ་སྦྲུལ་གདུག་པར་སྐྱེས་ཀྱི། དེར་སོང་ལ་དྲུང་དུ་ཕྱིན་ནས་ངའི་ཚིག་ Pa209a ༄#། །གིས་ནད་མེད་ཅིག་།ཅེས་བྱོས་ལ་འདི་སྐད་དུ། འདི་ལྟར། ཁྱོད་ངའི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དགེ་སློང་གི་འབྲས་བུ་བཞི་ལས་གང་ཡང་རུང ། དགེ་སྦྱོང་གི་འབྲས་བུ་རྟོགས་པར་འགྱུར་བ་ལས། ད་ཁྱོད་ཁྲོས་པའི་དབང་གིས་ན། འདིར་སྦྲུལ་གདུག་པར་སྐྱེས་ཀྱི། དགེ་སློང་དེ་ལ་བཟོད་པར་བྱོས་ཤིག་།འདི་ལས་ཡང་དུས་འདས་ན། སེམས་ཅན་དམྱལ་བར་སྐྱེས་ས་རེ་ཞེས་སྒོས་ཤིག་།བཙུན་པ། བཀའ་བཞིན་འཚལ་ཞེས་ནས་དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ནས་དགེ་སློང་དེ་ཁྲིད་དེ་དགེ་སློང་དེའི་གནས་ཁང་དུ་སོང་ནས་སྒོ་ལ་དལ་ནས་བགས་ཀྱིས་བརྡུངས་ཏེ་སྨྲས་པ། བཞིན་བཟང ། ཁྱོད་ལ་བཅོམ་ལྡན་འདས་ནད་མེད་ཅིག་།ཅེས་གསུངས་ཏེ།་འདི་ལྟར་ཁྱོད་ངའི་བསྟན་པ་ལ་རབ་ཏུ་བྱུང་ལ། དགེ་སློང་གི་འབྲས་བུ་བཞི་ལས་གང་ཡང་རུང ། དགེ་སྦྱོང་གི་འབྲས་བུ་རྟོགས་པར་འགྱུར་བ་ལས། ད་ཁྱོད་ཁྲོས་བའི་དབང་གིས་ན། འདིར་སྦྲུལ་གདུག་པར་སྐྱེས་ཀྱི། དགེ་སློང་འདི་ལ་བཟོད་པར་གྱིས་ཤིག་།འདི་ནས་དུས་བྱས་ནས་ཀྱང་སེམས་ཅན་དམྱལ་བར་སྐྱེས་ས་རེ་ཞེས་གསུངས་སོ། །དེ་ནས་དེ་ཉིད་དུ་ཁྲོས་པའི་དུག་བཏང་ནས་གནས་ཁང་ནས་ཕྱིར་མ་ཕྱུང་ཞིང་འདུག་པ་དང ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོ་ལ། མོའུ་དགལ་གྱི་ Pa209b བུ།་ཚུར་ཤོག་།ཁྱོད་ཀྱིས་སྦྲུལ་གདུག་པ་གང་ན་བ་དེར་སོང་ལ་ཕྱིན་པ་དང ། འདི་སྐད་དུ། དགེ་སློང་དེ་ལ་བཟོད་པ་བྱོས་ཤིག་།ཅེས་བཀའ་སྩལ་པ་དང ། དེས་ཀྱང་དེར་སོང་སྟེ་སྨྲས་པ་དང ། དེ་ལྡེ་མིག་ཁྱོག་པོའི་བུ་ག་ནས་མགོ་ཙམ་བསྟན་ཏེ་ཕྱིར་ནང་དུ་ཞུགས་སོ། །དགེ་སློང་གིས་དགེ་སློང་ལ་སེམས་ཀྱིས་གནོད་པར་བྱས་པས། རང་གི་གནས་ཁང་དུ་སྦྲུལ་གདུག་པར་སྐྱེས་སོ། །ཞེས་སྒྲ་དེ་ལྟ་བུ་མཉན་དུ་ཡོད་པར་ཀུན་ཏུ་གྲགས་པ་དང ། ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ནང་གི་བཙུན་མོ་དང ། གཞོན་ནུ་དང ། བློན་པོ་དང ། གྲོང་མི་དང་ལྗོངས་སུ་བཅས་པས་གང་སྒྲ་དེ་ཐོས་པ་དང ། ལྟད་མོ་ལྟ་འདོད་པས་དེ་ཡིད་བསྐྱེད་ནས་ཛེ་ཏའི་ཚལ་དུ་སོང་ངོ ། །དེ་ནས་བཅོམ་ལྡན་འདས་ཉན་ཐོས་ཆེན་པོ་ཀུན་ཤེས་ཀོའུ་དི་ནྱ་དང ། རླངས་པ་དང ། མིང་ཆེན་དང ། མ་འགག་པ་དང ། ཤཱ་རིའི་བུ་དང ། མོའུ་དགལ་གྱི་བུ་ཆེན་པོ་དང ། འོད་སྣང་དང ། ཀུན་དགའ་བོ་དང ། ནམ་གྲུ་ལ་སོགས་པས་བསྐོར་ཏེ། རྒྱལ་པོ་གསལ་རྒྱལ་དང།་དེའི་གནས་ཁང་དུ་བཞུད་ནས་བཅོམ་ལྡན་འདས་ཀྱིས་དེ་ཉིད་ཀྱི་སྐད་དུ་གསུངས་པ་དང ། དེ་རྟབས་\?\་བཞིན་དུ་གནས་ནས་ཕྱིར་བྱུང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ཁྲིད་ནས་གཙུག་ལག་ཁང་ནས་ཕྱིར་བྱུང་སྟེ་ཛེ་ཏའི་ཚལ་གྱི་སྒོར་འཁོར་བརྒྱ་སྟོང་དུ་མ་དང ། དགེ་སློང་གི་དགེ་འདུན་གྱི་མདུན་ན་གདན་བཏིང་བ་དེ་ལ་བཞུགས་པ་དང ། དེ་ནས་སྦྲུལ་གདུག་པ་ Pa210a ༄#། །དེ་ཕན་ཚུན་ཀུན་ཏུ་སྐྱེ་བ་མང་པོ་ལ་བལྟས་ཏེ་སྐྲག་ནས་བཅོམ་ལྡན་འདས་ཀྱི་གདན་ལོགས་སུ་རྒན་རིམ་གྱི་མཐར་བཅོམ་ལྡན་འདས་ལ་ལྟ་བཞིན་དུ་འཁྱིལ་ཏེ་འདུག་གོ་།བཅོམ་ལྡན་འདས་ཀྱིས་དེ་ལ་བཀའ་སྩལ་པ། བཞིན་བཟང ། འདི་ལྟར། ཁྱོད་ངའི་བསྟན་པ་ལ་རབ་ཏུ་བྱུང་ནས་དགེ་སྦྱོང་གི་འབྲས་བུ་བཞི་ལས་གང་ཡང་རུང ། དགེ་སྦྱོང་གི་འབྲས་བུ་རྟོགས་པར་འགྱུར་བ་ལས། ད་ཁྱོད་འདིར་ཤིན་ཏུ་ཁྲོས་པས་ཀུན་ཏུ་ཁེབས་ནས་ལན་མང་དུ་བསྒོམས་ལ། དགེ་སློང་ལ་ཡང་སེམས་གདུག་པ་སྐྱེས་པས། ད་ལྟར་སྦྲུལ་གདུག་པར་སྐྱེས་ཏེ་འཚེ་བ་དང ། གསོད་པ་ལ་ཆགས་ཤིང་གཞན་གྱི་སྲོག་འཕྲོག་ཅིང་གཞན་འཚོ་བ་དང་ཕྲལ་ནས་འཚོ་བར་བྱེད་དེ། འདི་ནས་ཤི་འཕོས་ན། རྒྱུད་གང་དུ་སྐྱེ། གང་དུ་སྐྱེ་བར་འགྱུར། གང་དུ་མངོན་པར་སྐྱེ་བར་འགྱུར། བཅོམ་ལྡན་འདས་ཀྱིས་གང་གི་ཚེ་དེའི་རིགས་དྲན་པར་བྱས་པ་དེའི་ཚེ་ངུ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེའི་ཚེ་ཚིགས་སུ་བཅད་དེ་གསུངས་པ། ཁྱོད་ནི་བྱོལ་སོང་སྐྱེ་གནས་གྱུར། །མི་དལ་བར་ཡང་སྐྱེས་གྱུར་ན། །དོན་མེད་པར་ནི་ཅི་ཕྱིར་ངུ ། །ད་ནི་ཅི་ཞིག་བྱར་ཡོད་ཀྱི། །རྒྱལ་བ་ཐུགས་རྗེ་ལྡན་མངའ་ལ། །སེམས་ཀྱིས་ལེགས་པར་དད་སྐྱེད་དང ། །བྱོལ་སོང་སྐྱེ་གནས་འདིར་སྤངས་ཏེ། །དེ་ནས་མཐོ་རིས་འགྲོ་བར་འགྱུར། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཆོས་བསྟན་ Pa210b པ་ཆུད་མི་ཟོས་པས། དེའི་ཀུན་ཏུ་གནས་པ་དེ་དང་བྲལ་བར་གྱུར་ཏེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དེ་ལ་བཀའ་སྩལ་པ། ཚུར་ཤོག་།དགེ་སློང་ཁྱོད་ཀྱིས་སྦྲུལ་གདུག་པ་དེ་ལ་བཟོད་པར་བྱོས་ཤིག་།བཅོམ་ལྡན་འདས། བདག་གིས་ཇི་ལྟར་བཟོད་པར་བགྱི། ཅི། དེའི་རྐང་པ་རྐང་པ་ལ་གཏུགས་པར་བགྱིའམ་ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་དེ་ལ་ཇི་ལྟར་སྔོན་གྱི་དགེ་སློང་ཡིན་པར་མངོན་དུ་བྱས་ཏེ་ཐེ་ཚོམ་དུ་མི་བྱ་བར་གཏུགས་པར་བྱའོ། །ཞེས་བཀའ་སྩལ་པ་དང ། སྟོན་པའི་བཀའ་བཞིན་དེས་རྐང་པ་ལ་གཏུགས་པ་དང ། དེས་ཀྱང་དེའི་མགོ་བོ་ལ་རེག་པར་བྱས་པ་དང ། དེ་གཉིས་སྐྱེ་བོ་མང་པོས་མཐོང་བ་དང ། རབ་ཏུ་ངོ་མཚར་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་སྐྱེ་བོ་མང་པོ་དེ་དག་ལ་དེའི་ཕྱིར་དེ་ལྟ་བུའི་ཚུལ་དུ་ཆོས་བཤད་དེ། དེ་ཐོས་པས་ན། སྲོག་ཆགས་བརྒྱ་སྟོང་དུ་མ་རྣམས་ཀྱིས་ནི། ཁྱད་པར་ཆེན་པོ་རྟོགས་པར་གྱུར་ཏོ། །སྦྲུལ་གདུག་པ་དེ་ཡང་བཅོམ་ལྡན་འདས་ལ་སེམས་མངོན་པར་དད་ནས། དེ་དུས་འདས་པ་དང ། སུམ་ཅུ་རྩ་གསུམ་གྱི་ལྷའི་གནས་བཟང་པོར་སྐྱེས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ། དེ་བས་ན། དགེ་སློང་རྣམས། འདི་དང ། གཞན་དག་ཀྱང་ཁྲོ་བས་ཀུན་ཏུ་ཁེབས་ན། ཉེས་པའི་དམིགས་སུ་འགྱུར་ཏེ། དེ་བས་ན། དགེ་སློང་གིས་ཁྲོས་པའི་དགེ་སློང་ལ་ཇི་ལྟར་དེའི་ཁྲོས་པས་ཁེབས་པར་གནས་པ་ Pa211a ༄#། །རྣམ་པར་བྱང་བར་གནས་པ་དེ་ལྟ་བུར་བཟོད་པར་གསོལ་ལོ། །དེས་ཀྱང་སེམས་ཀྱིས་བཟོད་པར་བྱོས་ཤིག། །གང་སྔ་དྲོ་ཁྲོས་པ་ལ་དེས་ཕྱི་དྲོ་བཟོད་པར་གསོལ་ཅིག་།གང་ཕྱི་དྲོ་ཁྲོས་པ་ལ་ནི། དེས་ནུབ་མོའོ། །གང་ནུབ་མོ་ཁྲོས་པ་ལ་ནི། དེས་ཕྱི་དེ་ཉིན་མོ་བཟོད་པར་གསོལ་ཅིག། ཅེས་གསུངས་ནས་བཅོམ་ལྡན་འདས་གདན་ལས་བཞེངས་ཏེ་ནང་དུ་ཡང་དག་འཇོག་ལ་འཇུག་པའི་ཕྱིར་གཙུག་ལག་ཁང་དུ་གཤེགས་སོ། །ཆོས་ཉིད་ཀྱིས་ལྷའི་བུའམ། བུ་མོ་ཡང་རུང ། སྐྱེས་ནས་རིང་པོར་མ་ལོན་པར་གང་ནས་ཤི་འཕོས། གང་དུ་སྐྱེས། ལས་གང་ཡིན་ཞེས་སེམས་པ་རྣམ་པ་འདི་གསུམ་སྐྱེ་སྟེ། སྦྲུལ་གདུག་པ་ལས་ཤི་འཕོས་ནས་སུམ་ཅུ་རྩ་གསུམ་གྱི་ལྷའི་རིས་བཟང་པོར་སྐྱེས་ཏེ། བཅོམ་ལྡན་འདས་ལ་སེམས་མངོན་དུ་དད་པ་བསྐྱེད་པར་མཐོང་ངོ ། །དེ་ནས་མངོན་གྱི་སྦྲུལ་གདུག་པ་ལྷའི་བུ་དེས་འདི་སྙམ་དུ་བདག་འདིར་ཞག་ལོན་ཏེ་བཅོམ་ལྡན་འདས་བལྟར་འགྲོ་བར་མི་རིགས་ཀྱི། བདག་འདིར་ཞག་མ་ལོན་པར་བཅོམ་ལྡན་འདས་ལ་བལྟར་འགྲོའོ། །སྙམ་དུ་བསམ་ནས་དེ་ནས་ལྷའི་བུ་སྔོན་སྦྲུལ་གདུག་པ་དེ་དྲི་མ་མེད་པའི་རྣ་ཆ་འཕྱང་བཞིན་དུ་ཐོགས་ཤིང ། དོ་ཤལ་དང ། སེ་མོ་དོས་ལུས་བརྒྱན་ཏེ་དེ་ཉིད་ཀྱི་ནུབ་མོ་ལྷའི་མེ་ཏོག་ཨུཏྤལ་དང ། པདྨོ་དང ། ཀུ་མུ་ད་དང ། པུཎྜ་རཱི་ཀ་དང ། མནྡཱ་ར་བ་ Pa211b ལ་སོགས་པས་པང་པ་བཀང་སྟེ་སྣང་བ་ཆེན་པོས་ཛེ་ཏའི་ཚལ་ཐམས་ཅད་དུ་སྣང་བར་བྱས་ནས་བཅོམ་ལྡན་འདས་ལ་མེ་ཏོག་གིས་གཏོར་ཏེ་ཆོས་ཉན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་སྤྱན་སྔར་འདུག་གོ་།བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང ། བག་ལ་ཉལ་བ་དང ། ཁམས་དང ། རང་བཞིན་མཁྱེན་ནས་དེ་འདྲ་བར་འཕགས་པའི་བདེན་པ་བཞི་ཡང་དག་པར་རྟོགས་པར་འགྱུར་བའི་ཆོས་བསྟན་ནས་ལྷའི་བུ་སྔོན་གྱི་སྦྲུལ་གདུག་པ་དེས་ཐོས་པ་དང ། འཇིག་ཚོགས་སུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་སྟེ་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །དེས་བདེན་པ་མཐོང་ནས་དགའ་བའི་ཚིག་གསུམ་སྨྲས་ཏེ། བཙུན་པས་ཕན་བཏགས་པ་འདི་ལྟ་བུ་ནི། མས་ཀྱང་མ་བགྱིས། ཕས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས། ལྷས་ཀྱང་མ་བགྱིས། སྡུག་པས་ཀྱང་མ་བགྱིས། བདག་གི་གཉེན་མང་པོས་ཀྱང་མ་བགྱིས། སྔོན་གྱི་ཕ་མེས་རྣམས་ཀྱིས་ཀྱང་མ་བགྱིས། དགེ་སྦྱོང་དང ། བྲམ་ཟེས་ཀྱང་མ་བགྱིས་ཏེ། བཅོམ་ལྡན་འདས་ཀྱིས་བདག་གི་ཁྲག་དང་མཆི་མའི་རྒྱ་མཚོ་ནི། བསྐམས། རུས་པའི་རི་ལས་ནི། བསྒྲལ། ངན་སོང་གི་སྒོ་ནི། བཅད། མཐོ་རིས་དང་ཐར་པའི་སྒོ་ནི། ཕྱེ་ནས་ལྷ་དང་མིའི་གནས་སུ་བཞག་གོ་།ཁྱོད་མཐུས་ཤིན་ཏུ་མི་བཟད་ངན་སོང་གི། ཉེས་པ་མང་དུ་ལྡན་པའི་ལམ་རྣམས་བཅད། །མཐོ་རིས་འགྲོ་བའི་ལམ་ཕྱེ་བསོད་ནམས་མཆོག་།མྱ་ངན་འདས་པའི་ Pa212a ༄#། །ལམ་ནི་བདག་གིས་ཐོབ། །ཁྱོད་ལ་བརྟེན་པས་ཉེས་པ་མེད་པ་ཡི། །བདག་དེང་ཤིན་ཏུ་གཙང་བ་རྣམ་དག་མིག་།འཕགས་པའི་ཡིད་དུ་འོང་བའི་ཞི་གནས་ཐོབ། །བདག་གིས་སྡུག་བསྔལ་རྒྱ་མཚོ་ཕ་རོལ་བརྒལ། །སྐྱེ་བོ་ལྷ་དང་ལྷ་མིན་མི་ཡིས་མཆོད། །སྐྱེ་རྒ་ན་དང་འཆི་ལས་རྣམ་པར་བྲལ་།སྲིད་པ་སྟོང་དུའང་མཐོང་བར་ཤིན་ཏུ་དཀའ། ཐུབ་ཁྱོད་དེང་བདག་མཐོང་བ་འབྲས་བུར་བཅས། །དེ་ནས་སེ་མོ་དོ་ནི་རབ་འཕྱང་བཞིན། །ཞབས་གཉིས་ལ་ནི་ཕྱག་བྱས་དགའ་བ་སྐྱེས། །དགྲ་ཐུལ་དེ་ལ་གཡས་སུ་བསྐོར་ནས་ནི། ལྷ་ཡི་འཇིག་རྟེན་ལྷ་ཡུལ་དེར་སོང་ངོ ། །དེ་ནས་ལྷའི་བུ་སྔོན་སྦྲུལ་གདུག་པ་དེ་ཚོང་པ་ཁེ་ཐོབ་པ་ལྟར། ཆུན་པ་ལོ་ལེགས་པ་ལྟར། དཔའ་བོ་གཡུལ་ལས་རྒྱལ་བ་ལྟར། ནད་པ་ནད་ཐམས་ཅད་ལས་ཐར་པ་ལྟར། ཇི་ལྟ་བུའི་ལོངས་སྤྱོད་དང་བཅོམ་ལྡན་འདས་ཀྱི་དྲུང་དུ་འོངས་པ་དེ་ལྟ་བུའི་ལོངས་སྤྱོད་དང་རང་གི་གནས་སུ་སོང་བ་དང ། དགེ་སློང་དག་སྲོད་དང་ཐོ་རངས་ལ་མི་ཉལ་བར་ཐུབ་པར་བརྩོན་པར་སྤྱོད་པ་རྣམས་ཀྱིས་མཐོང་བ། བཅོམ་ལྡན་འདས་ཀྱི་དྲུང་ན་རྒྱ་ཆེར་སྣང་བ་མཐོང་ནས་ཐེ་ཚོམ་དུ་གྱུར་ཏེ་བཅོམ་ལྡན་འདས་ལ། བཅོམ་ལྡན་འདས། ཅི། མདང་མཚན་མོ་བཅོམ་ལྡན་འདས་ལ་ཚངས་པ་འཁོར་གྱི་བདག་པོ་བལྟར་མཆིས་སམ། ལྷའི་དབང་པོ་བརྒྱ་བྱིན་དང ། འཇིག་རྟེན་སྐྱོང་བ་བཞི་དག་བལྟ་བའི་ཕྱིར་མཆིས་སམ། Pa212b ཞེས་ཞུས་པ་དང ། དགེ་སློང་རྣམས། ཚངས་པ་འཁོར་གྱི་བདག་པོ་ཡང་མ་ཡིན། ལྷའི་དབང་པོ་བརྒྱ་བྱིན་ཡང་མ་ཡིན། འཇིག་རྟེན་སྐྱོང་བ་བཞི་ལ་སོགས་པ་ང་ལ་བལྟ་བའི་ཕྱིར་འོངས་པ་ཡང་མ་ཡིན་གྱི། གང་སྦྲུལ་གདུག་པ་དགེ་སློང་གིས་བཟོད་པར་བྱས་པ་དེ་ང་ལ་སེམས་མངོན་དུ་དད་ནས་དུས་ལས་འདས་པ་དང ། སུམ་ཅུ་རྩ་གསུམ་རིས་ཀྱི་ལྷའི་གནས་བཟང་པོར་སྐྱེས་ནས་དེ་འདི་ལྟར། མདང་ངའི་དྲུང་དུ་འོངས་ཏེ་ངས་དེ་ལ་ཆོས་བསྟན་པ་དང ། བདེན་པ་མཐོང་ནས་རང་གི་གནས་སུ་སོང་ངོ ། །དེ་བས་ན། དགེ་སློང་རྣམས་ཀྱིས་འདི་ལྟར་བསླབ་པར་བྱ་སྟེ། གང་གིས་བཟོད་པར་བྱ་བ་དང ། བཟོད་པའི་ཡོན་ཏན་བརྗོད་པར་བྱ་བ་དེ་ལྟར་དགེ་སློང་དག་།ཁྱེད་ཀྱིས་བསླབ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང ། དགེ་སློང་དེ་དག་ཡིད་མགུ་ནས་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའོ།། །།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བསྙེན་པར་རྫོགས་པར་བགྱིད་ན། ཚེ་དང་ལྡན་པ་རྣམས། བདག་ལ་བསྙེན་པར་རྫོགས་པར་མ་བྱེད་ཅིག་།ཅེས་མཆི་བཞིན་དུ་དགེ་སློང་རྣམས་ཀྱིས་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པར་ཞེས་བགྱི། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་མི་བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ Pa213a ༄#། །ཀྱང་འདས་པ་དང་བཅས་པར་འགྱུར་རོ། །ུ་པ་ལི། དེ་ཅིའི་ཕྱིར་ཞེ་ན། བསྙེན་པར་རྫོགས་པ་ཉིད་ཀྱང་བསླབ་པ་འབུལ་ན། བསྙེན་པར་མ་རྫོགས་ཞེས་བྱ་ན། བསྙེན་པར་རྫོགས་པར་བྱེད་པའི་ཚེ་ལྟ་ཅི་སྨོས། ཡང་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཅོམ་ལྡན་འདས་ཀྱིས་དགེ་ཚུལ་ཕ་རྣམས་ལོ་ཉི་ཤུ་ལོན་ནས་བསྙེན་པར་རྫོགས་པར་བྱོས་ཤིག་།ཅེས་གསུངས་ན། དགེ་ཚུལ་ཕ་གཞན་དག་བདག་གི་ལོ་གྲངས་ནི། མ་འཚལ་ཏེ། དེ་ལུས་བོང་ནི། ཆེ་སྟེ། དེ་དགེ་སློང་རྣམས་ཀྱིས་ལོ་གྲངས་མ་རྟོགས་པས་ཐེ་ཚོམ་སྐྱེས་ཏེ། བསྙེན་པར་རྫོགས་པར་མི་བགྱིད་ན། དེ་དག་ལ་ཇི་ལྟར་ནན་ཏན་བགྱི་ཞེས་ཞུས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པ་ལི། དེ་ལྟ་བུ་ནི། མཚན་ལས་སོ་སོར་རྟོགས་ལ་བསྙེན་པར་རྫོགས་པར་བྱོས་ཤིག་།དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག། བཅོམ་ལྡན་འདས་ཀྱིས་མཚན་ལས་རྟོགས་ལ་བསྙེན་པར་རྫོགས་པར་གྱིས་ཤིག་།ཅེས་གསུངས་པ་དང ། དགེ་སློང་རྣམས་ཀྱིས་དེ་གཅེར་བུར་ཕྱུང་སྟེ་མཚན་རྟོགས་པ་ལ་ཞུགས་པ་དང ། དེ་ཤིན་ཏུ་ངོ་ཚ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཅེར་བུར་མ་དབྱུང་བར་གོས་སམ། གོས་ཀྱི་གདང་ལ་ལྷུང་བཟེད་དམ། ཆོས་གོས་ཀྱི་སྣོད་ཞོག་ལ། འདི་ཕོབ་ཅིག་།ཅེས་སྨྲོས་ལ། དེ་ནི། མཆན་ཁུང་དང ། མཆན་ལ་རྟོགས་ཏེ། དེ་སྟེ་ཡོད་ན། Pa213b བསྙེན་པར་རྫོགས་པར་བྱའོ། །དེ་སྟེ་མེད་ན། བསྙེན་པར་རྫོགས་པར་མི་བྱའོ། །ཡང་ཞུས་པ། བཙུན་པ། དགེ་སློང་རྣམས་ཀྱིས་དགེ་སློང་ལ་དགེ་སློང་མའི་ལས་ཀྱིས་བསྙེན་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་ནི། བྱ་སྟེ། བསྙེན་པར་རྫོགས་པར་བྱེད་པ་རྣམས་ནི། འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ། དགེ་སློང་མ་ལ་དགེ་སློང་དང ། དགེ་སློང་མ་རྣམས་ཀྱིས་དགེ་སློང་གི་ལས་ཀྱིས་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཨུ་པ་ལི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། དགེ་འདུན་གཉི་ག་ཡང་འདས་པ་དང་བཅས་པར་འགྱུར་རོ། །རྐྱང་པའི་སྒོ་དང་པོའི་མདོའི་ཚིགས་སུ་བཅད་པ་ཐོག་མའོ། །མདོར་ན། གསིང་མ་གྲོང་དང་བསྡུས་པ་དང ། སེམས་བསྐྱེད་པས་ནི་གསོ་སྦྱོང་དང ། གསད་པ་གསུམ་ཡང་དེ་བཞིན་ཏེ། །རྣམ་འབྱེད་དགེ་འདུན་ལྷག་མའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་དག་ཅིག་འགྲོན་པ་མང་པོ་དང་ལྷན་ཅིག་ལྗོངས་སྤྱོད་དུ་དོང་བ་དང ། དེ་དག་དེའི་ཚེ་གསོ་སྦྱོང་ལ་བབ་ནས་དེ་དག་གིས་ས་གསིང་མའི་ཕྱོགས་ཤིག་མཐོང་ནས་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་།ཚུར་ཤོག་།ས་གསིང་མའི་ཕྱོགས་ Pa214a ༄#། །ཕ་བི་ལ་གསོ་སྦྱོང་བྱའོ། །ཞེས་དེ་དག་དེར་གསོ་སྦྱོང་བྱེད་པ་ལ་ཞུགས་པ་དང ། འགྲོན་པ་མང་པོ་དག་འདས་ནས་དེ་དག་ཀྱང་ཕྱི་བཞིན་འདོང་བ་ལས་བར་དུ་རྐུན་པོས་བཅོམ་སྟེ་གཙུག་ལག་ཁང་དུ་ཕྱིན་པ་དང ། དགེ་སློང་རྣམས་ཀྱིས་མཐོང་སྟེ། བདེ་བར་འོངས་སམ། ཚེ་དང་ལྡན་པ་དག་།བདེ་བར་འོངས་སམ། ཅི་བདེ་བར་སྤྱད་དམ་ཞེས་སྨྲས་པ་དང ། བདེ་བར་ག་ལ་སྤྱད། ཅི་ཉེས། བདག་ཅག་ནི། རྐུན་པོས་བཅོམ་མོ། །དེ་ལྟ་བུར་གྱུར་པ་དགེ་སློང་རྣམས་ལ་སྨྲས་པ་དང ། དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསིང་མ་ལ་ཆགས་པའི་ཕྱིར་གསོ་སྦྱོང་མ་བྱེད་ཅིག་།བཅོམ་ལྡན་འདས་ཀྱིས་གྲོང་དང ། ཉེ་བའི་འཁོར་དུ་གསོ་སྦྱོང་བྱོས་ཤིག ། ཅེས་གསུངས་པ་དང ། དེ་དག་ལས་དགེ་སློང་ཕྱེད་ནི། གྲོང་དུ་ཞུགས་།ཕྱེད་ནི། ཕྱི་རོལ་དུ་འཁོད་པས་དེ་དག་མ་འདུས་པར་གྱུར་ནས་གསོ་སྦྱོང་མ་བྱས་ཏེ། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གྲོང་ན་གནས་པ་རྣམས་ནི། གྲོང་དུ་གསོ་སྦྱོང་བྱོས་ཤིག་།དེ་བཞིན་དུ་དགེ་སློང་རྣམས་གསོ་སྦྱོང་བྱ་སྟེ། གསོ་སྦྱོང་ལ་མ་སྡོད་ཅིག་།སྡོད་ན། འདས་པ་དང་བཅས་པར་འགྱུར་རོ། །དགེ་སློང་དག་ཅིག་ཚོང་པའི་འགྲོན་པ་མང་པོ་དང་ལྷན་ཅིག་ཏུ་ལམ་དུ་ཞུགས་པ་དང ། དགེ་ Pa214b སློང་གིས་ཚོང་པ་ལ། བཞིན་བཟང ། བདག་ཅག་གསོ་སྦྱོང་བྱེད་ཀྱི། དེའི་བར་དུ་སྐད་ཅིག་སྡོད་ཅིག་།ཅེས་སྨྲས་པ་དང ། དེ་དག་གིས་འཕགས་པ་རྣམས། འདི་ཕྱོགས་ན་རྐུན་པོས་འཇིགས་ཀྱི། ཕྱི་བཞིན་སྤྱོན་ཅིག་།བསྡད་དོ། །ཞེས་སྨྲས་པ་དང ། དེར་སྡོད་གྲང ། དེར་སྡོད་གྲང་སྙམ་ནས་དགེ་སློང་རྣམས་ཕྱི་བཞིན་དུ་འབྲང་ཞིང་དེ་དག་དོང་བ་ལས་ནམ་ནངས་སོ། །དགེ་སློང་རྣམས་ཀྱིས་དེ་ལྟར་གྱུར་པ་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་གསོ་སྦྱོང་གི་ཚེ་གསོ་སྦྱོང་མ་བྱས་པར་མ་འགྲོ་ཞིག་།ཡང་ན་འགྲོ་བཞིན་དུ་གསོ་སྦྱོང་བྱོས་ཤིག་།དགེ་སློང་དག་གིས་འགྲོ་བཞིན་དུ་གསོ་སྦྱོང་བྱེད་པ་ལ་ཞུགས་པ་དང ། ཚོང་པ་རྣམས་ཀྱིས་འཕགས་པ། བདག་ཅག་ནི། རྐུན་པོས་འཇིགས་པས་ཅང་མི་སྨྲ་བར་འགྲོ་ན། ཁྱེད་ཅག་ཅིའི་ཕྱིར་ཅ་ཅོ་བྱེད་ཅེས་སྨྲས་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསོ་སྦྱོང་རྒྱས་པར་མ་བྱེད་པར་མདོར་བྱོས་ཤིག་།དགེ་སློང་རྣམས་ཀྱིས་མདོར་བྱེད་པ་ལ་ཞུགས་པ་དང ། འོན་ཀྱང་ཚོང་པ་དེ་དག་གིས་དཔྱས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སེམས་བསྐྱེད་པ་ཙམ་གྱིས་བྱིན་གྱིས་རློབས་ཤིག་།དེ་བས་ན། དགེ་སློང་རྣམས་ཆོས་གོས་བྱིན་གྱིས་བརླབ་པ་དང ། གོས་བསྔོ་བ་དང ། གསོ་སྦྱོང་དང ། ཚུལ་ Pa215a ༄#། །ནས་བྱུང་བ་འདི་བཞི་ནི། སེམས་བསྐྱེད་པ་ཙམ་གྱིས་འགྲུབ་བོ། །དེ་ཡང་འདི་ལྟར་བྱ་སྟེ། སངས་རྒྱས་ལ་དམིགས་པའི་དྲན་པ་ཉེ་བར་བཞག་སྟེ་སེམས་བསྐྱེད་པར་བྱོས་ལ། གསོ་སྦྱོང་བྱིན་གྱིས་རློབས་ཤིག་།དེ་ནས་ཚིག་ཏུ་ཡང་བརྗོད་པར་བྱ་སྟེ། དེང་དགེ་འདུན་རྣམས་ཀྱི་བཅོ་ལྔའི་གསོ་སྦྱོང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་བཅོ་ལྔའི་གསོ་སྦྱོང་སྟེ། བདག་མིང་འདི་ཞེས་བགྱི་བའི་བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ་།ཞེས་རང་གིས་བརྗོད་དེ། གསོ་སྦྱོང་བྱིན་གྱིས་བརླབས་ལ། གང་གི་ཚེ་དགེ་འདུན་འདུས་པ་ཕྲད་པ་དེའི་ཚེ་དགེ་འདུན་དང་ལྷན་ཅིག་ཏུ་གསོ་སྦྱོང་བྱའོ། །དེ་ལྟར་ལན་གཉིས་ལན་གསུམ་དུ་བརྗོད་དེ་གསོ་སྦྱོང་དེ་ལྟར་བྱའོ། །གསོ་སྦྱོང་མི་བྱ་བ་ནི། མ་ཡིན་ནོ། །མ་བྱས་ན་ནི། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དགེ་སློང་དག་ཅིག་ལྗོངས་སྤྱད་པ་སྤྱོད་པ་ན་རྐུན་པོས་ཟིན་ནས་དེ་དག་གིས། ཀྱེ། བསམ་རླག་ཏུ་འཁོད་དེ་ཅི་བྱེད་ཀྱི། མགོ་རེག་འདི་དག་གསད་དོ། །ཞེས་སྨྲས་པ་དང ། དགེ་སློང་དག་གིས་བསམ་པ། བདག་ཅག་ནི། གསད་པར་ཆད་པ་ལྟ་སྙམ་ནས་དེ་དག་གིས་རྐུན་པོ་ལ། ཀྱེ། ཅིའི་ཕྱིར་ངེད་ཅག་གསད་ཅེས་སྨྲས་པ་དང ། རྐུན་པོས་སྨྲས་པ། ཁྱེད་ལ་རྒྱལ་པོ་དང ། ཕྱུག་པོ་དང ། ཚོང་དཔོན་དང ། དེད་དཔོན་རྣམས་རབ་ཏུ་དད་ Pa215b པས་ཁྱེད་ཀྱིས་དེ་དག་ལ་སྨྲས་པ་དང ། དེ་དག་གིས་ངེད་ལ་གནོད་པར་བྱེད་དོ། །ཞེས་སྨྲས་པ་དང ། དེ་ན་དགེ་སློང་གཞོན་ནུ་ཞིག་བརྫུན་དུ་སྨྲས་པ་ལས་བྱུང་བའི་ཉེས་པ་ལྟུང་བ་བྱུང་སྟེ། དེས་ཚེ་དང་ལྡན་པ་རྣམས། བདག་གི་ལྟུང་བ་བྱུང་བ་བཤགས་པ་དེའི་བར་དུ་བསྡད་པར་ཅི་གནང་ཞེས་སྨྲས་པ་དང ། དེ་དག་གིས་དེ་ལྟར་ན། གནས་འདི་ཉིད་དུ་ཤོགས་ཤིག་།ཅེས་སྨྲས་པ་དང ། དེས་དགེ་སློང་གི་མདུན་དུ་འཆགས་པ་ལ་ཞུགས་ཏེ། དགོངས་ཤིག་ཚེ་དང་ལྡན་པ་རྣམས། བདག་མིང་འདི་ཞེས་བགྱི་བ་ཤེས་བཞིན་གྱི་རྫུན་སྨྲས་པ་ལས་བྱུང་བའི་ལྟུང་བའི་ཉེས་པ་མཆིས་ཏེ། བདག་གིས་ཚེ་དང་ལྡན་པའི་མདུན་དུ་བཤགས་སོ། །མཐོལ་ལོ། །མི་འཆབ་བོ། །བཤགས་ཤིང་མཐོལ་ན། བདག་ལ་བདེ་བར་འགྱུར་གྱི། མ་བཤགས་མ་མཐོལ་ན་ནི། མ་ཡིན་ནོ། །དེས་སྨྲས་པ། ཉེས་པར་མཐོང་ངམ། མཐོང་ངོ ། །ཕྱིན་ཆད་སྡོམ་པར་འཆའམ། དམ་འཆའོ། །དེ་ལྟར་ལན་གཉིས་ལན་གསུམ་དུ་སྨྲས་པ་དང ། རྐུན་པོ་དེ་དག་ཐམས་ཅད་ཀྱིས་ཐོས་པ་དང ། དེ་དག་གིས་སྨྲས་པ། འཕགས་པ། ཁྱེད་རྣམས་རྫུན་མི་སྨྲའམ། བཞིན་བཟང ། མི་སྨྲའོ། ཞེས་སྨྲས་པ་དང ། དེ་དག་མངོན་དུ་དད་ནས་འཕགས་པ་རྣམས། དེ་ལྟར་ན། དེངས་ལ་སུ་ལ་ཡང་མ་སྨྲ་ཞིག་།ཅེས་སྨྲས་པ་དང ། ནད་མེད་ཅིག་།སུ་ལ་ཡང་མི་སྨྲའོ། །ཞེས་སྨྲས་ཏེ་དོང་ནས་དེ་དག་གཙུག་ལག་ཁང་དུ་ལྷགས་པ་དང་ཐེ་ Pa216a ༄#། །ཚོམ་སྐྱེས་ནས་དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས། ནགས་ཚལ་གྱི་དབང་པོ་རྐུན་པོའི་དྲུང་དུ་བཤགས་པ་ཡིན་གྱི། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དགེ་སློང་གཞན་ཞིག་ལྗོངས་སྤྱད་པ་སྤྱོད་པ་ལ་རྐུན་པོས་ཟིན་ནས་དེ་དག་གིས། བསམ་རླག་ཏུ་འཁོད་དེ་ཅི་བྱེད་ཀྱི། མགོ་རེག་འདི་དག་གསད་དོ། །ཞེས་སྨྲས་པ་དང ། དགེ་སློང་དག་གིས་བསམ་པ། བདག་ཅག་ནི། གསད་པར་ཆད་པ་ལྟ་སྙམ་ནས་དེ་དག་གིས་རྐུན་པོ་ལ། ཀྱེ། ཅིའི་ཕྱིར་ངེད་གསད་ཅེས་སྨྲས་པ་དང ། རྐུན་པོས་སྨྲས་པ། ཁྱེད་ལ་རྒྱལ་པོ་དང ། ཕྱུག་པོ་དང ། ཚོང་དཔོན་དང ། དེད་དཔོན་རྣམས་མངོན་པར་དད་པས་ན། ཁྱེད་ཀྱིས་དེ་དག་ལ་སྨྲས་པ། དེ་དག་གིས་ངེད་ལ་དོན་མེད་པར་བྱེད་དོ། །ཞེས་སྨྲས་པ་དང ། དགེ་སློང་རྣམས་ཀྱིས་སྨྲས་པ། ཐོང་ཞིག་དང ། སུ་ལ་ཡང་མི་སྨྲའོ། །དེ་དག་གིས། དེ་སྟེ་ཁྱེད་ཀྱིས་བཅོ་ལྔ་པའི་དུས་ན་གཅིག་ཏུ་འདུས་ཤིང་འདོན་པ་དེ། ངེད་ཅག་ལ་རྒྱས་པར་སྨྲ་བར་དམ་འཆའ་ན། གཏང་ངོ ། །ཞེས་སྨྲས་པ་དང ། དེ་ན་དགེ་སློང་ཞིག་གཞུང་ཁ་ཏོན་དུ་ལོབས་པས། དེ་བསད་ཀྱིས་འཇིགས་པས་སྐྲག་པས་སོ་སོར་ཐར་པ་མྱུར་དུ་བཏོན་པ་དང ། དེ་དག་མངོན་པར་དད་ནས་འཕགས་པ། Pa216b ཁྱེད་ཀྱིས་དེ་ཐམས་ཅད་ཡང་དག་པར་བཟུང་སྟེ། སྲུང་ངམ་ཞེས་སྨྲས་པ་དང ། དེ་དག་གིས། ཚེ་དང་ལྡན་པ། འདི་ནི། སྟོན་པའི་བཀའ་ཡིན་ན། ཅིའི་ཕྱིར་ཡང་དག་པར་འཛིན་ཅིང་མི་སྲུང་ཞེས་སྨྲས་པ་དང ། དེ་དག་གིས། འཕགས་པ་རྣམས། ལེགས་ཀྱི། བཞུད་ལ་སུ་ལ་ཡང་མ་གསུངས་ཤིག་།ཅེས་སྨྲས་པ་དང ། ནད་མེད་ཅིག་།མི་སྨྲའོ། །ཞེས་སྨྲས་ཏེ་དོང་ནས་དེ་དག་གཙུག་ལག་ཁང་དུ་ཕྱིན་པ་དང་དེ་དག་ཐེ་ཚོམ་སྐྱེས་ཏེ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས། ནགས་ཚལ་གྱི་དབང་པོ་རྐུན་པོའི་དྲུང་དུ་ཁ་ཏོན་བཀླགས་པ་ནི། ལེགས་པར་བཀླགས་པ་ཡིན་གྱི། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དགེ་སློང་དག་ཅིག་ཡུལ་བེའུ་ཞེས་བྱ་བ་ནས་ལྗོངས་སྤྱད་པ་སྤྱོད་ཅིང་དོང་བ་དང ། རྐུན་པོས་ཟིན་ནས་དེ་དག་གིས། ཀྱེ། བསམ་རླག་ཏུ་འཁོད་དེ་ཅི་བྱེད་ཀྱི། མགོ་རེག་འདི་དག་གསད་དོ། །ཞེས་སྨྲས་པ་དང ། དེ་ལ་རྐུན་པོ་གཅིག་དགེ་སློང་གི་རྒྱུས་ཤེས་པས། དེས་དེ་དག་མཐོང་བ་དང་སྙིང་རྗེ་སྐྱེས་ནས་དེས་དེ་དག་ཐར་པར་བྱ་བ་ནི། མ་ནུས་ཀྱི། སྙིང་རྗེ་བའི་ཕྱིར་ཀྱེ་འདི་དག་བསད་དེ་ཅི་རུང་གི་།རྩཝ་མ་བརྔས་པ་ལ་བཅིངས་ཏེ་རྫས་འཕྲོག་ལ་དོང་དང ། དེ་ཉིད་རང་བཀྲེས་ཤིང་ཉམ་ཆུང་བས་གདུངས་ཏེ་སྲོག་དང་བྲལ་གྲང་ཞེས་སྨྲས་པ་དང ། དེའི་ནང་ནས་གཅིག་གིས་སྨྲས་པ། ཀྱེ་ Pa217a ༄#། །འདི་དེ་སྐད་སྨྲ་ན། ཇི་ལྟར་བྱ་ཞེས་སྨྲས་པ་དང ། ཁ་ཅིག་གིས་སྨྲས་པ། དེ་ལྟར་བྱ་བ་ནི། ལེགས་སོ། །ཞེས་ནས་དེ་དག་གིས་དེ་ལ་འཕྲོག་ནས་རྩཝ་མ་བརྔས་པ་ལ་བཅིངས་ཏེ་དོང་ངོ ། །ཡུལ་བེའུ་ཞེས་བྱ་བའི་རྒྱལ་པོ་འཆར་པོ་དཔུང་གི་ཚོགས་ཡན་ལག་བཞི་པ་དང་རི་དྭགས་བཤོར་བའི་ཕྱིར་དོང་བ་དང ། དེ་དག་གིས་དེ་དག་རྒྱང་རིང་པོ་ནས་མཐོང་ནས་དེས་བློན་པོ་ལ། ཀྱེ། སྣང་བ་ཕ་བི་རི་དྭགས་མ་ཡིན་ནམ་ཞེས་དྲིས་པ་དང ། དེས། ལྷ། མ་འཚལ་ཏོ། །ཞེས་སྨྲས་པ་དང ། རྒྱལ་པོ་དེར་ཉེ་བར་སོང་ནས་མི་ཡིན་པར་མཐོང་ནས་དེས་ཀྱེ།་མུ་སྟེགས་གཅེར་བུ་པ་ཡིན་ནམ་ཅི་ཞེས་སྨྲས་པ་དང ། དེ་དག་ལས་གཅིག་གིས་སྨྲས་པ། ལྷ། དེ་བཞིན་ནོ། །ཞེས་སྨྲས་པ་དང ། དེ་དག་ལས་དགེ་སློང་གི་རྒྱུས་ཤེས་པ་ཞིག་གིས་སྨྲས་པ། ལྷ། དེ་ནི། མུ་སྟེགས་གཅེར་བུ་པ་མ་ལགས་ཀྱི། ལྷ། ཤཱཀྱའི་བུའི་དགེ་སློང་ངོ ། །ཇི་ལྟར་ཤེས། ལྷ། དེ་ལྟར་ལོགས་གཅིག་ནི། ནག་།གཉིས་པ་ནི། དཀར་རོ། །ཞེས་སྨྲས་པ་དང ། དེ་ནས་རྒྱལ་པོས་དེ་ལ་དྲིས་པ། འཕགས་པ། ཁྱོད་ཅིའི་ཕྱིར་འདི་ལྟར་འདུག། ལྷ། བདག་ཅག་རྐུན་པོས་བཅོམ་མོ། །འཕགས་པ། འོ་ན་ཅིའི་ཕྱིར་དེ་ལྟར་འདུག་།ལྷ། འདི་ལྟར་བཅིངས་སོ། །འཕགས་པ། འདི་འདྲ་བར་བཅིངས་པ་ཅིའི་ཕྱིར་བཅད་དེ་མི་འདོང ། ལྷ། བཅོམ་ལྡན་འདས་ཀྱིས་བདག་ཅག་གི་བསླབ་པར་བཅས་པ་ས་བོན་ Pa217b གྱི་ཚོགས་དང ། སྲོག་ཆགས་ཀྱི་གྲོང་བཤིག་གམ། བཤིག་ཏུ་བཅུག་ན། ལྟུང་བའོ། །ཞེས་བྱ་བའི་བསླབ་པའི་བཅིང་པས་བཅིངས་སོ། །ཞེས་སྨྲས་པ་དང ། རྒྱལ་པོ་དེ་དད་ཅིང་མངོན་པར་དགའ་ནས་དེས་དེ་དག་དཀྲོལ་ཏེ་རེ་རེ་ལ་ཡང་ཆོས་གོས་གསུམ་གསུམ་བསྐོན་ནོ། །དེ་དག་གཙུག་ལག་ཁང་དུ་ཕྱིན་པ་དང་བདག་གིས་རྒྱལ་པོའི་མདུན་དུ་དེ་ལྟར་ལྟུང་བ་སྨྲས་སོ། །ཞེས་ཏེ་ཐེ་ཚོམ་སྐྱེས་པ་དང ། དེས་དེ་ལྟར་གྱུར་པ་དགེ་སློང་རྣམས་ལ་རྒྱས་པར་སྨྲས་ནས་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒྱལ་པོ་འདི་ནི། རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བ། འཇིག་རྟེན་པ་ཐམས་ཅད་ཀྱིས་གཙོ་བོ་བས་ན། གང་སྨྲས་པ་དེ་ནི། ལེགས་པར་སྨྲས་པ་ཡིན་གྱི། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། ནོངས་པ་དང་བཅས་པས། ནོངས་པ་དང་བཅས་པའི་མདུན་དུ་ནོངས་པ་བཤགས་སུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །དེ་སྟེ་དངོས་པོ་མི་མཐུན་ན་ནི། རུང་ངོ ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དགེ་སློང་ཞིག་ལ་དགེ་འདུན་གྱི་ལྷག་མའི་ཉེས་པ་བྱུང་ནས་དེ་འགྱོད་པ་སྐྱེས་པ་དང ། དེ་སྐྱ་བོ་སེང་སེང་པོར་གྱུར་ལ་རིད་ཅིང་ཉམ་ཆུང་སྟེ་རྨྱ་ལ་ལུས་མ་བརྟས་པར་གྱུར་ནས་དེ་ལ་དགེ་སློང་དག་གིས་སྨྲས་པ། ཚེ་དང་ལྡན་པ། ཁྱོད་ Pa218a ༄#། །ཅིའི་ཕྱིར་སྐྱ་བོ་སེང་སེང་པོར་གྱུར་ལ་རིད་ཅིང་ཉམ་ཆུང་ལ་རྨྱ་སྟེ་ལུས་མ་བརྟས་པར་གྱུར་པ་དེའི་ནད་སྨྲོས་ཤིག་།ཅེས་སྨྲས་པ་དང ། དེ་ཅང་མི་སྨྲ་ནས་ནམ་དེ་དང་མཛའ་བའི་དགེ་སློང་གིས་མཐོང་སྟེ་དྲིས་པ་དང ། དེས་དེ་ལ་རྒྱས་པར་སྨྲས་པ་དང ། དེས་ཚེ་དང་ལྡན་པ། དེ་ལྟ་ན། དགེ་སློང་རྣམས་ལ་བརྗོད་ཀྱི། ཤོགས་ཤིག་།ཅེས་སྨྲས་སོ།། དེ་ལྟར་བརྗོད་ན། བདག་ཉིད་འཆིའོ། །ཞེས་སྨྲས་པ་དང ། དེས་དེ་ལྟ་ན། ཚུར་ཤོག་།ཡུལ་གཞན་དུ་དོང་ལ་དེར་དེ་དག་བཤགས་སོ། །ཞེས་སྨྲས་པ་དང ། དེས་ཀྱང་ཁས་བླངས་ནས་དེ་དང་དེ་ལྷན་ཅིག་ཏུ་ཡུལ་གཞན་དུ་སོང་བ་ལས། དེ་ལམ་ཕྱེད་དུ་དུས་འདས་པ་དང ། དགེ་སློང་དེས་བསམ་པ། གང་གི་དོན་གྱི་ཕྱིར་བདག་འགྲོ་བ་དེ་ནི། དུས་འདས་ན། དེ་ཅིའི་ཕྱིར་འགྲོ་།ཕྱིར་ལྡོག་གོ་།སྙམ་ནས་དེ་ཕྱིར་ལོག་པ་དང ། དེ་ལ་དགེ་སློང་དག་གིས་བདེ་བར་འོངས་སམ། ཚེ་དང་ལྡན་པ། བདེ་བར་འོངས་སམ། ཅི་ཁྱེད་བདེ་བར་སྤྱད་དམ། ཞེས་སྨྲས་པ་དང ། དེ་ངུ་བར་གྱུར་ནས་དེ་ལ་དགེ་སློང་དག་གིས། ཚེ་དང་ལྡན་པ། ཅིའི་ཕྱིར་ངུ་ཞེས་སྨྲས་པ་དང ། གང་བདག་དང་ལྷན་ཅིག་ཏུ་སོང་བའི་དགེ་སློང་དེ་དུས་འདས་པའི་ཕྱིར་རོ། །ཞེས་སྨྲས་པ་དང ། དེ་དག་གིས། ཚེ་དང་ལྡན་པ། ཅིའི་ཕྱིར་ངུ ། འདུས་བྱས་ཐམས་ཅད་ནི། ཆོས་ཉིད་ཀྱིས་དེ་བཞིན་ནོ། །ཞེས་སྨྲས་སོ། །དེས་དེ་ནི། ཉེས་པ་དང་ Pa218b བཅས་བཞིན་དུ་དུས་འདས་སོ། །ཞེས་སྨྲས་པ་དང ། དགེ་སློང་རྣམས་ཀྱིས་དེས་དམྱལ་བར་རིང་དུ་གནས་པར་འགྱུར་བས་ན། ངུ་བ་འདི་ནི། རིགས་སོ་ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས། རིགས་ཀྱི་བུ་དེ་ནི། ཉེས་པ་དེ་ལས་ཕྱིན་ཏོ། །ངས་ནི། བསམ་པ་ལས་ཉེས་པ་ཕྱིན་པར་གསུངས་ཀྱི། ཆད་པའི་ལས་ཀྱིས་ནི། མ་ཡིན་ནོ། །དེ་ལྟ་བས་ན། གང་དེ་ལྟར་རང་བཞིན་གྱིས་ངོ་ཚ་བ་དང་ལྡན་པ་དེས་གཅིག་གི་མདུན་དུ་ཤོགས་ཤིག་པར་གནང་ངོ ། །དེས་ནི།་གཅིག་གི་མདུན་དུ་ཤོགས་ཤིག་།དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།ཅེས་གསུངས་པ་དང ། འདོད་ཆགས་དང་བྲལ་བ་མ་ཡིན་པ། སྐྱེ་བོ་ཐ་དད་པ། མདོ་སྡེ་འཛིན་པ་དང ། འདུལ་བ་འཛིན་པ་དང ། མ་ལྟ་བུ་འཛིན་པ་ཁ་ཅིག་དང ། དགེ་འདུན་གྱི་གནས་བརྟན་དང ། གྲགས་པ་དང ། བསོད་ནམས་ཆེན་པོ་ཁ་ཅིག་གིས་མ་བརྟགས་པས་ན། དགེ་འདུན་གྱི་ལྷག་མའི་ཉེས་པ་བྱུང་སྟེ། དེ་དག་ཆད་པར་སྤྱོད་པ་ལ་ལྷན་ཅིག་སྤྱོད་པ་དང ། ཉེ་གནས་དང ། བྲམ་ཟེ་དང ། ཁྱིམ་བདག་དང ། གཞན་ཡང་རུང ། ཉུང་དུ་ཐོས་པའི་དགེ་སློང་རྣམས་ཀྱིས་ཀྱང་དཔྱས། ཁ་ཅིག་ནི། མི་དགའ་བར་གྱུར་ཏེ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་གིས་ཀྱང་ཕྱིས་མི་བྱ་བ་ Pa219a ༄#། །ཤིན་ཏུ་བསམ་པ་བརྟུན་ཏེ་གཅིག་པོའི་མདུན་དུ་ཤོགས་ཤིག་།འདི་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།རྐྱང་པའི་ནང་ནས་སྒོ་དང་པོའི་མདོའི་ཚིགས་སུ་བཅད་པ་གཉིས་པའོ།། །།མདོར་ན། གཞག་པའི་རིགས་པ་གཞག་པར་བྱ། །བདུན་ལོན་ནས་ཀྱང་འགྲོ་བར་བྱ། །མཉམ་དུ་མ་ཟིན་དེ་བཞིན་ཏེ། །གང་གིས་ཀོ་བ་མི་རུང་བའོ། ། སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཚེ་དང་ལྡན་པ་ཀུན་དགའ་བོ་ལ་གཙུག་ལག་ཁང་སྐྱོང་གི་རིས་བབ་བོ། །ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ཛེ་ཏའི་ཚལ་དུ་འོངས་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ཏེ་ཚེ་དང་ལྡན་པ་ཀུན་དགའ་བོ་གང་ན་བ་དེར་སོང་སྟེ་དྲུང་དུ་ཕྱིན་པ་དང ། རྐང་པ་ལ་ཕྱག་འཚལ་ནས་ཆོས་མ་ཉན་པའི་ཕྱིར་མདུན་དུ་འདུག་གོ་།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་མདོ་སྡེ་ལ་ཞུགས་ནས་དེ་ལས་ཕྱེད་ནས་ཅུང་ཟད་ཙམ་ཞིག་རྒྱས་པར་བཤད་ནས་མདོར་འཆད་པ་ལ་ཞུགས་པ་དང ། རྒྱལ་པོས། འཕགས་པ། བདག་ལ་བྲེལ་བ་མེད་ཀྱི། མདོར་མ་བཤད་ཅིག་།ཅེས་སྨྲས་སོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་སྨྲས་པ་དང ། ཚེ་དང་ལྡན་པ་ཀུན་དགའ་བོས། རྒྱལ་པོ་ཆེན་པོ། ཁྱེད་ལ་བྲེལ་བ་མེད་ཀྱང་བདག་ལ་བྲེལ་བ་ཡོད་དོ། །ཞེས་སྨྲས་པ་དང ། འཕགས་ Pa219b པ།་ཀུན་དགའ་བོ་ཅི་ཞིག་བྲེལ་ཞེས་སྨྲས་པ་དང ། ཁང་སྐྱོང་བྱ་དགོས་སོ། །ཞེས་སྨྲས་པ་དང ། འཕགས་པ་ཀུན་དགའ་བོ་ཡང་ལས་ཀྱི་རེས་མཛད་དམ། ལྷ། བདག་ནི། དགེ་འདུན་གྱི་ནང་དུ་གཏོགས་པས་ན། ལས་བགྱི་འཚལ་ལོ། །ཞེས་སྨྲས་པ་དང ། རྒྱལ་པོས་འདི་བདག་གི་བྱ་བ་ཡིན་ནོ། །སྙམ་དུ་བསམ་ནས་དེ་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། བདག་ནི། རྒྱལ་པོ་རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བ་སྟེ། གང་བདག་གིས་བགྱི་བའི་ལས་ནི། བདག་བགྱིད་དོ། །གང་ནང་གི་བཙུན་མོས་བགྱི་བའི་རིགས་པའང་ནང་གི་བཙུན་མོས་བགྱིད་དོ། །གང་གཞོན་ནུས་བགྱི་བའི་རིགས་པའང་གཞོན་ནུས་སོ། །གང་བློན་པོའམ། བློན་པོ་ཆེན་པོའམ། དམག་དཔོན་ནམ། གྲོང་མིའམ། ལྗོངས་པའམ་རུང་སྟེ། ལྗོངས་པ་ཉིད་ཀྱི་ལས་བགྱིད་དོ། །བཅོམ་ལྡན་འདས་ཀྱང་བླ་ན་མེད་པའི་ཆོས་ཀྱི་རྒྱལ་པོ་སྟེ།་ཨེ་མའོ། །བཅོམ་ལྡན་འདས་བརྩེ་བ་ཅན་གྱིས་ཀྱང་གཞག་པར་འོས་པ་གཞག་ལ། ལས་ཀྱི་རེས་མི་བསྐོ་བར་ཅི་གནང་ཞེས་གསོལ་པ་དང ། རྒྱལ་པོ་གསལ་རྒྱལ་གྱིས་ཞུས་པ་བཞིན་བཅོམ་ལྡན་འདས་ཅང་མི་གསུང་བས་ཞལ་གྱིས་བཞེས་སོ། །རྒྱལ་པོ་གསལ་རྒྱལ་གྱིས་ཀྱང་ཅང་མི་གསུང་བས་ཞལ་གྱིས་བཞེས་པར་རིག་ནས་རྒྱལ་པོ་གསལ་རྒྱལ་བཅོམ་ Pa220a ༄#། །བཅོམ་ལྡན་འདས་ཀྱི་ཞབས་ལ་ཕྱག་འཚལ་ནས་བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱི་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། སོང་ལ་མཉན་དུ་ཡོད་པ་ན་གནས་ཤིང་འཁོད་པའི་དགེ་སློང་ཐམས་ཅད་འདུན་ཁང་དུ་སྡུས་ཤིག་།ཅེས་གསུངས་པ་དང ། བཙུན་པ། བཀའ་བཞིན་འཚལ་ཞེས་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལས་མཉན་ཏེ་མཉན་དུ་ཡོད་པ་ན་དགེ་སློང་ཇི་སྙེད་གནས་པ་དེ་དག་ཐམས་ཅད་འདུན་ཁང་དུ་བསྡུས་ནས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། མཉན་དུ་ཡོད་པ་ན་དགེ་སློང་ཇི་སྙེད་གནས་ཤིང་མཆིས་པ་དེ་ཐམས་ཅད་མདུན་ཁང་དུ་འདུས་ཏེ་མཆིས་ལགས་ན། དེ་ལ་བཅོམ་ལྡན་འདས་ཀྱིས་ད་དུས་ལ་བབ་པར་དགོངས་ཤིག་།དེ་ནས་བཅོམ་ལྡན་འདས་འདུན་ཁང་གང་ན་བ་དེར་བཞུད་དེ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་གུང་ན་གདན་བཏིང་བ་ལ་བཞུགས་ཏེ། བཞུགས་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལ་བཀའ་སྩལ་པ། དགེ་སློང་དག་།དེང་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ངའི་དྲུང་དུ་འོངས་ཏེ་ Pa220b ེ་མའོ། །བཅོམ་ལྡན་འདས་གཞག་པའི་རིགས་པ་རྣམས་ནི། ཞོག་ལ་ལས་ཀྱི་རེས་ལ་བཀའ་སྩལ་པའི་མི་རིགས་སོ། །ཞེས་ཟེར་གྱི། ཁྱེད་ཅག་གིས་དེང་ཕན་ཆད་གཞག་པའི་རིགས་པ་རྣམས་ལས་ལ་མ་བསྐོ་བར་ཞོག་ཅིག་།བཅོམ་ལྡན་འདས་ཀྱིས་གཞག་པའི་རིགས་པ་རྣམས་ལས་ལ་མ་བསྐོ་ཞིག་།ཅེས་གསུངས་པ་དང ། དགེ་སློང་དག་གིས་གང་གཞག་པར་རིགས་པ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མདོ་སྡེ་འཛིན་པ་དང ། འདུལ་བ་འཛིན་པ་དང ། མ་ལྟ་བུ་འཛིན་པ་དང ། མང་པོ་ལ་ཆད་པ་དང ། དགེ་འདུན་གྱི་གནས་བརྟན་དག་ནི། གཞག་པར་རིགས་པའོ། །དེ་ལ་མདོ་སྡེ་འཛིན་པ་ནི། དེ་ཉིད་ལས་སོ། །དེ་བཞིན་དུ་འདུལ་བ་འཛིན་པ་དང ། མ་ལྟ་བུ་འཛིན་པ་དང ། མང་པོ་ལ་འཆད་པ་དང ། དགེ་འདུན་གྱི་གནས་བརྟན་དག་ཀྱང་དེ་ཉིད་ལས་ཡིན་ནོ། །བཅོམ་ལྡན་འདས་ཀྱིས་མདོ་སྡེ་འཛིན་པ་དང ། འདུལ་བ་འཛིན་པ་དང ། མ་ལྟ་བུ་འཛིན་པ་དེ་ཉིད་ལས་ཡིན་ནོ། །ཞེས་གསུངས་པ་དང ། དྲུག་སྡེ་དག་གིས་མདོ་སྡེའི་ལེའུ་གཅིག་གམ། གཉིས་བཀླགས་ནས་ངེད་ཅག་མདོ་སྡེ་འཛིན་པ་ཡིན་པས་ན། ངེད་ཅག་ལ་ལས་ཀྱི་རེས་མ་དབབ་ཅིག། ཅེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་མདོ་སྡེ་ཐམས་ཅད་འཛིན་པ་དེ་ནི། Pa221a ༄#། །མདོ་སྡེ་འཛིན་པ་སྟེ། དེ་ནི། ལས་ལ་མ་བསྐོ་ཞིག་།དེ་བཞིན་དུ་ཕས་ཕམ་པ་གཅིག་གམ། གཉིས་བཀླགས་པ་དག་གིས་ངེད་ཀྱང་འདུལ་བ་འཛིན་པའོ། ། དེ་བཞིན་དུ་རབ་ཏུ་བྱེད་པ་གཉིས་བཀླགས་པས་ཀྱང་ང་ནི། མ་ལྟ་བུ་འཛིན་པ་ཡིན་གྱི། ལས་ཀྱི་རེས་ལ་མ་བསྐོ་ཞིག་།ཅེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་འདུལ་བ་ཐམས་ཅད་འཛིན་པ་དང ། མ་ལྟ་བུ་ཐམས་ཅད་འཛིན་པ་ནི། ལས་ལ་མ་བསྐོ་ཞིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་རི་བྲག་གི་གྲོང་དག་ཅིག་ལོག་ནས་དམག་རུ་གཅིག་བཏང་བ་དང ། དེ་དག་གིས་སླར་བཅོམ་བཏགས་ནས་ལྷགས་སོ། ། དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་བཏང་ཡང་སླར་བཏགས་བཅོམ་ནས་ལྷགས་སོ། །བློན་པོ་དག་གིས་གསོལ་པ། ལྷ། རི་བྲག་གི་གྲོང་དག་གི་མཐུ་ནི། ཆེར་གྱུར། ལྷའི་མཐུ་ནི། འགྲིབ་ན། དེ་ལ་ལྷ་ཉིད་གཤེགས་ན་ནི། རི་བྲག་གི་གྲོང་དེ་དག་ཀྱང་གདོད་ཁུགས་པར་འགྱུར་གྱི། གཞན་གྱིས་ནི། མི་ནུས་སོ། །ཞེས་སྨྲས་པ་དང ། རྒྱལ་པོས་ངའི་ཡུལ་ན་ཇི་སྙེད་མཚོན་ཆའི་མཐུས་འཚོ་བ་དེ་དག་ཐམས་ཅད་མ་འཁོད་པར་ཤོག་ཅིག་།ཅེས་དྲིལ་ཆེན་པོ་བསྒྲགས་སོ། །དེ་ནས་རྒྱལ་པོ་མཐུ་ཆེན་པོ་དང་ལྷན་ཅིག་ཏུ་གྲོང་རྡལ་དེར་ Pa221b ལྷགས་ནས་ཐམས་ཅད་བསྐོར་ཏེ་འཁོད་དོ། །འོན་ཀྱང་དེ་དག་ནགས་ཚལ་སྟུག་པོ་ལ་བརྟེན་ནས་མ་ཕེབས་པ་དང ། བློན་པོས། ལྷ། ཁྱིམ་བདག་མགོན་མེད་ཟས་སྦྱིན་དེ། བསོད་ནམས་རབ་ཏུ་རྒྱས་ཤིང་ལྷ་རྣམས་ཀྱིས་ཡོངས་སུ་ཟིན་པས། དེ་འདིར་མཆིས་ན། གདོན་མི་འཚལ་བར་རི་བྲག་གི་གྲོང་ཕེབས་པར་འགྱུར་རོ། །ཞེས་སྨྲས་པ་དང ། དེ་ནས་རྒྱལ་པོས་ཁྱིམ་བདག་མགོན་མེད་ཟས་སྦྱིན་ལ་བསྟི་སྟང་ཆེར་བྱས་ནས་ཁྱིམ་བདག་།ཁྱོད་ཀྱི་ངོ་ལྟ་བར་འདོད་དོ། །ཞེས་ཡི་གེར་སྤྲིང་ངོ ། །དེ་ཡི་གེ་དེ་ཐོས་མ་ཐག་ཏུ་རིངས་བཞིན་དུ་སོང་སྟེ་རི་བྲག་གི་གྲོང་རྡལ་དེར་ཕྱིན་ཏོ། །འོན་ཀྱང་གྲོང་རྡལ་དེ་མ་ཕེབས་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་དེར་རིང་དུ་ཐོགས་པར་གྱུར་ནས་དགེ་སློང་རྣམས་མ་མཐོང་བའི་ཕྱིར་སྐྱ་བོ་སེང་སེང་བོ། རིད་ཅིང་ལུས་མ་བརྟས་པར་གྱུར་ནས་རྒྱལ་པོས་མཐོང་སྟེ་དྲིས་པ། ཁྱིམ་བདག་།ཁྱོད་བུ་དག་དྲན་ནམ་ཞེས་སྨྲས་པ་དང ། དེས། ལྷ། བདག་བུ་ལ་དྲན་པ་ནི། མ་ལགས་ཀྱི། འཕགས་པ་རྣམས་བལྟ་བར་འཚལ་བའི་སླད་དུའོ། །ཞེས་སྨྲས་པ་དང ། རྒྱལ་པོས་བློན་པོ་དག་ལ་ངས་བཀའ་སྩལ་པ་སྐད་དུ་མ་ཟེར་བར་ཅི་ནས་འཕགས་པ་རྣམས་འདིར་བྱོན་པའི་ཐབས་སུ་སྦྱོར་ཅིག་།ཅེས་ཡི་གེ་སྤྲིང་པ་དང ། བློན་པོ་དག་གིས་ཡི་གེ་བཀླགས་ནས་གྲོས་བྱེད་པ་ལ་ཞུགས་ཏེ། ཀྱེ། དེ་ལ་ཐབས་ཇི་ལྟར་བྱ་ཞེས་སྨྲས་པ་དང ། བློན་པོ་རྒན་པོ་གཞན་ཞིག་གིས་དེ་ལྟ་བླའི། དེའི་ཐབས་ཤིག་བདག་གིས་སྦྱར་ལ་ Pa222a ༄#། །དགེ་བར་བྱའོ། །ཞེས་སྨྲས་ནས་དེས་ཛེ་ཏའི་སྒོ་ན་ཨེ་ར་ཌ་ཚངས་སྦྱིན་གྱི་སྐྱེད་མོས་ཚལ་ཞིག་ཡོད་པ་རྙིང་སྟེ། མདའ་ལྟ་བུའི་ཚལ་དུ་གྱུར་པ་དེ་བཅོས་ལེགས་བྱས། མཆོད་རྟེན་གྱི་དགར་ནས་སྐྱེད་མོས་ཚལ་དེར་ཡུར་བ་དྲང་ངོ ། །ཞེས་སྲད་བུ་བྲེས་པ་དང ། དེ་དག་ཉིད་ལ་གནོད་པས་ན། ལྷ་ལྟ་ཞིང་འདོང་བར་འགྱུར་རོ། །ཞེས་ཏེ། དེ་ནས་དེ་དག་གིས་སྐྱེད་མོས་ཚལ་རྙིང་པ་དེ་འཆོས་པ་ལ་ཞུགས་སོ། །དབུ་སྐྲ་དང ། སེན་མོའི་མཆོད་རྟེན་གྱི་དབུས་སུ་སྲད་བུ་བྲེས་ནས་སྲད་བུ་འདིའི་རྒྱུད་བཞིན་དུ་ཡུར་བ་བརྐོའོ། །ཞེས་སྨྲས་པ་དང ། དགེ་སློང་གཙུག་ལག་ཁང་ན་གནས་པ་དང ། ཉིན་པར་སྤྱོད་དུ་དོང་བ་དེ་དག་འདུས་ཏེ་བློན་པོའི་གན་དུ་དོང་ནས་བཞིན་བཟང ། འདི་ཅི་ཞིག་རྩོམ་ཞེས་སྨྲས་པ་དང ། འཕགས་པ་རྣམས། ལྷས་བདག་ཅག་ལ་ངའི་ཕའི་སྐྱེད་མོས་ཚལ་རྙིང་པ་ཆོས་ཤིག་དང ། ང་དེ་བལྟར་འོང་ངོ ། །ཞེས་ཡི་གེ་མཆིས་པས་ན། འདི་དག་བདག་ཅག་གིས་བྱི་བདར་བགྱིད་དེ། དེར་ཆུ་དྲང་པའི་ཡུར་བ་བརྐོའོ། །ཞེས་སྨྲས་པ་དང ། ཅི། ཁྱེད་ཀྱིས་བཅོམ་ལྡན་འདས་ཀྱིས་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ཞིག་གམ། དེ་ལྟར་མ་བྱེད་ཅིག ། ཅེས་སྨྲས་པ་དང ། འཕགས་པ་དག་།ལྷའི་བཀའ་བཞིན་ནི། བདག་ཅག་གིས་མ་བགྱིར་མི་རུང་སྟེ། བདག་ཅག་ལ་མགོ་གཉིས་སུ་མ་མཆིས་ཀྱི། ལྷའི་བཀའ་བཅག་ཏུ་མི་རུང་ Pa222b ངོ ། །ཞེས་སྨྲས་པ་དང ། བཞིན་བཟང ། ངེད་ཀྱིས་ལྷ་ལ་གསོལ་གྱི། དེའི་བར་དུ་སྡོད་ཅིག་།ཅེས་སྨྲས་པ་དང ། འཕགས་པ། བདག་ཅག་གིས་བསྔད་\་Bཥཌཱཌ?\་ཀྱི། གསོལ་བ་མཛད་དུ་གསོལ་ཞེས་སྨྲས་པ་དང ། བཞིན་བཟང ། ལྷ་འདུག་པ་དེར་ཇི་སྲིད་ཡོད། འཕགས་པ། ལམ་རིང་ངོ ། །བཞིན་བཟང ། ཞག་གཅིག་ནས་བདུན་གྱིས་སླར་འཁོར་ཏམ། སླར་མི་འཁོར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་ན། དགེ་སློང་དག་སངས་རྒྱས་དང ། ཆོས་དང ། དགེ་འདུན་གྱི་ཕྱིར་ཞག་བཞི་བཅུར་བྱིན་གྱིས་བརླབས་ལ་མཚམས་ཀྱི་ཕྱི་རོལ་ཏུ་འདོད་བར་གནང་ངོ ། །དགེ་སློང་དག་གིས་ཇི་ལྟར་བྱིན་གྱིས་བརླབ་པ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟན་རྣམས་བཏིང་སྟེ་གཎྜཱི་བརྡུངས་ལ། དྲིས་པའི་ལན་ལྡོན་པའི་དགེ་སློང་ཞིག་བསྐོས་ཏེ་དགེ་འདུན་ཐམས་ཅད་འདུས་ནས་འཁོད་པ་དང ། སྔར་དགེ་སློང་གཅིག་གམ། གཉིས་སམ། གསུམ་ཡང་རུང ། དད་པར་བགྱིས་ཏེ་སངས་རྒྱས་སྲུང་དང ། ཆོས་སྦྱིན་དང ། དགེ་འདུན་སྡེ་ཁྱེད་རྣམས་གནས་འདིའི་མཚམས་ཀྱི་ནང་དུ་དབྱར་སྔ་མའམ། ཕྱི་མ་ཡང་རུང ། ཚུལ་དུ་ཞུགས་པ་ལས་དགེ་འདུན་གྱི་དོན་གྱི་ཕྱིར་ཞག་བཞི་བཅུར་བྱིན་གྱིས་བརླབས་ཏེ་མཚམས་ཀྱི་ཕྱི་རོལ་ཏུ་དོང་ལ། ཁྱེད་དབྱར་གྱི་གནས་འདིར་ཏེ། དབྱར་འདིར་གནས་པར་དད་དམ་ Pa223a ༄#། །ཞེས་བསྒོ་ལ། དེ་སྟེ་དད་ན། དེའི་འོག་ཏུ་དགེ་སློང་ཞིག་གིས་གསོལ་པ་དང ། ལས་བྱོས་ཤིག་།གསོན་ཅིག་བཙུན་པའི་དགེ་འདུན་རྣམས། སངས་རྒྱས་སྲུང་དང ། ཆོས་སྦྱིན་དང ། དགེ་འདུན་སྡེ་འདི་དག་མཚམས་ཀྱི་ནང་གནས་འདིར་དབྱར་སྔ་མའམ། ཕྱི་མ་ཚུལ་དུ་ཞུགས་པ་ལས། འདི་དག་དགེ་འདུན་གྱི་དོན་གྱི་ཕྱིར་ཞག་བཞི་བཅུར་བྱིན་གྱིས་བརླབས་ཏེ་མཚམས་ཀྱི་ཕྱི་རོལ་ཏུ་འདོང་ཞིང ། འདི་དག་དབྱར་གནས་འདི་ལགས་ཏེ། དབྱར་འདིར་གནས་ན། དེ་སྟེ་དགེ་འདུན་རྣམས་ཀྱིས་བཟོད་ཅིང་དུས་ལ་བབ་ན། དགེ་འདུན་གྱིས་གནོངས་ལ། དགེ་འདུན་གྱིས་སངས་རྒྱས་སྲུང་དང ། ཆོས་སྦྱིན་དང ། དགེ་འདུན་སྡེ་དག་ཞག་བཞི་བཅུར་སྐོས་ཤིག་།སངས་རྒྱས་སྲུང་དང ། ཆོས་སྦྱིན་དང ། དགེ་འདུན་སྡེས་དགེ་འདུན་གྱི་དོན་གྱི་ཕྱིར་ཞག་བཞི་བཅུར་བྱིན་གྱིས་བརླབས་ཏེ་མཚམས་ཀྱི་ཕྱི་རོལ་ཏུ་དོང་ལ། དེ་དག་དབྱར་གནས་འདི་ལགས་ཏེ། དབྱར་འདིར་གནས་སོ། །འདི་ནི། གསོལ་བའོ། །ལས་ཀྱང་འདི་བཞིན་དུ་བྱོས་ཤིག་།གསོན་ཅིག་བཙུན་པའི་དགེ་འདུན་རྣམས། སངས་རྒྱས་སྲུང་དང ། ཆོས་སྦྱིན་དང ། དགེ་འདུན་སྡེ་འདི་དག་དགེ་འདུན་གྱི་དོན་གྱི་ཕྱིར་ཞག་བཞི་བཅུར་བྱིན་གྱིས་བརླབས་ཏེ་མཚམས་ཀྱི་ཕྱི་རོལ་དུ་དོང་ཞིང ། འདི་དག་དབྱར་གནས་འདིར་ལགས་ཏེ། ཚེ་དང་ལྡན་པ་རྣམས་ལས། Pa223b གང་ལ་སངས་རྒྱས་སྲུང་དང ། ཆོས་སྦྱིན་དང ། དགེ་འདུན་སྡེ་དག་གིས་དགེ་འདུན་གྱི་དོན་གྱི་ཕྱིར་ཞག་བཞི་བཅུར་བསྐོ་བར་བཟོད་པ་དེ་དག་ནི། ཅང་མ་གསུངས་ཤིག་།གང་མི་བཟོད་པ་དེ་དག་ནི། སྨྲོས་ཤིག་།དགེ་འདུན་གྱིས་སངས་རྒྱས་སྲུང་དང ། ཆོས་སྦྱིན་དང ། དགེ་འདུན་སྡེ་འདི་དག་གིས་དགེ་འདུན་གྱི་དོན་གྱི་ཕྱིར་ཞག་བཞི་བཅུར་བྱིན་གྱིས་བརླབས་ཏེ་མཚམས་ཀྱི་ཕྱི་རོལ་དུ་མཆིས་ལ། དེ་དག་དབྱར་གནས་འདི་ལགས་ཏེ། དབྱར་འདིར་གནས་པར་དགེ་འདུན་གྱིས་བཟོད་ཅིང་གནང་བས་ན། ཅང་མི་གསུང་སྟེ། དེ་དེ་བཞིན་དུ་འཛིན་ཏོ། །གང་ལ་དགེ་འདུན་གྱིས་ཞག་བཞི་བཅུར་བྱིན་གྱིས་བརླབས་ཏེ་མཚམས་ཀྱི་ཕྱི་རོལ་ཏུ་དེངས་ཤིག་།དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག། བྱིན་གྱིས་བརླབ་པ་ནི། འདི་བཞིན་དུ་གྱིས་ཤིག་།དགེ་སློང་གཅིག་གི་མདུན་དུ་ཐལ་མོ་སྦྱར་ལ་འདུག་སྟེ་ཚིག་འདི་སྐད་དུ། དགོངས་ཤིག་ཚེ་དང་ལྡན་པ། བདག་མིང་འདི་ཞེས་བགྱི་བ་མཚམས་ཀྱི་ནང་གནས་དབྱར་སྔ་མའམ། ཕྱི་མ་ཡང་རུང་ཟླ་བ་གསུམ་སོང་པ་ལས། བདག་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་དོན་གྱི་ཕྱིར་ཞག་བཞི་བཅུར་བྱིན་གྱིས་བརླབས་ཏེ་མཚམས་ཀྱི་ཕྱི་རོལ་དུ་མཆིས་ལ། བདག་གི་དབྱར་འདི་ལགས་ཏེ། དབྱར་འདིར་གནས་སོ། །དེ་བཞིན་དུ་ལན་གཉིས་ལན་གསུམ་དུ་སྨྲོས་ཤིག་།སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་ Pa224a ༄#། །པ། བཙུན་པ། ཞག་གཅིག་ཏུ་བྱིན་གྱིས་བརླབས་ལ། མཚམས་ཀྱི་སླད་རོལ་དུ་མཆི་བར་རུང་ངམ། ཨུ་པ་ལི། རུང་ངོ ། །དེ་བཞིན་དུ་ཞག་གཉིས་སམ། ཞག་གསུམ་མམ། ཞག་བཞིའམ། ཞག་ལྔའམ། ཞག་དྲུག་གམ། ཞག་བདུན་ནམ། ཞག་བརྒྱད་དམ། ཞག་དགུའམ། ཞག་བཅུའམ། ཞག་ཉི་ཤུའམ། སུམ་ཅུའམ། ཞག་བཞི་བཅུའི་བར་དུ་བྱིན་གྱིས་བརླབས་ཏེ་མཚམས་ཀྱི་ཕྱིར་རོལ་དུ་འགྲོ་བར་རུང་ངོ ། །བཙུན་པ། ཞག་བཞི་བཅུ་ཕན་ཆད་བྱིན་གྱིས་བརླབ་ཏུ་རུང་ང ། ུ་པ་ལི། མི་རུང་ངོ ། དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། མཚམས་ཀྱི་ནང་དུ་ནི། ཞག་མང་དུ་གནས་པར་བྱའོ། །མཚམས་ཀྱི་ཕྱི་རོལ་དུ་ནི། ཞག་ཉུང་དུ་གནས་པར་བྱའོ། །ཡང་གསོལ་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཞག་གཅིག་ཏུ་བྱིན་གྱིས་བརླབ་པར་བྱོས་ཤིག་།ཅེས་གསུངས་ན། སུའི་མདུན་དུ་བྱིན་གྱིས་བརླབ་པར་བགྱི། ཨུ་པ་ལི། ད་ནི། དགེ་སློང་གཅིག་གི་མདུན་དུའོ། །དེ་བཞིན་དུ་ཞག་གཉིས་སམ། ཞག་གསུམ་མམ། ཞག་བཞིའམ། ཞག་ལྔའམ། ཞག་དྲུག་གི་བར་དུ་བྱིན་གྱིས་བརླབ་པར་བྱའོ། །ཞག་དྲུག་ཕན་ཆད་ནས་ཞག་བཞི་བཅུའི་བར་དུ་ནི། དགེ་འདུན་ལ་གསོལ་ཏེ་བསྐོས་ན། དགེ་འདུན་ནམ། གང་ཟག་གི་མདུན་དུ་ཡང་རུང ། ཅི་དགའ་བར་བྱིན་གྱིས་རློབས་ཤིག་།སངས་རྒྱས་ Pa224b བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། པགས་པ་མི་རུང་བ་དེའི་ཤ་ཡང་མི་རུང་བ་ལགས་སམ། ཨུ་པ་ལི། པགས་པ་མི་རུང་བ་དེའི་ཤ་ཡང་མི་རུང་པའོ། །དེའི་རྒྱུས་པ་དང ། རུས་པ་དག་ཀྱང་མི་རུང་པའོ། །རྐྱང་པའི་སྒོ་དང་པོའི་མདོའི་ཚིགས་སུ་བཅད་པ་གསུམ་པའོ།། །།འདུལ་བ་གཞུང་དམ་པ། བམ་པོ་སོ་དགུ་པ། མདོར་ན། གཟུགས་ཅན་སྙིང་པོ་མལ་གོས་དང ། ཕྱི་མོ་དུས་འདས་དེ་བཞིན་ཏེ། །བྱ་རོག་འུག་པ་བྱ་རྒོད་དང ། དེ་དག་བཟའ་བར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་འོད་མའི་ཚལ་བྱ་ཀ་ལནད་ཀ་གནས་པ་ན་བཞུགས་པའི་ཚེ་གང་གི་ཚེ་རྒྱལ་པོ་མ་སྐྱེས་དགྲ་ལྟས་བྱིན་གྱིས་བསླུས་ནས་དེའི་ཕ་ཆོས་ཅན། ཆོས་བཞིན་དུ་རྒྱལ་པོ་བྱེད་པ་འཚོ་བ་དང་ཕྲལ་བ་དེའི་ཚེ་དེའི་མལ་གོས་དག་མཐོང་བ་དང ། ངུ་བར་གྱུར་ནས་བློན་པོ་དག་གིས། ལྷ། རྒྱལ་པོ་བགྲེས་པོ་ནི། འཕགས་པ་དག་ལ་དགྱེས་ན། གཟིམས་ཆ་འདི་དག་ཀྱང་དགེ་འདུན་ལ་དབུལ་བའི་རིགས་སོ། །ཞེས་སྨྲས་པ་དང ། དེས་མལ་གོས་དེ་དག་གཙུག་ལག་ཁང་དུ་ཕུལ་ལོ། །དགེ་སློང་དག་གིས་དེ་སྒོ་ཁང་དུ་བཏིང་སྟེ་བཞག་གོ། དེ་དུས་ཕྱི་ཞིག་ན་རྒྱལ་པོ་གཙུག་ལག་ཁང་དུ་འོངས་ནས་དེས་དེ་མཐོང་བ་དང་ངུ་བར་གྱུར་ཏོ། །བློན་པོ་དག་གིས། འཕགས་པ་དག་།ཁྱེད་ལ་བྱིན་པ་ནི། མི་མཐོང་བར་བྱ་བའི་ཕྱིར་ན། སྒོ་ཁང་དུ་བཏིང་བ་འདི་ནི། Pa225a ༄#། །ཉེས་པའི་དམིགས་སུ་གྱུར་ཏོ། །ཞེས་སྨྲས་པ་དང ། དེ་དག་ཅང་མི་ཟེར་བར་འདུག་གོ་།དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་སྒོ་ཁང་དུ་མ་གཏང་ཞིག་།ཅེས་བཀའ་སྩལ་ནས་ཡང་ཐོག་ཏུ་བཏིང་བ་དང ། དེ་ཉིད་ཉེས་པའི་དམིགས་སུ་གྱུར་ནས་བཅོམ་ལྡན་འདས་ཀྱིས་ཡང་ཐོག་ཏུ་གདིང་བར་མ་བྱེད་ཅིག་།ཅེས་བཀའ་སྩལ་པ་དང ། གནས་ཁང་དུ་བཏིང་ནས་བཞག་གོ་།མ་དད་པ་དག་གིས་རྒྱལ་པོའི་མལ་གོས་ནི། དགེ་སློང་དག་གིས་ངེས་པར་བཙོངས་ཏེ་ཟོས་པས་ན། དེ་སྔོན་སྣང་ན། ད་མི་སྣང་ངོ ། །ཞེས་དཔྱས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚེས་བརྒྱད་དམ། བཅུ་བཞིའི་ཚེ་ཡང་ཐོག་ཏུ་ཐིངས་ལ་ཞོག་ཅིག་།མ་དད་པ་དག་གིས་མཐོང་ནས་ལྷའི་མལ་སྟན་དག་ནི། དགེ་སློང་དག་གིས་བཙོངས་ནས་ཟོས་ཏེ་མེད་དོ། །ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོན་དུ་ཕུལ་བའི་དངོས་པོ་འདི་ནི། རྒྱལ་པོ་གཟུགས་ཅན་སྙིང་པོའི་ཡིན་ནོ། །ཞེས་མཐའ་མ་ལ་ཡི་གེ་བྲིས་ཏེ་ཞོག་ཅིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ན་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་ཕྱི་མོ་སྡུག་ཅིང་ཡིད་དུ་འོང་བ་ཞིག་དུས་འདས་པ་དང ། དེ་ཕྱིར་ཕྱུང་སྟེ་བསྲེགས་ནས་ཤི་བའི་ཆོ་ག་བྱས་ཏེ་ Pa225b ནང་པར་སྔར་གོས་ཀྱང་གཤེར་།སྐྲ་ཡང་གཤེར་བཞིན་དུ་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་པ་དང་བཅོམ་ལྡན་འདས་ཀྱིས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རྒྱལ་པོ་ཆེན་པོ། ནང་པར་སྔར་སྐྲ་ཡང་གཤེར། གོས་ཀྱང་གཤེར་བཞིན་དུ་འདིར་ཅི་ལ་འོངས། བཙུན་པ། བདག་གི་ཕྱི་མོ་རབ་ཏུ་སྡུག་ཅིང་ཡིད་དུ་འོང་བ་ཞིག་དུས་འདས་པ་དང ། དེ་ཕྱིར་བྱུང་སྟེ་བསྲེགས་ནས་ཤི་བའི་ཆོ་ག་བགྱིས་ཏེ། དེའི་ཕྱིར་ནང་པར་སྔར་གོས་ཀྱང་གཤེར་།སྐྲ་ཡང་གཤེར་བཞིན་དུ་འདིར་མཆིས་སོ། །རྒྱལ་པོ་ཆེན་པོ། ཕྱི་མོ་རབ་ཏུ་སྡུག་གམ། བཙུན་པ། རབ་ཏུ་སྡུག་ཅིང་ཡིད་དུ་མཆི་སྟེ། བཙུན་པ། ཕྱི་མོ་སོས་པར་བྱས། བལ་གླང་མང་པོ་འཚལ་ཞེས་མཆི་བ་ཞིག་མཆིས་ན་ཡང ། བདག་གིས་བལ་གླང་མང་པོ་ཡང་གཏོང་ངོ ། །དེ་བཞིན་དུ་རྟ་མང་པོ་དང ། ཤིང་རྟ་མང་པོ་དང ། རྒྱལ་སྲིད་ཕྱེད་འཚལ་ན་ཡང ། ཕྱི་མོ་སོས་ན། རྒྱལ་སྲིད་ཕྱེད་ཀྱང་གཏོང་ཕོད་དོ། །བཙུན་པ། བདག་གིས་དེ་ལ་དེ་བཞིན་དུ་མྱ་ངན་དང ། དེ་བཞིན་དུ་ཉོན་མོངས་པ་དང ། དེ་བཞིན་དུ་མྱ་ངན་གྱིས་གཟིར་བཞིན་དུ་བསྒྲིམས་ཀྱང་ཕྱི་མོ་སྡུག་ཅིང་ཡིད་དུ་འོང་བ་དུས་འདས་པ་དང་བདག་གིས་འདི་སྙམ་དུ་བསམ་མོ། བཅོམ་ལྡན་འདས་ཀྱིས་ལེགས་པར་གསུངས་པ་ནི། ངོ་མཚར་ཆེ་སྟེ། སེམས་ཅན་ Pa226a ༄#། །ཐམས་ཅད་དང ། སྲོག་ཆགས་ཐམས་ཅད་དང ། འབྱུང་པོ་ཐམས་ཅད་འཚོ་བའི་མཐའ་ནི། འཆི་བར་འགྱུར་རོ། །མཐར་ནི། འཆི་ལ་ཐུག་པས་ན། སྐྱེས་ན། འཆིའོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ་ནི། ངོ་མཚར་ཆེའོ། །ཞེས་གསོལ་པ་དང ། རྒྱལ་པོ་ཆེན་པོ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། སེམས་ཅན་ཐམས་ཅད་དང ། སྲོག་ཆགས་ཐམས་ཅད་དང ། འབྱུང་པོ་ཐམས་ཅད་ཀྱང་འཚོ་བའི་མཐའ་ནི། འཆི་བར་འགྱུར་ཏེ། མཐར་འཆི་བ་ལ་ཐུག་པས་ན། སྐྱེས་ཕན་ཆད་མི་འཆི་བ་མེད་དོ། །རྒྱལ་པོ་ཆེན་པོ། གང་རྒྱལ་རིགས་ཆེ་ཞིང་མཐོ་བ་དང ། བྲམ་ཟེའི་རིགས་ཆེ་ཞིང་མཐོ་བ་དང ། ཁྱིམ་བདག་གི་རིགས་ཆེ་ཞིང་མཐོ་བ་དེ་དག་ཀྱང་འཚོལ་བའི་མཐའ་ནི། འཆི་བར་འགྱུར་ཏེ། མཐར་འཆི་བ་ལ་ཐུག་པས་ན། སྐྱེས་ཕན་ཆད་མི་འཆི་བ་མེད་དོ། །ཡང་རྒྱལ་པོ་ཆེན་པོ། རྒྱལ་ཐབས་སྤྱི་བོ་ནས་དབང་བསྐུར་བ། སྐྱེ་བོ་མང་པོ་ལ་དབང་ཞིང་བརྩོན་འགྲུས་ཐོབ་པ། ས་གཞི་ཆེན་པོའི་དཀྱིལ་འཁོར་ཡང་རབ་ཏུ་བརྟུལ་ཅིང་གནས་པར་བྱེད་པ་དེ་ལྟ་བུ་དག་ཀྱང་འཚོ་བའི་མཐའ་ནི། འཆི་བར་འགྱུར་ཏེ། མཐར་འཆི་བ་ལ་ཐུག་པས་ན། སྐྱེས་ཕན་ཆད་མི་འཆི་བ་མེད་དོ། ། རྒྱལ་པོ་ཆེན་པོ། ཡང་འདི་ལྟར། རྒྱལ་པོ་ལས་དྲང་སྲོང་དུ་གནས་ན། གནས་པ་འབྲས་བུ་རང་ལྷུང་བ་ཟ་བ། རྩ་བ་དང་འབྲས་བུས་འཆི་བ་དེ་ལྟ་བུ་ཡང་འཚོ་བའི་མཐའ་ནི། འཆི་བར་ Pa226b འགྱུར་ཏེ། མཐར་འཆི་བ་ལ་ཐུག་པས་ན། སྐྱེས་ཕན་ཆད་མི་འཆི་བ་མེད་དོ། །རྒྱལ་པོ་ཆེན་པོ། འདི་ལྟར། ཡང་ལྷ་ཚེ་རིང་པོ་ཁ་དོག་དང་ལྡན་པ་མང་བ་གཞལ་མེད་ཁང་མཐོན་པོ་ན་འདུག་ཀྱང་དེ་དག་གནས་དེ་ནས་འཆི་འཕོ་བའི་ཆོས་སུ་འགྱུར་རོ། །འདི་ལྟར་ཡང་རྒྱལ་པོ་ཆེན་པོ། དགྲ་བཅོམ་པ། ཟག་པ་ཟད་པ། བྱ་བ་བསྒྲུབས་པ། ཁུར་བོར་བ། རང་གི་དོན་ཐོབ་པ། སྲིད་པར་སྦྱོར་བ་ཟད་པ། ཡང་དག་པའི་བཀའ་ལ་སེམས་ཀྱིས་རྣམ་པར་གྲོལ་བ་དེ་དག་གི་ལུས་ཀྱང་བརྗེ་བའི་ཆོས་སུ་འགྱུར། ཡང་འདི་ལྟར། རྒྱལ་པོ་ཆེན་པོ། རང་སངས་རྒྱས་བསེ་རུ་འདྲ་བ། བདག་གཅིག་པུ་དུལ་བ། བདག་གཅིག་པུ་ཞི་བ། བདག་གཅིག་པུ་མྱ་ངན་ལས་ཟློ་བ་དེ་དག་ཀྱང་ལུས་བརྗེ་བའི་ཆོས་སུ་འགྱུར་རོ། །ཡང་འདི་ལྟར། རྒྱལ་པོ་ཆེན་པོ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྟོབས་བཅུ་དང་ལྡན་པ། མི་འཇིགས་པ་བཞིས་མི་འཇིགས་པ། ཁྱུ་མཆོག་གི་དམ་པ། སེངྒེ་སྒྲ་སྒྲོག་པ་དེ་ལྟ་བུའི་སྐུ་ཡང་བརྗེ་བའི་ཆོས་སུ་འགྱུར་རོ། །རྒྱལ་པོ་ཆེན་པོ། རྣམ་པ་དེ་ལྟ་བུ་ཐམས་ཅད་ཀྱང་དེ་བཞིན་དུ་རིག་པར་གྱིས་ཤིག་།གང་སེམས་ཅན་ཐམས་ཅད་དང ། སྲོག་ཆགས་ཐམས་ཅད་དང ། འབྱུང་པོ་ཐམས་ཅད་ཀྱང་འཚོ་བའི་མཐའ་ནི། འཆི་བར་འགྱུར་ཏེ། མཐར་འཆི་བ་ལ་ཐུག་པས་ན། སྐྱེས་ཕན་ཆད་མི་འཆི་བ་མེད་དེ། སེམས་ཅན་ཐམས་ཅད་ཀྱང་འཚོ་བའི་མཐའ་ནི། འཆི་བར་འགྱུར་ཏེ། ཇི་ལྟར་ Pa227a ༄#། །ལས་བྱས་དེ་ཡིས་ནི། །བསོད་ནམས་སྡིག་པའི་འབྲས་བུར་འགྲོ། སྡིག་པའི་ལས་ནི་དམྱལ་བར་ལྟུང ། །བསོད་ནམས་བྱས་པ་མཐོ་རིས་འགྲོ། ཁ་ཅིག་ལམ་ལ་བསྒོམས་པས་ནི། །ཟག་པ་མེད་པར་མྱ་ངན་འདའ། །སངས་རྒྱས་དང་ནི་རང་སངས་རྒྱས། །སངས་རྒྱས་ཀྱི་ནི་ཉན་ཐོས་རྣམས། །ལུས་འདི་རྣམ་པར་འདོར་འགྱུར་ན། །སྐྱེ་རྒུ་མ་རབས་སྨོས་ཅི་དགོས། །དེ་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་དགའ་སྟེ་རྗེས་སུ་ཡི་རང་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་སྟེ་བདག་གི་ཁྱིམ་དུ་ཕྱིན་པ་དང ། ཕྱི་མོའི་མལ་གོས་སྟོང་པར་མཐོང་ནས་ཡང་སྡུག་པ་ཤི་བའི་མྱ་ངན་གྱིས་སེམས་འཁྲུགས་ནས་བློན་པོ་དག་ལ་སྨྲས་པ། ཀྱེ། ངས་མལ་གོས་འདི་མཐོང་ནས་རབ་ཏུ་མི་དགའ་བ་སྐྱེས་ཀྱི། སོང་ལ་འཕགས་པའི་དགེ་འདུན་དག་ལ་འདི་ཕུལ་ཅིག་།དེ་དག་གིས་ཀྱང་ཛེ་ཏའི་ཚལ་དུ་འཕགས་པའི་དགེ་འདུན་དག་ལ་ཕུལ་བ་དང ། དགེ་སློང་དག་གིས་སྒོ་ཁང་དུ་བཏིང་སྟེ་བཞག་གོ་།དེ་ནས་དུས་ཕྱི་ཞིག་ན་རྒྱལ་པོ་དེ་གཙུག་ལག་ཁང་དུ་འོངས་ནས་དེས་དེ་མཐོང་བ་དང ། དེ་དུས་སོ། །བློན་པོ་དག་གིས། འཕགས་པ་དག་།འདི་མི་བསྟན་པའི་ཕྱིར་ཁྱེད་ལ་དབུལ་ན། སྒོ་ཁང་དུ་བཏིང་བ་དེ་ཉིད་ཉེས་པའི་དམིགས་སུ་གྱུར་ཏོ། །ཞེས་སྨྲས་པ་དང ། དེ་དག་ Pa227b ཅང་མི་ཟེར་བར་འདུག་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒོ་ཁང་དུ་མ་གདིང་བར་ཡང་ཐོག་ཏུ་ཐིངས་ཤིག། དེ་ཡང་ཉེས་པའི་དམིགས་སུ་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡང་ཐོག་ཏུ་མ་གདིང་པར་གནས་ཁང་དུ་ཐིངས་ཤིག་།དེ་ནས་གནས་ཁང་དུ་བཏིང་བ་དང ། མ་དད་པ་དག་གིས་རྒྱལ་མོའི་མལ་གོས་ནི། དགེ་སློང་རྣམས་ཀྱིས་བཙོངས་ཏེ་ཟོས་གོར་མ་ཆག་།སྔ་ན་ནི། སྣང་ན། ད་ནི། མི་སྣང་ངོ ། །ཞེས་དཔྱས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚེས་བརྒྱད་དམ། བཅུ་བཞིའི་དུས་སུ་ཡང་ཐོག་ཏུ་ཐིངས་ལ་ཞོག་ཅིག་།མ་དད་པ་དག་གིས་མཐོང་ནས་འདི་ནི། ལྷ་མོའི་མལ་གོས་མ་ཡིན་གྱི། དགེ་སློང་དག་གིས་ངེས་པར་བཙོངས་ཏེ་ཟོས་སོ། ། ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱིས་ཕུལ་བའི་གོས་སོ། །ཞེས་ཡི་གེར་བྲིས་ཞོག་ཅིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་མཉན་དུ་ཡོད་པར་སེར་བ་དྲག་པོ་ཞིག་བབས་ནས་དེར་རི་དྭགས་དང ། བྱ་མང་ཞིག་ཤིའོ། །སྐྱེ་བོ་མང་པོ་དག་ཐོ་རངས་སྔར་ལངས་ནས་རི་དྭགས་དང ། བྱ་གང་བཟར་རུང་བ་ལ་སོགས་པ་ནི། བསྡུས་ཏེ་ཁྱེར། བྱ་རོག་ལ་སོགས་པ་བཟར་མི་རུང་བ་ནི། བོར་རོ། །དྲུག་སྡེ་རྣམས་ཆོས་ཀྱིས་ Pa228a ༄#། །མང་དུ་ཟ་ཞིང་རིང་དུ་ཉལ་ལོ། །དེ་དག་རིང་ཞིག་ནས་ལངས་ཏེ་ཐོས་མ་ཐག་ཏུ་མྱུར་དུ་རིངས་པར་དོང་ནས་དེ་དག་གིས་བྱ་རོག་དང ། འུག་པ་དང ། བྱ་རྒོད་དང ། བྱ་ཆུ་སྐྱ་མོ་དག་བླངས་ཏེ་འོང་བ། བྲམ་ཟེ་དང ། ཁྱིམ་བདག་དག་གིས་མཐོང་ནས་དེ་དག་གིས། འཕགས་པ། འདི་ཅི་ཞིག་བྱ་ཞེས་སྨྲས་པ་དང ། དེ་དག་གིས་བཟའོ། །ཞེས་སྨྲས་པ་དང ། འཕགས་པ། འདི་དག་ནི། བཟར་མི་རུང་གི་།འོར་ཅིག་།ཀྱེ། གཞན་རྙེད་ན་ཡང་བླང་ན། འདི་ཅིའི་ཕྱིར་མི་བཟའ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།བྱ་རོག་ལ་སོགས་པའི་ཤ་བཟར་མི་རུང་བའི་ཤ་མ་ཟ་ཞིག། ཟོས་ན། འདས་པ་དང་བཅས་པར་འགྱུར་རོ། །རྐྱང་པའི་སྒོ་དང་པོའི་ཚིགས་སུ་བཅད་པ་བཞི་པའོ།། །།མདོར་ན། ཁྱི་དང་ཁྲ་དང་འུག་པ་དང ། །མི་ཤ་ཟ་བའི་བྱ་དག་དང ། །རྟ་དང་དྲེའུ་དང་ཝ་དང་ནི། །སྤྲེའུ་རྣམས་བཟའ་བར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མུ་གེ་བྱུང་ནས་ཁྱིམ་པ་དག་ཁྱིའི་ཤ་ཟ་བ་ལ་ཞུགས་པ་དང ། དྲུག་སྡེ་དག་མཉན་དུ་ཡོད་པར་བསོད་སྙོམས་ལ་དོང་སྟེ་ཁྱིམ་གང་ནས་གང་དུ་འོངས་པ་དེ་དང་དེར་འཕགས་པ། ཅུང་ཟད་ཙམ་ཡང་མ་མཆིས་སོ། །ཞེས་སྨྲས་ Pa228b པ་དང ། དེ་ནས་ཡང་ཁྱིམ་གཞན་ཞིག་ཏུ་འོངས་པ་དང ། དེ་ན་རྫེའུའི་ནང་ན་ཁྱི་ཤ་ཞིག་འཚོད་དེ་ཁོལ་ཞིང་འདུག་གོ་།ཁྱིམ་བདག་གི་ཆུང་མས། འཕགས་པ། ཅུང་ཟད་ཀྱང་མ་མཆིས་ཀྱི། བཞུད་ཅིག་།ཅེས་སྨྲས་པ་དང ། དེ་དག་གིས་སྨྲས་པ། རྫེའུའི་ནང་ན་ཁོལ་ཞིང་འདུག་པ་དེ་ཅི་ཡིན། འཕགས་པ་འདི་ནི། ཁྱི་ཤའོ། །ཅི། ཁྱེད་ཅག་ཁྱི་ཤ་ཟའམ། འཕགས་པ། མུ་གེ་བྱུང་བས་ན། འཚལ་ལོ། །དེ་ལྟར་ན། ངེད་ཅག་ཀྱང་བྱིན་ཅིག་།འཕགས་པ། ཁྱོད་ཀྱང་གསོལ་ལམ། ཀྱེ། ངེད་ཅག་གི་སྲོག་ཁྱེད་ལ་བརྟེན་ན། ཁྱེད་ཅག་ཟ་ན། ངེད་ཅག་ཀྱང་ཅིའི་ཕྱིར་མི་ཟ། དེ་དག་གིས་བྱིན་ནོ། །དེ་བྱིན་པ་དང་ཁྱེར་ཏེ་སོང་ངོ ། །ཁྱི་དག་གི་སྣར་མནམ་པ་ཚོར་ནས་དེ་དག་གིས་བསྐོར་ཅིང་བདག་བདག་གི་སྐད་ཀྱིས་ཟུགས་ཤིང་ངུ་སྟེ། ཕྱི་བཞིན་དུ་འབྲང་བ་བྲམ་ཟེ་དང ། ཁྱིམ་བདག་དག་གིས་མཐོང་ནས་དེ་དག་གིས་སྨྲས་པ། འཕགས་པ། ཅིའི་སླད་དུ་ཁྱི་དག་གིས་གཙེས་བཞིན་དུ་འདོང ། དེ་དག་གིས་སྨྲས་པ། བདག་ཅག་བསོད་སྙོམས་ཁྱི་ཤ་ཅུང་ཟད་ཅིག་རྙེད་དོ། །འཕགས་པ། ཅི། ཁྱེད་ཅག་ཁྱིའི་ཤ་ཟའམ། ཀྱེ། འདི་ལྟ་བུ་བསོད་སྙོམས་མི་རྙེད་པའི་དུས་ན་ངེད་ཅག་ཅི་ལྟོགས་བཞིན་དུ་འཆིའམ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་དགོངས་པ། གང་དགེ་སློང་དག་གིས་ཁྱི་ཤ་ཟོས་པ་ན། ཉེས་པའི་དམིགས་སུ་གྱུར་ཏེ། དེ་བས་ན། དགེ་སློང་དག་ཁྱི་ཤ་ Pa229a ༄#། །མ་ཟ་ཞིག་།དགེ་སློང་དག་གིས་ཁྱི་ཤ་ཟོས་ན། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དྲུག་སྡེ་དག་གིས་ཁྲ་དང ། འུག་པ་དང ། བྱ་མི་ཤ་ཟ་བ་དེ་དག་གི་ཤ་ཡང་ཟ་བ་དང ། བྲམ་ཟེ་དང ། ཁྱིམ་བདག་མ་དད་པ་དག་འཕྱ་བར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཁྲ་དང ། འུག་པ་དང ། མི་ཤ་ཟ་བ་དག་གི་བྱའི་ཤ་མ་ཟ་ཞིག་།དགེ་སློང་གིས་ཁྲ་དང ། འུག་པ་དང ། མི་ཤ་ཟ་བ་དག་གི་བྱའི་ཤ་ཟོས་ན། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། མ་བྱིན་པར་ལེན་པ་དག་གིས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་དྲེའུ་ཞིག་བརྐུས་ཏེ་ཁྲིད་ནས་ནགས་སྟུག་པོའི་ནང་དུ་བསད་དེ་ཤ་ཁྱེར་ནས་མགོ་སུག་བོར་ཏེ་དོང་ངོ ། །དྲུག་སྡེ་རྣམས་ཆོས་ཀྱིས་གོམས་པ་ནི། ནང་བར་སྔར་ལངས་ནས་ཁང་སྟེང་དུ་བྱུང་སྟེ་ཕྱོགས་བཞིར་བལྟས་ནས་དུད་པ་གང་ན་ཆེ་བ་དང ། བྱ་རྒོད་གང་ན་ལྡིང་བ་ཕྱོགས་བཞིར་བལྟས་ནས་དེར་འདོང་ངོ ། །དེ་དག་གིས་ནགས་སྟུག་པོ་ན་བྱ་རྒོད་ལྡིང་བ་མཐོང་ནས་དེ་དག་ནགས་སྟུག་པོར་རྒྱུག་ཅིང་རིངས་པར་དོང་བ་དང ། ནགས་སྟུག་པོ་དེ་ན་དྲེའུའི་མགོ་དང ། རྐང་ལག་དང ། མཇུག་མ་དག་མཐོང་ནས་དེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་ Pa229b བོ།་རྡུལ་ཁྲོད་པ་ཞིག་རྙེད་ན། བླང་ངམ་ཞེས་དང ། ལེགས་ཀྱི། བླང་ངོ ། །ཞེས་ནས་དེ་དག་གིས་གཅིག་ཏུ་བསྡུས་པ་དང ། དྲེའུ་རྫི་ཡན་མན་ཚོལ་བས་མཐོང་ནས་དེ་དག་གིས་སྨྲས་པ། འཕགས་པ་དག་ནི། དྲང་སྲོང་གི་རྒྱལ་མཚན་འཛིན་ན། ཅིའི་ཕྱིར་ངན་དུ་སྤྱོད་པ་མཛད། ངེད་ཅག་གིས་ཅི་ཞིག་ཉེས་ཞེས་སྨྲས་པ་དང ། རྒྱལ་པོའི་དྲེའུ་ནི། ཁྱེད་ཅག་གིས་བསད་དོ། །ཞེས་སྨྲས་པ་དང ། སྡིག་པ་ཞི་བར་གྱུར་ཅིག་།ངེད་ཅག་ནི། མི་གསོད་དོ། །འོ་ན་སུས་བསད་ཅེས་པ་དང ། མ་བྱིན་པར་ལེན་པ་དག་གིས་བསད་དེ། ངེད་ཅག་གིས་ནི། མགོ་དང ། རྐང་པ་དང ། མཇུག་མ་དག་རྡུལ་ཁྲོད་པར་བྱིན་གྱིས་བརླབས་སོ། །དེ་དག་གིས། ཅི། འཕགས་པ་ཁྱེད་ཅག་དྲེའུ་ཤ་བསྣམས་སམ་ཞེས་སྨྲས་པ་དང ། ཟའོ། །ཞེས་སྨྲས་པས། དེ་དག་འཕྱ་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དགེ་སློང་དག་སྲོག་ཆགས་དྲེའུའི་ཤ་ཟོས་པ་ནི། ཉེས་པའི་དམིགས་སུ་འགྱུར་ཏེ། དེ་བས་ན། དགེ་སློང་དག་གིས་སྲོག་ཆགས་རྨིག་ཟླུམ་གྱི་ཤ་མ་ཟ་ཞིག་།དེ་སྟེ་ཟོས་ན། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དྲུག་སྡེ་དག་གིས་ཝའི་ཤ་ཟོས་པ་དང ། བྲམ་ཟེ་དང་ཁྱིམ་བདག་གིས་མཐོང་ནས་སྨྲས་པ། བཙུན་པ། འདི་ཅི་ལགས། ཝའི་ཤའོ། །ཅི། འཕགས་པ་དག་ཀྱང་ཝའི་ཤ་བསྣམས་སམ། ཟའོ། ། Pa230a ༄#། །ཞེས་སྨྲས་པ་དང ། དེ་དག་འཕྱ་བར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།བྲམ་ཟེ་དང ། ཁྱིམ་བདག་རྣམས་འཕྱ་བ་ནི། ཡུས་ཏེ། དགེ་སློང་དག་།དེ་བས་ན། ཝའི་ཤ་མ་ཟ་ཞིག་།དགེ་སློང་དག་གིས་ཝའི་ཤ་ཟོས་ན། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། ཛེ་ཏའི་ཚལ་ན་སྤྲེའུ་ཞིག་ཤིང་ཁ་ནས་ཤིང་ཁར་རྒྱུ་བ་ལས་ལྷུང་ནས་དུས་འདས་ཏེ། དྲུག་སྡེ་དག་གིས་རྫེའུ་ཞིག་གི་ནང་དུ་བཅུག་སྟེ་འཚེད་པ་དང།་བུད་མེད་གཞན་ཞིག་བུ་ཆུང་ངུ་ཞིག་སྟོར་ནས་དེ་ཚོལ་ཞིང་ཛེ་ཏའི་ཚལ་དུ་འོངས་ན། དྲུག་སྡེ་རྣམས་རྫེའུའི་ནང་དུ་སྤྲེའུ་འཚེད་པ་མཐོང་ངོ ། །མཐོང་ནས་དེས་དྲུག་སྡེ་དག་གིས་བདག་གི་བུ་འདིར་མ་བཙོས་སམ་སྙམ་བསམ་སྟེ་རྟོག་པ་ལ་ཞུགས་པ་དང ། ཇི་ཙམ་ཞིག་ན་ལྷུང་ལྷུང་ཁོལ་བ་དང ། སྤྲེའུའི་ལག་པ་གྱེན་དུ་བྱུང་བ་དང ། དེ་བྲང་བརྡུངས་ཏེ་ཀྱི་ཧུད་བུ་།ཀྱི་ཧུད་བུ་ཞེས་སྨྲས་པ་དང ། དེའི་རྐང་པ་ཡང་བྱུང་སྟེ་ཀྱི་ཧུད་བུ། ཀྱི་ཧུད་བུ་ཞེས་ཡང་སྨྲས་པ་དང ། དྲུག་སྡེ་དག་གིས་ཅིའི་ཕྱིར་དེ་ལྟར་བྱེད་ཅེས་སྨྲས་པ་དང ། དེས་རྐང་ལག་བྱུང་བ་འདི་ནི། བདག་གི་བུའོ། །ཞེས་སྨྲས་པ་དང ། ཇི་ཙམ་ནས་མཇུག་མ་ཡང་བྱུང་ངོ ། །དྲུག་སྡེ་དག་གིས། ཅི། ཁྱོད་ཀྱི་བུ་ལ་མཇུག་མ་ཡོད་དམ་ཞེས་སྨྲས་པ་དང ། འཕགས་ Pa230b པ།་འདི་ནི། སྤྲེའུའམ། དེ་དག་གིས་སྨྲས་པ། སྤྲེའུའོ། །འཕགས་པ་དག་།སྤྲེའུའི་ཤ་ཡང་བསྣམས་སམ། དེས་ཟའོ། །ཞེས་སྨྲས་པ་དང ། དེ་དག་འཕྱ་བར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།སྤྲེའུ་ནི། མི་ཤ་དང་འདྲའི། དེ་བས་ན། དགེ་སློང་དག་སྤྲེའུའི་ཤ་མ་ཟ་ཞིག ། དགེ་སློང་དག་གིས་སྤྲེའུའི་ཤ་ཟོས་ན། འདས་པ་དང་བཅས་པར་འགྱུར་རོ། །རྐྱང་པའི་སྒོ་དང་པོའི་མདོའི་ཚིགས་སུ་བཅད་པ་ལྔ་པའོ།། །།མདོར་ན། ཕོར་བུ་གོས་དང་འཕགས་པ་དང ། །འདབ་མའི་ཕོར་བུར་མི་སྦྱིན་ནོ། །ལྕགས་ཀྱི་སྦུ་གུ་མ་གཏོགས་པར། །ནོར་བུ་འཁར་བས་བཏང་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་མཉན་དུ་ཡོད་པ་ན་དགེ་སློང་གཞན་ཞིག་ན་སྟེ། དེ་རབ་ཏུ་ནད་ཀྱིས་གཟིར་ནས་དེ་སྨན་པའི་དྲུང་དུ་སོང་སྟེ་ནད་མེད་ཅིག་།ཅེས་ནས་བཞིན་བཟང ། བདག་ནི། རྣམ་པ་འདི་ལྟ་བུ་ཞིག་ན་བར་གྱུར་ན། སྨན་གྱི་ཐབས་སྟོབ་ཅིག་།ཅེས་སྨྲས་པ་དང ། སྨན་པས། འཕགས་པ། མས་བཏང་བའི་སྨན་གྱིས་ཤིག་།ཅེས་སྨྲས་པ་དང ། དེས། བཞིན་བཟང ། བཅོམ་ལྡན་འདས་ཀྱིས་མ་གནང་ངོ ། །ཞེས་སྨྲས་པ་དང ། འཕགས་པ། ཁྱེད་ཀྱི་སྟོན་པ་ནི། ཐུགས་རྗེ་ཅན་ལགས་ཀྱི། རྗེས་སུ་གནང་བར་འགྱུར་རོ།། Pa231a ༄#། །ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་སྨན་པས་བསྒོས་ལ་དེས་སོས་པར་འགྱུར་ན། མས་བཏང་བ་བྱོས་ཤིག་།དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།བཅོམ་ལྡན་འདས་ཀྱིས་མས་བཏང་བའི་སྨན་ཐོང་ཞིག་།ཅེས་གསུངས་པ་དང ། དེ་དག་གིས་ཕོར་བུས་བླུགས་པ་དང ། བོ་སྟེ་མ་རུངས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕོར་བུས་མ་བླུགས་ཤིག་།ཅེས་གསུངས་པ་དང ། གོས་ཀྱི་མཐའ་མས་བླུགས་པ་དང ། དེའང་ཉེས་པའི་དམིགས་སུ་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གོས་ཀྱི་མཐའ་མས་མ་བླུགས་ཤིག་།ཅེས་གསུངས་ན། པགས་པའི་ནང་ནས་བླུགས་པ་དང ། དེའང་ཉེས་པའི་དམིགས་སུ་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། པགས་པའི་ནང་ནས་མ་བླུགས་ཤིག་།ཅེས་གསུངས་པ་དང ། འདབ་མའི་ཕོར་བུའི་ནང་ནས་བླུགས་ཏེ།་དེའང་ཉེས་དམིགས་སུ་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདབ་མའི་ཕོར་བུའི་ནང་ནས་མ་བླུགས་པར་སྤུ་གུའི་ནང་ནས་བླུགས་པར་གྱིས་ཤིག་།དེས་ལྕགས་ཀྱི་སྤུ་གུ་ནས་བླུགས་པ་དང ། དེ་ནང་དུ་བཅུག་ན་རབ་ཏུ་ཚ་ཞིང་རྩུབ་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྕགས་ཀྱི་སྤུ་གུ་མ་གཏོགས་པར་ནོར་བུའི་ Pa231b སྦུ་གུའམ། འཁར་བའི་སྦུ་གུས་གཏང་བར་གྱིས་ཤིག་།རྐྱང་པའི་སྒོ་དང་པོའི་མདོའི་ཚིགས་སུ་བཅད་པ་དྲུག་པའོ།། །།མདོར་ན། བུ་རམ་ཤིང་དང་ཞོ་ཞག་འབྲུ་མར་དང ། །གསོ་མ་བསྲེགས་པའི་ཐུག་པ་དང་ནི་མར། །རྩ་བ་འབྲས་བུ་སྡོང་བུ་ལོ་མར་བཅས། །ཐུག་པ་ཐམས་ཅད་བླུད་པར་བྱ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། སྨན་གཅིག་ལས་དེ་ཉིད་སྔ་དྲོ་བ། དེ་ཉིད་ཕྱི་དྲོ་བ། དེ་ཉིད་ཞག་བདུན་པ། དེ་ཉིད་ནམ་འཚོའི་བར་དུ་རུང་བར་འགྱུར་བ་མཆིས་སམ། ཨུ་པ་ལི། བུ་རམ་ཤིང་ནི། སྔ་དྲོའིའོ། །དེའི་ཁུ་བ་ནི། ཕྱི་དྲོ་བའོ། །བུ་རམ་ནི་ཞག་བདུན་པའོ། །བུ་རམ་ཤིང་དང ། བུ་རམ་བསྲེགས་པའི་ཐལ་བ་ནི། ནམ་འཚོའི་བར་དུའོ། །ུ་པ་ལི། ཞོ་ནི། སྔ་དྲོ་བའོ། །ཞོའི་ཆུ་ནི། ཕྱི་དྲོ་བའོ། །མར་ནི། བདུན་པའོ། །ཞོ་བསྲེགས་པའི་ཐལ་བ་ནི། ནམ་འཚོའི་བར་དུའོ། །ུ་པ་ལི། ཤ་ནི། སྔ་དྲོ་བའོ་ཚིལ་བུ་ནི། བདུན་པའོ། །ཤ་བསྲེགས་པའི་ཐལ་བ་ནི། ནམ་འཚོའི་བར་དུའོ། །ུ་པ་ལི། ཏིལ་ནི། སྔ་དྲོ་བའོ། །ཏིལ་གྱི་མར་ནི། བདུན་པའོ། །ཏིལ་བསྲེགས་པའི་ཐལ་བ་ནི། ནམ་འཚོའི་བར་དུའོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དགེ་སློང་ཞིག་ན་བར་གྱུར་ནས་སྨན་པས་མཐོང་སྟེ། འཕགས་པ། གསོ་མའི་ཐུག་པ་བྱོས་ལ་ Pa232a ༄#། །འཐུང་ཞིག་།ཅེས་སྨྲས་པ་དང ། དེས་དེ་ལྟར་གྱུར་པ་དགེ་སློང་རྣམས་ལ་སྨྲས་པ་དང ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་སྨན་པས་བསྒོ་ན། དེ་བཞིན་དུ་གྱིས་ཤིག་།དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དགེ་སློང་གཞན་དག་ཅིག་ཡང་ན་བར་གྱུར་ནས་དེ་དག་ཁ་ཅིག་ལ་ནི། སྨན་པས་ཡུངས་ཀར་གྱི་ཐུག་པ་འཐུང་ཞིག་།ཅེས་བསྒོའོ། །ཁ་ཅིག་ལ་ནི། རྩ་བའི་ཐུག་པ་འཐུང་ཞིག་།ཅེས་བསྒོའོ། །ཁ་ཅིག་ལ་ནི། སྡོང་བུའི་ཐུག་པ་འཐུང་ཞིག་།ཅེས་བསྒོའོ། །ཁ་ཅིག་ལ་ནི། འབྲས་བུའི་ཐུག་པ་འཐུང་ཞིག་།ཅེས་བསྒོ་བ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངས་རྗེས་སུ་གནང་གི། སྨན་པས་ནད་པ་ལ་ལུང་བསྒོ་ན། ཐམས་ཅད་ཀྱི་ཐུག་པའང་འཐུང་ཞིག་།དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག། རྐྱང་པའི་སྒོ་དང་པོའི་ཚིགས་སུ་བཅད་པ་བདུན་པའོ།། །།མདོར་ན། བུ་རམ་ཆུ་དང་བཏུང་བ་དེ་བཞིན་ཏེ། །ཞག་བདུན་བཞག་པར་གྱུར་པ་དང ། །གཞན་གྱི་ཕྱིར་ཡང་བསྔོ་བ་དང ། །རྗེས་སུ་ཕན་གདགས་མྱང་བར་བྱ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ Pa232b ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་ཏེ་ལྗོངས་སྤྱོད་ཅིང་གཤེགས་པ་དང ། དེ་དག་རི་བྲག་གི་གྲོང་གཞན་ཞིག་ཏུ་ཕྱིན་ཏེ་རི་བྲག་གི་གྲོང་དེ་ན་ཁྱིམ་བདག་གཞན་ཞིག་གནས་པ་དེ་གདུལ་བའི་དུས་ལ་བབ་པར་མཁྱེན་ནས་བཅོམ་ལྡན་འདས་རི་བྲག་གི་གྲོང་དེར་བྱོན་པ་དང ། ཁྱིམ་བདག་དེས་བཅོམ་ལྡན་འདས་མཐོང་ནས་དེ་དད་པ་སྐྱེས་ཏེ་བཅོམ་ལྡན་འདས་ཀྱི་དྲུང་དུ་འོངས་སོ། །བཅོམ་ལྡན་འདས་ཀྱིས་དེའི་བསམ་པ་དང ། བག་ལ་ཉལ་བ་དང ། ཁམས་དང ། རང་བཞིན་མཁྱེན་ནས་ཇི་ལྟར་འཕགས་པའི་བདེན་པ་བཞི་རྟོགས་པར་འགྱུར་བའི་ཆོས་དེ་ལྟ་བུ་བཤད་ནས་ཁྱིམ་བདག་དེས་ཐོས་པ་དང ། འཇིག་ཚོགས་སུ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །ཇི་ཙམ་ན་དགེ་སློང་དེ་དག་ལམ་གྱིས་ངལ་བས་གཟིར་ནས་ལོག་པའི་ལྷ་ཁང་དང ། བཀད་ས་དང ། སྐྱེད་མོས་ཚལ་དང ། ཤིང་དྲུང་དག་ཏུ་གློས་ཕབ་སྟེ་ཉལ་ཞིང་འཁོད་པ་དང ། ཁྱིམ་བདག་དེ་རབ་ཏུ་དད་པ་ཐོབ་པས་ན།་བཀད་ས་དང ། ལྷ་ཁང་དང ། ཤིང་དྲུང་དག་ཏུ་རིམ་གྱིས་དགེ་སློང་དག་ལ་ཕྱག་བྱ་བའི་ཕྱིར་སོང་བ་དང ། དགེ་སློང་དག་གནས་ན་ཉལ་ཞིང་འདུག་པ་དེས་མཐོང་ནས་འཕགས་པ་དག་།བསྟན་པ་ལ་ཤིན་ཏུ་བརྩོན་པར་བགྱི་བ་ལ། ཅིའི་སླད་དུ་ན་གཟིམས་ཤིང་བཞུགས་ཞེས་སྨྲས་པ་དང ། དེ་དག་གིས། ཁྱིམ་བདག་།ལམ་གྱི་ངལ་བས་གཟིར་ཅིང་ཉམ་ཆུང་སྟེ་དགེ་བའི་ Pa233a ༄#། །ཕྱོགས་སྤྱོད་པར་ཡང་མི་ནུས་སོ། །ཞེས་སྨྲས་པ་དང ། དེས་འཕགས་པ་རྣམས། དེ་ལྟར་ན། ཕྱི་དྲོ་བུ་རམ་གསོལ་བར་བཅོམ་ལྡན་འདས་ཀྱིས་གནང་ན། བདག་འཚལ་ཏེ་མཆིའི། གསོལ་ཅིག་ཅེས་སྨྲས་པ་དང ། དེ་དག་ལས་ཁ་ཅིག་ན་རེ། ཁྱིམ་བདག། དེ་ལེགས་ཀྱི། བཟའ་བར་བགྱིའོ། །ཁ་ཅིག་གིས། ཚེ་དང་ལྡན་པ། ཁྱིམ་བདག་བེ་ར་ཏྲ་སི་དག་གིས་བུ་རམ་བཟའ་བ་ལ་བརྟེན་ནས་དེས་དགྲ་བཅོམ་པ་མངོན་དུ་གྱུར་ཏེ་བཅོམ་ལྡན་འདས་ཀྱིས་དེ་བཞིན་དུ་རྗེས་སུ་གནང་ན། བདག་ཅག་ནི། ལམ་གྱི་ངལ་བས་གཟིར་ཏེ།་འཇིག་རྟེན་ན་མ་དད་པ་དག་ནི། གྲོང་ན་འཁོད་བཞིན་དུ་ཟའོ། །ཞེས་མི་དགའ་བར་འགྱུར་གྱི། གུད་དུ་འདོང་ངོ ། །ཞེས་སྨྲས་པ་དང ། ཁ་ཅིག་གིས། ཡང་ཚེ་དང་ལྡན་པ། དེ་ལྟར་འདོང་ན། བཅོམ་ལྡན་འདས་ལ་ཞུའོ། །ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་རམ་ནི། ཐམས་ཅད་དུ་བཟའ་བར་བྱ་སྟེ། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།བཅོམ་ལྡན་འདས་ཀྱིས་ཐམས་ཅད་དུ་བུ་རམ་ཟོ་ཞིག་།ཅེས་བཀའ་སྩལ་ནས་དགེ་སློང་དེ་དག་གིས་ཟོས་པ་དང ། དེ་དག་ལམ་གྱི་ངལ་བས་སྐོམ་གྱིས་གདུངས་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བུ་རམ་གྱི་ཆུ་གྱིས་ལ་འཐུང་ཞིག་།སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་ Pa233b པ་ཨུ་པ་ལིས་ཞུས་པ། བཙུན་པ། བུ་རམ་ཆུ་ཞག་བདུན་པར་བྱིན་གྱིས་བརླབས་ཏེ་འཚལ་དུ་རུང་ངམ། ཨུ་པ་ལི། རུང་ངོ ། །བཙུན་པ། ཇི་ཙམ་གྱི་བར་དུ་བཞག་ལ་བཏུང་བར་བགྱི། ཨུ་པ་ལི།་ཇི་ཙམ་ན་དང་བར་གྱུར་ཏེ་སྐྱུར་པོར་མ་གྱུར་ཅིང ། རང་བཞིན་མ་ཉམས་པའི་བར་དུའོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། བཅོམ་ལྡན་འདས་ཀྱིས་གསོ་སྦྱོང་དང ། ཚུལ་ནས་བྱུང་བ་དང།་ཆོས་གོས་བྱིན་གྱིས་བརླབ་པ་དང ། གོས་བསྔོ་བ་དང ། གང་ཟག་གཅིག་པོ་མགྲོན་དུ་བོས་པ་དང་འདི་ལྔ་ནི། རང་གི་བསམ་པས་འགྲུབ་བོ། །ཞེས་གསུངས་སོ། །དགེ་སློང་དེ་དག་གང་དུ་མགྲོན་དུ་བོས་པ་དེར་དེ་ལས་གཞན་དུའང་མགྲོན་དུ་བོས་སམ། དེ་ལས་ལྷག་པར་ཡང་རུང་སྟེ། གཅིག་ཏུ་ནི། བདག་ཉིད། གཉིས་སུ་ནི། བདག་གི་སེམས་བཏང་ནས་གཞན་བཏང་བའོ། །མུ་གེའི་དུས་ལ་བབ་སྟེ། དགེ་སློང་རྣམས་བསོད་སྙོམས་ཀྱིས་ཤིན་ཏུ་ཕོངས་པར་གྱུར་ཏོ། །དད་པའི་བྲམ་ཟེ་དང ། ཁྱིམ་བདག་གིས་དགེ་སློང་གནས་བརྟན་དག་ཟས་ལ་མགྲོན་དུ་བོས་པ་དང ། ཁྱིམ་བདག་ཅིག་ལ་ཁས་བླངས་ཏེ་གཞན་བཏང་ངོ ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། ངས་མུ་གེ་བྱུང་ཞིང་སྡུག་བསྔལ་ལ་རྙེད་དཀའ་བའི་དུས་ན། ཇི་སྙེད་དུ་མགྲོན་དུ་བོས་པ་དེ་ཐམས་ཅད་བདག་གིར་བྱ་བར་གྱིས་ལ་བདག་ཀྱང་ཟོ་ཞིག་།དགེ་སློང་དག་ལ་ཡང་བསྒོ་བར་བྱའོ། །དགེ་སློང་དག་བྲམ་ཟེ་དང ། ཁྱིམ་བདག་གཞན་གྱི་དེར་དོང་ Pa234a ༄#། །བ་དང།་དེ་དག་གིས། འཕགས་པ། ཁྱེད་ནི། བདག་ཅག་གིས་མགྲོན་དུ་མ་བོས་ཀྱི། འདི་བཞིན་བགྱི་བའི་གནས་བརྟན་བདག་ཅག་གིས་སྤྱན་དྲངས་སོ། །ཞེས་སྨྲས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་ཉིད་སོང་ལ་བྱིན་ལེན་བྱ་སྟེ། ཁམ་གཉིས་སམ། གསུམ་ཟོ་ལ་འདི་སྐད་དུ། ཁྱིམ་བདག། དགེ་སློང་དག་ཟས་ཀྱིས་བྲེལ་ཏེ། འདི་ལ་སྦྱིན་གྱི། རྗེས་སུ་ཡི་རང་བར་གྱིས་ཤིག་།ཅེས་སྨྲོས་ཤིག་།དེ་བཞིན་དུ་གཉིས་སམ། གསུམ་མམ། ཇི་སྙེད་མགྲོན་དུ་བོས་པ་ཐམས་ཅད་ལ་བྱིན་ཅིག་།ཐམས་ཅད་དེ་ལྟར་བྱས་ནས་ཐ་མར་མགྲོན་དུ་བོས་པ་ནི། ཇི་ཙམ་འགྲངས་པར་བཟའ་བར་བྱ་སྟེ། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།རྐྱང་པའི་སྒོ་དང ། པོའི་མདོའི་ཚིགས་སུ་བཅད་པ་བརྒྱད་པའོ།། །།མདོར་ན། མར་རམ་དེ་སྟེ་འབྲུ་མར་རམ། །གཞན་ཡང་བཞག་པར་གྱུར་པ་དང ། །མིག་སྨན་གྱི་ནི་གབ་ཚེ་དང ། །ཡངས་པ་ཅན་དང་རུང་བའི་གནས། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་གཞན་ཞིག་རླུང་ནད་ཀྱིས་བཏབ་པ་དེས་སྨན་པའི་གན་དུ་སོང་སྟེ་བཞིན་བཟང ། བདག་ལ་འདི་འདྲ་བའི་ནད་ཀྱིས་བཏབ་ན། སྨན་སྟོན་ཅིག་།ཅེས་སྨྲས་སོ། །དེས། འཕགས་པ། མར་འདི་ཙམ་ཞིག་གསོལ་དང ། འཚོ་བར་ Pa234b འགྱུར་རོ། །ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་ལ་སྨྲས་པ་དང ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་སྨན་པས་མར་འཐུང་ཞིག་པར་བསྒོ་ན། བཏུང་བར་བྱའོ། །དགེ་སློང་དེས་འཐུངས་པ་དང ། ཉིན་པར་བདེ་ཡང ། །མཚན་མོ་ཡང་རླུང་ནད་ལངས་སོ། །དགེ་སློང་དག་གིས་སྨན་པ་ལ་དྲིས་པ་དང ། དེས་།མཚན་མོའང་འཐུང་ཞིག་།ཅེས་སྨྲས་སོ། །དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་མཚན་མོ་ཡང་འཐུང་ཞིག་།ཅེས་བཀའ་སྩལ་པ་དང ། དེས་མང་དུ་བསགས་ནས་ཞག་བདུན་དུ་བྱིན་གྱིས་བརླབས་ཏེ། དེ་སོས་པར་གྱུར་ཏོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དགེ་སློང་གཞན་ཞིག་ནད་ཀྱིས་བཏབ་ནས་དེའང་སྨན་པའི་དྲུང་དུ་སོང་སྟེ་ནད་མེད་ཅིག ། ཅེས་བྱས་ནས་བཞིན་བཟང ། བདག་ལ་འདི་འདྲ་བའི་ནད་ཅིག་གིས་བཏབ་ན། སྨན་གྱི་ཐབས་སྟོན་ཅིག་།ཅེས་སྨྲས་སོ། །དེས། འཕགས། འབྲུ་མར་འདི་ཙམ་ཞིག་འཐུངས་ན། སོས་པར་འགྱུར་རོ། །ཞེས་བསྒོ་བ་དང ། དེ་ལྟར་གྱུར་པ་དགེ་སློང་དག་ལ་སྨྲས་པ་དང ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་སྨན་པས་འབྲུ་མར་འཐུང་ཞིག་།ཅེས་བསྒོ་ན། འབྲུ་མར་འཐུང་ཞིག་།དགེ་སློང་དེས་འཐུངས་པ་དང ། ཉིན་པར་སོས་ཀྱང་མཚན་མོ་ཡང་རླུང་ནད་དེ་ལངས་སོ། །དགེ་སློང་དག་གིས་སྨན་པ་ལ་དྲིས་ Pa235a ༄#། །པ་དང ། དེས། མཚན་མོ་ཡང་འཐུང་ཞིག་ཅེས་བསྒོའོ། །དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཚན་མོ་ཡང་འཐུང་ཞིག་།དེས་འབྲུ་མར་བསགས་ཏེ་ཞག་བདུན་དུ་བྱིན་གྱིས་བརླབས་ནས་འཐུངས་པ་དང ། སོས་པར་གྱུར་ཏོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དགེ་སློང་གཞན་ཞིག་ནད་ཀྱིས་བཏབ་པ་དང ། དེ་ཡང་སྨན་པའི་དྲུང་དུ་སོང་ནས་ནད་མེད་ཅིག་ཅེས་སྨྲས་ནས་བཞིན་བཟང ། བདག་ལ་ནད་འདི་ལྟ་བུ་ཞིག་གིས་བཏབ་ན། སྨན་གྱི་ཐབས་སྟོན་ཅིག་།ཅེས་སྨྲས་སོ། །དེས་མར་རམ། འབྲུ་མར་འདི་ཙམ་ཞིག་འཐུངས་ན། སོས་པར་འགྱུར་རོ། །ཞེས་སྨྲས་པ་དང ། དེ་བཤེས་ཉུང་བས་བཙལ་ཀྱང་མ་རྙེད་ནས་ཡང་སྨན་པའི་དྲུང་དུ་སོང་ནས་བཞིན་བཟང ། ཁྱོད་ཀྱིས་བསྒོ་ཡང ། ཁོ་བོས་འབྲུ་མར་ཡང་མ་རྙེད་ན། མར་ལྟ་ག་ལ་རྙེད། གཞན་ལྟ་ཅུང་ཟད་ཅི་རུང་སྟོན་ཅིག་།ཅེས་སྨྲས་པ་དང ། དེས། འཕགས་པ། འདི་ཞེས་བྱ་བའི་དགེ་སློང་ཞིག་གིས་འབྲུ་མར་སྦྱར་ལ། འདི་ཞེས་བྱ་བ་ཞིག་གིས་མར་སྦྱར་གྱི། དེའི་གན་དུ་སོང་དང ། གལ་ཏེ་སྦྱར་བ་དེའི་ལྷག་མ་ཡོད་ཀྱང་སྲིད་དོ། །ཞེས་སྨྲས་པ་དང ། དེ་དག་གི་དྲུང་དུ་སོང་ནས་བསླངས་ན། དེ་དག་གིས། ཚེ་དང་ལྡན་པ། དེ་ཞག་བདུན་ལས་འདས་ཏེ་སྤངས་པར་གྱུར་པས་མེད་དོ། །ཞེས་སྨྲས་པ་དང ། དེ་དེ་ལྟར་གྱུར་པ་དགེ་སློང་དག་ལ་སྨྲས་ Pa235b པ་དང ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནད་པའི་ཐབས་རྟོགས་ལ། མར་རམ། འབྲུ་མར་གཞན་ཅི་ཡང་རུང ། བཞག་པ་ཡང་བླའི། བཟའ་བར་བྱ་སྟེ། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།བཅོམ་ལྡན་འདས་ཀྱིས་མར་རམ། འབྲུ་མར་རམ། གཞན་ཅིའང་རུང ། བཞག་པ་ཡང་བླའི། ཟོ་ཞིག་།དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།ཅེས་བཀའ་སྩལ་ན། བྱིན་ལེན་བྱེད་པ་མེད་དོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱིན་ལེན་བྱེད་པའི་མི་མེད་ན། བྱིན་ལེན་མ་བྱས་ཀྱང་བླའི། ཟོ་ཞིག་།གང་གི་ཚེ་ན་པ་ན་གནང་བ་དེ། སོས་ན་མ་སྤྱོད་ཅིག་།སྤྱད་ན། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་མིག་སྨན་གྱི་སྣོད་གབ་ཙེ་ཆོངས་ཤིག་།ཅེས་བཀའ་སྩལ་ན། ཅི་འདྲ་བ་བཅང་བར་བགྱི། ཨུ་པ་ལི། རིན་པོ་ཆེ་ལས་བྱས་པ་མ་གཏོགས་སོ། །ཡང་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡུལ་ཡངས་པ་ཅན་ན་མི་རུང་བ་རྣམ་པ་བཅུ་སྤོངས་ལ། རུང་བའི་ཁང་པ་བྱིན་གྱིས་བརླབས་པར་གྱིས་ཤིག་།ཅེས་བཀའ་སྩལ་ན། ཅི་བཙུན་པ། ཁང་པ་འོག་རུང་བར་བྱིན་གྱིས་བརླབས་ན། ཁང་པའི་སྟེང་ཡང་རུང་བར་བྱིན་གྱིས་བརླབས་པར་འགྱུར་རམ། ཨུ་པ་ལི། ཇི་ལྟར་སྟེང་གི་བཞིན་དུ་ངོས་ཀྱི་ཡང་བརྗོད་པར་བྱའོ། ། Pa236a ༄#། །རྐྱང་པའི་སྒོ་དང་པོའི་མདོའི་ཚིགས་སུ་བཅད་པ་དགུ་པའོ།། །།མདོར་ན། རྩ་སྡོང་ལོ་མ་འབྲས་བུ་རྣམས། །ཐམས་ཅད་ཆང་གིས་སྤགས་པ་དང ། །ཁ་ཟས་མེད་པར་བཀྲུས་པ་དང ། །ཡང་ན་ཟས་ངན་དེ་བཞིན་ནོ། །སངས་རྒྱས་བཅོམ་ལྡན་འདས་སེར་སྐྱའི་དངོས་པོ་ཤིང་ནྱ་གྲོ་དྷའི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་རྒྱལ་པོ་ཟས་གཙང་མའི་ཤཱཀྱའི་རིགས་རེ་རེ་ཞིང་ཡང་ཤཱཀྱ་ལྔ་བརྒྱ་ཞིག་བཅོམ་ལྡན་འདས་ཀྱི་གཡོག་ཏུ་ཕུལ་བ་དང ། དེ་དག་ཀྱང་བཅོམ་ལྡན་འདས་ཀྱིས་རབ་ཏུ་ཕྱུང་ངོ ། །དེ་དག་སྔོན་ལུས་ཆང་གིས་གསོས་པས་ན། དེ་དག་ཆང་མེད་ནས་ལུས་ལ་ནད་ཞུགས་སོ། །བཅོམ་ལྡན་འདས་ཀྱིས་གཟིགས་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ། ཀུན་དགའ་བོ། ཅིའི་ཕྱིར་ན་ཤཱཀྱ་དག་རྙི་རྙི་པོར་གྱུར་ཅེས་བཀའ་སྩལ་པ་དང ། དེ་ལྟར་གྱུར་པ་བཅོམ་ལྡན་འདས་ལ་ཞིབ་མོར་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་དེ་ལྟར་ན། ངས་གནང་བ་ནི། ཆང་དུ་འགྱུར་བ་རྩ་བ་དང ། སྡོང་བུ་ལ་སོགས་པ་བསྐམས་ལ་ཕྱེ་མར་བགྱིས་ཏེ་རས་དཀར་པོའི་ནང་དུ་ཐུམ་པོར་གྱིས་ལ་ཆང་གི་མཐུ་ཞིལ་པ་རྫ་མ་མ་གང་བའི་ནང་དུ་ལུགས་ཤིག་།དེ་ནས་སླར་ཕྱུང་སྟེ་ལག་པ་ཁྲུས་ལ་ཆུ་ཁ་ཟས་མེད་པ་དང་བསྲེས་ཏེ་འདང་པར་ཚོགས་ལ་འཐུང་ཞིག་།དེ་སྐོམ་ན། སྔ་དྲོ་ཡང་རུང ། ཕྱི་དྲོ་ Pa236b ཡང་རུང་སྟེ། ཐེ་ཚོམ་མ་བྱེད་པར་འཐུང་ཞིག་།དེ་ལྟར་བྱོས་དང ། དེ་དག་ཆང་ལ་སྲེད་པ་དང་འབྲལ་བར་འགྱུར་རོ། །དགེ་སློང་ཁྱེད་སྟོན་པ་ང་ལ་དམིགས་ན་ནི། ཆང་མ་འཐུང་ཞིག་།མ་བླུད་ཅིག། རྩཝ་མཆོག་གིས་ཀྱང་མ་རེག་ཅིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དགེ་སློང་གཞན་ཞིག་ན་བར་གྱུར་ནས་དེ་ལ་སྨན་པས་ཟས་ངན་པ་བྱིན་ཅིག་ཅེས་བསྒོ་བ་དང ། དེ་ལ་དགེ་སློང་ཁ་ཅིག་གིས་ནི། ཤེས་ཀྱི། ཁ་ཅིག་གིས་མི་ཤེས་པ་དེ་དག་གིས་ཚེ་དང་ལྡན་པ་ཨུ་པ་ལི་ལ་དྲིས་པ་དང ། དེས་དེ་དག་ཞིབ་ཏུ་སྨྲས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས། དགེ་སློང་སཝ་སྟི་ལ་ཟས་ངན་པ་བྱིན་ཅིག་ཅེས་གསུངས་པ་ནི། ཅི། དེ་ཡང་བྱིན་ལེན་བགྱི་འཚལ་ལམ། ཨུ་པ་ལི། དེ་ཡང་བྱིན་ལེན་བྱོས་ཤིག་།སུ་ལས་བྱིན་ལེན་བགྱི། ཨུ་པ་ལི། དེ་ནི། དགེ་བསྙེན་དད་པ་ལས་སོ། །རྐྱང་པའི་སྒོ་དང་པོའི་ཚིགས་སུ་བཅད་པ་བཅུ་པ་སྟེ། སྒོ་དང་པོ་རྫོགས་སོ།། །།མདོར་བསྡུས་པར་ན། སྣོད་དང་ཆོས་གོས་གཉི་ག་དང ། །ཀོ་ས་ལ་དང་གསར་པ་དེ་བཞིན་ཏེ། །བསྒྲགས་དང་ཆོས་གོས་སྣ་ཚོགས་དང ། །ལྷན་ཅིག་པ་ཡང་དགེ་སློང་མ་རྣམས་ནི། །ཐ་མར་བྱས་ཏེ་བསྡུས་པའི་མདོར་གསུངས་སོ། །མདོར་ན། སྣོད་དང་ཡོ་བྱད་གཙུག་ལག་ཁང ། །འགྲོན་པ་མང་བཅོམ་གོས་རྣམས་དང ། །གོས་དང་གདུགས་དང་དེ་བཞིན་ཤིང ། །དུར་ཁྲོད་པ་དང་དེ་བཞིན་ Pa237a ༄#། །སྤངས། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེའི་ཚེ་ན་ཁྱིམ་བདག་གཞན་ཞིག་གིས་རི་བྲག་གི་གྲོང་གཞན་ཞིག་ཏུ་ཡོ་བྱད་ཐམས་ཅད་དང་ལྡན་པའི་གཙུག་ལག་ཁང་ཞིག་བརྩིགས་ནས་ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་ལ་ཕུལ་ལོ། །དེ་ན་མལ་སྟན་དང ། སྣོད་སྤྱད་མང་དུ་གྱུར། དགེ་སློང་ནི། ཉུང་དུ་གནས་ཏེ། དེའི་ནང་ནས་ཁ་ཅིག་གིས་ཚེ་དང་ལྡན་པ་དག་།མལ་སྟན་དང ། སྣོད་སྤྱད་དང ། ཡོ་བྱད་དག་མ་སྤྱད་ན། དེ་དག་ཆུད་ཟོས་པར་འགྱུར་གྱི། དེ་དག་ལས་བདག་ཅག་ལ་སྤྱད་པར་ཇི་ཙམ་དགོས་པ་དེ་ཙམ་ཞིག་བཅངས་ལ། དེའི་ལྷག་མ་རྣམས་ནི། གཙུག་ལག་ཁང་གཞན་དུ་དབུལ་ལོ། །ཞེས་སྨྲས་ནས་དེ་དག་གིས་དེ་བཞིན་དུ་བྱས་སོ། །ཇི་ཙམ་ཞིག་ན་བསོད་སྙོམས་པ་གཞན་ཞིག་ལྗོངས་སྤྱད་པ་སྤྱོད་ཅིང་གཙུག་ལག་ཁང་དེར་འོངས་པ་དང ། དགེ་སློང་དེ་དག་གིས་ངལ་བསོར་བཅུག་ནས་དེའང་དགེ་འདུན་དེ་དག་གི་ནང་ན་རྒན་པ་ཞིག་སྟེ། གཙུག་ལག་ཁང་དུ་ལམ་གྱི་ངལ་བསོས་ནས་དེས་དེ་དག་ལ། ཚེ་དང་ལྡན་པ། མལ་སྟན་མཆིས་སམ་ཞེས་སྨྲས་ན། མེད་དོ། །ཞེས་སྨྲས་པ་དང ། དགེ་སློང་དག་གིས་ཇི་ལྟར་ཡིན་པ་དེ་ལ་ཞིབ་ཏུ་སྨྲས་སོ། །དེ་གདིང་བ་མེད་པར་ས་ལ་དེ་བཞིན་དུ་ཉལ་ནས་ནང་པར་སྔར་ལངས་ཏེ། ལྡེ་མིག་ཀྱོག་པོ་ Pa237b དང།་ལྡེ་མིག་ཁྱེར་ནས་ཁྱིམ་བདག་དེའི་ཁྱིམ་དུ་སོང་བ་དང ། དེ་ནས་ཁྱིམ་བདག་དེས་དེ་ལ་བདེ་བར་བྱོན་ཏམ་ཞེས་པའི་ཚིག་བརྗོད་ནས་སྟན་ཁྱེར་ཏེ་ཕྱིར་བྱུང་བ་དང ། བསོད་སྙོམས་པ་དེ་སྤྱོད་ལམ་ཞི་བའི་ཚུལ་དུ་འདུག་གོ་།བསོད་སྙོམས་པས་ཀྱང་དེ་ལ་ནོར་ལས་བསོད་ནམས་བྱ་བའི་དངོས་པོ་བདུན་གྱི་ཡོན་ཏན་རྒྱས་པར་བརྗོད་པ་དང ། ཁྱིམ་བདག་གིས། འཕགས་པ།་བདག་གིས་དེ་ཐམས་ཅད་བགྱིས་སོ། །ཞེས་སྨྲས་པ་དང ། བསོད་སྙོམས་པས། ཁྱིམ་བདག་ཁྱོད་ཀྱི་གཙུག་ལག་ཁང་ན་མལ་སྟན་དག་ཡོད་མེད་དེ། མདང་ང་ཡང་གདིང་བ་མེད་པར་སའི་སྟེང་ན་དེ་བཞིན་དུ་ཉལ་ཉལ་ཏེ་འདིར་འོངས་སོ། །ཁྱོད་ན་རེ། དེ་ཐམས་ཅད་བདག་གིས་དེ་བཞིན་དུ་བགྱིས་སོ། །ཞེས་ཟེར་ན། འདི་ཅི་ཉེས་ཞེས་སྨྲས་པ་དང ། ཁྱིམ་བདག་གིས། འཕགས་པ། ཁོ་བོས་ནི། དེར་མལ་སྟན་དང ། སྣོད་སྤྱད་དང ། ཡོ་བྱད་རྣམས་མང་དུ་སྦྱར་ན། འཕགས་པ། དེ་དག་གིས་གཙུག་ལག་ཁང་གཞན་དུ་གདོན་མ་ཟོས་པར་བཏང་ངོ ། །ཞེས་སྨྲས་པ་དང ། དེས་ཁྱིམ་བདག་ཉིད་ཀྱི་གཙུག་ལག་ཁང་གི་ལྡེ་མིག་ཀྱོག་པོ་དང ། ལྡེ་མིག་གི་ངོ་ཤེས་སམ་ཞེས་སྨྲས་པ་དང ། འཕགས་པ། ཤིན་ཏུ་འཚལ་ཏོ། །དེས་དེ་བསྟན་པ་དང ། དེས། འཕགས་པ། བཞུད་ཅིག་།བདག་ཀྱང་མཆིའོ། །ཞེས་སྨྲས་སོ། །དེ་ནས་བསོད་སྙོམས་པ་སོང་བ་དང་ཁྱིམ་བདག་ཀྱང་རྗེས་བཞིན་དུ་འོངས་ནས་དེས་དགེ་སློང་རྣམས་བསྡུས་ནས་འཕགས་ Pa238a ༄#། །པ།་བདག་གི་འདིར་མལ་སྟན་དང ། སྣོད་སྤྱད་དང ། ཡོ་བྱད་མང་དུ་ཕུལ་ན། དེ་དག་གར་མཆིས་ཞེས་སྨྲས་པ་དང ། དེས་ཇི་ལྟར་གྱུར་པ་དེ་དག་ཐམས་ཅད་ཁྱིམ་བདག་ལ་སྨྲས་པ་དང ། དེས་ཉེས་པ་ངོར་བརྗོད་དེ། སྨྲས་པ། ཁྱོད་ཀྱིས་མ་ལེགས་པར་བྱས་ཏེ། དེ་ཡང་དེར་བས་ན། ད་ཅི་སླར་བླང་དུ་རུང་ངམ། འོན་ཏེ་མི་རུང ། དེ་དག་གིས་སྨྲས་པ། མི་རུང་ངོ ། །འཕགས་པ། ཁོ་བོས་ནི། དེར་མ་ཕུལ་གྱི། སོང་ལ་སླར་ལོངས་ཤིག་།དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཙུག་ལག་ཁང་གཞན་དུ་མ་དབུལ་ཅིག་།ཇི་ལྟར་དམིགས་པ་དེ་བཞིན་དུ་སྤྱད་པར་བྱའོ། །གཞན་དུ་ན། གང་གིས་བྱིན་པ་དེ་ལ་རིན་ཐང་བཞིན་དུ་ཕོབས་ཤིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དྲུག་སྡེ་རྣམས་འགྲོན་པ་མང་པོ་དང་ལྷན་ཅིག་ཏུ་ལྗོངས་སྤྱད་པ་སྤྱོད་ཅིང་དོང་བ་དང ། དེ་དག་ཆོས་ཀྱིས་རྡུལ་གྱིས་འཇིགས་པ་ན། ཡང་ན་ནི།་འགྲོན་པ་དག་གི་མདུན་དུ་འདོང ། ཡང་ན་ནི། ཕྱི་བཞིན་འདོང་ངོ ། །ཇི་ཙམ་ན་འགྲོན་པ་མང་པོ་རྣམས་རྐུན་པོས་བཅོམ་ནས་སྐྱེ་བོ་མང་པོ་རྣམས་ཀྱིས་ནོར་བོར་ཏེ་བྲོས་པ་དང ། རྐུན་པོ་རྣམས་ཀྱིས་ནོར་ཀུན་བཀུར་མ་ནུས་ནས་དེ་དག་གིས་བཟང་བ་འདམས་ཏེ་ཁྱེར་ཏེ་དོང་ངོ ། །དྲུག་སྡེ་རྣམས་འགྲོན་པ་མང་པོའི་ཕྱི་བཞིན་དུ་འབྲངས་ཏེ་དོང་བ་ལས་གནས་དེར་ Pa238b ཕྱིན་པ་དང ། དེ་དག་གིས་ནོར་མང་པོ་བོར་བ་མཐོང་སྟེ། དེ་ནས་དགའ་བོ་ཉེ་དགའ་བོ། ཕྱག་དར་ཁྲོད་བརྙེད་ཀྱི། བླང་ངོ ། །ཞེས་སྨྲས་པ་དང ། དེ་དག་གིས་དེ་ལས་ཀྱང་གོས་རྣམས་བདམས་ཏེ་ཁྱེར་རོ། །འགྲོན་པ་མང་པོ་ར་མདའ་དང་ལམ་སྲུང་དུ་བཅས་ཏེ། སླར་ལོག་པ་དེ་དག་གིས་དྲུག་སྡེ་དག་གིས་ཁྱེར་བ་རྣམས་ངོ་ཤེས་ནས་དེ་དག་གིས། གང་རྐུན་པོ་རྣམས་ཀྱིས་བོར་བ་དེ་ཡང་དགེ་སྦྱོང་མགོ་རེག་རྣམས་ཀྱིས་བརྐུས་སོ། །ཞེས་བསམ་མོ། །དྲུག་སྡེ་རྣམས་ལ་ཁ་ངན་དུ། འཕགས་པ་དག་དྲང་སྲོང་གི་རྒྱལ་མཚན་འཛིན་ལ། དེ་ལྟ་བུའི་ལོག་པར་སྤྱོད་པ་དག་སྤྱོད་ཅེས་སྤྱོས་ཏེ། ཉེས་པ་ངོར་བརྗོད་པ་དང ། དེ་དག་གིས། འགྲོན་པ་མང་པོ་རྣམས་རྐུན་པོས་བཅོམ་སྟེ། ངེད་ཀྱིས་ནི། མ་ཡིན་གྱི། ངེད་ཀྱི་ཕྱག་དར་ཁྲོད་ཀྱི་གོས་རྙེད་དོ། །ཞེས་སྨྲས་པ་དང ། དེ་དག་གིས་ཕྱག་དར་ཁྲོད་ཀྱི་གོས་ནི། མ་ལགས་སོ། །ཞེས་སྨྲས་པ་དང ། དེ་ལན་མེད་ནས་ཅང་མི་སྨྲ་བར་འདུག་གོ་།དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས། འགྲོན་པ་མང་པོ་འཕྱ་བ་ནི། ཡུས་ཏེ། དེ་བས་ན། དགེ་སློང་དག་གིས་འགྲོན་པ་མང་པོ་བཅོམ་པའི་གོས་མ་བཀུར་ཅིག་།དགེ་སློང་དག་གིས་འགྲོན་པ་མང་པོ་བཅོམ་པའི་གོས་ཁྱེར་ན། འདས་པ་དང་བཅས་པར་འགྱུར་རོ། །གཞན་ཡང་དད་པར་གྱུར་པ་དེ་དག་གིས། འཕགས་པ་དག་།ཅི་བདེར་ Pa239a ༄#། །སྣོམས་ཤིག་།ཅེས་སྨྲས་ན། དགེ་སློང་དག་ཐེ་ཚོམ་དུ་གྱུར་ནས་མི་ལེན་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་ཅི་བདེར་ཁྱེར་ཅིག་།ཅེས་སྨྲ་ན།། ལོངས་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།གླེང་གཞི་ནི། རྒྱལ་པོའི་ཁབ་ན་སྟེ། དགེ་སློང་དྲུག་སྡེ་དག་གིས་བསིལ་བ་ཚལ་གྱི་དུར་ཁྲོད་དུ་དོང་བ་དང ། ཤི་བའི་ཡོ་བྱད་གདུགས་དང ། ཤིང་དང ། གོས་དག་མང་པོ་བོར་བ་དེ་དག་གིས་མཐོང་ནས་དེའི་ནང་ནས་གཅིག་གིས། དགའ་བོ་ཉེ་དགའ་བོ། ཕྱག་དར་ཁྲོད་ཀྱི་གོས་རྙེད་ཀྱི། བཀུར་རོ། །ཞེས་སྨྲས་པ་དང ། དགའ་བོས་ལེགས་ཀྱི། བཀུར་རོ། །ཞེས་སྨྲས་ནས་དེ་དག་གིས་བླངས་ཏེ་དོང་ངོ ། །དུར་ཁྲོད་ཀྱི་སྲུང་མ་རིགས་ངན་དག་འོངས་ནས་དེས་བསམ་པ། དུར་ཁྲོད་འདི་ན་ཅུང་ཟད་ཀྱང་མེད་པས་ན། ཁ་ཅིག་གིས་དུར་བརྐུས་པར་གདོན་མི་ཟའོ། །སྙམ་བསམ་ནས་ཡང་འདི་སྙམ་དུ། གང་གིས་བརྐུས་པ་དེ་རྙོགས་པས་སླར་ཡང་འོངས་པར་གདོན་མི་ཟའི། མངོན་པར་གབ་སྟེ་འདུག་གོ་།སྙམ་དུ་བསམ་སྟེ་དེ་ནགས་སྟུག་པོའི་ནང་དུ་ཞུགས་ནས་ཉིན་གཅིག་བཞིན་དུ་སྡོད་ཅིང་འདུག་པ་དང ། དྲུག་སྡེ་ཞག་བདུན་ནམ་བརྒྱད་ལོན་ཏེ་དགའ་བོ་ཉེ་དགའ་བོ། བདག་ཅག་གིས་དུར་ཁྲོད་དུ་མ་དོང་ནས་ད་རིང་ཞིག་ལོན་ཏེ་ཅུང་ཟད་ཙམ་རྙེད་ཀྱང་སྲིད་ཀྱི། ཡང་འདོང་ངོ ། །ཞེས་སྨྲས་ནས་དེ་དག་དོང་ངོ ། །ཇི་ཙམ་ན་དེ་ན་གོས་དང ། གདུགས་དང ། ཤིང་དག་བོར་བ་དེ་དག་གིས་ Pa239b བླང་པར་བརྩམས་པ་དང ། རིགས་ངན་ནགས་ཚལ་སྟུག་པོ་ན་འདུག་པ་དེས་མཐོང་ནས་རྒྱུགས་ཏེ་འོངས་ནས་དེས། འཕགས་པ་དག། བདག་ཅག་ཕུ་ནུ་དང ། གཉེན་དང ། གྲོགས་པོ་དག་རྒྱལ་པོའི་བཀའ་བཞིན་དུ་བྱེད་པ་ཡང་དུར་ཁྲོད་ཀྱི་གོས་འདིའི་ཕྱིར་ཡིན་ན། ཁྱེད་ཅག་གིས་ཅིའི་ཕྱིར་བདག་པོ་ཡོད་པའི་དུར་ཁྲོད་ཀྱི་ཤི་བའི་ཡོ་བྱད་དག་བཀུར་པར་བྱ་ཞེས་སྨྲས་པ་དང ། དེ་དག་གིས། བཞིན་བཟང ། ངེད་ཅག་གིས་ནི། ཕྱག་དར་ཁྲོད་པའི་གོས་བླངས་སོ། །དེས། འཕགས་པ། འདི་ལ་དེ་དག་ཕྱག་དར་ཁྲོད་ཀྱི་གོས་ཡིན་ན་རབ་ཏུ་ལེགས་སོ། །ཞེས་སྨྲས་པ་དང ། དེ་དག་ལན་མེད་ནས་ཅང་མི་ཟེར་བར་འདུག་གོ་།དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།རིགས་ངན་འཕྱ་བ་ནི། ཡུས་ཏེ། དེ་བས་ན། དགེ་སློང་དག་།བདག་པོ་ཡོད་པའི་དུར་ཁྲོད་ནས་ཕྱག་དར་ཁྲོད་ཀྱི་གོས་མ་ལེན་ཅིག་།དགེ་སློང་དག་གིས་བདག་པོ་ཡོད་པའི་དུར་ཁྲོད་ཀྱི་ཕྱག་དར་ཁྲོད་པའི་གོས་བླངས་ན། འདས་པ་དང་བཅས་པར་འགྱུར་རོ། །གཞན་ཡང་དད་པར་གྱུར་པ་དག་གིས་དེ་དག་ལ། འཕགས་པ་དག་།ཅི་བདེ་བར་ཁྱེར་ཅིག་ཅེས་སྨྲས་པ་དང ། དགེ་སློང་དག་ཐེ་ཚོམ་དུ་གྱུར་ཏེ་མ་བླངས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་ཅི་བདེ་བར་ལོངས་ཤིག་།ཅེས་ཟེར་ན། བླང་བར་བྱ་སྟེ། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།རྐྱང་པའི་སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་དང་པོའོ།། །། Pa240a ༄#། །འདུལ་བ་གཞུང་དམ་པ། བམ་པོ་བཞི་བཅུ་པ། མདོར་ན། གོས་ལ་སོགས་པ་ཤིང་བལ་དང ། །ལྷ་ཁང་ནས་འཕྲོག་དེ་བཞིན་ཏེ། །དགེ་འདུན་གྱི་ནི་ཆོས་གོས་གསུམ། །གང་ཟག་དག་ལས་བླང་མི་བྱ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དྲུག་སྡེ་བཞོན་པ་མང་པོ་ཤིང་རྟ་དང་ལྷན་ཅིག་ལམ་དུ་ཞུགས་ནས་ལམ་གྱི་ཕྱེད་དུ་ཕྱིན་པ་དང ། ཤིང་རྟ་གཅིག་གི་སྲོག་ཤིང་ཆག་ནས་ཚོང་པ་དེས་སྲོག་ཤིང་ཡང་བརྗེས་ནས་སྲོག་ཤིང་ཆག་པ་བོར་ཏེ་སོང་ངོ ། ། ཉེ་དགའ་བོས་ཤིང་རྟའི་སྲོག་ཤིང་དེ་བླངས་ཏེ་ལམ་པོ་ཆེའི་བཞི་མདོར་བོར་ནས་སྨྲས་པ། དགའ་བོ་ཉེ་དགའ་བོ། འདི་ནི། བདག་ཅག་གི་སྲོག་ཤིང་དབང་ཕྱུག་ཅེས་བྱ་བའི་ལྷ་རྟེན་དུ་བཅའ་བའི་ཕྱིར་བཙུགས་སོ། །ཞེས་བྱས་ཏེ་དོང་བ་ལས། ཁྱིམ་བདག་གཞན་དག་གིས་ཀྱང་དེར་སྟེགས་སུ་བརྩིགས་སོ། །གཞན་ཞིག་གིས་ཀྱང་དེ་ལ་གསོལ་བ་བཏབ་སྟེ། གལ་ཏེ་བདག་གི་དོན་འདི་དང་འདི་ལྟ་བུ་ཞིག་གྲུབ་ན། བདག་གིས་འདིར་ཁང་པ་བརྩིགས་ལ་བྲམ་ཟེ་བརྒྱ་རྩ་བརྒྱད་ལ་སྟོན་མོ་བྱའོ། །ཞེས་སྨྲས་པ་ལས། དེའང་རྟེན་ཅིང་འབྲེལ་པར་འབྱུང་བ་དང་ལྡན་པས་དེའི་དེའང་གྲུབ་ནས་དེས་དེར་དམ་ཇི་ལྟར་བཅས་པ་ཐམས་ཅད་བསྒྲུབས་ནས་དེ་ལོག་པའི་ལྷ་ཁང་དུ་གྱུར་ཏེ་ལྷ་ཁང་བས་ཀྱང་བྱིན་གྱིས་བརླབས་སོ། །དེ་ནས་ཚོང་པ་འགྲོན་པོ་མང་པོ་དག་ཅིག་ལམ་ Pa240b དེར་ཞུགས་པ་དང ། དེར་གོས་དང ། བལ་དང ། ཤིང་བལ་ངག་མང་དུ་ཕུལ་ལོ། །དྲུག་སྡེ་དག་སླར་ལོག་པའི་ཚེ་ལྷ་ཁང་དེ་རབ་ཏུ་རྒྱས་པར་མཐོང་ནས་དེ་དག་གིས་སྨྲས་པ། དགའ་བོ་ཉེ་དགའ་བོ། ཤིང་རྟའི་སྲོག་ཤིང་དབང་ཕྱུག་གོས་དང ། བལ་དང ། ཤིང་བལ་དག་རབ་ཏུ་མང་ཞིང་ཕུན་སུམ་ཚོགས་པ་དེ་བཀུར་རོ། །ཞེས་དེ་དག་གིས་བླང་བར་བརྩམས་པ་དང ། ལྷ་ཁང་པ་དག་ལྷགས་ཏེ་དེ་དག་གིས། འཕགས་པ་དག་།ལྷ་ཁང་འདི་ནི། བདག་ཅག་གི་སྟེ། འདི་ནི། ལས་དང ། བྱི་དོར་བདག་ཅག་གིས་བགྱིས་ན། ལྷའི་གོས་རྣམས་ཅིའི་ཕྱིར་ལེན་ཅིང་དབྲོག་།ཁྱེད་ཅག་མ་བྱིན་པར་ལེན་པ་མ་སྤངས་སམ་ཞེས་སྨྲས་པ་དང ། དེ་དག་གིས་བཀྲེན་པ། འདི་ཇི་ལྟར་ཁྱེད་ཀྱི་ལྷ་ཁང ། དེད་ཅག་གིས་ཤིང་རྟ་སྲོག་ཤིང་ཆག་པ་ཞིག་རྟེན་ཐབས་སུ་བཙུགས་ཏེ་བཞག་གོ ། ཞེས་སྨྲས་སོ། །ལྷ་ཁང་པ་དེས་ཀུ་ཅོ་བཏོན་པ་དང ། དེ་ནས་ཉེ་དགའ་བོ་ཁྲོས་ནས་དེ་རྡོག་པ་གཅིག་བརྒྱབ་ནས་བསྒྱེལ་བར་བྱས་སོ། །དེ་ནས་དེ་སྙེམས་ཤིང་དྲེགས་པ་རྣམས་སྤ་གོང་ནས་འཕགས་པ།་ཁྱེད་དམ། གཞན་ཞིག་གིས་བྱས་པར་གྱུར་ཀྱང་བདག་ཅག་ནི། འདི་ལ་བརྟེན་ཅིང ། འཚོ་བ་ཡང་འདི་ལ་ལྟོས་ན། ཅིའི་ཕྱིར་ཁྱེད་ཀྱིས་འཕགས་པའི་ཆོས་མ་ཡིན་པ་བྱེད་ཅེས་སྨྲས་པ་དང ། དེ་དག་མ་སྤོབས་ཏེ་ཅང་མི་ཟེར་བར་འདུག་གོ་།དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ལོག་པར་ལྟ་བའི་ Pa241a ༄#། །ལྷ་ཁང་ན་གནས་པ་དག་འཕྱ་བ་ནི། ཡུས་ཏེ། དེ་ལྟ་བས་ན། དགེ་སློང་གིས་ལྷ་ཁང་བདག་པོ་ཡོད་པའི་གོས་ལ་སོགས་པ་བླང་བར་མི་བྱའོ། །དགེ་སློང་དག་གིས་ལྷ་ཁང་བདག་པོ་ཡོད་པའི་གོས་ལ་སོགས་པ་བླངས་ན། འདས་པ་དང་བཅས་པར་འགྱུར་རོ། །ལོག་པའི་ལྷ་ཁང་པ་དད་པ་གཞན་གྱིས་ཅི་བདེ་བར་སྤྱོད་ཅིག་།ཅེས་སྨྲས་པ་དང ། དགེ་སློང་དེ་དག་ཐེ་ཚོམ་སྐྱེས་ཏེ་མ་བླངས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གལ་ཏེ་ཅི་བདེར་བྱས་པ་ནི། བླང་བར་བྱ་སྟེ། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།གླེང་གཞི་མཉན་དུ་ཡོད་པ་ན་སྟེ། བཅོམ་ལྡན་འདས་ཀྱིས་ནད་པ་ལ་སྐུལ་ཅིག་ཅེས་གསུངས་པ་དང ། ཇི་ཙམ་ཞིག་ན་དགེ་སློང་ཞིག་ན་བར་གྱུར་པ་དེའི་ནད་གཡོག་གིས། ཚེ་དང་ལྡན་པ། དགེ་འདུན་ལ་ཅུང་ཟད་ཅིག་ཕུལ་ཅིག་ཅེས་སྨྲས་པ་དང།་དེས་ཀྱང་བདག་ལ་ཅུང་ཟད་ཙམ་ཡང་མེད་མོད་ཀྱི། ཆོས་གོས་གསུམ་དབུལ་ལོ། །ཞེས་སྨྲས་པ་དང ། དེ་ཅང་མི་ཟེར་བར་འདུག་གོ། དེས་ཆོས་གོས་གསུམ་ཕུལ་ནས་དེ་དག་གིས་བཙོངས་ཏེ་བགོས་སོ། །དགེ་སློང་དེ་ཕྱིས་སོས་ཏེ་ལངས་ནས་ཆོས་གོས་གསུམ་གྱིས་ཕོངས་པར་གྱུར་ཏེ། དེ་ལྟར་གྱུར་པ་བཅོམ་ལྡན་འདས་ལ་དགེ་སློང་རྣམས་ཀྱིས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་དགེ་སློང་ལ་དགེ་འདུན་གྱིས་ཆོས་གོས་གསུམ་མ་བླང་ཅིག་།བླངས་ན། འདས་པ་དང་བཅས་པར་འགྱུར་རོ། །དགེ་འདུན་གྱིས་ Pa241b ཀྱང་མ་ལེན་ཅིག་།དེ་སྟེ་བླངས་ན་ཡང་མ་འགེད་ཅིག་།བགོས་ན། འདས་པ་དང་བཅས་པར་འགྱུར་རོ། །རྐྱང་པའི་སྒོ་གཉིས་ཀྱི་མདོའི་ཚིགས་སུ་བཅད་པ་གཉིས་པའོ། །མདོར་ན། གཉི་ག་ལ་ཡང་གནང་བ་དང ། །རྣམ་པ་ཐ་དད་རྗེས་སུ་གནང ། །སུམ་ཆ་དང་ཡང་དགེ་ཚུལ་དང ། །དགེ་སློབ་མ་དང་དགེ་ཚུལ་མ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་དྲུག་ཅུ་ཞིག་ལྗོངས་རྒྱུ་བ་སྤྱོད་ཅིང་རི་བྲག་གི་གྲོང་ཞིག་ཏུ་ཕྱིན་ནས་དེ་ན་ཁྱིམ་བདག་དད་པ་ཞིག་གནས་པ་དེས་དེ་དག་དེའི་ཁྱིམ་དུ་བཤོས་ལ་སྤྱན་དྲངས་ནས་དེས་དགེ་སློང་རེ་རེ་ཞིང་རས་ཡུག་རེ་རེ་དབུལ་ལོ། །སྙམ་དུ་བསམ་མོ། །དེ་དག་ཟ་བ་ལ་ཞུགས་པ་དང ། དགེ་སློང་མ་དྲུག་ཅུ་ཞིག་ཀྱང་ལྗོངས་རྒྱུ་བ་སྤྱོད་ཅིང་རི་བྲག་གི་གྲོང་དེར་ཕྱིན་པ་དང་བསོད་སྙོམས་སློང་བ་ལ་ཞུགས་སོ། །གཞན་ཞིག་གིས་ཁྱིམ་བདག་འདིའི་ཁྱིམ་ན། དགེ་སློང་དག་བཤོས་གསོལ་གྱི། དེར་བཞུད་ཅིག་།ཅེས་སྨྲས་པ་དང ། དེ་དག་དེར་སོང་སྟེ་དེ་དག་གིས་ཀྱང་ཟན་ཟོས་པ་དང ། དེ་ནས་ཁྱིམ་བདག་དེས་རས་ཡུག་དྲུག་ཅུ་ཞིག་རྒན་རིམ་གྱི་མདུན་དུ་བཞག་གོ་།དགེ་སློང་དག་ཇི་ལྟ་བུར་བགོ་བ་མི་ཤེས་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་སྡེ་གཉིས་ཀྱིས་འཐོབ་པ་ཡིན་གྱི། དགེ་འདུན་སྡེ་གཉིས་སུ་བགོས་ཤིག་།གླེང་གཞི་ནི། མཉན་དུ་ཡོད་ Pa242a ༄#། །པ་ན་སྟེ། མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་གིས་གཙུག་ལག་ཁང་ཞིག་བརྩིགས་ཏེ། དེས་དེའི་ཞལ་བསྲོས་ཏེ་དགེ་འདུན་སྡེ་གཉིས་བཤོས་གསོལ་ནས་རྙེད་པ་ཡང་མང་དུ་ཕུལ་ཏེ་དགེ་སློང་དག་གིས་བགོས་པ་དང ། དགེ་སློང་དག་།ངེད་ཅག་ལ་ནི། ཆོས་གོས་གསུམ་དགོས་ཀྱི། དགེ་ཚུལ་ཕ་དག་ལ་ནི། སྟོད་གཡོགས་དང་མཐང་གོས་སུ་ཟད་ན། ཇི་ལྟར་བདག་ཅག་དང་མཐང་གོས་སུ་མཉམ་པར་བགོ་ཞེས་བྱའོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དང་དགེ་སློང་མ་ནི། སྐལ་བ་མཉམ་པར་བགོས་ཤིག་།དགེ་ཚུལ་ཕ་དང ། དགེ་ཚུལ་མ་དང ། དགེ་སློབ་མ་དག་ལ་ནི། སུམ་ཆ་གཅིག་བྱིན་ཅིག ། བཅོམ་ལྡན་འདས་ཀྱིས་དགེ་ཚུལ་ཕ་དག་ལ་སུམ་ཆ་གཅིག་བྱིན་ཅིག་ཅེས་བཀའ་སྩལ་པ་དང ། ཇི་ཙམ་ཞིག་ན་དགེ་ཚུལ་ཕ་གཞན་ཞིག་ལོ་ཉི་ཤུ་ཡང་ཚང་ཞིང་བསྙེན་པར་རྫོགས་པར་འདོད་ན། དེ་ལ་དགེ་སློང་གིས་ཚེ་དང་ལྡན་པ་ལོ་ཡང་ཉི་ཤུ་ཚང་ན། ཅིའི་ཕྱིར་བསྙེན་པར་རྫོགས་པར་མི་བྱེད་ཅེས་སྨྲས་པ་དང ། དེས་ཀྱང་བཅོམ་ལྡན་འདས་ཀྱིས་ནི། བདག་ཅག་གི་རྙེད་པ་འདི་ལྟ་བུར་བཅས་ན། སྟོད་གཡོགས་དང་མཐང་གོས་སུ་མི་ལྡན་ན། ཆོས་གོས་གསུམ་དུ་ལྟ་ཅི་སྨོས་ཏེ། ཇི་ལྟར་བསྙེན་པར་རྫོགས་པར་བྱ་ཞེས་སྨྲས་སོ། །དེ་ལྟ་བུར་གྱུར་པ་དགེ་སློང་དག་གིས་ Pa242b བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ཚུལ་ཕ་བསྙེན་པར་རྫོགས་པར་འདོད་པ་དང ། དགེ་སློབ་མ་ལ་སུམ་གཉིས་བྱིན་ཅིག་།དགེ་ཚུལ་དང་དགེ་ཚུལ་མ་གཞན་ནི། སྐལ་བ་སུམ་ཆར་ཟད་དོ། །རྐྱང་པའི་སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་གསུམ་པའོ། །མདོར་ན། ཀོ་ས་ལ་ན་དྲུག་ཅུ་དང ། །བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང ། །སྒྲ་གཅན་འཛིན་དང་དཔལ་སྦེད་དང ། །གཙུག་ལག་ཁང་དང་མཆོད་རྟེན་ཏེ། །གདུགས་དང་བྲིས་པ་དེ་བཞིན་སྦྱར། །ཟན་ལ་མགྲོན་དུ་བོས་པའོ། །སངས་རྒྱས་བཅོམ་ལྡན་འདས་ཀོ་ས་ལར་ལྗོངས་རྒྱུ་ཞིང་སྤྱོད་པ་ན་རི་བྲག་གི་གྲོང་གཞན་ཞིག་ཏུ་བྱོན་ནས་རི་བྲག་གི་གྲོང་དེ་ན་ཁྱིམ་བདག་ཅིག་གནས་པས། བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དུ་བཅས་པ་ཁྱིམ་དུ་བཤོས་ལ་སྤྱན་དྲངས་སོ། །དགེ་སློང་མ་དྲུག་ཅུ་ཞིག་ལྗོངས་རྒྱུ་བ་སྤྱོད་པ་ན། རི་བྲག་གི་གྲོང་དེར་ཕྱིན་ནས་དེ་དག་ཀྱང་དེར་ཟན་ཟོས་པ་དང ། བཅོམ་ལྡན་འདས་འཁོར་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་དང་ལྷན་ཅིག་ཏུ་བཤོས་གསོལ་ནས་ཁྱིམ་བདག་དེས་རས་ཡུག་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞིག་རྒན་རིམ་གྱི་མདུན་དུ་བཞག་གོ་།དགེ་སློང་དག་གིས་ཇི་ལྟར་བགོ་བ་མི་ཤེས་ནས་དགེ་སློང་མ་དག་གིས་དེ་ལ་གཞན་བྱར་ཅི་ཡོད། སྔོན་ཡང་དགེ་འདུན་སྡེ་གཉིས་བཤོས་གསོལ་བ་ལས་བདག་ཅག་གིས་རྙེད་པའི་ཕྱེད་ཐོབ་ན། ད་ཡང་བདག་ཅག་ལ་རྙེད་པའི་ཕྱེད་བྱིན་ཅིག་།ཅེས་སྨྲས་སོ། །དེ་ལྟ་བུར་གར་པ་དགེ་སློང་དག་གིས་བཅོམ་ Pa243a ༄#། །ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དུ་དགེ་སློང་མ་མང་ལ་དགེ་སློང་ཕ་ཉུང་ན། དེར་རྙེད་པ་དགེ་འདུན་གཉི་གར་བགོས་ཤིག་།གང་ན་དགེ་སློང་ཕ་མང་ལ་དགེ་སློང་མ་ཉུང་ན། དེར་མགོ་གྲངས་བཞིན་དུ་བགོས་ཤིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། ཁྱིམ་བདག་ཅིག་གིས་སངས་རྒྱས་ལ་སོགས་པ་དགེ་སློང་གི་དགེ་འདུན་དག་བཤོས་ལ་སྤྱན་དྲངས་སོ། །དགེ་སློང་གི་དགེ་འདུན་དག་ནི། དོང ། བཅོམ་ལྡན་འདས་ནི། གཙུག་ལག་ཁང་ན་བཞུགས་ཏེ། བཤོས་ཚུར་མནོས་སོ། །རྣམ་པ་ལྔའི་ཕྱིར་སངས་རྒྱས་བཅོམ་ལྡན་འདས་གཙུག་ལག་ཁང་ན་བཞུགས་ཤིང་བཤོས་མནོས་ཏེ་གསོལ་ལོ། །ལྔ་གང་ཞེ་ན། ལྷ་རྣམས་ལ་ཆོས་འཆད་པར་བཞེད་པ་ཡིན། ནད་པ་དག་གཟིགས་པར་བཞེད་པ་ཡིན། མལ་སྟན་དག་གཟིགས་པར་བཞེད་པ་ཡིན། ནང་དུ་ཡང་དག་འཇོག་ལ་འཇུག་པར་བཞེད་པ་ཡིན། ཉན་ཐོས་རྣམས་ཀྱིས་འདུལ་བ་ལ་བསླབ་པའི་གནས་འཆའ་བར་བཞེད་པ་ཡིན་ནོ། །དོན་འདི་ནི། བཅོམ་ལྡན་འདས་ཉན་ཐོས་རྣམས་འདུལ་བ་ལ་བསླབ་པའི་གནས་འཆའ་བར་བཞེད་པའི་ཕྱིར་གཙུག་ལག་ཁང་ན་བཞུགས་ཤིང་བཤོས་མནོས་ཏེ་གསོལ་ལོ། །ཁྱིམ་བདག་དེ་རྒན་པ་དག་ལ་མངོན་པར་དད་ནས་དེ་རྒན་རིམ་དུ་མར་དང ། མར་ལ་བཙོས་པའི་བཅའ་བ་རྣམས་བྲིམས། བར་མ་དག་ལ་ནི། འབྲུ་མར་དང ། འབྲུ་མར་ལ་བཙོས་པའི་བཅའ་བ་དག་བྲིམས། གཞོན་ནུ་ལ་ནི། འབྲུ་མར་གྱི་ཚིགས་ Pa243b མ་དག་བྲིམས་སོ། །དེའི་ཚེ་ན་ཚེ་དང་ལྡན་པ་སྒྲ་གཅན་འཛིན་བཅོམ་ལྡན་འདས་ཀྱིས་བཤོས་མནོས་ཏེ། དེས་བཅོམ་ལྡན་འདས་ཀྱིས་བཤོས་མནོས་ནས་འོངས་པ་དང ། བཅོམ་ལྡན་འདས་ཀྱི་སྒྲ་གཅན་འཛིན་ལ་དགེ་སློང་གི་དགེ་འདུན་རྣམས་བསོད་པའི་ཟས་ཀྱིས་ཚིམ་པར་བྱས་སམ་ཞེས་སྨྲས་པ་དང ། དེས་གསོལ་པ། བཙུན་པ། རྒན་པ་རྣམས་ཚིམ་མོ། །སྒྲ་གཅན་འཛིན། ཁྱོད་ཅིའི་ཕྱིར་རིང་ཅིང་ཉམ་ཆུང་ཞིང་དེ་སྐད་ཟེར་བ་སྨྲོས་ཤིག་།དེས་ཚིགས་སུ་བཅད་དེ་སྨྲས་པ། འབྲུ་མར་གྱིས་ནི་མཐུར་གྱུར་ཏེ། །མར་གྱིས་ཀྱང་ནི་མདངས་སུ་འགྱུར། །འབྲུ་མར་ཚིགས་ཀྱི་ཚོད་མས་ནི། །མདངས་མཆིས་སྟོབས་ལྟ་ག་ལ་ཞིག་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྲ་གཅན་འཛིན། ཅི་ཡིན་པ་དེ་སྨྲོས་ཤིག་།དེས་དེ་ལྟར་གྱུར་པ་བཅོམ་ལྡན་འདས་ལ་ཞིབ་མོར་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་སྒྲ་གཅན་འཛིན་ལ། དེ་ན་གནས་བརྟན་སུ་ཞིག་འདུག་།ཅེས་བཀའ་སྩལ་པ་དང ། བཅོམ་ལྡན་འདས། མཁན་པོ་མཆིས་སོ། །སྒྲ་གཅན་འཛིན་ལ། དགེ་སློང་ཤཱ་རིའི་བུས་ནི། འོག་མ་དག་མ་བརྟགས་པས་ན། ངན་དུ་ཟོས་པ་ཡིན་ན། དེ་ལྟ་བུའི་བྱུང་བའི་ཕྱིར་བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་དག་བསྡུས་ནས་དགེ་སློང་གི་དགེ་འདུན་གྱི་མདུན་དུ་གདན་བཏིང་བ་ལ་བཞུགས་ཏེ་ཉན་ཐོས་རྣམས་ལ་འདུལ་བ་ལ་བསླབ་པའི་གནས་བཅའ་བའི་ཕྱིར་དགེ་སློང་དག་།དགེ་འདུན་གྱི་གནས་བརྟན་དགེ་སློང་གི་མཚུངས་པར་སྤྱད་པའི་ཆོས་ངས་བཅའ་སྟེ། དགེ་འདུན་གྱི་གནས་བརྟན་དགེ་སློང་ Pa244a ༄#། །གིས་ཟས་འབྲིམ་པའི་ཚེ་སྙོམས་པར་བྲིམས་ཤིག་།ཅེས་སྒོས་ཤིག་།དེས་ཚད་མ་སྣ་རེ་རེ་ལའང་སྨྲས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལན་ཚཝ་འམ།་དང་པོར་གང་བྲིམས་པ་དེའི་ཚེ་སྨྲོས་ཤིག་།ཐམས་ཅད་ལ་ནི། མ་ཡིན་ནོ། །དགེ་འདུན་གྱི་གནས་བརྟན་དགེ་སློང་གིས་ཇི་ལྟར་བུར་མཚུངས་པར་སྤྱད་པའི་ཆོས་བཞིན་མ་བྱས་ན། འདས་པ་དང་བཅས་པར་འགྱུར་རོ། །ཚེ་དང་ལྡན་པ་ཤཱ་རིའི་བུ། བཅོམ་ལྡན་འདས་ཀྱིས་བདག་གིས་ཟན་ཟོས་པ་སྨད་དོ། །ཞེས་ཐོས་ནས་དེས་བདག་སྟོན་པས་ཟན་ཟེས་པ་སྨད་ན། འདི་ལྟར་འདུག་པ་མི་རིགས་སོ། །ཞེས་བསམ་ནས་དེས་བསྐྱུགས་ཏེ་བཏང་ངོ ། །དགེ་སློང་དག་།ཐེ་ཚོམ་སྐྱེས་ནས་ཐེ་ཚོམ་ཐམས་ཅད་གཅོད་པ་སངས་རྒྱས་བཅོམ་ལྡན་འདས་ལ་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་ཟན་ཟོས་པ་སྨད་པ་དང ། དེས་སླར་བསྐྱུགས་པ་ལ་གཟིགས་སུ་གསོལ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།འདི་འབའ་ཞིག་མ་ཡིན་གྱི། སྔོན་འདས་པའི་དུས་ན་ཡང་ངས་དེ་ལ་ཟན་ཟོས་པ་ལ་སྨད་པ་དང ། དེས་ཕྱིར་བསྐྱུགས་སོ། །དགེ་སློང་དག་ཉོན་ཅིག་།དེ་སྔོན་བྱུང་བ་ནི། གྲོང་ཁྱེར་གཞན་ཞིག་ན་མང་པོར་འཆད་པའི་བྲམ་ཟེ་ཞིག་གནས་ཏེ། དེ་བྲམ་ཟེའི་བུ་དང་ལྷན་ཅིག་ཏུ་ལྗོངས་རྒྱུ་ཞིང་སྤྱོད་པ་ན། རི་བྲག་གི་གྲོང་ཞིག་ཏུ་ཕྱིན་ནས་དེས་རྫིང་ཞིག་གི་འགྲམ་དུ་བྲམ་ཟེ་དེས་བྲམ་ཟེའི་བུ་དེར་བཞག་ནས་ཅུང་ Pa244b ཟད་ཅིག་སྡོད། ང་གྲོང་དུ་ཕྱེ་ལ་སོགས་པ་བསླངས་ཏེ་སླར་འོང་ངོ ། །དེ་དེ་ན་འདུག་པ་དང ། ཁྱི་ཤ་ཅན་ཞིག་རྫིང་དུ་ཆུ་བྲོག་འཐུང་དུ་འོངས་སོ། །དེ་ལ་བྲམ་ཟེའི་བུས་ཀྱེ་སྐྱེས་བུ། བདག་ཀྱང་ཆུ་བྲོག་ཅིག་སྩོལ་ཅིག་།ཅེས་སྨྲས་སོ། །དེས་ཀྱང་ལོ་མ་ལ་སྣོད་དྲུབས་ཤིག་ཅེས་སྨྲས་པ་དང ། དེས་སྣོད་དྲུབས་སོ། །དེས་དེ་ལ་ཁྱིའི་པགས་པ་ལ་བྱས་པའི་སྒྱེའུའི་ནང་ནས་བྱུང་བའི་ཕྱེ་བྱིན་ནོ། །དེ་སྣུམ་པ་དང་བྲམ་ཟེའི་བུས་ཕྱེ་འདི་སྣུམ་ན། ཅི་ཞིག་ཅེས་དྲིས་པ་དང ། འདི་ནི། པགས་པ་ལ་སྒྱེའུ་བྱས་པའི་མཐུ་སྟེ། དེས་སྒྱེའུ་དེ་དག་ཅི་ལ་བྱས་པ་ཞིབ་མོར་བྱས་ན། བྲམ་ཟེའི་བུ་དེས་མ་གོའོ། ། བྲམ་ཟེ་དེ་སླར་འོངས་ནས་དེས། བྲམ་ཟེའི་བུ། ཁྱོད་སོང་ལ་ཆུ་བྲོག་རྒྱུ་སློངས་ཤིག་ཅེས་སྨྲས་པ་དང ། དེས་ཀྱང་ཆུ་བྲོག་འཚལ་ལགས་སོ། །ཞེས་སྨྲས་པ་དང ། སུས་བྱིན། མི་ཕ་བིས་བྱིན་ནོ། ། དེས་ཕ་བི་ཁྱི་ཤ་ཅན་ཏེ། དེས་ཁྱོད་ལ་ཕྱེ་བྱིན་ན། དེ་ཁྱོད་ཀྱིས་སྡིག་པར་གྱུར་ཏོ། །ཞེས་སྨྲས་ནས་དེས་དེ་ལ་སྨད་པ་དང ། དེས་ཟོས་པ་སླར་བསྐྱུགས་སོ། །དགེ་སློང་དག་།མི་ཤེས་སམ། གང་མང་པོ་འཆད་པའི་བྲམ་ཟེ་དེ་ནི། ད་ལྟར་ང་ཉིད་ཡིན་ནོ། །དེའི་ཚེ་དེའི་དུས་ན་བྲམ་ཟེའི་བུ་དེ་ནི། ད་ལྟར་གྱི་དགེ་སློང་ཤཱ་རིའི་བུ་སྟེ། དེའི་ཚེ་ན་ཡང་ངས་ཟས་པ་ལ་རབ་ཏུ་སྨད་ནས་དེ་སླར་བསྐྱུགས་སོ། །ད་འདིར་ཡང་ངས་ཟས་ཟོས་པ་ལ་སྨད་ནས་འདིར་ཡང་སླར་བསྐྱུགས་པར་གྱུར་ཏོ། །གླེང་གཞི་ནི་རྒྱལ་པོའི་ཁབ་ན་སྟེ། དེའི་ཚེས་ན་རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་ཁྱིམ་བདག་མེ་ Pa245a ༄#། །སྐྱེས་ཀྱི་སྲིང་མོའི་ཁྱོ་གཅེར་བུ་པའི་དགེ་བསྙེན་དཔལ་སྦེད་ཅེས་བྱ་བ་ཞིག་འདུག་སྟེ། ཁྱིམ་བདག་མེ་སྐྱེས་དད་པ་དེས་འདི་སྙམ་དུ། དཔལ་སྦེད་འདི་དགེ་འདུན་དག་ལ་ཡོན་འབུལ་དུ་བསྐུལ་ལོ། །སྙམ་བསམ་ནས་དེས་དེ་ལ་དཔལ་སྦེད། དགེ་འདུན་ལ་མཆོད་པ་དང ། ཡོན་ཕུལ་ཅིག་དང ། ཁྱོད་ཀྱི་བསོད་ནམས་སུ་འགྱུར་རོ། །ཞེས་སྨྲས་སོ། །དཔལ་སྦེད་ཀྱིས་སྨྲས་པ།་ངས་ཀྱང་དགེ་འདུན་དག་མཆོད་ཅིང་ཡོན་དབུལ་བར་བྱའོ། ཁྱོད་ཀྱིས་ཀྱང་གང་པོ་ལ་སོགས་ཏེ་རབ་ཏུ་བྱུང་བའི་དགེ་འདུན་དག་ལ་མཆོད་ཅིང་བཤོས་གསོལ་ཅིག་།མེ་སྐྱེས་ཀྱིས་འདི་སྙམ་དུ་བསམ་པ། དེ་སྟེ་ཁས་མ་བླངས་ན། དཔལ་སྦེད་ཀྱིས་དགེ་འདུན་ལ་མཆོད་པའི་བར་ཆད་དུ་འགྱུར་ན། སེམས་ཅན་ཐམས་ཅད་ལ་སྦྱིན་པ་ལྟ་ཉེས་མེད་ཀྱི། གཅེར་བུ་པའི་དགེ་འདུན་དག་ལ་ཟན་བྱིན་ཏེ། བདག་གིས་དེས་དགེ་འདུན་ལ་མཆོད་ཅིང་ཡོན་དབུལ་བའི་ཆེད་དུ་བྱའོ། །སྙམ་བསམ་ནས་དེས་ཟན་སྦྱིན་ནོ། །ཞེས་ཁས་བླངས་ནས་དཔལ་སྦེད་ཀྱིས་འདི་སྙམ་དུ། བདག་གིས་དང་པོར་སངས་རྒྱས་ལ་སོགས་ཏེ་དགེ་སློང་གི་དགེ་འདུན་དག་སྔར་བཤོས་གསོལ་ན་ནི། མེ་སྐྱེས་ཀྱིས་ཕྱིས་ཟན་མི་སྦྱིན་གྱི། གང་པོ་ལ་སོགས་ཏེ་རབ་ཏུ་བྱུང་བའི་དགེ་འདུན་དག་བཤོས་སྔར་གསོལ་བ་དང ། ངས་ཕྱིས་ཟན་སྦྱིན་ནོ། །སྙམ་བསམ་ནས་མེ་སྐྱེས་ལ་འདི་སྐད་ཅེས་སྨྲས་སོ། ཁྱོད་ཀྱིས་དང་པོ་ཟན་བྱིན་ཅིག་དང ། ངས་ཀྱང་ཕྱིས་དགེ་སློང་གོའུ་ཏ་མ་དང ། ཉན་ཐོས་ཀྱི་དགེ་འདུན་ Pa245b དག་ལ་ཟན་སྦྱིན་ནོ། །དེས་ཀྱང་ཁས་བླངས་ནས་དེ་ནས་ཁྱིམ་བདག་མེ་སྐྱེས་ཀྱིས་གང་པོ་དག་གང་ན་འདུག་པ་དེར་ཕྱིན་ནས་གང་པོ་དང་ལྷན་ཅིག་རབ་ཏུ་དགའ་ཞིང་མགུ་བའི་གཏམ་སྣ་ཚོགས་དག་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་མེ་སྐྱེས་ཀྱིས་གང་པོ་ལ་འདི་སྐད་ཅེས་སྨྲས་སོ། །གང་པོ། ཁྱོད་སང་བདག་གི་ཁྱིམ་དུ་གཅེར་བུ་པ་མང་པོ་དང ། དགེ་འདུན་དང་ལྷན་ཅིག་ཏུ་བཤོས་གསོལ་གྱི། ཁས་ལོངས་ཤིག་།གང་པོས་བསམ་པ། ཁྱིམ་བདག་འདི་ནི། གོར་མ་ཆག་པར་དགེ་སྦྱོང་གོའུ་ཏ་མ་ལ་སུན་པར་གྱུར་ནས་བདག་ཅག་ལ་རབ་ཏུ་དད་པར་གྱུར་ཏེ། དེ་ནི་བདག་ཅག་གི་རྙེད་པ་རབ་ཏུ་རྙེད་པ་སྟེ། གང་པོ་བདག་ཅག་གི་དགེ་འདུན་གྱི་རིགས་ལ་རབ་ཏུ་དད་པར་གྱུར་ཏོ། །སྙམ་ནས་དེས་ཁས་བླངས་སོ། །དེ་ནས་ཁྱིམ་བདག་མེ་སྐྱེས་དེ་དག་སྤྱན་དྲངས་ནས་སོང་ངོ། །དེ་ནས་ཁྱིམ་བདག་མེ་སྐྱེས་ཀྱིས་དེའི་ནུབ་མོ་རབ་ཏུ་བསོད་པའི་བཟའ་བ་དང ། བཅའ་བའི་ཁ་ཟས་དག་སྦྱར་ནས་ནང་པར་སྔར་ལངས་ཏེ་སྔར་ལངས་ནས་སྟན་བཏིང ། རིལ་བ་དག་ཆུས་བཀང་སྟེ་བཞག་ནས་གང་པོ་དག་ལ་སྤྱན་འདྲེན་པས་དུས་གསོལ་པ། ཀྱེ་གང་པོ། བཤོས་རྣམས་བཤམས་ཀྱི། དུས་མཁྱེན་པར་མཛོད་ཅིག་།དེ་དག་དོང་བ་དང ། དཔལ་སྦེད་ཀྱིས་དེའི་གན་དུ་འོངས་ཏེ་སྨྲས་པ། འཕགས་པ་གང་པོ། དགེ་སྦྱོང་གོའུ་ཏ་མ་ནི། ཁྱིམ་བདག་གི་ཁྱིམ་དུ་བཞུད་དེ། དེ་ནང་དུ་བཞུད་ཀར་སྒོའི་ཐེམ་པ་ལ་ཞབས་བཞག་ནས་འཛུམ་པ་སྟོན་ཏེ། དེ་ནས་ཉན་ཐོས་ཀུན་ Pa246a ༄#། །དགའ་བོ་ཞེས་བྱ་བས་སྟོད་གཡོགས་ཕྱོགས་གཅིག་ཏུ་གཟར། པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ་ཐལ་མོ་སྦྱར་ནས་དེ་བཞིན་གཤེགས་པ་དང ། དེ་བཞིན་གཤེགས་པའི་ཉན་ཐོས་དག་ནི། རྒྱུ་མ་མཆིས། རྐྱེན་མ་མཆིས་པར་འཛུམ་པ་མི་མཛད་ན། བཙུན་པ། ཅིའི་རྒྱུ། ཅིའི་རྐྱེན་གྱིས་ན། འཛུམ་པ་མཛད་ཅེས་ཞུས་པ་དང ། དེས་ཀྱང་ཀུན་དགའ་བོ། དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། ཀུན་དགའ་བོ། དེ་བཞིན་གཤེགས་པ་དང ། དེ་བཞིན་གཤེགས་པའི་ཉན་ཐོས་དག་ནི། རྒྱུ་མེད་རྐྱེན་མེད་པར་འཛུམ་པ་སྟོན་པར་མི་མཛད་དེ། ཇི་ལྟ་བུར་དགོངས་པ་བཞིན་ལུང་སྟོན་ཏོ། །ཞེས་སྨྲས་ནས་དེ་ལ་སྐྱེ་བོ་མང་པོ་དག་ཀྱང་རབ་ཏུ་དད་པར་གྱུར་གྱི། ཁྱོད་ཀྱིས་ཀྱང་ཁྱིམ་བདག་མེ་སྐྱེས་ཀྱི་ཁྱིམ་དུ་འགྲོ་བའི་ཚེ་དེ་ལྟར་བྱ་བའི་རིགས་སོ། །འོན་ཀྱང་སྐྱེ་བོ་མང་པོ་དག་རབ་ཏུ་དད་པར་འགྱུར་རོ། །དེས་ཁས་བླངས་སོ། །དེ་ནས་གང་པོ་གཅེར་བུ་པ་མང་པོས་བསྐོར་ནས་ཁྱིམ་བདག་མེ་སྐྱེས་ཀྱི་ཁྱིམ་དུ་ཕྱིན་པ་དང ། ཁྱིམ་བདག་མེ་སྐྱེས་ཀྱི་སྒོའི་ཐེམ་པ་ལ་རྐང་པ་བཞག་སྟེ་རྟ་གད་དུ་བགད་པ་དང ། དེའི་ནང་ནས་གཅེར་བུ་པ་ཞིག་གིས་རྐང་པ་ལ་བཏུད་དེ། བཅོམ་ལྡན་འདས་སྐྱེས་བུ་དམ་པ་ཁྱོད་ལྟ་བུ་རྒྱུ་མེད་རྐྱེན་མེད་པར་འཛུམ་པ་མི་མཛད་དོ། །ཞེས་དྲིས་པ་དང ། ཀྱེ། ཆུ་བོ་དྲེགས་བྲལ་གྱི་འགྲམ་ན་སྤྲེའུ་ཕོ་ཞིག་གིས་སྤྲེའུ་མོ་ཞིག་མཐོང་ནས་དེ་ལ་སེམས་རབ་ཏུ་ཆགས་ཏེ་སྤྲེའུ་མོ་དེ་ལ་བརྒལ་ Pa246b ལོ། །སྙམ་ནས་བརྒྱུགས་པ་དང ། དྲེད་དེ་ཤིང་གི་རྩེ་མོ་ནས་རྡེག་འཆོས་ནས་དུས་འདས་སོ། །དེའི་ཚེ་ན་ང་འདི་སྙམ་དུ་སེམས་ཏེ། སེམས་ཅན་འདི་ནི། འདོད་པའི་རྒྱུས་སྡུག་བསྔལ་བ་ཆེར་གྱུར་ཏོ། །སྙམ་མོ། །དེ་སྐད་དུ་ཁ་ནས་བྱུང་མ་ཐག་ཏུ་ཁྱིམ་བདག་མེ་སྐྱེས་ཀྱིས་ཐོས་ནས་དེས་བསམ་པ། བུ་ཟན་མོའི་བུ་གང་པོ་ནི། ཁབ་འཚོང་པ་སླར་ཁབ་རྡུང་པའི་ཁྱིམ་དུ་ཁབ་ཚོང་པར་སེམས་པ་བཞིན་ཏེ། ཅི་ནས་འདི་ལ་ཀྱལ་ཀ་ཞིག་བྱའོ། །སྙམ་ནས་དེ་ནས་དབྱུག་གུ་ཅན་མང་པོ་ཐམས་ཅད་བདེ་བར་འདུག་པ་དང ། ཁྱིམ་བདག་དེས་གཙང་ཞིང་བསོད་པའི་བཅའ་བ་དང ། བཟའ་བས་ཕོར་པ་བཀང་ནས་སྟེང་དུ་ཚོད་མ་བླུགས་ཏེ་བྱིན་ནོ། །གང་པོ་གཅིག་པུ་ལ་ནི། ཕོར་པའི་ཞབས་སུ་ཚོད་མ་བླུགས་ནས་སྟེང་དུ་འབྲས་ཀྱིས་གཡོགས་ཏེ་བྱིན་ནོ། །གཅེར་བུ་པ་ཕལ་དག་ཟ་ཞིང་འདུག་པ་དང ། གང་པོས་བསམ་པ། གོར་མ་ཆག་པར་དེས་ནི། ང་ལ་སྟོན་པར་དམིགས་ཏེ། དེས་ཚོད་མ་ཞིམ་པོ་དང ། ཁ་ཟས་བཟང་པོ་སྦྱིན་པར་བསམ་མོ། །སྙམ་ནས་ཇི་ཙམ་ཚོད་མ་བྲིམས་ཟིན་པ་དང ། དེས་བསམ་པ། དེ་ནི། བྲེལ་བས་བརྗེད་ཀྱི། བདག་གིས་བསྐུལ་ལོ། །སྙམ་ནས་དེས་བོས་ནས་ཁྱིམ་བདག་།ང་ལ་ནི། འབྲས་ཆན་འབའ་ཞིག་འོངས་ཀྱི། ཚོད་མ་ནི། མེད་དོ། །ཞེས་སྨྲས་པ་དང ། དེས་སླར་ཚིགས་སུ་བཅད་དེ་སྨྲས་པ། མི་མཐོང་བ་ནི་མཐོང་བར་བྱེད། །མཐོང་བར་བྱ་བ་མི་མཐོང་སྟེ། །དྲེགས་བྲལ་འགྲམ་གྱི་སྤྲེའུ་མཐོང་ལ། །ཕོར་བུའི་ནང་ག་ཚོད་མ་མིན། །གང་པོ་ Pa247a ༄#། །ཡང་དེའི་གདོང་བལྟས་པ་དང ། དེས་ཕོར་བུའི་ཞབས་ན་ཚོད་མ་འདུག་པ་བསྟན་ཏེ། གང་པོ། ཁྱོད་ཀྱིས་ཆུ་བོ་དྲེགས་བྲལ་གྱི་འགྲམ་ན་སྤྲེའུ་འདུག་པ་ནི། མཐོང ། ཕོར་བུའི་ནང་ན་ཚོད་མ་འདུག་པ་མ་མཐོང་ངོ ། །ཞེས་སྨྲས་པ་དང ། དེས་བསམ་པ། འདིས་བདག་སྐྱེངས་པར་བྱས་ཀྱི། ཅི་ནས་ཀྱང་འཇིག་རྟེན་འདི་དང་ཕ་རོལ་གཉིས་ཀར་ཕན་པར་མི་འགྱུར་བ་དེ་ལྟར་སྦྱིན་པའི་ཡོན་ཏན་བརྗོད་དོ། །སྙམ་དུ་བསམ་པ་དང ། མེ་སྐྱེས་ཀྱིས་དེ་སྐྱེངས་པར་ཤེས་ནས་སྦྱིན་པའི་ཡོན་ཏན་བརྗོད་པའི་ཚེ་དེའི་མདུན་ན་མི་འདུག་གོ། །དེས་ཟན་ཟོས་ནས་སྦྱིན་པའི་ཡོན་ཏན་བཀླགས་པ། སྦྱིན་བདག་གིས་ནི་སྦྱིན་པའི་དུས། །དགེ་སྦྱོང་གཞན་ནི་ཟ་བའི་དུས། །ལྷག་མ་གཞན་ལ་འོངས་པའི་དུས། །བསོད་ནམས་མི་དགེ་ཡོད་མ་ཡིན། །སྒོ་བ་ཞིག་འདུག་པ་དེས་སྦྱིན་པའི་ཡོན་ཏན་བརྗོད་པ་ལ་ཉན་ཉན་ཏེ་ཐོས་ནས་ཁྲོས་པ། འདི་འདྲ་བའི་སྡིག་ཅན་ཟན་ཟོས་པ་ལ་སྲུང་ཡང་མི་ནུས་ཏེ། འདི་འདྲ་བའི་སྦྱིན་པའི་ཡོན་ཏན་ལྟ་ག་ལ་སྲིད་ཀྱི། བུ་ཟན་མོའི་བུ་འདི་ལ་ཀྱལ་ཀ་ཞིག་བྱའོ། །སྙམ་ནས་དེས་འབྲས་ཁུ་བུམ་པ་གང་སྒོ་དྲུང་དུ་ཕོའོ། །སྒོ་གཏན་གྱི་གདང་ཕྱེད་ཙམ་དྲངས་ཏེ་བཞག་པ་དང ། གཅེར་བུ་པ་ཕྱིར་བྱུང་བ་དང ། འབྲས་ཁུ་ལས་དྲེད་དེ་ཀླད་པ་སྒོ་གཏན་ལ་ཕོག་ནས་ཁྲག་བྱུང་ངོ ། །དེ་ནས་སྒོ་བ་དེས་མཐོང་སྟེ་ཚིགས་སུ་བཅད་དེ་སྨྲས་པ། སྒོ་གཏན་ཕྱུང་བའི་དུས་ལ་བབ། །འབྲས་ཁུ་ཕོ་བའི་དུས་བབ་པས། །མགོ་བོ་སྣད་པའི་དུས་ཡིན་གྱི། །དགེ་དང་མི་དགེའི་དུས་མེད་དོ། །དེ་ Pa247b ཀླད་པ་ལ་ཁྲག་ཟག་བཞིན་དུ་ཁྱིམ་བདག་དཔལ་སྦེད་གང་ན་བ་དེར་སོང་སྟེ་ཕྱིན་པ་དང ། དཔལ་སྦེད་ཀྱིས་མཐོང་ནས་བཙུན་པ་གང་པོ། འདི་ཅི་ཉེས་ཞེས་དྲིས་པ་དང ། དེས་སྨྲས་པ། མེ་སྐྱེས་ཀྱིས་འདི་འདྲ་བའི་གནོད་པ་བྱས་སོ། །དཔལ་སྦེད་ཀྱིས་སྨྲས་པ། ཁྱེད་ནི། གསོན་པོར་ཐར་གྱི། སྡོད་ཅིག་དང ། ཅི་ནས་འདི་ལྟར་དགེ་སྦྱོང་གོའུ་ཏ་མ་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་ཁོ་བོའི་ཁྱིམ་ནས་གསོན་བཞིན་དུ་ཕྱིར་མི་འབྱུང་བར་བྱའི། མི་དགར་མ་བྱེད་ཅིག་།དཔལ་སྦེད་ཀྱིས་བསམ་པ། འདིའི་དགྲ་ལ་ལན་གླན་གྱི། སྤྱན་དྲང་དུ་འགྲོའོ། །དེ་སྟེ་དགེ་སྦྱོང་གོའུ་ཏ་མ་དེ་ཐམས་ཅད་མཁྱེན་པ་ཡིན་ན་ནི། མགྲོན་དུ་བོས་ཀྱང་ཁས་ལེན་དུ་མི་བཏུབ་བོ། །དེ་སྟེ་ཐམས་ཅད་མཁྱེན་པ་མ་ཡིན་ན་ནི། ཁས་ལེན་ཏོ། །སྙམ་དུ་བསམ་ནས་བཅོམ་ལྡན་འདས་ག་ལ་བ་དེར་སོང་སྟེ་ཕྱིན་པ་དང ། བཅོམ་ལྡན་འདས་དང་ལྷན་ཅིག་ཏུ་དགའ་བའི་གཏམ་སྣ་ཚོགས་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་ཁྱིམ་བདག་དཔལ་སྦེད་ཀྱིས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །ཀྱེ་གོའུ་ཏ་མ། སང་བདག་གི་ཁྱིམ་དུ་དགེ་སློང་གི་དགེ་འདུན་དང་ལྷན་ཅིག་བཤོས་ལ་གཤེགས་པར་ཞལ་གྱིས་བཞེས་ཤིག་།ཅེས་སྤྱན་དྲངས་པ་དང ། བཅོམ་ལྡན་འདས་ཀྱིས་དགོངས་པ། གང་གིས་ང་ལས་བདེན་པ་མཐོང་བར་འགྱུར་བ་དེ་འདི་ལྟར་བྱེད་དོ། །དེ་སྟེ་ངས་ཁས་མ་བླངས་ན་ནི་བདེན་པའི་བར་ཆད་དག་ཏུ་འགྱུར་ཏེ། ཅི་ནས་ཁས་བླང་ངོ ། །སྙམ་ནས་ Pa248a ༄#། །གཤེགས་པར་ཞལ་གྱིས་བཞེས་སོ། །དཔལ་སྦེད་ཀྱིས་བསམ་པ། འདི་ནི། ཐམས་ཅད་མཁྱེན་པ་མ་ཡིན་ཏེ། དེ་སྟེ་ཐམས་ཅད་མཁྱེན་པ་ཡིན་ན་ནི། འདི་ལྟར་ཁས་མི་ལེན་པའི་རིགས་ན། ཅི་ནས་འདི་ཐམས་ཅད་མཁྱེན་པ་ཉིད་དུ་མི་འགྱུར་བར་དགྲའི་ལན་གླན་ནོ། །སྙམ་ནས་དེ་ནས་དེའི་ཁྱིམ་དུ་སོང་སྟེ། དེའི་ཁྱིམ་གྱི་སྒོ་ཁར་དོང་ཆེན་པོ་བརྐོས་ནས་ནང་དུ་ཤིང་ཀ་དི་དེའི་མེ་མདག་དུད་པ་མེད་པས་བཀང་ནས་དེའི་སྟེང་དུ་རྩཝས་གཡོགས་ནས་སས་བཀབ་སྟེ་བཞག་གོ་།དུག་རྣོན་པོས་བཟའ་བ་དང ། བཏུང་བ་སྦྱར་ཏོ། །དེ་ནས་མེ་སྐྱེས་ཀྱི་སྲིང་མོས་དཔལ་སྦེད་ལ་ཇོ་བོ་ཅི་ཞིག་མཛད་ཅེས་དྲིས་པ་དང ། དེས་སྨྲས་པ། དགྲ་གསད་པར་བྱའོ། །ཇོ་བོ་ལ་དགྲ་སུ་མཆིས། དགེ་སྦྱོང་གོའུ་ཏ་མའོ། །དེ་སྟེ་ཇོ་བོ་ཁྱོད་ཀྱི་དགྲ་བཅོམ་ལྡན་འདས་ཡིན་ན། མཛའ་བོ་སུ་ཞིག་མཆིས་ཀྱི། ཇོ་བོ་འདི་ལྟ་བུ་འཕགས་པའི་ཆོས་མ་ཡིན་པའི་ལས་བྱ་བར་མི་རིགས་པར་སོམས་ཤིག་།ཅེས་སྨྲས་པ་དང ། དེ་ནས་དཔལ་སྦེད་ཀྱིས་བསམ་པ། འདིའང་མེ་སྐྱེས་ཀྱི་གཉེན་དུ་འོང་སྟེ། དགེ་སྦྱོང་གོའུ་ཏ་མ་ལ་དད་པས་ན་གསང་ཤོར་བར་འགྱུར་རོ། །སྙམ་ནས་དེས་མོ་མཛོད་ཀྱི་ནང་དུ་བཅུག་སྟེ་སྒོ་ལྕགས་བཅུག་སྟེ་བཞག་གོ་།གང་པོ་ལ་སོགས་པ་གཅེར་བུ་པ་ཐམས་ཅད་བོས་ནས་ངས་དགྲ་གསད་པས་བལྟར་ཤོག་ཅིག་།དགེ་སྦྱོང་གོའུ་ཏ་མ་གསད་པའི་ཕྱིར་སྒོར་དོང་ཆེན་པོ་བརྐོས་ནས་ནང་དུ་སེང་ལྡེང་གི་མེ་མདག་གིས་བཀང་ Pa248b སྟེ་བཞག་།ཁ་ཟས་དང་སྐོམ་གྱི་ནང་དུ་དུག་རྣོན་པོས་བཀང་ངོ ། །དེ་དག་ཡིད་རབ་ཏུ་དགའ་ནས་མྱུར་ཞིང་རིངས་སུ་དོང་སྟེ་ཡང་ཐོག་གི་སྟེང་དུ་འཛེགས་ཏེ་འཁོད་ནས་དེང་བདག་ཅག་བདེ་བར་འཁོད་དོ། ། དགེ་སྦྱོང་གོའུ་ཏ་མ་མེའི་དོང་གི་ནང་དུ་ཇི་ལྟར་ཚིག་པ་དང ། དུག་རྣོན་པོས་རབ་ཏུ་ཞེན་པ་དང ། ཡན་མན་དུས་ལ་ཇི་ལྟར་འགྱེལ་བ་དག་ལ་བལྟའོ། །དཔལ་སྦེད་ཀྱིས་གདན་བཏིང་ནས་བཅོམ་ལྡན་འདས་ལ་སྤྱན་འདྲེན་པས་དུས་གསོལ་ཏོ། །གོའུ་ཏ་མ་བཤོས་ཀྱང་སྦྱར་ལགས་ཀྱི། ཀྱེ་གོའུ་ཏ་མ་དུས་ལ་བབ་པར་དགོངས་ཤིག་།དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་སོང་ལ་དགེ་སློང་དག་ལ་འདི་སྐད་དུ། དཔལ་སྦེད་ཀྱི་ཁྱིམ་དུ་དེ་བཞིན་གཤེགས་པ་མ་གཤེགས་པར་དགེ་སློང་སུའང་སྔར་མ་འདོང་ཞིག་།ཅེས་སྒོས་ཤིག་།བཙུན་པ། དེ་བཞིན་དུ་བགྱིའོ། །ཞེས་ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས་ལ་མཉན་ཏེ་དགེ་སློང་དག་ལ། ཚེ་དང་ལྡན་པ་དག་།བཅོམ་ལྡན་འདས་ཀྱིས་དཔལ་སྦེད་ཀྱི་ཁྱིམ་དུ་དེ་བཞིན་གཤེགས་པ་མ་གཤེགས་པར་སྔར་དགེ་སློང་སུའང་མ་འདོང་ཞིག་།ཅེས་བཀའ་སྩལ་ཏོ། །ཞེས་བསྒོའོ། །དེ་ནས་བཅོམ་ལྡན་འདས་སྔ་དྲོའི་དུས་ཤམ་ཐབས་མནབས། ལྷུང་བཟེད་དང་ཆོས་གོས་བསྣམས་ཏེ་དགེ་སློང་མང་པོས་བསྐོར་ནས་དགེ་སློང་གི་དགེ་འདུན་གྱིས་མདུན་དུ་བྱས་ཏེ་དཔལ་སྦེད་ཀྱི་ཁྱིམ་ག་ན་བར་དེ་ལོགས་སུ་གཤེགས་སོ། །དེ་ནས་འོད་མའི་ཚལ་ན་གནས་ Pa249a ༄#། །པའི་ལྷ་བྲན་རྣམས་སྡུག་བསྔལ་ཞིང་ཡིད་མི་དགའ་བས་གཟིར་ཏེ་མྱུར་ཞིང་རིངས་པར་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་ལ་གཏུགས་ཏེ་སྙིང་རྗེ་བའི་ཚིག་གིས་འདི་སྐད་དུ། བཅོམ་ལྡན་འདས། དཔལ་སྦེད་ཀྱི་ཁྱིམ་དུ་གཤེགས་པར་མི་རིགས་སོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ། དེ་ན་གནོད་པ་ཅི་ཞིག་ཡོད། བཅོམ་ལྡན་འདས། དཔལ་སྦེད་ནི། བཅོམ་ལྡན་འདས་ལ་མ་རུང་པར་བགྱི་བའི་སླད་དུ་བཤམས་སོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ། དེ་བཞིན་གཤེགས་པ་ནི། གནོད་པ་ཐམས་ཅད་དང་བྲལ་ན། དེས་ང་ལ་གནོད་པ་ཅི་ཞིག་བྱར་ཡོད། ལྷ་བྲན་གྱིས་གསོལ་པ། བཅོམ་ལྡན་འདས། བཅོམ་ལྡན་འདས་དེས་དགྲོངས་པའི་སླད་དུ་དོང་ཆེན་པོའི་ནང་དུ་སེང་ལྡེང་གི་མེ་མདག་གིས་བཀང་ངོ ། །ཞེས་སྨྲས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ། གང་འདོད་ཆགས་ཀྱི་མེ་དང ། ཞེ་སྡང་གི་མེ་དང ། གཏི་མུག་གི་མེ་དག་ཀྱང་ཡེ་ཤེས་ཀྱི་ཆུས་བཏབ་ན་ཞི་བར་འགྱུར་ན། མེའི་ནང་ན་ཐ་མ་དེས་ཅི་ཞིག་བྱར་ཡོད་ཀྱི། མྱ་ངན་མ་བྱེད་པར་འདུག་ཅིག་།ལྷ་བྲན་གྱིས་གསོལ་པ། དེ་གཅིག་པུ་མ་ལགས་ཀྱི། གཞན་དག་གིས་ཀྱང་བཅོམ་ལྡན་འདས་དགྲོངས་པའི་སླད་དུ་བྱ་བར་སྦྱར་ཏེ། དུག་རྣོན་པོ་མི་བཟད་པས་ཁ་ཟས་དང ། བཏུང་བའི་ནང་དུ་སྦྱར་ཏོ། །ཞེས་སྨྲས་པ་དང ། Pa249b བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷ། དུག་གི་གཉེན་པོ་ཡེ་ཤེས་ཀྱིས་འདོད་ཆགས་ཀྱི་དུག་དང ། ཞེ་སྡང་གི་དུག་དང ། གཏི་མུག་གི་དུག་ཀྱང་རབ་ཏུ་བཏང ། རབ་ཏུ་བསྐྱུགས། རབ་ཏུ་བོར་ན། དུག་གི་ནང་ན་ཐ་མ་དེས་བྱར་ཅི་ཞིག་ཡོད། བདག་སླར་ལོག་ལ་བདག་གི་ལས་ལ་ནན་ཏན་དུ་བྱོས་ཤིག་།དེ་ནས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་ཏུ་བྱོན་པ་དང ། རྒྱལ་པོའི་ཁབ་ན་གནས་པའི་ལྷ་དག་གིས་སྔ་མ་བཞིན་དུ་གསོལ་པ་དང ། ལྷ་དེ་དག་ལ་བཅོམ་ལྡན་འདས་ཀྱིས་ལྷ་སྔ་མ་བཞིན་དུ་བསྒོས་ཏེ་སླར་བཀྱེའོ། །དེ་ནས་དཔལ་སྦེད་ཀྱི་ཁང་པའི་སྒོར་བྱོན་པ་དང ། དཔལ་སྦེད་ཀྱི་ཁྱིམ་གྱི་ལྷས་སྔ་མ་བཞིན་དུ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་ལྷ་དེ་དག་ཀྱང་སྔ་མ་བཞིན་དུ་བསྒོས་ཏེ་སླར་བཀྱེའོ། །དེ་ནས་དཔལ་སྦེད་ཀྱི་ཆུང་མས་བསམ་པ། ད་ནི། བཅོམ་ལྡན་འདས་སྒོ་དང་པོར་ཕྱིན་ཅིང ། ད་ཙམ་ནི། དོང་གི་སྟེང་དུ་ཞབས་བཞག་གོ་།ད་ཙམ་ནི། དོང་གི་ཁ་རྩཝས་གཡོགས་པའི་སྟེང་ནས་ལྷུང་ངོ ། །ད་ཙམ་ནི། བཅོམ་ལྡན་འདས་མེའི་ནང་དུ་ལྷུང་ནས་དུད་པས་ཀྱང་འཚལ། མཆི་མ་ཡང་བྱུང ། མེ་ལྕེས་ཆོས་གོས་ཚིག་པའི་དུད་པ་ཡང་བྱུང་ངོ ། །སྙམ་ནས་མི་དགའ་བ་དེས་ཁང་པའི་ནང་དུ་བཅུག་པས་ཡིད་མི་དགའ་བ་སྐྱེས་ནས་མིག་མཆི་མས་གང་ཞིང་ངོ་འཛུམ་གནས་ནས་རྟགས་མི་དགེ་བ་ལ་རྟོག་སྟེ་ངུ་ཞིང་འདུག་གོ་།དེ་ནས་བཅོམ་ལྡན་འདས། སེམས་ཅན་ཐམས་ཅད་ལ་ཕན་པ་ལ་རབ་ཏུ་འཇུག་པའི་ཡིད་ཀྱིས་སྒོ་བར་མར་བྱོན་ནས་མེ་དོང་གི་སྟེང་དུ་ཞབས་བཞག་པ་དང ། དེ་ Pa250a ༄#། །ནས་མེའི་དོང་གི་སྟེང་དུ་ཞབས་བཞག་མ་ཐག་ཏུ་དེ་ཐམས་ཅད་མཚེའུ་པདྨ་ཅན་དུ་གྱུར་ཏེ། ཨུཏྤ་ལ་དང ། པདྨོ་དང ། ཀུ་མུ་ད་དང ། པུཎྜ་རཱི་ཀ་དག་གིས་ནི། ཁེབས་བྱ་ངང་པ་དང ། ཀ་རནད་དང ། ངུར་པ་ལ་སོགས་པ་ཆུ་ན་སྤྱོད་པའི་བྱ་རྣམས་ཀྱིས་བརྒྱན་ཏེ། བྱ་དེ་དག་ཀྱང་སྐད་སྣ་ཚོགས་འབྱིན་པ་ནི། ཇི་ལྟར་ལྷའི་རྫིང་མན་ད་ཀ་བཞིན་ནོ། །ནམ་མཁའ་ལ་གནས་པའི་ལྷ་དག་གིས་ཀྱང་ལྷའི་མེ་ཏོག་ཀུ་མུ་ད་དང ། ལྷའི་མེ་ཏོག་ཁ་ཏོག་དང་ལྡན་པས་སྟེང་ནས་གཏོར་ཏོ། །དེ་ནས་བཅོམ་ལྡན་འདས་པདྨའི་སྙིང་པོའི་སྟེང་དག་ཏུ་ཞབས་བཞག་སྟེ་དཔལ་སྦེད་ཀྱི་ཁྱིམ་དུ་བྱོན་པ་དང ། ཁྱིམ་བདག་དཔལ་སྦེད་ངོ་མཚར་ཆེ་བའི་མིག་གིས་བགྲད་དེ་བལྟས་ནས། བཙུན་པ་གང་པོ། བཅོམ་ལྡན་འདས་ཀྱི་རྫུ་འཕྲུལ་དང་ཆོ་འཕྲུལ་ལ་ལྟོས་ཤིག་།ཅེས་སྨྲས་པ་དང ། གང་པོ་མི་དགའ་བའི་བཞིན་དུ་བསྒྱུར་ནས། ཁྱིམ་བདག་།དགེ་སློང་གོའུ་ཏ་མ་དད་དམ། དེའི་སྒྱུ་མ་ལ་དད་དམ་ཞེས་སྨྲས་པ་དང ། དཔལ་སྦེད་ཀྱིས་སྨྲས་པ། བཙུན་པ་གང་པོ། དེ་ལྟར་འདི་ལྟ་བུས་བསྒྲུབ་ཏུ་རུང་ན་ནི། ཁྱོད་ཀྱང་ཐམས་ཅད་མཁྱེན་པ་ན་སྒྱུ་མ་དེ་ལྟ་བུ་བྱོས་ལ་སྟོན་ཅིག་།དེ་ལྟ་བུས་ང་དང ། ངའི་མཛའ་བོ་དང ། ཕུ་ནུ་དག་ཀྱང་བསྒྲུབ་པར་གྱིས་ཤིག་།གང་པོས་བསམ་པ། དགོས་པ་མ་གྲུབ་པར་གྱུར་ཏེ། སླར་འགྲོའོ། །སྙམ་ནས་དེས་དེ་ལ་སྤྱོས་ཏེ་ཁང་པའི་སྟེང་ནས་བབས་ཏེ་སྐྱེངས་ནས་བཅོམ་ལྡན་འདས་ལ་མངོན་དུ་འབྱུང་བར་མ་ནུས་ཏེ། དེ་ Pa250b ནས་འགྲོས་དལ་ཞིང་བགས་ཀྱིས་སོང་ནས་གདོང་ཡང་ས་ལ་བལྟས་ཏེ་དཔལ་སྦེད་ཀྱི་ཁྱིམ་ནས་བྱུང་སྟེ་བྲོས་ཏེ་སོང་ངོ ། །དེ་ནས་ཁྱིམ་བདག་དཔལ་སྦེད་ཁྱིམ་བདག་མེ་སྐྱེས་ཀྱི་སྲིང་མོ་གང་ན་བ་དེར་སོང་སྟེ་ཕྱིན་ནས་སྒོ་ལྕགས་ཕྱེ་སྟེ། བཟང་མོ་ཚུར་ཤོག་།དེ་བཞིན་གཤེགས་པའི་ཞབས་ལ་ཕྱག་ཚོལ་ཅིག་།ཅེས་སྨྲས་པ་དང ། དེས་བསམ་པ། འདི་བདག་སླུ་བར་བྱེད་དོ། །སྙམ་ནས་སྙིང་རྗེ་བའི་ཚིག་གིས་དལ་བུས་སྨྲས་པ། སྡིག་པའི་གྲོགས་པོས་བསླུས་ཏེ་བསད་ན། བདག་ལ་བགམ་དུ་ཅི་ཞིག་ཡོད་ཅེས་སྨྲས་པ་དང ། དེས། བཟང་མོ་བདེན་པར་ཟེར་ཏེ། བགམ་པ་ནི། མ་ཡིན་གྱི། བཅོམ་ལྡན་འདས་དགྲོངས་པར་མ་ནུས་པས། བཅོམ་ལྡན་འདས་ལ་མངོན་དུ་འབྱུང་བར་མི་ནུས་ཀྱི། ང་ཁྲིད་ལ་སོང་ཞིག་ཅེས་སྨྲས་པ་དང ། དེས་དཔལ་སྦེད་ཀྱི་ཆུང་མ་དེ་དགའ་བ་སྐྱེས་ནས་མགུ་བའི་ཡིད་ཀྱིས་དཔལ་སྦེད་ཁྲིད་དེ། བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཙུན་པ། བཟོད་པ་མཛོད་ཅིག་།ཁྱིམ་བདག་འདི། མི་དགེ་བའི་གྲོགས་པོས་བསླུས་པས་ན། བཅོམ་ལྡན་འདས་ལ་མི་དགེ་བའི་རྣམ་པ་འདི་ལྟ་བུ་དག་བགྱིས་སོ། །ཞེས་སྨྲས་པ་དང ། དེ་ནས་བཅོམ་ལྡན་འདས་ཀྱིས་གླང་པོ་ཆེའི་སྣ་འདྲ་བའི་ཕྱག་བརྐྱངས་ནས་གསུངས་པ། ཁྱིམ་བདག་།ལོངས་ཤིག་དང་བཟོད་དོ། །དེ་བཞིན་གཤེགས་པ་ལ་ནི། མཛའ་བ་དང ། དགྲར་བྱེ་བྲག་མི་འབྱེད། དེ་ Pa251a ༄#། །བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ནི། མཛའ་བ་དང་དགྲར་བྱེ་བྲག་མི་འབྱེད། ཙནྡན་དང་སྟེའུར་མཚུངས་སོ། །ཞེས་སྨྲས་པ་དང།་དེ་ནས་ཁྱིམ་བདག་དཔལ་སྦེད་དེ་བཞིན་གཤེགས་པ་ལ་རབ་ཏུ་དགའ་བ་སྐྱེས་ནས་མོས་པའི་ཡིད་ཀྱིས་བཅོམ་ལྡན་འདས་ལ་ཅུང་ཟད་ཅིག་གཞེས་ཤིག་།བདག་གིས་བཤོས་དེ་གདོད་སྦྱར་རོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།དེ་བཞིན་གཤེགས་པ་ལ་སྤྱན་འདྲེན་པས་དུས་གསོལ་ཏོ། །གོའུ་ཏ་མ་བཤོས་དག་སྦྱར་ལགས་ཀྱི།་ཀྱེ་གོའུ་ཏ་མ་དུས་མཁྱེན་པར་མཛོད་ཅིག་།ཅེས་ཟེར་ན། ད་ཡང་ཅིའི་ཕྱིར་ན། འདི་སྐད་དུ་སྨྲ། དེས་གསོལ་པ། བཙུན་པ། བདག་ནི། མི་དགེ་བའི་གྲོགས་པོ་ལ་བལྟས་པར་གྱུར་པའི་བློས་ལོག་པར་ལྟ་བ་གསུམ་དུ་འགྲོ་བའི་སྡིག་པས་དེ་ལ་གཞོལ་ཏེ་ཀུན་ལ་སྡུག་པར་འགྲོ་བ་གཉིས་ཀྱང་བགགས་ནས་བཅོམ་ལྡན་འདས་ལ་གནོད་པར་བྱ་བའི་ཕྱིར་ཞུགས་སོ། །ཞེས་སྨྲས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག། དེ་བཞིན་གཤེགས་པ་ནི། གནོད་པ་ཐམས་ཅད་དང་བྲལ་ན། ཅིའི་ཕྱིར་ང་ལ་གནོད་པར་འགྱུར། བཙུན་པ། བདག་གིས་དུག་རྣོན་པོས་ཞལ་ཟས་དང ། སྐྱེམས་ཀྱི་ནང་དུ་སྦྱར་གྱི། དེ་དག་ཕོ་ལ་གདོད་སྦྱར་རོ། །ཞེས་སྨྲས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།གང་འདོད་ Pa251b ཆགས་ཀྱི་དུག་དང ། ཞེ་སྡང་གི་དུག་དང ། གཏི་མུག་གི་དུག་ཀྱང་རབ་ཏུ་བསྐྱུགས་ཤིང་བོར་ན། དུག་ངན་པ་འདི་ལྟ་བུས་ཅི་ཞིག་བྱར་ཡོད་ཀྱི། གང་སྦྱར་བ་དེ་ཁྱེར་ཏེ་ཤོག་ཅིག་།དེ་ནས་བཅོམ་ལྡན་འདས་དགེ་སློང་གི་དགེ་འདུན་གྱི་མདུན་དུ་གདན་བཏིང་བ་ལ་བཞུགས་ཏེ། བཞུགས་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། སོང་ལ་དགེ་སློང་དག་ལ་འདི་སྐད་དུ། ནམ་རྒན་རིམ་དུ་འབྱོར་ཚོགས་སོ། །ཞེས་སྐད་མ་བྱུང་གི་བར་དུ་སུ་ཡང་ཟན་མ་ཟ་ཞིག་པར་སྒོས་ཤིག་།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་དགེ་སློང་དག་ལ། ཚེ་དང་ལྡན་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི། རྒན་རིམ་དུ་འབྱོར་ཚོགས་སོ། །ཞེས་སྐད་མ་བྱུང་གི་བར་དུ་སུའང་མ་ཟ་ཞིག་ཅེས་བྱུང་ངོ ། །དེ་ནས་དགེ་སློང་གི་དགེ་འདུན་དག་བདེ་བར་འཁོད་ནས་ཁ་ཟས་དག་བསྙེན་པ་དང ། རྫུ་འཕྲུལ་དང ། ཆོ་འཕྲུལ་གྱིས་དཔལ་སྦེད་ཀྱི་ཁྱིམ་རྒན་རིམ་དུ་འབྱོར་ཚོགས་ཞེས་སྐད་ཕྱུང་བ་དང ། ཁ་ཟས་དང ། སྐོམ་དག་ཀྱང་དུག་མེད་པར་གྱུར་ཏོ། །དཔལ་སྦེད་དེ་དོགས་བཞིན་དུ་ཁ་ཟས་དང ། སྐོམ་དག་འབྲིམ་ཞིང་བསམ་པ། རྒན་རིམ་ནས་གཞོན་ནུ་དག་གི་དྲུང་དུ་འོངས་པ་དང ། ད་ཙམ་དགེ་སློང་རྒན་རིམ་དག་ནི། དུག་རྣོན་པོས་འགྱེལ་གོར་མ་ཆག་གོ། གཞོན་ནུ་ནས་ཡང་རྒན་རིམ་གྱི་དྲུང་དུ་འོངས་ནས་ཡང་འདི་སྙམ་དུ་སེམས་ཏེ། དེའི་བློ་ཡང་དེ་ལྟ་བུར་སྐྱེས་ནས། བཅོམ་ལྡན་འདས་ནི། འདོད་ཆགས་དང ། ཞེ་སྡང་དང ། གཏི་མུག་གི་དུག་སྤངས་ཀྱི། ཉན་ Pa252a ༄#། །ཐོས་ཐམས་ཅད་མ་ཡིན་ནོ། །སྙམ་དུ་བསམ་ནས། དེ་ལྟར་དགེ་སློང་ཐམས་ཅད་ཀྱིས་བཤོས་གསོལ་ན། གཅིག་ལ་ཡང་གནོད་པར་མ་གྱུར་ཏོ། །ཆུང་དུ་ན། དེའི་ལྷག་མ་ཟོས་པ་དག་ལ་ཡང་གནོད་པར་མ་གྱུར། དེ་ནས་ཁྱིམ་བདག་དཔལ་སྦེད་ཕྱི་ཕྱིར་དད་པ་སྐྱེས་སོ། །དེ་ཆུང་མ་དང་གཉིས་ཀྱིས་བཅོམ་ལྡན་འདས་བཤོས་གསོལ་ནས་ལྷུང་བཟེད་ཕྱུང་སྟེ་ཕྱག་བཅབས་པར་ཤེས་ནས་སྟན་དམའ་བ་ཞིག་བླངས་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཆོས་ཉན་པའི་ཕྱིར་འདུག་གོ། དེ་ནས་བཅོམ་ལྡན་འདས་ཀྱིས་དཔལ་སྦེད་དང ། ཆུང་མའི་བསམ་པ་དང ། བག་ལ་ཉལ་བ་དང ། ཁམས་དང ། རང་བཞིན་དག་མཁྱེན་ནས་འཕགས་པའི་བདེན་པ་བཞིའི་ཆོས་རབ་ཏུ་རྟོགས་པར་འགྱུར་བ་དེ་ལྟ་བུ་བཤད་དོ། །ཁྱིམ་བདག་དཔལ་སྦེད་ཀྱིས་དེ་ཐོས་ནས་འཇིག་ཚོགས་ལ་ལྟ་བའི་རིའི་རྩེ་མོ་ཉི་ཤུ་ཡེ་ཤེས་ཀྱི་རྡོ་རྗེས་བཅོམ་ནས་རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱས་སོ། །དེས་བདེན་པ་མཐོང་ནས་དགའ་བའི་ཚིག་ལན་གསུམ་སྨྲས་ཏེ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཕན་བཏགས་པ་འདི་ལྟ་བུ་ནི། བདག་ལ་ཕས་ཀྱང་མ་བགྱིས། མས་ཀྱང་མ་བགྱིས། སྡུག་པ་དང ། མཛའ་བ་དང ། གཉེན་དང ། འཁོར་གྱིས་ཀྱང་མ་བགྱིས། རྒྱལ་པོས་ཀྱང་མ་བགྱིས་ལྷས་ཀྱང་མ་བགྱིས། སྔ་མའི་ཕ་མེས་དག་གིས་མ་བགྱིས། དགེ་སྦྱོང་དང་བྲམ་ཟེ་དག་གིས་ཀྱང་མ་བགྱིས་ཏེ། བཅོམ་ལྡན་འདས་ཀྱིས་བདག་གིས་མཆི་མ་དང ། ཁྲག་གི་རྒྱ་མཚོ་ནི། བསྐམས་ Pa252b རུས་པའི་རི་ལས་ནི། བསྒྲལ། ངན་སོང་གི་སྒོ་ནི། བཅད། མཐོ་རིས་ཀྱི་སྒོ་ནི། ཕྱེ་སྟེ། བདག་ནི། ལྷ་དང ། མིའི་གནས་སུ་བཞག་གོ་།ཞེས་སྨྲས་ནས་ཡང་གསོལ་པ། ཉེས་པ་མང་བ་མ་རུངས་པ། ངན་དུ་འགྲོ་བའི་ལམ་རྣམས་ཏེ། །ཁྱོད་ཀྱི་མཐུས་ནི་དེ་དག་བཅད། མཐོ་རིས་འགྲོ་བའི་སྒོ་ཕྱེ་བསོད་ནམས་ཅན། །མྱ་ངན་འདའ་བའི་ལམ་ཡང་བདག་གིས་ཐོབ། །ཁྱོད་ལ་བརྟེན་པས་ཐོབ་པ་ཉེས་བྲལ་བའི། བདག་གི་མིག་ནི་དག་ཅིང་རྣམ་པར་དག་།འཕགས་པ་དགྱེས་པའི་གནས་བཞི་ཐོབ། །སྡུག་བསྔལ་རྒྱ་མཚོ་ཕ་རོལ་བརྒལ། །སྐྱེ་བོ་ལྷ་མིན་ལྷ་དང་མིས་མཆོད་པ། །སྐྱེ་བ་ན་བ་རྒ་ཤི་རྣམ་པར་བྲལ། །སྲིད་པ་སྟོང་དུའང་རྙེད་པར་ཤིན་ཏུ་དཀའ། །ཐུབ་པ་ཁྱོད་མཐོང་དང་ནི་འབྲས་བུར་ལྡན། །བཙུན་པ། བདག་ནི། མངོན་པར་བརྒལ་ཏེ། མངོན་པར་བརྒལ་ལོ། །ད་ནི། བདག་བཅོམ་ལྡན་འདས་དང ། ཆོས་དང ། དགེ་སློང་གི་དགེ་འདུན་དུ་སྐྱབས་སུ་མཆིའི། དེང་ཕན་ཆད་ནམ་འཚོའི་བར་སྲོག་དང་ཡང་བསྔོས་ཏེ་སྐྱབས་སུ་མཆི་ནས་མངོན་དུ་དད་ཀྱི། བདག་དགེ་བསྙེན་དུ་ཟུངས་ཤིག་།བཙུན་པ། དེང་ཕན་ཆད་མུ་སྟེགས་ཅན་གཅེར་བུ་པ་དང ། གཅེར་བུ་མ་དང ། གཅེར་བུ་པའི་ཉན་ཐོས་རྣམས་ལ་ནི། སྒོ་བཅད། བཅོམ་ལྡན་འདས་ཀྱི་ཉན་ཐོས་དང ། དགེ་སློང་དང ། དགེ་སློང་མ་དང ། དགེ་བསྙེན་ཕ་དང ། དགེ་བསྙེན་མ་ལ་ནི། སྒོ་དབྱེའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་དཔལ་སྦེད་ལ་ཆོས་ཀྱི་གཏམ་གྱིས་ཡང་དག་པར་བསྟན། ཡང་དག་པར་བསྟབས། Pa253a ༄#། །ཡང་དག་པར་གཟེངས་བསྟོད། རབ་ཏུ་དགའ་བར་བྱས་ནས་གདན་ལས་བཞེངས་ཏེ་བཞུད་དོ། །དེ་ནས་བཅོམ་ལྡན་འདས་གཙུག་ལག་ཁང་དུ་བྱོན་ནས་དགེ་སློང་གི་དགེ་འདུན་གྱི་མདུན་དུ་གདན་བཏིང་པ་ལ་བཞུགས་སོ། །བཞུགས་ནས་བཅོམ་ལྡན་འདས་ཀྱི་དགེ་སློང་དག་ལ་བཀའ་སྩལ་པ། དགེ་སློང་དག་།ཁྱིམ་བདག་དཔལ་སྦེད་ཀྱི་ཁྱིམ་དུ་དེ་ལྟ་བུའི་གནོད་པ་དག་བྱུང་བ་དེ་ལ་དེར་དེ་བཞིན་གཤེགས་པས་མཁྱེན་པར་མ་གྱུར་ན། གོར་མ་ཆག་པར་དགེ་སློང་རབ་ཏུ་མང་པོ་ཞིག་དུག་གིས་དུས་འདས་པར་འགྱུར། ཁྱིམ་བདག་དེའང་ངན་དུ་སྤྱད་པས་མཚམས་མེད་པའི་སེམས་ཅན་དམྱལ་བར་ལྟུང་ངོ ། །དེ་བས་ན། དགེ་འདུན་གྱི་གནས་བརྟན་གྱི་དགེ་སློང་ལ་མཚུངས་པར་སྤྱོད་པའི་ཆོས་བཅའོ། །དགེ་འདུན་གྱི་གནས་བརྟན་དགེ་སློང་གི་རྒན་རིམ་དུ་འདུག་ནས་ཁ་ཟས་དག་བཤམས་ཏེ་འོངས་པ་དང ། སྔར་ཆུང་དུ་ན་ལན་ཚཝ་ཙམ་ཡང་མ་བླང་ཞིག། ནམ་རྒན་རིམ་དུ་འབྱོར་ཚོགས་ཞེས་སྐད་མ་ཕྱུང་བ་བླངས་ན། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དེའི་ཚེ་ཁྱིམ་བདག་གཞན་ཞིག་གིས་གཙུག་ལག་ཁང་ཆེན་པོ་ཞིག་རྩིག་པ་ལ་ཞུགས་པ་ལ། དེས་ཕྱེད་ཙམ་བརྩིགས་པ་དང་དུས་འདས་སོ། །དེའི་བུ་ཁྱིམ་གྱི་བདག་པོར་གྱུར་ནས་དགེ་སློང་དག་གིས་དེའི་གན་དུ་སོང་སྟེ་བཞིན་བཟང ། ཁྱོད་ཀྱི་ཕས་གཙུག་ལག་ཁང་རྩིག་པ་ལ་ཞུགས་པ་དང ། དེའང་ཕྱེད་ཙམ་ཟིན་པ་དང་དུས་འདས་སོ། །དེ་ནི། ཁྱོད་ཀྱིས་ Pa253b མཇུག་སྒྲུབ་པའི་རིགས་སོ། །ཞེས་སྨྲས་པ་དང ། དེ་དད་པ་ཆུང་སྟེ། གཙུག་ལག་ཁང་དེ་ནི། ཆེ་བས་ན། དེ་ཙམ་རྩིག་སུས་ནུས་ཀྱི། དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན་ནི། ཆེན་པོ་དེ་བཤིག་ལ་ཆུང་ངུར་བསྐྱུངས་ཏེ་བགྱིའོ། །ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་རྩིག་མི་ནུས་ན། བཤིག་ལ་ཆུང་ངུར་གྱིས་ཤིག་།དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། ཁྱིམ་བདག་གཞན་ཞིག་གིས་གཙུག་ལག་ཁང་ཆུང་ངུ་ཞིག་རྩིག་པ་ལ་ཞུགས་པ་ལས། དེའང་ཕྱེད་ཙམ་ཟིན་པ་དང་དེ་དུས་འདས་སོ། །དེའི་བུའང་ཁྱིམ་གྱི་བདག་པོར་གྱུར་ནས་དེས་དགེ་སློང་དག་གིས་དེ་ལ་བཞིན་བཟང ། ཁྱོད་ཀྱི་ཕས་གཙུག་ལག་ཁང་ཕྱེད་བརྩིགས་ནས་ལུས་པ་དེ། ད་ཁྱོད་ཀྱིས་མཇུག་སྒྲུབས་ཤིག། ཅེས་སྨྲས་པ་དང ། དེ་རབ་ཏུ་དད་པ་ཞིག་སྟེ། འཕགས་པ་དག་།བདག་ནི། ཆེར་བགྱིད་པར་དད་ན། དེ་ནི། ཆུང་སྟེ། བཅོམ་ལྡན་འདས་ཀྱིས་རྗེས་སུ་གནང་ན། སྔ་མ་བཤིག་ལ་ཆེན་པོ་ཞིག་བརྩིག་གོ་།ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་ནུས་ན། ཆུང་ངུ་བཤིག་ལ་ཆེར་རྩིག་ཏུ་གནང་གི། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།དེ་བཞིན་དུ་ཁྱིམ་བདག་གཞན་ཞིག་གིས་མཆོད་རྟེན་ཆེན་པོ་ཞིག་བརྩིགས་པར་བྱས་པ་ལ་ཕྱེད་ཙམ་ཟིན་པ་དང་དེ་དུས་འདས་སོ། །དེའི་བུའང་ཁྱིམ་གྱི་བདག་པོར་གྱུར་ནས་ Pa254a ༄#། །དེ་ལ་དགེ་སློང་དག་གིས་བཞིན་བཟང ། ཁྱོད་ཀྱི་ཕས་མཆོད་རྟེན་ཕྱེད་ཙམ་བརྩིགས་ཤིང་འདུག་ན། དེ་ཁྱོད་ཀྱིས་མཇུག་སྒྲུབས་ཤིག་།ཅེས་སྨྲས་པ་དང ། དེའང་མ་དད་པ་ཞིག་སྟེ། འཕགས་པ། དེ་ཚེ་ཆེས་པས་རྩིག་མི་ནུས་ན། དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན། དེ་ལ་བདག་གིས་དེ་སླར་བཤིག་ལ་ཆུང་ངུར་བགྱིའོ། །ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།གཙུག་ལག་ཁང་ཆེན་པོ་ལས་ཆུང་ངུར་བསྐྱུང་དུ་ཡང་རུང ། ཆེར་ཡང་རུང་གི། མཆོད་རྟེན་ནི། ཆེན་པོ་ལས་ཆུང་ངུར་མ་སྐྱུངས་ཤིག་།ཆུང་ངུར་བྱས་ན། འདས་པ་དང་བཅས་པར་འགྱུར་རོ། །ཁྱིམ་བདག་གཞན་ཞིག་ཡང་མཆོད་རྟེན་ཆུང་ངུ་ཞིག་རྩིག་པ་ལ་ཞུགས་པ་ལས་ཕྱེད་ཙམ་ཟིན་པ་དང་དེ་དུས་འདས་སོ། །དེའི་བུ་ཡང་ཁྱིམ་གྱི་བདག་པོར་གྱུར་ནས་དགེ་སློང་དག་གིས་དེ་ལ་བཞིན་བཟང ། ཁྱོད་ཀྱི་ཕས་མཆོད་རྟེན་རྩིག་ཏུ་ཞུགས་པ་ལས་ཕྱེད་ཟིན་པ་དང ། དེའང་དུས་ལས་འདས་ན། ཁྱོད་ཀྱིས་མཇུག་སྒྲུབས་ཤིག་།ཅེས་སྨྲས་པ་དང ། དེའང་རབ་ཏུ་དད་པ་ཞིག་སྟེ། བདག་ནི། ཆེར་དད་པ་ལགས་ཀྱི། དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་ཆེར་བསྐྱེད་པར་བགྱིའོ། །ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཆུང་ངུ་ Pa254b བཤིག་སྟེ་ཆེན་པོ་བྱེད་ནུས་ན། གནང་གི། བྱོས་ཤིག་།དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།མཆོད་རྟེན་དང་གདུགས་རྙིང་ཞིང་ཞིག་པའང་དེ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་ཆོས་ཤིག་ཅེས་བཀའ་སྩལ་པ་དང ། གཞན་ཞིག་གིས་གདུགས་ཕབ་ནས་སླར་མ་བསྒྲུབས་ཀྱི་བར་དུ་དུས་འདས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་མ་མ་ཟིན་གྱི་བར་དུ་སྔ་མ་དབབ་པར་མ་བྱེད་ཅིག་།དེ་བཞིན་དུ་སྐུ་གཟུགས་འཇིམ་པ་ལ་བྱས་པ་དག་རྙིང་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ནས་མ་བྱས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དང་འདྲ་བའམ། དེ་ལས་ལྷག་པར་ནི། བྱོས་ཤིག་།ཆུང་ངུ་ནི། མ་ཡིན་ནོ། །དེ་བཞིན་དུ་རི་མོར་བྲིས་པ་དག་ཀྱང་རི་མོར་བྱེད་པ་དང ། དགེ་སློང་དག་ཐེ་ཚོམ་སྐྱེས་ནས་རི་མོར་མ་བྲིས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱིད་ན། དེ་ཉིད་ཀྱི་རྒྱུ་སླར་བྲིས་ཤིག་།དེ་བཞིན་དུ་སངས་རྒྱས་ཀྱི་བཀའི་གླེགས་བམ་དག་བྱེད་པར་གྱུར་པ་ན། དགེ་སློང་དག་གིས་ཐེ་ཚོམ་སྐྱེས་ནས་མ་བྲིས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱིད་ན། སངས་རྒྱས་ཀྱི་བཀའ་སླར་བྲིས་ཤིག་།དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།རྐྱང་པའི་སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་བཞི་པའོ།། །།འདུལ་བ་གཞུང་དམ་པ། བམ་པོ་ཞེ་གཅིག་པ།་མདོར་ན། གསར་བུ་འཇུག་པར་བྱ་བ་དང ། འཁོར་རྣམས་རྣམ་པ་ལྔ་ཡིས་དང ། །ཡོན་དང་སྣོད་དང་རོལ་མོ་དང ། །དགེ་བསྙེན་དག་ནི་བསྒྲགས་པའོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་ Pa255a ༄#། །སྟེ།་བཅོམ་ལྡན་འདས་ཀྱིས་འཛམ་བུའི་གྲིབ་མ་ན་བཞུགས་པའི་སྐུ་གཟུགས་ལ་དུས་ཀྱི་མཆོད་སྟོན་ཆེན་པོ་དང་བཅས་པར་བྱོས་ལ། གྲོང་ཁྱེར་གྱི་ནང་དུ་བཀུར་བར་གྱིས་ཤིག་།ཅེས་བཀའ་སྩལ་པ་དང ། དགེ་སློང་དག་གིས་སུས་བཀུར་བར་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གཞོན་ནུ་དག་གིས་ཁྱེར་ཅིག་།བཅོམ་ལྡན་འདས་ཀྱིས་དགེ་སློང་གཞོན་ནུ་དག་གིས་ཁྱེར་ཅིག་པར་བཀའ་སྩལ་པ་དང ། དེ་འཁོར་མེད་པར་གྱུར་པས་ན། མི་མཛེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དང ། དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་དང ། དགེ་ཚུལ་མའི་འཁོར་ལྔ་དང་ཆོས་ཤིག་།དད་པའི་བྲམ་ཟེ་དང་ཁྱིམ་བདག་གིས་ཡོན་ཕུལ་ན། སུས་ཀྱང་མ་བླངས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་བླང་བར་བྱོས་ཤིག་།གཞོན་ནུས་བླང་ངམ། རྒན་པོ་རྣམས་ཀྱིས་བླང་བ་དེ་དག་གིས་མ་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒན་པོ་རྣམས་ཀྱིས་ལོངས་ཤིག་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་བཀུར་བར་བྱོས་ཤིག་།དགེ་སློང་གནས་བརྟན་དག་གིས་ཁྱེར་ཏེ་ངལ་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གནས་བརྟན་དག་གིས་བསྲུངས་ལ་གཞན་གྱིས་བཀུར་བར་གྱིས་ཤིག་།དགེ་སློང་དག་གིས་རོལ་མོ་མི་བྱེད་པར་དོང་བ་དང ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་ Pa255b འདས་ཀྱིས་གནང་ན་ནི། སྐུ་གཟུགས་གཤེགས་པའི་ཚེ་བདག་གིས་རོལ་མོ་སྦྱར་རོ། །ཞེས་སྨྲས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག། དེ་ལྟར་ན། གནང་གི་།སྦྱོར་ཅིག ། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། དགེ་སློང་གིས་རོལ་མོ་བགྱིར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །ནམ་མཆོད་པའི་དུས་ན་འདི་སྐད་དུ། བཞིན་བཟང ། སྟོན་པ་ལ་མཆོད་པར་བྱོས་ཤིག་ཅེས་སྒོས་ཤིག་།རྐྱང་པའི་སྒོ་གཉིས་པའི་མདོ་ཚིགས་སུ་བཅད་པ་ལྔ་པའོ། །མདོར་ན། སྒྲོག་པར་བྱེད་དང་སྣོད་སྦེད་དང ། ཤིང་རྟ་ཐ་དད་པ་བྱེད་པ་དང ། སྣོད་རྣམས་བགེད་པ་དད་པ་དང ། མདོ་ཡི་ཚིགས་སུ་བཅད་པར་བརྗོད། །སངས་རྒྱས་བཅོམ་ལྡན་འདས་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དུས་སྟོན་ཆེན་པོ་གྱིས་ལ་ཤིང་འཛམ་བུའི་གྲིབ་མ་ན་བཞུགས་པའི་སྐུའི་གཟུགས་གྲོང་ཁྱེར་དུ་གཤེགས་པ་རྒྱས་པར་བྱོས་ཤིག་།ཅེས་བཀའ་སྩལ་པ་དང ། དགེ་སློང་དག་གིས་བྲམ་ཟེ་དང ། ཁྱིམ་བདག་དག་ལ་མ་སྦྲན་པར་དོང་ངོ ། །དེ་དག་གིས་ཨེ་མའོ། །འཕགས་པ་དག་།ངེད་ཅག་ལ་སྔར་སྦྲན་ན་ནི། ངེད་ཀྱིས་ཡོན་རྣམས་སྟ་གོན་བྱ་བ་ཞིག་ཅེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞག་བདུན་ནམ་བརྒྱད་ཀྱི་སྔ་རོལ་ནས་དུས་ཀྱི་མཆོད་སྟོན་ཆེན་པོ་བྱེད་དོ། །ཞེས་གྲོང་ཁྱེར་དང ། ཚོང་འདུས་དང ། སྲང་དང ། Pa256a ༄#། །ལམ་དང ། ལམ་གྱི་བཞི་མདོ་དག་ཏུ་བསྒྲགས་པར་བྱོས་ཤིག་།དེ་དག་གིས་དུས་སྟོན་ནོ། །དུས་སྟོན་ནོ། །ཞེས་བསྒྲགས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞག་དུས་ཐོབ་ལ་ཞག་འདི་སྙེད་ཅིག་ན་དུས་སྟོན་བྱེད་དོ། །ཞེས་སྦྲོན་ཅིག་།དེ་ལྟར་བྱས་ཀྱང་འཇིག་རྟེན་ཐམས་ཅད་ཀྱིས་མ་ཐོས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲོ་བ་ལ་བྲིས་ལ་བལ་གླང་གི་སྟེང་དུ་ཞོན་ཏེ་ཚོང་འདུས་དང ། སྲང་དང ། ལམ་དང ། ལམ་གྱི་བཞི་མདོ་དག་ཏུ་བསྒྲགས་པར་གྱིས་ཤིག་།གང་གི་ཉིན་མོ་བཅོམ་ལྡན་འདས་ཀྱི་དུས་སྟོན་ཆེན་པོ་བྱེད་པ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་གནས་བརྟན་དང ། གནས་བརྟན་དག་གིས་ནི། ཡོན་རྣམས་སྲུངས་ཤིག་།གཞོན་རྣམས་ཀྱིས་ཁྱེར་ཅིག། ཅེས་བཀའ་སྩལ་པ་དང ། དེས་ཁྱེར་ཏེ་བབ་བབ་ཏུ་བོར་བ་དང ། མ་བྱིན་པར་ལེན་པ་དག་གིས་བརྐུས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྣོད་སྤྱད་སྦེད་པའི་དགེ་སློང་སྐོས་ཤིག། བསྐོ་བ་ནི། འདི་ལྟར་བསྐོའོ། །སྟན་ཐིངས་ལ་གཎྜཱི་བརྡུངས་ཤིང་དྲིས་པ་ལ་ལན་ལྡོན་པའི་དགེ་སློང་བསྐོས་ཏེ་དགེ་སློང་གི་དགེ་འདུན་རྣམས་ཚོགས་ཤིང་འཁོད་པ་དང ། སྔར་ནི། དད་པར་བྱོས་ཤིག་།ཁྱོད་མིང་འདི་ཞེས་བྱ་བ་དགེ་འདུན་གྱི་སྣོད་སྦེད་པར་བསྐོ་ན། དད་དམ་ཞེས་དྲི་སྟེ། དད་ན། དེས་ཀྱང་དད་དོ། །ཞེས་སྨྲོས་ཤིག་།དེའི་འོག་ཏུ་དགེ་སློང་ཞིག་གིས་གསོལ་པ་དང་ལས་བྱོས་ཤིག་།གསོན་ཅིག་བཙུན་པའི་དགེ་འདུན་རྣམས། མིང་འདི་ཞེས་ Pa256b བགྱི་བ་དགེ་འདུན་གྱི་སྣོད་སྦེད་པར་དད་ན། དེ་སྟེ་དགེ་འདུན་གྱིས་དུས་ལ་བབ་ཤིང་བཟོད་ན། དགེ་འདུན་གྱིས་གནོང་ཞིག་།མིང་འདི་ཞེས་བགྱི་བ་སྣོད་སྦེད་པར་བསྐོས་ཏེ་སྣོད་སྦེད་པ་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་སྣོད་སྦེད་དེ། འདི་ནི། གསོལ་པའོ། །ལས་ཀྱང་འདི་ལྟར་བྱ་སྟེ། གསོན་ཅིག་བཙུན་པའི་དགེ་འདུན་རྣམས། མིང་འདི་ཞེས་བྱ་བ་འདི། དགེ་འདུན་གྱི་སྨོད་སྦེད་པར་དད་དེ། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི། སྣོད་སྦེད་པར་བསྐོས་ཏེ། མིང་འདི་ཞེས་བགྱི་བ་འདི་དགེ་འདུན་གྱི་སྣོད་སྦེད་ན། ཚེ་དང་ལྡན་པ་རྣམས་ལས་གང་ལ་མིང་འདི་ཞེས་བགྱི་བ་སྣོད་སྦེད་དུ་བསྐོ་བར་བཟོད་པ་དེ་དག་ནི། ཅང་མ་གསུངས་ཤིག་།གང་གིས་མི་བཟོད་པ་དེ་དག་ནི། སྨྲོས་ཤིག། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་སྣོད་སྦེད་པར་བསྐོས་ཏེ་དགེ་འདུན་གྱིས་བཟོད་ཅིང་གནང་བས་ན། ཅང་མི་གསུང་སྟེ། དེ་དེ་བཞིན་དུ་འཛིན་ཏོ། །དེར་ཡང་རྙེད་པ་དག་མང་དུ་བྱུང་ནས་དགེ་སློང་མ་དག་གིས་འཕགས་པ། བདག་ཅག་ལ་རྙེད་པའི་སྐལ་པ་སྩོལ་ཅིག་།ཅེས་སྨྲས་ཀྱང ། དགེ་སློང་དག་གིས་མ་བྱིན་ནོ། །དེ་དག་གིས་ཕྱི་དེ་ཉིན་མོ་ཤིང་རྟ་གཞན་ཞིག་བཤམས་པ་དང ། བྲམ་ཟེ་དང ། ཁྱིམ་བདག་གིས་འཕགས་མ་དང ། ཤིང་རྟ་འདི་ཉིད་དམ། འོན་ཏེ་གཞན་ཞིག་ཅེས་དྲིས་ནས། དགེ་སློང་མ་དག་གིས་ཀྱང་རྙེད་པ་མང་དུ་གྱུར་ཏོ། །དགེ་སློང་མ་དག་གིས་རྙེད་པ་དང ། བཀུར་སྟི་ལ་ངོམ་པར་གྱུར་པ་དགེ་སློང་དག་གས་མཐོང་ནས་འཕགས་པ། Pa257a ༄#། །ཁྱོད་ཀྱིས་ཁོ་མོ་ཅག་ལ་རྙེད་པ་མ་བྱིན་མོད་ཀྱི། བདག་ཅག་གིས་ཀྱང་ཤིང་རྟ་ལོགས་ཤིག་ཏུ་བཤམས་པས། བདག་ཅག་ལ་རྙེད་པ་ཡང་མང་དུ་ཐོབ་པར་གྱུར་ཏོ། ། སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་དགོངས་པ། དགེ་སློང་དག་།གང་ཉེས་པའི་དམིགས་སུ་གྱུར་པ་ནི། དགེ་སློང་མ་དག་གིས་དུས་སྟོན་གྱི་ཚེ་ཤིང་རྟ་གུད་དུ་བཤམས་པས་དེ་བས་ན། དགེ་སློང་དང ། དགེ་སློང་མ་དག་གིས་ཤིང་རྟ་ལོགས་ཤིག་ཏུ་མི་བཤམས་པར་དགོངས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།དགེ་སློང་མས་མི་རིགས་པ་བྱས་ཏེ། དེ་བས་ན། དགེ་སློང་མས་དུས་སྟོན་གྱི་ཚེ་ཤིང་རྟ་ལོགས་ཤིག་ཏུ་མ་ཤོམས་ཤིག་།དགེ་སློང་མ་དག་གིས་དུས་སྟོན་གྱི་ཚེ་ཤིང་རྟ་ལོགས་ཤིག་ཏུ་བཤམས་ན། དབྱེན་བྱས་པ་དང་ཉེ་བའི་ཉེས་པ་སྦོམ་པོར་འགྱུར་རོ། །སྣོད་དེ་དག་དེ་བཞིན་དུ་འདུག་པ་དང ། དགེ་སློང་དག་གིས་ཇི་ལྟར་བྱ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བགོས་ཤིག་ཅེས་གསུངས་པ་དང ། དེ་དག་གིས་ཇི་ལྟར་བསྒོ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྣོད་འགེད་པའི་དགེ་སློང་ཞིག་སྐོས་ཤིག་།བསྐོ་བ་ནི། འདི་ལྟར་བྱའོ། །སྟན་བཏིང་སྟེ་གཎྜཱི་བརྡུངས་ལ་དྲིས་པ་ལ་ལན་ལྡོན་པའི་དགེ་སློང་བསྐོས་ལ་དགེ་འདུན་ཐམས་ཅད་འདུས་ཏེ་འཁོད་པ་དང་སྔར་དད་པར་བྱོས་ཤིག་།ཁྱོད་དགེ་འདུན་གྱི་ Pa257b སྣོད་འགེད་པར་བསྐོ་ན། དད་དམ་ཞེས་དྲིས་ལ། དེ་སྟེ་དད་དོ། །ཞེས་ཟེར་ན། དེའི་འོག་ཏུ་དགེ་སློང་ཞིག་གིས་གསོལ་བ་དང་ལས་བྱོས་ཤིག། གསོན་ཅིག་བཙུན་པའི་དགེ་འདུན་རྣམས། སྣོད་འགེད་པ་མིང་འདི་ཞེས་བགྱི་བ་འདི། དགེ་འདུན་གྱི་སྣོད་འགེད་པར་དད་ན། དེ་སྟེ་དགེ་འདུན་གྱིས་དུས་ལ་བབ་ཅིང་བཟོད་ན། དགེ་འདུན་གྱིས་གནོང་ལ་དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་སྣོད་འགེད་པར་སྐོས་ཤིག་།མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་སྣོད་འགེད་དེ། འདི་ནི། གསོལ་བའོ། །ལས་ཀྱང་འདི་ལྟར་བྱོས་ཤིག་།གསོན་ཅིག་བཙུན་པའི་དགེ་འདུན་རྣམས། མིང་འདི་ཞེས་བགྱི་བ་སྣོད་འགེད་པར་དད་ན། དགེ་འདུན་གྱི་སྣོད་འགེད་དེ། དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་སྣོད་འགེད་པར་ཚེ་དང་ལྡན་པ་རྣམས་གང་བཟོད་པ་ནི། ཅང་མ་གསུངས་ཤིག ། གང་མི་བཟོད་པ་དེ་དག་ནི། སྨྲོས་ཤིག་།དགེ་འདུན་གྱིས་མིང་འདི་ཞེས་བགྱི་བ་འདི་སྣོད་འགེད་པར་བསྐོས་ཏེ། དགེ་འདུན་གྱིས་བཟོད་ཅིང་གནང་བས་ན། ཅང་མི་གསུང་སྟེ། དེ་དེ་བཞིན་བཞིན་དུ་འཛིན་ཏོ། །རྐྱང་པའི་སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་དྲུག་པའོ། །མདོ་བར་མ་སྟེ། རྣམ་པ་ཐ་དད་བྱས་དང་ཡོན། །གང་གི་ཚེ་ན་གཅིག་ལ་ལྷག་།གང་གི་ཚེ་ན་གཉིས་ལས་གཅིག་།བདག་གིར་བྱ་བར་མི་རུང་ངོ ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །གང་གི་ཚེ་དུས་སྟོན་ཆེན་པོ་ Pa258a ༄#། །བྱུང་བ་ན་རྙེད་པ་མང་པོ་དང་ལྡན་པར་གྱུར་ནས་དགེ་སློང་དག་གིས་ཇི་ལྟར་བྱ་བའི་ཐབས་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གོས་སྦེད་པའི་དགེ་སློང་གིས་སྟན་ཐིངས་ལ་གཎྜཱི་བརྡུངས་ཏེ་དྲིས་པ་ལ་ལན་ལྡོན་པའི་དགེ་སློང་བསྐོས་ལ་དགེ་འདུན་ཐམས་ཅད་འདུས་ཤིང་འཁོད་པའི་ནང་དུ་བཙོང་པར་བྱའོ། །དེ་དག་གིས་སུས་རིན་ཐང་གདབ་པ་མ་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་གནས་བརྟན་གྱིས་ཐོབ་ཅིག་།དེ་དག་གིས་དེ་ཉིད་ཉོར་བཅུག་པ་དང ། དེ་ཉིད་ལ་ཉོར་མ་གཞུག་ཅིག་།དགེ་འདུན་གྱི་གནས་བརྟན་གྱིས་རིན་ཆེར་བཏབ་སྟེ་སུས་ཀྱང་མ་ཉོས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆེར་མ་གདབ་ཅིག་།ཅེས་གསུངས་པ་དང ། ཤིན་ཏུ་ཆུང་དུ་བཏབ་བོ། །ཤིན་ཏུ་ཆུང་ངུར་ཡང་མ་གདབ་པར་རན་པར་ཐོབ་ཅིག་།གང་གིས་ཐོག་མར་རིན་སྐྱེད་པ་དེ་ཉིད་ཉོར་ཆུག་ཅིག་།ཅེས་སྨྲས་པ་དང ། དེ་ལ་མ་བཙོང་པར་གང་གི་ཚེ་རིན་ཐང་སུས་ཀྱང་མ་སྐྱེད་ན། གདོད་དེ་ཉིད་ལ་ཚོངས་ཤིག་།དྲུག་སྡེ་དག་གིས་རིན་ཆེར་བཏབ་སྟེ་རིན་བླངས་ན། དགེ་འདུན་གྱི་དོན་གྱི་ཕྱིར་ངེད་ཀྱིས་རིན་ཐང་བསྐྱེད་དོ། །ཞེས་སྨྲས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཉོ་བ་དེས་རིན་ཐང་སྐྱེད་ཅིག་།གཞན་གྱིས་རིན་ཐང་བསྐྱེད་ན། འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་རིན་ཐང་བསྐྱེད་དེ་ཉོས་ནས་བཀྲུས་ཤིང་བགོས་སོ།། Pa258b རིན་ལེན་པ་ལ་དེ་ཉིད་སླར་བྱིན་ནོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིན་འོངས་ཀྱི་བར་དུ་དེ་ལ་མ་བྱིན་ཅིག་།རིན་མ་བྱིན་པར་བགོས་ན། འདས་པ་དང་བཅས་པར་འགྱུར་རོ། །རྐྱང་པའི་སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་བདུན་པའོ།། །།མདོར་ན། གཙུག་ལག་ཁང་ནི་ཞིག་པ་སྟེ། །ལྕི་བའི་ཕྱིར་ནི་གཞིག་པར་བྱ། །ནམ་ཞིག་འཇིགས་པར་གྱུར་པ་ན། །སྐད་ཅིག་རྙེད་པ་དགེ་འདུན་གྱི། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གནས་ཁང་ལྔ་བརྩེགས་སུ་བྱོས་ཤིག་།དྲི་གཙང་ཁང་ནི། བདུན་བརྩེགས། སྒོ་ཁང་ཡང་བདུན་བརྩེགས་སུ་བྱོས་ཤིག་།ཅེས་བཀའ་སྩལ་ཏོ། །དགེ་སློང་མའི་གནས་ཁང་ནི། སུམ་བརྩེགས་སོ། །དྲི་གཙང་ཁང་ནི། ལྔ་བརྩེགས་སོ། །སྒོ་ཁང་ཡང་ལྔ་བརྩེགས་སོ། །སྟེང་གི་ལྕིད་ཀྱིས་རྩིག་པ་འཇིག་ཏུ་བྱེད་དེ། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟེང་མའི་རིམ་གཅིག་ཕྲི་ཞིག་།འོན་ཀྱང་འཇིག་པར་གྱུར་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་རིམ་པ་གཉིས་ནས་བཞིའི་བར་དུ་ཕྲི་ལ་འོག་ཁང་གཅིག་པུ་ཞོག་ཅིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དགེ་སློང་རྣམས་ལ་འཇིགས་པ་དག་བྱུང་ནས་གཙུག་ལག་ཁང་སྟོང་པར་བྱས་ཏེ་དགེ་འདུན་གྱི་མལ་སྟན་ཡང་ Pa259a ༄#། །བོར་ནས་བྲོས་ཏེ་དོང་བ་དང ། མ་བྱིན་པར་ལེན་པ་དག་གིས་བརྐུས་སོ། །བརྐུས་པས་དགེ་སློང་དག་ཕོངས་པར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་མལ་སྟན་བོར་ཏེ་མ་འདོང་ཞིག་།གང་དུ་འདོང་བ་དེར་ཁྱེར་ཅིག་།བཅོམ་ལྡན་འདས་ཀྱིས་གང་དུ་འདོང་བར་ཁྱེར་ཅིག་ཅེས་བཀའ་སྩལ་པ། དགེ་སློང་ཞིག་གིས་བགོ་བ་དག་ཁྱེར་ཏེ་དགེ་སློང་དག་དང་ལྷན་ཅིག་ཏུ་བྲོས་ཏེ་དོང་བ་དང ། དེ་ན་ནུབ་མོ་དགེ་སློང་ཞིག་གིས་ཚེ་དང་ལྡན་པ། འདི་ནི། དགེ་འདུན་གྱི་ནང་ན་རྒན་ཏེ། ཇི་ལྟར་རྒན་རིམ་དུ་དབང་ངོ ། །ཞེས་སྨྲས་པ་དང་དེ་བྱིན་ནོ། །དེས་དེ་བྱིན་ནས་ཇི་ཙམ་ནམ་ནངས་པ་དང ། དེས་བགོ་བ་འདི་ཁྱེར་ཅིག་ཅེས་སྨྲས་པ་དང ། དེས་སྨྲས་པ། གང་གི་ཚེ་བགོ་བ་བགོས་པ་དེའི་ཚེ་ན་ནི། ཁྱེད་རྒན་པོས་ཁྱེར་ལ། ད་བཀུར་བའི་ཚེ་ན་ནི། ང་ལ་སྦྱིན་ནམ། ཁྱོད་ཉིད་ཁྱེར་ཅིག་།དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་གིས་འཇིགས་པའི་ཚེ་ཁྱེར་བ་དེ་དེ་ཉིད་ཀྱིའོ། །གང་གི་ཚེ་འཇིགས་པ་མེད་པར་གྱུར་ན་ཡང་བཅོམ་ལྡན་འདས་ཀྱིས་གནང་ངོ ། །ཞེས་སླར་མ་ཕུལ་བ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།རེ་ཞིག་ངས་དགེ་འདུན་གྱི་མལ་སྟན་དག་གནང་ Pa259b གི་།གཏན་དུ་ནི། མ་ཡིན་གྱི། འཇིགས་པ་དང་བྲལ་ན། སླར་ཕུལ་ལ་རྒན་རིམ་དུ་བྱིན་ཅིག་།རྐྱང་པའི་སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་བརྒྱད་པའོ།། །།མདོར་ན། ཛེ་ཏའི་ཚལ་དུ་མཆོད་སྟོན་ཆེ། །རྔ་ཆེན་གྱིས་ནི་འདུ་བར་བྱ། །གྲལ་ནི་འཆོལ་བར་འཁོད་པ་དང ། །དགེ་སློང་ལས་ནི་ཞལ་ཏར་བསྒོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་པས། བཅོམ་ལྡན་འདས་ལ་དེ་སྟེ་བཅོམ་ལྡན་འདས་ཀྱིས་གནང་ན། བདག་གིས་དུས་སྟོན་ཆེན་པོ་བགྱིའོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་།ངས་གནང་གི་།བྱོས་ཤིག་།དེ་ཛེ་ཏའི་ཚལ་དུ་དུས་སྟོན་ཆེན་པོ་བྱས་པ་དང ། དགེ་སློང་མང་པོ་འདུས་པར་གྱུར་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་མཆོད་སྟོན་ཆེན་པོ་བྱེད་པ་ན་གཎྜཱི་དང ། རྔ་དང ། དུང་བུས་ཤིག་དང ། དགེ་སློང་དག་གདུགས་ཚོད་ལ་བབ་པར་དུས་རིག་པར་འགྱུར་རོ། ། ཞེས་བཀའ་སྩལ་པ་དང ། དགེ་སློང་དག་།རྔ་དང་དུང་དག་གི་སྒྲས་བརྡེགས་ན། འཆོལ་བར་འཁོད་དོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་ལས་ཞལ་ཏ་བ་བསྐོས་ཏེ། ཅི་ནས་རྒན་རིམ་དུ་འཁོད་པ་དང ། ནམ་ཟས་དག་རྒན་རིམ་ནས་བྲིམས་ཏེ། གཞོན་ནུའི་གན་དུ་ཕྱིན་ཙམ་ནས་གདུགས་ཚོད་ཀྱང་ Pa260a ༄#། །ཡོལ་ཏེ་དགེ་སློང་དག་ཟས་ཀྱི་བར་ཆད་དུ་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྔ་བརྒྱ་ཕྲང་དུ་གྱིས་ལ། ཁ་ཟས་ནི། རྒན་རིམ་གྱི་མདུན་དུ་ཞོག་ཅིག་།དགེ་སློང་དག་གིས་དེ་བཞིན་དུ་བྱས་པ་དང ། ཁྱིམ་བདག་ནི། བཟའ་བ་དག་འབྲིམ་པ་ལ་རྐུའོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འབྲིམ་པའི་སྤྱན་པ་དགེ་སློང་སྐོས་ཤིག་།དེ་དག་ཀྱང་ཁ་ཟས་ཀྱི་བར་ཆད་དུ་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་སྔར་དང་ཟན་བྱིན་ལ་ཕྱིས་ཞལ་ཏ་བྱེད་དུ་ཆུག་ཅིག་།རྐྱང་པའི་སྒོ་གཉིས་པའི་མདོའི་ཚིགས་སུ་བཅད་པ་དགུ་པའོ།། །།མདོར་ན།་དགེ་སློང་མ་ནི་མང་དུ་གྱུར། །དགེ་སློང་དང་པོས་རྗེས་ཡི་རང ། །གཅིག་དང་གཉིས་དང་མང་པོ་དང ། །བུ་ཆུང་རབ་ཏུ་དག་གྱུར་པའོ། །སངས་རྒྱས་བཅོམ་ལྡན་འདས་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། རི་བྲག་གི་གྲོང་གཞན་ཞིག་ན། ཁྱིམ་བདག་ཅིག་གནས་པ་དེས་དགེ་སློང་མ་མང་ཞིག་བཤོས་ལ་སྤྱན་དྲངས་པ་དང ། ཇི་ཙམ་ཞིག་ན།་དགེ་སློང་གཅིག་ཅིག་འགྲོན་པ་མང་པོ་དང་ལྷན་ཅིག་ཏུ་ལྗོངས་རྒྱུ་བ་སྤྱོད་ཅིང་རི་བྲག་གི་གྲོང་དེར་ཕྱིན་པ་དང ། དེ་དེར་བསོད་སྙོམས་ལ་ཞུགས་ན། དེ་ན་གཞན་ཞིག་གིས་དེ་ལ། Pa260b འཕགས་པ། ཁྱིམ་འདི་ན་དགེ་སློང་མ་དག་བཤོས་གསོལ་ཞིང་འཁོད་ཀྱི། དེར་བཞུད་ཅིག་ཅེས་སྨྲས་པ་དང ། དེའང་དེར་སོང་ན། དགེ་འདུན་མའི་གནས་བརྟན་སྦོམ་མོ་དགའ་ལྡན་འདུག་སྟེ། དེས་འཕགས་པ། དེ་སྟེ་སྦྱིན་པའི་ཡོན་ཏན་བརྗོད་ནུས་ན་ནི། རྒན་རིམ་དུ་བཞུགས་ཤིག་།དེ་སྟེ་མི་ནུས་ན་ནི། ཕྱོགས་གཅིག་ཏུ་བཤོས་སྣོམས་ལ་བཞུད་ཅིག་།ཅེས་སྨྲས་པ་དང ། དེ་སྐྱེངས་ནས་དེས་བསམ་པ། དེ་སྟེ་བདག་གིས་སྦྱིན་པའི་ཡོན་ཏན་བརྗོད་ཀྱི་བར་དུ་འདུག་ན་ནི། འགྲོན་པ་མང་པོ་དག་ཀྱང་དོང་བར་འགྱུར་གྱི། ཕྱོགས་གཅིག་ཏུ་ཟན་ཟོས་ཏེ་འགྲོའོ། །སྙམ་ནས་ཕྱོགས་གཅིག་ཏུ་ཟན་ཟོས་ཏེ་སོང་ངོ ། །རིམ་བཞིན་དུ་མཉན་དུ་ཡོད་པར་ཕྱིན་པ་དང ། དགེ་སློང་དག་གིས་ཚེ་དང་ལྡན་པ་བདེ་བར་འོངས་སམ། ཅི་བདེ་བར་སྤྱད་དམ་ཞེས་སྨྲས་པ་དང ། དེས་སྨྲས་པ། ག་ལ་ཞིག་བདེ་བར་སྤྱད། དགེ་སློང་མས་ཀྱལ་ཀ་བྱས་སོ། །དེ་ཇི་ལྟར་བྱས་ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་རྒྱས་པར་དགེ་སློང་དག་ལ་སྨྲས་སོ། །དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ན་དགེ་སློང་གཅིག་དང ། དགེ་སློང་མ་གཅིག་པ་དེ་ན་དགེ་སློང་དེ་གྲལ་ཡང་དང་པོ། ཆུ་ཡང་དང་པོ། ཟན་ཡང་དང་པོར་ཟོ་ཞིག་གང་ན་དགེ་སློང་མ་གཉིས་སམ། གསུམ་མམ། དེ་ལས་ཀྱང་ལྷག་པ་ཞིག་ལ་དགེ་སློང་གཅིག་ཅིག་འོངས་ན། དགེ་སློང་གཅིག་པུ་དེ་ལྟ་ན་ཡང་དང་པོ། ཆུ་ཡང་དང་པོ། ཟན་ཡང་དང་ Pa261a ༄#། །པོར་ཟོ་ཞིག་།གང་དེ་སྟེ་དགེ་སློང་མ་དག་འབའ་ཞིག་ན་ཡང་རྟག་ཏུ་གྲལ་གྱི་དང་པོར་སྟན་གཅིག་ལྷག་པར་ཞོག་ལ་འཁོད་ཅིག་།དེ་སྟེ་དགེ་ཚུལ་ཞིག་འོངས་ན། ཡང་དེ་དེར་འདུག་ལ་ཟོ་ཞིག་།དེ་སྟེ་དེས་མི་ནུས་པར་གྱུར་ན་ཡང་དགེ་སློང་མས་སྦྱིན་པའི་ཡོན་ཏན་ལྷོགས་ཤིག་།དགེ་སློང་མས་དེ་ལྟར་མ་བྱས་ན། འདས་པ་དང་བཅས་པར་འགྱུར་རོ། ། གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་པས་ཛེ་ཏའི་ཚལ་དུ་དུས་སྟོན་ཆེན་པོ་བྱས་ནས་བུ་དང ། ཆུང་མ་དགེ་འདུན་ལ་ཡོན་དུ་ཕུལ་བ་དང ། དགེ་སློང་དག་གིས་ཇི་ལྟར་བྱ་བ་མི་ཤེས་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ལ་བྲིས་ཤིག་།དྲིས་པ་དང ། ཕ་དེས་སྨྲས་པ། འཕགས་པ་དག་།རིན་ཐང་ཆོད་ཅིག་དང ། བདག་གིས་བླུར་གསོལ་ལོ། །དྲུག་སྡེ་དག་གིས་དེ་ལ་འགྲན་ཅིང་སྤེལ་བ་ལ་ཞུགས་པ་དང ། དེའི་ནང་ནས་ཆུང་མ་བུ་ཆུང་དུ་ཅན་གྱིས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱི་རྐང་པ་ལ་བཏུད་དེ། ཇོ་བོ། །བདག་གི་བུ་ཆུང་གི་།བདག་མ་གཏང་ཞིག་།ཅེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག། སེམས་ཅན་གྱི་ནང་ན་བུད་མེད་ལས་སྙིང་ཆུང་པ་མེད་ཀྱི། འཇིགས་པར་མ་བྱ་ཞིག་།དེ་ Pa261b བས་ན། དགེ་སློང་གིས་བུད་མེད་ཀྱི་རིན་ཐང་མ་གཅོད་ཅིག་།བཅད་ན། འདས་པ་དང་བཅས་པར་འགྱུར་རོ། །སྦྱིན་བདག་གིས་ཇི་ལྟར་དགའ་སྟེ་བྱིན་པ་བཞིན་དུ་ལོངས་ཤིག། རྐྱང་པའི་མདོའི་ཚིགས་སུ་བཅད་པ་བཅུ་པ་རྫོགས་སོ།། །།མདོར་ན། བསྡུས་པར་ན། ཡོ་བྱད་བུས་པ་བླུན་པ་དང ། །གང་གི་བ་དང་དེ་ཡི་སྟེ། །དེ་ལྟར་ཁྱེའུ་ལས་བསླང་མི་བྱ། །མགོན་མེད་ཟས་སྦྱིན་དེ་བཞིན་ཏེ། །སྤུ་ཡི་གྲི་དང་འཁོར་རྣམས་དང ། །ཆུ་དང་བསྡུས་པར་གསུངས་པའོ། །མདོར་ན། ཡོ་བྱད་རྣམས་དང་གནང་བ་དང ། །ུ་པ་ལིས་ནི་དྲིས་པ་སྟེ། །ཇི་ལྟར་བྱིན་གྱིས་བརླབ་པར་བྱ། །ཡིད་གཅུགས་ཚིགས་བཅད་མདོར་གསུངས་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་ཏེ། དགེ་སློང་དག་ལྗོངས་རྒྱུ་བ་སྤྱོད་པས་ན། ན་བར་གྱུར་ཏེ། ཁ་ཅིག་ལ་སྨན་མེད་ནས་ལྷུང་བཟེད་བཙོངས་ཀྱང་ཁྱིམ་བདག་གིས་མ་ཉོས་ནས་དུས་འདས་པར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བས་ན། གནང་གི། ཡོ་བྱད་དང ། གོས་ཆོངས་ཤིག་།བཅོམ་ལྡན་འདས་ཀྱིས་ཡོ་བྱད་དང ། གོས་ཆོངས་ཤིག་།ཅེས་གསུངས་པ་དང ། དགེ་སློང་དག་གིས་བཀྲུས་ནས་ཁ་བསྒྱུར་ཏེ་བཅངས་པ་དང ། རིན་ཆུང་ངུར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་ Pa262a ༄#། །བཀྲུས། ཁ་མ་བསྒྱུར། གསར་བ་བཏགས་མ་ཐག་ཆོངས་ཤིག་།སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་མུ་པ་ལས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གིས་ཡོ་བྱད་བཅུ་གསུམ་ཆོངས་ཤིག་།ཅེས་བཀའ་སྩལ་ན། ཇི་ལྟར་བྱིན་གྱིས་བརླབ་པར་བགྱི། ཨུ་པ་ལི། སོ་སོར་བྱིན་གྱིས་བརླབ་པར་བྱ་སྟེ། ཆོས་གོས་འདི་ནི། སྦྱར་མར་བྱིན་གྱིས་བརླབ་པར་བྱ་སྟེ། བྱ་བ་ཟིན་པ་ཡོངས་སུ་སྤྱད་པའོ། །དེ་བཞིན་དུ་སྟོད་གཡོགས་དང ། མཐང་གོས་དང ། ཤམ་ཐབས་དང ། ཤམ་ཐབས་ཀྱི་འཐེབ་དང ། སྟོད་ཆགས་དང ། སྟོད་ཆགས་ཀྱི་འཐེབ་དང ། གདོང་ཕྱིས་དང ། ལུས་ཕྱིས་དང ། གཡན་པའི་གོས་དང ། སྐྲ་བཟེད་དང ། གཡོགས་མ་དང ། རས་ཆེན་ཏེ། གོས་འདི་ནི། ཡོ་བྱད་ཀྱི་གོས་སུ་བྱིན་གྱིས་བརླབས་ཏེ་ན་བ་ལ་དགོས་ཏེ། བདག་དང་ཚངས་པ་མཚུངས་པར་སྤྱོད་པའི་ཕྱིར་བྱིན་གྱིས་བརླབ་བོ། །ཡང་སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ།་བཙུན་པ། བཅོམ་ལྡན་འདས་ཀྱིས་ཡོ་བྱད་བཅུ་གསུམ་བྱིན་གྱིས་རློབས་ཤིག་ཅེས་བཀའ་སྩལ་ན། དེ་ལས་ལྷག་པའི་གོས་རྣམས་ཇི་ལྟར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པ་ལི། དེ་ནི། སློབ་དཔོན་དང ། །མཁན་པོ་དང ། ཡིད་གཅུགས་པ་རྣམས་ལ་བསྔོས་ལ་བཅང་བར་བྱ་སྟེ། དེ་ཡང་འདི་ལྟར་བསྔོ་བར་བྱ་སྟེ། དགེ་སློང་གཅིག་གི་མདུན་དུ་ Pa262b འདུག་ལ་འདི་སྐད་སྨྲོས་ཤིག་།དགོངས་ཤིག་ཚེ་དང་ལྡན་པ། བདག་མིང་འདི་ཞེས་བགྱི་བ་ལ་གོས་འདི་ལྷག་པར་བསྔོ་སྟེ། བསྔོ་བའི་རིགས་པས་ནི། མཁན་པོ་ལ་བསྔོ་སྟེ། མཁན་པོ་ལ་ཡིད་གཅུགས་པས་བཅང་བར་བགྱིའོ། །དེ་བཞིན་དུ་ལན་གཉིས་གསུམ་དུ་བརྗོད་པར་བྱའོ། །རྐྱང་བའི་ནང་ནས་སྒོ་གསུམ་བའི་མདོའི་ཚིགས་སུ་བཅད་པ་དང་པོའོ།། །།མདོར་ན། བུས་པ་བླུན་ལ་སོགས་པ་ཤེས། །བཅུ་གཉིས་ཀྱི་ནི་གང་ཟག་དང ། །དེ་བཞིན་རྣམ་པར་དབྱེ་བ་དང ། །ཚུལ་བཞིན་པ་ནི་གསུམ་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། གང་ཟག་དུའི་སླར་བཟློག་པ་མི་བཙན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པ་ལི། བཅུ་གཉིས་ཏེ། བུས་པ་དང ། བླུན་པོ་དང ། མི་གསལ་བ་དང ། མི་མཁས་པ་དང ། ངོ་ཚ་མེད་པ་དང ། འཁོན་དུ་འཛིན་པ་དང ། མཚམས་ཀྱི་ཕྱི་རོལ་ན་འདུག་པ་དང ། སྤངས་པ་དང ། ཚིག་མི་བརྟན་པ་དང ། སྤྱོད་ལམ་ལས་འགལ་བ་དང ། ཚུལ་བཞིན་དུ་མི་གནས་པ་དང ། བསླབ་པ་བྱིན་པའོ། །ཡང་ཞུས་པ། བཙུན་པ། ཇི་ཙམ་གྱིས་ན། བྱིས་པ་ལྟ་བུ་ནས་ཇི་ཙམ་གྱིས་ན། བསླབ་པ་སྩལ་བའི་བར་དུ་ལགས། ཨུ་པ་ལིས་གང་ལོག་པར་བསམ་པ་སེམས་པ་དང ། ལོག་པར་སྨྲ་བ་སྨྲ་བ་དང ། བཟློག་དཀའ་བ་བཟློག་པ་ཡིན་ཏེ། Pa263a ༄#། །ུ་པ་ལི། དེ་ལྟར་ན། བྱིས་པར་འགྱུར་རོ། །བཙུན་པ། ཇི་ཙམ་གྱིས་ན། གླེན་པ་ལགས། མདོ་སྡེ་མི་འཛིན་པ། འདུལ་བ་མི་འཛིན་པ། མ་ལྟ་བུ་མི་འཛིན་པ་སྟེ། འདི་ཙམ་གྱིས་ན། ཨུ་པ་ལི། གླེན་པ་ཡིན་ན། །བཙུན་པ། ཇི་ཙམ་གྱིས་ན། མི་གསལ་བ་ལགས། །ུ་པ་ལི། མདོ་སྡེ་ཡང་འཛིན། འདུལ་བ་ཡང་འཛིན། མ་ལྟ་བུ་ཡང་འཛིན་མོད་ཀྱི། འོན་ཀྱང་མདོ་སྡེ་དང ། འདུལ་བ་དང ། ཆོས་མངོན་པའི་དོན་མི་ཤེས་པ་སྟེ། འདི་ཙམ་གྱིས་ན། ཨུ་པ་ལི། མི་གསལ་བ་ཡིན་ནོ། །བཙུན་པ། ཇི་ཙམ་གྱིས་ན། མི་མཁས་པ་ལགས།་ཨུ་པ་ལི། གང་མདོ་སྡེ་དང ། འདུལ་བ་དང ། མ་ལྟ་བུ་ཡང་འཛིན། དེ་དག་གི་དོན་ཀྱང་ཤེས་མོད་ཀྱི། གཞན་ཤེས་པར་བྱེད་མི་ནུས་པ་ནི། ཨུ་པ་ལི། མི་མཁས་པ་སྟེ། འདི་ཙམ་གྱིས་ན། ཨུ་པ་ལི། མི་མཁས་པ་ཡིན་ནོ། །བཙུན་པ། ཇི་ཙམ་གྱིས་ན། ངོ་ཚ་མེད་པ་ལགས། ཨུ་པ་ལི། དེ་ནི། ཕས་ཕམ་པ་བཞི་ལས་གང་ཡང་རུང་བའི་ཉེས་པ་བྱུང་བར་གྱུར་པ་སྟེ།་ཨུ་པ་ལི། དེ་ནི། ངོ་ཚ་མེད་པར་གྱུར་པའོ། །བཙུན་པ། ཇི་ཙམ་གྱིས་ན། འཁོན་དུ་འཛིན་པ་ལགས། ཨུ་པ་ལི། དེ་ནི། ཁྲོ་བ་དང ། འཐབ་མོ་དང ། །གཞན་ཡང་གང་དང་གང་དུ་འཐབ་པའི་སྒོར་གྱུར་པ་སྟེ། ཨུ་པ་ལི། དེ་ཙམ་གྱིས་ན། འཁོན་དུ་འཛིན་པའོ། །བཙུན་པ། ཇི་ཙམ་གྱིས་ན། མཚམས་ཀྱི་སླད་རོལ་ན་མཆིས་པ་ལགས། དེ་ནི། ཨུ་པ་ལི། དགེ་ Pa263b སློང་གི་མཚམས་ཀྱི་ཕྱི་རོལ་ན་འདུག་པ་སྟེ། ཨུ་པ་ལི། དེ་ཙམ་གྱིས་ན། མཚམས་ཀྱི་ཕྱི་རོལ་ན་འདུག་པའོ། །བཙུན་པ།་ཇི་ཙམ་གྱིས་ན། སྤངས་པ་ལགས། ཨུ་པ་ལི། དེ་ནི། དགེ་འདུན་གྱིས་གསོལ་པ་དང་བཞིའི་ལས་ཀྱིས་སྤངས་པ་སྟེ། ཨུ་པ་ལི། དེ་ཙམ་གྱིས་ན། སྤངས་པར་གྱུར་པ་ཞེས་བྱའོ། །བཙུན་པ། ཇི་ཙམ་གྱིས་ན། ཚིག་མི་བརྟན་པར་གྱུར་པ་ལགས། ཨུ་པ་ལི།་དེ་ནི། ཚིག་མི་བརྟན་པར་གྱུར་པ་དང ། བརྫུན་དུ་སྨྲ་བ་དང ། ཕྲ་མ་དང ། ཚིག་རྩུབ་པོ་དང ། ཚིག་འཁྱལ་པར་སྨྲ་བའོ། །ུ་པ་ལི། དེ་ཙམ་གྱིས་ན། ཚིག་མི་བརྟན་པར་གྱུར་པའོ། ། བཙུན་པ། ཇི་ཙམ་ན། སྤྱོད་ལམ་འགལ་བར་གྱུར་པ་ལགས། ཨུ་པ་ལི། དེ་ནི། དགེ་འདུན་གྱི་ནང་ནས་ལངས་ནས་སོང་བའོ། །ུ་པ་ལི། དེ་ལྟར་ན། སྤྱོད་ལམ་ལས་འགལ་བར་གྱུར་པའོ། །བཙུན་པ། ཇི་ཙམ་གྱིས་ན། ཚུལ་བཞིན་ལ་མི་གནས་པར་གྱུར་པ་ཞེས་བགྱི། ཨུ་པ་ལི། དེ་ནི། མི་སྤྱོད་པ་ནི། སྤྱོད། དགེ་སློང་གི་བསླབ་པ་ནི། མི་སློབ་པའོ། །ུ་པ་ལི། དེ་ཙམ་གྱིས་ན།་ཚུལ་བཞིན་ལ་མི་གནས་པར་གྱུར་པ་ཞེས་བྱའོ། །བཙུན་པ། ཇི་ཙམ་གྱིས་ན། བསླབ་པ་སྩལ་བར་གྱུར་པ་ཞེས་བགྱི། ཨུ་པ་ལི། དེ་ནི། དགེ་སློང་ལ་དགེ་འདུན་གྱིས་གསོལ་བ་དང་བཞིའི་ལས་ཀྱིས་ནམ་འཚོའི་བར་དུ་བསླབ་པ་བྱིན་པར་གྱུར་པ་སྟེ། ཨུ་པ་ལི། དེ་ལྟ་བུ་ནི། བསླབ་པ་བྱིན་པར་གྱུར་པའོ། །ཡང་གསོལ་པ། བཙུན་པ། ཇི་ཙམ་གྱིས་ན། གང་ཟག་ Pa264a ༄#། །གིས་སླར་བཟློག་པ་ལ་བཙན་པ་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པ་ལི། རྣམ་པ་གསུམ་སྟེ། ཚུལ་བཞིན་ལ་གནས་པ་དང ། ཚིག་བརྟན་པ་དང ། སྤྱོད་ལམ་ལས་མ་འགལ་བའོ། །རྐྱང་པའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་གཉིས་པའོ། །།མདོར་ན། གང་གི་ཕྱིར་ནི་བྱ་བ་དག། གང་ཟག་ཀྱང་ནི་བཅུ་གཉིས་ཏེ།། བསྙེན་པར་རྫོགས་པར་བྱེད་པ་དང ། །ཁྱིམ་པ་ཡིན་པར་ཁས་བླངས་པའོ། །སངས་རྒྱས་བཅོམ་ལྡན་འདས་ཛེ་ཏའི་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་གང་ལ་ལས་བྱ་བ་དེའི་སླར་བཟློག་པ་མི་བཙན་ནོ། །ཞེས་བཀའ་སྩལ་པ། བཙུན་པ། གང་ཟག་བཅུ་གཉིས་སོ་སོར་བསྐོ་བའི་ཚེ་དེ་དག་འདི་སྐད་མཆི་སྟེ། ཚེ་དང་ལྡན་པ་དག། ངེད་ཅག་ལ་ནི་།མ་བསྐོ་ཞིག་།ཅེས་མཆི་ན། ཅི། དེ་དག་གི་སླར་བཟློག་པ་ཡང་མི་བཙན་ནམ། ཨུ་པ་ལི།་བཙན་ནོ། །དེ་ནི། ཆད་པའི་ལས་ལངས་དགོངས་ཏེ་གསུངས་སོ། །བཙུན་པ། བསྙེན་པར་རྫོགས་པར་བགྱིད་པ་ཁྱིམ་པ་ལགས་པར་ཁས་བླངས་ན། བསྙེན་པར་རྫོགས་བར་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཨུ་པ་ལི། བསྙེན་པར་རྫོགས་ཟིན་ཀྱང་ཁྱིམ་པ་ཡིན་པར་ཁས་བླངས་ན། དེ་ཡང་བསྙེན་པར་མ་རྫོགས་ཞེས་བྱ་ན། བསྙེན་པར་ Pa264b རྫོགས་པར་བྱེད་པའི་ཚེ་ལྟ་སྨོས་ཀྱང་ཅི་དགོས། རྐྱང་བའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་གསུམ་པའོ།། །།མདོར་ན། ཚལ་བུ་དག་ནི་མི་རུང་བ། །ལྔ་པ་གང་གིས་རྐང་མི་བསྐུ། །དབང་ཕྱུག་བསྒྲག་པར་བྱ་བ་དང ། །ཞིང་གི་དངོས་པོ་དགེ་འདུན་གྱིའོ། །སངས་རྒྱས་བཅོམ་ལྡན་འདས་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་མི་རུང་བ་རྣམ་པ་ལྔའི་ལྷམ་མ་འཆང་ཞིག།་ཅེས་བཀའ་སྩལ་པ་དང ། དྲུག་སྡེ་དག་གིས་མི་རུང་བ་རྣམ་པ་ལྔ་པོ་དེ་དག་གི་ཚིལ་བུས་རྐང་བ་བྱུགས་ནས་ཡུལ་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་བལ་གླང་གི་དྲུང་དུ་སོང་སྟེ་རྫི་ཕྱོགས་སུ་འཁོད་པ་དང ། བལ་གླང་དག་གི་དྲི་ཚོར་ནས་བྲོས་པ་དང ། དེ་དག་གིས་ཚེ་དང་ལྡན་པ་དག། ཟུངས་ཤིག་ཅེས་སྨྲས་པ་དང ། །དེ་དག་གིས་སྨྲས་པ། བདག་ཅག་གིས་གཟུང་བར་མི་ནུས་སོ། །བཞིན་བཟང ། ངེད་ཀྱིས་གཟུང་ངམ། འཕགས་པ་དག། ཟུངས་ཤིག། ངེད་ལ་ཅི་སྦྱིན། བཅའ་བའི་རིན་ནོ། །དེས་དེ་དག་གིས་མདུན་དུ་སོང་སྟེ་རྫི་མི་ལྡང་བའི་ཕྱོགས་སུ་འདུག་པ་དང ། བལ་གླང་དེ་དག་ཀྱང་འཁོད་དོ། །དེ་དག་གིས་སྨྲས་པ། འཕགས་པ་དག་།ཅི། ཁྱེད་རིག་པ་མཁྱེན་ཏམ། བཞིན་བཟང ། ངེད་རིག་པ་མི་ཤེས་མོད་ཀྱི། ངེད་ཀྱི་བལ་གླང་ཅང་ཤེས་ཀྱི་ཚིལ་བུས་རྐང་པ་བསྐུས་པས་སོ། །འཕགས་པ་དག་།རྒྱལ་པོའི་བལ་གླང་མཆོག་དག་བྲོས་པར་གྱུར་ན། ཁྱོད་ཀྱིས་རྒྱལ་པོ་ལ་ Pa265a ༄#། །གནོད་པ་བྱས་པར་མི་འགྱུར་རམ་ཞེས་སྨྲས་ནས་དེ་དག་ཉེས་པ་དོར་བརྗོད་ཅིང་འཕྱས་འདོགས་ཏེ་མི་སྙན་པ་ཟེར་རོ། །དེ་ལྟར་གྱུར་བར་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་བལ་གླང་ཅང་ཤེས་ཀྱི་ཚིལ་གྱིས་རྐང་བ་བྱུག་པར་མ་བྱེད་ཅིག་།དགེ་སློང་གིས་བལ་གླང་ཅང་ཤེས་ཀྱི་ཚིལ་གྱིས་རྐང་པ་ལ་བྱུགས་ན། འདས་པ་དང་བཅས་པར་འགྱུར་རོ། །ཇི་ལྟར་བལ་གླང་ཅང་ཤེས་པ་བཞིན་དུ་རྟ་ཅང་ཤེས་དང ། སེངྒེ་དང ། སྟག་དང ། གཟིག་ལས་སོགས་པ་རྒྱས་པར་བརྗོད་པར་བྱའོ། །གླེང་གཞི་ནི། རྒྱལ་པོའི་ཁབ་ན་སྟེ། དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་ཚེ་དང་ལྡན་པ་ཀུན་དགའ་བོ་གང་ན་བར་སོང་སྟེ་དྲུང་དུ་ཕྱིན་པ་དང ། ཚེ་དང་ལྡན་པ་ཀུན་དགའ་པོའི་རྐང་པ་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་རྒྱལ་བོ་གཟུགས་ཅན་སྙིང་པོས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་འདི་སྐད་ཅེས་སྨྲས་སོ། །འཕགས་པ་ཀུན་དགའ་བོ། སེངྒེའི་གདན་བཤམས་པ་འདི་ཅི་ཞིག་བགྱི། ཅི། དེང་ཆོས་བསྒྲགས་སམ། དེའི་ཚེ་གསོ་སྦྱོང་གི་དུས་ལ་བབ་སྟེ། དེས་རྒྱལ་པོ་ཆེན་པོ། དགེ་སློང་གིས་མཚུངས་པར་བཟུང་བ་ལགས་ཀྱི། ཁྱིམ་པས་མཚུངས་པར་བཟུང་བ་མ་ལགས་སོ། །ཞེས་སྨྲས་པ་དང ། རྒྱལ་པོས་རྐང་པ་ལ་ཕྱག་འཚལ་ཏེ་སོང་ངོ ། །མཁྱེན་ Pa265b བཞིན་དུ་འདྲི་བ་ནི། སངས་རྒྱས་བཅོམ་ལྡན་འདས་ཏེ། སངས་རྒྱས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ། ཅིའི་ཕྱིར་རྒྱལ་པོ་ཆེན་པོ་ཆོས་མ་མཉན་པར་སོང་ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་བཅོམ་ལྡན་འདས་ལ་ཞིབ་མོར་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་ཀྱིས་ཉེས་སོ། །དེ་སྟེ་རྒྱལ་པོ་གཟུགས་ཅན་སྙིང་པོ་སོ་སོར་ཐར་པ་ཐོས་པར་གྱུར་ན།་ངེས་པར་དེ་སྔོན་པས་ཀྱང་མངོན་དུ་དགའ་བར་གྱུར་ཏེ། དགའ་ནས་དགའ་བའི་དབང་གིས་བྱ་བ་བྱེད་དུ་གདོན་མི་ཟའོ། །དེ་བས་ན། ངས་གནང་གིས། འདི་འདྲ་བའི་སྐྱེས་བུ་དམ་པ་དད་པ་དེ་དག་ལ་ནི། ཐོས་པར་གྱིས་ཤིག་།གཞན་ཡང་རབ་ཏུ་ཕྱུག་ལ་མ་དད་དབུལ་ལ་རབ་ཏུ་དད་དེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བུ་དག་ལའང་ཐོས་པར་གྱིས་ཤིག། གང་གི་ཚེ་ཚེ་དང་ལྡན་པ་གྲོ་བཞིན་བྱེ་བ་ཉི་ཤུ་པ་ཞེས་བྱ་བ་སྐྱ་བོ་སེང་སེང་པོ་སྐེམ་ཞིང་རིད་ལ་རྨྱ་ཞིང་ལུས་ཉམ་ཆུང་བར་གྱུར་པ་དང ། བཅོམ་ལྡན་འདས་ཀྱིས་གཟིགས་ཏེ་ཚེ་དང་ལྡན་པ་ཀུན་དགའ་པོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཅིའི་ཕྱིར་ན་གྲོ་བཞིན་བྱེ་བ་ཉི་ཤུ་ཞེས་བྱ་བ་སྐྱ་བོ་སེང་སེང་བོ་སྐེམ་ཞིང་རིད་ལ་རྨྱ་ཞིང་ཉམ་ཆུང་པར་གྱུར། དེས་བཅོམ་ལྡན་འདས་དེ་དང་པོ་བཙས་ནས་ཐུག་པ་འབའ་ཞིག་གིས་ལུས་བསྐྱེད་པ་ལགས་སོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཀུན་དགའ་བོ། །དེ་ལྟར་ན། ངས་གནང་གི་།གྲོ་བཞིན་བྱེ་བ་ཉི་ཤུ་པ་ལ་ Pa266a ༄#། །ཐུག་པ་ལུད་ཅིག་།དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོས་གྲོ་བཞིན་བྱེ་བ་ཉི་ཤུ་པ་ལ་ཚེ་དང་ལྡན་པ་གྲོ་བཞིན། བཅོམ་ལྡན་འདས་ཀྱིས་ཁྱོད་ནི། ཐུག་པ་ཐུང་ཞིག་བར་གནང་ངོ ། །ཞེས་བསྒོས་པ་དང ། དེས་སྨྲས་པ། བཙུན་པ། ཀུན་དགའ་བོ་བདག་གཅིག་པུ་ལའམ། དེ་སྟེ་དགེ་འདུན་ཐམས་ཅད། དེས་སྨྲས་པ། ཁྱོད་གཅིག་པུའི། །བཙུན་པ་ཀུན་དགའ་བོ་འདིས་གླེང་བས་ན། ཚངས་པ་མཚུངས་པར་སྤྱོད་པ་དག་གིས་ཀྱང་འདི་སྐད་དུ། གྲོ་བཞིན་བྱེ་བ་ཉི་ཤུ་པ་བསྟན་པ་ལ་རབ་ཏུ་བྱུང་བ། སྔོན་གྲོང་ཁྱེར་ཙམ་པ་ན་ལོ་ལེགས་པར་གྱུར་པའི་ཚེ་བལ་གླང་བདུན་གྱིས་དྲང་བ་སྤངས་ཏེ་རབ་ཏུ་བྱུང་ནས་ད་ཐུག་པ་ཙམ་ལ་ཡང་ཆགས་སོ། །ཞེས་ཟེར་གྱི། བཅོམ་ལྡན་འདས་ཀྱིས་བདག་གི་ཕྱིར་དགེ་འདུན་ཐམས་ཅད་ཀྱང་ཐུག་པ་གནང་ན། བདག་ཀྱང་གཟོད་འཚལ་བར་བགྱིའོ། །ཞེས་གསོལ་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་ན། གནང་གི་།གྲོ་བཞིན་བྱེ་བ་ཉི་ཤུ་བའི་ཕྱིར་དགེ་འདུན་ཐམས་ཅད་ཀྱང་ཐུག་པ་འཐུང་ཞིག་།གང་གི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོ། བཅོམ་ལྡན་འདས་ཀྱིས་དགེ་འདུན་རྣམས་ཐུག་པ་འཐུང་བར་གནང་ངོ ། །ཞེས་ཐོས་ནས་དེས་དགེ་འདུན་ལས་བོན་བུམ་པ་སྟོང་གིས་གདབ་པའི་ཞིང་དག་ཕུལ་བ་དང ། དགེ་སློང་དག་གིས་མ་བླངས་ནས་ Pa266b བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ཕྱིར་བླང་བར་བྱ་སྟེ། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།དེ་བས་ན་ཞིང་ལས་བྱུང་བ་རྣམས་དགེ་འདུན་གྱིས་སྤྱད་པར་གྱིས་ཤིག་།རྐྱང་པའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་བཞི་པའོ།། །།མདོར་ན། གདིང་དང་བསྙེན་པར་རྫོགས་པ་དང ། །དགེ་ཚུལ་ཕ་དང་གསར་བུ་དང ། །སྙོམས་ཞུགས་དང་ནི་མི་གནང་བ། །བསླབ་པ་བྱིན་པ་གཉིས་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ན་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། དགེ་སློང་དང ། ཁྱིམ་པ་གཉིས་ལྷན་ཅིག་ཏུ་གདིང་བ་གཅིག་ལ་མཆིས་སུ་རུང་ངམ། ཨུ་པ་ལི། དེ་ནི། མི་རུང་མོད་ཀྱི། དེ་ལྟ་བུའི་རྐྱེན་ཞིག་བྱུང་ན། གནང་ངོ ། །བཙུན་པ། དགེ་ཚུལ་ཕ་དང ། དགེ་སློང་གསར་བུ་དང ། མ་ནིང་དང ། ཟ་མ་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་བསད་པ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཕྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། སོ་སོར་གནས་དང ། མི་གནས་པ་དག་ལ་སོགས་པ་དང ། གདིང་བ་གཅིག་གི་སྟེང་ན་ལྷན་ཅིག་ཏུ་མཆིས་པར་རུང་ངམ། ཨུ་པ་ལི། དེ་ལྟར་ནི། མི་རུང་མོད་ཀྱི། དེ་ལྟ་བུའི་རྐྱེན་ཞིག་བྱུང་ན། དེ་བཞིན་དུ་སྟན་གཅིག་གམ། །ཁྲི་ Pa267a ༄#། །གཅིག་གམ། ཁྲིའུ་གཅིག་གམ། པར་གཏང་གཅིག་ཏུ་རུང་ངམ། མི་རུང་མོད་ཀྱི། དེ་ལྟ་བུའི་རྐྱེན་ཞིག་བྱུང་ན། རུང་ངོ ། །བཙུན་པ། ཁྱིམ་པ་དང་སྟེགས་བུ་ལ་སྟན་བཏིང་བའི་སྟེང་ན་ལྷན་ཅིག་ཏུ་མཆིས་པར་རུང་ངམ། མི་རུང་མོད་ཀྱི། དེ་ལྟ་བུའི་རྐྱེན་ཞིག་བྱུང་ན། རུང་ངོ ། །པར་ཏང་དག་གདིང་ཡང་མི་རུང་མོད་ཀྱི། དེ་ལྟ་བུའི་རྐྱེན་ཞིག་བྱུང་ན། པར་ཏང་དག་བཏིང་བར་གྱུར་པའང་དེ་བཞིན་ནོ། །དེ་བཞིན་དུ་དགེ་ཚུལ་ཕ་དང ། དགེ་སློང་གསར་བུ་ནས་སོ་སོར་གནས་པའི་བར་དུ་སྟེ། དེ་བཞིན་དུ་གནས་ལ་ཉེས་པའི་དམིགས་སུ་མ་བྱུང་གི་བར་དུ་ལྷན་ཅིག་འདུག་ན། འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ། བསླབ་པ་སྩལ་པ་གཉིས་ཤིག་སྟན་གཅིག་གི་སྟེང་ན་ལྷན་ཅིག་མཆིས་སུ་རུང་ངམ། ཨུ་པ་ལི། དེ་ནི། མི་རུང་ངོ ། །རྐྱང་པའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་ལྔ་པའོ།། །།འདུལ་པ་གཞུང་དམ་པ། བམ་པོ་ཞེ་གཉིས་པ། མདོར་ན། མི་བསླང་བ་དང་ཁྲིའུ་གཅིག ། བྲེལ་བར་གྱུར་པའང་དེ་བཞིན་ཏེ། །ཅུང་ཟད་བྲེལ་བར་གྱུར་པ་དང ། །རྩཝ་དང་ཤིང་ཡང་དགེ་འདུན་གྱིའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་པའི་ཚེ་དགེ་སློང་དག་ཁྲིའུའི་སྟེང་ན་བཙོ་བླག་གི་ལས་བྱེད་ཅིང་འདུག་པ་དང ། དྲུག་སྡེ་དག་དེ་ཉིད་དུ་འདུག་ཅིང་གནོད་པར་བྱེད། དེ་དག་བྲེལ་བཞིན་ Pa267b དུ་བསླང་བ་དང ། དེ་དག་ལ་གནོད་པར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་བཙོ་བླག་གི་ལས་བྱེད་ཅིང་བྲེལ་བ་ལ་དགེ་སློང་དག་གིས་མ་བསླང་ཞིག་།བསླངས་ན། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དགེ་སློང་དག་ཟན་ཟ་ཞིང་འཁོད་པ་རྣམས་ལ་དྲུག་སྡེ་དག་གིས་རྒན་རིམ་བཞིན་དུ་བྱའོ། །ཞེས་བསླང་བ་དང ། དགེ་སློང་དག་ལྡང་དུ་མ་བཏུབ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་རྒན་རིམ་བཞིན་དུ་འདུག་ཅིག་།བཅོམ་ལྡན་འདས་ཀྱིས་ཇི་ལྟར་རྒན་རིམ་བཞིན་དུ་འདུག་ཅིག་།ཅེས་བཀའ་སྩལ་པ་དང ། དྲུག་སྡེ་དག་ཕྱིས་འོངས་ནས་དགེ་སློང་སྔ་མ་ཟས་ཟ་ཞིང་བྲེལ་བ་དག་བསླང་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་དགེ་སློང་ཟན་ཟ་ཞིང་བྲེལ་བ་དག་མ་བསླང་བར་གུད་དུ་འདུག་པར་བྱ་སྟེ། བསླངས་ན། འདས་པ་དང་བཅས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། ཇི་ཙམ་གྱིས་ན། དགེ་སློང་དག་ཟན་ཟ་ཞིང་བྲེལ་བ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆུང་དུ་ལན་ཚཝའམ། ཤང་ཙེའམ། ལ་ཕུག་ཀྱང་རུང ། བྲིམ་པར་གྱུར་པའོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་ཟན་ཟ་ཞིང་བྲེལ་པ་ལ་མ་བསླང་ཞིག་།ཅེས་བཀའ་སྩལ་པ་དང ། དྲུག་སྡེ་དག་རྒན་རིམ་གྱིས་དང་པོར་འདུག་ནས་ཟན་ཟ་ཞིང་ཆེད་ Pa268a ༄#། །དུ་བྲེལ་བར་བྱེད་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་གྲལ་མ་ཡིན་པར་འདུག་པ་ལ་ཟན་ཟ་ཞིང་བྲེལ་བར་མ་བྱེད་ཅིག། བྱས་ན། འདས་པ་དང་བཅས་པར་འགྱུར་རོ། །དགེ་སློང་དག་གྲལ་རིམ་ལ་མཁས་པར་གྱིས་ཤིག་།དེ་ལས་གཞན་དུ་ན། འདས་པ་དང་བཅས་པར་འགྱུར་རོ། །དགེ་འདུན་གྱི་བཙོ་བླག་གི་བུམ་པ་དང ། གཞོང་ཁུང་དག་དགེ་སློང་དག་གིས་བླངས་ནས་བཙོ་བླག་གི་ལས་བྱེད་པ་དང ། དྲུག་སྡེ་དག་གིས་ཚེ་དང་ལྡན་པ་དག་ངེད་རྒན་པས་ངེད་སྔར་དབང་ངོ ། །ཞེས་སྨྲས་ནས་ཚོན་རྩི་དག་ཕོ་སྟེ་ཁྱེར་བ་དང ། དགེ་སློང་དག་བྲེལ་བར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་བུམ་པ་འམ། གཞོང་ཁུང་དག་བྲེལ་བ་ལ་མ་བླང་བར་བྱ་བ་རྣམས་ཟིན་ནས་གདོད་ལོངས་ཤིག་།བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གིས་བུམ་པའམ། གཞོང་ཁུང་དག་བྲེལ་བ་ལ་མ་བླང་ཞིག་།ཞེས་བཀའ་སྩལ་པ། དྲུག་སྡེ་དག་གིས་བསམ་བཞིན་དུ་སྣོད་རྣམས་ཚོན་ཅུང་ཟད་ཙམ་གྱིས་བྲེལ་བར་བྱས་ཏེ་བཞག་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚོན་རྩི་ཐམས་ཅད་སྣོད་གཅིག་གི་ནང་དུ་བླུགས་ལ་དགོས་ན། བླང་བར་གྱིས་ཤིག་།དགེ་སློང་གིས་སྣོད་དག་གི་ནང་དུ་ཚོན་རྩི་ཅུང་ཟད་ཀྱིས་བྲེལ་བར་བྱས་ཏེ་མ་གཞག་ཅིག་།བཞག་ན། Pa268b འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ཛེ་ཏའི་ཚལ་ཤིང་ཐགས་ཀྱིས་བསྐོར་བ་དང ། ཁྱིམ་བདག་དག་གིས་བདག་བཅག་ཅིང་བཅག་ཅིང་ཁྱེར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་བཀུར་ཤིག་།ཅེས་སྒོས་ཤིག་།དེ་དག་གིས་བསྒོས་པ་དང ། ཤིང་དང ། རྩཝ་ཡང་བོར་ཏེ་དོང་ངོ ། །དེ་དག་ཆུད་ཟོས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤྱད་དུ་མི་རུང་བ་དག་ནི། ཚང་མང་དུ་སྐྱོལ་ཅིག་།ལྷག་མ་དག་ནི། ལས་གསར་དུ་བྱེད་པ་ལ་ཕུལ་ཅིག་།དྲུག་སྡེ་དག་གིས་ལས་གསར་དུ་བྱར་རུང་བའི་ཤིང་དག་གཤེགས་ནས་མེར་བུས་ཏེ་བཙོ་བླག་གི་ལས་བྱེད་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལས་གསར་དུ་བྱར་རུང་བའི་ཤིང་དག་ནི། མ་འབུད་ཅིག་།བུས་ན། འདས་པ་དང་བཅས་པར་འགྱུར་རོ། །རྐྱང་བའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་དྲུག་པའོ།། །།མདོར་ན། མགོན་མེད་ཟས་སྦྱིན་གྱི་རྒྱན་དང ། །འདུག་པ་བསླང་བར་མི་བྱ་དང ། ། སྣོད་སྤྱད་ལག་ན་ཐོགས་པ་དང ། །ལམ་ཡང་ཕྱི་བར་བྱ་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་བཅོམ་ལྡན་འདས་ཀྱིས་དེ་སྟེ་གནང་ན། བདག་གིས་ཛེ་ཏའི་ཚལ་ཡང་དབུལ་བར་བགྱིའོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་ Pa269a ༄#། །བདག་།ངས་གནང་གིས་ཕུལ་ཅིག་།དེས་ཤིང་གང་ཕོའི་མིང་དུ་བྱ་བ་ལ་ནི། ཕོའི་རྒྱན་གྱིས་བརྒྱན། གང་མོའི་མིང་དུ་བྱ་བ་ནི། མོའི་རྒྱན་གྱིས་བརྒྱན་པ་དང ། དགེ་སློང་དག་གིས་ཇི་ལྟར་བྱ་བར་མི་ཤེས་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་ཉིད་ལ་དྲིས་ཤིག ། དེ་དག་གིས་ཁྱིམ་བདག་ཉིད་ལ་དྲིས་པ་དང ། དེས་སྨྲས་པ། འཕགས་པ། ཇི་ལྟར་བསྔོས་པ་དེ་བཞིན་དུ་མཛོད་ཅིག་།དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཤིང་ཕོའི་མིང་དུ་བྱ་བ་དང ། གང་ཤིང་མོའི་མིང་བྱ་བ་རྣམས་ཀྱི་རྒྱན་སོ་སོར་བསྡུས་ལ་ཐུམ་པོར་བྱོས་ཏེ་ཞོག་ཅིག་།ནམ་དུས་སྟོན་གྱི་ཚེ་ཡང་དེ་བཞིན་དུ་བརྒྱན་པར་གྱིས་ཤིག་།རྩིག་པའི་ནི། རི་མོའི་ཡོ་བྱད་དུ་བྱོས་ཤིག་།བསྲོ་ཁང་གི་རྩིག་པ་དང ། ཀ་བ་དག་གི་ནི། ལས་གསར་དུ་བྱོས་ཤིག་།དེའི་སའི་ནི། དགེ་འདུན་གྱི་སྣང་མར་བྱོས་ཤིག་།ནད་པའི་སྨན་ཁང་གི་རྩིག་པ་དང ། ཀ་བའི་དེ་དག་ནི། ལས་གསར་དུ་བྱོས་ཤིག་།དེས་སའི་ནི། སྨན་གྱི་ཡོ་བྱད་བྱོས་ཤིག་།ཚང་མང་གི་རྩིག་པ་དང ། ཀ་བའི་ནི། དེ་དག་ལས་གསར་དུ་བྱོས་ཤིག་།དེའི་སའི་ནི། དགེ་འདུན་གྱི་བཤོས་སུ་གྱིས་ཤིག་།ཆུ་ཁང་གི་རྩིག་པ་དང ། ཀ་བའི་ནི། དེའི་ལས་གསར་དུ་བྱོས་ཤིག་།དེའི་སའི་ནི། སྐོམ་དུ་བྲིམས་ཤིག་།དུགས་ Pa269b ཁང་གི་རྩིག་པ་དང ། ཀ་བའི་ནི། དེའི་ལས་གསར་དུ་གྱིས་ཤིག་།དེའི་སའི་ནི། དུགས་ཁང་དུ་གྱིས་ཤིག་།བཀད་སའི་ཁང་བའི་རྩིག་པ་དང ། ཀ་བ་དག་གི་ནི། ལས་གསར་དུ་གྱིས་ཤིག་།དེའི་སའི་ནི། སྣུམ་པའི་ཟོང་གྱིས་ཤིག་།ཁྱམས་དང ། སྟེགས་བུ་དང ། འཆགས་དང ། སྒོ་ཁང་དང ། ཡང་ཐོག་གི་རྩིག་པ་དང ། ཀ་བ་དག་གི་ནི། ལས་གསར་དུ་གྱིས་ཤིག་།དེའི་སའི་ནི། དགེ་འདུན་སྤྱི་བོར་བགོས་ཤིག་།གང་རྫིང་བུའི་བདེ་ནི། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་དག་སྤྱིར་ཞོག་ཅིག་།དགེ་སློང་སྤང་བའི་ཁང་བུའི་ནང་ན་འདུག་ཅིང་དགེ་བའི་ཕྱོགས་སྤྱོད་པ་དང ། དྲུག་སྡེ་དག་དེར་འོངས་ནས་ངེད་རྒན་ནོ། །ཞེས་ཟེར་ནས་དེ་དག་བསླངས་ཏེ་བཏང་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྒན་རིམ་མོ། །ཞེས་དགེ་སློང་གིས་དགེ་སློང་འཁོད་པ་ལ་མ་གསུང་ཞིག་།བསླང་ན། འདས་པ་དང་བཅས་པར་འགྱུར་རོ། །དགེ་སློང་དག་བྱ་བ་བྱས་ནས་སྟན་ལས་ལངས་ཏེ་འཆག་ཅིང་འདུག་བཞིན་དུ་གཞན་གྱིས་སྟན་བླངས་ན། མ་སྟེར་ནས་དགེ་སློང་དག་བྲེལ་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱ་བ་བྱས་ནས་སྟན་ལས་ལངས་ནས་སྟན་མ་འཛིན་ཅིག་།དགེ་སློང་དག་རིང་ཞིག་ཏུ་སྟན་ལ་འདུག་ནས་ལངས་ཏེ་འཆག་པ་དང ། དེའི་སར་དྲུག་སྡེ་དག་འདུག་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་མ་འདུག་ཅིག ། Pa270a ༄#། །ལངས་ཏེ་འཆག་ཏུ་འགྲོ་ན་ཡང་དེའི་སྟེང་དུ་ཆོས་གོས་སམ་བུས་ཁྱུད་ཅིག་ཞོག་ལ་ཆོངས་ཤིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དགེ་སློང་དག་སྣོད་རྣམས་ཐོགས་བཞིན་དུ་བཙུག་\་GཊZཱུG\་ལག་ཁང་དུ་འོངས་པ་དང ། དེ་ནས་དགེ་སློང་ཞིག་གིས་ཐོགས་བཞིན་དུ་ཕྱག་བྱས་པ་དང ། དེའི་རིལ་བ་ཆག་པར་གྱུར་ཏོ། །གཞན་ཞིག་གིས་ཀྱང་ཁང་བཟང་གི་ཀ་པ་ལ་ལྷ་མ་བརྡབས་པ་དང ། དགེ་སློང་དག་འཕྱ་བར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་དགེ་སློང་ལམ་དུ་འཇུག་པའི་མཚུངས་པར་སྤྱད་པའི་ཆོས་བཅའོ། །དགེ་སློང་ལམ་དུ་འཇུག་པས་ཆུ་མཐོང་ན། ལྷུང་བཟེད་དང ། ཆོས་གོས་ཕོག་སྟེ་ཕྱོགས་གཅིག་ཏུ་ཞོག་ལ། དེ་ནས་གོས་དག་ཀྱང་སྤྲུགས་ཏེ་ཁྲུས་བྱོས་ལ། དེ་ནས་རྐང་པ་དང་ལག་པ་ཁྲུས་ལ་ཆུ་ཡང་ཆུ་ཚགས་ཀྱིས་བཙོགས་ཏེ་རས་གཤེར་བས་ལྷམ་ཕྱིས་ལ། དེའི་འོག་ཏུ་ལག་པ་བསྙལ་ནས་བླ་འོག་གི་བགོ་བ་ལེགས་པར་གྱོན་ལ་སྤྱོད་ལམ་ཞི་བཞིན་དུ་གཙུག་ལག་ཁང་དུ་འགྲོ་བར་བྱའོ། །དེ་ལས་གཞན་དུ་ན། འདས་པ་དང་བཅས་པར་འགྱུར་རོ། །རྐྱང་བའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་བདུན་པའོ།། །།མདོར་ན། སྤུ་གྲི་བརྡར་དང་སེན་མོ་བཅད། །སྨད་ཚེར་རྐང་པའི་རྟེན་དང་ནི། །བཤད་པར་བྱ་བ་དང་གཅིག་བའི་གནས། །བྱ་བ་བྱས་པ་མི་བཅང་ངོ ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་ Pa270b མེད་ཟས་སྦྱིན་གྱི་ཀུན་དགའ་རབ་ན་བཞུགས་སོ། །བཅོམ་ལྡན་འདས་ཀྱིས་དགེ་འདུན་གྱི་ཕྱིར་སྤུ་གྲིའི་སྣོད་ཆོངས་ཤིག་ཅེས་བཀའ་སྩལ་པ་དང ། དྲུག་སྡེ་དག་གིས་དགེ་འདུན་གྱི་སྤུ་གྲི་ཁྱེར་ཏེ་བྱ་བ་བྱས་ཀྱང་སྤུ་གྲི་བླངས་ན། ད་དུང་བྱ་བ་ཡོད་ཅེས་ཟེར་ནས་སྤུ་གྲི་མི་སྟེར་རོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྤུ་གྲི་བྱ་བ་བྱས་ནས་མ་འཆང་ཞིག་།འཆང་ན། འདས་པ་དང་བཅས་པར་འགྱུར་རོ། །སྤུ་གྲི་ཇི་ལྟ་བ་བཞིན་དུ་བརྡར་དང ། སེན་མོ་གཅད་པ་དང ། སྨང་ཚེར་དང ། རྐང་པ་རྟེན་པ་རྣམས་སོ། །དྲུག་སྡེ་དག་གིས་གཅི་པའི་གནས་སུ་ཞུགས་ཏེ་བྱ་བ་བྱས་ཀྱང ། ད་དུང་ཡང་སླར་འཇུག་གོ་།ཞེས་སྨྲས་ནས་དགེ་སློང་ལྷགས་པ་རྣམས་འཇུག་ཏུ་མི་སྟེར་རོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་གཅི་བའི་གནས་སུ་ཞུགས་ཏེ་བྱ་བ་བྱས་ནས་དགེ་སློང་དག་མ་བགགས་ཤིག་།བགགས་ན། འདས་པ་དང་བཅས་པར་འགྱུར་རོ། །བཤང་པའི་སར་ཡང་དེ་བཞིན་ནོ། །རྐྱང་བའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་བརྒྱད་པའོ།། །།མདོར་ན། གཡོག་དང་དུས་སྟོན་ཆེན་པོ་དང ། །རྙོག་པ་ཅན་གྱི་ཆུ་དང་ནི། །ཕྱེ་ལས་རྫིས་དང་སྐྱོ་མ་དང ། ། སྡེ་རེ་བ་སྡུས་དེ་བཞིན་བསྒྲགས་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཁྱིམ་བདག་མགོན་མེད་ཟས་སྦྱིན་གྱིས་ Pa271a ༄#། །བཅོམ་ལྡན་འདས་ཀྱིས་དེ་སྟེ་གནང་ན། བདག་གིས་སེན་མོ་དང ། དབུ་སྐྲའི་མཆོད་རྟེན་ལ་དུས་སྟོན་ཆེན་པོ་བགྱིའོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟར་ན། གནང་གི། གྱིས་ཤིག་།བཅོམ་ལྡན་འདས་ཀྱིས་དབུ་སྐྲ་དང ། སེན་མོའི་མཆོད་རྟེན་ལ་དུས་སྟོན་གསོལ་ཅིག་།ཅེས་བཀའ་སྩལ་པ་དང ། དགེ་སློང་དག་དུས་སྟོན་ཆེན་པོའི་ཚེ་འདུས་ནས་དེ་དག་རྫིང་བུའི་ནང་དུ་ལྷུང་བཟེད་རྣམས་བཀྲུས་པ་དང ། གཙུག་ལག་ཁང་དུ་གནས་པ་དང ། དགེ་བསྙེན་དག་གིས་ཀྱང་མར་དང ། འབྲུ་མར་དང ། ཞོ་དང ། སྦྲང་རྩིའི་བུམ་པ་རྣམས་ཀྱང་རྫིང་བུར་བཀྲུས་པས་ན། ལྷུང་བཟེད་རྣམས་དང ། བུམ་པ་དེ་རྣམས་ཀྱི་སྣུམ་དག་གིས་ཆུའི་སྟེང་དུ་ཞག་ཆགས་པར་གྱུར་ཏེ། དེ་ལ་དགེ་སློང་དག་ཐེ་ཚོམ་སྐྱེས་ནས་ཆུ་མི་འཐུང་ངོ ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཁ་ཟས་ཀྱི་བྱ་བ་བྱེད་མི་ནུས་ཀྱི། དཀྲུགས་ལ་འཐུངས་ཤིག་།དེ་ལ་ཐེ་ཚོམ་མ་བྱེད་ཅིག་།ཆུ་དེ་ཁོ་ར་ཁོར་ཡུག་ཏུ་སྐྱེ་བོ་མང་པོ་དག་གིས་དཀྲུགས་པས་ན། ཐམས་ཅད་ཀྱང་རྙོག་པས་གང་སྟེ། གདོང་གི་གཟུགས་བརྙན་ཡང་མི་སྣང་བར་གྱུར། ཆུ་ཚགས་ཀྱང་རྙོག་པས་འགགས་ནས་ཆུ་མི་ཟག་པ་དང ། དེ་དག་ལ་གནོད་པར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ན་གདོང་གི་གཟུགས་ Pa271b བརྙན་མི་སྣང་བ་དེར་ལྷུང་བཟེད་ཆུང་ངུའམ། སྣོད་གཞན་གྱིས་ཆུས་ལ་ཤིང་ཏོག་ཀ་ཏ་ཀའི་འབྲས་བུ་ཆུག་སྟེ་སྐད་ཅིག་སྡོད་ལ་རྟོགས་ཤིག་དང ། ངེས་པར་གདོང་གི་གཟུགས་བརྙན་ཡང་སྣང་བར་འགྱུར་རོ། །དེ་ལྟ་བུ་མེད་ན་ཟན་གྱི་ཆང་བུ་ཆུག་ཅིག་།དེ་སྣུམ་མེད་པས་ཞིག་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱེ་མར་གྱིས་ལ་དེར་ཆུག་ཅིག་།ཆུ་བ་ཚཝ་ཅན་དུ་གྱུར་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་དེས་ལན་ཚཝའི་བྱ་བ་བྱེད་ནུས་ན། བྱིན་ལེན་བྱོས་ལ་འཐུངས་ཤིག་།དེ་སྟེ་བྱ་བ་བྱེད་མི་ནུས་ན། ཆུས་ལ་འཐུངས་ཤིག་།དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།རྐྱང་པའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅས་པ་དགུ་པའོ།། །།མདོར་ན། ཆུ་དང་ཞོ་ལས་ཆུར་གྱུར་དང ། །བུམ་པ་བུང་པ་དེ་བཞིན་ཏེ། །ལག་པ་བསྙལ་ནས་བཏུང་བ་དང་།། དགེ་ཚུལ་ཕ་ལའང་རྣམ་བཞིར་བྱ། །ལྷུང་བཟེད་དང་ནི་གདོང་བཀྲུ་དང ། །བསོད་སྙོམས་པ་ལ་རྣམ་པ་གཉིས། །རྒྱགས་དང་འབྲས་བུ་མེ་ཏོག་དག་།ཕོངས་ན་རུང་གི་བཟའ་བར་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་དག་ཁྲོན་པའི་ནང་ནས་ཆུ་བཅུས་ཏེ་དེ་དག་གིས་བཅགས་ཏེ། འབྲས་ཆན་བྲུལ་མ་དང ། ཁུར་བའི་དུམ་བུ་དག་བྱུང་ངོ ། །དེ་དག་ཐེ་ཚོམ་སྐྱེས་ནས་ཆག་པ་དང ། དུམ་བུ་དག་ཀྱང་འཁྲུག་པར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་ Pa272a ༄#། །བཀའ་སྩལ་པ། དེས་ཁ་ཟས་ཀྱི་བྱ་བ་བྱེད་མི་ནུས་ཀྱི། ཕྱུང་སྟེ་བོར་ལ་ཚོགས་ཤིག་།དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།དགེ་སློང་དག་རྫིང་ནས་ཆུ་འཆུ་བ་དང ། དེར་ཆུའི་བུམ་པ་དང ། སྦྲང་རྩིའི་བུམ་པ་དག་བཀྲུས་པ་དང ། དགེ་སློང་དག་གིས་ཀྱང་ལྷུང་བཟེད་སྣུམ་ཅན་དག་དེར་བཀྲུས་སོ། །དེ་དག་གིས་སྣུམ་གྱིས་ཆུའི་སྟེང་ཞག་ཆགས་པར་གྱུར། ཞོའི་དུམ་བུ་དག་ཀྱང་སྣང་བར་གྱུར་ནས་དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ་མ་བཅུས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེས་ཁ་ཟས་ཀྱི་བྱ་བ་བྱེད་མི་ནུས་ཀྱི། ཆུས་ཤིག་།ཕྱི་དྲོ་མི་འཐུངས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཐུངས་ཤིག་།བུམ་པ་དང ། རིལ་བ་དག་གི་ནང་དུ་མི་ལྡུགས་ཏེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་ཡང་ལུགས་ཤིག་།དགེ་སློང་དག་ཅིག་ལམ་དུ་ཞུགས་ཏེ་དོང་བ་དང ། དེ་ན་ཆུ་མེད་དེ་ཁྱིམ་བདག་གི་སྣོད་ནས་ཆུ་འགྲོན་པ་མང་པོ་ལ་བྱིན་པ་དང ། དགེ་སློང་དག་གིས་མ་འཐུངས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་གཞན་མེད་ན། རྟོགས་ལ་འཐུངས་ཤིག་།དེ་དག་བུམ་པ་དང་རིལ་པའི་ནང་དུ་མི་ལྡུགས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་ཡང་ལུགས་ཤིག་།ཕྱི་དྲོ་མི་འཐུངས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཐུངས་ཤིག་།ལམ་ན་རྡོ་ཆུ་སྒྲོམ་ཡོད་པ་དང ། དགེ་སློང་དག་ཐེ་ཚོམ་སྐྱེས་ཏེ་ཆུ་མ་བླངས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་ Pa272b སྩལ་པ། དགེ་སློང་རྣམས་རྔོ་ཆུ་སྒྲོམ་ནི། བཀྲུ་བཀྲུ་བ་ཡིན་གྱི། རྟོགས་ལ་འཐུངས་ཤིག་།རིལ་བ་དང ། བུམ་པ་དག་ཏུ་མི་ལྡུགས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་ཡང་ལུགས་ཤིག་།ཕྱི་དྲོ་མི་འཐུངས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཐུངས་ཤིག་།དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།དེ་བཞིན་དུ་ཤིང་སྒྲོམ་དང ། རྐྱལ་བའི་ནང་ན་འདུག་པ་ཡང་རྟོགས་ལ་འཐུངས་ཤིག་།ཕྱི་དྲོ་དང ། རིལ་བ་དང ། བུམ་པའི་ནང་དུའང་ལུགས་ཤིག་།དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།དགེ་སློང་དག་གིས་དགེ་འདུན་ལ་ཆུ་བྲིམས་པ་དང ། དེ་ན་དགེ་སློང་དག་གིས་ཚེ་དང་ལྡན་པ། ཆུ་རྒྱུན་ལྷུང་བཟེད་ཀྱི་ནང་ནས་མ་ཆད་པས་ན། བཞག་པར་གྱུར་ཏོ། །ཞེས་སྨྲས་ཏེ། དེ་དག་གིས་མ་བླངས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཁུ་བ་ཐམས་ཅད་ཀྱི་རྒྱུན་ནི་ཐུར་དུ་འབབ་ཀྱི། སྟེང་དུ་མི་འགྱུར་གྱི། འཐུངས་ལ་དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།དེ་བཞིན་དུ་འོ་མ་དང ། ཞོ་དང ། ཞོའི་ཆུ་དང ། དར་བ་དང ། རྩབ་མོ་དང ། ཚཝ་ལ་སོགས་པ་ལ་རྒྱས་པར་བརྗོད་དོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དགེ་སློང་དག་ལྗོངས་རྒྱུ་ཞིང་སྤྱོད་པ་ལས། བ་ལང་གི་ལྷས་སུ་ཕྱིན་པ་དང ། དེ་དག་ལ་དེ་ན་ཆུ་མེད་དེ། དེ་དག་གིས་ཞོའི་ཆུ་བྱིན་པ་དང ། དགེ་སློང་དག་ཐེ་ཚོམ་སྐྱེས་ནས་མི་འཁྲུའོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང ། བཅོམ་ Pa273a ༄#། །ལྡན་འདས་ཀྱིས་བཀའ་སྩལ་པ། གང་ན་ཆུ་མེད་པ་དེར་ཞོའི་ཆུ་དང ། དར་བ་དང་བས་ཁྲུས་ཤིག་།དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།དགེ་སློང་དག་གིས་བ་ལང་རྫི་ལ་བུམ་པ་བརྙས་པ་དང ། དེ་དག་གིས་མར་གྱི་བུམ་པ་དང ། འོ་མའི་བུམ་པ་དག་རྙེད་ན། དེ་དག་ཐེ་ཚོམ་སྐྱེས་ནས་མ་བླངས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བུམ་པ་ལ་རྣམ་པ་ལྔ་སྟེ། བཤང་བའི་བུམ་པ་དང ། གཅི་བའི་བུམ་པ་དང ། ཆང་གི་བུམ་པ་དང ། འབྲུ་མར་གྱི་བུམ་པ་དང ། མར་གྱི་བུམ་པའོ། །དེ་ལ་སྔ་མ་གསུམ་པོ་ནི། མ་བཞག་པ་ཡང་མ་གཞག་ཅིག་།བཞག་ན་ནི། རྒྱང་རིང་པོར་འོར་ཅིག་།འབྲུ་མར་གྱི་བུམ་པ་དང ། མར་གྱི་བུམ་པ་ནི། མེའི་ནང་དུ་བསྲེགས་ལ་དེ་ནས་ལྕི་བའི་རི་ལུའམ། བ་ལང་གི་ལྕི་བས་རུང་བར་གྱིས་ལ། ཆུ་བཅུས་ཏེ་དེ་སྔ་དྲོ་དང ། ཕྱི་དྲོ་ཡང་སྤྱོད་ཅིག་།དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག། གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དགེ་སློང་གཞན་ཞིག་གིས་བུམ་པའི་ནང་ནས་ཆུ་འཐུངས་པ་དང ། བུང་བས་ཟོས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་བུམ་པ་ནས་ཆུ་མ་འཐུངས་ཤིག་།འཐུངས་ན། འདས་པ་དང་བཅས་པར་འགྱུར་རོ། །སྔར་ལག་པ་སྙོལ་ Pa273b ལ་ཁ་བཀྲུས་ཏེ་གདོད། ཆུ་འཐུངས་ཤིག་།བུམ་པའི་ཁ་གབ་མེད་པར་མ་གཞག་ཅིག་།དེ་བས་ན། ངས་གནང་གི་།བུམ་པའི་ཁ་གབ་ཆོངས་ཤིག་།བཅོམ་ལྡན་འདས་ཀྱིས་བུམ་པའི་ཁ་གབ་ཆོངས་ཤིག་།ཅེས་བཀའ་སྩལ་ན། དགེ་སློང་དག་གིས་ཁ་གབ་ཇི་ལྟ་བུ་བཅང་བར་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིང་ལས་བྱས་པའམ། རྡོ་ལས་བྱས་པའམ། ས་ལས་བྱས་པའོ། །བཅོམ་ལྡན་འདས་ཀྱིས་ལག་པ་སྙོལ་ལ་ཆུ་འཐུངས་ཤིག་།ཅེས་བཀའ་སྩལ་ན། ལམ་དུ་ཞུགས་པ་དག་ཅིག་ལ་ཆུ་ཉུང་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདབ་མ་རང་ལྷགས་པ་ཚོལ་ལ་དེའི་ནང་ནས་འཐུངས་ཤིག་།དེའང་མེད་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བག་ཡོད་བཞིན་དུ་ཤིང་ལ་ཆགས་པ་ལས་འཐུངས་ཤིག་།དེའང་མེད་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དབེན་པར་འདུག་ལ་བུམ་པ་ཉིད་ནས་ཆུ་འཐུངས་ཤིག་།གཞན་གྱིས་མ་མཐོང་བ་དང་མཛེས་པར་གྱིས་ཤིག་།དགེ་སློང་དག་།ངས་ཕོངས་པ་ན་གནང་བ་དེ། མ་ཕོངས་པའི་ཚེ་མ་སྤྱོད་ཅིག་།སྤྱད་ན། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དགེ་སློང་དག་ལྗོངས་རྒྱུ་བ་སྤྱོད་དོང་པ་ལས་དེ་དག་གིས་རྒྱགས་དགེ་ཚུལ་ཕ་དག་ལ་བསྐུར་བ་དང ། དེ་དག་མ་ཐེག་ནས་དེ་དག་གིས་ཐེག་པ་ལ་སྐུར་ཅིག་།ཅེས་སྨྲས་པ་དང ། དགེ་སློང་དག་ཐེ་ཚོམ་སྐྱེས་ནས་མ་བཏེག་གོ་།དེ་ལྟར་གྱུར་པ་དགེ་ Pa274a ༄#། །སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐེ་གཅིག་།དགེ་ཚུལ་ཕ་དག་ངལ་ནས་ཕོག་སྟེ་སློངས་ཞེས་སྨྲས་པ་དང ། དགེ་སློང་དག་གིས་མ་ཕོག་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕོ་གཅིག་།དགེ་ཚུལ་ཕས་མ་བཟུང་བཞིན་གདེག་པ་དང ། དབབ་པ་དག་བྱས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ཚུལ་ཕས་མ་བཟུང་བར་གདེག་པ་དང ། དབབ་པར་མ་བྱེད་ཅིག་།དགེ་ཚུལ་ཕ་དག་གིས་བདག་ཅག་ཆད་དེ་ངལ་བསོའི་ཁྱེད་ཀྱིས་ཅུང་ཞིག་ཁྱེར་ཅིག་།ཅེས་སྨྲས་པ་དང ། དགེ་སློང་དག་གིས་མ་ཁྱེར་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐ་གུས་བཅིངས་ལ། ཐ་གུའི་རྩེ་མོ་དགེ་ཚུལ་ཕས་བཟུང་སྟེ་ཕྱི་བཞིན་དུ་འབྲང་དུ་ཆུག་ལ་དགེ་སློང་གིས་ཁྱེར་ཅིག་།དགེ་སློང་དག་ཐེ་ཚོམ་སྐྱེས་ནས་དེ་ལ་མི་ཟ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ཐེ་ཚོམ་དུ་མ་བྱེད་པར་ཟོ་ཞིག། དགེ་སློང་འགྲོན་པ་མང་པོ་དང་ལྷན་ཅིག་ཏུ་འགྲོགས་ཏེ་ལམ་དུ་ཞུགས་པ་དང ། འགྲོན་པ་མང་པོ་དག་རྐུན་པོས་བཅོམ་པ་དང ། དགེ་ཚུལ་གྱིས་རྒྱགས་རྣམས་བོར་ནས་བྲོས་ཏེ་དོང་ངོ ། །དགེ་སློང་དག་གིས་རྒྱགས་ཁྱེར་ནས་དེ་ཉིད་ན་བོར་ཞིང་འདུག་པ་དང ། འགྲོན་པ་མང་པོ་དག་གིས་འཕགས་པ། ཁྱེད་ཀྱི་རྒྱགས་ནི། རྐུན་པོས་མ་ཁྱེར་རོ། །ཞེས་སྨྲས་པ་དང ། དགེ་སློང་དག་གིས་ Pa274b དགེ་ཚུལ་ཕ་དག་ལ་དེངས་ལ་རྒྱགས་ལོངས་ཏེ་ཤོག་ཅིག་།ཅེས་སྨྲས་པ་དང ། དེ་དག་སྐྲག་ནས་འདོང་དུ་མ་བཏུབ་སྟེ། ཁྱེད་ཉིད་ཅིའི་ཕྱིར་མི་འདོང ། ངེད་ཅག་རྐུན་པོས་གསད་མོད་ཅེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལོངས་ལ་གཟོད་དགེ་ཚུལ་ཕ་ལ་བྱིན་ཅིག་།དགེ་སློང་དག་གིས་ཐེ་ཚོམ་སྐྱེས་ནས་དེ་དག་མ་ཟོས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ཐེ་ཚོམ་དུ་མ་བྱེད་པར་ཟོ་ཞིག་།ཀླུང་བརྒལ་བར་གྱུར་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་ཚུལ་ཕ་དག་ལ་ཁྱེད་ཉིད་ཀྱིས་ཁྱེར་ཏེ་བརྒལ་བར་ནུས་སམ་ཞེས་དྲིས་ལ། དེ་སྟེ་ནུས་ཞེས་ཟེར་ན། ལེགས། དེ་སྟེ་མི་ནུས་སོ། །ཞེས་ཟེར་ན། རྒྱགས་བདག་ཅག་གིས་ཁྱེར་ལ་རྒོལ་ཅིག་།དེ་ལ་དགེ་སློང་དག་གིས་རྒྱགས་དག་ཕ་རོལ་ཏུ་བསྒྲལ་བར་བྱ་ན། དགེ་ཚུལ་ཕས་བསྒྲལ་བར་གྱིས་ལ་བརྟག་པར་གྱིས་ཤིག་།དེ་སྟེ་དགེ་ཚུལ་ཕ་ཡང་མི་ནུས་ན། དགེ་སློང་དག་གིས་རྒྱགས་ཕ་རོལ་ཏུ་སྒྲོལ་ལ་དེའི་འོག་ཏུ་དགེ་ཚུལ་ཕ་ཡང་བསྒྲལ་བར་གྱིས་ཤིག་།དེ་སྟེ་གཉི་ག་ནུས་ན། དགེ་ཚུལ་ཕ་དང་རྒྱགས་ལྷན་ཅིག་ཏུ་བསྒྲལ་བར་གྱིས་ཤིག་།གཉིས་ཀ་ལྷན་ཅིག་ཏུ་བསྒྲལ་བ་དགེ་སློང་རྣམས་ཐེ་ཚོམ་སྐྱེས་ནས་མ་ཟོས་སོ། །དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ཐེ་ཚོམ་དུ་མ་བྱེད་པར་བཟའ་བར་གྱིས་ཤིག། Pa275a ༄#། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་ལྷུང་བཟེད་དུ་ཟོ་ཞིག་ཅེས་བཀའ་སྩལ་པ་དང ། དགེ་སློང་ཞིག་གིས་ལྷུང་བཟེད་བཀྲུས་ནས་མཐེ་བོས་བརྡབས་ན། སྒྲ་མི་གསང་ནས་དགེ་སློང་དེ་ལ་ཐེ་ཚོམ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྒྱུ་མེད་པར་ལན་གསུམ་དུ་བཀྲུ་བས་ཁྲུས་ལ་མཐེ་བོས་བརྡབས་ན་སྒྲ་གསང་བར་བྱུང་ན། དེ་ལ་ཐེ་ཚོམ་དུ་མ་བྱེད་པར་ཟོ་ཞིག་།དགེ་སློང་གཞན་ཞིག་གིས་ལྷུང་བཟེད་བཀྲུས་ཏེ་དེ་བུ་གུ་ནས་ཟས་ཀྱི་ཚིགས་མ་ཞིག་མཐོང་བ་དང ། དེ་ཐེ་ཚོམ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ཤིང་བུས་བྲུད་དེ་ལན་གསུམ་གྱི་བར་དུ་ཁྲུས་ལ་དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།དགེ་སློང་གཞན་ཞིག་གིས་ཡང་ལྷུང་བཟེད་གས་པ་ཞིག་གི་ནང་དུ་ཁུ་བ་དྲོན་པོ་ཞིག་གི་བླངས་པ་དང ། དེའི་འཕྲོ་ནས་སྣུམ་བྱུང་སྟེ་ཞག་སྟེང་དུ་བྱུང་བ་དང ། དགེ་སློང་དེ་ཐེ་ཚོམ་སྐྱེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟེང་གི་ཞག་ཞོམས་ལ་བཏུང་བར་གྱིས་ཤིག་།དགེ་སློང་ཞིག་རླུང་ནད་ཀྱིས་བཏབ་ནས་དེས་ཕྱི་དྲོ་ཁུ་བ་ཞིག་འཐུངས་ཏེ། ནུབ་ཀར་ལྷུང་བཟེད་དེའི་ནང་དུ་སྐོམ་བཏུང་ཞེས་བྱས་པ་དང ། ལྷུང་བཟེད་ཀྱི་ནང་དུ་སྣུམ་ལངས་ནས་དེའི་སྟེང་དུ་ཞག་ཆགས་པ་དང ། དགེ་སློང་དེ་ཐེ་ཚོམ་སྐྱེས་ནས་སྐོམ་ཡང་མ་འཐུངས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལག་པ་དང་ཁ་བཀྲུས་ནས་སྣུམ་ Pa275b ཞོམས་ཏེ་འོར་ཏེ་དེ་ལ་ཐེ་ཚོམ་དུ་མ་བྱེད་པར་འཐུངས་ཤིག་།བཅོམ་ལྡན་འདས་ཀྱིས་ཁ་ཁྲུས་ཤིག་།ཅེས་བཀའ་སྩལ་ན། དགེ་སློང་དག་ཁ་ཅིག་བཀྲུ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྕི་བའམ། སའམ། ཤིང་གི་ཤུན་ཕྲགས་ལ་སོགས་པ་གཞན་གྱིས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། ཇི་ཙམ་གྱིས་ན། ཁ་བཀྲུས་པ་ཞེས་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁ་དང་རྨ་གཉིས་མཚུངས་ཏེ་རྟག་ཏུ་ཟུག་པས་མ་འབགས་པར་མི་ནུས་མོད་ཀྱི། ལན་གསུམ་དུ་ཁ་བཀྲུས་ཏེ་ཆུ་བོར་བ་ནི། ཁ་བཀྲུས་པ་ཞེས་བྱའོ། །དགེ་སློང་ཞིག་གིས་བསོད་སྙོམས་བསླངས་ཏེ་གནས་ཁང་དུ་བཞག་ནས་ཕྱི་རོལ་ཏུ་བྱུང་བ་དང ། ཁྱིམ་བདག་གཞན་ཞིག་གིས་དེའི་སྟེང་དུ་ཟས་ཤིག་བླུགས་ཏེ་བཞག་པ་དང ། ཇི་ཙམ་བསོད་སྙོམས་པ་དེར་སླར་འོངས་ནས་བསོད་སྙོམས་ཀྱི་སྟེང་ན་ཟས་གཞན་ཞིག་བླུགས་པར་མཐོང་སྟེ། དེ་ཐེ་ཚོམ་སྐྱེས་ནས་ཟན་མ་ཟོས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་བྱིན་ལེན་བྱེད་པ་ཡོད་ན། བྱིན་ལེན་བྱོས་ལ་ཟོ་ཞིག་།དེ་སྟེ་མེད་ན། སྟེང་གི་གསར་པ་དེ་ལོགས་ཤིག་ཏུ་འོར་ལ་དེ་ལ་ཐེ་ཚོམ་དུ་མ་བྱེད་པར་ཟོ་ཞིག། དགེ་སློང་གཞན་ཞིག་གིས་བསོད་སྙོམས་བླངས་ནས་གནས་ཁང་དུ་བཞག་སྟེ་ཕྱི་རོལ་ཏུ་སོང་བ་དང ། དེ་ཁྱིམ་པ་ཞིག་གིས་རེག་པར་མཐོང་སྟེ། དགེ་སློང་དེ་ཐེ་ཚོམ་སྐྱེས་ནས་མ་ཟོས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་ Pa276a ༄#། །བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག་དེ་ལ་ཅིའི་ཕྱིར་རེག་ཅེས་དྲིས་ལ། དེས་རྩཝ་དང ། སྦྲང་མ་དག་བསལ་པའི་ཕྱིར་རེག་ཅེས་ཟེར་ན། བྱིན་ལེན་བྱོས་ལ་ཟོ་ཞིག་།དེ་སྟེ་འདོད་པའི་ཕྱིར་རེག་གོ་།ཞེས་ཟེར་ན། དེའང་ཕྱེ་མར་བགོས་ལ་བྱིན་ལེན་བྱོས་ཏེ། དེ་ལ་ཐེ་ཚོམ་དུ་མ་བྱེད་པ་ར་ཟི་ཞིག་།བཅོམ་ལྡན་འདས་ཀྱིས་དགེ་སློང་དག་རྒྱགས་ཁྱེར་ཅིག་ཅེས་བཀའ་སྩལ་ན། ཁྱིམ་པ་དང ། དགེ་ཚུལ་ཕ་དག་མེད་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་པའི་བདག་པོ་སྤྲོ་བ་སྐྱེད་ཅིག་སྦྱིན་བདག་ཀྱང་མེད་ན། བདག་ཉིད་ཀྱིས་སླར་ཁྱེར་ལ་དེ་ཁྱིམ་པ་དང་བརྗེས་ལ་ཟོ་ཞིག་།དེ་སྟེ་དེ་ལ་མེད་ན། སྐལ་པ་གཉིས་སུ་ཆོད་ལ་ཁྱིམ་པ་ལ་བྱིན་ཏེ།་དེས་ཁྱེར་ན་ནི། དེའི་སྐལ་བ་སླར་བསླངས་ཏེ་བྱིན་ལེན་བྱོས་ལ་ཟོ་ཞིག། བདག་གི་སྐལ་བ་ནི། དེ་ལ་བྱིན་ཅིག། དེ་སྟེ་དེ་ལྟར་ཡང་མ་འབྱོར་ན། ཉི་མ་དང་པོའི་ཚེ་ནི། སྙུང་བར་འདུག་ཅིག་།ཕྱི་དེ་ཉིད་ཀྱང་བྱིན་ལེན་བྱེད་པ་མེད་ན། སྟག་གི་སྦར་ཐབས་ཤིག་ཟོ་ཞིག་།ཡང་ཕྱི་དེ་ཉིན་མོ་ཡང་བྱིན་ལེན་བྱེད་པ་མེད་ན། སྟག་གི་སྤར་ཐབས་གཉིས་ཟོ་ཞིག། དེ་སྟེ་ཞག་བཞིའི་ཉིན་མོ་ཡང་བྱིན་ལེན་བྱེད་པ་མེད་ན། ཇི་ཙམ་འགྲངས་པའི་བར་དུ་ཟོ་ཞིག་།དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།དེ་སྟེ་རྒྱགས་མེད་ན། འབྲས་བུ་རང་ལྷུང་བ་དེ་ལ་ལོངས་ལ་གདུགས་ཚོད་ལ་བབ་ཀྱི་བར་དུ་ཁྱེར་ཏེ་སོང་ལ། དེ་སྟེ་ཁྱིམ་པ་ Pa276b དང་ཕྲད་ན། སྐལ་བ་གཉིས་སུ་ཆོད་ལ་གཅིག་ནི། དེ་ལ་བྱིན་ཏེ། དེའི་སྐལ་བ་སླར་བདག་གིས་སློངས་ལ་རུང་བར་བྱོས་ཏེ་ཟོ་ཞིག་།བདག་གི་དེ་བྱིན་ཅིག་།དེ་སྟེ་མ་ཕྲད་ན། སྔ་དྲོའམ། ཕྱི་དྲོ་ཡང་རུང ། རུང་བར་བྱ་བའི་ཕྱིར་རྒྱུ་མེད་ན། སྲོག་དང་འབྲལ་བས་ཐེ་ཚོམ་དུ་མ་བྱེད་པར་ཟོ་ཞིག། དེ་སྟེ་ཡང་ལྷུང་བ་མེད་ན། ཤིང་ལ་འཛེགས་ཏེ་ཐོགས་ཤིག་།ཡང་ན་སྤྲུགས་ལ་བྱང་ཕྱོགས་ཀྱི་དུས་སུ་བསྔོས་ཏེ་ཟོ་ཞིག་།དེ་བཞིན་དུ་རྩ་བ་ལ་སོགས་པ་འང་ས་ལས་རང་གིས་བརྐོས་ཏེ་ཕྱུང་ལ་ཐེ་ཚོམ་དུ་མ་བྱེད་པར་ཟོ་ཞིག་།ངས་ཁྱོད་ལ་ཕོངས་པའི་ཚེ་གནང་བ་དེ། མ་ཕོངས་པའི་ཚེ་མ་སྤྱོད་ཅིག་།སྤྱད་ན། འདས་པ་དང་བཅས་པར་འགྱུར་རོ། །རྐྱང་པའི་སྒོ་གསུམ་པའི་མདོའི་ཚིགས་སུ་བཅད་པ་བཅུ་སྟེ། སྒོ་གསུམ་པ་རྫོགས་སོ།། །།མདོར་བསྡུས་པ་སྟེ། ས་བོན་བུམ་པ་རྐུན་པོ་རྐུ་བ་དང ། །ལུས་ཀྱི་རེག་པ་དེ་བཞིན་ཏེ། །འབྲས་ཆན་ལན་ཚཝ་སོང་བ་དང ། །བུ་རམ་ཤིང་དང་རྐུན་འབྲུམ་དང ། །གློ་བུར་འོངས་དང་གནས་པའོ། །མདོར་ན། ས་བོན་བུམ་པ་ཤིང་རྟ་གྲུ། །ཁུར་དང་འོ་མ་ཚོང་དེ་བཞིན། །བྱ་རོག་སྦྲང་མ་བཙོ་བླག་ལས། །ུ་པ་ལི་བཞི་ཆོག་ཀུན་ཤེས་པའོ། །སངས་རྒྱས་བཅོམ་ལྡན་འདས་རྒྱལ་པོའི་ཁབ་བྱ་ཀ་ལནད་ཀ་གནས་པ་ན་བཞུགས་ཏེ། གང་གི་ཚེ་རྒྱལ་པོ་གཟུགས་ཅན་སྙིང་པོས་བུམ་པ་སྟོང་གི་ས་བོན་བཏབ་པ་ཕུལ་བ་དེའི་ཚེ་དགེ་སློང་དག་གིས་དེའི་ཐོག་ཟེས་ནས་ཞིང་ཀུན་ཐ་བར་བོར་ཏེ་རྩཝ་ཀུ་ཤའི་གནས་སུ་གྱུར་ཏོ། །དེ་ནས་རྒྱལ་པོ་གཟུགས་ཅན་སྙིང་པོ་ཕྱི་རོལ་ཏུ་བྱུང་བས་དེ་དག་མཐོང་ནས་དེས་བློན་པོ་ལ། ཀྱེ་སུས་འདི་ Pa277a ༄#། །ལྟར་ཞིང་ཀུན་ཐ་བར་བོར་ནས་ཀུ་ཤའི་གནས་སུ་གྱུར་ཅེས་སྨྲས་པ་དང ། དེས་ལྷས་འཕགས་པ་དག་ལ་བུམ་པ་སྟོང་གི་ས་བོན་གྱིས་བཏབ་པ་ཕུལ་བ་དེ་དག་གིས་ལེགས་པར་བླངས་པ་དེ་དག་གཟིགས་མོད་ཅེས་སྨྲས་པ་དང ། རྒྱལ་པོས་ཅི། འཕགས་པ་དེ་དག་གིས་ཐུན་ཤས་སུའང་མ་བཏང་ངམ་ཞེས་དེ་དག་གིས་དགེ་སློང་དག་ལ་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་ཞིང་དག་ནི། ཐུན་ཤས་སུ་ཐོངས་ཤིག་།དགེ་སློང་དག་གིས་ཐུན་ཤས་སུ་བྱིན་ནོ། །ཞིང་པས་ཞིང་གཤིན་པའི་རྣམས་ན་ཐམས་ཅད་བདག་ཅག་ཁྱེར་ཡང་དེ་དག་གིས་དེ་དག་གི་སྐལ་པ་མ་བླངས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཞིང་ཤས་ཀྱི་སྐལ་པ་ལོངས་ཤིག། དགེ་སློང་དག་གིས་བླངས་ཏེ་དེ་ཉིད་དུ་བཞག་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐལ་པ་གཙུག་ལག་ཁང་དུ་སྐྱོས་ཤིག་།ཅེས་གསུངས་པ་དང ། སྔར་ཞིང་པ་ཉིད་ཀྱིས་དེར་བསྐྱས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྔོན་དུ་ཞིང་བདག་གིས་དེར་སྐྱོས་ཤིག་།དེ་དག་སྐྱེད་པ་ན་ཡང་བརྐུས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྲུང་བའི་དགེ་སློང་རྣམས་སྐོས་ཤིག། ཤིང་རྟའི་ནང་དུ་སྐྱེད་ Pa277b པ་ལས་ཤིང་རྟ་ཆག་ཀྱང་དགེ་སློང་གིས་གྲོགས་མ་བྱས་པ་དང ། ཁྱིམ་བདག་མི་དགའ་བར་གྱུར་ནས་སྨྲས་པ། འཕགས་པ། འདི་ནི། ཁྱེད་ཀྱིས་ཅིའི་ཕྱིར་གྲོགས་མི་བྱ། དེས་སྨྲས་པ། བཅོམ་ལྡན་འདས་ཀྱིས་མ་གནང་ངོ ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤིང་རྟ་ལས་ཕྱུགས་འདེབས་པའི་ས་མ་རྟོགས་པར་དེར་བསྐྱ་བ་དང་ཞིང་པའི་གྲོགས་ཀྱིས་ཤིག་།དགེ་སློང་གཞན་ཞིག་ན་བར་གྱུར་ནས་ཤིང་རྟ་པ་དག་གིས་ཤིང་རྟའི་སྟེང་དུ་ཞོན་ཅིག། ཅེས་སྨྲས་པ་དང ། དེ་ཐེ་ཚོམ་སྐྱེས་ཏེ་མ་ཞོན་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ན་ན་ཤིང་རྟ་ལ་ཞོན་ཅིག་།དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།གྲུའི་ནང་དུ་ཐུན་ཤས་ཀྱི་སྐལ་པ་སྐྱེད་པ་ལས་གྲུའང་ཆག་པར་གྱུར་ནས་དགེ་སློང་དག་གིས་གྲོགས་མ་བྱས་པ་དང ། ཁྱིམ་བདག་མི་དགའ་བར་གྱུར་ནས་སྨྲས་པ། འདི་ནི། ཁྱེད་ཀྱི་ན། ཁྱེད་ཀྱིས་ཅིའི་ཕྱིར་གྲོགས་མི་བྱ། དེ་དག་གིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་མ་གནང་ངོ ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གྲུའི་དང ། མ་གཏོགས་པར་ཕུལ་བའི་གྲོགས་དང ། ཞིང་པའི་གྲོགས་གྱིས་ཤིག་།དགེ་སློང་གཞན་ཞིག་ཡང་ཀླུང་གི་འགྲམ་ནས་སོང་བ་ལས་ན་བར་གྱུར་ནས་མཉན་པས། འཕགས་པ། འདིའི་ནང་དུ་ཞུགས་ཞེས་སྨྲས་པ་དང ། དེ་ཐེ་ཚོམ་སྐྱེས་ནས་ནང་དུ་མ་ཞུགས་སོ། །དེ་ལྟར་གྱུར་བ་དགེ་སློང་དག་གིས་བཅོམ་ Pa278a ༄#། །ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དོང་མ་གཏོགས་པར་ནང་དུ་ཞུགས་ལ་དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།གཞན་ཡང་ཁུར་གྱིས་བསྐྱས་པ་ལས་དེ་ཆད་པར་གྱུར་ནས་དེས་འཕགས་པ། འདི་མར་ཕོག་ཅིག་།ཅེས་སྨྲས་པ་དང ། དགེ་སློང་དག་ཐེ་ཚོམ་སྐྱེས་ནས་མ་ཕོག་གོ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕོག་ཅིག་།དགེ་སློང་དག་གིས་ཕབ་ནས་སླར་མ་བཏེག་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཇི་ལྟར་དབོག་པ་དེ་བཞིན་དུ་ཐོག་ཅིག་།ལྷ་ཁང་གི་སྒོར་བོར་ཏེ་དོང་བ་དང ། མ་བྱིན་པར་ལེན་པ་དག་གིས་བརྐུས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནང་དུ་སྐྱོས་ཤིག་།དགེ་སློང་དག་གིས་སུས་ནང་དུ་བསྐྱ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་པས་སོ། །ཁྱིམ་པ་མེད་ན། དགེ་ཚུལ་ཕས་སོ། །དགེ་ཚུལ་ཕའང་མེད་ནས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་ཅག་ཉིད་ཀྱིས་ནང་དུ་སྐྱོས་ཤིག། དགེ་སློང་དག་གིས་ནང་དུ་བསྐྱས་ན། བདག་ཅག་གིས་བསྐྱས་པ་ཡིན་ནོ། །སྙམ་ནས་མ་ཟོས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ཐེ་ཚོམ་མ་བྱེད་པར་ཟོ་ཞིག། དགེ་འདུན་གྱིས་ཟངས་ཀྱི་ནང་དུ་མེ་ཆེར་འབར་བས་འོ་མ་ལ་སོགས་པ་ནི། ཁོལ་རུང་བར་བྱེད་པ་ནི། སྒོར་སོང་ནས་བོ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ Pa278b ཕྱི་རོལ་ཏུ་མ་འགྲོ་ཞིག་།དེ་རྐྱེན་ཞིག་བྱུང་ནས་ཕྱི་རོལ་ཏུ་སོང་ན། མགལ་བ་དག་ཕྱིར་དྲོངས་ཤིག་།འོན་ཀྱང་དེ་བཞིན་དུ་ལུད་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མ་དག་མ་དག་ཕྱིར་དབྱུང་བར་གྱིས་ཤིག། མདག་མ་ཕྱིར་ཕྱུང་ཡང་ལུད་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་གོས་ཀྱི་ཐམས་གཡོབས་ཤིག། འོན་ཀྱང་ལུད་པར་གྱུར་ན། བདག་ཉིད་ཀྱིས་གཟར་བུ་ལོངས་ལ་དཀྲུག་པར་གྱིས་ཤིག། དགེ་སློང་དག། ངས་ཕོངས་པ་ལ་གནང་བ་དེ། མ་ཕོངས་པའི་ཚེ་མ་སྤྱོད་ཅིག་།སྤྱད་ན། འདས་པ་དང་བཅས་པར་འགྱུར་རོ། །དེ་བཞིན་དུ་སྨན་དག་ཀྱང་དགེ་ཚུལ་ཕའམ། ལྷ་ཁང་ན་གནས་པས་དཀྲུག་པར་གྱིས་ཤིག་།དེའང་ཕྱི་རོལ་ཏུ་སོང་ན། དེའི་ཐབས་སྔ་མ་བཞིན་ནོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། ཚོང་པ་མང་པོ་དག་ཅིག་གིས་སངས་རྒྱས་དང ། དགེ་སློང་གི་དགེ་འདུན་ལ་སོགས་པ་བཤོས་ལ་སྤྱན་དྲངས་སོ། །དེ་དག་གིས་བཤོས་སྦྱར་ཏེ་དྲོ་སར་བསྐྱས་ནས་མ་དྲངས་ཀྱི་བར་དུ་ཚོང་ཁང་དུ་མེ་ཤོར་ཏེ་དེ་དག་མེ་གསོད་དུ་སོང་བ་དང ། གདུགས་ཚོད་ཡོལ་ལ་ཐུག་ནས་དགེ་སློང་དག་གིས་ཇི་ལྟར་གྱུར་པ་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་སེམས་ཀྱིས་ཡོངས་སུ་བཏང་བས་ན། དགེ་སློང་དག་དེ་ལ་ཐེ་ཚོམ་མ་བྱེད་པར་བཟའ་བར་བྱའོ། །ཟོས་ནས་བྱང་གི་སྒྲ་མི་སྙན་གྱི་དུས་སུ་བྱིན་གྱིས་རློབས་ཤིག་།དགེ་འདུན་གྱི་དྲོ་སར་བྱ་རོག་མཆུས་ཟས་ལ་རེག་པ་དང ། དགེ་སློང་དག་ཐེ་ཚོམ་སྐྱེས་ནས་ཟན་མ་ཟོས་སོ། །དེ་ལྟར་གྱུར་པ་ Pa279a ༄#། །དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཆུའི་ཐན་ཀོར་འོར་ལ། དེ་ལ་ཐེ་ཚོམ་མ་བྱེད་པར་ཟོ་ཞིག་།དགེ་སློང་དག་གི་ལྷུང་བཟེད་ཀྱི་ནང་དུ་བྱ་རོག་དག་གིས་རེག་ནས་དེ་དག་ཁ་ཟས་མ་ཟོས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་མཆུའི་ཐན་ཀོར་དྒའོར་ལ། ཐེ་ཚོམ་མ་བྱེད་པར་བཟའ་བར་གྱིས་ཤིག་།ཚེ་དང་ལྡན་པ་ནམ་གྲུ་ནི། ཅི་ལའང་ཐེ་ཚོམ་ཟ་སྟེ། ནམ་གྲུ་ཐེ་ཚོམ་ཅན། ནམ་གྲུ་ཐེ་ཚོམ་ཅན་ཞེས་མིང་དུ་གྱུར་ཏོ། །དེ་བཤང་སར་འོངས་པ་དང་སྦྲང་མ་ཞིག་མཐོང་ངོ ། །ཕྱིས་ཡང་དེ་དང་འདྲ་བ་ཞིག་བསྐོས་ན་ཟས་ཀྱི་སྟེང་ན་འདུག་པ་མཐོང་བ་དང ། དེས་ཚེ་དང་ལྡན་པ་དག་།བཤང་ས་ན་མཐོང་བའི་སྦྲང་མ་དེས་འདིར་འོངས་ཏེ་ཁ་ཟས་ལ་འབགས་ཏེ་མ་རུང་བར་བྱས་སོ། །ཞེས་སྨྲས་པ་དང ། དེ་ཐོས་པ་དང ། དགེ་སློང་མང་ཞིག་གིས་ཟས་མ་ཟོས་པར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས། སྦྲང་མ་ནི། མཐོན་དམན་ཀུན་ཏུ་རྒྱུ་སྟེ། དེས་གང་དུ་རེག་པ་དེ་འོར་ལ། དེ་ལ་ཐེ་ཚོམ་མ་བྱེད་པར་ཟོ་ཞིག་།དགེ་སློང་དག་ཚོན་རྩིའི་ལས་བྱེད་པ་ན། དེ་དག་གི་སེམས་འཁྲུལ་པས་ཚོན་རྩིའི་བུམ་པ་ཡིན་ནོ། །སྙམ་ནས་དེས་དགེ་འདུན་གྱི་འབྲུ་མར་གྱི་བུམ་པ་དང ། མར་གྱི་བུམ་པ་དག་སྟེང་དུ་བཏེག་སྟེ་ཁྱེར་བ་དང ། དེ་ན་གང་གི་ཚེ་ངོ་ཤེས་པ་དེའི་ཚེ་ན་འགྲེང་ Pa279b བཞིན་དུ་བོར་ནས་ཆག་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐང་མ་སྐས་ལ་འཛེག་པ་ལས་ཅུང་ཟད་ཙམ་ཞིག་ནི། འཛེག། མང་དུ་ལུས་ན། སླར་བོབས་ལ་གནས་གར་བདེ་བར་མ་འགྱེལ་བར་ཞོག་ཅིག། ཐང་མ་སྐས་ལ་མང་དུ་འཛེག་པ་ཐུང་དུ་འཛེག་དགོས་ན། སྟེང་དུ་འཛེག་ལ་གནས་བདེ་བར་མ་འགྱེལ་བར་ཞོག་ཅིག་།དགེ་སློང་དག་ཐེ་ཚོམ་སྐྱེས་ནས་མ་ཟོས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལ་ཐེ་ཚོམ་དུ་མ་བྱེད་པར་ཟོ་ཞིག་།སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཞག་པ་རྣམ་པ་དུ་འཚལ་དུ་རུང ། ུ་པ་ལི། རྣམ་པ་གཉིས་ཀྱིས་ཏེ། ངོ་ཚ་མེད་ཅིང་བསླབ་པ་ལ་མི་མོས་པ་དང ། གང་ལ་ངོ་ཚ་ཡོད་ཀྱང་དྲན་པ་ཉམས་པ་སྟེ། དེ་གཉིས་ཀྱིས་བཞག་པ་རུང་གི། གཉིས་ཀ་ཟོ་ཞིག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱོལ་སོང་གི་སྐྱེ་གནས་སུ་སོང་བའི་སེམས་ཅན་ལ་སྦྱིན་པ་བྱིན་ན་ནི། རྣམ་པར་སྨིན་པ་བརྒྱར་རེ་བར་བྱའོ། །ཚུལ་ཁྲིམས་ངན་པས་ཟིན་པའི་མི་ལ་སྦྱིན་པ་བྱིན་ན་ནི། རྣམ་པར་སྨིན་པ་སྟོང་དུ་རེ་བར་བྱའོ། །ཚུལ་ཁྲིམས་དང་ལྡན་པའི་སྐྱེས་བུ་གང་ཟག་ལ་སྦྱིན་པ་བྱིན་ན་ནི། རྣམ་པར་སྨིན་པ་བརྒྱ་ཕྲག་སྟོང་དུ་རེ་བར་བྱའོ། །ཕྱི་རོལ་གྱི་དྲང་སྲོང་འདོད་པའི་འདོད་ཆགས་དང་བྲལ་བ་དག་ལ་སྦྱིན་པ་བྱིན་ན་ནི། རྣམ་པར་སྨིན་པ་ས་ཡ་ཕྲག་བརྒྱ་སྟོང་དུ་རེ་ Pa280a ༄#། །བར་བྱའོ། །རྒྱུན་དུ་ཞུགས་པའི་འབྲས་བུ་མངོན་དུ་བྱེད་པར་ཞུགས་པ་ལ་ནི། ཚད་མེད་དོ། །རྒྱུན་དུ་ཞུགས་པ་ལ་ནི། དེ་བས་ཀྱང་ཚད་མེད་དོ། །ལན་གཅིག་ཕྱིར་འོང་བའི་འབྲས་བུ་མངོན་དུ་བྱེད་པར་ཞུགས་པ་ལ་དེ་བས་ཀྱང་ཚད་མེད་དོ། །ལན་གཅིག་ཕྱིར་ལྡོག་པར་རྒྱུན་དུ་ཞུགས་པ་ལ་དེ་བས་ཀྱང་ཚད་མེད་དོ། །ཕྱིར་མི་འོང་བའི་འབྲས་བུ་མངོན་དུ་བྱེད་བར་ཞུགས་པ་ལ་དེ་བས་ཀྱང་ཚད་མེད་དོ། །ཕྱིར་འོང་བའི་རྒྱུན་དུ་ཞུགས་པ་ལ་དེ་བས་ཀྱང་ཚད་མེད་དོ། །དགྲ་བཅོམ་པའི་འབྲས་བུ་མངོན་དུ་བྱེད་པར་ཞུགས་པ་ལ་དེ་བས་ཀྱང་ཚད་མེད་དོ། ། དགྲ་བཅོམ་པ་ལ་དེ་བས་ཀྱང་ཚད་མེད་དོ། །རང་སངས་རྒྱས་དང ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལྟ་སྨོས་ཀྱང་ཅི་དགོས་བྲམ་ཟེ་དང ། ཁྱིམ་བདག་དད་པ་དག་གིས་དགེ་སློང་དག་མཆོད་རྟེན་ལ་ཕྱག་འཚལ་དུ་དོང་བ་ལ་གདུགས་དང ། རྒྱལ་མཚན་དང ། བ་དན་དག་བསྐུར་བ་དང ། དགེ་སློང་དག་རྣམ་པ་དེ་ལྟ་བུའི་རྐྱེན་བྱུང་ནས་དེ་དག་གིས་གང་དུ་བསྐུར་བར་བསྐུར་མ་ནུས་སོ། །དེ་དག་གི་ནང་ནས་ཁ་ཅིག་གིས་སྨྲས་པ། ཚེ་དང་ལྡན་པ་དག། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་ནི། གཞན་དུ་བསྔོས་ལ་གཞན་དུ་དབུལ་བར་མ་བྱེད་ཅིག། ཅེས་འབྱུང ། ཁ་ཅིག་གིས་ཡང་སྨྲས་པ། དེ་ལ་གཞན་བྱར་ཅི་ཡོད། བཅོམ་ལྡན་འདས་ལ་ཞུའོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ། བཅོམ་ལྡན་འདས་ཀྱིས་ Pa280b བཀའ་སྩལ་པ། དགེ་སློང་དག། རྣམ་པ་བཞི་ལ་ནི། ངེས་པར་དབུལ་དགོས་ཏེ། བྱང་ཆུབ་པ་དང ། ཆོས་ཀྱི་འཁོར་ལོ་དང ། ཆོ་འཕྲུལ་ཆེན་པོ་དང ། ལྷའི་ཡུལ་ནས་གཤེགས་པའོ། འདི་དག་ལས་བསྔོས་ན། གཞན་དུ་བསྔོ་བར་མ་བྱེད་ཅིག་།དེ་ལས་གཞན་ལ་བསྔོས་པའི་རྐྱེན་རྣམ་པ་དེ་ལྟ་བུས་ན། གཞན་དག་ཏུ་བསྔོར་རུང་གི། དེ་ལ་ཐེ་ཚོམ་དུ་མ་བྱེད་ཅིག་།དགེ་སློང་རྣམས། ངས་ཕོངས་པའི་ཚེ་གནང་བ་དེ་བཞིན་དུ་མ་ཕོངས་པའི་ཚེ་མ་སྤྱོད་ཅིག་།སྤྱོད་ན། འདས་པ་དང་བཅས་པར་འགྱུར་རོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། དགེ་སློང་གཉིས་ཤིག་འཁྲུགས་པར་གྱུར། རྩོད་པར་གྱུར། འཐབ་པར་གྱུར་པ་དེ་ལ་གང་མེད་པར་གཟུང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཚུལ་ཁྲིམས་དང་ལྡན་པའོ། །གཉིས་ཀ་ཚུལ་ཁྲིམས་དང་ལྡན་ན། གང་མང་དུ་ཐོས་པའོ། །གཉིས་ཀ་མང་དུ་ཐོས་ན། གང་ཆོག་ཤེས་པའོ། །གཉི་ག་ཆོག་ཤེས་ན། གང་ཆེར་ཆོག་ཤེས་པའོ། །གཉི་ག་ཆེར་ཆོག་ཤེས་ན་།ུ་པ་ལི། གཉི་ག་ཆེར་ཆོག་ཤེས་པ་ལས་ཆེར་ཆོག་པ་མེད་མི་སྲིད་དོ། །གནས་མེད་དེ། དེ་གཉིས་ལྟ་བུ་ལ་ནི། འཁྲུག་པའམ། རྩོད་པའམ། འཐབ་པར་གྱུར་པ་འབྱུང་བའི་གནས་མ་ཡིན་ནོ། །རྐྱང་པའི་སྒོའི་མདོ་བཞི་པའི་ཚིགས་སུ་བཅད་པ་དང་པོའོ། །འདུལ་བ་གཞུང་དམ་པ། བམ་པོ་བཞི་བཅུ་རྩ་གསུམ་པ། མདོར་ན། རྐུན་གནས་དང་ནི་ཟ་མ་དང ། །སྔར་འཁྲུགས་པ་ལ་རྣམ་པ་བཞི། ། Pa281a ༄#། །བསླབ་པ་བྱིན་པ་ཚུལ་ཤིང་བྲིམས། །དེ་དག་དགེ་འདུན་དབྱེན་མི་འགྱུར། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་པས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། ཚུལ་ཤིང་འབྲིམ་པ་རྐུ་གནས་ཀྱིས་ཚུལ་ཤིང་བྲིམས་ན། དགེ་འདུན་གྱི་དབྱེན་དུ་མི་འགྱུར་རམ།་ཨུ་པ་ལི། མི་འགྱུར་རོ། །བཙུན་པ། མ་ནིང་དང ། ཟ་མ་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་བསད་པ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། ཐ་དད་དུ་གནས་པ་དང ། མི་གནས་པ་དག་གིས་ཚུལ་ཤིང་བྲིམས་ན། དགེ་འདུན་གྱི་དབྱེན་དུ་འགྱུར་རམ། ཨུ་པ་ལི། མི་འགྱུར་རོ། །བཙུན་པ། སྔར་འཁྲུགས་པ་བཞིས་ཚུལ་ཤིང་བྲིམས་ན། དགེ་འདུན་གྱི་དབྱེན་དུ་འགྱུར་རམ། ཨུ་པ་ལི། མི་འགྱུར་རོ། །བཙུན་པ། བསླབ་པ་བྱིན་པས་ཚུལ་ཤིང་བྲིམས་ན། དགེ་འདུན་གྱི་དབྱེན་དུ་འགྱུར་རམ། ཨུ་པ་ལི། མི་འགྱུར་རོ། །རྐྱང་པའི་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་གཉིས་པའོ།། །།མདོར་ན། ལུས་ལ་རེག་དང་རྡུལ་གཟན་དང ། །ཆར་པ་འབབ་པར་བཅད་མི་བྱ། །ཚང་མང་དང་ནི་བཤང་གཅིའི་ས། །མ་རུང་ནས་ནི་མི་དོར་བའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་ Pa281b མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དྲུག་སྡེ་དག་གིས་དགེ་འདུན་གྱི་མལ་སྟན་དག་ཀྱང་ལུས་ལ་རེག་པར་བགོས། རྐང་པ་ནས་མགོའི་བར་དུ་ཐང་ཆད་པར་བགོས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་ཞུས་པ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་དགེ་འདུན་གྱི་མལ་སྟན་ལུས་ལ་རེག་པར་མ་བགོ་ཞིག་།བགོས་ན། འདས་པ་དང་བཅས་པར་འགྱུར་རོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་དག་དགེ་འདུན་གྱི་མལ་སྟན་ལུས་ལ་རེག་པར་མ་བགོ་ཞིག་ཅེས་བཀའ་སྩལ་པ་དང ། དགེ་སློང་དག་གིས་ཇི་ལྟར་བགོ་བ་མི་ཤེས་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཟག་གིས་རྡུལ་གཟན་གྱི་སྟེང་དུ་ཤེས་བཞིན་དུ་དལ་ནས་ཁད་ཀྱིས་བགོ་བར་གྱིས་ཤིག ། དྲུག་སྡེ་དག་གིས་དགེ་འདུན་གྱིས་གོས་བགོས་ནས་དབྱར་ཆར་གྱི་ནང་ན་བླ་གབ་མེད་པར་འདུག་གོ། དེ་ཆར་གྱིས་མ་རུང་བར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་དགེ་འདུན་གྱི་གོས་གྱོན་ནས་དབྱར་ཆར་གྱི་ནང་ན་བླ་གབ་མེད་པར་མ་འདུག་ཅིག་།འདུག་ན། འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་འདུན་གྱི་གོས་བགོས་ནས་ཚང་མང་དུ་སོང་བ་དང ། དེ་དུད་པས་མ་རུང་བར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསལ་པ་དང ། བཅོམ་ལྡན་འདས་ Pa282a ༄#། །ཀྱིས་བཀའ་སྩལ་པ། དགེ་སློང་དག་གིས་དགེ་འདུན་གྱི་གོས་གྱོན་ནས་ཚང་མང་དུ་འགྲོ་བར་མ་བྱེད་ཅིག་།སོང་ན། འདས་པ་དང་བཅས་པར་འགྱུར་རོ། །དྲུག་སྡེ་དག་གིས་དགེ་འདུན་གྱི་མལ་སྟན་དག་བགོས་ནས་བཤང་གཅིའི་སར་སོང་བ་དང ། བཤང་གཅིའི་ཟེར་མ་དག་གིས་ཕོག་ནས་མ་རུང་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།དགེ་འདུན་གྱི་མལ་སྟན་གྱོན་ནས་བཤང་གཅིའི་སར་མ་འགྲོ་ཞིག་།སོང་ན། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དགེ་སློང་རྣམས་དགེ་འདུན་གྱི་མལ་སྟན་རྡོལ་བ་དང ། རལ་པ་རྣམས་གར་བབ་བབ་ཏུ་འདོར་ཏེ། དེ་དེ་དག་མི་སྤྱོད་པ་དང ། དེ་ཉིད་མ་རུང་བར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་མལ་སྟན་ཅུང་ཟད་རྡོལ་ཏམ་རལ་ན། མ་དོར་བར་རྡོལ་ན་ནི། ལྷན་པས་གློན་ཅིག ། རལ་ན་ནི། སླར་དྲུབས་ཤིག་།དེའི་ནང་ན་རྙིང་པ་དག་ནི། ཁོལ་ཕྱུང་ལ་གསར་པས་གློན་ཅིག་།དེ་རྙིང་པ་ལས་རུང་བ་ཡོད་ན། མེ་མར་གྱི་སྙིང་པོར་གྱིས་ཤིག་།དེར་ཡང་མི་རུང་ན། བ་ལང་གི་ལྕི་བའམ། ས་དང་བསྲེས་ལ་ཀ་བའི་སེར་ཀའམ། རྩིག་པའི་སེར་ཀ་དག་གི་ཞལ་ཞལ་དུ་གྱིས་ཤིག་དང ། སྦྱིན་པར་བྱེད་པ་དང ། ཡོན་བདག་གིས་ཡུན་རིང་དུ་སྤྱད་པར་འགྱུར་རོ། །རྐྱང་པའི་ Pa282b སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་གསུམ་པའོ།། །།མདོར་ན། ཁ་ཟས་དེ་སྟེ་མེ་མར་དང ། །བྱུག་པར་བྱ་དང་ལྷམ་རྣམས་དང ། །གོས་དང་གདུགས་དང་ཤིང་དག་དང ། །རྩ་བ་སྨན་རྣམས་ཐ་མའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་དུ་ཡོད་པ་ན་ཁྱིམ་བདག་གཞན་ཞིག་འདུག་སྟེ། དེས་ཡོ་བྱད་ཐམས་ཅད་དང་ལྡན་པའི་གཙུག་ལག་ཁང་བརྩིགས་ཏེ། འཁོར་མང་པོའི་དགེ་སློང་དག་ཅིག་ལ་ཕུལ་ལོ། །དེ་འཁོར་དྲུག་ཅུ་དང་དེར་དབྱར་ཚུལ་དུ་ཞུགས་སོ། །ཚུལ་དེ་ནས་བྱུང་ནས་ལྷན་ཅིག་སྤྱོད་པ་དང་ཉེ་གནས་དག་ལྗོངས་དང ། ཕྱོགས་གང་དང་གང་ན་འཁོད་འཁོད་པ་དེ་དང་དེ་དག་ནས་དེའི་རྐང་པ་ལ་ཕྱག་བྱ་བར་ལྷགས་ནས་དེ་དག་གིས་དེའི་རྐང་པ་ལ་ཕྱག་བྱས་ཏེ་དོང་བ་དང ། དེས་ཚེ་དང་ལྡན་པ་རྣམས། ང་ཁྱིམ་བདག་འདི་ཞེས་བྱ་བས་མགྲོན་དུ་བོས་ཀྱི། ཁྱེད་འདི་ཉིད་དུ་འཁོད་ཅིག། ཅེས་སྨྲས་པ་དང ། དེ་དག་གིས་སྨྲས་པ། མཁན་པོ། མཆིའོ། །དེས་སྨྲས་པ། འོ་ན་འཁོད་དེ་ཟན་ཟོས་ལ་དེངས་ཤིག་།དེ་དག་གིས་སྨྲས་པ།་ཟས་དང ། ཡོ་བྱད་ཁྱེར་ཏེ་མཆིས་ལ་དེ་ཉིད་བདག་ཅག་འཚལ་ལོ། །དེས། འོ་ན་ལེགས་ཀྱི། དེ་བཞིན་དུ་གྱིས་ཤིག་།ཅེས་སྨྲས་པ་དང ། ཟས་དང ། ཡོ་བྱད་དག་ཁྱེར་ཏེ་དོང་ངོ ། །དེ་བཞིན་དུ་ཁ་ཅིག་གིས་མེ་མར་གྱི་མར། ཁ་ཅིག་གིས་ནི། རྐང་པ་བྱུག་པ། ཁ་ཅིག་གིས་ནི། ལྷམ་དག་།ཁ་ཅིག་གིས་ནི། གོས་དག་།ཁ་ཅིག་གིས་ནི། གདུགས་དག། ཁ་ཅིག་གིས་ནི། ཤིང་དག་།ཁ་ཅིག་ Pa283a ༄#། །གིས་ནི། རྩ་བ་དང ། སྡོང་བུ་དང ། ལོ་མ་དང ། མེ་ཏོག་དང ། འབྲས་བུའི་སྨན་རྣམས་ཁྱེར་ཏེ་དོང་བ་དང ། རིང་པོ་མ་ལོན་པར་གཙུག་ལག་ཁང་དེ་ཡོ་བྱད་ཀྱིས་བྲེལ་བར་གྱུར་ནས་དགེ་སློང་དེ་ཁྱིམ་བདག་ག་ན་བ་དེར་སོང་སྟེ་ཕྱིན་པ་དང ། ཁྱིམ་བདག། ཁྱོད་ཀྱིས་ཡོ་བྱད་དག་ནི། ཟད་དོ། །ཞེས་སྨྲས་པ་དང ། འཕགས་པ། དེ་ན་དགེ་སློང་དག་ཉུང་ལ་ཡོ་བྱད་མང་དུ་ཕུལ་ན། ཅིའི་ཕྱིར་མྱུར་དུ་བས་ཞེས་སྨྲས་པ་དང ། དེ་དག་གིས་རྒྱས་པར་སྨྲས་པ་ནས་དེས་འཕགས་པ། བདག་གིས་ནི། དེ་ན་བཞུགས་པ་རྣམས་ཀྱི་ཕྱིར་ཕུལ་ན། དེ་དག་གཞན་དུ་གནས་ལ་ཅིའི་ཕྱིར་གཞན་དུ་སྤྱོད་ཅེས་ཉེས་པ་ངོར་བརྗོད་དོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཡོན་བདག་དེ་འཕྱ་བ་ནི། ཡུས་ཏེ། དེ་བས་ན། དགེ་སློང་དག་གིས་གཞན་དུ་གནས་ཤིང་གཞན་གྱིས་འཁྱེར་བར་མ་སྤྱོད་ཅིག་།དགེ་སློང་དག་གཞན་དུ་གནས་ལ་གཞན་གྱིས་སྤྱད་ན། དེ་དག་ཇི་ཙམ་སྤྱད་པ་ཐམས་ཅད་རིན་ཐང་བཞིན་དུ་ཕོབ་ཅིག་།རྐྱང་པའི་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་བཞི་པའོ།། །།མདོར་ན། མཚན་མ་དང་ཡང་མངོན་མཚན་དང ། པར་ཏང་དག་དང་རི་མོ་ཅན། །ཁྲིའུ་རྐང་པ་རི་མོ་ཅན། ། རལ་ཚེམ་བྱ་བ་དབྱར་མོ་ཁང ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །མཉན་དུ་ཡོད་པ་ན་མི་སྤུན་གཉིས་ཤིག་ Pa283b རབ་ཏུ་བྱུང་སྟེ། དེ་ལས་གཅིག་ནི། ཞལ་ཏ་བའི་གནས་ཁང་ན་འདུག་གོ། གཅིག་ནི། ཛེ་ཏའི་ཚལ་ནའོ། །ཇི་ཙམ་ན་ཞལ་ཏ་པ་དེ་དོན་ཞིག་གི་ཕྱིར་རི་བྲག་གི་གྲོང་དུ་སོང་ངོ ། །དགེ་སློང་དེ་ཕུ་ནུ་བོ་བལྟ་བའི་ཕྱིར་བགོ་བ་དེ་བགོས་ནས་དེའི་ཐད་དུ་སོང་ངོ ། །དེས་དགེ་འདུན་གྱི་བགོ་བའི་ནང་དུ་གང་ཟག་གི་བགོ་བ་དེ་བཞག་ནས་གཏམ་འཛེར་ཅིང་འཁོད་དོ། །དེ་ནས་ནོར་ཏེ་དགེ་འདུན་གྱི་བགོ་བ་ཞིག་གྱོན་ཏེ་སོང་ངོ ། །དེ་ནས་ཞལ་ཏ་པ་དེ་སླར་འོངས་ནས་དེ་ན་བགོ་བ་ཆུང་ངུ་ཞིག་མཐོང་སྟེ། དེས་ཚེ་དང་ལྡན་པ་ཅི། དགེ་འདུན་གྱིས་རྙེད་པ་གྲུབ་བམ་ཞེས་སྨྲས་པ་དང ། དེས་སྨྲས་པ། དགེ་འདུན་གྱིས་རྙེད་པ་ཅང་མེད་དོ། །བགོ་བ་འདི་སུའི། འདི་དག་ནི། དགེ་འདུན་གྱིའོ། །དེས་སྨྲས་པ། ངེད་ཅག་གི་ནི་ཚེ། འདི་ནི། ཆུང་ན། འདིར་སུའང་བགོ་བ་གྱོན་ཏེ་མ་འོངས་སམ། འདིར་བདག་གི་ཕུ་ནུ་བོ་ཞིག་འོངས་སོ། །སོང་ལ་དྲིས་ཤིག་།དེ་སོང་ནས་དྲིས་ཏེ། དེས་བལྟས་ན། དགེ་འདུན་གྱི་ཡིན་ནས་དེས་སྨྲས་པ། བདག་གིས་ནོར་ཏེ། དགེ་འདུན་གྱི་ནི། བདག་གིས་ཁྱེར། བདག་གི་ནི། དེ་ན་འདུག་པའི་རིགས་སོ། །དེས་ཁྱེར་ཏེ་འོངས་སོ། ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་གྱི་མཚན་མ་ཐོབ་ཅིག་།དགེ་སློང་དག་གིས་ཇི་ལྟར་མཚན་མ་གདབ་པ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་འདི་ཞེས་བྱ་བས་ཕུལ་བའོ། །ཞེས་ཡི་གེར་བྲིས་ཤིག་།དགེ་སློང་དག་གིས་དགེ་འདུན་གྱི་དང ། གང་ཟག་གི་གཉི་ག་དེ་བཞིན་དུ་བྲིས་སོ། །དེ་ལྟར་གྱུར་ Pa284a ༄#། །པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཟག་གི་ནི། མངོན་མཚན་ཐོབ་ཅིག། གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། བཅོམ་ལྡན་འདས་ཀྱིས་དགེ་འདུན་གྱིའམ། གང་དག་གི་ཡང་རུང་སྟེ། རི་མོ་ཅན་ནི། གདིང་བ་མེད་ཀྱི་བར་དུ་མ་སྤྱོད་ཅིག་ཅེས་བཀའ་སྩལ་པ་དང ། དགེ་སློང་དག་གང་ཟག་གི་པར་ཏང་སྟན་མེད་པ་ལ་ཞུགས་པ་དང ། དེའི་ནང་ནས་ཁ་ཅིག་གིས་སྨྲས་པ། བཅོམ་ལྡན་འདས་ཀྱིས་ནི། རི་མོ་ཅན་རྙེད་པ་ནི། གནང་གི། བདག་ཉིད་ཀྱིས་བྱ་བར་ནི། མ་ཡིན་ནོ། །ཞེས་གསུངས་སོ། །གཞན་ཞིག་གིས་ཡང་བྱས་པའི་དངོས་པོ་སྤོངས་ཤིག་ཅེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བས་ན། དགེ་འདུན་གྱི་ནི། པར་ཏང་རི་མོ་ཅན་རྙེད་དམ། བྱས་ན་ཡང་རུང་ངོ ། །གང་ཟག་གི་ནི། གཞན་གྱིས་བྱིན་ན། ཡོན་བདག་ཉིད་ལ་བསྔོས་ན། འཆང་བར་གནང་གི། རང་བྱེད་དུ་ནི། མི་གནང་ངོ ། བཅོམ་ལྡན་འདས་ཀྱིས་དགེ་འདུན་ལ་ནི། པར་ཏང་རི་མོ་ཅན་རྙེད་པའམ། བྱས་པའང་འཆང་དུ་གནང་གི། གང་ཟག་ལ་ནི། གཞན་གྱིས་བྱིན་པ་དེ་ཉིད་ལ་བསྔོས་ན། འཆང་དུ་གནང་ངོ ། །ཅེས་བཀའ་སྩལ་ནས་དགེ་སློང་གཞན་ཞིག་གིས་ཁྲིའུ་རྐང་པ་རི་མོ་ཅན་ཞིག་བདག་གིས་ནི། མ་བྱས། གཞན་གྱིས་བྱིན་པ་འཆང་ངོ ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང ། Pa284b བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ངས་རི་མོ་ཅན་ནི། །དགོངས་ཏེ་གསུངས་ཀྱི། ཁྲིའུ་རྐང་པ་རི་མོ་ཅ་ལ་མ་ཡིན་གྱི། དེ་བས་ན། དགེ་འདུན་གྱིས་ཁྲིའུ་རྐང་པ་རི་མོ་ཅན་རྙེད་དམ། བྱས་ཀྱང་རུང་གནང་གི། གང་ཟག་ལ་ནི། རྗེས་སུ་མི་གནང་ངོ ། བཅོམ་ལྡན་འདས་ཀྱིས་དགེ་སློང་མ་དབྱར་ཚུལ་ནས་བྱུང་ནས་ལྗོངས་རྒྱུ་བ་སྤྱོད་ཅིག་ཅེས་གསུངས་པ་དང ། དབྱར་ཚུལ་དུ་ཞུགས་པ་དང ། ཁང་པའི་རལ་ཚེམ་དག་མ་བྱས་པར་དོང་ནས་དེ་དག་གིས་རལ་ཚེམ་མ་བྱས་པས་མ་རུང་བར་གྱུར་ཏོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་དགེ་སློང་མ་དབྱར་ཚུལ་དུ་ཞུགས་ན། རལ་ཚོམ་མ་བྱས་ན། འདས་པ་དང་བཅས་པར་འགྱུར་རོ། །རྐྱང་པའི་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་ལྔ་པའོ།། །།མདོར་ན། སོང་ནས་སླར་འོང་སྦྱིན་པ་མེད། །བྱིན་ནས་ཕྱིར་ཡང་འོངས་པར་འགྱུར། །དགེ་འདུན་གྱིས་ཀྱང་སྦྱིན་པར་བྱ། །གང་ལས་སྐྱིད་པར་གྱུར་པའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པ་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །ཁྱིམ་པ་ཞིག་གི་གཉེན་ཞིག་དུས་འདས་ཏེ་མཆོད་པའི་ཕྱིར་རྒྱལ་མཚན་དང ། བ་དན་དག་གིས་དྲངས་ནས་དུར་ཁྲོད་དུ་བསྐྱལ་ཏེ་སླར་ཁྱེར་ཏེ་འོངས་ནས་དགེ་འདུན་ལ་ཕུལ་བ་དང ། དགེ་སློང་དག་གིས་མ་བླངས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོང་ནས་སླར་ Pa285a ༄#། །འོངས་པ་ཞེས་བྱོས་ལ་ལོངས་ཤིག་།ཁ་ཅིག་ནི། དབུལ་ཏེ་ཕུལ་བ་དེ་སླར་ཡང་བརྙས་པ་དང ། དགེ་སློང་དག་གིས་མ་སྟེར་ཏོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་སླར་སློང་ན། བྱིན་ཅིག་།དེ་བརྙས་ནས་དེ་སླར་འགྱོད་པ་སྐྱེས་ནས་མི་དེས་སླར་ཡང་ཕུལ་བ་དང ། དགེ་སློང་དག་གིས་མ་བླངས་ཏེ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ནས་སླར་ཡང་འོངས་སོ། །ཞེས་བྱོས་ཏེ་ལོངས་ཤིག་།དེ་ལ་ཐེ་ཚོམ་དང ། ཁྲོ་བར་མ་བྱེད་ཅིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། ཞལ་ཏ་བྱེད་པའི་དགེ་སློང་ཞིག་གིས། དགེ་འདུན་གྱི་ཕྱིར་ཁྱིམ་པ་ཞིག་ལས་ནོར་ཞིག་བསྐྱིས་པ་དང ། དེ་དུས་འདས་སོ། །དེ་དུས་འདས་སོ། །ཞེས་ཐོས་ནས་དེ་གཙུག་ལག་ཁང་དུ་འོངས་ནས་དྲིས་པ། དགེ་སློང་མིང་འདི་ཞེས་བགྱི་བ་ཞིག་ག་རེ་ཞེས་སྨྲས་པ་དང ། དགེ་སློང་དག་གིས་སྨྲས་པ། དེ་དུས་ལས་འདས་སོ། །དེས་སྨྲས་པ། འཕགས་པ། བདག་གི་ནོར་ཞིག་བསྐྱིས་སོ། །དགེ་སློང་དག་གིས་སྨྲས་པ། སོང་ལ་དེ་ཉིད་ལ་དོས་ཤིག་།དེ་དགེ་འདུན་གྱི་ཕྱིར་ཁྱེར་གྱི། ཕ་མ་དང ། བདག་གི་ཕྱིར་མ་ལགས་ཀྱི། ཁྱེད་ཀྱིས་སྩོལ་ཅིག་།དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་དགེ་འདུན་གྱི་ཕྱིར་དེས་ཁྱེར་བར་ཤེས་ན། དགེ་འདུན་གྱིས་སྐྱིན་པ་བྱིན་ཅིག་།དགེ་སློང་རྣམས། ངས་ལས་གསར་དུ་བྱེད་པའི་མཚུངས་པའི་དགེ་སློང་ Pa285b གི་ཆོས་བཅའོ། །ལས་གསར་དུ་བྱེད་པའི་དགེ་སློང་གིས་བསྐྱི་བ་དག་རྒན་ཞིང་རྒན་པ་དག་ལ་དྲིས་ལ་ལོངས་ཤིག་།ལས་གསར་དུ་བྱེད་པ་རྣམས་ཀྱིས་མཚུངས་པར་སྤྱད་པའི་ཆོས་བཅས་པ་བཞིན་དུ་མ་བྱས་ན།་འདས་པ་དང་བཅས་པར་འགྱུར་རོ། །རྐྱང་པའི་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་དྲུག་པའོ།། །།མདོར་ན། བུ་རམ་ཤིང་དང་དགེ་སློང་རྣམས། །ཟ་ཞིང་བགོ་བ་ཅན་གདགས་པ། ། མི་བགོ་བ་དང་བཞི་པ་དང ། །སྐར་མ་བསྟན་པར་མི་བྱའོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་དག་གིས་བཅའ་བ་བུ་རམ་ཤིང་ཞིག་རྙེད་དེ། བཅོམ་ལྡན་འདས་ཀྱིས་དགེ་ཚུལ་ཕ་དག་ལ་ནི། སུམ་ཆ་བྱིན་ཅིག་ཅེས་བཀའ་སྩལ་ནས། དེ་དག་ལ་བུ་རམ་ཤིང་གི་སུམ་ཆ་རེ་རེ་བྱིན་ནོ། །དགེ་སློང་དག་རིམ་དུ་འཁོད་ནས་གྲལ་ཉིས་རིམ་དུ་གྱུར་པས་སླར་ཡང་རྒན་རིམ་གྱི་ཐོག་ཏུ་འོངས་སོ། །ཚེ་དང་ལྡན་པ་སྒྲ་གཅན་འཛིན་བཅོམ་ལྡན་འདས་ཀྱི་སྤྱན་སྔར་འདུག་སྟེ། དེ་བུ་རམ་ཤིང་གི་དུམ་བུ་ཟ་ཞིང་བཅོམ་ལྡན་འདས་ཀྱི་ཞལ་དུ་མིག་ལྟ་ཞིང་འདུག་གོ་།བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚེ་དང་ལྡན་པ་སྒྲ་གཅན་འཛིན། ཁྱོད་བུ་རམ་ཤིང་འདོད་དམ། །དེས་སྨྲས་པ། བཅོམ་ལྡན་འདས། འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱི་སྐུ་སྐལ་ལས་བཅད་དེ་དུམ་བུ་ཞིག་དེ་ལ་བྱིན་ནས་དགེ་སློང་གི་དགེ་འདུན་རྣམས་བུ་རམ་ཤིང་གི་བྱ་བ་བྱས་ཏེ་གཙུག་ལག་ཁང་དུ་འོངས་པ་དང ། ཚེ་དང་ལྡན་པ་སྒྲ་གཅན་འཛིན། བཅོམ་ལྡན་འདས་ཀྱི་ Pa286a ༄#། །ཞབས་ལ་ཕྱག་བྱ་བའི་ཕྱིར་བཅོམ་ལྡན་འདས་ཀྱི་དྲུང་དུ་འོངས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཚེ་དང་ལྡན་པ་སྒྲ་གཅན་འཛིན། བུ་རམ་ཤིང་གི་བཟའ་བས་ཚིམ་པར་གྱུར་ཏམ། དེས་གསོལ་པ། བཅོམ་ལྡན་འདས་ཀྱིས་བདག་ཅག་གི་རྙེད་པ་ནི། སུམ་ཆ་གཅིག་སྩོལ་ཅིག་།ཅེས་བཀའ་སྩལ་པས་ག་ལ་ཚིམ་མོད་ཀྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དེས་ན། གདོད་ཚིམ་པར་གྱུར་ཏོ། །བཅོམ་ལྡན་འདས་ཀྱིས་དགེ་སློང་གི་དགེ་འདུན་དག་བསྡུས་ནས་དགེ་སློང་དག་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །ངས་གོས་ཀྱི་ཐོབ་པ་ནི། དགེ་ཚུལ་ཕ་དག་སུམ་ཆ་གཅིག་བྱིན་ཅིག་ཅེས་བྱས་ཀྱི། ཁ་ཟས་ཀྱི་ཐོབ་པ་དག་ནི། མཚུངས་པར་བགོས་ཤིག་།ཆུང་དུ་ན་ཤིང་བུ་ལ་སའི་ལོ་མ་ཙམ་ཡང་མཉམ་པར་བགོས་ཤིག ། དེ་ལས་ཆེ་ཆུང་དུ་བགོས་ན། འདས་པ་དང་བཅས་པར་འགྱུར་རོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། མཉན་དུ་ཡོད་པ་ན་ཁྱིམ་བདག་གནས་པ་དེ་དུས་དུས་སུ་ཛེ་ཏའི་ཚལ་དུ་འགྲོ་བ་ལས། དགེ་སློང་ཞིག་གིས་དེ་ལ་ནོར་ལས་བྱུང་བའི་བསོད་ནམས་ཀྱི་དངོས་པོ་བདུན་རྒྱ་ཆེར་སྙན་པར་བཤད་པ་དང ། དེ་དད་པ་སྐྱེས་ནས་གཙུག་ལག་ཁང་ཞིག་བརྩིགས་ཏེ། དེར་དགེ་སློང་གང་དག་གནས་པ་དེ་དག་ཁ་ཟས་འཕྲལ་འཕྲལ་དུ་འབྱོར་བར་བྱེད་པ་ལས། དེས་དེ་དག་གིས་ཁ་ཟས་ཀྱི་རྒྱུར་ཀཪྴ་པ་ཎ་དག་ཅིག་བྱིན་པ་ལས་དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ། བདག་ཅག་བསོད་སྙོམས་ལ་འགྲོ་ Pa286b བས་ཆོས་གས་ཀྱིས་བྲེལ་གྱི། ཟས་ཀྱིས་ནི། མ་ཡིན་གྱི། ཀཪྴ་པ་ཎ་ནི། ཆོས་གོས་ཀྱི་ཕྱིར་བགོའོ། །དགེ་སློང་བདག་ཅག་ལས་སུ་ཡང་ཁྱིམ་བདག་དེའི་ཁྱིམ་དུ་མ་འདོང་ཞིག་།ཅེས་དེ་དག་གིས་དམ་བཅས་སོ། །དེ་ནས་དུས་ཕྱི་ཞིག་ན་བསོད་སྙོམས་པ་ཞིག་ལྗོངས་རྒྱུ་བ་སྤྱོད་ཅིང་མཉན་དུ་ཡོད་པར་ཕྱིན་ཏེ། དེ་ཁྱིམ་བདག་དེའི་གཙུག་ལག་ཁང་དུ་འོངས་ནས་དགེ་སློང་དག་གིས་དེ་ངལ་བསོར་བཅུག་སྟེ་གནས་དང་མལ་སྟན་དག་བྱིན་ནས་དེས་བསམ་པ། དེ་རིང་ལ་ངལ་བསོ་ཞིང་ཟན་ཡང་གྲལ་དུ་ཟོས་ལ། སང་ནས་བསོད་སྙོམས་བླང་ངོ ། །སྙམ་དུ་སེམས་ཤིང་འདུག་པ་ལས། དགེ་སློང་གཞི་ན་འཁོད་པ་དག་ལྷུང་བཟེད་དང་ཆོས་གོས་ཁྱེར་ཏེ་བསོད་སྙོམས་ལ་དོང་བ་དང ། བསོད་སྙོམས་པ་དེས་བསམ་པ། གཞི་ན་གནས་པའི་དགེ་སློང་དག་ནི། དེ་ལྟར་ཕོངས་པ་ལྟ་ན། བདག་ཀྱང་དེ་འདྲ་བར་འགྱུར་གྱི། བསོད་སྙོམས་སློང་དུ་འགྲོའོ། །སྙམ་ནས་དེ་ལྷུང་བཟེད་དང ། ཆོས་གོས་དང ། ལྡེ་མིག་དང ། ལྡེ་མིག་ཀྱོག་པོ་དང ། སྒོ་ལྕགས་ཀྱང་ཁྱེར་ནས་མཉན་དུ་ཡོད་པར་རིམ་གྱིས་བསོད་སྙོམས་ལ་ཞུགས་པ་ལས། ཁྱིམ་བདག་དེའི་ཁྱིམ་དུ་འོངས་ནས་དེས་དེ་ལ་བདེ་བར་ཕྱིན་ཏམ་ཞེས་ཚིག་ཏུ་སྨྲས། སྟན་བཏིང ། རྐང་པ་ལ་ཕྱག་བྱས་ནས་དེའི་མདུན་དུ་འདུག་གོ་།དེ་དེའི་མདུན་དུ་འདུག་ནས་དེས་དེ་ལ་ནོར་ལས་བྱུང་བའི་བསོད་ནམས་ཀྱི་དངོས་པོ་བདུན་དུ་ཡོན་ཏན་བཤད་པ་དང ། ཁྱིམ་བདག་དེས་སྨྲས་པ། འཕགས་པ། བདག་གིས་དེ་ཐམས་ཅད་བསྒྲུབས་ལགས་སོ། །བསོད་སྙོམས་པས་སྨྲས་པ། ཁྱིམ་བདག་།ཁྱོད་ཀྱིས་ཅུང་ཟད་ Pa287a ༄#། །ཟད་ཀྱང་སྦྱར་བ་མེད་དེ། ཁྱོད་ཀྱིས་གཙུག་ལག་ཁང་ན་ཐོག་མར་ཁ་ཟས་མེད་དེ། །དེས་སྨྲས་པ། འཕགས་པ། ཅི་གསུང ། བདག་གིས་དེར་མང་དུ་ཕུལ་ན། འཕགས་པས་གཞན་ཞིག་ཏུ་བྱོན་ཏེ་ནོར་བསྙམ། བསོད་སྙོམས་པ་དེས་སྨྲས་པ། ཁྱིམ་བདག། ཁྱོད་ཀྱི་གཙུག་ལག་ཁང་གི་ལྡེ་མིག་དང ། ལྡེ་མིག་ཀྱོག་པོ་དག་ཤེས་སམ། འཕགས་པ། འཚལ་ལོ། ། དེས་ལྡེ་མིག་དང ། ལྡེ་མིག་ཀྱོག་པོ་དག་བསྟན་པ་དང ། དེས་སྨྲས་པ། འཕགས་པ། དེའི་དོན་གློ་བར་ཆུད་དོ། །ཞེས་སྨྲས་པ་དང ། བསོད་སྙོམས་པས་དེ་ཁྱེར་ནས་སླར་སོང་ངོ ། །ཁྱིམ་བདག་ཀྱང་དེའི་ཕྱི་བཞིན་དུ་སོང་སྟེ་གཙུག་ལག་ཁང་དུ་འདུག་ནས་ཇི་ཙམ་དགེ་སློང་དེ་དག་བསོད་སྙོམས་ཁྱེར་ཏེ་འོང་བ་མཐོང་སྟེ། མཐོང་ནས་དེས་འཕགས་པ། ཁྱེད་ཅག་གང་ནས་བྱོན་ཅེས་སྨྲས་པ་དང་དེ་དག་གིས་སྨྲས་པ། ཁྱིམ་བདག་།སྤྱོད་ཡུལ་ལ་དད་པ་བསྐྱེད་པའི་ཕྱིར་རོ། །འཕགས་པ། ཀཪྴ་པ་ཎ་གར་མཆིས། ཁྱིམ་བདག་།གནས་ཁང་ན་ཡོད་དོ། །བསྣམས་ཏེ་སྤྱོན། དེ་དག་གིས་ཕྱུང་སྟེ་བྱིན་ནོ། །དེས་སྨྲས་པ། ད་སྤྱོད་ཡུལ་གྱི་དད་པ་བསྐྱེད་དུ་བཞུད་ཅིག་།དེ་དག་གིས་མ་སྤོབས་ནས་ཅང་མི་ཟེར་བར་འདུག་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་།ཁྱིམ་བདག་དེ་འཕྱ་བ་ནི། ཡུས་ཏེ། དེ་བས་ན། རྣམ་པ་བཞི་ནི། མ་བགོ་ཞིག་།དེ་ནི་མཆོད་རྟེན་ཐམས་ཅད་ཀྱི་དང ། ཕྱོགས་ Pa287b བཞིའི་དགེ་འདུན་ཐམས་ཅད་ཀྱི་དང ། ནད་གསོས་ཀྱི་རིན་ཐམས་ཅད་དང ། ཟས་ནར་མ་ཐམས་ཅད་དོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དྲུག་སྡེ་དག་ལྗོངས་རྒྱུ་བ་སྤྱོད་ཅིང་སྐར་མ་ཤར་ཙམ་ཞིག་ན།་གཙུག་ལག་ཁང་ཞིག་ཏུ་ཕྱིན་པ་དང ། དགེ་སློང་དེ་དག་གིས་གང་མཛའ་བའི་གནས་སུ་ངལ་བསོ་ཞིང་འདུག་ཏུ་བཅུག་པ་དང ། དེ་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་།ཅི་ཞིག་བསྡད་དུ་ཡོད་སྟོན་པ་བཞུགས་བཞིན་དུ་བསྟན་པ་ཞིག་པར་བྱའམ། རྒན་རིམ་བཞིན་དུ་ཅིའི་ཕྱིར་མི་བགོ། དེ་དག་ཇི་ལྟར་རྒན་རིམ་བཞིན་དུ་འགེད་པ་ལ་ཞུགས་པ་དང ། གསར་བུ་དག་མ་བགོས་པར་ནམ་ནངས་སོ། །དེ་དག་ནམ་ནངས་པ་དང་ལངས་ཏེ། ཚེ་དང་ལྡན་པ་དག་།ངེད་ཅག་འདོང་གི། མལ་སྟན་ལོངས་ཤིག་།དགེ་སློང་དག་གིས་སྨྲས་པ། ཚེ་དང་ལྡན་པ་དག་།ཁྱེད་ཅག་སྐད་ཅིག་འཁོད་པའི་ཕྱིར་ཁྱེད་ཀྱིས་དགེ་འདུན་ཐམས་ཅད་ལ་གནོད་པ་བྱས་སོ། །དེ་དག་གིས་སྨྲས་པ། དེ་ནི། སྟོན་པའི་བཀའ་ལུང་བཞིན་ནོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང།་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྐར་མ་ཤར་ཕན་ཆད་མལ་སྟན་མ་བགོ་ཞིག་།བགོས་ན། འདས་པ་དང་བཅས་པར་འགྱུར་རོ། །མལ་སྟན་འགེད་པས་ཀྱང་མ་བགོ་ཞིག་།བགོས་ན། འདས་པ་དང་བཅས་པར་འགྱུར་རོ། །རྐྱང་པའི་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་བདུན་པའོ།། །།མདོར་ན། རྒུན་འབྲུམ་དང་ཡང་འབྲས་བུ་གཞན། ། Pa288a ༄#། །མེས་རུང་བ་ཡང་དེ་བཞིན་ཏེ། །ཞུགས་ཐབས་མར་མེ་སྡོང་པོ་དང ། དྲང་སྲོང་ཆེན་པོས་གནང་བའོ། །སངས་རྒྱས་བཅོམ་ལྡན་འདས་ཡུལ་ཀུན་ནས་ལྗོངས་རྒྱུ་བ་སྤྱོད་ཅིང་རོ་ཧི་ཏ་ཀར་གཤེགས་ཏེ་རོ་ཧ་ཏི་ཀའི་གནོད་སྦྱིན་བལ་གླང་ལྡན་ཞེས་བྱ་བའི་གནས་ན་བཞུགས་སོ། །དེ་ནས་གནོད་སྦྱིན་བལ་གླང་ལྡན་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། དོ་ནུབ་བདག་གི་གནས་སུ་དགེ་སློང་གི་དགེ་འདུན་དང་ཐབས་ཅིག་ཏུ་བཞུགས་པར་ཅི་གནང ། དེ་ནས་གནོད་སྦྱིན་བལ་གླང་ལྡན་ལ་བཅོམ་ལྡན་འདས་ཅང་མི་གསུང་བར་ཞལ་གྱིས་བཞེས་སོ། །དེ་ནས་གནོད་སྦྱིན་བལ་གླང་ལྡན་བཅོམ་ལྡན་འདས་ཅང་མི་གསུང་བར་ཞལ་གྱིས་བཞེས་པར་རིག་ནས་དེས་གཙུག་ལག་ཁང་ལྔ་བརྒྱ་སྤྲུལ། སྟན་པར་ཚངས་ཅན་དང ། ལ་བ་དང ། སྔས་གྲུ་བཞི་པ་དག་ཀྱང་ལྔ་བརྒྱ་ལྔ་བརྒྱ་སྤྲུལ། མེ་མདག་དུད་པ་མེད་པ་བཀང་པ་ལྔ་བརྒྱ་ཡང་སྤྲུལ་ཏེ། དེ་ནས་བཅོམ་ལྡན་འདས་ལ་ནི། གཙུག་ལག་ཁང་ཆེན་པོ་བསྐོས། དེའི་ལྷག་མ་དག་ནི། དགེ་སློང་དག་ལ་བསྐོས་ཏེ། གཙུག་ལག་ཁང་གི་ལྷག་མ་དགེ་སློང་དག་ལ་བསྐོས་ནས་བཅོམ་ལྡན་འདས་ག་ན་བ་དེར་སོང་སྟེ་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། སང་ Pa288b བདག་གི་ཁྱིམ་དུ་དགེ་སློང་གི་དགུ་འདུན་དང་ཐབས་ཅིག་ཏུ་བཤོས་གསོལ་བར་ཅིག་ནང ། བཅོམ་ལྡན་འདས་ཀྱིས་གནང་བས་ན། གནོད་སྦྱིན་བལ་གླང་ལྡན་ལ་ཅང་མི་གསུང་བས་ཞལ་གྱིས་བཞེས་པ་དང་གནོད་སྦྱིན་བལ་གླང་ལྡན་གྱི་གྲོགས་པོ་ཁ་ཆེའི་ཡུལ་ན་གནོད་སྦྱིན་ཨུ་ནི་ཀོ་ཞེས་བྱ་བ་ཞིག་ཡོད་དེ། དེས་དེ་ལ་སང་བདག་གིས་བཅོམ་ལྡན་འདས་ཉན་ཐོས་ཀྱི་དགེ་འདུན་དང་བཅས་པ་བཤོས་ལ་སྤྱན་དྲངས་ཀྱི། སྟོང་ཕྱོགས་ཀྱི་ནགས་ཀྱི་ཤིང་ཐོག་ལས་སྐུར་ཅིག་།ཅེས་སྤྲིང་བ་དང ། དེས་རྒུན་འབྲུམ་དང ། བལ་པོ་སེའུ་དང ། འབྲ་གོ་ལ་སོགས་པས་སྣོད་བཀང་སྟེ་གནོད་སྦྱིན་གྱི་ལག་ཏུ་བསྐུར་རོ། །དེས་གཙུག་ལག་ཁང་གི་དག་རར་སྤུངས་ཏེ་བཞག་གོ། །དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས། འདི་ཅི་ཞིག་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་འདི་ནི། སྟོད་ཕྱོགས་ཀྱི་ནགས་ཀྱི་ཤིང་ཐོག་གོ་།དགེ་སློང་དག་གིས་ཇི་ལྟར་བགྱི་ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མེས་རུང་བར་གྱིས་ལ་ཟོ་ཞིག་།དགེ་སློང་དག་གིས་རེ་རེ་ནས་རུང་བར་བྱས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕུང་བར་སྤུངས་ལ་ཁ་གསུམ་མམ། བཞིར་མེས་རེག་པར་བྱས་པས་རུང་བར་འགྱུར་རོ། །དགེ་སློང་རྣམས་ཀྱིས་རུང་བར་བྱས་ནས་དགེ་འདུན་དག་ལ་བྲིམས་པ་དང ། ལྷག་ནས་དགེ་སློང་རྣམས་ཀྱིས་ཇི་ལྟར་བྱ་བ་མི་ཤེས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་དག་ཀུན་མ་ཉེས་ལ་ནང་དུ་ཆུས་བླུགས་ཏེ་དེར་ཚགས་ཀྱིས་ཚོགས་ Pa289a ༄#། །ལ་ཕྱི་དྲོའི་སྐོམ་དུ་འཐུངས་ཤིག་།དེ་དག་གིས་ཕྱི་དྲའི་སྐོམ་དུ་བྲིམས་ན། འོན་ཀྱང་ལྷག་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྐོལ་ཏེ་ཞོག་ལ། དེའི་ཕྱི་དེ་ཉིན་སྐོམ་དུ་བྲིམས་ཤིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དགུན་གྱི་དུས་ལ་བབ་པས་དགེ་སློང་རྣམས་གྲང་སྟེ་གཞི་བསྟར་བའི་སྟེང་དུ་མེ་བུས་པ་དང ། གཞི་བསྟར་བ་དག་མ་རུང་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཞི་བསྟར་བའི་སྟེང་དུ་མེ་མ་འབུད་པར་ཞུགས་ལིང་གི་སྟེང་དུ་མེ་བུས་ཤིག་།ཞུགས་ལིང་གི་སྟེང་དུ་མེ་བུས་པ་དང ། དུད་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཕྱི་རོལ་ཏུ་ཞུགས་ལིང་གི་ནང་དུ་བུས་ལ་དུད་པ་མེད་པ་དང ། མདག་མ་ལ་ཅི་བདེར་སྤྱོད་ཅིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། བཟོ་བོ་ཞིག་གིས་དགེ་སློང་རྣམས་ལ་མེ་མར་གྱི་སྡོང་བུ་ཡལ་ག་གཅིག་པ་ཞིག་བྱིན་པ་དང ། དེ་དག་གིས་མ་བླངས་སོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་ལ་མར་མེའི་སྡོང་པོ་ཡལ་ག་གཅིག་པ་གྲུབ་ན། གནང་ངོ ། །གང་ཟག་ལ་ཡང་གནང་ངོ ། །ཡལ་ག་གཉིས་པའམ། ཡལ་ག་མང་པོ་དག་ནི། དགེ་འདུན་ལ་གནང་གི་།གང་ཟག་ལ་ནི། མི་གནང་ངོ ། །རྐྱང་པའི་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་བརྒྱད་པའོ།། །།མདོར་ན། གློ་བུར་གཉིས་པོ་བྱ་བ་དང ། ཆུ་ཀླུང་ཕ་རོལ་གཉིས་པོ་དང་།། Pa289b མང་དུ་མ་རུང་བྱས་པ་དང ། ལུས་ཚད་ཀྱི་ནི་ཆོས་གོས་སོ། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་གློ་བུར་དུ་ལྷགས་པ་དག་ཅིག་གཙུག་ལག་ཁང་དུ་ཕྱིན་པ་དང ། གཞི་ན་གནས་པའི་དགེ་སློང་གིས་ངལ་བསོར་བཅུག་གོ་།དེ་དག་ངལ་སོས་ཟིན་པ་དང ། དེ་དག་གིས་ཅི་ཡོད་པ་དག་བརྐུས་ཏེ་དོང་ངོ ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ངོ་མི་ཤེས་པ་རྣམས་ངལ་བསོར་མ་གཞུག་ཅིག་།བཅོམ་ལྡན་འདས་ཀྱིས་ངོ་མི་ཤེས་པར་ངལ་བསོར་མ་གཞུག་ཅིག་།ཅེས་བཀའ་སྩལ་ནས་ངོ་ཤེས་པ་ཞིག་ངལ་བསོར་བཅུག་པ་དང ། དེ་དེའི་ཕྱི་བཞིན་དུ་ངོ་མི་ཤེས་པའི་དགེ་སློང་ཞིག་འོངས་ཏེ་དགེ་སློང་དེ་ཕྱི་རོལ་ཏུ་སོང་བ་དང ། དེས་དེའི་ལྷུང་བཟེད་དང་ཆོས་གོས་དག་ལེན་པ་ལ་ཞུགས་པ་དང ། གཞི་ན་གནས་པའི་དགེ་སློང་གིས་བསམ་པ། འདི་ནི། གདོན་མི་ཟ་བར་དེའི་གྲོགས་པོ་ཞིག་གོ་།སྙམ་ནས་དེས་དེ་མ་བགས་ནས་དེས་དེ་ཁྱེར་ཏེ་བྲོས་སོ། །ཕྱིས་དགེ་སློང་དེ་སླར་འོངས་ནས་ལྷུང་བཟེད་དང ། ཆོས་གོས་མི་སྣང་ནས་དེས་སྨྲས་པ། ཚེ་དང་ལྡན་པ། བདག་གི་ལྷུང་བཟེད་དང ། ཆོས་གོས་དག་སུས་ཁྱེར། གཞི་ན་གནས་པའི་དགེ་སློང་གིས་སྨྲས་པ། ཁྱོད་ཀྱི་གྲོགས་པོས་ཁྱེར་རོ། །དེས་སྨྲས་པ། ང་དང་ངོ་ཤེས་པ་ནི། མེད་ཀྱི། ངའི་ལྷུང་བཟེད་དང ། ཆོས་གོས་ཁྱོད་ཀྱིས་བོར་གྱི། ཁྱོད་ཀྱིས་སྐྱིན་པ་བྱིན་ཅིག་།དེ་དང་དགེ་སློང་གཞི་ན་གནས་པ་དག་ལྷན་ཅིག་ཏུ་ Pa290a ༄#། །གཅིག་ལ་གཅིག་རྩོད་པར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གློ་བུར་དུ་འོངས་པའི་དགེ་སློང་ལ་འདི་སུ་ཞིག་ཅེས་དྲིས་ཤིག་།དེ་སྟེ་དགེ་སློང་དེ་ངས་ངོ་ཤེས་སོ། །ཞེས་ཟེར་ན། དགེ་སློང་དེ་ལ་དེ་སྟེ་ཁྱོད་ཀྱི་ལྷུང་བཟེད་དང ། ཆོས་གོས་སམ། ངའི་ཡང་རུང་འདི་བརྙ་ཞེས་ཟེར་ན། སྦྱིན་ནམ་མི་སྦྱིན་ཞེས་དྲིས་ཤིག་།དེ་སྟེ་མ་སྦྱིན་ཅིག་ཅེས་ཟེར་ན། རིན་ཐང་བཞིན་དུ་ཆོད་ལ་ཕོབ་ཅིག་།དེ་སྟེ་བྱིན་ཅིག་།ཅེས་ཟེར་བ་ལས་ཁྱེར་ན་ཁྱེར་དུ་ཟད་དོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དགེ་སློང་གློ་བུར་དུ་འོངས་པ་གཞན་ཞིག་།གཞི་ན་འདུག་པའི་དགེ་སློང་ཞིག་གིས་ངལ་བསོར་བཅུག་ནས་དེའི་ཕྱི་བཞིན་དུ་ངོ་མི་ཤེས་པའི་དགེ་སློང་ཞིག་འོངས་ཏེ་ཇི་ཙམ་ན་གཞི་ན་གནས་པའི་དགེ་སློང་དེ་སོ་ཤིང་དོར་དུ་ཕྱི་རོལ་ཏུ་སོང་ངོ ། །དེ་ནས་དེའི་ལྷུང་བཟེད་དང ། ཆོས་གོས་དག་ཁྱེར་བ་དང ། གློ་བུར་དུ་འོངས་པའི་དགེ་སློང་དག་གིས་བསམ་པ། འདི་ཡང་སྔོན་ཁྱིམ་འདི་ན་གནས་པ་ཞིག་ཡིན་ནོ། །སྙམ་ནས་དོས་ཀྱང་ཅུང་ཟད་ཀྱང་མ་སྨྲས་ནས་དེ་ཁྱེར་ཏེ་བྲོས་སོ། །གཞི་ན་གནས་པའི་དགེ་སློང་དེ་སླར་འོངས་པ་དང ། ལྷུང་བཟེད་དང ། ཆོས་གོས་མི་སྣང་ནས་དེས་སྨྲས་པ། ཚེ་དང་ལྡན་པ། ངའི་ལྷུང་བཟེད་དང ། ཆོས་གོས་སུས་ཁྱེར་།དེས་སྨྲས་པ། གནས་ཁང་ན་འདུག་པས་ཁྱེར་རོ། །ངའི་གནས་ཁང་ན་གནས་པ་གང་ཡིན། ཁྱོད་ཀྱིས་ལྷུང་བཟེད་དང ། ཆོས་གོས་ Pa290b ཁྱེར་གྱི། སྐྱིན་པ་བྱིན་ཅིག་།དེ་དང་དེ་གཉིས་ལྷན་ཅིག་རྩོད་པར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གློ་བུར་དུ་འོངས་པའི་དགེ་སློང་གིས་གཞི་ན་གནས་པའི་དགེ་སློང་ལ་དགེ་སློང་འདི་ཁྱོད་ཀྱི་ཅུང་ཟད་ཅིའང་རུང་སློང་ན། སྦྱིན་ནམ་མི་སྦྱིན་ཞེས་དྲིས་ཤིག་།དེ་སྟེ་མ་སྦྱིན་ཅིག་ཅེས་ཟེར་ན། རིན་ཐང་བཞིན་དུ་ཕོབ་ཅིག་དེ་སྟེ་བྱིན་ཅིག་ཅེས་ཟེར་བ་ལས་ཁྱེར་ན་ཁྱེར་དུ་ཟད་དོ། །གླེང་གཞི་ནི་མཉན་དུ་ཡོད་པ་ན་སྟེ། དགེ་སློང་ཞིག་གིས་གཞི་ན་གནས་པའི་དགེ་སློང་ཞིག་ལ་ཆོས་གོས་བཞག་ནས་ཆེམས་བཞག་པ། དེ་སྟེང་སོང་གི་འོག་ཏུ་ངའི་སློབ་མ་དག་འོངས་ཏེ་འདོད་ཅེས་ཟེར་ན། བྱིན་ཅིག་ཅེས་སྨྲས་ནས་སོང་ངོ ། །དེའི་སློབ་མ་ཞིག་གིས་ཆོས་གོས་ཁྱེར་ཏེ་བྲོས་སོ། །དེ་ལ་དགེ་སློང་དེས་བླངས་པ་དང ། ཕན་ཚུན་རྩོད་པར་གྱུར་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་སྟེ་སློབ་མ་ལ་བྱིན་ཅིག་ཅེས་ཟེར་ན། དེས་ཁྱེར་བ་ནི་ཁྱེར་རྒྱལ་དུ་ཟད་མོད་ཀྱི། གཏན་ཚིགས་ཡོད་ན། བྱིན་ཅིག་།བཅོམ་ལྡན་འདས་ཀྱིས་གཏན་ཚིགས་ཡོད་ན། བྱིན་ཅིག་ཅེས་བཀའ་སྩལ་པ་དང ། གཏན་ཚིགས་ཀུན་གྱིས་ཤེས་ཤིང་གྲགས་པར་སྤྲིང་སྟེ། གཞན་གྱིས་ཐོས་ནས་བརྐུས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསང་སྟེ་གཏན་ཚིགས་སྨྲོས་ཤིག་།དེའང་གཏན་ཚིགས་འདི་འདྲ་བར་ཤེས་པ་ཞིག་འོངས་ན། དེ་ལ་བྱིན་ཅིག་ཅེས་སྒོས་ཤིག་།དགེ་སློང་དག་ཅིག་ལམ་དུ་ཞུགས་ Pa291a ༄#། །ནས་ཀླུང་གི་འགྲམ་དུ་ཕྱིན་ཏེ་དེ་གྲུའི་ནང་དུ་ཞུགས་པ་དང་དེ་ན་དགེ་སློང་གཞན་ཞིག་འདུག་པ་ལ་གྲུའི་ནང་དུ་ཞུགས་པས་སྨྲས་པ། བདག་གི་ཚད་ཐུར་འོ་ནི། ཚུར་སྩོལ་ཅིག་ཅེས་སྨྲས་པ་དང ། དེས་ཚད་ཐུར་བྱིན་པ་ཞུགས་པ་ལས་ལྷུང་སྟེ་ཆུས་ཁྱེར་བ་དང ། དེས་སྨྲས་པ། ཁོ་བོའི་ཚད་ཐུར་ཁྱོད་ཀྱིས་བོར་གྱི། ཁྱོད་ཀྱིས་སྐྱིན་པ་བྱིན་ཅིག་།དེ་གཉིས་རྩོད་པར་གྱུར་པ་དང ། དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱོད་ཀྱི་ལག་ཏུ་འོངས་སམ་ཞེས་སྨྲོས་ལ་འོངས་སོ། །ཞེས་ཟེར་ན། གདོད་བྱིན་ཅིག་།དེ་ལས་གཞན་དུ་ན་ནི། རིན་ཐང་བཞིན་དུ་ཆོད་ལ་ཕོབ་ཅིག་།ཡོ་བྱད་གཞན་དག་ཀྱང་དེ་བཞིན་དུ་སྦྱོར་ཅིག་།ཇི་ལྟར་ཀླུང་བཞིན་དུ་རི་ལ་འཛེག་པ་དང ། འོབས་ལ་སོགས་པ་ལ་ཡང་དེ་བཞིན་དུ་སྦྱར་ཏེ། ལག་ཏུ་འོངས་ཀྱི། ཐོང་ཞེས་ཟེར་ཏེ་བཏང་བ་ལས་སྟོར་ན་ནི། སྟོར་དུ་ཟད་དོ། །གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། གཙུག་ལག་ཁང་ཞིག་ན་གཙུག་ལག་ཁང་སྐྱོང་གིས་སྒོ་རབ་ཏུ་མ་བསྡམས་ནས་རབ་ཏུ་མ་བརྟགས་པས། རྐུན་པོ་དག་གིས་གླགས་རྙེད་དེ་བརྐུས་སོ། །དགེ་སློང་དག་ཅིག་དེའི་སྐྱིན་པ་ནི། གཙུག་ལག་ཁང་སྐྱོང་ལ་དབབ་པོ། །ཞེས་འཕྱའོ། །དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དག་སྒོ་\?\་བསྡམ་པ་ནི། རྣམ་པ་ལྔ་སྟེ། ལྔ་གང་ཞེ་ན། རྒྱ་གཏན་དང ། སྒོ་གཏན་དང ། འཁོར་ལོ་དང ། སྒོ་ལྕགས་དང ། Pa291b ལྡེ་མིག་ཀྱོག་པོ་དག་གོ། གལ་ཏེ་དེ་ཐམས་ཅད་གཙུག་ལག་ཁང་ན་ཡོད་ལ། གཙུག་ལག་ཁང་སྐྱོང་གིས་བཞི་ནི། བཅུག་ལ་གཅིག་མ་བཅུག་ན། ཆ་གཅིག་དེ་ལ་ཕོབ་ཅིག་།གསུམ་བཅུག་ལ་གཉིས་མ་བཅུག་ན། སུམ་གཉིས་དེ་ལ་ཕོབ་ཅིག་།གཉིས་བཅུག་ལ། གསུམ་མ་བཅུག་ན། སུམ་ཆ་དེ་ལ་ཕོབ་ཅིག། གཅིག་བཅུག་ལ་བཞི་མ་བཅུག་ན། བཞི་ཆ་དེ་ལ་ཕོབ་ཅིག་།དེ་སྟེ་ཐམས་ཅད་མ་བཅུག་ན། ཇི་ཙམ་སྤྱོད་པ་དེ་ཐམས་ཅད་དེ་ལ་ཕོབ་ཅིག། དེ་སྟེ་བསྡམ་པ་རྣམ་པ་ལྔས་བསྡམས་ན། སྟོར་བ་ནི། སྟོར་དུ་ཟད་དོ། །གཙུག་ལག་ཁང་ན་གཙུག་ལག་ཁང་སྐྱོང་ལ་སྐྱིན་པ་མ་དབབ་ཅིག། གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་གིས་ཆོས་གོས་ཁྲུ་ཚད་དུ་གྱིས་ཤིག་།ཅེས་བཀའ་སྩལ་ན། བཙུན་པ། ཁྲུ་ཐུང་ལ་ལུས་རིང་ན། དེའང་ཆོས་གོས་ཁྲུ་ཚད་དུ་བགྱིའམ། ཨུ་པ་ལི། དེ་ནི། ལུས་ཀྱི་ཚད་དུ་གྱིས་ཤིག་།གང་ལུས་ཐུང་ལ་ཁྲུ་རིང་ན། ཅི། དེའང་ལུས་ཀྱི་ཚད་དུ་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པ་ལི། ལུས་ཐུང་ལ་ཁྲུ་རིང་ན། དེ་ཡང་ལུས་ཀྱི་ཚད་དུ་གྱིས་ཤིག་།ལུས་ཀྱང་ཆེ་ལ་ཁྲུ་ཡང་རིང་ན། ཁྲུ་ཚད་དུ་གྱིས་ཤིག་།གཞན་དུ་ན། འདས་པ་དང་བཅས་པ་སྟེ། ཇི་ལྟར་བཅས་པ་ལས་ལྷག་པ་ཞིག་རྙེད་ན་ཡང་དེ་ལ་བྱིན་གྱིས་མི་བརླབ་མོད་ཀྱི། འོན་ཀྱང་རུང་བ་ལ་བྱིན་གྱིས་བརླབས་ཏེ་རུང་བར་བྱས་ན། སློབ་དཔོན་ནམ། མཁན་པོའམ། མཛའ་ Pa292a ༄#། །བོའི་ཡིན་པར་བསྔོས་ལ་སྤྱོད་ཅིག་།རྐྱང་པའི་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་དགུ་པའོ།། །།མདོར་ན། ཤམ་ཐབས་རྗེས་སུ་གནང་བ་དང ། ། ཤམ་ཐབས་འཐེབ་ཀྱང་དེ་བཞིན་ཏེ། །སྟོད་ཆགས་མཆོད་པར་བྱ་བ་དང ། །བྱིན་ལེན་མ་བྱས་དེ་བཞིན་ཏེ། །རྡུལ་དང་རྐྱང་པ་བསྟན་པ་བརྗོད། །སངས་རྒྱས་བཅོམ་ལྡན་འདས་མཉན་དུ་ཡོད་པའི་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དགེ་སློང་དག་དཔྱིད་ཀྱི་དུས་ལ་བབ་པས། ཤམ་ཐབས་རྣམས་རྡུལ་གྱིས་དྲི་མི་ཞིམ་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཤམ་ཐབས་ཀྱི་འཐབ་ཆོངས་ཤིག་།སྦྱར་མ་ཡང་རྡུལ་ཏེ་དྲི་མི་ཞིམ་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོད་ཆགས་ཆོངས་ཤིག་།དེའང་དེ་བཞིན་དུ་དྲི་མི་ཞིམ་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྟོད་ཆགས་ཀྱི་འཐེབ་བཅང་བར་བྱ་སྟེ། དེའང་དུས་སུ་ཁྲུས་ཤིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དགེ་སློང་རྣམས་ཆོས་གོས་གྱོན་ཏེ་མཆོད་པའི་ལས་དག་བྱེད་པ་ན། དེ་དག་དྲི་དང ། ཕྱེ་མ་དང ། འབྲུ་མར་དག་གིས་མ་རུང་བར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་དྲི་དག་གིས་མ་རུང་བར་གྱུར་པ་ནི། ཁྲུས་ལ་གྱོན་ཅིག་།གང་ཕྱེ་མས་མ་རུང་བར་གྱུར་པ་ནི། སྤྲུགས་ལ་གྱོན་ཅིག་།གང་འབྲུ་མར་གྱིས་མ་རུང་བར་གྱུར་པ་ལ་ནི། སྣུམ་འདག་པ་གང་ཡིན་པས་ཁྲུས་ལ་གྱོན་ Pa292b ཅིག་།གླེང་གཞི་ནི། མཉན་དུ་ཡོད་པ་ན་སྟེ། དགེ་སློང་རྣམས་ཟན་ཟ་བ་ལས་བྱིན་ལེན་མ་བྱས་པར་ལྷུང་བཟེད་དུ་ལྷུང་ནས་ཐེ་ཚོམ་སྐྱེས་ཏེ་མི་ཟ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱིན་ལེན་བྱོས་ལ་ལོངས་ཤིག་།བྱིན་ལེན་བྱེད་པ་མེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་ཐན་ཀོར་ཆེར་ལོངས་ཏེ་འོར་ལ་ཐེ་ཚོམ་དུ་མ་བྱེད་པར་ཟོ་ཞིག་།ཁུ་བའི་ནང་དུ་ལྷུང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡང་ཐན་ཀོར་ཆེར་འོར་ལ་ཟོ་ཞིག་།གང་དགེ་སློང་དག་།ཕོངས་པའི་ཚེ་ངས་གནང་བ་དེ། མ་ཕོངས་པའི་ཚེ་དེ་ལྟར་མ་སྤྱོད་ཅིག་།སྤྱད་ན། འདས་པ་དང་བཅས་པར་འགྱུར་རོ། །དགེ་སློང་རྣམས་བསོད་སྙོམས་ལ་ཞུགས་པ་དང ། རླུང་དང ། ཆར་པ་དག་བབ་ནས་ལྷུང་བཟེད་ཀྱི་ནང་དུ་རྡུལ་སོང་སྟེ་ཐེ་ཚོམ་སྐྱེས་ནས་མ་ཟོས། གྲལ་ན་ཟ་བའི་ཚེ་ཡང་དེ་བཞིན་ཏེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས། རྡུལ་ནི། རྣམ་པ་འདི་ལྔ་སྟེ། རུང་བའི་རྡུལ་དང ། མི་རུང་བའི་རྡུལ་དང ། བཞག་པའི་རྡུལ་དང ། མ་བཞག་པའི་རྡུལ་དང ། རྡུལ་གྱི་རྡུལ་དང་ལྔའོ། །གཞན་ཡང་རྡུལ་རྣམ་པ་ལྔ་སྟེ། བཟའ་པའི་རྡུལ་དང ། བཏུང་བའི་རྡུལ་དང ། གོས་ཀྱི་རྡུལ་དང ། མེ་ཏོག་གི་རྡུལ་དང ། འབྲས་བུའི་རྡུལ་ཏེ། མངོན་པར་གསལ་བ་མེད་པས་ན། དེ་ཐམས་ཅད་ཀྱང་རུང་བ་ཡིན་གྱི། ཐེ་ཚོམ་དུ་མ་བྱེད་པར་ཟོ་ཞིག་།རྐྱང་པའི་སྒོ་བཞི་པའི་མདོའི་ཚིགས་སུ་བཅད་པ་བཅུ་པའོ། །རྐྱང་པའི་སྒོ་རྣམས་རྫོགས་སོ།། །།འདུལ་བ་གཞུང་དམ་ Pa293a ༄#། །པ།་བམ་པོ་ཞེ་བཞི་པ། ནོངས་པ་དམིགས་པ་ཞེས་བགྱིའམ། མི་དམིགས་པ་ཞེས་བགྱི། གསུངས་པ། ཉེས་པ་མི་དམིགས་པ་ཞེས་བྱའོ། །ནོངས་པ་གཟུགས་མ་མཆིས་པ་ཞེས་བགྱིའམ། གཟུགས་མཆིས་པ་ཞེས་བགྱི། གསུངས་པ། ཉེས་པ་གཟུགས་མེད་པ་ཞེས་བྱའོ། །ནོངས་པ་བསྟན་དུ་མཆིས་པ་ཞེས་བགྱིའམ། བསྟན་དུ་མ་མཆིས་པ་ཞེས་བགྱི། གསུངས་པ། ཉེས་པ་བསྟན་དུ་མེད་པ་ཞེས་བྱའོ། །ནོངས་པ་བར་དུ་ཐོགས་པ་དང་བཅས་པ་ཞེས་བགྱིའམ། བར་དུ་ཐོགས་པ་མ་མཆིས་པ་ཞེས་བགྱི། གསུངས་པ། ཉེས་པ་བར་དུ་ཐོགས་པ་དང ། བཅས་པ་ཞེས་མི་བྱའོ། །ནོངས་པ་ཟག་པ་དང་བཅས་པ་ཞེས་བགྱིའམ། ཟག་པ་མ་མཆིས་པ་ཞེས་བགྱི། གསུངས་པ། ཉེས་པ་ཟག་པ་དང་བཅས་པ་ཞེས་བྱའོ། །ནོངས་པ་འདུས་བྱས་པ་ཞེས་བགྱི་འམ། འདུས་མ་བྱས་པ་ཞེས་བགྱི། གསུངས་པ། ཉེས་པ་འདུས་བྱས་པ་ཞེས་བྱའོ། །ནོངས་པ་འཇིག་རྟེན་པ་ཞེས་བགྱིའམ། འཇིག་རྟེན་ལས་འདས་པ་ཞེས་བགྱི། གསུངས་པ། ཉེས་པ་འཇིག་རྟེན་པ་ཞེས་བྱའོ། །ནོངས་པ་ཕུང་པོར་གཏོགས་པ་ཞེས་བགྱིའམ། མ་གཏོགས་པ་ཞེས་བགྱི། གསུངས་པ། ཉེས་པ་ཕུང་པོར་གཏོགས་པ་ཞེས་བྱའོ། །ནོངས་པ་ཁམས་སུ་གཏོགས་པ་ཞེས་བགྱིའམ། ཁམས་སུ་མི་གཏོགས་པ་ཞེས་བགྱི། གསུངས་པ། ཉེས་པ་ཁམས་སུ་གཏོགས་པ་ཞེས་བྱའོ། །ནོངས་པ་བཟུང་བ་ཞེས་བགྱིའམ། མ་བཟུང་བ་ཞེས་བགྱི། གསུངས་པ། ཉེས་པ་ Pa293b མ་བཟུང་བ་ཞེས་བྱའོ། །ནོངས་པ་ལུང་བསྟན་པ་ཞེས་བགྱིའམ། ལུང་མ་བསྟན་པ་ཞེས་བགྱི། གསུངས་པ། ཉེས་པ་ལུང་བསྟན་པ་ཞེས་ཀྱང་བྱ། ལུང་མ་བསྟན་པ་ཞེས་ཀྱང་བྱའོ། །ལུང་བསྟན་པ་གང་ཞེ་ན། གང་བཅོམ་ལྡན་འདས་ཀྱིས་བསླབ་པ་བཅས་པ་ལས་བསམ་བཞིན་དུ་འདའ་བར་བྱེད་པ་ནི། ལུང་བསྟན་པའོ། །ལུང་བསྟན་པ་གང་ཞེ་ན། གང་བཅོམ་ལྡན་འདས་ཀྱིས་བསླབ་པ་བཅས་པ་ལས་མ་བསམ་པར་འདའ་བ་ནི། ལུང་མ་བསྟན་པ་ཞེས་བྱའོ། །ནོངས་པ་འབྱུང་བ་ཆེན་པོར་ལུང་བསྟན་པ་ཞེས་བགྱིའམ། འབྱུང་བ་ཆེན་པོར་ལུང་མ་བསྟན་པ་ཞེས་བགྱི། གསུངས་པ། ཉེས་པ་འབྱུང་བ་ཆེན་པོར་ལུང་བསྟན་པ་ཞེས་བྱའོ། །ནོངས་པ་ཀུན་ཏུ་སྦྱོར་བ་ཞེས་བགྱིའམ། མི་སྦྱོར་བ་ཞེས་བགྱི། གསུངས་པ། ཉེས་པ་ཀུན་ཏུ་སྦྱོར་བ་ཞེས་བྱའོ། །ནོངས་པ་བསྒྲིབས་པ་ཞེས་བགྱིའམ། མ་བསྒྲིབས་པ་ཞེས་བགྱི།་གསུངས་པ། ཉེས་པ་བསྒྲིབས་པ་ཞེས་བྱའོ། །ནོངས་པ་ཉོན་མོངས་པ་ཞེས་བགྱིའམ། ཉོན་མ་མོངས་པ་ཞེས་བགྱི། གསུངས་པ། ཉེས་པ་ཉོན་མོངས་པ་ཞེས་ཀྱང་བྱ། ཉོན་མ་མོངས་པ་ཞེས་ཀྱང་བྱའོ། །ཉོན་མོངས་པ་གང་ཞེ་ན། གང་སངས་རྒྱས་ཀྱིས་བསླབ་པ་བཅས་པ་ལས་བསམ་བཞིན་དུ་འདའ་བ་འདི་ནི། ཉོན་མོངས་པའོ། །ཉོན་མ་མོངས་པ་གང་ཞེ་ན། གང་སངས་རྒྱས་ཀྱིས་བསླབ་པ་བཅས་པ་ལས་མ་བསམ་པར་འདའ་བ་འདི་ནི། ཉོན་མ་མོངས་པའོ། །ནོངས་པ་ཟང་ཟིང་དང་བཅས་པ་ཞེས་བགྱིའམ། ནོངས་པ་ཟང་ཟིང་མ་མཆིས་པ་ཞེས་བགྱི། གསུངས་པ། ཉེས་པ་ཟང་ཟིང་དུ་བཅས་པ་ Pa294a ༄#། །ཞེས་བྱའོ། །ནོངས་པ་ཆགས་པ་ལ་གནས་ཞེས་བགྱིའམ། འབྱུང་བ་ལ་གནས་པ་ཞེས་བགྱི། གསུངས་པ། ཉེས་པ་ཆགས་པ་ལ་གནས་པ་ཞེས་བྱའོ། །ནོངས་པ་དགྲར་བཅས་པ་ཞེས་བགྱིའམ། དགྲར་མ་བཅས་པ་ཞེས་བགྱི། གསུངས་པ། དགྲར་བཅས་པ་ཞེས་བྱའོ། །ནོངས་པ་དམིགས་པ་ཞེས་བགྱིའམ། མི་དམིགས་པ་ཞེས་བགྱི། གསུངས་པ། མི་དམིགས་པ་ཞེས་བྱའོ།། ནོངས་པ་སེམས་ཞེས་བགྱིའམ། སེམས་མ་ལགས་པ་ཞེས་བགྱི། གསུངས་པ། ཉེས་པ་སེམས་མ་ཡིན་པ་ཞེས་བྱའོ། །ནོངས་པ་རྣམ་པར་སྨིན་པ་ཞེས་བགྱིའམ། རྣམ་པར་མི་སྨིན་པ་ཞེས་བགྱི ། གསུངས་པ། རྣམ་པར་སྨིན་པ་ཞེས་ཀྱང་བྱ། མ་སྨིན་པ་ཞེས་ཀྱང་བྱའོ། །སྨིན་པ་གང་ཞེ་ན། གང་སངས་རྒྱས་ཀྱི་བསླབ་པ་བཅས་པ་ལས་བསམ་བཞིན་དུ་འདས་པ་འདི་ནི། སྨིན་པ་ཞེས་བྱའོ། །མ་སྨིན་པ་གང་ཞེ་ན། གང་སངས་རྒྱས་ཀྱིས་བསླབ་པ་བཅས་པ་ལས་མ་བསམ་པར་འདས་པ་ནི། མ་སྨིན་པའོ། །ནོངས་པ་ལས་ཞེས་བགྱིའམ། ལས་མ་ལགས་པ་ཞེས་བགྱི། གསུངས་པ། ཉེས་པ་ལས་ཞེས་བྱའོ། །ནོངས་པ་ནང་གི་སྐྱེ་མཆེད་དུ་གཏོགས་པ་ཞེས་བགྱིའམ། ཕྱིའི་སྐྱེ་མཆེད་དུ་གཏོགས་པ་ཞེས་བགྱི། གསུངས་པ། ཕྱིའི་སྐྱེ་མཆེད་དུ་གཏོགས་པ་ཞེས་བྱའོ། །ནོངས་པ་སྔར་འདས་པ་ཞེས་བགྱི་འམ། མ་འོངས་པ་ཞེས་བགྱིའམ། ད་ལྟར་བྱུང་བ་ཞེས་བགྱི། གསུངས་པ། ཉེས་པ་སྔར་འདས་པ་ཞེས་ཀྱང་བྱ། མ་འོངས་པ་ཞེས་ཀྱང་བྱ། ད་ལྟར་བྱུང་བ་ཞེས་ཀྱང་བྱའོ། །སྔར་འདས་པ་གང་ཞེ་ན། Pa294b ཉེས་པ་བྱུང་ནས་བཤགས་ཤིང་སླར་བྱས་པ་ནི། ཉེས་པ་དེ་ལས་ལངས་ཏེ། དེ་ནི། སྔར་འདས་པའོ། །མ་འོངས་པ་གང་ཞེ་ན། ཉེས་པ་མ་བྱུང་མོད་ཀྱི། ངེས་པར་འབྱུང་བ་དེ་ནི། མ་འོངས་པ་ཞེས་བྱའོ། །ད་ལྟར་བྱུང་བ་གང་ཞེ་ན། ཉེས་པ་བྱུང་བ་དེ་ནི། ད་ལྟར་ཞེས་བགྱིའོ། །ནོངས་པ་དགེ་བ་ཞེས་བགྱི་བའམ། མི་དགེ་བ་ཞེས་བགྱིའམ། ལུང་དུ་མི་སྟོན་པ་ཞེས་བགྱི། གསུངས་པ། ཉེས་པ་མི་དགེ་བ་ཞེས་ཀྱང་བྱ། ལུང་དུ་མ་བསྟན་པ་ཞེས་ཀྱང་བྱ། མི་དགེ་བ་གང་ཞེ་ན། གང་སངས་རྒྱས་ཀྱི་བསླབ་པ་བཅས་པ་ལས་བསམ་བཞིན་དུ་འདས་པ་འདི་ནི། མི་དགེ་བའོ། །ལུང་དུ་མ་བསྟན་པ་གང་ཞེ་ན། གང་སངས་རྒྱས་ཀྱིས་བསླབ་པ་བཅས་པ་ལས་མ་བསམ་བཞིན་འདས་པ་དེ་ནི། ལུང་དུ་མ་བསྟན་པའོ། །ནོངས་པ་འདོད་པའི་ཁམས་སུ་གཏོགས་པ་ཞེས་བགྱིའམ། གཟུགས་ཀྱི་ཁམས་སུ་གཏོགས་པ་ཞེས་བགྱིའམ། གཟུགས་མེད་པའི་ཁམས་སུ་གཏོགས་པ་ཞེས་བགྱི། གསུངས་པ། ཉེས་པ་འདོད་པའི་ཁམས་སུ་གཏོགས་པ་ཞེས་བྱའོ། །ནོངས་པ་སློབ་པ་ཞེས་བགྱིའམ། མི་སློབ་པ་ཞེས་བགྱིའམ། སློབ་པ་ཡང་མ་ལགས། མི་སློབ་པའང་མ་ལགས་ཞེས་བགྱི། གསུངས་པ། ཉེས་པ་སློབ་པ་ཡང་མ་ཡིན། མི་སློབ་པ་ཡང་མ་ཡིན་པ་ཞེས་བྱའོ། །ནོངས་པ། མཐོང་བས་སྤང་བ་ཞེས་བགྱིའམ། སྒོམ་པས་སྤང་བ་ཞེས་བགྱི། གསུངས་པ། སྒོམ་པས་སྤང་བ་ཞེས་བྱའོ། ། ནོངས་པ། ལུས་ལས་བྱུང་བ་ཞེས་བགྱིའམ། ངག་ལས་བྱུང་བ་ཞེས་བགྱིའམ། སེམས་ལས་བྱུང་བ་ཞེས་བགྱི། གསུངས་པ། ཉེས་པ་ལུས་ལས་བྱུང་བ་ཡང་ཡོད། ངག་ལས་བྱུང་བ་ཡང་ཡོད། སེམས་ལས་ Pa295a ༄#། །བྱུང་བ་ཡང་ཡོད་དེ། ལུས་ལས་བྱུང་བ་གང་ཞེ་ན། མི་ཚངས་པར་སྤྱོད་པར་བྱེད་པ་དང ། མ་བྱིན་པར་ལེན་པ་དང ། མིའི་འཚོ་བ་དང་བྲལ་བར་བྱེད་པ་དང ། བསམ་བཞིན་ཁུ་བར་འབྱིན་པ་དང ། ལུས་ཀྱིས་རེག་པར་བྱེད་པ་དང ། རྩཝ་སྔོན་པོ་གཅོད་པ་དང ། ཕྱི་དྲོ་ཟ་བ་དང ། བཏུང་བ་ཆང་འཐུང་བ་ནི། ལུས་ལས་བྱུང་བའོ། །ངག་ལས་བྱུང་བ་གང་ཞེ་ན། གང་མེད་ལ་མེད་བཞིན་དུ་དཀྱིལ་འཁོར་བླ་མར་གྱུར་པའི་ཆོས་སུ་བདག་ཉིད་སྨྲ་བ་དང ། བུད་མེད་དེ་ལ་ཉེས་པ་སྦོམ་པོའི་ཚིག་སྨྲ་བ་དང ། བུད་མེད་ཀྱི་མདུན་དུ་བདག་གི་ལུས་ཀྱིས་ཀུན་སྤྱད་པའི་ཡོན་ཏན་བརྗོད་པ་དང ། བུད་མེད་ལ་ཚིག་ལྔའམ། དྲུག་ལས་ལྷག་པར་ཆོས་སྟོན་པ་སྟེ། འདི་ནི། ངག་ལས་བྱུང་བའོ། །སེམས་ལས་བྱུང་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་གཅིག་པུ་དགོན་པ་ན་གནས་ན། དེ་དེ་ན་གསོ་སྦྱོང་ལ་སེམས་མི་སྐྱེད། ཚིག་ཏུའང་མི་སྨྲ། དེའི་སེམས་ལས་བྱུང་བའི་ཉེས་པ་མ་དག་པ་སྟེ། འོན་ཀྱང་འདི་སྐད་དུ་སྨྲའོ། །སེམས་ལས་བྱུང་བའི་ཉེས་པ་དག་མེད་ཀྱི། འོན་ཀྱང་འདི་ནི། དགེ་བའི་རྩ་བ་མི་སྦྱོར་བའོ། །གང་གི་དངོས་པོ་ལས་ནོངས་པར་འགྱུར་བ་དེ་ལ་བརྟུན་ཏེ་བགྱིས་ན། དངོས་པོ་དེ་ཉིད་ལ་བརྟུན་ཏེ་བགྱིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ། གསུངས་པ། དངོས་པོ་དེ་ཉིད་ལ་བརྟུན་ཏེ་མ་བྱས་ན་ཉེས་པར་འགྱུར་བ་ཡང་ཡོད། དངོས་པོ་དེ་ཉིད་ལ་བརྟུན་ཏེ་བྱས་ན། ཉེས་པར་མི་འགྱུར་བ་ཡང་ཡོད་དོ། །དངོས་པོ་དེ་ལ་བརྟུན་ཏེ་བྱས་ན། ཉེས་པར་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་གཏན་པ་མ་བཏིང་བ་ Pa295b ཆོས་གོས་ཅི་འདོད་པ་འཆང་སྟེ་སྦྱར་མ་མེད་པར་གྲོང་དུ་འཇུག་པ་དང ། མགྲོན་དུ་མ་བོས་པར་གྲོང་དུ་འཇུག་པ་དང ། འདུས་ཤིང་ཟ་བ་དང ། ཡང་ཡང་ཟ་བ་ནི། ཉེས་པའོ། །གང་དངོས་པོ་དེ་ཉིད་ལ་བརྟུན་ཏེ་བྱས་ཀྱང་ནོངས་པར་མི་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་གཏན་པ་བཏིང་ལ། ཆོས་གོས་ཅི་འདོད་པ་འཆང་སྟེ་སྦྱར་མ་མེད་པར་གྲོང་དུ་འཇུག་པ་དང ། མགྲོན་དུ་མ་བོས་པར་གྲོང་དུ་འཇུག་པ་དང ། ཡང་ཡང་ཟ་བ་དང ། འདུས་ཤིང་ཟ་བ་ལ་ཉེས་པ་མེད་དོ། །དེ་ལྟར་ན། དངོས་པོ་གང་ལ་བརྟུན་ཏེ་བྱས་ན། ཉེས་པར་འགྱུར་བའི་དངོས་པོ་དེ་ཉིད་ལ་བརྟུན་ཏེ་བྱས་ཀྱང་ཉེས་པར་མི་འགྱུར་རོ། །ལས་བགྱིས་ན། ནོངས་པར་འགྱུར་བའི་ལས་དེ་ཉིད་བགྱིས་ཀྱང་ནོངས་པར་འགྱུར་བ་མཆིས་སམ། གསུངས་པ། ལས་བྱས་ན། ཉེས་པར་འགྱུར་བའི་ལས་དེ་ཉིད་བྱས་པ་ལས་ཉེས་པར་མི་འགྱུར་བའང་ཡོད་དོ། །ལས་གང་བྱས་པ་ལས་ཉེས་པར་འགྱུར་བའི་ལས་དེ་ཉིད་བྱས་ཀྱང་ཉེས་པར་མི་འགྱུར་བ་གང་ཞེ་ན། དགེ་སློང་རྣམས་ཀྱིས་དགེ་སློང་མ་མཐོང་ངོ ། །ཞེས་སྤངས་པ་དང ། སླར་ལས་མི་བྱེད་པ་དང ། སྡིག་པ་ལ་ལྟ་བ་མི་གཏོང་སྟེ་སྤངས་པ་ལས། དེ་དག་དགེ་སློང་རྣམས་ལ་དབྱུང་བར་གསོལ། སྤུ་སྙོལ་བར་བྱེད་པ་ལས་མཚམས་ཀྱི་ཕྱི་རོལ་ཏུ་འབྱིན་ན། ཉེས་པར་འགྱུར་རོ། །ལས་དེ་ཉིད་བྱས་པ་ཉེས་པར་མི་འགྱུར་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་རྣམས་ཀྱིས་དགེ་སློང་མ་མཐོང་ངོ ། །ཞེས་སྤངས་པ་དང ། སླར་ལས་མི་བྱེད་པ་དང ། སྡིག་པ་ལ་ལྟ་བ་མི་གཏོང་བ་སྤངས་པ་ལས། དེ་ཉིད་ཀྱིས་དགེ་སློང་རྣམས་ལས་དབྱུང་བར་གསོལ། སྤུ་སྙོལ་བར་བྱེད། ཐལ་མོ་ Pa296a ༄#། །མོ་སྦྱར་ཏེ་ཕྱག་འཚལ་བར་སྟོན་པ་མཚམས་ཀྱི་ནང་དུ་ཕྱུང་ན། ཉེས་པ་མེད་དོ། །དེ་ལྟར་ན། གང་ལས་བྱས་པ་ལས་ཉེས་པར་འགྱུར་པའི་ལས་དེ་ཉིད་བྱས་ཀྱང་ཉེས་པ་མེད་དོ། ། ལས་དེ་ཉིད་འཚལ་ཀྱང་ནོངས་པར་ཡང་འགྱུར་ལ། ལས་དེ་ཉིད་འཚལ་ལ་ནོངས་པར་མི་འགྱུར་བ་མཆིས་སམ། གསུངས་པ། ལས་དེ་ཤེས་ལ་ཉེས་པར་འགྱུར་བ་དང ། ལས་དེ་ཉིད་ཤེས་ལ་ཉེས་པར་མི་འགྱུར་བ་ཡོད་དོ། །ཇི་ལྟར་ན། ལས་གང་འཚལ་ལ་ནོངས་པར་འགྱུར་ལ། ལས་དེ་ཉིད་འཚལ་ལ་ནོངས་པར་མི་འགྱུར་བ་ལགས། དེ་འདི་ལྟར་དགེ་སློང་རྣམས་ཀྱིས་དགེ་སློང་མ་མཐོང་ངོ ། ། ཞེས་སྤངས་པ་དང ། སླར་ལས་མི་བྱེད་པ་དང ། སྡིག་པ་ལ་ལྟ་བ་མི་གཏོང་བས་སྤངས་པ་དེ། དགེ་སློང་རྣམས་ལ་འབྱུང་བར་གསོལ། སྤུ་ཉལ་བར་བྱེད། ཐལ་མོ་སྦྱར་ཏེ་ཕྱག་འཚལ་བར་སྟོན། མཚམས་ཀྱི་ཕྱི་རོལ་ཏུ་ཕྱུང་ནས་དགེ་སློང་རྣམས་དེ་ལ་འདུས་པར་བྱེད། ལྷན་ཅིག་གནས། གནས་ཁང་གཅིག་ན་ལྷན་ཅིག་ཉལ་བར་བྱེད་པ་དང ། དགེ་སློང་གཞན་དག་གིས་སྨྲས་པ། ཀྱེ་ཚེ་དང་ལྡན་པ་དག། དགེ་སློང་འདི་དགེ་འདུན་འདུས་པས། ཆོས་བཞིན་མ་མཐོང་ངོ ། །ཞེས་སྤངས་ན། དགེ་སློང་དེ་ལ་དགེ་སློང་རྣམས་རྗེས་སུ་འཇུག་གམ་ཞེས་སྨྲས་པ་དང ། དེ་དག་འདི་སྐད་ཅེས། དེ་ནི། བདེན་ཏེ། དགེ་སློང་འདི་ནི། དབྱུང་བར་གསོལ། སྤུ་ཉལ་བར་བྱེད། ཐལ་མོ་སྦྱར་ཏེ་ཕྱག་འཚལ་བར་སྟོན་ནས་ཕྱུང་ངོ ། །གང་དུ་མཚམས་ཀྱི་ཕྱི་རོལ་ཏུའོ། །ཞེས་སྨྲ་བ་ནི། ཉེས་པ་བྱུང་བའོ། །འདི་ལྟར་ཡང་དགེ་སློང་རྣམས་ Pa296b ཀྱིས་དགེ་སློང་མ་མཐོང་ངོ ། །ཞེས་སྤངས་པ་དང ། སླར་ལས་མི་བྱེད་པ་དང ། སྡིག་པ་ལ་ལྟ་བ་སླར་མི་གཏོང་ནས་སྤངས་ཏེ། དགེ་སློང་རྣམས་ལ་དབྱུང་བར་གསོལ། སྤུ་ཉོལ་བར་བྱེད། ཐལ་མོ་སྦྱར་ཏེ་ཕྱག་འཚལ་བར་སྟོན་ནས་མཚམས་ཀྱི་ནང་དུ་ཕྱུང་སྟེ། དེ་ལ་དགེ་སློང་རྣམས་དེ་དང་འདུས་པར་བྱེད། ལྷན་ཅིག་ཏུ་གནས། གནས་ཁང་གཅིག་ན་ལྷན་ཅིག་ཏུ་ཉལ་བར་བྱེད་པ་དང ། དགེ་སློང་གཞན་དག་གིས་སྨྲས་པ། ཀྱེ་ཚེ་དང་ལྡན་པ་དག་།དགེ་སློང་འདི་ནི། དགེ་འདུན་འདུས་པས་ཆོས་བཞིན་མ་མཐོང་ངོ ། །ཞེས་སྤངས་ན་དགེ་སློང་རྣམས་དགེ་སློང་དེའི་རྗེས་སུ་འཇུག་གམ་ཞེས་སྨྲས་པ་དང ། དེ་དག་གིས་འདི་སྐད་དུ་སྨྲའོ། །དེ་ནི། བདེན་ཏེ། དགེ་སློང་འདི་དབྱུང་བར་གསོལ། སྤུ་སྙོལ་བར་བྱེད་དེ་ཐལ་མོ་སྦྱར་ཅིང་ཕྱག་འཚལ་བར་སྟོན་ནས་ཕྱུང་ངོ ། །གང་དུ། མཚམས་ཀྱི་ནང་དུའོ། །ཞེས་ཟེར་ན། ཉེས་པ་མེད་དོ། །དེ་ལྟར་ན། ལས་ཤེས་ལ་ཉེས་པར་འགྱུར་པ་དང ། ལས་དེ་ཉིད་ཤེས་ལ་ཉེས་པར་མི་འགྱུར་བའོ། །བདག་གི་ཡི་དམ་ལས་ནོངས་པ་དང ། གཞན་གྱི་ཡི་དམ་ལས་ནོངས་པར་འགྱུར་བ་མཆིས་སམ། གསུངས་པ། བདག་གི་ཡི་དམ་ལས་ཉེས་པ་དང ། གཞན་གྱི་ཡི་དམ་ལས་ཉེས་པར་འགྱུར་པ་ཡོད་དོ། །ཇི་ལྟར་ན། བདག་གི་ཡི་དམ་ལས་ནོངས་པ་ལགས། དེ་འདི་ལྟར་དགེ་སློང་གི་ཉེས་པའི་ཕུང་པོ་ལྔའི་ནང་ནས་གང་ཡང་རུང་བའི་ཉེས་པ་བྱུང་ནས་རང་ཉིད་བྱིས་ཤེས་པ་ནི། ཉེས་པའོ། །གཞན་གྱི་ཡི་དམ་ལས་ནོངས་པ་གང་ལགས། ཇི་ལྟར་ཡང་དགེ་སློང་གིས་ཉེས་པའི་ཕུང་པོ་ལྔའི་ནང་ནས་གང་ཡང་རུང་བའི་ཉེས་པ་བྱུང་བ་ལས། དད་པའི་དགེ་བསྙེན་གྱི་ Pa297a ༄#། །ཚིག་བཞིན་ཉེས་པ་དེ་ཆོས་བཞིན་དུ་བྱེད་པའོ། །དེ་ལྟར་ན། རང་གི་ཡི་དམ་ལས་ཉེས་པ་དང ། གཞན་གྱི་ཡི་དམ་ལས་ཉེས་པའོ། །དྲན་པ་ལས་ནོངས་པར་འགྱུར་བ་དང ། མི་དྲན་པ་ལས་ནོངས་པར་འགྱུར་བ་མཆིས་སམ། གསུངས་པ། ཡོད་དེ། །དེ་ལྟར་ན། དྲན་པ་ལས་ནོངས་པ་གང་ལགས། དེ་འདི་ལྟར་དགེ་སློང་ཉེས་པའི་ཕུང་པོ་ལྔའི་ནང་ནས་གང་ཡང་རུང་བའི་ཉེས་པ་བྱུང་བ་དྲན་པ་དེ་ནི། དྲན་པའི་ཉེས་པའོ། །ཇི་ལྟར་ན། མི་དྲན་པ་ལས་ནོངས་པ་ལགས། དེ་འདི་ལྟར་དགེ་སློང་ཉེས་པའི་ཕུང་པོ་ལྔའི་ནང་ནས་གང་ཡང་རུང་བའི་ཉེས་པ་བྱུང་བ་མི་དྲན་ཏེ། དེས་ཅུང་ཟད་མི་དྲན་དུ་ཟིན་ཀྱང་དེ་ཉེས་པར་འགྱུར་རོ། །དེ་ལྟར་དྲན་ན་ཡང་ཉེས་པ། མི་དྲན་ཀྱང་ཉེས་པའོ། །མངོན་སུམ་དུ་གྱུར་པ་ལས་ནོངས་པ་དང ། མངོན་སུམ་དུ་མ་གྱུར་པ་ལས་ནོངས་པ་མཆིས་སམ། གསུངས་པ། ཡོད་དོ། །ཇི་ལྟར་ན། མངོན་སུམ་དུ་གྱུར་པ་ལས་ནོངས་པ་ལགས། དེ་འདི་ལྟར་དགེ་སློང་གིས་ཉེས་པའི་ཕུང་པོ་ལྔའི་ནང་ནས་གང་ཡང་རུང་བའི་ཉེས་པ་བྱུང་བ་དེ་ནི། མངོན་སུམ་དུ་གྱུར་པའི་ཉེས་པའོ། །ཇི་ལྟར་ན། མངོན་སུམ་དུ་མ་གྱུར་པའི་ནོངས་པ་ལགས། དེ་འདི་ལྟར་དགེ་སློང་གིས་ཉེས་པའི་ཕུང་པོ་ལྔའི་ནང་ནས་གང་རུང་ཉེས་པ་མ་བྱུང་བ་ཡང་འབྱུང་བར་གདོན་མི་ཟའོ། །དེ་ལྟ་བུ་ནི། མངོན་སུམ་དུ་མ་གྱུར་ཀྱང་ཉེས་པ་དང ། མངོན་སུམ་དུ་གྱུར་ཀྱང་ཉེས་པའོ། །དངོས་པོ་གང་གིས་མི་གནས་པ་དང ། དངོས་པོ་དེ་ཉིད་ཀྱིས་སོ་སོར་གནས་པར་འགྱུར་བ་མཆིས་སམ། གསུངས་པ། ཡོད་དོ། །དེ་འདི་ལྟར་དགེ་སློང་རྣམས་ཀྱིས་དགེ་ Pa297b སློང་མ་མཐོང་ངོ ། །ཞེས་སྤངས་པ་དང ། སླར་ལས་མི་བྱེད་པ་དང ། སྡིག་པ་ལ་ལྟ་བ་སླར་མི་གཏོང་སྟེ་སྤངས་པ་དེ་ནི། དངོས་པོ་གང་གིས་མི་གནས་པ་དང ། དངོས་པོ་དེ་ཉིད་ཀྱིས་སོ་སོར་གནས་པའོ། །ལས་གང་བགྱིས་པས་མི་གནས་པ་དང ། ལས་དེ་ཉིད་བགྱིས་པས་སོ་སོར་གནས་པར་འགྱུར་བ་མཆིས་སམ། གསུངས་པ། ལས་གང་བྱས་པས་མི་གནས་པ་དང ། ལས་དེ་ཉིད་བྱས་པས་སོ་སོར་གནས་པ་ཡོད་དོ། །ཇི་ལྟར་ན།་ལས་གང་བྱས་པས་མི་གནས་ཤིང ། ལས་དེ་ཉིད་བྱས་པས་སོ་སོར་གནས་པ་ལགས། དེ་འདི་ལྟར་དགེ་སློང་རྣམས་ཀྱིས་དགེ་སློང་མ་དེ་མཐོང་ངོ ། །ཞེས་སྤངས་པ་དང ། སླར་ལས་མི་བྱེད་པ་དང ། སྡིག་པ་ལ་ལྟ་བ་སླར་མི་གཏོང་ནས་སྤངས་པ་དེ་ལྟ་བུ་ནི། ལས་གང་བྱས་པས་མི་གནས་པའི་ལས་དེ་ཉིད་བྱས་ཀྱང་སོ་སོར་གནས་པའོ། །ལས་གང་འཚལ་ན། མི་གནས་པར་འགྱུར་པ་དང ། ལས་དེ་ཉིད་འཚལ་ན།་སོ་སོར་གནས་པར་འགྱུར་བ་མཆིས་སམ། གསུངས་པ། ལས་གང་ཤེས་ནས་མི་གནས་པ་དང ། ལས་དེ་ཉིད་ཤེས་ཀྱང་སོ་སོར་གནས་པར་འགྱུར་བ་ཡོད་དོ། །ཇི་ལྟར་ལས་གང་འཚལ་ཀྱང་མི་གནས་པ་དང།་ལས་དེ་ཉིད་འཚལ་བ་སོ་སོར་གནས་པར་འགྱུར་བ་ལགས། དེ་འདི་ལྟར་དགེ་སློང་རྣམས་ཀྱིས་དགེ་སློང་མ་མཐོང་ངོ ། །ཞེས་སྤངས་པ་དང ། སླར་ལས་མི་བྱེད་པ་དང ། སྡིག་པ་ལ་ལྟ་བ་མ་སྤངས་པ་དེ་ལྟ་བུ་ནི།་ལས་གང་ཤེས་ཀྱང་མི་གནས་པ་དང ། ལས་དེ་ཉིད་ཤེས་ཀྱང་སོ་སོར་གནས་པའོ། །རང་གི་ཡི་དམ་གྱིས་མི་གནས་པ་དང ། རང་གི་ཡི་དམ་གྱིས་སོ་སོར་གནས་པར་འགྱུར་བ་མཆིས་སམ། གསུངས་ Pa298a ༄#། །པ།་རང་གི་ཡི་དམ་གྱིས་མི་གནས་པ་དང ། རང་གི་ཡི་དམ་གྱིས་སོ་སོར་གནས་པར་འགྱུར་བ་ཡོད་དོ། །ཇི་ལྟར་ན། རང་གི་ཡི་དམ་གྱིས་མི་གནས་པ་དང ། རང་གི་ཡི་དམ་གྱིས་སོ་སོར་གནས་པར་འགྱུར་བ་ལགས། དེ་འདི་ལྟར་དགེ་སློང་རྣམས་ཀྱིས་དགེ་སློང་མ་མཐོང་ཞེས་པས་ཕྱིར་སྤངས་པ་དང ། སླར་ལས་མི་བྱེད་པ་དང ། སྡིག་པ་ལ་ལྟ་བ་སླར་མི་གཏོང་བས་སྤངས་པ་དེ་ལྟ་བུ་ནི།་རང་གི་ཡི་དམ་གྱིས་མི་གནས་པ་དང ། རང་གི་ཡི་དམ་གྱིས་སོ་སོར་གནས་པའོ། །གཞན་གྱི་ཡི་དམ་ལས་མི་གནས་པ་དང ། གཞན་གྱི་ཡི་དམ་ལས་སོ་སོར་གནས་པར་འགྱུར་བ་མཆིས་སམ། བཀའ་སྩལ་པ།་གཞན་གྱི་ཡི་དམ་ལས་མི་གནས་པ་དང ། གཞན་གྱི་ཡི་དམ་ལས་སོ་སོར་གནས་པ་ཡོད་དོ། །ཇི་ལྟར་ན། གཞན་གྱི་ཡི་དམ་ལས་མི་གནས་པ་དང ། གཞན་གྱི་ཡི་དམ་ལས་སོ་སོར་གནས་པར་འགྱུར་བ་ལགས། དེ་འདི་ལྟར་དགེ་སློང་རྣམས་ཀྱིས་དགེ་བསྙེན་དད་པའི་ཚིག་བཞིན་དགེ་སློང་དེ་མ་མཐོང་ངོ ། །ཞེས་སྤངས་པ་དང ། སླར་ལས་མི་བྱེད་པ་དང ། སྡིག་པ་ལ་ལྟ་བ་སླར་མི་གཏོང་བའི་ཕྱིར་སྤངས་པ་དེ་ལྟ་བུ་ནི། གཞན་གྱི་ཡི་དམ་ལས་མི་གནས་པ་དང ། གཞན་གྱི་ཡི་དམ་ལས་སོ་སོར་གནས་པའོ། །དྲན་ཀྱང་མི་གནས་པ་དང ། དྲན་ཀྱང་སོ་སོར་གནས་པར་འགྱུར་བ་མཆིས་སམ། བཀའ་སྩལ་པ། དྲན་ཀྱང་མི་གནས་པ་དང ། དྲན་ཀྱང་སོ་སོར་གནས་པ་ཡོད་དོ། །ཇི་ལྟར་དྲན་ཀྱང་མི་གནས་པ་དང ། དྲན་ཀྱང་སོ་སོར་གནས་པར་འགྱུར་བ་ལགས། དེ་འདི་ལྟར་དགེ་སློང་རྣམས་ཀྱིས་དགེ་ Pa298b སློང་མ་མཐོང་ཞེས་སྤངས་པ་དང ། སླར་ལས་མི་བྱེད་པ་དང ། སྡིག་པ་ལ་ལྟ་པ་སླར་མི་གཏོང་བའི་ཕྱིར་སྤངས་པ་དེ་ལྟ་བུ་ནི། དྲན་ཀྱང་མི་གནས་པ་དང ། དྲན་ཀྱང་སོ་སོར་གནས་པར་འགྱུར་བའོ། །མི་དྲན་ཀྱང་མི་གནས་པ་དང ། མི་དྲན་ཀྱང་སོ་སོར་གནས་པར་འགྱུར་བ་མཆིས་སམ། བཀའ་སྩལ་པ། མི་དྲན་ཀྱང་མི་གནས་པ་དང ། མི་དྲན་ཀྱང་སོ་སོར་གནས་པར་འགྱུར་བ་ཡོད་དོ། །དེ་ལྟར་དགེ་སློང་རྣམས་ཀྱིས་དགེ་སློང་མ་མཐོང་ངོ ། །ཞེས་སྤངས་པ་དང ། སླར་ལས་མི་བྱེད་པ་དང ། སྡིག་པ་ལ་ལྟ་བ་སླར་མི་གཏོང་བའི་ཕྱིར་སྤངས་པ་དེ་ལྟ་བུ་ནི། མི་དྲན་ཀྱང་མི་གནས་པ་དང ། མི་དྲན་ཀྱང་སོ་སོར་གནས་པའོ། ། མངོན་སུམ་དུ་གྱུར་པ་ལས་མི་གནས་པ་དང ། མངོན་སུམ་དུ་གྱུར་པ་ལས་སོ་སོར་གནས་པར་འགྱུར་བ་མཆིས་སམ། བཀའ་སྩལ་པ། མངོན་སུམ་དུ་གྱུར་པ་ལས་མི་གནས་པ་དང ། མངོན་སུམ་དུ་གྱུར་པ་ལས་སོ་སོར་གནས་པ་ཡང་ཡོད་དེ། །ཇི་ལྟར་ན། མངོན་སུམ་དུ་གྱུར་པ་ལས་མི་གནས་པ་ལ་སོགས་པ་ལགས། དེ་ལྟར་དགེ་སློང་རྣམས་ཀྱིས་དགེ་སློང་གིས་མ་མཐོང་ཞེས་སྤངས་པ་དང ། སླར་ལས་མི་བྱེད་པ་དང ། སྡིག་པ་ལ་ལྟ་བ་མི་གཏོང་བའི་ཕྱིར་སྤངས་པ་དེ་ལྟ་བུ་ནི། །མངོན་སུམ་དུ་གྱུར་པ་ལས་མི་གནས་པ་དང ། མངོན་སུམ་དུ་གྱུར་པ་ལས་སོ་སོར་གནས་པའོ། །མངོན་སུམ་དུ་མ་གྱུར་ཀྱང་མི་གནས། མངོན་སུམ་དུ་མ་གྱུར་ཀྱང་སོ་སོར་གནས་པ་མཆིས་སམ། གསུངས་པ། ཡོད་དོ། །ཇི་ལྟར་ན། མངོན་སུམ་དུ་མ་གྱུར་ཀྱང་མི་གནས་པ་དང ། མངོན་སུམ་དུ་མ་གྱུར་ཀྱང་སོ་སོར་ Pa299a ༄#། །གནས་པ་ལགས། དེ་འདི་ལྟར་དགེ་སློང་རྣམས་ཀྱིས་དགེ་སློང་གིས་མ་མཐོང་ཞེས་སྤངས་པ་དང ། སླར་ལས་མི་བྱེད་པ་དང ། སྡིག་པ་ལ་ལྟ་བ་སླར་མི་གཏོང་བའི་ཕྱིར་སྤངས་པ་དེ་ལྟ་བུ་ནི།་མངོན་སུམ་དུ་མ་གྱུར་ཀྱང་མི་གནས་པ་དང ། མངོན་སུམ་དུ་མ་གྱུར་ཀྱང་སོ་སོར་གནས་པའོ། །དངོས་པོ་གང་གི་ཕྱིར་དགེ་འདུན་གྱི་ལས་བགྱི་བ་དངོས་པོ་མང་པོའམ། གཉིས་སམ། གཅིག་གིས་བགྱི་བ་མཆིས་སམ། གསུངས་པ། དངོས་པོ་གང་གི་ཕྱིར་དགེ་འདུན་གྱིས་ལས་བགྱི་བའི་དངོས་པོ་དེ་མང་པོའམ། གཉིས་སམ། གཅིག་གིས་བྱ་བ་ཡང་ཡོད་དེ། ཇི་ལྟར་ན། དངོས་པོ་གཅིག་གིས་དགེ་འདུན་གྱི་ལས་བགྱི་བའི་དངོས་པོ་དེ་མང་པོའམ། གཉིས་སམ། གཅིག་གིས་བགྱི་བར་འགྱུར་བ་ལགས། དེ་འདི་ལྟར་དགེ་སློང་རྣམས་ཀྱིས་དགེ་སློང་ལ་ཕྱག་མི་འཚལ་བར་བཅས་པ་དང ། གཏམ་མི་སྨྲ་བར་བཅས་པ་དང ། ལོངས་སྤྱོད་པ་མི་གཅིག་པར་བཅས་ནས་བསྐོས་ཏེ་དེ་ལྟ་བུའི་དངོས་པོ་གང་གི་ཕྱིར་དགེ་འདུན་གྱི་ལས་བྱས་པའི་དངོས་པོ་དེ་མང་པོའམ། གཉིས་སམ། གཅིག་གིས་ཀྱང་བྱ་བའོ། །ལས་གང་དགེ་འདུན་གྱིས་ལས་སུ་བགྱི་བའི་ལས་དེ་མང་པོའམ། གཉིས་སམ། གཅིག་གིས་ཀྱང་དེ་བཞིན་མཆིས་སམ། གསུངས་པ། ཡོད་དོ། །ཇི་ལྟར་སྔ་མ་བཞིན་དུ་དགེ་སློང་རྣམས་ཀྱིས་དགེ་སློང་ལ་ཕྱག་མི་འཚལ་བར་བཅས་པ་དང ། གཏམ་མི་སྨྲ་བར་བཅས་པ་དང ། ལོངས་སྤྱོད་མི་གཅིག་པར་བཅས་ནས་བསྐོས་ཏེ། དེ་ལྟར་ན། ལས་གང་དགེ་འདུན་གྱིས་ Pa299b ལས་སུ་བྱ་བའི་ལས་དེ་མང་པོའམ། གཉིས་སམ། གཅིག་གིས་ཀྱང་དེ་བཞིན་ནོ། །ལས་འཚལ་བཞིན་དུ་དགེ་འདུན་གྱིས་བགྱིད་པའི་ལས་དེ་ཉིད་འཚལ་ན། གཉིས་སམ། གཅིག་གིས་ཀྱང་དེ་བཞིན་མཆིས་སམ།་གསུངས་པ། ལས་གང་ཤེས་བཞིན་དུ་དགེ་འདུན་གྱིས་བྱ་བའི་ལས་དེ་ཉིད་ཤེས་ཀྱང་མང་པོའམ། གཉིས་སམ། གཅིག་གིས་བྱ་བ་ཡང་ཡོད་དེ། ཇི་ལྟར་ན། ལས་འཚལ་བཞིན་དུ་དགེ་འདུན་གྱིས་བགྱིད་པའི་ལས་དེ་ཉིད་འཚལ་ན། མང་པོའམ། གཉིས་སམ། གཅིག་གིས་བགྱི་བ་ལགས། དེ་འདི་ལྟར་དགེ་སློང་ལ་དགེ་སློང་རྣམས་ཀྱིས་ཕྱག་མི་འཚལ་བར་བཅས་པ་དང ། གཏམ་མི་སྨྲ་བར་བཅས་པ་དང ། ལོངས་སྤྱོད་མི་གཅིག་པར་བཅས་ནས་བསྐོས་པ་དེ་ལྟ་བུ་ནི། གང་ཤེས་བཞིན་དུ་དགེ་འདུན་གྱིས་བྱ་བའི་ལས་དེ་ཉིད་ཤེས་ཀྱང་མང་པོའམ། གཉིས་སམ། གཅིག་གིས་ཀྱང་དེ་བཞིན་ནོ། །རང་གི་ཡི་དམ་བཞིན་དགེ་འདུན་ལས་མཛད་ན། རང་གི་ཡི་དམ་བཞིན་མང་པོའམ། གཉིས་སམ། གཅིག་གིས་དེ་བཞིན་དུ་འགྱུར་བ་མཆིས་སམ། གསུངས་པ། རང་གི་ཡི་དམ་བཞིན་དགེ་འདུན་ལས་བྱེད་ནའང་རང་གི་ཡི་དམ་བཞིན་མང་པོའམ། གཉིས་སམ། གཅིག་གིས་བྱ་བ་ཡོད་དོ། །ཇི་ལྟར་ན། རང་གི་ཡི་དམ་བཞིན་དགེ་འདུན་ལས་མཛད་པ་རང་གི་ཡི་དམ་བཞིན་མང་པོའམ། གཉིས་སམ། གཅིག་གིས་བགྱི་བ་ལགས། དེ་འདི་ལྟར་དགེ་སློང་ལ་དགེ་སློང་རྣམས་ཀྱིས་ཕྱག་མི་བྱ་བར་བཅས་པ་དང ། གཏམ་མི་སྨྲ་བར་བཅས་པ་དང ། ལོངས་སྤྱོད་མི་གཅིག་པར་བཅས་ནས་བསྐོས་པ་དེ་ལྟ་བུ་ནི། རང་ Pa300a ༄#། །གི་ཡི་དམ་བཞིན་དགེ་འདུན་ལས་བྱེད་ནའང་རང་གི་ཡི་དམ་བཞིན་མང་པོའམ། གཉིས་སམ། གཅིག་གིས་ཀྱང་དེ་བཞིན་ནོ། །གཞན་གྱི་ཡི་དམ་གྱིས་ཀྱང་དགེ་འདུན་ལས་མཛད་ན།་གཞན་གྱི་ཡི་དམ་གྱིས་མང་པོའམ། གཉིས་སམ། གཅིག་གིས་ཀྱང་དེ་བཞིན་དུ་བགྱི་བར་འགྱུར་བ་མཆིས་སམ། གསུངས་པ། ཡོད་དོ། །དེ་འདི་ལྟར་དགེ་སློང་ལ་དགེ་སློང་རྣམས་ཀྱིས་ཕྱག་མི་བྱ་བར་བཅས་པ་དང ། གཏམ་མི་སྨྲ་བར་བཅས་པ་དང ། ལོངས་སྤྱོད་མི་གཅིག་པར་བཅས་ནས་བསྐོས་པ་དེ་ལྟ་བུ་ནི། གཞན་གྱི་ཡི་དམ་གྱིས་ཀྱང་དགེ་འདུན་ལས་བྱེད་ན། གཞན་གྱི་ཡི་དམ་གྱིས་མང་པོ་འམ།་གཉིས་སམ། གཅིག་གིས་ཀྱང་སྔ་མ་བཞིན་ནོ། །དྲན་བཞིན་དུའང་དགེ་འདུན་གྱིས་ལས་མཛད་ན། དྲན་བཞིན་དུའང་མང་པོའམ། གཉིས་སམ། གཅིག་གིས་ཀྱང་དེ་བཞིན་དུ་འགྱུར་བ་མཆིས་སམ། བཀའ་སྩལ་པ། དྲན་བཞིན་དུའང་དགེ་འདུན་གྱི་ལས་བྱེད་ནའང་དྲན་བཞིན་དུའང་མང་པོའམ། གཉིས་སམ། གཅིག་གིས་ཀྱང་དེ་བཞིན་དུ་འགྱུར་བ་ཡོད་དོ། །དེ་འདི་ལྟར་དགེ་སློང་ལ་དགེ་སློང་རྣམས་ཀྱིས་ཕྱག་མི་བྱ་བར་བཅས་པ་དང ། གཏམ་མི་སྨྲ་བར་བཅས་པ་དང ། ལོངས་སྤྱོད་མི་གཅིག་པར་བཅས་ནས་བསྐོས་པ་དེ་ལྟ་བུ་ནི། དྲན་བཞིན་དུ་ཡང་དགེ་འདུན་གྱིས་ལས་བྱེད་ན།་དྲན་བཞིན་དུའང་མང་པོའམ། གཉིས་སམ། གཅིག་གིས་ཀྱང་སྔ་མ་བཞིན་ནོ། །མི་དྲན་པ་ལས་ཀྱང་མཆིས་སམ། སྔ་མ་བཞིན་ཏེ། མི་དྲན་ཀྱང་མང་པོའམ། གཉིས་སམ། གཅིག་གིས་ཞེས་ Pa300b བྱ་བའི་བར་དུ་དེ་བཞིན་ནོ། །མངོན་སུམ་དུ་གྱུར་ཀྱང་དགེ་འདུན་གྱིས་ལས་མཛད་ན། མངོན་སུམ་དུ་གྱུར་ཀྱང་མང་པོའམ། གཉིས་སམ། གཅིག་གིས་ཀྱང་དེ་བཞིན་དུ་འགྱུར་བ་མཆིས་སམ། གསུངས་པ། མངོན་སུམ་དུ་གྱུར་ཀྱང་མང་པོའམ། གཉིས་སམ། གཅིག་གིས་དེ་བཞིན་དུ་འགྱུར་བ་ཡོད་དེ། དེ་འདི་ལྟར་དགེ་སློང་ལ་དགེ་སློང་རྣམས་ཀྱིས་ཕྱག་མི་བྱ་བར་བཅས་པ་དང ། གཏམ་མི་སྨྲ་བར་བཅས་པ་དང ། ལོངས་སྤྱོད་མི་གཅིག་པར་བཅས་ནས་བསྐོས་པ་དེ་ལྟ་བུ་ནི། མངོན་སུམ་དུ་གྱུར་ཀྱང་དགེ་འདུན་གྱི་ལས་བྱེད་ན། མངོན་སུམ་དུ་གྱུར་ཀྱང་མང་པོའམ། གཉིས་སམ། གཅིག་གིས་སྔ་མ་བཞིན་ནོ། །མངོན་སུམ་དུ་གྱུར་ཀྱང་དགེ་འདུན་གྱི་ལས་བགྱིས་ན། མངོན་སུམ་དུ་མ་གྱུར་ཀྱང་དེ་བཞིན་དུ་འགྱུར་བ་མཆིས་སམ། གསུངས་པ། ཡོད་དེ། དེ་འདི་ལྟར་དགེ་སློང་ལ་དགེ་སློང་རྣམས་ཀྱིས་ཀྱང་ཕྱག་མི་བྱ་བར་བཅས་པ་དང ། གཏམ་མི་སྨྲ་བར་བཅས་པ་དང ། ལོངས་སྤྱོད་མི་གཅིག་པར་བཅས་ནས་བསྐོས་པ་དེ་ལྟ་བུ་ནི། མངོན་སུམ་དུ་མ་གྱུར་ཀྱང་དགེ་འདུན་གྱི་ལས་བྱེད་ན། མངོན་སུམ་དུ་མ་གྱུར་ཀྱང་མང་པོའམ། གཉིས་སམ། གཅིག་གིས་ཀྱང་སྔ་མ་བཞིན་ནོ། །སྨ་དབབ་པ་ལས་བསྡིགས་པ་དང ། སྨད་པ་དང ། བསྐྲད་པ་དང ། སླར་བསྡུམ་པ་བཞི་སྟེ། བསྡིགས་པའི་ལས་སུ་རིགས་པ་ལས། སྨད་པ་དང ། བསྐྲད་པ་དང ། སླར་བསྡུམ་པའི་ལས་བགྱིས་ན། བགྱིས་པ་ཞེས་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དོན་གང་གི་དབང་དུ་བྱས་པ་གསུམ་པོ་དེས་སམ། ལྔ་པོ་དེས་བྱས་ན། བྱས་པ་ཞེས་བྱའོ། །དེ་སྟེ་མདོ་ Pa301a ༄#། །སྡེའི་དབང་གིས་བྱེད་ན། མ་བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བསྡིགས་པའང་གཞན། སྨད་པའང་གཞན། བསྐྲད་པའམ་གཞན། སླར་བསྡུམ་པའང་གཞན་པའི་ཕྱིར་རོ། ། བཙུན་པ། སྨད་པའི་ལས་སུ་རིགས་པ་ལས། བསྐྲད་པ་དང ། སླར་བསྡུམ་པ་དང ། བསྡིགས་པའི་ལས་བགྱིས་ན། བགྱིས་ཞེས་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དོན་གང་གི་དབང་དུ་བྱས་པ་གསུམ་པོ་དེས་སམ། ལྔ་པོ་དེས་བྱས་ན། བྱས་པ་ཞེས་བྱའོ། །དེ་སྟེ་མདོ་སྡེའི་དབང་གིས་བྱེད་ན། མ་བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སྨད་པའང་གཞན། བསྐྲད་པའང་གཞན། སླར་བསྡུམ་པའང་གཞན། བསྡིགས་པའང་གཞན་པའི་ཕྱིར་རོ། །བཙུན་པ། བསྐྲད་པའི་ལས་སུ་རིགས་པ་ལས། སླར་བསྡུམ་པ་དང ། བསྡིགས་པ་དང ། སྨད་པའི་ལས་བགྱིས་ན། བགྱིས་པ་ཞེས་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དོན་གང་གི་དབང་དུ་བྱས་པ་གསུམ་པོ་དེས་སམ། ལྔ་པོ་དེས་བྱས་ན། བྱས་པ་ཞེས་བྱའོ། །དེ་སྟེ་མདོ་སྡེའི་དབང་གིས་བྱས་ན། མ་བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། བསྐྲད་པའང་གཞན། སླར་བསྡུམ་པའང་གཞན། བསྡིགས་པའང་གཞན། སྨད་པའང་གཞན་པའི་ཕྱིར་རོ། །བཙུན་པ། སླར་བསྡུམ་པའི་ལས་སུ་རིགས་པ་ལས། བསྡིགས་པ་དང ། སྨད་པ་དང ། བསྐྲད་པའི་ལས་བགྱིས་ན། བགྱིས་པ་ཞེས་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དོན་གང་གི་དབང་དུ་བྱས་པ་གསུམ་པོ་དེས་སམ། ལྔ་པོ་དེས་བྱས་ན། བྱས་པ་ཞེས་བྱའོ། །དེ་སྟེ་ Pa301b མདོ་སྡེའི་དབང་གིས་བྱས་ན། མ་བྱས་པ་ཞེས་བྱའོ། །དེ་ཅིའི་ཕྱིར་ཞེ་ན། སླར་བསྡུམ་པའང་གཞན། བསྡིགས་པ་ལ་སོགས་པའང་གཞན་པའི་ཕྱིར་རོ། །དངོས་པོ་གང་གིས་བསྐྲད་པའི་ལས་སུ་བགྱི་བའི་དངོས་པོ་དེས་སྨད་པ་དང ། བསྡིགས་པ་དང ། སླར་བསྡུམ་པར་རུང་ངམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་དོན་གྱི་དབང་དུ་བྱས་ན། རུང་ངོ ། །དངོས་པོ་གང་གིས་སྨད་པའི་ལས་སུ་བགྱི་བའི་དངོས་པོ་དེས་བསྐྲད་པ་དང ། བསྡིགས་པ་དང ། སླར་བསྡུམ་པར་རུང་ངམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་དོན་གྱི་དབང་དུ་བྱས་ན། རུང་ངོ ། །དངོས་པོ་གང་གིས་བསྡིགས་པའི་ལས་སུ་བགྱི་བའི་དངོས་པོ་དེས་སླར་བསྡུམ་པ་དང ། བསྐྲད་པ་དང ། སྨད་པར་རུང་ངམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་དོན་གྱི་དབང་དུ་བྱས་ན། རུང་ངོ ། །དངོས་པོ་གང་གིས་སླར་བསྡུམ་པའི་ལས་སུ་བགྱི་བའི་དངོས་པོ་དེས་བསྐྲད་པ་དང ། བསྡིགས་པ་དང ། སྨད་པར་རུང་ངམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེའི་དོན་གྱི་དབང་དུ་བྱས་ན། རུང་ངོ ། ། དངོས་པོ་གང་གིས་ལྷག་མ་མེད་པའི་ནོངས་པར་འགྱུར་བའི་དངོས་པོ་དེས་ལྷག་མ་དང་བཅས་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དོ། །འདི་ལྟར་དགེ་སློང་མཐུན་མོང་མ་ཡིན་པའི་ཕས་ཕམ་པ་བཞི་བྱས་ན། ལྷག་མ་མེད་པར་འགྱུར་རོ། །དགེ་སློང་ལ་ནི། ལྷག་མ་དང་བཅས་པར་འགྱུར་རོ། །དངོས་པོ་གང་གིས་ཕས་ཕམ་པའི་ནོངས་པར་འགྱུར་ Pa302a ༄#། །བའི་དངོས་པོ་དེས། དགེ་འདུན་གྱི་ལྷག་མར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་མ་ལ་ནི། ལུས་ཀྱིས་རེག་པར་སྤྱོད་པས་ཕས་ཕམ་པར་འགྱུར་རོ། །དགེ་སློང་ལ་དགེ་འདུན་གྱི་ལྷག་མར་འགྱུར་རོ། །དངོས་པོ་གང་གིས་ཕས་ཕམ་པའི་ནོངས་པར་འགྱུར་བའི་དངོས་པོ་དེས། ལྟུང་བར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་མས་ཤེས་བཞིན་དུ་དགེ་སློང་མའི་ཉེས་པ་སྦོམ་པོའི་ཉེས་པ་སྐྱ་རེངས་བྱུང་གི་བར་དུ་བཅབས་ན། ཕས་ཕམ་པར་འགྱུར་རོ། །དགེ་སློང་དག་གིས་དགེ་སློང་གི་བཅབས་ན། ལྟུང་བར་འགྱུར་རོ། །དངོས་པོ་གང་གིས་ཕས་ཕམ་པར་འགྱུར་བའི་དངོས་པོ་དེས་ཉེས་བྱས་སུ་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་མས་འདི་ལྟར་དགེ་འདུན་འདུས་པས་ཆོས་བཞིན་དུ་དགེ་སློང་མ་མཐོང་ངོ ། །ཞེས་སྤངས་པའི་རྗེས་སུ་ཞུགས་པ་དེ་ལ་དགེ་འདུན་གྱི་ནང་དུ་ལན་གསུམ་གྱི་བར་དུ་བསྒོ་ཡང་མི་གཏོང་ན། དགེ་སློང་མ་ལ་ནི། ཕས་ཕམ་པར་འགྱུར་རོ། །དགེ་སློང་གིས་བསྒོས་ཏེ་མ་བཏང་ན། ཉེས་བྱས་སུ་འགྱུར་རོ། །དངོས་པོ་གང་གིས་དགེ་འདུན་གྱི་ལྷག་མར་འགྱུར་ལ། དངོས་པོ་དེ་ཉིད་ཀྱིས་ལྟུང་བར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་གིས་བསམ་བཞིན་དུ་ཁུ་བ་ཕྱུང་ན། དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་མས་ Pa302b ཕྱུང་ན། ལྟུང་བར་འགྱུར་རོ། །དངོས་པོ་གང་གིས་དགེ་འདུན་གྱི་ལྷག་མར་འགྱུར་ལ། དངོས་པོ་དེ་ཉིད་ཀྱིས་ཉེས་བྱས་སུ་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་མ་དུས་མ་ཡིན་པར་དོན་གྱི་ཕྱིར་ཕྱི་རོལ་ཏུ་བྱུང་ན། དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་ལ་ནི། ཉེས་བྱས་སུ་འགྱུར་རོ། །གང་གི་དངོས་པོས་ལྟུང་བར་འགྱུར་ལ། དེའི་དངོས་པོས་སོ་སོར་བཤགས་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་གིས་གཉེན་མ་ཡིན་པ་ལས་བསོད་པའི་ཟས་བླངས་ན། ལྟུང་བར་འགྱུར་རོ། །དགེ་སློང་མས་བླངས་ན། སོ་སོར་བཤགས་པར་འགྱུར་རོ། །གང་གི་དངོས་པོས་ལྟུང་བར་འགྱུར་བ་དེའི་དངོས་པོ་དེ་ཉིད་ཀྱིས་ཉེས་བྱས་སུ་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་མས་རྩཝ་སྔོན་པོའི་སྟེང་དུ་བཤང་གཅི་བྱས་ན། ལྟུང་བར་འགྱུར་རོ། །དགེ་སློང་གིས་བྱས་ན། ཉེས་བྱས་སུ་འགྱུར་རོ། །དངོས་པོ་གང་གིས་སོ་སོར་བཤགས་པར་འགྱུར་ལ། དེའི་དངོས་པོ་དེ་ཉིད་ཀྱིས་ཉེས་བྱས་སུ་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དམ་བཅས་པའི་སློབ་པའི་རིགས་པ་ལས། བདག་གིས་ལག་གིས་བསྟར་ཏེ་བཟའ་བ་དང ། བཅའ་བ་དག་བླངས་ནས་སོ་སོར་ཆགས་པར་འགྱུར་རོ། །དགེ་སློང་མས་བླངས་ན། ཉེས་བྱས་སུ་འགྱུར་རོ། །རྐུན་གནས་སུ་ཡི་དམ་འཆའ་བཞིན་བསྙེན་པར་མ་རྫོགས་ན་ཡང་ Pa303a ༄#། །བསྙེན་པར་རྫོགས་པར་མི་བགྱི་བ་དང ། བསྙེན་པར་རྫོགས་པ་ལས་སླར་དབྱུང་བར་བགྱི་བ་དང ། བསྙེན་པར་མ་རྫོགས་པ་ལས་བསྙེན་པར་རྫོགས་པར་བགྱི་བ་དང ། བསྙེན་པར་རྫོགས་པ་ལ་མི་དབྱུང་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། ལན་གཉིས་སམ། ལན་གསུམ་གྱི་བར་དུ་གསོ་སྦྱོང་མངོན་དུ་མྱོང་ན། དེ་བསྙེན་པར་མ་རྫོགས་ན། བསྙེན་པར་རྫོགས་པར་མི་བྱ། བསྙེན་པར་རྫོགས་ན་ཡང་སླར་དབྱུང་བར་བྱ། གང་ཞིག་གིས་གསོ་སྦྱོང་ལན་གཅིག་མྱོང་ན། དེ་བསྙེན་པར་མ་རྫོགས་ན་ཡང་བསྙེན་པར་རྫོགས་པར་བྱ། བསྙེན་པར་རྫོགས་ན་ཡང་དབྱུང་བར་མི་བྱའོ། །དགེ་སློང་མ་སུན་ཕྱུང་བ་ཡི་དམ་འཆའ་བཞིན་དུ་བསྙེན་པར་མ་རྫོགས་ན་ཡང་བསྙེན་པར་རྫོགས་པར་མི་བགྱི་བ་དང ། བསྙེན་པར་རྫོགས་པ་ན་ཡང་སླར་དབྱུང་བ་དང ། བསྙེན་པར་མ་རྫོགས་ན་ཡང་བསྙེན་པར་རྫོགས་པར་བགྱི་བ་དང ། བསྙེན་པར་རྫོགས་ན་ཡང་མི་དབྱུང་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། མི་ཚངས་པར་སྤྱོད་པ་གང་གིས་དགེ་སློང་མ་སུན་ཕྱུང་བར་གྱུར་པ་དེ་ནི། བསྙེན་པར་མ་རྫོགས་ན་ཡང་བསྙེན་པར་རྫོགས་པར་མི་བྱ། བསྙེན་པར་རྫོགས་ན་ཡང་སླར་དབྱུང་བར་བྱ། གང་གིས་ལུས་ཀྱིས་རེག་པས་དགེ་སློང་མ་སུན་ཕྱུང་བ་དེ་ནི། བསྙེན་པར་མ་རྫོགས་ན་ཡང་བསྙེན་པར་རྫོགས་པར་བྱ། བསྙེན་པར་རྫོགས་ན་ཡང་སླར་མི་དབྱུང་བར་བྱའོ། །དགེ་འདུན་ Pa303b གྱི་དབྱེན་བྱས་པར་ཡི་དམ་འཆའ་བཞིན་བསྙེན་པར་མ་རྫོགས་ན་ཡང་བསྙེན་པར་རྫོགས་པར་མི་བྱ། བསྙེན་པར་རྫོགས་ན་ཡང་སླར་དབྱུང་བ་དང ། བསྙེན་པར་མ་རྫོགས་ན་ཡང་བསྙེན་པར་རྫོགས་པར་བགྱི་བ་དང ། བསྙེན་པར་རྫོགས་ན་ཡང་སླར་མི་དབྱུང་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། གང་ཆོས་མ་ཡིན་པ་ལ་ཆོས་མ་ཡིན་པར་འདུ་ཤེས་པ་དང་དབྱེན་ཀྱང་ཆོས་མ་ཡིན་པར་མཐོང་བཞིན་དགེ་འདུན་ཕྱེ་བར་གྱུར་པ་དང ། ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་ཤིང་དབྱེན་ཆོས་མ་ཡིན་པར་མཐོང་བཞིན་དགེ་འདུན་ཕྱེ་བར་གྱུར་པ་དང ། ཆོས་མ་ཡིན་པ་ལ་ཐེ་ཚོམ་དུ་གྱུར་ཅིང་དབྱེན་ཡང་ཆོས་མ་ཡིན་པར་མཐོང་བཞིན་དགེ་འདུན་ཕྱེ་བར་གྱུར་པ་དེ། བསྙེན་པར་མ་རྫོགས་ན་བསྙེན་པར་རྫོགས་པར་མི་བྱ། བསྙེན་པར་རྫོགས་ན་ཡང་སླར་དབྱུང་བར་བྱ། གང་གིས་ཆོས་མ་ཡིན་པ་ལ་ཆོས་སུ་འདུ་ཤེས་བཞིན་དགེ་འདུན་གྱི་དབྱེན་དུ་གྱུར་ཅིང་དབྱེན་ལའང་ཆོས་སུ་མཐོང་ན། དེ་བསྙེན་པར་མ་རྫོགས་ན་ཡང་བསྙེན་པར་རྫོགས་པར་བྱ། བསྙེན་པར་རྫོགས་ན་ཡང་མི་དབྱུང་བར་བྱའོ། །མ་བསད་པར་ཁས་ལེན་བཞིན་དུ་བསྙེན་པར་མ་རྫོགས་ན་ཡང་བསྙེན་པར་རྫོགས་པར་མི་བགྱི་བ་དང ། བསྙེན་པར་རྫོགས་ན་ཡང་སླར་དབྱུང་བར་བགྱི་བ་དང ། བསྙེན་པར་མ་རྫོགས་ན་ཡང་བསྙེན་པར་རྫོགས་པར་བགྱི་བ་དང ། བསྙེན་པར་རྫོགས་ན་ཡང་མི་དབྱུང་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། རང་གི་ལག་གིས་བསམ་བཞིན་ Pa304a ༄#། །དུ་མི་འཚོ་བ་དང་ཕྲལ་བར་གྱུར་པ་དེ་ནི། བསྙེན་པར་མ་རྫོགས་ན་བསྙེན་པར་རྫོགས་པར་མི་བྱ། བསྙེན་པར་རྫོགས་ན་ཡང་སླར་དབྱུང་བར་བྱའོ། །གང་གིས་གཞན་གྱི་འདུ་ཤེས་པས་མའི་འཚོ་བ་དང་ཕྲལ་བར་གྱུར་པ་དེ་ནི། བསྙེན་པར་མ་རྫོགས་ན་ཡང་བསྙེན་པར་རྫོགས་པར་གྱིས་ཤིག་།བསྙེན་པར་རྫོགས་ན་ཡང་སླར་མ་དབྱུང་ཞིག་།དེ་བཞིན་དུ་ཕ་དང ། དགྲ་བཅོམ་པ་ཉན་ཐོས་ཀྱང་ངོ ། །བཙུན་པ། ཅི། དགེ་སློང་དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ལམ། འོན་ཏེ་མི་དགེ་བའི་སེམས་སམ། འོན་ཏེ་ལུང་མི་སྟོན་པའི་སེམས་ཀྱིས་མའི་སྲོག་གཅོད། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པ་ལི། དགེ་སློང་དགེ་བའི་སེམས་དང ། མི་དགེ་བའི་སེམས་དང ། ལུང་དུ་མི་སྟོན་པའི་སེམས་ཀྱིས་ཀྱང་མ་འཚོ་བ་དང་བྲལ་བར་བྱེད་དོ། །བཙུན་པ། ཅི། དགེ་སློང་དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན། ཕས་ཕམ་པའི་ནོངས་པར་འགྱུར་ཞིང ། མཚམས་མེད་པའི་ལས་སུ་འགྱུར་བ་ཡང་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པ་ལི། དགེ་སློང་མི་དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན། ཕས་ཕམ་པའི་ཉེས་པར་ཡང་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་འགྱུར་རོ། །དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན། ཕས་ཕམ་པར་ཡང་མི་འགྱུར་ཞིང ། མཚམས་མེད་པའི་ལས་སུ་མི་འགྱུར་བ་ཡང་ཡོད་དོ། །བཙུན་པ། ཅི། དགེ་སློང་གིས་མི་ Pa304b དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན། ཕས་ཕམ་པར་ཡང་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་འགྱུར་རམ། དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན། ཕས་ཕམ་པར་ཡང་མི་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པ་ལི། མི་དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན། ཕས་ཕམ་པར་ཡང་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་འགྱུར་རོ། །དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན། ཕས་ཕམ་པར་ཡང་མི་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་མི་འགྱུར་རོ། །བཙུན་པ།་ཅི། དགེ་སློང་ལུང་དུ་མི་སྟོན་པའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན། ཕས་ཕམ་པར་ཡང་འགྱུར་ལ། མཚམས་མེད་པའི་ལས་སུ་འགྱུར་བ་མཆིས་སམ། ལུང་དུ་མི་སྟོན་པའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན། ཕས་ཕམ་པར་ཡང་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པ་ལི། དགེ་སློང་ལུང་དུ་མི་སྟོན་པའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན། ཕས་ཕམ་པར་ཡང་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་འགྱུར་རོ། །ལུང་དུ་མི་སྟོན་པའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན། ཕས་ཕམ་པར་ཡང་མི་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་མི་འགྱུར་རོ། །བཙུན་པ། ཇི་ལྟར་དགེ་སློང་གིས་མི་དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན། ཕས་ཕམ་པའི་ནོངས་པར་འགྱུར་ལ། མཚམས་མེད་པའི་ལས་སུ་ Pa305a ༄#། །ཡང་འགྱུར། ཇི་ལྟར་དགེ་སློང་དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན། ཕས་ཕམ་པའི་ནོངས་པར་ཡང་མི་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་མི་འགྱུར་བ་ལགས། བཀའ་སྩལ་པ། ཨུ་པ་ལི། འདི་ལྟར་དགེ་སློང་གིས་མ་ཞིག་ནད་བུ་ཅན། ཡུན་རིང་ཞིག་ནས་མི་བདེ། སྡུག་བསྔལ་གྱིས་དྲག་ཏུ་གཟིར་ཅིང ། གནོད་པ་ཆེར་གྱུར་པ་མྱོང་བ་དེས་དེ་ལྟ་བུའི་རྐྱེན་གྱིས་མ་འཚོ་བ་དང་ཕྲལ་ན། ཕས་ཕམ་པའི་ཉེས་པར་ཡང་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་འགྱུར་རོ། །འདི་ལྟར་དགེ་སློང་དེས་མ་ན་བ་ལ་འབྲས་ཅན་དང ། ནས་ཐུག་དང ། ཁུ་བ་དང ། ཤ་དང ། རི་དྭགས་ཀྱི་ཤ་བྱིན་པ་ལས། དེ་ཡང་དེའི་རྐྱེན་གྱིས་དུས་འདས་ན། དེ་དེ་ལ་ཕས་ཕམ་པའི་ཉེས་པར་མི་འགྱུར་ཞིང ། མཚམས་མེད་པའི་ལས་སུ་ཡང་མི་འགྱུར་རོ། །དེ་ལྟར་ན། དགེ་སློང་དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན། ཕས་ཕམ་པའི་ཉེས་པར་ཡང་འགྱུར་ལ། དེ་མཚམས་མེད་པའི་ལས་སུ་ཡང་འགྱུར་རོ། །དེ་ལྟར་ན། དགེ་སློང་དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན། ཕས་ཕམ་པའི་ཉེས་པར་ཡང་མི་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་མི་འགྱུར་རོ། །བཙུན་པ། ཇི་ལྟར་ན། དགེ་སློང་མི་དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན། ཕས་ཕམ་པའི་ནོངས་པར་ཡང་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་འགྱུར། ཇི་ལྟར་ན། དགེ་སློང་མི་དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན། ཕས་ཕམ་པའི་ Pa305b ནོངས་པར་ཡང་མི་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་མི་འགྱུར་བ་གང་ལགས། གསུངས་པ། ཨུ་པ་ལི། འདི་ལྟར་དགེ་སློང་གིས་ནོར་གྱི་ཕྱིར་རམ། རྐང་འགྲོས་ཀྱི་ཕྱིར་ཡང་རུང ། མའི་འཚོ་བ་དང་ཕྲལ་ན། ཕས་ཕམ་པའི་ཉེས་པར་ཡང་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་འགྱུར་རོ། །འདི་ལྟར་ཡང་དགེ་སློང་མི་དགེ་བའི་སེམས་ཀྱིས་བལ་གླང་ལ་བརྡེག་གམ། ལུག་གམ། ར་ལ་བརྡེག་སྙམ་པ་ལས། མ་ལ་ཕོག་སྟེ་དེའི་རྐྱེན་གྱིས་དེ་དུས་འདས་ན། དེ་ལ་ཕས་ཕམ་པའི་ཉེས་པར་ཡང་མི་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་མི་འགྱུར་རོ། །དེ་བཞིན་དུ་དགེ་སློང་མི་དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན། ཕས་ཕམ་པའི་ཉེས་པར་མི་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་མི་འགྱུར་རོ། །དེ་ལྟར། མི་དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན། ཕས་ཕམ་པའི་ཉེས་པར་ཡང་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་འགྱུར་རོ། །མི་དགེ་བའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན། ཕས་ཕམ་པར་ཡང་མི་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་མི་འགྱུར་རོ། ། ཇི་ལྟར་ན། ལུང་དུ་མི་སྟོན་པའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན། ཕས་ཕམ་པའི་ནོངས་པར་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་འགྱུར་བ་ལགས། ལུང་དུ་མི་སྟོན་པའི་སེམས་ཀྱིས་མ་འཚོ་བ་དང་ཕྲལ་ན། ཕས་ཕམ་པའི་ནོངས་པར་ཡང་མི་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་མི་འགྱུར་བ་གང་ལགས། བཀའ་སྩལ་པ། འདི་ལྟར་ཡང་དགེ་སློང་ལ་ལས་མ་བསད་པའི་ཕྱིར་ Pa306a ༄#། །ཐབས་བྱར་ཏེ་དེ་ཉལ་ལོ། །དེ་ཉལ་བའི་འོག་ཏུ་འཚོ་བ་དང་ཕྲལ་ན། ཕས་ཕམ་པའི་ཉེས་པར་ཡང་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་འགྱུར་རོ། །འདི་ལྟར་དགེ་སློང་ལུང་དུ་མི་སྟོན་པའི་སེམས་ཀྱིས་ས་ལ་བརྡེག་།ཤིང་གི་ལོ་མ་ལ་བརྡེག་གོ་།སྙམ་པ་ལས་མ་ལ་ཕོག་སྟེ་དེའི་རྐྱེན་གྱིས་དེ་དུས་བྱས་ན། ཕས་ཕམ་པའི་ཉེས་པར་མི་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་མི་འགྱུར་རོ། །དེ་ལྟར་ན། དགེ་སློང་ལུང་དུ་མི་སྟོན་པའི་སེམས་ཀྱིས་མ་བསད་ན། ཕས་ཕམ་པའི་ལྟུང་བར་ཡང་འགྱུར། མཚམས་མེད་པའི་ལས་སུ་ཡང་འགྱུར་རོ། །ལུང་དུ་མི་སྟོན་པའི་སེམས་ཀྱིས་མ་བསད་ན། ཕས་ཕམ་པའི་ཉེས་པར་ཡང་མི་འགྱུར་ལ། མཚམས་མེད་པའི་ལས་སུ་ཡང་མི་འགྱུར་རོ། །དེ་བཞིན་དུ་ཕ་དང ། ཉན་ཐོས་ཀྱི་དགྲ་བཅོམ་པ་ཡང་དེ་བཞིན་ནོ།། །།འདུལ་བ་གཞུང་དམ་པ། བམ་པོ་ཞེ་ལྔ་པ། བཙུན་པ། དགེ་སློང་མཚམས་ཀྱི་ནང་དུ་ལྷན་ཅིག་གནས་པ་ལས། ཐོག་མ་ནས་མ་སྤངས་པར་དགེ་འདུན་ཀྱང་མ་འདུས་པ་དེའི་ཚེ་ཚིག་ཙམ་གྱིས་ལས་ཐམས་ཅད་བགྱིས་ན། བགྱིས་པ་ཞེས་ཀྱང་བགྱི་ལ། ནོངས་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཏེ། དེ་ལྟ་བས་ན། དེའི་ཕྱིར་ངས་མོའུ་འགལ་གྱི་བུ་ལ། ཁྱེད་ཅག་གིས་སོ་སོར་ཐར་པའི་མདོ་ལྷོགས་ཤིག་།དེ་བཞིན་གཤེགས་པ་ལ་ Pa306b སོ་སོར་ཐར་བའི་མདོ་ཀློག་པ་མ་སྡོད་ཅིག་།ཅེས་བསྒོ་བ་ཡིན་ནོ། །ཡང་དགེ་སློང་ལ་ལ་གསོ་སྦྱོང་ལྔ་ལས་གང་ཡང་རུང ། གསོ་སྦྱོང་མངོན་དུ་མ་མྱོང་ན། གསོ་སྦྱོང་མ་བགྱིས་ཤིང་ནོངས་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། གསོ་སྦྱོང་བྱིན་གྱིས་བརླབས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཁྱིམ་པ་འདུག་པར་གསོ་སྦྱོང་མི་བྱ་ཞིང ། སོ་སོར་ཐར་པ་མ་ཀློགས་ཤིག་།ཅེས་གསུངས་ན། ཁྱིམ་པ་མཆིས་བཞིན་དུ་དགེ་འདུན་གྱིས་གསོ་སྦྱོང་བགྱིས་ཏེ་སོ་སོར་ཐར་པའི་མདོ་བཀླགས་ན། བཀླགས་པ་ཞེས་ཀྱང་བགྱི་ལ། ནོངས་པར་ཡང་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བུ་ཡང་ཡོད་དེ། ངས་འདི་ལྟར་དགེ་སློང་རྣམས། ཁྱེད་ཀྱིས་ཀོ་ས་ལའི་རྒྱལ་པོ་གསལ་རྒྱལ་གྱི་མདུན་དུ་འཁོར་གཞན་མེད་པར་བྱོས་ལ་སོ་སོར་ཐར་པའི་མདོ་ལྷོགས་ཤིག་དང ། དེ་རབ་ཏུ་དད་པར་འགྱུར་རོ། །ཞེས་བསྒོ་བ་ཡིན་ནོ། །བཅོམ་ལྡན་འདས། དགེ་སློང་དགེ་བའི་སེམས་དང་ལྡན་པས་ནོངས་པར་འགྱུར་རམ། དེ་སྟེ་མི་དགེ་བའི་སེམས་དང ། ལུང་དུ་མི་སྟོན་པའི་སེམས་ཀྱིས་ནོངས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་དགེ་བའི་སེམས་དང ། མི་དགེ་བའི་སེམས་དང ། ལུང་དུ་མི་སྟོན་པའི་སེམས་ཀྱིས་ཉེས་པར་འགྱུར་བ་ཡོད་དོ། ། དགེ་བའི་སེམས་ཀྱིས་ཉེས་པ་ཇི་ལྟར་ཞེ་ན། འདི་ལྟར་དགེ་སློང་གསར་བུ་བསླབ་པའི་ཡི་དམ་ལ་མི་མཁས་པས་མཆོད་རྟེན་འཁོར་གྱི་རྩཝ་རྔའམ། འཆགས་དང་ཁྱམས་ཀྱི་རྩཝ་རྔའམ། མེ་ཏོག་འཐོག་བ་ནི། Pa307a ༄#། །དགེ་བའི་སེམས་ཀྱིས་སོ། །མི་དགེ་བའི་སེམས་ཀྱིས་ཉེས་པ་ཇི་ལྟར་ཞེ་ན། སངས་རྒྱས་ཀྱིས་བསླབ་པ་བཅས་པ་ལས་བསམ་བཞིན་དུ་འདའ་བ་འདི་ནི། མི་དགེ་བའི་སེམས་སོ། །ལུང་དུ་མི་སྟོན་པའི་སེམས་ཀྱིས་ཉེས་པ་ཇི་ལྟར་ཞེ་ན། སངས་རྒྱས་ཀྱིས་བསླབ་པ་བཅས་པ་ལས་མ་བསམ་བཞིན་དུ་འདའ་བ་སྟེ། དེ་ལྟ་བུ་ནི། ལུང་དུ་མི་སྟོན་པའི་སེམས་ཀྱིས་སོ། །བཙུན་པ།་དགྲ་བཅོམ་པ་དག་དགེ་བའི་སེམས་ཀྱིས་ནོངས་པར་འགྱུར་རམ། དེ་སྟེ་ལུང་དུ་མི་སྟོན་པའི་སེམས་ཀྱིས་ནོངས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པ་ལི། དགྲ་བཅོམ་པ་བྱེད་ན། ཐམས་ཅད་ཀྱང་ལུང་དུ་མི་སྟོན་པའི་སེམས་ཀྱིས་ཉེས་པར་འགྱུར་བ་ཞེས་བྱའོ། །བཙུན་པ། ཇི་ལྟར་ན། དགེ་སློང་དགྲ་བཅོམ་པ་ནོངས་པ་བགྱིད་ན། དེ་དག་ཐམས་ཅད་ཀྱང་ལུང་དུ་མི་སྟོན་པའི་སེམས་ཀྱིས་བགྱིས་པ་ཞེས་བགྱི། ཨུ་པ་ལི། ཇི་ལྟར་དགེ་སློང་དགྲ་བཅོམ་པས་བརྒྱ་ལམ་བརྒྱ་ལམ་ན་དྲན་པ་ཉམས་པར་གྱུར་ནས་ཆོས་གོས་ཅི་ཆོག་ཏུ་འཆང་ལ། སྦྱར་མ་མེད་པར་གྲོང་དུ་འཇུག་།ཡང་ཡང་ཟ། འདུས་ཤིང་ཟ། གཉིད་ལོག་པའི་ཚེ་མལ་སྟན་ཆེན་པོའི་སྟེང་དུ་བཞག་པ་དང ། གཉིད་ལོག་པའི་ཚེ་བུད་མེད་ཀྱི་མལ་དུ་བསྙལ་བ་དང ། བསྙེན་པར་མ་རྫོགས་པ་རྣམས་དོང་བའི་ཚེ་ཉལ་ལ། ཕྱིས་བསྙེན་པར་མ་རྫོགས་པ་རྣམས་འོངས་ན། དེ་སུ་དང་ལྷན་ཅིག་འདུག་འདུག་པ་དེ་ལ་ལངས་པའི་ཚེ་ཆོས་བཞིན་དུ་བཤགས་པ་དེ་ལྟ་བུ་དག་ནི། དགེ་སློང་དགྲ་བཅོམ་པ་ཉེས་པ་ Pa307b བྱེད་ན། ཐམས་ཅད་ཀྱང་ལུང་དུ་མི་སྟོན་པའི་སེམས་ཀྱིས་བྱེད་ཅེས་བྱའོ། །གང་དགེ་འདུན་ཕྱེ་བ་དེ་ཐམས་ཅད་འཁྲུགས་པ་ཞེས་བགྱིའམ། དགེ་འདུན་འཁྲུགས་པ་ཐམས་ཅད་བྱེ་བ་ཞེས་བགྱི། དགེ་འདུན་བྱེ་ལ།་དགེ་འདུན་འཁྲུགས་པའང་ཡོད། དགེ་འདུན་འཁྲུགས་ལ་དགེ་འདུན་མ་བྱེ་བ་ཡང་ཡོད་དོ། །དགེ་འདུན་བྱེ་ལ་དགེ་འདུན་མ་འཁྲུགས་པའང་ཡོད་དོ། །དགེ་འདུན་མ་བྱེ་ལ་དགེ་འདུན་མ་འཁྲུགས་པའང་ཡོད་དོ། །དགེ་འདུན་བྱེ་ལ་དགེ་འདུན་མ་འཁྲུགས་པ་གང་ཞེ་ན། འདི་ལྟར་དགེ་འདུན་དག་བྱེ་བར་ནི། གྱུར་གྱི། དགེ་འདུན་ཕྱེ་བར་བྱ་བའི་དངོས་པོ་བཅུ་བཞི་པོ་ཤིན་ཏུ་རུང་བར་བྱས་ཤིང་མ་བཟུང་བ་ཡིན་ཏེ། དེ་ལྟར་ན། དགེ་འདུན་བྱེ་ལ་མ་འཁྲུགས་པ་ཡིན་ནོ། །དགེ་འདུན་འཁྲུགས་ལ་དགེ་འདུན་མ་བྱེ་བ་གང་ཞེ་ན། དེ་འདི་ལྟར་དགེ་འདུན་བྱེ་བར་བྱེད་པའི་དངོས་པོ་བཅུ་བཞི་པོ་ཤིན་ཏུ་རུང་བར་བྱས་ཤིང་བཟུང་བ་ཡིན་གྱི་དགེ་འདུན་ནི། བྱེ་བར་མ་གྱུར་ཏེ། དེ་ལྟར་དགེ་འདུན་འཁྲུགས་ལ་བྱེ་བར་མ་གྱུར་བའོ། །དགེ་འདུན་བྱེ་ལ་འཁྲུགས་པར་གྱུར་པ་གང་ཞེ་ན། འདི་ལྟར་དགེ་འདུན་བྱེ་བར་ཡང་གྱུར་ཏེ། བྱེ་བར་བྱེད་པའི་དངོས་པོ་བཅུ་བཞི་པོ་ཡང་ཤིན་ཏུ་རུང་བར་བྱས་ཤིང་བཟུང་བ་ནི། དགེ་འདུན་བྱེ་ལ་དགེ་འདུན་འཁྲུགས་པ་ཡིན་ནོ། །དགེ་འདུན་འཁྲུགས་པའང་མ་ཡིན་ལ་དགེ་འདུན་བྱེ་བའང་མ་ཡིན་པ་གང་ཞེ་ན། རྣམ་པ་འདི་རྣམས་མ་གཏོགས་པའོ། །གང་དགེ་འདུན་བྱེ་བ་དེ་ཐམས་ཅད་དགེ་འདུན་ཐ་དད་པ་ཞེས་བགྱིའམ། གང་དགེ་འདུན་ཐ་དད་པ་དེ་ཐམས་ཅད་བྱེ་བ་ཞེས་བགྱི། དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་ Pa308a ༄#། །པ་མ་ཡིན་པའང་ཡོད། དགེ་འདུན་ཡང་ཐ་དད་ལ་དགེ་འདུན་མ་བྱེ་བ་ཡང་ཡོད། དགེ་འདུན་བྱེ་བའང་ཡིན་ལ་དགེ་འདུན་ཐ་དད་པར་གྱུར་པའང་ཡོད། དགེ་འདུན་བྱེ་བ་ཡང་མ་ཡིན་ལ་དགེ་འདུན་ཐ་དད་པར་མ་གྱུར་པ་ཡང་ཡོད་དོ། །དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་པར་མ་གྱུར་པ་གང་ཞེ་ན། དེ་འདི་ལྟར། དགེ་འདུན་བྱེ་བར་ནི། གྱུར་ལ། དགེ་འདུན་གཉིས་ཐ་དད་དུ་མི་གནས། དོན་གྱིས་མ་བྱེ། མཚམས་ཀྱིས་མ་བྱེ། རྙེད་པ་ལ་མ་བྱེ། ཟས་ལ་མ་བྱེ་བ་ནི། དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་དུ་མ་གྱུར་པ་ཡིན་ནོ། །དགེ་འདུན་ཐ་དད་ལ་དགེ་འདུན་བྱེ་བ་མ་ཡིན་པ་གང་ཞེ་ན། དེ་འདི་ལྟར། དགེ་འདུན་གཉིས་ཐ་དད་དུ་གནས། དོན་གྱིས་བྱེ། མཚམས་ཀྱིས་བྱེ། རྙེད་པ་ལ་བྱེ། ཟས་ལ་བྱེ་བ་དེ་ནི། དགེ་འདུན་གཉིས་ཐ་དད་དུ་གྱུར་ལ་དགེ་དུན་མ་བྱེ་བ་སྟེ། དེ་ནི། དགེ་འདུན་ཐ་དད་ལ་དགེ་འདུན་བྱེ་བ་མ་ཡིན་པའོ། །དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་པ་གང་ཞེ་ན། དེ་འདི་ལྟར་དགེ་འདུན་ཡང་བྱེ་བར་གྱུར་ལ། དགེ་འདུན་གཉིས་ཐ་དད་དུ་གནས། དོན་གྱིས་བྱེ། མཚམས་ཀྱིས་བྱེ། རྙེད་པ་ལ་བྱེ། ཟས་ལ་བྱེ་བ་དེ་ནི། དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་དུ་གྱུར་པ་ཡིན་ནོ། །དགེ་འདུན་བྱེ་བ་ཡང་མ་ཡིན། དགེ་འདུན་ཐ་དད་པ་ཡང་མ་ཡིན་པ་གང་ཞེ་ན། རྣམ་པ་འདི་དག་མ་གཏོགས་པའོ། །གང་དགེ་འདུན་བྱེ་བ་དེ་ཐམས་ཅད་དགེ་འདུན་ཐ་དད་དུ་གནས་པ་ཞེས་བགྱིའམ། གང་དགེ་འདུན་ཐ་དད་པར་གནས་པ་དེ་ཐམས་ཅད་དགེ་འདུན་བྱེ་བ་ཞེས་བགྱིའམ། དགེ་འདུན་བྱེ་ལ་དགེ་ Pa308b འདུན་ཐ་དད་དུ་མི་གནས་པ་ཡང་ཡོད། དགེ་འདུན་ཐ་དད་དུ་གནས་ལ་དགེ་འདུན་མ་བྱེ་བ་ཡང་ཡོད། དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་པར་གནས་པ་ཡང་ཡོད། དགེ་འདུན་མ་བྱེ་ལ་དགེ་འདུན་ཐ་དད་དུ་མི་གནས་པ་ཡང་ཡོད་དོ། །དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་པར་མི་གནས་པ་གང་ཞེ་ན། དེ་འདི་ལྟར་དགེ་འདུན་དེ་དག་བྱེ་བར་གྱུར་ཀྱང་དགེ་འདུན་གཉིས་ཐ་དད་དུ་མི་གནས་པ་ཡིན་ཏེ། དོན་གྱིས་ཐ་མི་དད། མཚམས་ཀྱིས་ཐ་མི་དད། རྙེད་པས་ཐ་མི་དད། ཟས་ལ་ཐ་མི་དད་པ་དེ་ནི། དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་དུ་མི་གནས་པའོ། །དགེ་དུན་ཐ་དད་པར་གནས་ལ་དགེ་དུན་མ་བྱེ་བ་གང་ཞེ་ན། དེ་འདི་ལྟར་དགེ་འདུན་གཉིས་ཐ་དད་དུ་གྱུར་ཏེ། དོན་གྱིས་ཐ་དད། མཚམས་ཀྱིས་ཐ་དད། རྙེད་པས་ཐ་དད། ཟས་ལ་ཐ་དད་པ་དེ་ནི། དགེ་འདུན་གཉིས་ཐ་དད་པར་གནས་ཀྱང་མ་བྱེ་བ་སྟེ། དེ་ནི། དགེ་འདུན་ཐ་དད་པར་གནས་ལ་དགེ་འདུན་མ་བྱེ་བའོ། །དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་པར་གནས་པ་གང་ཞེ་ན། དེ་འདི་ལྟར་དགེ་འདུན་བྱེ་བར་གྱུར། དགེ་འདུན་གཉིས་ཐ་དད་དུ་གནས་པར་གྱུར་ཏེ་དོན་ལ་ཐ་དད། མཚམས་ལ་ཐ་དད། རྙེད་པ་ལ་ཐ་དད་ཟས་ལ་ཐ་དད་པ་དེ་ནི། དགེ་འདུན་བྱེ་ལ་ཐ་དད་པར་གནས་པའོ། །དགེ་འདུན་མ་བྱེ་ལ་དགེ་འདུན་ཐ་དད་དུ་གནས་པའང་མ་ཡིན་པ་གང་ཞེ་ན། དེ་འདི་ལྟར་རྣམ་པ་འདི་དག་མ་གཏོགས་པའོ། །དགེ་འདུན་གྱི་འབྱེད་པ་དེ་དག་ཐམས་ཅད་བསྐལ་པར་མཆིས་པ་ལགས་སམ། གང་བསྐལ་པར་མཆིས་པ་ཐམས་ཅད་དགེ་འདུན་གྱི་དབྱེན་བགྱིས་པ་ལགས་སམ་ཞེས་གསོལ་པ་དང ། དགེ་འདུན་གྱི་དབྱེན་བྱས་ལ་བསྐལ་པར་མི་ Pa309a ༄#། །གནས་པའང་ཡོད། བསྐལ་པར་གནས་ལ་དགེ་འདུན་གྱི་དབྱེན་མ་བྱས་པའང་ཡོད། དགེ་འདུན་གྱི་དབྱེན་ཡང་བྱས་ལ་བསྐལ་པར་གནས་པའང་ཡོད། དགེ་འདུན་གྱི་དབྱེན་ཡང་མི་བྱེད་ལ་བསྐལ་པར་མི་གནས་པ་ཡང་ཡོད་དོ། །དགེ་འདུན་གྱི་དབྱེན་བྱས་ལ་བསྐལ་པར་མི་གནས་པ་གང་ཞེ་ན། གང་གིས་ཆོས་བཞིན་དུ་འདུ་ཤེས་པས་དགེ་འདུན་ཕྱེ་བར་གྱུར་པ་དེ་ནི་དགེ་འདུན་ཕྱེ་ལ་བསྐལ་པར་མི་གནས་པའོ། །བསྐལ་པར་གནས་ལ་དགེ་འདུན་མ་བྱེ་བ་གང་ཞེ་ན། ཀླུའི་རྒྱལ་པོ་ཤུགས་ལྡན་དང ། ཀླུའི་རྒྱལ་པོ་ཤིན་ཏུ་གནས་པ་དང ། ཀླུའི་རྒྱལ་པོ་ཡིད་དུ་འོང་བ་དང ། ཀླུའི་རྒྱལ་པོ་དགའ་བོ་དང ། བསྙེན་དགའ་བོ་དང ། ལ་བ་ཅན་དང ། རྟ་བཟང་དང ། གཤིན་རྗེའི་རྒྱལ་པོ་དང ། ཚངས་རིས་ཀྱི་ལྷ་དང ། འདི་དག་ནི་བསྐལ་པར་གནས་པ་སྟེ། དགེ་འདུན་གྱི་དབྱེན་མ་བྱས་སོ། །དགེ་འདུན་འབྱེད་པའང་ཡིན་ལ་བསྐལ་པར་གནས་པ་གང་ཞེ་ན། ལྷས་སྦྱིན་ཡིན་ཏེ། འདི་ནི་དགེ་འདུན་འབྱེད་པའང་ཡིན་ལ་བསྐལ་པར་གནས་པའང་ཡིན་ནོ། །དགེ་འདུན་འབྱེད་པ་ཡང་མ་ཡིན་ལ་བསྐལ་པར་གནས་པ་ཡང་མ་ཡིན་པ་གང་ཞེ་ན། རྣམ་པ་འདི་དག་མ་གཏོགས་པའོ། །གང་ཅུང་ཟད་དགེ་འདུན་གྱི་དབྱེན་བགྱིས་པ་དེ་ཐམས་ཅད་བསྐལ་པར་གནས་པའི་ཁ་ན་མ་ཐོ་བར་འགྱུར་རམ། གང་བསྐལ་པར་གནས་པའི་ཁ་ན་མ་ཐོ་བར་གྱུར་བ་དེ་ཐམས་ཅད་དགེ་འདུན་གྱི་དབྱེན་བགྱིས་པ་ལགས་སམ། དགེ་འདུན་གྱི་དབྱེན་བྱས་ལ་བསྐལ་པར་གནས་པའི་ཁ་ན་མ་ཐོ་བར་མི་འགྱུར་བའང་ཡོད། བསྐལ་ Pa309b པར་གནས་པའི་ཁ་ན་མ་ཐོ་བར་འགྱུར་ལ་དགེ་འདུན་གྱི་དབྱེན་མ་བྱས་པ་ཡང་ཡོད། དགེ་འདུན་ཡང་འབྱེད་ལ་བསྐལ་པར་གནས་པའི་ཁ་ན་མ་ཐོ་བར་འགྱུར་བ་ཡང་ཡོད། དགེ་འདུན་ཡང་མ་བྱེ་ལ་བསྐལ་པར་གནས་པའི་ཁ་ན་མ་ཐོ་བར་མི་འགྱུར་བ་ཡང་ཡོད་དོ། །དགེ་འདུན་ཕྱེ་ལ་བསྐལ་པར་གནས་པའི་ཁ་ན་མ་ཐོ་བར་མི་འགྱུར་བ་གང་ཞེ་ན། གང་གིས་ཆོས་བཞིན་དུ་འདུ་ཤེས་བས་དགེ་འདུན་ཕྱེ་བར་གྱུར་པ་འདི་ནི་དགེ་འདུན་ཕྱེ་བ་ཡིན་ལ་བསྐལ་པར་གནས་པའི་ཁ་ན་མ་ཐོ་བར་མི་འགྱུར་པའོ། །བསྐལ་པར་གནས་པའི་ཁ་ན་མ་ཐོ་བར་འགྱུར་ལ་དགེ་འདུན་མ་ཕྱེ་བ་གང་ཞེ་ན། ཀླུའི་རྒྱལ་པོ་ཤུགས་ལྡན་དང ། ཀླུའི་རྒྱལ་པོ་ཤིན་ཏུ་གནས་པ་དང ། ཀླུའི་རྒྱལ་པོ་ཡིད་དུ་འོང་བ་དང ། ཀླུའི་རྒྱལ་པོ་དགའ་བོ་དང ། ཀླུའི་རྒྱལ་པོ་བསྙེན་དགའ་དང ། ཀླུའི་རྒྱལ་པོ་ལ་བ་ཅན་དང ། ཀླུའི་རྒྱལ་པོ་རྟ་བཟང་དང ། གཤིན་རྗེའི་རྒྱལ་པོ་དང ། ཚངས་རིས་ཀྱི་ལྷ་དང ། འདི་དག་ནི་བསྐལ་པར་གནས་པའི་ཁ་ན་མ་ཐོ་བར་འགྱུར་ལ། དགེ་འདུན་མ་ཕྱེ་བའོ། །དགེ་འདུན་ཡང་འབྱེད་ལ་བསྐལ་པར་གནས་པའི་ཁ་ན་མ་ཐོ་བར་འགྱུར་བ་ནི་ལྷས་སྦྱིན་ཏེ། འདིས་དགེ་འདུན་ཡང་ཕྱེ་ལ་བསྐལ་པར་གནས་པའི་ཁ་ན་མ་ཐོ་བར་ཡང་འགྱུར་རོ། །དགེ་འདུན་འབྱེད་བ་ཡང་མ་ཡིན་ལ་བསྐལ་པར་གནས་པའི་ཁ་ན་མ་ཐོ་བར་ཡང་མི་འགྱུར་བ་གང་ཞེ་ན། རྣམ་པ་འདི་དག་མ་གཏོགས་པའོ། །གང་གིས་དགེ་འདུན་ཕྱེ་བ་དེ་ཐམས་ཅད་ལོག་པར་ངེས་པ་ལགས་སམ། ལོག་པར་ངེས་པ་དེ་ཐམས་ཅད་དགེ་འདུན་འབྱེད་པ་ལགས་སམ། གསུངས་པ། དགེ་འདུན་འབྱེད་པར་བྱེད་ལ་ལོག་པར་མ་ངེས་པའང་ཡོད། ལོག་པར་ངེས་པ་དགེ་འདུན་མི་ Pa310a ༄#། །འབྱེད་པའང་ཡོད། དགེ་འདུན་འབྱེད་ལ་ལོག་པར་ངེས་པ་ཡང་ཡོད། དགེ་འདུན་ཡང་མི་འབྱེད་ལ་ལོག་པར་མ་ངེས་པ་ཡང་ཡོད་དོ། །དགེ་འདུན་འབྱེད་ལ་ལོག་པར་མ་ངེས་པ་གང་ཞེ་ན། གང་གིས་ཆོས་བཞིན་དུ་འདུ་ཤེས་པས་དགེ་འདུན་ཕྱེ་བར་གྱུར་པ་དེ་ནི། དགེ་འདུན་འབྱེད་པར་བགྱིད་ལ་ལོག་པར་མ་ངེས་པའོ། །ལོག་པར་ངེས་ལ་དགེ་འདུན་མི་འབྱེད་པ་གང་ཞེ་ན། ཕ་བསད་པ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དེ་དག་ནི། ལོག་པར་ངེས་ལ་དགེ་འདུན་གྱི་དབྱེན་མི་བྱེད་པའོ། །དགེ་འདུན་གྱི་དབྱེན་ཡང་བྱས་ལ་ལ་ལོག་པར་ཡང་ངེས་པ་གང་ཞེ་ན། ལྷས་སྦྱིན་ཡིན་ཏེ། དགེ་འདུན་ཡང་ཕྱེ་ལ་ལོག་པར་ཡང་ངེས་པའོ། །དགེ་འདུན་ཕྱེ་བ་ཡང་མ་ཡིན་ལ་ལོག་པར་མ་ངེས་པ་གང་ཞེ་ན། དེ་རྣམས་མ་གཏོགས་པའོ། ། གང་དགེ་འདུན་གྱི་དབྱེན་བྱེད་པ་དེ་ཐམས་ཅད་མི་མཁས་པ་ལགས་ལ། མི་མཁས་པར་སྨྲ་བའང་ལགས་སམ། མི་མཁས་ལ་མི་མཁས་པར་སྨྲ་བ་དེ་ཐམས་ཅད་དགེ་འདུན་གྱི་དབྱེན་བགྱིད་པ་ལགས་སམ། གསུངས་པ། དགེ་འདུན་གྱི་དབྱེན་བྱེད་ལ། མི་མཁས་པ་མ་ཡིན་ལ་མི་མཁས་པར་སྨྲ་བ་མ་ཡིན་པ་ཡང་ཡོད། མི་མཁས་ལ་མི་མཁས་པར་སྨྲ་ཞིང ། དགེ་འདུན་གྱི་དབྱེན་དུ་མི་འགྱུར་བ་ཡང་ཡོད།་དགེ་འདུན་གྱི་དབྱེན་ཡང་བྱས་ཤིང་མི་མཁས་ལ་མི་མཁས་པར་སྨྲ་བ་ཡང་ཡོད། དགེ་འདུན་གྱི་དབྱེན་ཡང་མ་བྱས་ལ། མི་མཁས་པ་ཡང་མ་ཡིན་ལ་མི་མཁས་པར་སྨྲ་བ་མ་ཡིན་པའང་ཡོད་ Pa310b དོ། །དགེ་འདུན་གྱི་དབྱེན་བྱས་ལ། མི་མཁས་པ་ཡང་མ་ཡིན་མི་མཁས་པར་སྨྲ་བ་ཡང་མ་ཡིན་པ་གང་ཞེ་ན། གང་གིས་ཆོས་བཞིན་དུ་འདུ་ཤེས་པས། དགེ་འདུན་གྱི་དབྱེན་བྱས་པར་གྱུར་ན། དེ་ལྟ་བུ་ནི། དགེ་འདུན་གྱི་དབྱེན་བྱས་ལ། མི་མཁས་པ་ཡང་མ་ཡིན་མི་མཁས་པར་སྨྲ་བ་ཡང་མ་ཡིན་པའོ། །མི་མཁས་ལ་མི་མཁས་པར་སྨྲ་ཡང་དགེ་འདུན་གྱི་དབྱེན་དུ་མི་འགྱུར་བ་གང་ཞེ་ན། སྟོན་པ་དྲུག་པོར་ཡི་དམ་བཅས་པ་སྟེ། དེ་ནི། མི་མཁས་ལ་མི་མཁས་པར་སྨྲས་ཀྱང ། དགེ་འདུན་གྱི་དབྱེན་དུ་མི་འགྱུར་བའོ། །དགེ་འདུན་གྱི་དབྱེན་ཡང་བྱས་ལ། མི་མཁས་ལ་མི་མཁས་པར་སྨྲ་བ་གང་ཞེ་ན། ལྷས་སྦྱིན་ཡིན་ཏེ།་དེ་ནི། དགེ་འདུན་གྱི་དབྱེན་ཡང་བྱས་ལ། མི་མཁས་ལ་མི་མཁས་པར་སྨྲ་བའོ། །དགེ་འདུན་གྱི་དབྱེན་ཡང་མ་བྱས་ལ། མི་མཁས་པ་ཡང་མ་ཡིན་མི་མཁས་པར་སྨྲ་བ་ཡང་མ་ཡིན་པ་གང་ཞེ་ན། དེ་རྣམས་མ་གཏོགས་པའོ། །བཙུན་པ། དགེ་སློང་གིས་དགེ་སློང་གི་དགེ་འདུན་གྱི་དབྱེན་དུ་འགྱུར་རམ། འོན་ཏེ་དགེ་སློང་མའམ། དགེ་སློབ་མའམ། དགེ་ཚུལ་ཕའམ། དགེ་ཚུལ་མས་དགེ་འདུན་གྱི་དབྱེན་དུ་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་དགེ་འདུན་གྱི་དབྱེན་དུ་འགྱུར་གྱི། དགེ་སློང་མའམ། དགེ་སློབ་མའམ། དགེ་ཚུལ་ཕའམ། དགེ་ཚུལ་མས་དགེ་འདུན་གྱི་དབྱེན་དུ་མི་འགྱུར་རོ། །བཙུན་པ། དགེ་སློང་མས་དགེ་འདུན་མའི་དབྱེན་དུ་འགྱུར་རམ། འོན་ཏེ་དགེ་སློང་འམ། དགེ་སློབ་མའམ། དགེ་ཚུལ་ཕའམ། དགེ་ཚུལ་མས་དགེ་སློང་མའི་དགེ་འདུན་གྱི་དབྱེན་དུ་འགྱུར། བཅོམ་ལྡན་འདས་ Pa311a ༄#། །ཀྱིས་བཀའ་སྩལ་པ། དགེ་སློང་མས་དགེ་འདུན་མའི་དབྱེན་དུ་འགྱུར་གྱི། དགེ་སློང་ངམ། དགེ་སློང་མའམ། དགེ་ཚུལ་ཕའམ། དགེ་ཚུལ་མས་དགེ་སློང་མའི་དགེ་འདུན་གྱི་དབྱེན་དུ་མི་འགྱུར་རོ། །བཙུན་པ། དགེ་འདུན་ཕྱེ་བ་དང་ལྡན་ནམ། འོན་ཏེ་ཁ་ན་མ་ཐོ་བ་དང་ལྡན། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་འདུན་ལ་ནི་བྱེ་བ་དང་ལྡན། འབྱེད་པའི་གང་ཟག་ལ་ནི་ཁ་ན་མ་ཐོ་བ་དང་ལྡན། དགེ་འདུན་གྱི་དབྱེན་བགྱིས་ན་ནོངས་པ་ཅིར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོར་འགྱུར་རོ། །དགེ་འདུན་ཕྱེ་ན་ནོངས་པ་གང་བཤགས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོའོ། །གང་ཉེ་བར་ཕྱོགས་པ་དེ་ཐམས་ཅད་མི་གནས་པའམ། དེ་སྟེ་གང་མི་གནས་པ་དེ་ཐམས་ཅད་ཉེ་བར་ཕྱོགས་པ་ལགས། བཀའ་སྩལ་པ། ཉེ་བར་ཕྱོགས་པ་ལ་མི་གནས་པ་ལ་མ་ཡིན་པ་ཡང་ཡོད། མི་གནས་ལ་ཉེ་བར་མི་ཕྱོགས་པའང་ཡོད། ཉེ་བར་ཕྱོགས་ལ་མི་གནས་པར་འགྱུར་བའང་ཡོད། ཉེ་བར་ཡང་མ་ཕྱོགས་ལ་མི་གནས་པ་ཡང་ཡོད་དོ། །ཉེ་བར་ཕྱོགས་ལ་མི་གནས་པ་མ་ཡིན་པ་གང་ཞེ་ན། གང་གིས་དངོས་པོ་ལྔ་ལ་ཉེ་བར་ཕྱོགས་པར་གྱུར་ཅིང་ཉེས་པ་རྣམ་པ་བཞི་པོ་ལས་གང་ཡང་རུང་ཉེས་པ་མ་བྱུང་བར་མ་གྱུར་པ་དེ་ནི་ཉེ་བར་ཕྱོགས་པ་སྟེ། མི་གནས་པར་འགྱུར་བ་མ་ཡིན་ནོ། །མི་གནས་པར་འགྱུར་ལ་ཉེ་བར་ཕྱོགས་པ་མ་ཡིན་པ་གང་ཞེ་ན། གང་ Pa311b གིས་ཉེས་པ་བཞི་ལས་གང་ཡང་རུང ། ཉེས་པ་ནི་བྱུང་བར་གྱུར་གྱི། དངོས་པོ་ལྔ་ལ་ཁས་བླངས་པར་མ་གྱུར་པ་དེ་ནི་མི་གནས་པ་སྟེ། ཉེ་བར་ཕྱོགས་པ་མ་ཡིན་ནོ། །ཉེ་བར་ཕྱོགས་ལ་མི་གནས་པར་འགྱུར་བ་གང་ཞེ་ན། དངོས་པོ་ལྔ་ཁས་བླངས་པར་གྱུར་ཅིང ། ཉེས་པ་བཞི་ལས་གང་ཡང་རུང ། ཉེས་པ་བྱུང་བ་དེ་ནི་ཉེ་བར་ཕྱོགས་ལ་མི་གནས་པར་ཡང་འགྱུར་བའོ། །ཉེ་བར་མ་ཕྱོགས་ལ་མི་གནས་པར་ཡང་མི་འགྱུར་བ་གང་ཞེ་ན། རྣམ་པ་དེ་རྣམས་མ་གཏོགས་པའོ། །གང་མི་གནས་པ་དེ་ཐམས་ཅད་སོ་སོར་གནས་པ་ལགས་སམ། གང་སོ་སོར་གནས་པ་དེ་ཐམས་ཅད་མི་གནས་པ་ལགས་སམ། གསུངས་པ། མི་གནས་ལ་སོ་སོར་གནས་པ་མ་ཡིན་པ་ཡང་ཡོད། སོ་སོར་གནས་ལ་མི་གནས་པ་མ་ཡིན་པ་ཡང་ཡོད། མི་གནས་པ་ཡིན་ལ་སོ་སོར་གནས་པ་ཡང་ཡོད། མི་གནས་པ་ཡང་མ་ཡིན་ལ་སོ་སོར་གནས་པ་མ་ཡིན་པའང་ཡོད་དོ། །མི་གནས་ལ་སོ་སོར་གནས་པ་མ་ཡིན་པ་གང་ཞེ་ན། དེ་འདི་ལྟར་ཉེས་པ་རྣམ་པ་བཞི་ལས་གང་ཡང་རུང་བ་བྱུང་བར་ནི་གྱུར་གྱི། དགེ་འདུན་གྱིས་མ་མཐོང་བའི་ཕྱིར་སྤངས་པ་དང ། སླར་ལས་མི་བྱེད་པ་དང ། སྡིག་པ་ལ་ལྟ་བ་སླར་མ་བཏང་བས་སྤངས་པར་མ་གྱུར་པ་དེ་ནི་མི་གནས་པ་སྟེ། སོ་སོར་གནས་པ་མ་ཡིན་ནོ། །སོ་སོར་གནས་ལ་མི་གནས་པ་མ་ཡིན་པ་གང་ཞེ་ན། དེ་འདི་ལྟར་དགེ་འདུན་གྱིས་མ་མཐོང་བའི་ཕྱིར་སྤངས་པ་དང ། སླར་ལས་མི་བྱེད་པ་དང ། སྡིག་པ་ལ་ལྟ་བ་སླར་མ་བཏང་ནས་སྤངས་པར་ནི་གྱུར་གྱི། ཉེས་པ་བཞི་ལས་གང་ཡང་རུང ། ཉེས་པར་མ་ Pa312a ༄#། །གྱུར་པ་དེ་ནི་སོ་སོར་གནས་ལ་སོ་སོར་གནས་ལ་མི་གནས་པ་མ་ཡིན་པའོ། །མི་གནས་པ་ཡང་ཡིན་ལ་སོ་སོར་གནས་པ་གང་ཞེ་ན། ཉེས་པ་བཞི་ལས་གང་ཡང་རུང ། ཉེས་པ་ཡང་བྱུང་བར་གྱུར། མ་མཐོང་བའི་ཕྱིར་སྤངས་པ་དང ། སླར་ལས་མི་བྱེད་པ་དང ། སྡིག་པ་ལ་ལྟ་བ་སླར་མ་བཏང་ནས་སྤངས་པར་ཡང་གྱུར་ལ། ཉེས་པ་བཞི་ལས་གང་ཡང་རུང ། ཉེས་པ་བྱུང་བར་གྱུར་པ་དེ་ནི་མི་གནས་ལ་སོ་སོར་གནས་པའོ། །མི་གནས་པ་ཡང་མ་ཡིན་ལ། སོ་སོར་གནས་པར་ཡང་མི་འགྱུར་བ་གང་ཞེ་ན། དེ་རྣམས་མ་གཏོགས་པའོ། །དེ་རྣམས་ལ་གཏོགས་པ་ནི་མི་གནས་པ་དང ། སོ་སོར་གནས་པ་མ་ཡིན་ནོ། །གང་གིས་སྤངས་པར་བགྱི་བ་དེ་བཀར་བ་ཞེས་ཀྱང་བགྱིའམ། གསུངས་པ། གང་གིས་སྤངས་པ་དེ་བཀར་བ་ཡང་དེ་ཉིད་དོ། །ལས་གང་ལགས། དངོས་པོ་གང་ལགས། ཉེས་པ་འབྱིན་པར་བྱེད་པ་ལགས་སོ། །བཤགས་པ་ནི་དངོས་པོའོ། །གཏན་པ་ནི་གང་ལགས། གཏན་པ་གདིང་བ་ནི་གང་ལགས། གཏན་པ་དབྱུང་བ་ནི་གང་ལགས། ཨུ་པ་ལི། གོས་དེའི་མིང་ནི་གཏན་པ་ཞེས་བྱའོ། །དེར་སེམས་བསྐྱེད་པ་ནི་གཏན་པ་བཏིང་བའོ། །རྣམ་པ་བརྒྱད་དུ་བསམ་པ་ནི་གཏན་པ་ཕྱུང་བའོ། །དགེ་སློང་མ་ལགས་པར་ནོངས་པར་གྱུར་ལ། དགེ་སློང་དུ་གྱུར་ན་ཚངས་པར་འགྱུར་བ་མཆིས་སམ། དགེ་སློང་གི་ཚེ་ནོངས་པ་བྱུང་ལ་དགེ་སློང་མར་གྱུར་ན་ཚངས་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། ཇི་ལྟར་དགེ་སློང་མ་ཡིན་པ་ལ་ཉེས་པ་བྱུང་ལ། དགེ་སློང་དུ་གྱུར་ན། ཚངས་པར་ Pa312b འགྱུར་ཞེ་ན། འདི་ལྟར་དགེ་སློང་མའི་ཚེ་ཐུན་མོང་མ་ཡིན་པའི་དགེ་འདུན་གྱི་ལྷག་མའི་ཉེས་པ་བྱུང་བ་ལས། དེ་མཚན་འཕོས་ཏེ། མཚན་འཕོས་ནས་དགེ་སློང་ཕའི་ནང་དུ་འོངས་ན། ཉེས་པ་ཚངས་པ་ཞེས་བྱའོ། །ཇི་ལྟར་ན། དགེ་སློང་གི་ཚེ་ནོངས་པར་བྱུང་ལ། དགེ་སློང་མ་ལགས་པའི་ཚེ་ཚངས་པ་ཞེས་བགྱི། དེ་འདི་ལྟར་དགེ་སློང་གི་ཚེ་མི་འདྲ་བ་དགེ་འདུན་གྱི་ལྷག་མའི་ཉེས་པ་བྱུང་བ་ལས། དེ་མཚན་འཕོས་ཏེ། མཚན་འཕོས་ནས་དགེ་སློང་མར་གྱུར་ན། དེ་ཉེས་པ་ཚངས་པ་ཞེས་བྱའོ། །མ་འཚལ་བཞིན་དུ་ནོངས་པ་བྱུང་ལ། འཚལ་བཞིན་དུ་ཚངས་པར་འགྱུར་པ་མཆིས་སམ། འཚལ་བཞིན་དུ་ནོངས་པ་བྱུང་ལ་མ་འཚལ་བཞིན་དུ་ཚངས་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། ཇི་ལྟར་མི་ཤེས་བཞིན་དུ་ཉེས་པ་བྱུང་ལ། ཤེས་བཞིན་ཚངས་པར་འགྱུར་ཞེ་ན།་དེ་འདི་ལྟར་དགེ་སློང་གཉིད་ཀྱིས་ལོག་པ་ལས་བཏེག་སྟེ་མལ་སྟན་ཆེན་པོ་མཐོན་པོའི་སྟེང་དུ་བཞག་པའོ། །ཡང་ན་གཉིད་ཀྱིས་ལོག་པ་ལས་བུད་མེད་ཀྱི་མལ་དུ་བཞག་པའོ། །བསྙེན་པར་མ་རྫོགས་པ་ཕྱིར་ཕྱུང་སྟེ་ཉལ་བ་དང ། དེའི་འོག་ཏུ་བསྙེན་པར་མ་རྫོགས་པ་དེ་སླར་འོངས་ཏེ་འདུག་ནས་བདག་སད་ནས་ཉེས་པ་དེ་ཉིད་ཇི་ལྟར་ཆོས་བཞིན་པར་སླར་བྱེད་པ་དེ་ནི་སླར་མི་ཤེས་བཞིན་དུ་ཉེས་པ་བྱུང་སྟེ། ཤེས་ནས་ཚངས་པར་གྱུར་པའོ། །ཤེས་བཞིན་དུ་ཉེས་པ་བྱུང་ལ་མི་ཤེས་བཞིན་དུ་ཚངས་པར་འགྱུར་བ་གང་ཞེ་ན། དེ་འདི་ལྟར་དགེ་སློང་དགེ་འདུན་གྱི་ལྷག་མའི་ཉེས་པ་བྱུང་སྟེ། དེ་དབྱུང་ Pa313a ༄#། །བར་ལས་ཀྱི་ཚིག་རྣམས་བྱེད་དེ། གསོལ་བ་བྱས་པ་དང ། དེ་དག་གཉིད་ཀྱིས་ལོག་ནས་ལས་ཀྱི་ཚིག་གསུམ་འཇུག་ཏུ་ཕྱིན་པ་དང་ལངས་པ་དེ་ལྟ་བུ་ནི་ཤེས་བཞིན་དུ་ཉེས་པ་བྱུང་ལ། མི་ཤེས་བཞིན་ཚངས་པར་འགྱུར་བའོ། །གཉིད་ལོག་པའི་ཚེ་ནོངས་པ་བྱུང་ལ། སད་པའི་ཚེ་ཚངས་པར་འགྱུར་བ་མཆིས་སམ། སད་པའི་ཚེ་ནོངས་པ་བྱུང་ལ་གཉིད་ལོག་པའི་ཚེ་ཚངས་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། གཉིད་ལོག་པའི་ཚེ་ཉེས་པ་བྱུང་བ་ལ་སད་པའི་ཚེ་ཚངས་པར་འགྱུར་བ་གང་ཞེ་ན། དེ་འདི་ལྟར་དགེ་སློང་གཉིད་ཀྱིས་ལོག་པ་ལས་མལ་སྟན་མཐོན་པོ་མལ་སྟན་ཆེན་པོའི་སྟེང་དུ་བཏེག་སྟེ་བཞག་པ་དང ། ཡང་གཉིད་ཀྱིས་ལོག་པ་ལས་བུད་མེད་ཀྱི་མལ་དུ་བཞག་པ་དང ། བསྙེན་པར་མ་རྫོགས་པ་ཕྱིར་བྱུང་སྟེ་ཉལ་བའི་འོག་ཏུ་བསྙེན་པར་མ་རྫོགས་པ་དེ་སླར་འོངས་ཏེ་འདུ་གནས་བདག་སད་ནས་ཉེས་པ་འདི་ཉིད་ཇི་ལྟར་ཆོས་བཞིན་སླར་བྱེད་པ་དེ་ནི་གཉིད་ལོག་བཞིན་ཉེས་པ་བྱུང་ལ་སད་ནས་ཚངས་པར་གྱུར་བའོ། །སད་བཞིན་དུ་ཉེས་པ་བྱུང་ལ་གཉིད་ལོག་བཞིན་ཚངས་པར་འགྱུར་བ་གང་ཞེ་ན། འདི་ལྟར་དགེ་སློང་དགེ་འདུན་གྱི་ལྷག་མའི་ཉེས་པ་བྱུང་སྟེ། དེ་དབྱུང་བར་ལས་ཀྱི་ཚིག་རྣམས་བྱེད་དེ། གསོལ་བ་བྱས་པ་དང ། དེ་གཉིད་ཀྱིས་ལོག་ནས་ལས་ཀྱི་ཚིག་གསུམ་མཇུག་ཏུ་ཕྱིན་པ་དང་ལངས་པ་དེ་ལྟ་བུ་ནི་སད་བཞིན་ཉེས་པ་བྱུང་ལ་གཉིད་ལོག་བཞིན་ Pa313b ཚངས་པར་གྱུར་པའོ། །དགེ་སློང་གིས་གཅིག་སྨྲས་པ་མཇུག་ཏུ་ཕྱིན་ན་དེས་ཕས་ཕམ་པ་གསུམ་འབྱུང་བར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར་དགེ་སློང་གིས་དགེ་སློང་མ་དང་ལྷན་ཅིག་ཏུ་འདི་སྐད་དུ། གང་གི་ཚེ་མཐོང་བ་ན་ཁྱིམ་བདག་འདི་ཞེས་བྱ་བ་རྫས་རིན་ཐང་ཆེ་བ་ཞིག་མ་བྱིན་པར་བླངས་པ་དང ། མི་འཚོ་བ་དང་བྲལ་བ་དང ། ངས་དགྲ་བཅོམ་པ་ཡང་ཐོབ་པར་ཁྱོད་ཀྱིས་ཤེས་པར་གྱིས་ཤིག་།དེ་ཐམས་ཅད་དགེ་སློང་མས་ཚིག་གཅིག་རྫོགས་པར་སྨྲས་ནའོ། །དགེ་སློང་གིས་གཅིག་སྨྲས་པ་མཇུག་ཏུ་ཕྱིན་ན་དེས་ཕས་ཕམ་པ་བཞི་འབྱུང་བར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། འདི་ལྟར་དགེ་སློང་ཞིག་དགེ་སློང་མ་དང་ལྷན་ཅིག་འདི་སྐད་དུ། གང་གི་ཚེ་ཁྱོད་ཁོ་བོ་མཐོང་བ་ན། ཁྱིམ་བདག་འདི་ཞེས་བྱ་བ་ལས་རྫས་ཤིག་མ་བྱིན་པར་བླངས།་མི་འཚོ་བ་དང་ཕྲལ་བ་དང ། འདི་ཞེས་བྱ་བའི་རྫས་འཕྲོག་པ་དང ། ཁོ་བོས་དགྲ་བཅོམ་པ་ཐོབ་པ་དེ་ལྟར་ཤེས་པར་བྱོས་ཤིག་།དགེ་སློང་གནས་གཅིག་ན་མཆིས་བཞིན་དུ་ནོངས་པའི་ཕུང་པོ་ལྔ་འབྱུང་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། སྟོན་པའི་ཆོས་གོས་ཀྱི་ཚད་ཙམ་སྤྱད་ན། ཉེས་བྱས་སུ་འགྱུར། བསླབ་པའི་སྡོམ་པ་བཅས་པའི་གྲོང་ནས་རང་གི་ལག་གིས་བཟའ་བ་དང ། བཅའ་བ་བླངས་ན། སོ་སོར་བཤགས་པར་འགྱུར་རོ། །བུད་མེད་ལ་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་བསྟན་ན། ལྟུང་བའོ། །བུད་མེད་ལ་གནས་ངན་ལེན་གྱི་ཚིག་སྨྲས་ན། དགེ་འདུན་གྱི་ལྷག་མར་ Pa314a ༄#། །འགྱུར་རོ། །མེད་ལ་ཀུན་ཏུ་མེད་བཞིན་དུ་མི་ལས་བླ་མར་གྱུར་པའི་ཆོས་བདག་ཉིད་ཀྱིས་སྨྲས་ན། ཕས་ཕམ་པར་འགྱུར་རོ། །དགེ་སློང་སྦྱོང་བ་གཅིག་གིས་ནོངས་པ་བརྒྱའམ། སྟོང་ངམ། དེ་བས་ཀྱང་མང་དུ་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། འདི་ལྟར་དགེ་སློང་ཞིག་འཚིག་།ཁྲོས། ཚིག་པ་ཟོས་ཏེ་ཡིད་འཁྲུགས་ནས་སྐྱེ་བོ་མང་པོ་འདུས་ཤིང་འཁོད་པ་ལ་སྲན་མ་སྤར་བ་གང་ངམ། ཕྱེ་སྤར་བ་གང་ཡང་རུང ། དེས་གཏོར་ན། དེས་ཇི་སྙེད་ཕོག་པ་དེ་སྙེད་ཀྱི་ཉེས་པར་འགྱུར་རོ། །དགེ་སློང་ཞིག་གིས་རྫས་རིན་ཐང་ཆེ་བ་ཞིག་གནས་ནས་གནས་སུ་བསྐྱོད་ཀྱང་ཕས་ཕམ་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། མི་མ་ཡིན་པའི་རྫས་རིན་ཐང་ཆེ་བའམ། དེ་སྟེ་མ་ཤ་ལྔར་མི་ཆོག་པའོ། །དགེ་སློང་གིས་མ་ཤ་གསུམ་བརྐུས་ན། ཕས་ཕམ་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། མ་ཤ་རིན་ཆེན་ཆེ་བར་གྱུར་པའོ། །དགེ་སློང་གིས་མ་ཤ་ལྔ་བརྐུས་ཀྱང་ཕས་ཕམ་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། ཀཪྴ་པ་ཎ་རིན་ཐང་ཆུང་བར་གྱུར་པའོ། །ཆུང་ངུ་ཞིག་མ་བྱིན་པར་བླངས་པས་ནོངས་པར་འགྱུར་བ་དང ། ཆུང་ངུ་དེ་ཉིད་མ་བྱིན་པར་བླངས་པས་ནོངས་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། ཤོག་བལ་ལས་ཆུང་ངུ་བླངས་ན། ཉེས་པར་འགྱུར་རོ། །བལ་ནག་ Pa314b པོ་ལས་ཆུང་དུ་བླངས་ན། ཉེས་པར་མི་འགྱུར་རོ། །མཉམ་པར་འགྱུར་བ་ལས་ལྷག་པར་བགྱིས་ཀྱང་ནོངས་པར་འགྱུར་བ་དང ། མཉམ་པར་བགྱི་བ་ལས་ལྷག་པར་བགྱིས་ཀྱང་ནོངས་པར་མི་འགྱུར་བ་མཆིས་སམ།་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། ནག་པོ་མཉམ་པར་བྱ་བ་ལས་ལྷག་པར་བྱས་ན། ཉེས་པར་འགྱུར། ཤོག་བལ་མཉམ་པར་བྱ་བ་ལས་ལྷག་པར་བྱས་པ་ལ་ཉེས་པར་མི་འགྱུར་རོ། །བགྱི་བ་ལས་མ་བགྱིས་ཏེ་ནོངས་པར་འགྱུར་བ་དང ། བགྱིས་ཏེ་ནོངས་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། གོས་གསར་པ་རྙེད་པའི་དགེ་སློང་གིས་ཁ་དོག་བསྒྱུར་བ་གསུམ་ལས་གང་ཡང་རུང ། ཁ་དོག་བསྒྱུར་བ་མ་བྱས་ན། ཉེས་པའོ། །དེ་ལྟར་བྱས་ན། ཉེས་པ་མེད་དོ། །ཚད་བཞིན་བགྱིས་ན། ནོངས་པར་འགྱུར་བ་དང ། ཚད་བཞིན་བགྱིས་ན། ནོངས་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་བཞིན་གཤེགས་པའི་ཆོས་གོས་ཀྱི་ཚད་དུ་བགྱིས་ན། ཉེས་པར་འགྱུར་རོ། །དཀྱིལ་འཁོར་གྱི་ཚང་དུ་བགྱིས་ན། ཉེས་པར་མི་འགྱུར་རོ། །དངོས་པོ་གང་གིས་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་ན། དགེ་འདུན་གྱི་ལྷག་མར་འགྱུར་བའི་དངོས་པོ་དེ་ཉིད་ཀྱིས་བསམ་གཏན་གཉིས་པ་དང ། གསུམ་པ་དང ། བཞི་པ་ལ་སྙོམས་པར་ཞུགས་ན། དགེ་འདུན་གྱི་ལྷག་མར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། འདི་ལྟར་དགེ་སློང་དེས་བསམ་གཏན་དང་པོ་ལ་སྙོམས་པར་འཇུག་ Pa315a ༄#། །པ་ན་བདག་གི་ཁང་པ་རྩིགས་ཤིག་ཅེས་བསྒོ་ན། དེ་སྐད་བསྒོས་མ་ཐག་ཏུ་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས། དེ་བསམ་གཏན་དང་པོ་ལ་སྙོམས་པར་ཞུགས་པའི་ཚེ་ཁང་པ་ཡང་ཟིན་པར་གྱུར་ན། དེ་ལ་དགེ་འདུན་གྱི་ལྷག་མར་འགྱུར་རོ། །དེའི་དངོས་པོ་དེ་ཉིད་ཀྱིས་ཕྱིར་བསམ་གཏན་གཉིས་པ་དང ། གསུམ་པ་དང ། བཞི་པ་ལ་སྙོམས་པར་འཇུག་པ་ན། དེས་ངའི་ཁང་པ་རྩིགས་ཤིག་ཅེས་བསྒོ་སྟེ། བསྒོས་མ་ཐག་ཏུ་བསམ་གཏན་གཉིས་པ་དང ། གསུམ་པ་དང ། བཞི་པ་ལ་སྙོམས་པར་ཞུགས་ཏེ། དེ་བསམ་གཏན་བཞི་པ་ལ་སྙོམས་པར་ཞུགས་པ་དང ། ཁང་པ་ཡང་ཟིན་པར་གྱུར་ན། དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་གིས་གང་ན་ཡང་ནོངས་པར་མ་བགྱིས་ལ། ཆུང་ངུ་ན་ཉེས་བྱས་ཙམ་ཡང་མ་བགྱིས་ན། དགེ་སློང་དུ་མི་རུང་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། མཚན་འཕོས་པར་གྱུར་པའོ། །དགེ་སློང་མས་གང་ན་ཡང་ནོངས་པ་མ་བགྱིས་ལ། ཆུང་དུ་ན་སྨད་གཡོགས་རྐེད་པ་ལས་བརླབས་ཏེ་བགོ་བ་ཙམ་ཡང་མ་བགྱིས་པར་དགེ་སློང་མར་མི་རུང་བ་མཆིས་མ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། མཚན་འཕོས་པའོ། །དགེ་སློང་གཙུག་ལག་ཁང་གི་ནང་དུ་ཞུགས་ལ། དེ་ཉིད་ཀྱི་ནང་ན་ཆོས་གོས་འདུག་བཞིན་དབྱར་ཞིག་པ་ཞེས་ཀྱང་བགྱི། ཆོས་གོས་དང་བྲལ་བ་ཞེས་ཀྱང་བགྱི། ཡི་དམ་ལས་འདས་པ་དང་བཅས་པར་འགྱུར་བ་མཆིས་སམ། Pa315b བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། འདི་ལྟར་དགེ་སློང་དབྱར་ཚུལ་དུ་ཞུགས་པ་ལས། ཐ་མའི་བདུན་པོ་ལ་བབ་སྟེ་བྱིན་གྱིས་མ་བརླབས་པར་ཆོས་གོས་ཀྱང་ཁྲིའམ། ཁྲིའུ་འམ། གདང་ལ་བཞག་ནས་སྟེང་གི་ནམ་མཁའ་ལ་འདུག་བཞིན་དུ་སྐྱ་རེངས་ཤར་ན། དེ་དབྱར་ཞིག་པ་ཞེས་ཀྱང་བྱ། ཆོས་གོས་དང་བྲལ་བ་ཞེས་ཀྱང་བྱ། ཡི་དམ་ལས་འགལ་བས་འདས་པ་དང་བཅས་པ་ཞེས་ཀྱང་བྱའོ། །དགེ་སློང་གཅིག་པུ་གཙུག་ལག་ཁང་གི་ནང་དུ་ཞུགས་ན། ཕས་ཕམ་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། མི་ཚངས་པར་སྤྱོད་པ་སྟེ། གང་ཞེ་ན། མཚན་རིང་དང ། རྒྱབ་མཉེན་ནོ། །མ་བྱིན་པར་ལེན་པ་དང ། སྲོག་གཅོད་པ་གང་ཞེ་ན། དགེ་སློང་དེས་ཐབས་སྦྱར་ཏེ་ནང་དུ་ཞུགས་པ་དང ། དེས་བརྐུས་པར་ཡང་གྱུར། སྲོག་བཅད་པར་ཡང་གྱུར་པའོ། ། བརྫུན་དུ་སྨྲ་བའི་རྒྱུ་གང་ཞེ་ན། དེ་འདི་ལྟར་ང་ནི། དགྲ་བཅོམ་པའོ། །ང་ནི། སངས་རྒྱས་སོ། །ཞེས་ཟེར་བའོ། །དགེ་སློང་གིས་དགེ་སློང་གི་འཚོ་བ་དང་ཕྲལ་ན། ཕ་ཡང་མ་ལགས། མ་ཡང་མ་ལགས་བཞིན་དུ་ཕས་ཕམ་པར་ཡང་འགྱུར་ལ། དེ་མཚམས་མེད་པའི་ལས་སུ་ཡང་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར་དགེ་སློང་དེའི་མ་རབ་ཏུ་བྱུང་སྟེ། བསྙེན་པར་རྫོགས་པར་གྱུར་པ་ལས་མཚན་འཕོས་ཏེ། མཚན་འཕོས་པར་གྱུར་པ་ལས་སྲོག་བཅད་ན། ཕས་ཕམ་པ་ཡིན་ལ། དེ་མཚམས་མེད་པའི་ལས་ཀྱིས་ཀྱང་རེག་པར་འགྱུར་རོ། །དགེ་སློང་ Pa316a ༄#། །མས་དགེ་སློང་མའི་འཚོ་བ་དང་ཕྲལ་ན། མ་ཡང་མ་ལགས། དགྲ་བཅོམ་པ་ཡང་མ་ལགས་ན། ཕས་ཕམ་པར་འགྱུར་ཞིང ། དེ་མཚམས་མེད་པའི་ལས་སུ་ཡང་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་མ་དེའི་ཕ་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་གྱུར་པ་དེའི་མཚན་འཕོས་ཏེ། མཚན་འཕོས་ནས་དེའི་འཚོ་བ་དང་ཕྲལ་ན། ཕས་ཕམ་པ་ཡང་ཡིན་ལ། དེ་མཚམས་མེད་པའི་ལས་སུ་ཡང་འགྱུར་རོ། །གཞན་གྱིས་སྨྲས་ལ་དེས་སྨྲས་པའི་རྐྱེན་གྱིས་གཞན་ལ་ཕས་ཕམ་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར། དགེ་སློང་མས་དགེ་འདུན་འདུས་པ་དགེ་འདུན་གྱིས་མ་བཅིངས་པའི་ཕྱིར་དེའི་རྗེས་སུ་ཕྱོགས་ཏེ། དེ་ཡང་དགེ་འདུན་གྱི་དབུས་སུ་ལན་གསུམ་གྱི་པར་བསྒོ་ཡང་མི་གཏོང་བ་དེ་ནི། ཕས་ཕམ་པར་འགྱུར་རོ། །གཞན་གྱིས་སྨྲས་ན། དེས་སྨྲས་པའི་རྐྱེན་གྱིས་གཞན་ལ་དགེ་འདུན་གྱི་ལྷག་མར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར། གང་གིས་དགེ་འདུན་གྱི་དབྱེན་བྱས་པ་དང ། དེའི་རྗེས་སུ་ཕྱོགས་པ་དང ། བཀའ་བློ་མི་བདེ་བའི་ཚིག་དགེ་འདུན་གྱི་ནང་དུ་ལན་གསུམ་གྱི་བར་དུ་བསྒོ་ཡང་སླར་མི་གཏོང་བ་ནི། དགེ་འདུན་གྱི་ལྷག་མར་འགྱུར་རོ། །གཞན་གྱིས་སྨྲས་ན། དེའི་རྐྱེན་གྱིས་གཞན་ལ་ནོངས་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་ Pa316b འདི་ལྟར། དགེ་སློང་གང་གིས་སྡིག་པ་ལ་ལྟ་བ་བཟུང ། རབ་ཏུ་བཟུང་ནས་སླར་མི་གཏོང་བ་དེ། དགེ་འདུན་གྱི་ནང་དུ་ལན་གསུམ་གྱི་བར་དུ་བསྒོ་ཡང་སླར་མི་གཏོང་བ་ནི། ལྟུང་བར་འགྱུར་རོ། །གཞན་གྱིས་སྨྲས་པའི་རྐྱེན་གྱིས་གཞན་ལ་སླར་བཤགས་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར། དགེ་སློང་གང་གིས་གྲོང་དུ་མགྲོན་དུ་བོས་ཏེ་ཟས་ཟ་བའི་ཚེ་དེ་ན་ཡང་དགེ་སློང་མ་ཞིག་སྒོ་ཞིང་འདུག་སྟེ། འདི་ལ་འབྲས་བྱིན། འདི་ལ་སྲན་ཚོད་བྱིན། འདི་ལ་ཡང་བྱིན་ཞེས་ཟེར་བ་དེ་ལ་མ་བསྒོ་བར་ཟོས་ན། སླར་བཤགས་པར་འགྱུར་རོ། །གཞན་གྱིས་སྨྲས་པ་དེའི་རྐྱེན་གྱིས་གཞན་ལ་ནོངས་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར། དགེ་སློང་གང་གིས་སོ་སོར་ཐར་པའི་མདོ་ཀློག་པའི་ཚེ་དགེ་འདུན་གྱི་ནང་དུ་ལན་གསུམ་གྱི་བར་དུ་བསྒྲགས་ཀྱང་ཉེས་པ་དྲན་བཞིན་དུ་སླར་མི་འཆགས་པ་ནི། ཉེས་བྱས་སུ་འགྱུར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་མས་བསླབ་པ་ཕུལ་ན། སླར་དགེ་སློང་མའི་དངོས་པོར་བསྙེན་པར་རྫོགས་སུ་མི་རུང་སྟེ། དགེ་སློང་མ་གང་དག་གིས་སླར་རབ་ཏུ་ཕྱུང་ངམ། བསྙེན་པར་རྫོགས་པར་བྱས་ན། དེ་དག་ཉེས་པ་དང་བཅས་སོ། །ཞེས་གསུངས་ན། དགེ་སློང་མས་བསླབ་པ་ཕུལ་ཏེ་བབས་པ་ལས། དེ་དེ་དག་གིས་རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཡང་ལགས་ལ། དེ་དག་ལ་ཡང་ནོངས་པར་མི་འགྱུར་བ་མཆིས་སམ། Pa317a ༄#། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར། དགེ་སློང་མ་དེ་བསླབ་པ་ཕུལ་ཏེ་བབས་པ་ལས། དེའི་མཚན་འཕོས་ཏེ་མཚན་འཕོས་པར་གྱུར་པ་དེ། རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་ན། ཉེས་པར་མི་འགྱུར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་སྔར་འཁྲུགས་པ་དེ་རབ་ཏུ་མ་དབྱུང་ཞིག་།བསྙེན་པར་རྫོགས་པར་མ་བྱེད་ཅིག་།ཅེས་གསུངས་ན། སྔར་འཁྲུགས་པ་དེ་རབ་ཏུ་ཕྱུང་ལ་བསྙེན་པར་རྫོགས་པར་བགྱིས་ཀྱང་བསྙེན་པར་རྫོགས་པར་ཡང་འགྱུར་ལ་ནོངས་པར་ཡང་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར། དགེ་སློང་མཐུན་མོང་མ་ཡིན་པའི་ཕས་ཕམ་པའི་ཉེས་པ་བྱུང་ལ། དེས་བསླབ་པ་ཕུལ་ནས་བབས་པ་དང ། དེའི་མཚན་འཕོས་ཏེ་མཚན་འཕོས་ནས་སྐྱེས་པར་གྱུར་པ་དེ། རབ་ཏུ་ཕྱུང་ཞིང་བསྙེན་པར་རྫོགས་པར་བྱས་ཀྱང་ཉེས་པར་མི་འགྱུར་རོ། །ལས་རྣམ་པ་དུས་ན། ཐམས་ཅད་འདུས་པར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྣམ་པ་གསུམ་སྟེ། གསོལ་བ་དང ། གསོལ་བ་དང་གཉིས་དང ། གསོལ་བ་དང་བཞིའི་ལས་སོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ལས་བརྒྱ་རྩ་གཅིག་གོ་།ཞེས་བཀའ་སྩལ་ན། དེ་དག་ལས་གསོལ་བའི་ལས་ཀྱིས་ནི། དུ་བསྡུས། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་དུ། གསོལ་པ་དང་བཞིའི་ལས་ཀྱིས་དུ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསོལ་བའི་ལས་ཀྱིས་ནི། ཉི་ཤུ་རྩ་བཞིའོ། །གསོལ་ Pa317b བ་དང་གཉིས་ཀྱིས་ནི། བཞི་བཅུ་རྩ་བདུན་ནོ། །གསོལ་བ་དང་བཞིས་ནི། སུམ་ཅུའོ། །ཚིག་ཏུ་ཡང་མི་སྨྲ། ལུས་ཀྱིས་ཀྱང་མ་རྩལ་ཀྱང་དགེ་སློང་དུ་མི་རུང་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར་དགེ་སློང་མས་དགེ་སློང་མའི་ཕས་ཕམ་པའི་ལྟུང་བ་བྱུང་བར་མཐོང་ལ་བཅབས་ཏེ་སྐྱ་རེངས་ཤར་ན། ཕས་ཕམ་པར་འགྱུར་རོ། །དགེ་སློང་གིས་ཉེས་པའི་ཕུང་པོ་བཞི་བྱུང་ལ་མ་བཤགས་སླར་མ་བགྱིས་པར་ཕྱིན་ཅིང་ནོངས་པ་མ་མཆིས་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། མཚན་འཕོས་པའོ། །དགེ་སློང་མས་ཉེས་པ་སྡེ་ལྔ་བྱུང་ལ་མ་བཤགས་སམ། སླར་ལས་མ་བགྱིས་ཀྱང་ཕྱིན་ཅིང་ནོངས་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། མཚན་འཕོས་པའོ། །དགེ་སློང་གིས་མིའི་འཚོ་བ་དང་ཕྲལ་ན། ཕས་ཕམ་པའི་ནོངས་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར། གཉིས་ལྷན་ཅིག་འཁོད་པ་ལས་གཅིག་གསད་དོ། །སྙམ་པ་ལས་གཞན་བསད་པའོ། །མི་ཚངས་པར་སྤྱོད་པ་གཞན་གྱིས་བགྱིས་ལ་གཞན་ལ་ཕས་ཕམ་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར། དགེ་སློང་མ་མི་ཚངས་པར་སྤྱོད་པར་མཐོང་བ་བཅབས་ན། སྐྱ་རེངས་ཤར་བ་དང་ཕས་ཕམ་པར་འགྱུར་རོ། །དགེ་སློང་མི་ཚངས་པར་སྤྱོད་པ་ལས་ཕས་ཕམ་པའི་ནོངས་པར་འགྱུར་བ་དང ། མི་ཚངས་པར་སྤྱོད་པ་ Pa318a ༄#། །བགྱིས་ཀྱང་ཕས་ཕམ་པའི་ནོངས་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར། མ་ཉམས་པ་དང་ལྷན་ཅིག་ཏུ་མི་ཚངས་པར་སྤྱད་ན། ཕས་ཕམ་པར་འགྱུར་རོ། །ཉམས་པ་དང་ལྷན་ཅིག་ཏུ་སྤྱད་ན། དེ་ལ་ཕས་ཕམ་པར་མི་འགྱུར་རོ། །དགེ་སློང་གིས་མ་བྱིན་པར་བླངས་པ་ལས་ཕས་ཕམ་པར་འགྱུར་བ་དང ། མ་བྱིན་པར་བླངས་པ་ལས་ཕས་ཕམ་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར་མིའི་ཡོ་བྱད་རིན་པོ་ཆེ་མ་བྱིན་པར་བླངས་ན། དེ་ཕས་ཕམ་པར་འགྱུར་རོ། །གང་གིས་མི་མ་ཡིན་པའི་ཡོ་བྱད་རིན་པོ་ཆེ་བླངས་ཀྱང་ཕས་ཕམ་པའི་ཉེས་པར་མི་འགྱུར་རོ། །དགེ་སློང་གིས་མིའི་འཚོ་བ་དང་བྲལ་ན། ཕས་ཕམ་པར་འགྱུར་བ་དང ། མིའི་འཚོ་བ་དང་བྲལ་ཀྱང་ཕས་ཕམ་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། གང་རང་གི་ལག་གིས་མིའི་འཚོ་བ་དང་བྲལ་ན། ཕས་ཕམ་པར་འགྱུར་རོ། །མིའི་འཚོ་བ་དང་བྲལ་ན། ཕས་ཕམ་པའི་ཉེས་པར་མི་འགྱུར་བ་ཡང་ཡོད་དེ། གང་གིས་འདུ་ཤེས་གཞན་དུ་སྦྱོར་བ་ལས་མིའི་འཚོ་བ་དང་ཕྲལ་ན། ཕས་ཕམ་པར་མི་འགྱུར་རོ། །དགེ་སློང་གིས་མེད་ལ་མེད་བཞིན་དུ་མི་ལས་བླ་མར་གྱུར་པའི་ཆོས་བདག་ཉིད་ཀྱིས་སྨྲས་ན། ཕས་ཕམ་པར་འགྱུར་བ་དང ། མེད་ལ་ཀུན་ཏུ་མེད་བཞིན་དུ་མི་ལས་བླ་མར་ Pa318b གྱུར་པའི་ཆོས་བདག་ཉིད་ཀྱིས་སྨྲས་ན། ཕས་ཕམ་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར། འདུ་ཤེས་བཅབས་ནས་བཀའ་ལ་ལུང་བསྟན་ན། ཕས་ཕམ་པར་འགྱུར་རོ། །རྡེང་ཡོད་དེ་བཀའ་ལ་ལུང་བསྟན་ན་ནི། དེ་ལ་ཕས་ཕམ་པར་མི་འགྱུར་རོ། །དངོས་པོ་གང་གིས་ཕས་ཕམ་པའི་ནོངས་པར་འགྱུར་བའི་དངོས་པོ་དེ་ཉིད་ཀྱིས་ཕས་ཕམ་པའི་ནོངས་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་མས་ལུས་ལ་ཀུན་རེག་པར་བྱས་ན། ཕས་ཕམ་པར་འགྱུར་རོ། །དགེ་སློང་གིས་བྱས་ན། དེ་ལ་ཕས་ཕམ་པའི་ཉེས་པར་མི་འགྱུར་རོ། །དགེ་སློང་མས་ཤེས་བཞིན་དུ་དགེ་སློང་མའི་ཉེས་པ་སྦོམ་པོ་བཅབས་ན། སྐྱ་རེངས་ཤར་བ་ན་ཕས་ཕམ་པའི་ཉེས་པར་འགྱུར་རོ། ། དགེ་སློང་གིས་བཅབས་ན། ཕས་ཕམ་པའི་ཉེས་པར་མི་འགྱུར་རོ། །དགེ་འདུན་ཆོས་བཞིན་དུ་འདུས་པས་དགེ་སློང་ལ་མ་མཐོང་བའི་ཕྱིར་སྤངས་པར་དགེ་སློང་མས་ཤེས་བཞིན་དུ་དེའི་རྗེས་སུ་ཕྱོགས་ན། དེ་དགེ་འདུན་གྱི་ནང་དུ་ལན་གསུམ་གྱི་བར་དུ་བསྒོ་ཡང་སླར་ཡང་མི་གཏོང་བ་ནི། ཕས་ཕམ་པར་འགྱུར་རོ། །དགེ་སློང་ལ་བསྒོ་ནས་སླར་མ་བཏང་ན། ཕས་ཕམ་པའི་ཉེས་པར་མི་འགྱུར་རོ། །དངོས་པོ་གང་གིས་དགེ་འདུན་གྱི་ལྷག་མར་འགྱུར་བའི་དངོས་པོ་དེ་ཉིད་ཀྱིས་དགེ་འདུན་གྱི་ལྷག་མའི་ནོངས་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་ Pa319a ༄#། །སློང་གིས་བསམ་བཞིན་དུ་ཁུ་བ་ཕྱུང་ན། དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་མས་ཁུ་བ་ཕྱུང་ན། དེ་ལ་དགེ་འདུན་གྱི་ལྷག་མའི་ཉེས་པར་མི་འགྱུར་རོ། །དགེ་སློང་གིས་ལུས་ཀྱིས་ཀུན་ཏུ་རེག་ན། དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་མས་རེག་ན། དེ་ལ་དགེ་འདུན་གྱི་ལྷག་མར་མི་འགྱུར་རོ། །དགེ་སློང་མས་གནས་བོར་ཏེ་རེག་ན། དགེ་འདུན་གྱི་ལྷག་མར་འགྱུར་རོ། །དགེ་སློང་གིས་སྤྱད་ན། དགེ་འདུན་གྱི་ལྷག་མར་མི་འགྱུར་རོ། །དངོས་པོ་གང་གིས་ལྟུང་བར་འགྱུར་བའི་དངོས་པོ་དེ་ཉིད་ཀྱིས་ལྟུང་བར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དགེ་སློང་མས་བསམ་བཞིན་དུ་ཁུ་བ་ཕྱུང་ན། ལྟུང་བར་འགྱུར་རོ། །དགེ་སློང་གིས་ཕྱུང་ན། ལྟུང་བར་མི་འགྱུར་རོ། །དགེ་སློང་གིས་གཉེན་མ་ཡིན་པ་ལས་བསོད་པའི་བཟའ་བ་དང ། བཅའ་བ་བླངས་ན། ལྟུང་བར་འགྱུར། དགེ་སློང་མས་བླངས་ན། ལྟུང་བར་མི་འགྱུར་རོ། །དགེ་སློང་མས་རྩཝ་སྔོན་པོའི་སྟེང་དུ་བཤང་གཅི་བྱས་ན། ལྟུང་བར་འགྱུར་རོ། །དགེ་སློང་གིས་བྱས་ན། ལྟུང་བར་མི་འགྱུར་རོ། །དངོས་པོ་གང་གིས་སླར་བཤགས་པའི་དངོས་པོ་དེ་ཉིད་ཀྱིས་སླར་བཤགས་པར་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་མས་གཉེན་མ་ཡིན་པ་ལས་བསོད་པའི་བཟའ་བ་དང ། བཅའ་བ་བསླངས་ན། སླར་བཤགས་པར་འགྱུར་རོ། །དགེ་སློང་གིས་བསླངས་ན། སླར་བཤགས་པའི་ཉེས་པར་མི་འགྱུར་རོ། །དགེ་སློང་གིས་ Pa319b བསླབ་པའི་སྡོམ་པ་བཅས་པའི་གྲོང་ནས་རང་གི་ལག་གིས་བཟའ་བ་དང ། བཅའ་བ་བསླངས་ན། སླར་བཤགས་པར་འགྱུར་རོ། །དགེ་སློང་མས་བསླངས་ན། སླར་བཤགས་པར་མི་འགྱུར་རོ། །དངོས་པོ་གང་གིས་ནོངས་བགྱིས་སུ་འགྱུར་བའི་དངོས་པོ་དེ་ཉིད་ཀྱིས་ནོངས་བགྱིས་སུ་མི་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་གིས་རྩཝ་སྔོན་པོའི་སྟེང་དུ་བཤང་གཅི་བྱས་ན། ཉེས་བྱས་སུ་འགྱུར་རོ། །དགེ་སློང་མས་བྱས་ན། ཉེས་བྱས་སུ་མི་འགྱུར་རོ། །དགེ་སློང་མས་ཤམ་ཐབས་ཀྱིས་རྐེད་པ་འདས་ཙམ་དུ་བགོས་ན། ཉེས་བྱས་སུ་འགྱུར་རོ། །དགེ་སློང་གིས་ཤམ་ཐབས་ཀྱིས་རྐེད་པ་འདས་པར་བགོས་ཀྱང་ཉེས་པ་མེད་དོ། །དགེ་སློང་ཕྱིན་ཏོ། །སྙམ་པ་ལས་ལྟུང་བར་འགྱུར་བ་དང ། ལྟུང་བའོ། །སྙམ་པ་ལས་ཕྱིན་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། དེ་འདི་ལྟར། དགེ་སློང་ལ་དགེ་འདུན་གྱི་ལྷག་མའི་ནོངས་པ་བྱུང་ནས་དེ་ལ་དབྱུང་བའི་ལས་བྱེད་པའི་ཚེ་ལྷམ་གྱོན་ཞིང་འདུག་པ་དང ། ལག་པས་པུས་མོ་གཉི་ག་འཁྱུད་ཅིང་འདུག་པ་དང ། མགོ་གཡོགས་དང ། རྩཝ་སྔོན་པོ་གཅོད་པ་དང ། ས་ལ་རི་མོ་འབྲི་བ་ལས་ཉེས་པ་བྱུང་བ་ནི། འདི་འདི་ལྟར་ཕྱིན་ཏོ། །སྙམ་པ་ལས་ཉེས་པ་བྱུང་བའོ། །དགེ་སློང་གིས་ཉེས་པ་བྱུང་ངོ ། ། སྙམ་པ་ལས་ཕྱིན་པ་གང་ཞེ་ན། དེ་འདི་ལྟར། དགེ་སློང་དེ་དགེ་འདུན་གྱི་ལྷག་མའི་ཉེས་པ་མི་མཐུན་པ་བྱུང་ངོ ། །སྙམ་པ་ལས་དེའི་མཚན་འཕོས་ཏེ། མཚན་འཕོས་པ་དགེ་སློང་མ་ལ་ནི། ཕྱིན་ཏེ། དེ་ Pa320a ༄#། །ལྟར་ན། ཉེས་པ་བྱུང་ངོ ། །སྙམ་པ་ལས་ཕྱིན་པ་ཡིན་ནོ། །མཚམས་བཀྲོལ་ལོ། །སྙམ་པ་ལས་བཅད་པར་འགྱུར་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། ལས་ཀྱི་མཚམས་བཀྲོལ་ཡང་གྲོང་གི་མཚམས་མ་བཀྲོལ་བར་འགྱུར་རོ། །སོང་བའི་རྗེས་སུ་སོང་བ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཚམས་སོ། །དགེ་སློང་གིས་ཉེས་པ་སྡེ་ལྔ་བྱུང་བ་མཆིས་སམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཡོད་དེ། བུད་མེད་ཀྱི་གོས་བྱས་ན། ཉེས་བྱས་སུ་འགྱུར་རོ། །བསླབ་པའི་སྡོམ་པ་བཅས་པའི་གྲོང་ནས་རང་གི་ལག་གིས་བཟའ་བ་དང ། བཅའ་བ་བསླངས་ན། སོ་སོར་བཤགས་པར་འགྱུར་རོ། །བུད་མེད་ལ་ཚིག་ལྔའམ་དྲུག་ལས་ལྷག་པར་ཆོས་བསྟན་ན། ལྟུང་བར་འགྱུར་རོ། །བུད་མེད་ལ་གནས་ངན་ལེན་གྱི་ཚིག་སྨྲས་ན། དགེ་འདུན་གྱི་ལྷག་མའི་ཉེས་པ་སྦོམ་པོར་འགྱུར་རོ། །བུད་མེད་ལ་མེད་བཞིན་དུ་མི་ལས་བླ་མར་གྱུར་པའི་ཆོས་སྨྲས་ན། ཕས་ཕམ་པར་འགྱུར་རོ། །བཙུན་པ། བདག་ཅག་ལ་འདུལ་བ་འདྲི་བ་ཞིག་མཆིས་ན། བདག་ཅག་གིས་གང་ནས་བཙལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སོ་སོར་ཐར་པ་གཉིས་དང ། འབྱེད་པ་དང་བཅས་པ་ལས་སོ། །འདུལ་བའི་དངོས་པོ་བཅོ་བརྒྱད་དང ། རྐྱང་པ་དང ། གླེང་གཞི་གཉིས་དང ། འདུལ་བ་གཅིག་གིས་ལྷག་པའི་རྒྱུད་རྣམས་དང ། ཐུན་མོང་བ་དང ། ཐུན་མོང་མ་ཡིན་པ་དང ། ས་དང ། བར་སྣང་ལས་མཚན་འཕོས་པ་ Pa320b ལས། བཅོམ་ལྡན་འདས་འགྲོ་བ་ཐམས་ཅད་དུའང་མི་གཏོགས་ལ། བསྟན་པ་ལས་ཀྱང་བསྟན་པ་ཡོངས་སུ་མྱ་ངན་ལས་འདས་པའང་མ་ལགས། ཡོངས་སུ་མྱ་ངན་ལས་འདས་པར་ཡང་མི་འགྱུར་བ་དེ་གང་ལགས། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པ་ལི། དེ་ནི། སྤྲུལ་པའོ། །དེ་བཀུམ་ན། ནོངས་པ་ཅིར་འགྱུར། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོའོ། །དེ་བཀུམ་ན། ནོངས་པ་གང་བཤགས་པར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་པ་སྦོམ་པོའོ། །འདུལ་བའི་གཞུང་དམ་པ་ལས། གཏམ་གྱི་དངོས་པོ་རྫོགས་སོ།། །། འདུལ་བ་གཞུང་དམ་པ། བམ་པོ་ཞེ་དྲུག་པ། མ་ན་བི་ཀའི་མདོའི་མདོ་བསྡུས་པ་སྟེ། འདུས་པ་བུ་རམ་ཆུ་དང་རང་བ་གཉིས། །ཤ་དང་སྲིན་བུ་པད་པེ་རྣམ་པ་ལྔ། །སྔ་དྲོ་བ་དང་བྱིན་ལེན་བྱས་པ་དང ། ། སྨྱོས་པ་དགེ་བསྙེན་ན་བ་དགེ་སློང་མའོ། །མདོར་ན། འདུས་པ་དང་ནི་འོན་པ་དང ། །དམུས་ལོང་དང་ཡང་རི་མོ་ཅན། །བཞོན་པ་རྣམས་ནི་མ་གཏོགས་ཏེ། །ལྷག་མ་རྣམས་ནི་རུང་བའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། བཅོམ་ལྡན་འདས་ཀྱིས་ཡུལ་མཐའ་འཁོབ་ཏུ་འདུལ་བ་འཛིན་པ་དང་ལྔས་བསྙེན་པར་རྫོགས་པར་རུང་ངོ ། །ཞེས་བཀའ་སྩལ་ན། དེར་བཅུ་འཁོད་པ་ལས། འདུལ་བ་འཛིན་པ་དང་ལྔས་བསྙེན་པར་རྫོགས་པར་བགྱིས་ན། བསྙེན་པར་རྫོགས་པ་ཞེས་བགྱིའམ། བསྙེན་པར་མ་རྫོགས་པ་ཞེས་བགྱི། ཨུ་པ་ལི། དེ་ནི། དགེ་སློང་དུ་བསྙེན་པར་ Pa321a ༄#། །རྫོགས་པ་ཞེས་བྱ་སྟེ། དགེ་འདུན་རྣམས་ནི། འདས་པ་དང་བཅས་པར་འགྱུར་རོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཆོས་གོས་རྙེད་ལ་ཞག་བཅུ་ལས་འདས་ན། སྤང་བའི་ལྟུང་བར་འགྱུར་རོ། །ཞེས་བཀའ་སྩལ་ན། ཇི་ཙམ་གྱིས་ན། འོན་བས་ཆོས་གོས་ཐོབ་པར་འགྱུར། གང་གིས་ཚེ་རྙེད་པ་ན་མཐོང་ལ། ལག་པས་རེག་གམ་པང་དུ་བླངས་པར་གྱུར་ལ། འདི་ནི། བདག་གི་གོས་སོ། །སྙམ་དུ་དེས་འདུ་ཤེས་པ་དེ་ལྟ་བུ་ནི། འོན་བས་གོས་ཐོབ་པར་གྱུར་པའོ། །ཇི་ཙམ་གྱིས་ན། དམུས་ལོང་གིས་གོས་ཐོབ་པར་འགྱུར། གང་གི་ཚེ་དེས་ཐོས་ལ་ལག་ཏུ་བླངས་སམ། པང་དུ་བླངས་པར་གྱུར་ལ། འདི་ནི། བདག་གི་གོས་སོ། །སྙམ་དུ་དེས་འདུ་ཤེས་ཀྱང་བསྐྱེད་ན། དེ་ལྟ་བུ་ནི། དམུས་ལོང་གིས་གོས་ཐོབ་པར་གྱུར་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། ཕྱེད་རི་མོ་བྲིས་ལ་ཕྱེད་རི་མོ་མ་བྲིས་པ་ལ་མཆིས་སུ་རུང་ངམ། ཨུ་པ་ལི། མི་རུང་སྟེ། དེའི་སྟེང་དུ་གདིང་བ་གཞན་ཡོད་དམ། དེ་སྟེ་རྙིང་པར་གྱུར་ན། རུང་ངོ ། །བཙུན་པ། བཅོམ་ལྡན་འདས་ཀྱིས་བལ་འཇུས་ཏེ་ཀླུང་མ་རྒལ་ཅིག་།ཅེས་བཀའ་སྩལ་ན། བཞོན་པ་མ་གཏོགས་པར་གཞན་ལ་འཇུ་ཞིང་ཀླུང་རྒལ་དུ་གནང་ངམ། གནང་སྟེ། བ་ལང་ངམ།་རྟའམ། མ་ཧེའམ། གཡག་ལ་འཇུས་ཤིང་ཀླུང་བརྒལ་ན། ཉེས་པ་མེད་དོ། །མདོར་ན། བུ་རམ་ཤིང་དང་ཞག་བདུན་དང ། །ལན་ཚཝ་དང་ནི་འབྲུ་མར་རུང ། །དགེ་སློང་གིས་ནི་རུང་བར་བྱས། ། Pa321b མི་རུང་སར་ནི་མི་རུང་བའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཨུ་པ་ལིས་ཞུས་པ། བཙུན་པ། བུ་རམ་ཆང་ཞག་བདུན་དུ་བྱིན་གྱིས་བརླབ་ཏུ་རུང་ངམ། ཨུ་པ་ལི། རུང་ངོ ། །ཇི་སྲིད་དུ་བཏུང་བར་བགྱི། ནམ་མྱོས་བར་མི་འགྱུར་བ་དང ། ཟས་དང་མ་འདྲེས་པ་དང་མ་རྙོག་པ་དང ། བསྔལ་བར་མ་གྱུར་ཅིང་ཉིད་ཀྱི་བྲོ་ལས་མ་གྱུར་པའོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ།་བཙུན་པ། མི་རུང་བའི་ཚིལ་ལས་ལན་ཚཝ་བཙོས་ཏེ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །ཐལ་བར་བྱས་ཏེ་ཟོས་ན། ཉེས་པ་མེད་དོ། །བཙུན་པ། མི་རུང་བའི་སྨན་ལས་འབྲུ་མར་བཙོས་པ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་སྟེ། མིག་གམ། རྣ་བའམ། སྣ་ལ་བསྐུས་ན། ཉེས་པ་མེད་དོ། །དགེ་སློང་རང་གིས་མེའམ། མཚོན་ནམ། སེན་མོས་ས་བོན་དུ་འགྱུར་བ་རྣམ་པ་ལྔ་བོ་རུང་བར་བགྱིས་ན། རུང་བར་བགྱིས་པ་ཞེས་བགྱིའམ་འཚལ་དུ་རུང་ངམ། རུང་སྟེ། མེས་རུང་བར་བྱས་པ་མ་གཏོགས་ཏེ། གང་རུང་བར་བྱེད་པ་དེ་ནི། ས་བོན་མ་རུང་བར་བྱས་པའི་ཉེས་པ་འབྱུང་བར་འགྱུར་རོ། །མི་རུང་བའི་སར་ཤིང་སྐྱེས་ལ་རུང་བའི་སར་འབྲས་བུ་ལྷུང་ན། འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །རུང་བའི་སར་ཤིང་སྐྱེས་ལ་མི་རུང་བའི་སར་འབྲས་བུ་ལྷུང་ན། འཚལ་དུ་རུང་ངམ། ཨུ་པ་ལི། རུང་སྟེ། ཞག་མ་ལོན་པར་གྱུར་བའོ། །མདོར་ན། རུང་བར་འགྱུར་བའི་ས་གཉིས་ཏེ། །བཟའ་བར་བྱ་བ་མ་ཡིན་དང ། །མི་ཡི་འོ་མར་རིག་པ་དང ། །སྐྱུར་པོ་ཁུ་བར་གྱུར་བའོ། ། Pa322a ༄#། །རུང་བའི་ས་ན་ས་བོན་རྣམ་པ་ལྔ་བོ་དང་མི་མཆིས་ལ། མི་རུང་བའི་སར་རུང་བར་བགྱིད་པ་མཆིས་ཏེ། མེའམ། མཚོན་ཏམ། སེན་མོས་རུང་བར་བགྱིས་ན། རུང་བར་བགྱིས་པ་ཞེས་བགྱིའམ། མ་བགྱིས་པ་ཞེས་བགྱི། བྱས་པ་ཞེས་བྱའོ། །འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །རུང་བའི་ས་ན་དགེ་སློང་མཆིས་ཏེ། རུང་བའི་སར་ས་བོན་རྣམ་པ་ལྔ་པོ་ལ་མེ་འམ།་མཚོན་ཏམ། སེན་མོས་རུང་བར་བགྱིས་ན། བགྱིས་པ་ཞེས་བགྱིའམ། མ་བགྱིས་པ་ཞེས་བགྱི། བྱས་པ་ཞེས་བྱའོ། །འཚལ་དུ་རུང་ངམ། རུང་སྟེ། མེས་རུང་བར་བྱས་པ་མ་གཏོགས་ཏེ། གང་ཡང་རུང་བར་བྱེད་པ་ལ་ས་བོན་གྱི་གྲོང་བ་ཤིག་པའི་ཉེས་པར་འགྱུར་རོ། །ཁུར་སླང་ངམ། མ་བསྲེགས་པའམ། ཁྲིའུའམ། སློབ་མའི་ནང་དུ་བཞག་སྟེ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །མིའི་འོ་མ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་སྟེ། མིག་སྨན་དུ་བསྒོས་པ་ནི། མ་གཏོགས་སོ། །དུས་མ་ལགས་པར་སྐྱུར་པོའི་ཁུ་བ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །མདོར་ན། མི་ཡི་ཤ་དང་ཆེད་དུ་ནི། བསད་པར་གྱུར་པ་ཤེས་པ་དང ། མི་རུང་བ་ཡི་ཤ་རྣམས་དང ། །འདི་རྣམས་ཀུན་ཏུ་བཟའ་མི་བྱ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ།་མིའི་ཤ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། ནོངས་པ་ཅིར་འགྱུར། ཉེས་པ་སྦོམ་པོའོ། །མིའི་ཤ་མ་གཏོགས་པར་དེ་ལས་རུང་བ་གཞན་རྣམས་དེའི་ཆེད་དུ་བསད་པའི་ཤ་ Pa322b འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །མི་རུང་བའི་ཤ་རྣམས་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །མདོར་ན། སྲིན་བུ་པད་པ་དང་ནི་ཤིང་རྟ་དང ། །སྦལ་པ་ཡི་ཡང་བཟའ་བར་མི་བྱ་སྟེ། །གཟུགས་པ་དེ་དག་ཐམས་ཅད་ནི། །བཟའ་བར་བྱ་བ་མ་ཡིན་ནོ། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། བཙུན་པ། སྲིན་བུ་པད་པའི་ཤ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ། །བྱ་ཤིང་རྟ་མོའི་ཤ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །སྦལ་པའི་ཤ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །གཟུགས་པ་དག་གི་ཤ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། ། མདོར་ན། རུང་བ་དག་དང་འདྲེས་པ་དང ། །ཞག་བདུན་དུ་ཡང་བཟའ་མི་བྱ། །ཚིལ་བུ་དང་ཡང་དེ་བཞིན་ཏེ། །བུ་རམ་ཤིང་དང་སྔ་དྲོར་སྦྱར། །སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། སྔ་དྲོའི་སྨན་དང ། ཕྱི་དྲོའི་སྨན་དུ་བསྲེས་ན། འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །ཕྱི་དྲོ་པ་དང་བདུན་པར་བསྲེས་ན། འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བདུན་པ་དང ། ནམ་འཚོའི་བར་དུ་བསྲེས་ན། འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །བཙུན་པ། དེ་ཉིད་སྔ་དྲོ་པ་ལགས་ལ། དེ་ཉིད་ཕྱི་དྲོ་བ་དང ། བདུན་པ་དང ། ནམ་འཚོའི་བར་དུ་རུང་ངམ། ཨུ་པ་ལི། མི་རུང་སྟེ། བུ་རམ་ཤིང་ནི། སྔ་དྲོ་ལ། དེའི་འོག་ཏུ་ཁུ་བ་བཙིར་བ་ནི། ཕྱི་དྲོ་བའོ། །དེའི་འོག་ཏུ་ཁུ་བ་བསྐོལ་ཏེ་བུ་རམ་དུ་བྱས་པ་ནི། བདུན་པའོ། །དེའི་འོག་ཏུ་བདུན་པ་བསྲེགས་པ་ནི། ནམ་འཚོའི་བར་དུའོ། ། Pa323a ༄#། །དེ་ཉིད་ལ་སྔ་དྲོ་བ་དང ། དེ་ཉིད་བདུན་པ་དང ། དེ་ཉིད་ལ་ནམ་འཚོའི་བར་དུ་རུང་ངམ། རུང་སྟེ། ཤ་ནི། སྔ་དྲོ་བའོ། །དེའི་འོག་ཏུ་བཙོས་པའི་ཞག་ནི། བདུན་པའོ། །བདུན་པ་དེའི་འོག་ཏུ་བསྲེགས་པའི་ཐལ་བ་ནི། ནམ་འཚོའི་བར་དུའོ། །མདོར་ན། དེ་ལྟར་བྱིན་ལེན་བྱས་པ་དང ། །དེ་ཡང་བྱིན་གྱིས་མ་བརླབས་དང ། །ནད་པ་ནད་ཀྱིས་གཟིར་བ་དང ། །བསྔལ་བའི་བཏུང་བ་བརྒྱད་པའོ། ། སྔ་དྲོ་བའི་སྨན་འདི་དག་གཞག་པར་བྱིན་གྱིས་བརླབ་ཏུ་རུང་ངམ། ཨུ་པ་ལི། མི་རུང་སྟེ། དེ་བཞིན་དུ་ཕྱི་དྲོ་པ་དང ། བདུན་པ་དང ། ནམ་འཚོའི་བར་དུ་ཡང་མི་རུང་ངོ ། །དེ་བཞིན་དུ་བྱིན་ལེན་མ་བགྱིས་པ་དང ། ནང་དུ་བཙོས་པ་དང ། བླངས་པ་དང ། མི་རུང་བ་རྣམས་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །ཚུལ་བཞིན་པས་བླངས་ལ་བྱིན་གྱིས་མ་བརླབས་པ་དེ་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །སླར་བླངས་པ་དང ། བྱིན་གྱིས་མ་བརླབས་པ་མི་ན་བར་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །སླར་བླངས་པ་དང་བྱིན་གྱིས་མ་བརླབས་པ་ནད་པས་འཚལ་དུ་རུང་ངམ། ཨུ་པ་ལི། མི་རུང་ངོ ། །དེ་ནས་སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་ཞུས་པ། ནད་པ་ལ་ཅི་སྩལ་པར་བགྱི། གང་གིས་ནད་སོས་པར་འགྱུར་བ་བཅས་པའི་ཁ་ན་མ་ཐོ་བ་དེ། ནད་པ་ལ་བྱིན་ཅིག་།བཅོམ་ལྡན་འདས་ཀྱིས་བཏུང་བ་རྣམ་པ་འདི་བརྒྱད་གནང་ན། དེ་ལ་རྩ་བའི་བསྔལ་བ་དང ། སྡོང་བུའི་བསྔལ་བ་དང ། ལོ་མའི་དང ། མེ་ཏོག་གི་བསྔལ་བར་འདྲེས་ན། འཚལ་དུ་ Pa323b རུང་ངམ། ཨུ་པ་ལི། རུང་ངོ ། །ཇི་སྲིད་དུ་རུང་ངམ། མྱོས་པར་མ་གྱུར། ཟས་མ་འདྲེས། རྙོག་པར་མ་གྱུར། ནམ་བསྔལ་བའི་བར་དུའོ། །མདོར་ན། སྨྱོན་པར་གྱུར་བར་བྱིན་གྱིས་བརླབས། །གཅིག་པུ་འདུག་པར་གྱུར་པ་དང ། །གོས་ལ་བྱིན་གྱིས་མི་བརླབ་དང ། །མཚམས་ཀྱི་ཕྱི་རོལ་དགེ་འདུན་གྱིའོ། སྨྱོན་པ་ལས་གོས་བླང་བར་བགྱིའམ། གསུངས་པ། ཁ་ཅིག་ལས་ནི། བླང་བར་བྱའོ། །ཁ་ཅིག་ལས་ནི། མི་བླང་བར་བྱའོ། །གང་ལས་བླང་བར་བགྱི། གང་ལ་ཕ་དང ། མ་དང ། ཕུ་ནུ་བོ་དང ། སྲིང་མོ་ཡོད་པའམ། བདག་གི་ཁྱིམ་ནས་བྱིན་པ་དེ་ནི། བླང་བར་བྱའོ། །གང་ལས་མི་བླང་བར་བགྱི། གསུངས་པ། གང་ལ་ཕ་དང ། མ་དང ། ཕུ་ནུ་བོ་དང ། སྲིང་མོ་དང ། རང་གི་ཁྱིམ་མེད་པས་བྱིན་པ་དེ་ནི། བླང་བར་མི་བྱའོ། །སྨྱོན་པས་གང་ནས་བཟུང་སྟེ་ཆོས་གོས་བྱིན་གྱིས་བརླབ་པར་བགྱི། གང་གི་ཚེ་རང་གི་སེམས་མལ་དུ་ཕེབས་པར་གྱུར་པ་ནའོ། །བཙུན་པ། དགེ་སློང་གང་གཅིག་པུ་གནས་ན་མཆིས་པ་དེར་མི་དག་གིས་དགེ་འདུན་གྱི་ཕྱིར་གོས་ཕུལ་བ་དེ། དགེ་འདུན་གྱིས་མངོན་དུ་བགོ་བར་བགྱི་བ་ཞིག་ལགས་ན། དགེ་སློང་དེས་གོས་རྙེད་པ་ཇི་ལྟར་བགྱི། གསུངས་པ། ཨུ་པ་ལི། དེའི་ཕྱིར་ན། དགེ་སློང་དེར་སེམས་འདི་ལྟར་བསྐྱེད་ལ་ཚིག་ཏུ་ཡང་འདི་སྐད་རྗོད་ཅིག་།གནས་འདི་ན་བདག་གཅིག་པུ་འདུག་སྟེ། གོས་འདི་ནི། དགེ་འདུན་གྱི་ཕྱིར་ཏེ། དགེ་འདུན་གྱིས་མངོན་དུ་བསྒོ་བར་རིགས་པ་ཞིག་ལས་བགོས་ནས་བདག་དབང་སྟེ། བྱི་བདར་བྱའོ། །སྦའོ། །བྱིན་གྱིས་བརླབ་པར་བྱ་སྟེ། བྱི་བདར་བྱས། སྦས་ཤིང་ Pa324a ༄#། །བྱིན་གྱིས་བརླབས་ལ། དེ་ལྟར་བྱས་ན། ལས་བྱས་པ་ཞེས་བྱའོ། །དགེ་སློང་གཞན་དག་ཅིག་འོངས་སུ་ཟིན་ཀྱང་དེ་དག་ལ་སྐལ་པ་མ་སྦྱིན་ཅིག་།དེ་ལྟར་མ་བྱས་ན། དགེ་སློང་དེ་གཅིག་པུས་གོས་དེ་མ་བཀུར་ཅིག་།ཁྱེར་ན། འདས་པ་དང་བཅས་པར་འགྱུར་རོ། །དགེ་སློང་དག་ཀྱང་མཚུངས་པར་དབང་བ་ལས་དེ་གཅིག་པུས་དགེ་འདུན་གྱི་ཕྱིར་བྱིན་གྱིས་བརླབས་པ་ལས། མཚམས་ཀྱིས་ཕྱི་རོལ་ཏུ་སོང་ནས་ཁྱེར་ན། ཉེས་བྱས་སུ་འགྱུར་རོ། །དེ་སྟེ་རྐུ་སེམས་སུ་གྱུར་ན། འདས་པ་དང་བཅས་པར་འགྱུར་རོ། །མདོར་ན། དགེ་བསྙེན་པའི་ནི་བུ་དང་སྟེ། དབྱར་གནས་མངོན་དུ་གྱུར་པ་དང ། །འདས་དང་མ་འོངས་དགེ་སློང་དག་།འདི་ལྟར་དབྱར་ནི་ཞིག་པར་གྱུར། །དགེ་བསྙེན་གྱིས་བུ་སྨ་ཕབ་པར་གྱུར་ན། དེ་ལས་གོས་བླང་བར་བགྱིའམ། མི་བླང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་མི་བླང་བ་ཞེས་བྱའོ། །གོས་འདི་དབྱར་གནས་པའི་དགེ་འདུན་ལ་ཕུལ་ན་ཡང ། དེ་དབྱར་གྱི་ཟླ་བ་ཐ་མ་ཡང་མ་ཡིན་ལ་གནས་དེར་གཏན་པ་ཡང་བཏིང་བར་མ་གྱུར་ཏེ་དབྱར་གྱི་ཟླ་བ་ཐ་མ་ཡིན་ལ། དེ་གནས་དེར་གཏན་པ་མ་བཏིང་དུ་ཟིན་གྱིས་ཀྱང་དབྱར་གནས་པའི་རྣམས་ལ་གོས་དེ་དབང་བར་འགྱུར་རོ། །གོས་འདི་ནི། དགེ་འདུན་མངོན་དུ་གྱུར་པ་རྣམས་ཀྱི་ཡིན་ནོ། །ཞེ་ན། དེ་ཡང་དབྱར་གྱི་ཟླ་བ་ཐ་མར་ཡང་གྱུར། དེ་གནས་དེར་གཏན་པ་ཡང་བཏིང་བར་གྱུར་ན། ཟླ་བའི་ཐ་མ་ཡང་ཡིན་ཞིང་གནས་དེར་གཏན་པ་བཏིང་བར་གྱུར་ཏུ་ཟིན་ཀྱང ། གང་དབྱར་དེར་མ་གནས་པ་ Pa324b དེ་དག་ཀྱང་གོས་དེ་དབང་བར་འགྱུར་རོ། །གོས་འདི་དགེ་འདུན་མངོན་སུམ་དུ་ཚོགས་པ་ལ་ཕུལ་བར་གྱུར་ཏེ། དགེ་སློང་གང་གནས་འདིར་ལོ་ཕྱི་མར་གནས། ཡང་ཕྱིར་གནས། སུམ་ཕྱིར་གནས། དེ་བཞིན་དུ་ལོ་ཕྱི་མ་བཅུའི་བར་དུ་གནས་པ་དེ་དག་ལ་འབུལ་ལོ། །ཞེ་ན། དེ་དབྱར་གྱི་ཟླ་བ་ཐ་མར་ཡང་གྱུར་ལ། གཏན་པ་བཏིང་བར་གྱུར་ཏོ། །དེ་དབྱར་གྱི་ཟླ་བ་ཐ་མར་གྱུར་ཏུ་ཟིན་ཀྱང་གང་ལ་བྱིན་པ་དེ་དག་དབང་སྟེ།་སྔ་མའི་ཟླ་བ་དང་པོ་དང ། གཉིས་པ་ནས་བཅུའི་བར་དུ་རྒྱས་པར་བརྗོད་དོ། །དགེ་སློང་དབྱར་གནས་པ་ལས་དགེ་འདུན་གྱི་དོན་ཞིག་ལ་མཚམས་ཀྱི་ཕྱི་རོལ་ཏུ་སོང་ན། དེའི་དབྱར་གྱི་སྐལ་བ་དབང་བ་གང་ནས་སྩལ། གང་གི་དོན་གྱི་ཕྱིར་སོང་བ་དང ། གང་དུ་རིང་དུ་གནས་པར་གྱུར་པའོ། །དབྱར་ཞིག་པ་ལ་གོས་ཀྱི་སྐལ་བ་སྩལ་བར་བགྱིའམ། ཁ་ཅིག་ལ་ནི། སྦྱིན་པར་བྱའོ། །ཁ་ཅིག་ལ་ནི། མི་སྦྱིན་པར་བྱའོ། །གང་ལ་སྩལ་བར་བགྱི། གང་ལ་སྔ་མ་དང ། ཕྱི་མ་ཡོད་པ་དང ། གང་དུ་རིང་དུ་གནས་པར་གྱུར་པ་ལའོ། །གང་ལ་མི་སྩལ་བར་བགྱི། གང་ལ་སྔ་མ་ཡང་མེད་ལ། ཕྱི་མ་ཡང་མེད་པ་དང ། གང་རིང་དུ་གནས་པར་མ་གྱུར་པའོ། །མདོར་ན། ནད་པ་ཡི་ནི་དོན་ལ་སྟེ། །ནད་གཡོག་ཏུ་ནི་གྱུར་པ་དང ། །རུང་བ་བྱས་དང་བསླབ་པ་བྱིན། །ནོར་རྣམས་རུང་བར་ཇི་ལྟར་བྱ། །དགེ་སློང་ནད་གཡོག་བགྱིད་པ་དེས་དོན་ཞིག་ལ་མཚམས་ཀྱི་སླད་རོལ་ཏུ་མཆིས་པ་དང ། དེ་མཚམས་ཀྱི་སླང་རོལ་ཏུ་མཆིས་པའི་འོག་ཏུ་ནད་པ་དུས་འདས་ན། ནད་གཡོག་ལ་གོས་རྣམས་སྩལ་བར་བགྱིའམ། མི་སྩལ་བར་བགྱི། ཁ་ཅིག་ལ་ནི། སྦྱིན་ Pa325a ༄#། །པར་བྱའོ། །ཁ་ཅིག་ལ་ནི། མི་སྦྱིན་པར་བྱའོ། །གང་ལ་སྩལ་པར་བགྱི། གང་ནད་པའི་དོན་གྱི་ཕྱིར་བྲེལ་བར་གྱུར་བ་དེ་ལ་ནི། སྦྱིན་པར་བྱའོ། །གང་རང་གི་དོན་ནམ། གཞན་གྱི་དོན་ལ་བྲེལ་བར་གྱུར་པ་དེ་ལ་ནི། མི་སྦྱིན་ནོ། །ཁྱིམ་པ་ཞིག་ནད་པའི་གཡོག་བགྱིད་ན། གོས་སྩལ་པར་བགྱིའམ། མི་སྩལ་བར་བགྱི། གསུངས་པ། མི་སྦྱིན་ཏེ། དགེ་སློང་མ་དང ། དགེ་སློབ་མ་དང ། དགེ་ཚུལ་མ་ཡང་དེ་བཞིན་དུ་མི་སྦྱིན་ནོ། །དགེ་ཚུལ་ཕ་ཞིག་ནད་གཡོགས་བགྱིད་ན། དེ་ལ་ནད་གཡོག་གི་གོས་སྩལ་བར་བགྱིའམ། མི་སྩལ་བར་བགྱི། གསུངས་པ། སྦྱིན་པར་བྱའོ། ། ཇི་ཙམ་ཞིག་སྩལ། ཀུན་དང་ཡང་མཉམ་པར་རོ། །ནད་གཡོག་དབྱར་གནས་གཞན་དུ་ཚུལ་དུ་ཞུགས་པ་ཞིག་ན། དེ་ལ་ནད་གཡོག་གི་གོས་སྩལ་བར་བགྱིའམ། མི་སྩལ་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྱིན་པར་བྱའོ། །ནད་གཡོག་སུས་བགྱི། མཁན་པོ་དང ། སློབ་དཔོན་དང ། མཁན་པོ་གཅིག་པ་དང ། སློབ་དཔོན་གཅིག་པ་དང ། སྨྲ་བ་དང ། ཀུན་ཏུ་སྨྲ་བ་དང ། སྟོན་པ་དང ། ལྷན་ཅིག་སྤྱོད་པ་དང ། སློབ་མས་སོ། །དེ་སྟེ་མེད་ན། དགེ་འདུན་གྱིས་ནད་གཡོག་སྐོས་ཤིག་།དེ་སྟེ་དགེ་འདུན་གྱིས་ཀྱང་ནད་གཡོག་མ་བསྐོས་ན། འདས་པ་དང་བཅས་པའོ། །ནད་གཡོག་གིས་ཀྱང་ནད་པའི་གཡོག་མ་བྱས་ན། ཉེས་བྱས་སུ་འགྱུར་རོ། །དེ་སྟེ་ནད་བས་ནད་གཡོག་ལ་ཆོས་བཞིན་དུ་བསྒོ་བ་མ་མཉན་ན། ཉེས་བྱས་སུ་འགྱུར་རོ། །ནད་ Pa325b པ་ལ་ཡང་དེ་བཞིན་ནོ། །ནད་པ་ལ་ཇི་སྲིད་དུ་ནད་གཡོག་བགྱི། ཇི་སྲིད་ནད་པ་ཤི་བའམ། དེ་སྟེ་སོས་པར་གྱུར་གྱི་བར་དུ་མི་ཕན་པ་རྣམས་སྤོང་བར་བྱེད། ཕན་པ་རྣམས་ནི། སྒྲུབ་པར་བྱེད། དོན་རྣམས་ཀྱང་ཉམས་པར་མི་བྱེད་པའོ། །བསླབ་པ་སྩལ་བས་གང་ནས་བཟུང་ཞིང་གོས་རྣམས་བྱིན་གྱིས་བརླབ་པར་བགྱི། ནམ་རྙེད་ནའོ། །ནོར་རྣམས་ཇི་ལྟར་རུང་བར་བགྱི། མི་རུང་བ་འདིས་རུང་བ་བསྒྲུབ་པར་བྱ་ཞིང ། ན་བའི་སྨན་རྣམས་གཞག་པར་བྱའོ། །སྙམ་དུའོ། །མདོར་ན། དགེ་སློང་གནས་པ་རྣམ་བཞི་ནི། །གནང་བ་དང་ནི་རས་རྣམས་དང ། །སོང་ནས་སླར་འོངས་སྤངས་པ་དང ། །སྦོམ་པོ་མུ་སྟེགས་ཅན་དང་གསུམ། །དགེ་སློང་གིས་སྔར་ཡང་མ་ལགས། སླད་ཀྱིས་ཀྱང་མ་ལགས་པར་གནས་བཞིར་དབྱར་གཅིག་ཅར་ཚུལ་དུ་ཡང་ཞུགས་ལ། ནོངས་པར་ཡང་མི་འགྱུར་བ་མཆིས་སམ། ཡོད་དེ། འདི་ལྟར། དགེ་སློང་དེ་ཁྲིའམ། རེ་ལྡེའམ། ར་གོང་ཡང་རུང་སྟེ། གནས་བཞིའི་མཚམས་སུ་མནན་ནས་དབྱར་ཚུལ་དུ་ཞུགས་ན། ཚུལ་དུ་ཞུགས་པ་ཞེས་བྱ་སྟེ། ཉེས་པ་ཡང་མེད་དོ། །དེའི་གོས་ཀྱི་བགོ་སྐལ་གང་ནས་ཐོབ། ཐམས་ཅད་ནས་སོ། །དབྱར་གྱི་རས་ཆེན་ཆོད་ལས་ཆུང་དུ་འཆང་ན། དེའི་ནོངས་པ་གང་ལགས། གསུངས་པ། ཉེས་བྱས་སུ་འགྱུར་རོ། །དེ་བཞིན་དུ་གཡན་པ་དགབ་པ་དང ། གདིང་བ་ཡང་དེ་བཞིན་ནོ། །སོང་ནས་སླར་མཆིས་པའི་གོས་ཀྱི་གཏན་པ་བཏིང་ན། གཏན་པ་བཏིང་བ་ཞེས་བགྱིའམ། མ་བཏིང་པ་ཞེས་བགྱི། གསུངས་པ། གཏན་པ་མ་བཏིང་བ་ཞེས་བྱའོ། །གོས་དེ་གང་ལགས། ལམ་ཕྲན་ནས་རྙེད་པའོ། ། Pa326a ༄#། །སྤང་བ་བྱུང་བའི་གོས་རྣམས་བགོས་ན། དེའི་ལྟུང་བ་གང་ལགས། གསུངས་པ། ཉེས་བྱས་སོ། །མུ་སྟེགས་ཅན་གྱི་རྒྱལ་མཚན་གོས་མ་མཆིས་པ་དང ། འོལ་བའི་སྒྲོ་དང ། སྐྲའི་ལ་བ་དང་གསུམ་འཆང་ན། དེའི་ལྟུང་བ་གང་ལགས། ཉེས་པ་སྦོམ་པོར་འགྱུར་རོ། །མུ་སྟེགས་ཅན་གྱི་རྒྱལ་མཚན་གསུམ་པོ་མ་གཏོགས་པར་མུ་སྟེགས་ཅན་གྱི་རྒྱལ་མཚན་གཞན་འཛིན་ན། ཅིར་འགྱུར།་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེས་བྱས་སོ། །འདུལ་བའི་གཞུང་དམ་པ་ལས། མ་ན་བི་ཀ་བའི་སྒོ་དང་པོ་སྟེ། རྫོགས་སོ།། །།མདོར་བསྡུས་པར་ན། རྙིང་བ་གདིང་དང་རིང་པ་གསུམ། །གཟུ་བོ་ཉེས་བ་ཇི་ཙམ་གྱིས། །ཀོའུ་ཤམྦྷིས་ནི་ཇི་ལྟར་ལས་བྱས་པ། །ལས་དང་གཟུ་བོ་རྗེས་སུ་བསྒྲགས། །བསྡིགས་པ་བསྡུས་ནས་བསྒྲགས་པའོ། །མདོར་ན། རྙིང་པ་གསར་པ་གཉིས་པོ་དང ། །ཁ་དོག་ཅན་དང་མ་བཞག་པ། །མི་རུང་དང་ཡང་དེ་བཞིན་ཏེ། །ཡོངས་སྤྱད་མ་བགོས་རུང་བའོ། །བཙུན་པ། །བཅོམ་ལྡན་འདས་ཀྱིས་གོས་རྙིང་པ་གཏན་པར་བཏིང་ན། གཏན་པར་མ་བཏིང་བའོ། །ཞེས་གསུངས་ན། གོས་རྙིང་པ་གང་ལགས། གོས་གང་ཡང་གཏན་པར་བཏིང་བར་གྱུར་པའོ། །བཅོམ་ལྡན་འདས་ཀྱིས་གོས་གསར་པ་གཏན་པར་བཏིང་ན། གཏན་པར་བཏིང་བ་ཡིན་ནོ། །ཞེས་གསུངས་ན། གོས་གསར་པ་གང་ལགས། གོས་གང་གཏན་པར་གདོད་བཏིང་བའོ། །བཅོམ་ལྡན་འདས་ཀྱིས་གཏན་པ་འདིང་བའི་དགེ་སློང་གིས་གོས་ལེན་པའི་ཚེ། Pa326b སེམས་གསུམ་བསྐྱེད་པར་བྱའོ། །ཐོག་མར་འགྲོ་བར་བྱའོ། །གང་གི་ཚེ་མཐར་ཕྱིན་ན་སྐུད་ཁམ་གསུམ་ཙམ་ཡང་དྲུབས་ལ་སེམས་རྣམ་པ་གསུམ་ཡང་བསྐྱེད་པར་བྱའོ། །འཁྲུ་བ་དང ། འདྲ་བ་དང ། བཙོ་བ་དང ། དཀྱིལ་འཁོར་ཕྱེད་དང་གསུམ་པ་ཡང་བྱོས་ཤིག་ཅེས་གསུངས་ན། གཏན་པ་གདིང་བས་སེམས་རྣམ་པ་གསུམ་བསྐྱེད་ན། གཏན་པར་བཏིང་བ་ཞེས་བགྱིའམ། དེ་སྟེ་གོས་འདི་ནི། དགེ་འདུན་གྱི་གཏན་པ་བཏིང་སྟེ། བདག་གིས་ཞེས་སེམས་རྣམ་པ་གཉིས་བསྐྱེད་པར་བགྱི། སེམས་དེ་ལྟར་རྣམ་པ་གཉིས་བསྐྱེད་དེ་གཏན་པར་བཏིང་ན། གཏན་པ་བཏིང་བ་ལ་ཉེས་བྱས་སུ་འགྱུར་རོ། །སྤང་པའི་གོས་གཏན་པར་བཏིང་ན། གཏན་པར་བཏིང་བར་མི་འགྱུར་རོ། །ཞེས་གསུངས་ན། སྤང་བའི་གོས་གང་ལགས། ཞག་བཅུ་ལས་འདས་པའམ། ནུབ་གཅིག་བྲལ་བར་གྱུར་པའོ། །མི་རུང་བའི་ཆོས་གོས་གཏན་པར་བཏིང་ན། གཏན་པར་བཏིང་བ་མ་ཡིན་ནོ། །ཞེས་གསུངས་ན། མི་རུང་བའི་གོས་གང་ལགས། གོས་གང་རྒྱུ་མི་རུང་བར་གྱུར་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་གོས་བགོས་པ་རྙིང་པ་གཏན་པར་བཏིང་ན། གཏན་པར་བཏིང་བ་མ་ཡིན་ནོ། །ཞེས་གསུངས་ན། གོས་རྙིང་པ་བགོས་པ་དེ་གང་ལགས། གོས་གང་དགེ་སློང་གིས་རྟག་ཏུ་བགོས་པའོ། །མ་བགོས་པའི་གོས་གཏན་པར་བཏིང་ན། གཏན་པར་བཏིང་བ་ཡིན་ནོ། །ཞེས་གསུངས་ན། མ་བགོས་པའི་གོས་གང་ལགས། གོས་གང་རྒྱུ་ལས་གསར་དུ་བཏགས་པའོ། །མ་བགོས་པ་རུང་བའི་གོས་གཏན་པར་བཏིང་ན། Pa327a ༄#། །གཏན་པར་བཏིང་བ་ཡིན་ནོ། །ཞེས་གསུངས་ན། མ་བགོས་པ་རུང་བའི་གོས་གང་ལགས། གོས་གང་ཁོད་དང་ལྡན་པ་དེ་གཏན་པར་བཏིང་ན། གཏན་པར་བཏིང་བ་ཞེས་བྱའོ། །མདོར་ན། མ་བཏིང་བར་ནི་དགེ་འདུན་བྱེ། །བཏིང་ནས་བྱེ་བར་གྱུར་པ་ནི། །ཕྱོགས་གཅིག་པོ་ན་གང་གིས་བགྱི། །ཟིན་པར་བྱ་བར་གྱུར་པའོ། །བཙུན་པ། གཏན་པ་མ་བཏིང་བའི་གནས་སུ་དགེ་འདུན་བྱེ་ནས་དེ་དེ་དག་ལས་ཕྱོགས་གཅིག་གམ། གཉིས་པས་གཏན་པ་བཏིང་ན། གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། གཏན་པ་བཏིང་བ་ཞེས་བྱའོ། །དེ་ཐམས་ཅད་ཀྱིས་ཅི། གཏན་པ་བཏིང་བ་ཞེས་བགྱི་འམ།་ཨུ་པ་ལི། མ་ཡིན་ཏེ། གང་གིས་བཏིང་བ་དེ་དག་ནི། བཏིང་བ་ཞེས་བྱའི། གང་གིས་མ་བཏིང་བ་དེ་དག་ནི། གཏན་པ་མ་བཏིང་བ་ཞེས་བྱའོ། །བཙུན་པ། བཏིང་བའི་གནས་སུ་དགེ་འདུན་བྱེ་ནས་དེ་དག་ལས་ཕྱོགས་གཅིག་པོའམ། ཕྱོགས་གཉིས་པས་ཀྱང་རུང ། གཏན་པ་ཕྱུང་ན། གཏན་པར་ཕྱུང་བ་ཞེས་བགྱིའམ། ཨུ་པ་ལི། ཕྱུང་བའོ། །ཅི། ཐམས་ཅད་ཀྱིས་ཕྱུང་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། གང་གིས་གཏན་པ་ཕྱུང་བ་དེ་དག་ལ་ནི། ཕྱུང་བ་ཞེས་བྱའི། གང་གིས་མ་ཕྱུང་བ་དེ་དག་ལ་ནི། གཏན་པ་ཕྱུང་བ་ཞེས་མི་བྱའོ། །དགེ་འདུན་ཕྱོགས་དང ། ཕྱོགས་མ་ཡིན་པར་བྱེ་སྟེ་མཆིས་ན། གང་གིས་གཏན་པ་བཏིང་བར་བགྱི། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་བཞིན་དུ་སྨྲ་བ་རྣམས་ཀྱིས་སོ། །བཙུན་པ། གོས་མ་ལགས་པར་དགེ་འདུན་གྱི་གཏན་པར་ Pa327b བཏིང་ན། གཏན་པ་བཏིང་ཞེས་བགྱིའམ། གཏན་པ་མ་བཏིང་བ་ཞེས་བགྱི། ཨུ་པ་ལི། མ་བཏིང་བ་ཞེས་བྱའོ། །བཙུན་པ། གོས་ཟིན་ནས་གཏན་པར་བཏིང་ན། གཏན་པ་བཏིང་བ་ཞེས་བགྱིའམ། ཨུ་པ་ལི། བཏིང་བ་ཞེས་བྱའོ། །མདོར་ན། སེམས་གསུམ་བསྐྱེད་དང་བག་ཡངས་དང ། །རྐྱེན་དང་གཏན་པ་དེ་ཡི་དོན། །ུ་པ་ལི། གནས་བྲེལ་བའོ། །གཏན་པ་གདིང་བའི་དགེ་སློང་གིས་མཇུག་ཏུ་ཁབ་སོ་འདྲུབ་པའི་ཚེ་སེམས་གསུམ་བསྐྱེད་པར་བྱོས་ཤིག་།ཅེས་གསུངས་ན། དེ་གང་ལགས། གོས་འདི་དགེ་འདུན་གྱི་གཏན་པར་གདིང་བར་བྱའོ། །གོས་འདི་ནི། གདིང་ངོ ། །གོས་འདི་ནི། བཏིང་ངོ ། །ཞེས་བརྗོད་དོ།། གཏན་པ་བཏིང་བ་དེ་ལྟར་སེམས་གསུམ་བསྐྱེད་ན། གཏན་པ་བཏིང་བ་ཞེས་བགྱིའམ། མ་བཏིང་བ་ཞེས་བགྱི། བཏིང་བ་ཞེས་བྱའོ། །འོན་ཀྱང་སེམས་བསྐྱེད་པ་རྣམ་པ་གཉིས་ནི། སྔ་མ་བཞིན་དུ་གྱིས་ཤིག། སེམས་དེ་གཉིས་མ་བསྐྱེད་ན། ཅིར་འགྱུར། གཏན་པ་བཏིང་བ་ཞེས་ནི། བྱ་སྟེ། གཏན་པ་འདིང་བ་ནི། ཉེས་བྱས་སུ་འགྱུར་རོ། །གཏན་པ་བཏིང་བའི་གནས་རྐྱེན་དུས་བག་ཡངས་སུ་འགྱུར། ལྔ་སྟེ། གོས་ཅི་རྙེད་འཆང་ཡང་རུང་བ་དང ། སྦྱར་མ་མེད་བཞིན་དུ་གྲོང་དུ་འཇུག་པ་དང ། འདུས་ཤིང་ཟ་བ་དང ། ཡང་ཡང་ཟ་བ་དང ། མ་བསྒོ་བར་སྤྱོད་པ་དང ། སྟེང་གོས་དང ། མཐང་གོས་ཀྱིས་ལྗོངས་སྤྱོད་དུ་འགྲོ་པའོ། །བཙུན་པ། རྒྱུ་དུ་རྐྱེན་དུས་ན། སྦྱར་མ་བཞག་ཀྱང་མི་འབྲལ་བར་འགྱུར། ལྔ་སྟེ། ཇི་ལྟར་འདུལ་བ་ལས་འདུས་པར་འབྱུང་བ་བཞིན། དབྱར་གྱི་རས་ཆེན་བཞག་པའང་དེ་བཞིན་ནོ། །གཏན་ Pa328a ༄#། །པ་ཞེས་བགྱི་བའི་དོན་ཅི་ལྟ་བུ་ལགས། གཏན་པ་ཞེས་བྱ་བ་ནི། གོས་ལ་བྱ་སྟེ། གོས་གང་དགེ་འདུན་གྱི་གཏན་པར་བཏིང་བའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཨུ་པ་ལི།་ཁྱོད་གནས་བྲེལ་བའོ། །ཞེས་གསུངས་པའི་དོན་ཇི་ལྟ་བུ་ལགས། གནས་གང་ན་གོས་རྙེད་པར་གྱུར་པ་ནི། བྲེལ་བ་ཞེས་བྱའོ། །མདོར་ན། བརྟད་དང་ཟླ་བ་གསུམ་པ་དང ། དུས་དང་ཞིག་པར་གྱུར་པ་དང ། །གང་ཟག་ལྔ་དང་མ་ལྟ་བུ། །གང་ཟག་གསུམ་གདིང་བ་འབྱིན་པ་ཐ་མའོ། །བརྟད་པའི་གོས་གཏན་པར་བཏིང་ན། གཏན་པ་བཏིང་བ་ཡིན་ནོ། །ཞེས་གསུངས་ན། བརྟད་པའི་གོས་གང་ལགས། ཞག་འདི་ཙམ་ན་སྐབས་འབྱེད་པའི་ཚེ་རྙེད་པའོ། །ཟླ་བ་གསུམ་འདས་ནས་གོས་རྙེད་པ་དེ་གཏན་པར་བཏིང་ན། གཏན་བ་བཏིང་བ་ཡིན་ནོ། །ཞེས་གསུངས་ན། ཟླ་བ་གསུམ་འདས་པའི་གོས་གང་ལགས། གཞི་ན་འཁོད་པ་རྣམས་ཀྱི་ནི། བཅོ་ལྔ་ར་གྱུར། གློ་བུར་དུ་ཡང་དགེ་སློང་མང་ཞིག་ལྷགས་ཏེ། དེ་དག་ལྟ་བ་མཐུན་པ། ཡོངས་སུ་དག་པ་དེ་དག་གི་ནི། དེའི་ཉིན་པར་བཅུ་བཞིར་གྱུར་ལ། དེ་སྟེ་བཞིན་འཁོད་པ་ལྟར་གློ་བུར་དུ་ལྷགས་པའི་རྣམས་བྱེད་ན་ནི། དེའི་ཚེ་གོས་གང་རྙེད་པ་དེ་ཟླ་བ་གསུམ་འདས་ནས་རྙེད་པའི་གོས་ཡིན་ཏེ། དེ་གཏན་པར་བཏང་ན། གཏན་པ་བཏིང་བ་ཞེས་བྱའོ། །དུས་ཀྱི་གོས་གཏན་པར་བཏིང་ན། གཏན་པ་བཏིང་བ་ཡིན་ནོ། །ཞེས་གསུངས་ན། དུས་ཀྱི་གོས་གང་ལགས། གོས་གང་དབྱར་གྱི་ཟླ་བ་ཐ་མ་ལ་རྙེད་པའོ། །གོས་ Pa328b ཞིག་པ་གཏན་པར་བཏིང་ན། གཏན་པ་བཏིང་བ་མ་ཡིན་ནོ། །ཞེས་གསུངས་ན། གོས་ཞིག་པ་གང་ལགས། གང་དགེ་སློང་གི་ལུས་ལས་དེངས་པའོ། །གང་ཟག་ལྔས་གཏན་པར་བཏིང་ན། གཏན་པ་བཏིང་བ་མ་ཡིན་ཏེ། ལྔ་གང་ཞེ་ན། དབྱར་མེད་པ་དང ། དབྱར་ཞིག་པ་དང ། དབྱར་ཕྱི་མར་ཞུགས་པ་དང ། སྤངས་པ་དང ། རྗེས་སུ་ཕྱོགས་པའོ། །མ་ལྟ་བུའི་གཞི་ལས་རྣམ་པ་འདི་བརྒྱད་ཀྱིས་ནི། གཏན་པ་ཕྱུང་བར་འགྱུར་རོ། །མཐུན་པར་གཟུང་བ་གང ། ཐ་མ་གཉིས་ཀྱི་ཆ་མ་གཏོགས་པའི་ལྷག་མ་རྣམས་ནི། མཐུན་པར་གཟུང་བ་མ་ཡིན་ནོ། །བཞི་ལས་ཉུང་བས་གཏན་པ་བཏིང་ན། གཏན་པ་བཏིང་བ་ཞེས་བགྱིའམ། མ་བཏིང་བ་ཞེས་བྱའོ། །དེ་བཞིན་དུ་བཞི་པོ་ཁྱིམ་པའམ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་བར་དང་བཞི་པོས་གཏན་པ་བཏིང་ན། གཏན་པ་བཏིང་བ་མ་ཡིན་ནོ། །གང་གི་ཉིན་པར་གཏན་པ་བཏིང་ན། དེའི་ཉིན་པར་གསོལ་བ་དང ། ལས་མ་བགྱིས་པར་ཕྱུང་བར་འགྱུར་བ་མཆིས་སམ། ཡོད་དེ། དེ་འདི་ལྟར། གཞི་ན་གནས་པ་རྣམས་ཀྱིས་ཚེས་བཅུ་དྲུག་ལ་གཏན་པ་བཏིང་བ་དང ། གློ་བུར་དུ་དགེ་སློང་མང་ཞིག་ལྷགས་ཏེ། དེ་དག་ཀྱང་ཡོངས་སུ་དག་ལ་ལྟ་བ་མཐུན། གནས་མཐུན་ཏེ་དེ་དག་གི་ནི། དེའི་ཉིན་པར་ཚེ་བཅོ་ལྔ་ཡིན་ཏེ། དེ་ན་གཞི་ན་འཁོད་པ་རྣམས་ཀྱིས་ཀྱང་དེ་དག་དེ་ལྟ་བུར་བྱས་ཏེ་དེའི་ཉིན་པར་གསོ་སྦྱོང་བྱས་ན། གསོལ་བ་དང ། ལས་མ་བྱས་པར་གཏན་པ་ཕྱུང་བར་འགྱུར་རོ། །མདོར་ན། ཇི་ཙམ་གྱིས་ནི་དགེ་འདུན་ལ། ། Pa329a ༄#། །དེ་ཡི་ཚུལ་ལ་རྣམ་པ་གསུམ་།གཞན་གྱིས་གཞན་ལ་བདེ་བ་དང ། །དགེ་སློང་རྣམས་ཀྱི་གསོ་སྦྱོང་ངོ ། །ཇི་ཙམ་གྱིས་ན། དགེ་འདུན་གྱི་དབྱེན་བགྱིས་པའི་གང་ཟག་ལགས། དེ་བཞིན་གཤེགས་པའི་ཉན་ཐོས་འདུས་པའི་དགེ་འདུན་ཕྱེ་ན། མནར་མེད་པའི་ཁ་ན་མ་ཐོ་བར་འགྱུར་ལ། དེ་མཚམས་མེད་པའི་ཁ་ན་མ་ཐོ་བའི་ལས་སུ་ཡང་འགྱུར་རོ། །ུ་པ་ལི། འདི་ལྟ་སྟེ། དགེ་སློང་གིས་ཆོས་མ་ཡིན་པ་ལ་ཆོས་བཞིན་མ་ཡིན་པའི་འདུ་ཤེས་ཀྱིས་རྒྱས་པར་ཏེ། རྣམ་པ་བཅོ་བརྒྱད་དུ་ཇི་ལྟར་འདུལ་བ་ལས་འབྱུང་བ་བཞིན་ནོ། །གང་དགེ་འདུན་གྱི་དབྱེན་བགྱིས་པ་དེ་ཐམས་ཅད་དགེ་འདུན་འཁྲུགས་པ་ལགས་སམ། གང་དགེ་འདུན་འཁྲུགས་པ་དེ་ཐམས་ཅད་དགེ་འདུན་གྱི་དབྱེན་ལགས། དགེ་འདུན་གྱི་དབྱེན་ཡིན་ལ་འཁྲུགས་པ་མ་ཡིན་པར་འགྱུར་བ་རྣམ་པ་བཞིར་སྦྱར་བ་ཡང་ཡོད་དོ། །དགེ་འདུན་གྱི་དབྱེན་ཡིན་ལ་འཁྲུགས་པ་མ་ཡིན་པར་འགྱུར་བ་གང་ཞེ་ན། དེ་འདི་ལྟར། དགེ་འདུན་ཕྱེ་བར་ནི། གྱུར་ལ། དགེ་འདུན་གྱི་དབྱེན་དུ་འགྱུར་བའི་དངོས་པོ་བཅུ་བཞི་ནི། བཟུང་བར་གྱུར་པའོ། །དེ་ནི། དགེ་འདུན་ཕྱེ་བ་ཡིན་ཏེ། དགེ་འདུན་འཁྲུགས་པ་ནི། མ་ཡིན་ནོ། །དགེ་འདུན་འཁྲུགས་པར་གྱུར་ལ་དགེ་འདུན་ཕྱེ་བ་མ་ཡིན་པ་གང་ཞེ་ན། དེ་འདི་ལྟར། དགེ་འདུན་གྱི་དབྱེན་དུ་འགྱུར་བའི་དངོས་པོ་བཅུ་བཞི་བཟུང་བར་གྱུར་བ་དེ་ནི། དགེ་འདུན་འཁྲུགས་པར་གྱུར་གྱི། དགེ་འདུན་གྱི་དབྱེན་མ་ཡིན་པའོ། །དགེ་འདུན་འཁྲུགས་ལ་དགེ་ Pa329b འདུན་བྱེ་བར་ཡང་གྱུར་པ་ནི། དེ་འདི་ལྟར། དགེ་འདུན་ཕྱེ་བར་ཡང་གྱུར་ལ་དབྱེན་དུ་འགྱུར་པའི་དངོས་པོ་བཅུ་བཞི་ཡང་ཤིན་ཏུ་ངེས་པར་བཟུང་བ་དེ་ནི། དགེ་འདུན་ཕྱེ་ལ་དགེ་འདུན་འཁྲུགས་པར་ཡང་གྱུར་པའོ། །དགེ་འདུན་གྱི་དབྱེན་ཡང་མ་ཡིན་ལ། འཁྲུགས་པར་ཡང་མ་གྱུར་བ་གང་ཞེ་ན། རྣམ་པ་དེ་དག་མ་གཏོགས་པའོ། །གང་དགེ་འདུན་ཕྱེ་བའི་དགེ་འདུན་དེ་ཐམས་ཅད་ཐ་དད་དུ་གྱུར་པ་ལགས་སམ།་གང་དགེ་འདུན་ཐ་དད་དུ་གྱུར་པ་དེ་ཐམས་ཅད་དགེ་འདུན་བྱེ་བ་ལགས། དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་དུ་མ་གྱུར་པའང་ཡོད་དེ། རྣམ་པ་བཞིར་སྦྱར་རོ། །དྲིས་པ། དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་དུ་གྱུར་པ་གང་ཞེ་ན། དེ་འདི་ལྟར། དགེ་འདུན་བྱེ་བར་ནི། གྱུར་ན། དགེ་འདུན་གནས་ཐ་དད་པའམ། གོས་ཐ་དད་དུ་གྱུར་པ་མེད་པ་དེ་ནི། དགེ་འདུན་བྱེ་མོད་ཀྱི། དགེ་འདུན་ཐ་དད་དུ་གྱུར་པ་མ་ཡིན་ནོ། །དགེ་འདུན་ཐ་དད་དུ་གྱུར་ལ་དགེ་འདུན་མ་བྱེ་བ་གང་ཞེ་ན། དེ་འདི་ལྟར། དགེ་འདུན་གཉིས་ཐ་དད་དུ་གྱུར་བ་ནས་རྒྱས་པར་ཏེ། དགེ་འདུན་བྱེ་བར་མ་གྱུར་པའི་བར་དུ་དགེ་འདུན་ཐ་དད་དུ་གྱུར་མོད་ཀྱི། མ་བྱེ་བའོ། །དགེ་འདུན་བྱེ་ལ་དགེ་འདུན་ཐ་དད་དུའང་སྤྱོད་པ་གང་ཞེ་ན། དེ་འདི་ལྟར། དགེ་འདུན་དེ་དག་བྱེ་བར་ཡང་གྱུར་ལ། དགེ་འདུན་གཉིས་སུ་གནས་ཀྱིས་ཐ་དད་པའམ། མཚམས་ཀྱིས་ཐ་དད་པའམ། རྙེད་པ་ཐ་དད་པའམ། གོས་ཐ་དད་པར་སྤྱོད་པར་གྱུར་པ་དེ་ནི། དགེ་འདུན་བྱེ་ལ། དགེ་འདུན་ཐ་དད་དུ་གྱུར་པ་ཡང་ཡིན་ནོ། །དགེ་འདུན་བྱེ་བའང་མེད་ལ། དགེ་འདུན་ཐ་དད་ Pa330a ༄#། །དུ་གྱུར་པ་ཡང་མ་ཡིན་པ་གང་ཞེ་ན། རྣམ་པ་དེ་ལྟ་བུ་མ་གཏོགས་པའོ། །གང་དགེ་འདུན་བྱེ་བ་དེ་ཐམས་ཅད་དགེ་འདུན་སོ་སོར་གྱུར་པ་ལགས་ལ། གང་དགེ་འདུན་སོ་སོར་གྱུར་པ་དེ་ཐམས་ཅད་དགེ་འདུན་བྱེ་བར་འགྱུར་རམ། དགེ་འདུན་བྱེ་ལ། དགེ་འདུན་ཐ་དད་དུ་གྱུར་པ་མ་ཡིན་པ་ཡང་ཡོད་དེ། དེ་ཡང་རྣམ་པ་བཞིར་སྦྱར་རོ། །དགེ་འདུན་བྱེ་ལ་ཐ་དད་དུ་གྱུར་པ་མ་ཡིན་པ་གང་ཞེ་ན། དེ་འདི་ལྟར། དགེ་འདུན་བྱེ་བར་གྱུར་ཀྱང་དགེ་འདུན་གཉིས་གནས་ལས་སོ་སོའམ། གོས་ལས་སོ་སོར་སྤྱོད་པ་མེད་པ་དེ་ནི། དགེ་འདུན་བྱེ་མོད་ཀྱི། དགེ་འདུན་ཐ་དད་དུ་གནས་པ་མ་ཡིན་ནོ། །དགེ་འདུན་ཐ་དད་དུ་གྱུར་ཅིང ། དགེ་འདུན་མ་བྱེ་བ་གང་ཞེ་ན། དེ་འདི་ལྟར། དགེ་འདུན་གཉིས་གནས་དང ། མཚམས་དང ། རྙེད་པ་སོ་སོར་གྱུར་པ་དེ་ནི། དགེ་འདུན་ཐ་དད་དུ་གྱུར་ཅིང ། དགེ་འདུན་བྱེ་བ་མ་ཡིན་པའོ། །དགེ་འདུན་བྱེ་ལ། དགེ་འདུན་ཐ་དད་དུ་གྱུར་པ་གང་ཞེ་ན། དེ་འདི་ལྟར། དགེ་འདུན་བྱེ་བར་ཡང་གྱུར་ལ། གཉིས་གནས་ཐ་དད་དུ་འཁོད་པ་ལ་སོགས་པ་སྔ་མ་བཞིན་ནོ། །དགེ་འདུན་བྱེ་བའང་མ་ཡིན་ལ། དགེ་འདུན་ཐ་དད་དུ་གནས་པའང་མ་ཡིན་པ་གང་ཞེ་ན། རྣམ་པ་དེ་ལྟ་བུ་མ་གཏོགས་པའོ། །དགེ་འདུན་བྱེ་ནས་ཐ་དད་དུ་སྤྱོད་པ་ལས།་ཕྱོགས་གཅིག་གམ། གཉིས་པོས་མཚམས་བཀྲོལ་ན། བཀྲོལ་བ་ཞེས་བགྱིའམ། དེ་སྟེ་ཆོས་བཞིན་སྨྲ་བས་བཀྲོལ་ན་ནི། བཀྲོལ་བ་ཞེས་བྱའོ། །དགེ་འདུན་ཕྱེ་ནས་ཕྱོགས་སོ་སོར་གནས་ Pa330b ཤིང་འཁོད་ན། དགེ་སློང་མ་རྣམས་ཀྱིས་གསོ་སྦྱོང་བགྱིའམ། བྱའོ། །དེ་ཅིའི་ཕྱིར་ཞེ་ན། དགེ་སློང་མ་དང ། དགེ་སློང་རྣམས་སོ་སོར་གནས་པའི་ཕྱིར་རོ། །མདོར་ན། གཟུ་བོ་ལ་ནི་གཉིས་སུ་བྱ། ། སྤངས་པ་དེ་ཡང་གྲོགས་མེད་པར། །སྤངས་པར་གྱུར་པ་མི་ཤེས་ནས། །རྗེས་སུ་ཕྱོགས་དང་སྤྱོད་པ་དང ། དབྱེན་བྱེད་རྗེས་སུ་འཇུག་པའོ། །དགེ་འདུན་བྱེ་ནས་ཕྱོགས་དང ། ཕྱོགས་མ་ཡིན་པར་གནས་ན།་གཟུ་བོ་རྣམས་ཀྱིས་ཇི་ལྟ་བུར་བགྱི། མཚམས་ཀྱི་ཕྱི་རོལ་ཏུ་དོང་ལ་གསོ་སྦྱོང་བྱོས་ཤིག་།དགེ་འདུན་བྱེ་ནས་ས་ཕྱོགས་དང ། ཕྱོགས་མཚམས་པར་འཁོད་ན། དགེ་སློང་མ་ལ་བསྟན་པ་སུས་བགྱི།་ཆོས་བཞིན་དུ་སྨྲ་བས་སོ། །དེ་སྟེ་ཆོས་བཞིན་དུ་སྨྲ་བ་གཟུ་བོ་རྣམས་ཀྱིས་མཚམས་ཀྱི་ཕྱི་རོལ་ཏུ་དེངས་ལ་སྟོན་ཅིག་།སྤངས་པའི་རྗེས་སུ་ཕྱོགས་ན། ཉེས་པ་ཅིར་འགྱུར། གཉིས་ལ་ནི། ཉེས་བྱས་སོ། །གཅིག་ལ་ནི། ལྟུང་བའོ། །སྤངས་པ་དང ། སྤངས་པ་གྲོགས་དང་བཅས་པ་ཞེས་བགྱིའམ། གྲོགས་མ་མཆིས་པ་ཞེས་བགྱི། སྤངས་པ་ནི། ཐམས་ཅད་ཀྱང་གཅིག་པུ་སྟེ། གཉིས་སུ་མ་ཡིན་པ།་གྲོགས་མེད་པ་ཞེས་བྱའོ། །སྤངས་པ་དང་ལྷན་ཅིག་ཏུ་སྤྱད་པར་བགྱིའམ། མི་སྤྱད་པར་བགྱི། སྤངས་པ་ནི། ཐམས་ཅད་དང་ཡང་ལྷན་ཅིག་ཏུ་མི་སྤྱད་པར་བྱའོ། །གང་སྤངས་པར་མ་འཚལ་ན་དེ་དང་ལྷན་ཅིག་སྤྱོད་པར་བགྱིའམ། གང་ལ་སྤངས་པར་མི་ཤེས་ན། དེ་དང་ལྷན་ཅིག་གནས་ལྷན་ཅིག་སྤྱད་ཀྱང་ཉེས་པ་མེད་དོ། །ཉེ་བར་ཕྱོགས་པ་དང ། ཉེ་བར་མ་ཕྱོགས་པ་ལྷན་ཅིག་ཏུ་སྤྱོད་ན། Pa331a ༄#། །ཉེས་བྱས་སུ་འགྱུར་རོ། །ཉེ་བར་མ་ཕྱོགས་པ་དང ། ཉེ་བར་ཕྱོགས་པ་དང་ལྷན་ཅིག་ཏུ་སྤྱོད་ན། ཉེས་བྱས་སུ་འགྱུར་རོ། །དབྱེན་བྱེད་པའི་རྗེས་སུ་ཕྱོགས་པ་གང་ཟག་བཞི་ཡོད་ན།་དགེ་འདུན་བྱེ་བ་ཞེས་བྱའོ། །ཇི་ཙམ་གྱིས་ན། དགེ་འདུན་གྱི་དབྱེན་དུ་འགྱུར། སྐྱེ་བོ་བཞི་དབྱེན་བྱེད་པའི་རྗེས་སུ་ཕྱོགས་པར་གྱུར་པའོ། །མདོར་ན། དེ་འདྲ་བ་དང་ངད་པ་དང ། །ཆོས་དང་ཆོས་བཞིན་འདུ་བ་དང ། །ཉེས་ལས་དབྱུང་བ་སྤངས་པ་དང ། །དབྱེན་པ་མཐོང་དང་ཡན་ལག་གོ། བཙུན་པ། བཅོམ་ལྡན་འདས་ཀྱིས་དེ་འདྲ་བའི་དགེ་སློང་སྤང་བར་མ་བྱེད་ཅེས་གསུངས་ན། དེ་འདྲ་བའི་དགེ་སློང་གང་ལགས། དགེ་སློང་གང་གྲགས་པ། བསོད་ནམས་ཆེ་བ། མང་དུ་ཐོས་པ། མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་ལྟ་བུ་འཛིན་པ། གཡོག་མང་བ། འཁོར་མང་བ་དེ་ལྟ་བུ་ནི། དེ་འདྲའི་དགེ་སློང་ཞེས་བྱའོ། །དེ་འདྲ་བའི་དགེ་སློང་སྤངས་ན། ལྟུང་བ་ཅིར་འགྱུར། ཉེས་བྱས་སོ། །དེ་སྟེ་དབྱེ་བའི་དེ་གང་ལགས། དེ་ལ་དད་པའི་དགེ་སློང་ཞེས་ངས་དགོངས་ཏེ་གསུངས་ན། དད་པའི་དགེ་སློང་གི་ཚིག་བཞིན་དུ་ཉེས་པ་ཆོས་བཞིན་སླར་བྱོས་ཤིག། བྲམ་ཟེ་དད་པ་ཟེར་པ་ལྟར། དགེ་སློང་གིས་ཉེས་པ་སླར་ཆོས་བཞིན་མ་བྱས་ན། ཉེས་བྱས་སུ་འགྱུར་རོ། །ཆོས་བཞིན་དུ་སྨྲ་བའི་དགེ་སློང་སྟན་གྱི་བར་དུ་འདུག་ཅིག་ཅེས་གསུངས་ན། ཆོས་བཞིན་དུ་སྨྲ་བ་གང་ལགས། གང་ཉེས་པ་གཅིག་ལ་གཅིག་སྤུ་སྙོལ་བ་དང ། འབྱུང་བར་རྩོལ་བ་དང ། ཕྱག་འཚལ་བར་ Pa331b སྟོན་པའོ། །དགེ་འདུན་ཕྱེ་ནས་ཕྱོགས་དང ། ཕྱོགས་མ་ཡིན་པར་གནས་ན། གཏན་པ་བཏིང་བ་སུས་དབྱུང་བར་བགྱི། ཆོས་བཞིན་སྨྲ་པ་དག་གིས་དབྱུང་ངོ ། །སྤངས་པའི་དགེ་སློང་དག་སྤུ་ཉལ་བ་དང ། དབྱུང་བར་རྩོལ་བ་དང ། ཕྱག་འཚལ་བར་སྟོན་པར་བགྱིད་ན། དེ་དག་སུས་བཟོད་པར་གསོལ་བར་བགྱི། གང་སྤངས་པ་དང་རྗེས་སུ་ཕྱོགས་པས་སོ། །ཤཱ་རིའི་བུ། མལ་སྟན་རྣམས་ནི། རིགས་པར་བགོས་ཤིག་།ཅེས་གསུངས་ན། རིགས་པ་གང་ལགས། དེ་ནི། ཕྱོགས་གཅིག་ཏུ་རིགས་པར་བྱས་པའོ། །སྐྲ་བརྒྱར་གྱེས་པའི་ཡན་ལག་གི་དུམ་བུ་ཚོལ་ལ་སྦྱོར་ཅིག་།སོ་སོར་དབྱེ་བ་ནི། མ་བྱེད་ཅིག། ཅེས་གསུངས་ན། དེ་སྐད་དུ་གསུངས་པའི་དོན་གང ། ཡན་ལག་གི་དུམ་བུ་ནི། དད་པ་བླང་བའོ། །ཡན་ལག་བཙལ་བར་བྱ། དུམ་བུ་བཙལ་བར་བྱ། དགེ་འདུན་འདུས་པ་བཙལ་བར་བྱའི།་དབྱེན་དུ་གྱུར་པ་ལ་ནི། འཇུག་པར་མི་བྱའོ། །མདོར་ན། ཀོའུ་ཤམྦྷི་ཡི་ཕྱོགས་གཉིས་དང ། །གསོ་སྦྱོང་དང་ནི་ཆོས་གོས་དང ། །ཀོའུ་ཤམྦྷི་ཡི་ཕྱོགས་གཅིག་དང ། །ཡངས་པ་ཅན་གྱི་གཟུ་བོ་སྟེ། །གཟུ་བོས་ཀྱང་ནི་ཕྱོགས་གཉིས་སུ། །ཡངས་པ་ཅན་གྱི་གཟུ་བོའོ། །ཀོའུ་ཤམྦྷིའི་ཕྱོགས་གཉིས་པོ་གཅིག་ཏུ་འདུས་ནས་གསོ་སྦྱོང་ལ་ཞུགས་ན། གཟུ་བོ་རྣམས་ཀྱིས་ཇི་ལྟར་ཚོལ་ཅིག ། མཚམས་ཀྱི་ཕྱི་རོལ་ཏུ་དེངས་ལ་གསོ་སྦྱོང་བྱོས་ཤིག་།ཀོའུ་ཤམྦྷིའི་ཕྱོགས་གཉི་ག་གཅིག་ཏུ་འདུས་ཤིང་འཁོད་པ་ལ། དེ་ན་མི་ཞིག་གིས་དགེ་འདུན་ལ་གོས་ཕུལ་ན། དེ་གང་དབང ། གནས་བརྟན་ Pa332a ༄#། །གང་ན་འདུག་བ་དབང་ངོ ། །ཕྱོགས་གཅིག་ན་ནི། གནས་བརྟན་མཆིས། ཕྱོགས་གཅིག་ན་ནི། གནས་བརྟན་འོག་མ་མཆིས་ན། གང་དབང ། དེ་གཉིས་ལས་གང་ལ་ཆུ་རྒྱུན་བྲིམས་པ་དེ་དབང་ངོ ། །ཐམས་ཅད་ཀྱིས་ཇི་ལྟར་བགོ་བར་བགྱི། གང་ཐོབ་པ་དེ་རྣམས་ལ་རིམ་བཞིན་དུའོ། །ཡུལ་ཡངས་པ་ཅན་དང ། ཀོའུ་ཤམྦྷི་པ་གཉིས་ལྷན་ཅིག་གསོ་སྦྱོང་བགྱིད་ན། བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །གཟུ་བོ་རྣམས་ཀོའུ་ཤམྦྷི་པ་དང་གསོ་སྦྱོང་བགྱིད་ན། བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །གཟུ་བོ་རྣམས་ཡངས་པ་ཅན་དག་དང་གསོ་སྦྱོང་བགྱིད་ན། གསོ་སྦྱོང་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །མདོར་ན། གང་གིས་དུས་སུ་བྱེ་བར་གྱུར། །སྲིང་མོ་རྣམས་ལའང་རྗེས་བསྒྲགས་པ། །ཕྱོགས་དང ། དགེ་སློང་མའི་དགེ་འདུན་དང ། གང་གི་དུས་སུ་ཀོའུ་ཤམྦྷིའི་དགེ་འདུན་རྣམས་བྱེ་བར་གྱུར། གང་གི་ཚེ་དེ་དག་མཚམས་ཀྱི་ནང་དུ་གསོ་སྦྱོང་ཐ་དད་དུ་བྱས་པའོ། །གང་གི་དུས་སུ་དགེ་སློང་གང་གིས་ཀོའུ་ཤམྦྷི་ཡི་དགེ་སློང་ཕྱེ། ཆོས་བཞིན་སྨྲ་བ་མ་ཡིན་པ་དག་གིས་ཏེ། མཚམས་ཀྱི་ནང་དུ་ལྷན་ཅིག་གནས་པ་ལ་གསོ་སྦྱོང་ཐ་དད་པས་སོ། །དགེ་སློང་མའི་དགེ་འདུན་ཡང་བྱེ་ནས་ཐ་དད་དུ་གནས་པ་ཞེས་བྱའོ། །ཅི། དགེ་སློང་མའི་དགེ་འདུན་བྱེ་བ་ལ་ཟླ་བ་ཕྱེད་ཕྱེད་ཅིང་ལུང་བསྟན་པར་བགྱིའམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བསྟན་པར་མི་བྱ་སྟེ། སྲིང་མོ་ Pa332b རྣམས་མཐུན་པར་གྱིས་ཤིག་།ཅེས་སྔར་བསྒོ་བར་བྱའོ། །རྣམ་པ་གཉིས་ཀྱི་ཕྱིར་དགེ་འདུན་བྱེ་བར་རྗེས་སུ་བསྒྲགས་པ་དང ། ཚུལ་ཤིང་བྲིམས་པ་ལགས་སོ། །ཞེས་གསུངས་ན། གང་གིས་དབྱེ་ཞིང་གནོད་པར་བསམ་སྟེ་རྗེས་སུ་བསྒྲགས་སམ། ཚུལ་ཤིང་བྲིམས་པ་ལས་བླངས་ན། དགེ་འདུན་བྱེ་བ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ནོ། །ལས་བགྱིད་པ་ལ་ཅིར་འགྱུར། དབྱེན་གྱི་འཁོར་དུ་གཏོགས་པས་ན། དེ་སྟེ་དགེ་འདུན་ཐམས་ཅད་ཀྱིས་ཤེས་ན། དགེ་འདུན་ཐམས་ཅད་ཀྱང་འདས་པ་དང་བཅས་པར་འགྱུར་རོ། །ཕྱི་རོལ་ན། དགེ་སློང་མའི་དགེ་འདུན་ཕྱོགས་དང ། ཕྱོགས་མ་ཡིན་པར་གནས་པར་གྱུར་ན། དེ་དག་ལ་ཟླ་བ་ཕྱེད་ཕྱེད་ཅིང་ལུང་བསྟན་པ་སྩལ་བར་བགྱིའམ། དགེ་སློང་མའི་དགེ་འདུན་ཀྱང་བྱེ་བར་འགྱུར་གྱི། སྦྱིན་པར་བྱའོ། །ཡངས་པ་ཅན་གྱི་དགེ་སློང་མ་རྣམས་ལ་ལུང་བསྟན་པར་བགྱི་བ་ལས། དེ་ན་ཀོའུ་ཤམྦྷི་ཡང་མཆིས་པར་གྱུར་ན། དེ་དག་ལ་ཇི་ལྟར་བུར་བསྟན་པར་བགྱི། མཚམས་ཀྱི་ཕྱི་རོལ་ཏུ་སོང་ལ་བསྟན་པར་བྱའོ། །མདོར་ན། གཅིག་གིས་གཅིག་ལ་སྤངས་པ་དང ། །གཉིད་ཀྱིས་ལོག་ནས་སྤངས་པ་དང ། །གཞན་དག་གིས་ཀྱང་གང་ཟག་ལ། །ཚུལ་བཞིན་དུ་ཡང་མ་བྱས་པའོ། །བཙུན་པ། བཅོམ་ལྡན་འདས་ཀྱིས་ཆོས་བཞིན་མ་ཡིན་པར་བྱས་ལ་མ་འདུས་པ་དང ། ཆོས་བཞིན་མ་ཡིན་པ་ལ་འདུས་པ་དང ། ཆོས་བཞིན་མ་ཡིན་པ་དེ་དང་འདྲ་བ་ལ་འདུས་པ་དང ། ཆོས་བཞིན་མ་ཡིན་པ་དང་འདྲ་བ་ལ་མ་འདུས་པའོ། །ཞེས་གསུངས་ན། Pa333a ༄#། །ཆོས་བཞིན་མ་ཡིན་པར་བགྱིས་ལ་མ་འདུས་པ་གང་ལགས། བསྡིགས་པའི་ལས་བྱ་བར་རིགས་པ་ལས་སྤངས་ནས་མ་འདུས་པ་སྟེ། དེ་ལྟར་ན། ཆོས་བཞིན་མ་ཡིན་པར་བྱས་ལ་མ་འདུས་པའོ། །ཆོས་བཞིན་མ་ཡིན་པ་ལ་འདུས་པ་གང་ཞེ་ན། བསྡིགས་པའི་ལས་སུ་རིགས་པ་ལས་སྤངས་ལ་འདུས་པར་ཡང་གྱུར་ཏེ། དེ་ལྟར་ན། ཆོས་བཞིན་མ་ཡིན་པ་ལ་འདུས་པའོ།། ཆོས་བཞིན་མ་ཡིན་པ་དང་འདྲ་བ་ལ་འདུས་པ་གང་ཞེ་ན། སྤང་བར་རིགས་པ་ལ་ཐོག་མར་རྗེས་སུ་བསྒྲགས་ཏེ། དེའི་འོག་ཏུ་གསོལ་བ་བྱས་ཏེ་སྤངས་ན། དེ་ནི། ཆོས་བཞིན་མ་ཡིན་པ་དང་འདྲ་བ་ལ་མ་འདུས་པའོ། །ཆོས་བཞིན་མ་ཡིན་པ་དང་འདྲ་བ་ལ་འདུས་པ་གང་ཞེ་ན། སྤང་བར་རིགས་པ་ལ་སྔར་རྗེས་སུ་བསྒྲགས་ཏེ། དེའི་འོག་ཏུ་གསོལ་བ་བྱས་ཏེ་སྤངས་ལ་འདུས་པར་ཡང་གྱུར་བ་སྟེ། དེ་ནི། ཆོས་བཞིན་མ་ཡིན་པ་དང་འདྲ་ལ་འདུས་པའོ། །ཆོས་བཞིན་དུ་མ་འདུས་པ་གང་ཞེ་ན། སྤངས་བར་རིགས་པ་སྤངས་ལ་མ་འདུས་པར་ཡང་གྱུར་པ་སྟེ། དེ་ནི། ཆོས་བཞིན་དུ་མ་འདུས་པའོ། །གཅིག་གིས་གཅིག་སྤངས་ན། ཉེས་བྱས་སུ་འགྱུར་རོ། །གཅིག་གིས་གཉིས་སམ་མང་པོ་སྤངས་ནས་བཞིའི་བར་དུ་ནི། བསྐོར་ཞིང་བསྡུ་བར་བྱའོ། །བཞིས་པ་བཞི་སྤངས་ན། དབྱེན་གྱི་འཁོར་དུ་གཏོགས་པའི་ཉེས་པ་སྦོམ་པོར་འགྱུར་རོ། །དགེ་འདུན་ཐམས་ཅད་གཉིད་ཀྱིས་ལོག་པ་ལ་དགེ་སློང་སྤངས་ན། སྤངས་པ་ཞེས་བགྱིའམ། དེ་སྟེ་གསོལ་བ་བྱས་ནས་ཉལ་ཏེ་སྤངས་ Pa333b ན་ནི།་སྤངས་པ་ཞེས་བྱའོ། །དེ་སྟེ་སྔར་ཉལ་ལ་ཕྱིས་གསོལ་བ་བྱས་ན། སྤངས་པ་ཞེས་མི་བྱའོ། །ལས་གཞན་དུ་བསྒྲགས་ལ་གཞན་དུ་སྤངས་ན། སྤངས་པ་ཞེས་བྱ་སྟེ། དགེ་འདུན་ཐམས་ཅད་ཀྱིས་མི་ཤེས་ན། དབྱེན་གྱི་འཁོར་དུ་གཏོགས་པས། ལས་བྱེད་པ་ལ་ནི། ཉེས་པ་སྦོམ་པོར་འགྱུར་རོ། །དེ་སྟེ་དགེ་འདུན་ཐམས་ཅད་ཀྱིས་ཤེས་ན། དགེ་འདུན་ཐམས་ཅད་འདས་པ་དང་བཅས་པའོ། །དགེ་སློང་བཞི་ལས་ཉུང་བས་སྤངས་ན། སྤངས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། ཁྱིམ་པ་ནས་དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའི་བར་དུ་དེ་དག་གིས་གྲངས་སུ་བསྐངས་ཏེ་དགེ་སློང་སྤངས་ན། སྤངས་པ་ཞེས་མི་བྱའོ། །མདོར་ན། ལས་ལ་ཕྱིན་དང་བཟློག་པ་དང ། །ཉལ་བ་སྙེམས་པར་ཞུགས་པ་དང ། །དགེ་སློང་གཅིག་ལ་བསྒོ་བ་དང ། །ལྔ་པོས་སྤང་བར་མི་བྱའོ། ། བཙུན་པ། བཅོམ་ལྡན་འདས་ཀྱིས་དགེ་སློང་ཇི་སྙེད་ལས་ལ་ཕྱིན་ཅིང་མངོན་དུ་གྱུར་པ་ལ་དད་པ་བླང་བར་རིགས་པར་རྣམས་ལ་དད་པའང་བླངས་པར་གྱུར། གང་གིས་བཟློག་པར་བྱས་ན་ཡང་བཟློག་པར་བརྩོན་པའི་དགེ་སློང་དག་ཀྱང་མངོན་གསུམ་དུ་གྱུར་ལ། འགག་པའང་མེད། བཟློག་པའང་མེད་དོ། །ཞེས་གསུངས་ན། དགེ་སློང་ལས་ལ་ཕྱིན་པ་ནི། གང་ལགས། དགེ་སློང་བཞི་འདུས་ནས་ལས་བྱ་བའི་རིགས་པ་ལས་དགེ་སློང་ཡོངས་སུ་དག་པ་ཐམས་ཅད་ལའང་མཚུངས་པར་གནས་པ་བཞི་ཚོགས་པ་ན། ལས་ལ་ཕྱིན་པ་ཞེས་བྱའོ། །དགེ་སློང་ལྔ་འདུས་ནས་བྱ་བ་དང ། བཅུ་འདུས་ནས་བྱ་བ་དང ། Pa334a ༄#། །ཉི་ཤུ་འདུས་ནས་བྱ་བ་རྣམས་ལས་ལའང་ཕྱིན་ལ། དགེ་སློང་དེ་དག་ཀྱང་ཡོངས་སུ་དག་པ། ལྟ་བ་མཐུན་པ་རྣམས་ཚོགས་པ་ནི། ལས་ལ་ཕྱིན་པ་ཞེས་བྱའོ། །གང་ལ་བཟློག་པ་ལགས། གང་གིས་བཟློག་པ་བརྩན་པ་སྟེ། ས་ལ་ག་ནས་པ་ལ་ནི། ནམ་མཁའ་ལ་གནས་པས་བཟློག་པ་མི་བརྩོན་ནོ། །དེ་བཞིན་དུ་མཚམས་ཀྱི་ཕྱི་རོལ་ན་འདུག་པས་མཚམས་ཀྱི་ནང་ན་འདུག་པ་ལ་བཟློག་པའང་མི་བརྩན་ནོ། །ུ་པ་ལི། བརྩན་པ་ནི། དགེ་ཚུལ་བསླབ་པ་སྟོན་པའི་ཚེ་བདག་ལ་བསླབ་པ་མ་སྟོན་ཅིག་།ཅེས་ཟེར་ན། དེའི་བཟློག་པ་བརྩན་ནོ། །དགེ་ཚུལ་བསྙེན་པར་རྫོགས་པར་བྱ་བ་བདག་ལ་བསྙེན་པར་རྫོགས་པར་མ་བྱེད་ཅིག་།ཅེས་ཟེར་ན། ཡང་དེའི་བཟློག་པ་བརྩན་ནོ། །ཆད་པས་གཅད་པ་ལ་ཆད་པས་བཅད་པའི་ཚེ། བདག་ཆད་པས་མ་གཅོད་ཅིག། ཅེས་ཟེར་བ་དང ། དེ་བཞིན་དུ་གཞི་ནས་བསླང་སྟེ་ཡིད་མགུ་བར་བྱ་བ་དང ། དབྱུང་བར་བྱ་བ་དང ། དེ་བཞིན་གང་ཟག་བཅུ་གཉིས་བསྒོ་བ་ཐམས་ཅད་ཀྱིས་ཀྱང་བཟློག་པ་བརྩན་ནོ། །ཉལ་བ་སྤངས་པ་ཞེས་བགྱིའམ། དེ་སྟེ་གསོལ་བ་ཐོས་ནས་ཉལ་ན། སྤངས་པ་ཞེས་བྱའོ། །དེ་སླར་ཉལ་ལ་གསོལ་བ་ཕྱིས་བྱས་ན། མ་སྤངས་པ་ཞེས་བྱའོ། །སྙོམས་པར་ཞུགས་པའང་དེ་བཞིན་ནོ། །དགེ་སློང་གཅིག་པུ་ཞིག་གིས་བསྒོ་ན་ཡང་བཟློག་པ་ཞེས་བྱའོ། །དགེ་འདུན་བྱེ་སྟེ་ཕྱོགས་དང ། ཕྱོགས་མ་ཡིན་པར་གནས་པ་ཕྱོགས་གང་ཡང་རུང་བ་ཞིག་སྤངས་ན། སྤངས་པ་ཞེས་བགྱིའམ། མ་སྤངས་པ་ཞེས་བགྱི། གསུངས་པ། མ་སྤངས་པ་ཞེས་བྱའོ།། Pa334b མདོར་ན། གཟུ་བོས་གྲངས་སུ་བསྐངས་པ་དང ། །ཆོས་མིན་ཆོས་སུ་བསྒྲགས་པ་དང ། །དགེ་འདུན་དབུས་སུ་བསྒོ་བ་དང ། །བཅས་པ་རྣམ་པར་བསྒོ་བའོ། །གཟུ་བོས་མང་པོར་བསྐངས་ཏེ་དགེ་སློང་གིས་སྤངས་ན། སྤངས་པ་ཞེས་བགྱིའམ། མ་སྤངས་པ་ཞེས་བགྱི། གསུངས་པ། སྤངས་པ་ཞེས་ནི། བྱ་སྟེ། གཟུ་བོའི་དངོས་པོ་ནི། མེད་པར་འགྱུར་རོ། །གང་ཅུང་ཟད་ཆོས་བཞིན་མ་ཡིན་པའི་ལས་དེ་ལ་ཐམས་ཅད་མ་འདུས་པའི་ལས་སམ། དེ་སྟེ་གང་ཅུང་མ་འདུས་པའི་ལས་དེ་ཐམས་ཅད་ཆོས་བཞིན་མ་ལགས་པའི་ལས་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། ཆོས་བཞིན་མ་ཡིན་པའི་ལས་ཀྱང་གཞན་ལ། འདུས་པའི་ལས་ཀྱང་གཞན་ནོ། །ཆོས་བཞིན་མ་ཡིན་པའི་ལས་ལམ་འདུས་པའི་ལས་མ་ཡིན་པ་གང་ཞེ་ན། གང་ལ་བྱ་བ་དེ་མངོན་སུམ་དུའང་མ་གྱུར། གླེང་པའང་མེད། དྲན་པར་བྱས་པའང་མེད། དམ་འཆར་ཡང་མ་བཅུག་པ་ལ་བྱེད་པ་དང ། དགེ་སློང་ཇི་སྙེད་པ་ཀུན་ལས་ལ་ཕྱིན་ཅིང་འདུས་ནས་མངོན་སུམ་དུ་གྱུར། དད་པ་བླང་བའི་རིགས་པ་ལས་དད་པ་ཡང་བླངས་ནས་གང་གིས་བཟློག་ན། བཟློག་པ་བརྩན་པའི་དགེ་སློང་རྣམས་མངོན་སུམ་དུ་གྱུར་ཀྱང་འགོག་པར་མི་བྱེད། ཟློག་པར་མི་བྱེད་པ་འདི་ནི། ཆོས་བཞིན་མ་ཡིན་པའི་ལས་ཡིན་ལ་མ་འདུས་པའི་ལས་ནི། མ་ཡིན་པའོ། །མ་འདུས་པའི་ལས་ཡིན་ལ་ཆོས་བཞིན་མ་ཡིན་པའི་ལས་མ་ཡིན་པ་གང་ཞེ་ན། གང་ལ་བྱ་བ་མངོན་སུམ་དུ་གྱུར་ལ། གླེང་བར་བྱས། དྲན་པར་བྱས། དམ་འཆར་བཅུག་ནས་བྱེད་པ་དང ། དགེ་སློང་ཇི་སྙེད་ Pa335a ༄#། །ལས་ལ་ཕྱིན་པར་བྱེད་པ་དེ་ཐམས་ཅད་ཀྱང་མ་འདུས། མངོན་སུམ་དུ་མ་གྱུར། དད་པ་བླང་བའི་རིགས་པ་ལས་དད་པའང་མ་བླངས། དགེ་སློང་མངོན་སུམ་དུ་གྱུར་པ་གང་གིས་དགག་པ་དང ། བཟློག་པའང་བརྩན་པར་གྱུར་པ་དེ་ནི། མ་འདུས་པའི་ལས་ཡིན་ལ་ཆོས་བཞིན་མ་ཡིན་པའི་ལས་ནི། མ་ཡིན་པའོ། །གང་ཆོས་བཞིན་པའི་ལས་དེ་ཐམས་ཅད་འདུས་པའི་ལས་ལགས་སམ། ཨུ་པ་ལི། མ་ཡིན་ཏེ། ཆོས་བཞིན་གྱི་ལས་ཀྱང་གཞན་ལ། འདུས་པའི་ལས་ཀྱང་གཞན་ནོ། །ཆོས་བཞིན་གྱི་ལས་ལགས་ལ་འདུས་པའི་ལས་མ་ལགས་པ་གང་ལགས། གསུངས་པ། དེ་ལ་མངོན་སུམ་དུ་བྱེད་ཅིང་གླེང་བ་དང ། དགེ་སློང་ཇི་སྙེད་ལས་ལ་ཕྱིན་པར་བྱེད་པ་དེ་ཐམས་ཅད་མ་འདུས། མངོན་སུམ་དུའང་མ་གྱུར། དད་པ་བླང་པའི་རིགས་པ་ཡང་མ་བླངས། དགེ་སློང་གང་གིས་བཟློག་པ་བརྩན་པ་དེ་དག་ཀྱང་མངོན་སུམ་དུ་གྱུར་ཅིག། འགོག་པ་བཟློག་པ་འདི་ནི། ཆོས་བཞིན་གྱི་ལས་ཡིན་ལ་འདུས་པའི་ལས་མ་ཡིན་ནོ། །འདུས་པའི་ལས་ལགས་ལ། ཆོས་བཞིན་གྱི་ལས་མ་ལགས་པ་གང་ལགས། གསུངས་པ། མངོན་སུམ་དུ་མ་གྱུར་པར་དེ་ལ་བྱེད་ཅིང་མ་གླེང ། དྲན་པར་མ་བྱས། དངོས་པོ་མ་ཡིན། དམ་འཆར་མ་བཅུག་པར་བྱེད་པ་དང ། དགེ་སློང་ཇི་སྙེད་ལས་ལ་ཕྱིན་པར་བྱ་བ་དེ་ཐམས་ཅད་འདུས་ཤིང་མངོན་སུམ་དུ་གྱུར་ལ། དད་པ་བླང་པའི་རིགས་པ་ལས་དད་པ་བླངས། དགེ་སློང་གང་མངོན་སུམ་དུ་གྱུར་ན། བཟློག་པ་བརྩན་པ་དེ་དག་ཀྱང་མི་འགོག་མི་བཟློག་པ་འདི་ནི། Pa335b འདུས་པའི་ལས་ཡིན་ལ་ཆོས་བཞིན་མ་ཡིན་པའི་ལས་སོ། །གང་སུ་ལ་དགེ་འདུན་གྱི་དབུས་སུ་ལན་གསུམ་གྱི་བར་དུ་བསྒོ་ན། དེ་ཐམས་ཅད་ནོངས་པར་འགྱུར་རམ། གསུངས་པ། འགྱུར་བའང་ཡོད། མི་འགྱུར་བའང་ཡོད་དེ། གང་ལ་དགེ་འདུན་གྱི་དབུས་སུ་ལན་གསུམ་གྱི་བར་དུ་བསྒོ་ན། དེ་ཐམས་ཅད་ཉེས་པར་འགྱུར་རོ། །ནོངས་པར་འགྱུར་ལ་དགེ་འདུན་གྱི་ནང་དུ་ལན་གསུམ་གྱི་བར་དུ་སྒོ་མི་འཚལ་བ་མཆིས་སམ།་གསུངས་པ། བསྒོ་བ་རྣམས་མ་གཏོགས་པར་ཉེས་པ་གཞན་འབྱུང་བའོ། །ཇི་ཙམ་གྱིས་ན། ཐ་མར་གྱུར་པ་ལ་ཡི་དམ་བརྗོད་པ་ཞེས་བགྱི། གསུངས་པ། གང་ལ་ཕས་ཕམ་པ་བཞི་ལས་གང་ཡང་རུང ། ཉེས་པ་བྱུང་ནས་དགེ་འདུན་གྱི་དབུས་སུ་ལན་གསུམ་དུ་ཁས་ལེན་པ་ནི། ཐ་མའི་དངོས་པོས་དམ་འཆའ་བར་བྱེད་པ་ཞེས་བྱའོ། །ཆད་པས་བཅད་པའི་བསྒོ་བ་སྟེ། དགེ་སློང་གིས་སྤངས་ན། སྤངས་པ་ཞེས་བགྱིའམ། གསུངས་པ། མངོན་སུམ་དུ་གནས་པའི་སྡོམ་པ་མ་གཏོགས་པར་གཞན་ཐམས་ཅད་ཀྱི་ལས་སུ་བྱས་པ་ཞེས་བྱའོ།། །།འདུལ་བ་གཞུང་དམ་པ། བམ་པོ་ཞེ་བདུན་པ། མདོར་ན། དང་པོར་རྗེས་སུ་བསྒོ་བ་དང ། །དད་པ་བདག་ཉིད་དམ་འཆའ་བ། །བཞི་ལ་བསླབ་པ་བྱིན་པ་དང ། །ཚུལ་ཤིང་ལེན་པར་བྱས་པ་དང ། །སོ་སོར་གནས་པ་ཐ་མའོ། །ལས་སྔར་བསྒོས་ནས་ཕྱིས་གསོལ་བ་བགྱིས་ཏེ་དགེ་སློང་སྤངས་ན། སྤངས་པ་ཞེས་བགྱིའམ། མ་སྤངས་པ་ཞེས་བྱའོ། །ཆད་པ་བགྱི་བ་ལ་ཅིར་འགྱུར། དེ་སྟེ་དགེ་འདུན་ཐམས་ཅད་མི་ཤེས་ན། དབྱེན་གྱི་འཁོར་དུ་གཏོགས་པས་ཉེས་པ་སྦོམ་ Pa336a ༄#། །པོའོ། །དེ་སྟེ་དགེ་འདུན་ཐམས་ཅད་ཀྱིས་ཤེས་ན། དགེ་འདུན་ཐམས་ཅད་ལའང་འདས་པ་དང་བཅས་པར་འགྱུར་རོ། །ཆད་པ་བགྱིས་པས་དད་པ་བླངས་ཏེ་དགེ་སློང་ལ་སྤངས་ན། སྤངས་པ་ཞེས་བགྱིའམ། ཉེ་གཡོག་གི་སྦོམ་པོ་མ་གཏོགས་ཏེ། ལས་ཐམས་ཅད་བྱས་པ་ཞེས་བྱའོ། །བདག་ཉིད་ལ་ལས་བགྱིས་ན། བགྱིས་པ་ཞེས་བགྱིའམ། དེ་སྟེ་དོགས་པ་མེད་ན། བྱས་པ་ཞེས་བྱའོ། །དེ་སྟེ་དོགས་པ་ཡོད་ན། མ་བྱས་པ་ཞེས་བྱའོ། །བདག་ཉིད་ལ་སླར་ལས་བྱེད་པ་ནི། འདི་རྣམས་ཏེ། བདག་ཉིད་ལ་ཆད་པའི་ལས་བྱས་ནས་བདག་ཉིད་ལ་བདག་ཉིད་ཀྱིས་བཟོད་པ་གསོལ་བའོ། །བཙུན་པ། གང་ལ་བསྡིགས་པའི་ལས་བགྱི་བ་དང ། བསྐྲད་པར་བགྱི་བ་དེ་དག་ལ་ཆོས་བཞིན་དུ་ཡི་དམ་འཆར་སྩལ་ཏེ། དེ་དག་ཀྱང་དགེ་འདུན་གྱི་ནང་དུ་ལན་གསུམ་གྱི་བར་དུ་ཁས་བླངས་ལ་བསླབ་པ་སྩལ་པའི་རིགས་པ་བཞི་ལ་བསྒྲགས་པ་གཅིག་གིས་བསླབ་པ་སྩལ་བར་རུང་ངམ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཨུ་པ་ལི། མི་རུང་ངོ ། །བསྒྲགས་པ་གཅིག་གིས་བཞི་བསྙེན་པར་རྫོགས་པར་རུང་ངམ། ཨུ་པ་ལི། མི་རུང་ངོ ། །ཚུལ་ཤིང་འབྲིམ་པ་དང་བཞིས་དགེ་སློང་ལ་སྤངས་ན། སྤངས་པ་ཞེས་བགྱིའམ། སྤངས་པ་ཞེས་བྱའོ། །མདོར་ན། བསྡིགས་པ་སྤངས་པའི་དགེ་སློང་དག་།དབྱེན་བྱེད་གཅིག་པུ་མ་གཏོགས་ཏེ། །བསྡིགས་པ་ཞེས་བྱ་ཅི་ཡི་དོན། །ལྷག་པར་ཉེ་བར་བརྟགས་པའོ། །བསྡིགས་པའི་ལས་བགྱིས་པ་ལ་སྨད་པའི་ལས་བགྱིད་ན། བགྱིས་ Pa336b པ་ཞེས་བགྱིའམ། མ་བགྱིས་པ་ཞེས་བགྱི། གསུངས་པ། བྱས་པ་ནི། ཡིན་མོད་ཀྱི། བསྡིགས་པའི་ལས་ནི། མེད་པར་འགྱུར་རོ། །བསྡིགས་པའི་ལས་བགྱིས་པ་ལ་བསྐྲད་པ་དང ། སླར་བསྡུམ་པའི་ལས་བགྱིད་ན། བགྱིས་པ་ཞེས་བགྱིའམ། མ་བགྱིས་པ་ཞེས་བགྱི། གསུངས་པ། བྱས་པ་ནི། ཡིན་མོད་ཀྱི། བསྡིགས་པ་ནི། མེད་པར་འགྱུར་རོ། །ཇི་ལྟར་བསྡིགས་པའི་ལས་བྱས་པ་དེ་བཞིན་དུ་སྨད་པའི་ལས་བྱས་པ་དང ། བསྐྲད་པའི་ལས་བྱས་པ་དང ། སླར་བསྡུམ་པའི་ལས་བྱས་པ་ལའང་རྒྱས་པར་ཏེ། རྣམ་པ་བཞིར་བསྐོར་བར་བརྗོད་པར་བྱའོ། །སྤངས་པ་ལ་བསྡིགས་པའི་ལས་བགྱིས་ན། བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དེ་ནི། མཚུངས་པར་སྤྱོད་པ་མ་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྨད་པ་དང ། སླར་བསྡུམ་པའི་ལས་བགྱིད་པ་དེ་དག་བགྱིས་པ་ཞེས་བགྱིའམ། ཨུ་པ་ལི། མ་ཡིན་ཏེ། དེ་ནི། མཚུངས་པར་སྤྱོད་པ་མ་ཡིན་པའི་ཕྱིར་རོ། །དགེ་སློང་དག་མ་གཏོགས་པར་གཞན་ལ་དབྱེན་བྱས་པ་ནི། ཉེས་བྱས་སུ་འགྱུར་རོ། །བསྡིགས་པ་ཞེས་བགྱི་བའི་དོན་ཇི་ལྟ་བུ། ཨུ་པ་ལི། དེ་ནི།་མིང་ཙམ་མོད་ཀྱི། དགེ་སློང་གང་འཐབ་མོ་ཅན་དུ་གྱུར་པ་དེ་ལ་ཁྱོད་ནམ་འཐབ་མོ་དེ་ལས་སླར་ལོག་པར་མ་གྱུར་པ་དེའི་བར་ཁྱོད་ལ་དགེ་འདུན་གྱིས་ཕྱི་ཕྱིར་ཉེ་བར་རྟོག་གོ་།ཞེས་བསྒོའོ།། སྨད་པ་ཞེས་བྱ་བའི་དོན་ཇི་ལྟ་བུ་ལགས། ཨུ་པ་ལི། སྨད་པ་ཞེས་བྱ་བ་དེ་ནི། མིང་ཙམ་མོད་ཀྱི། དགེ་སློང་གང་ཕྱི་ཕྱིར་དགེ་འདུན་གྱི་ལྷག་མའི་ལྟུང་བར་གྱུར་ལ། ཁྱོད་ཀྱིས་ནམ་ཕྱི་ཕྱིར་ལྟུང་བ་དེ་ལས་སླར་ Pa337a ༄#། །མ་ལོག་པ་དེའི་བར་དུ་གནས་འཆའ་ཞིང་འདུག་ཅིག། ཅེས་བསྒོ་བའོ། །བསྐྲད་དོ། །ཞེས་བགྱི་བའི་དོན་ཅི་ལགས། ཨུ་པ་ལི། བསྐྲད་དོ། །ཞེས་བྱ་བ་ནི། མིང་ཙམ་མོད་ཀྱི། དགེ་སློང་གང་གིས་རིགས་སུན་པར་གྱུར་པ་སྟེ། དེ་གནས་དེ་ན་མ་འདུག་ཅིག་།ཅེས་བསྒོ་བའོ། །སླར་བསྡུམ་པ་ཞེས་བགྱི་བའི་དོན་ཅི་ལགས། ཨུ་པ་ལི། དེ་ནི། མིང་ཙམ་མོད་ཀྱི། དགེ་སློང་གང་ཁྱིམ་པ་ལ་དཔྱས་པ་དེ་ལ་ཁྱོད་ཁྱིམ་བདག་དེ་ལ་བཟོད་པར་གསོལ་ཅིག་།ཅེས་བསྒོ་བའོ། །ཁྱོད་ལ་དགེ་འདུན་གྱིས་ཕྱི་ཕྱིར་ཉེ་བར་རྟོག་པར་འགྱུར་རོ། །ཞེས་གསུངས་ན། གསུངས་པ་དེའི་དོན་ཅི་ལགས། གསུངས་པ། ཁྱོད་ཀྱི་ལྟུང་བ་གང་བྱུང་བ་དེ་ལ་དགེ་འདུན་གྱིས་ཆོས་བཞིན་དུ་ལས་བྱེད་དུ་འཇུག་གོ་།ཞེས་བྱ་བའོ། །ཁྱོད་ཀྱིས་གཞན་ལ་གནས་ཤིང་འདུག་ཅིག་།ཅེས་གསུངས་ན། དེའི་དོན་ཅི་ལགས། གསུངས་པ། གང་ཟག་གང་ལ་མཛའ་བའམ། བླ་མར་བྱེད་པའམ། ངོ་ཚ་བ་དང ། ཁྲེལ་བ་འབྱུང་བར་གྱུར་པ་དེ་ལ་གནས་བརྟན་པར་བྱའོ། །མདོར་ན། ཞར་བ་མ་ཡིན་ཞར་ཞེས་སྨྲ། །དགེ་སློང་གནོད་པ་ལྟུང་བ་དང ། །ནང་ངམ་དེ་སྟེ་ཕྱི་ཡང་རུང ། །བར་ཆད་དག་ཏུ་གྱུར་པའོ། །ཞར་བ་མ་ཡིན་པ་ལ་ཞར་ཞེས་སྨྲས་ན། ཅིར་འགྱུར། ཤེས་བཞིན་པའི་བརྫུན་སྨྲས་པས་ལྟུང་བའོ། །ཞར་བ་ལ་ཞར་བ་ཞེས་སྨྲས་ན། མིའི་སྐྱོན་སྨྲས་པས་ལྟུང་བར་འགྱུར་རོ། །དགེ་སློང་ལ་གནོད་པ་ནི། ནང་ངམ་ཕྱིའོ། །ཞེས་གསུངས་ན། ནང་ནི། གང ། ཕྱི་ནི། གང་ Pa337b མཚམས་ཀྱི་ནང་ནི། ནང་ངོ ། །མཚམས་ཀྱི་ཕྱི་རོལ་ནི། ཕྱི་རོལ་ལོ། །གཅིག་ཏུ་ན་ཡང་གཙུག་ལག་ཁང་གི་ནང་ནི། ནང་ངོ ། །བླ་གབ་མེད་པ་ནི། ཕྱི་རོལ་ལོ། །རྣམ་གྲངས་དུ་མར་བར་དུ་གཅོད་པའོ། །ཞེས་བཅོམ་ལྡན་འདས་ཀྱིས་གསུངས་པ། བར་དུ་གཅོད་པའི་ཆོས་དེ་གང་ལགས། འདོད་པ་ནི། བར་དུ་གཅོད་པའི་ཆོས་ཏེ། ཨུ་པ་ལི། འདོད་པ་ནི། བར་དུ་གཅོད་པའི་ཆོས་སུ་ངས་གསུངས་སོ། །འདུལ་བའི་གཞུང་དམ་པ་མན་པི་ཀ་ཞེས་བྱ་བའི་འདུལ་བའི་རིམ་པ་རྫོགས་སོ།། །།སངས་རྒྱས་བཅོམ་ལྡན་འདས་ཛེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེ་ནས་ཚེ་དང་ལྡན་པ་ཨུ་པ་ལི་སངས་རྒྱས་བཅོམ་ལྡན་འདས་གང་ན་བ་དེར་སོང་སྟེ་དྲུང་དུ་ཕྱིན་པ་དང ། ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་ནས་སངས་རྒྱས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཨུ་པ་ལིས་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། འདུལ་བའི་ཕུང་པོ་དུ་མཆིས། ཨུ་པ་ལི། གསུམ་སྟེ། བསྙེན་པར་རྫོགས་པའི་ཕུང་པོ་དང ། རབ་ཏུ་ལྡན་པའི་ཕུང་པོ་དང ། འཚོ་བའི་ཕུང་པོའོ། །བསྙེན་པར་རྫོགས་པའི་ཕུང་པོ་གང་ཞེ་ན། བསྙེན་པར་རྫོགས་པར་འོས་པ་དང ། བསྙེན་པར་རྫོགས་པར་མི་འོས་པ་དང ། བསྙེན་པར་རྫོགས་པར་བྱ་བ་དང ། བསྙེན་པར་རྫོགས་པར་མི་བྱ་བ་དང ། བསྙེན་པར་རྫོགས་པ་དང ། བསྙེན་པར་མ་རྫོགས་པ་དང ། ལས་དང ། ལས་ཀྱི་དངོས་པོ་དང ། གཞག་པར་འོས་པའི་ལས་དང ། མི་གཞག་པར་འོས་པའི་ལས་དང ། དབྱུང་ Pa338a ༄#། །བའི་ལས་དང ། བཟོད་པར་གསོལ་བའི་ལས་དང ། བསྡིགས་པའི་དངོས་པོ་དང ། གླེང་བའི་དངོས་པོ་དང ། གདུལ་བའི་དངོས་པོ་དང ། ཞི་བར་བྱ་བའི་དངོས་པོ་དང ། རྒྱུའི་དངོས་པོ་དང ། བསླབ་པ་དང ། བསླབ་པ་མ་ཕུལ་བ་དང ། བསླབ་པ་ཕུལ་བ་དང ། བསླབ་པ་ཉམས་པར་བརྗོད་པ་དང ། རྩོད་པ་དང ། རྩོད་པ་བསྡུམ་པ་དང ། རྩོད་པ་ལས་ཞི་བ་དང ། རྩོད་པ་ལས་རབ་ཏུ་ཞི་བ་དང ། ཀློག་པ་དང ། མི་ཀློག་པ་དང ། བྱིན་གྱིས་བརླབ་པ་དང ། སྨྱོན་པའི་སྡོམ་པ་དང ། མ་སྨྱོས་པའི་སྡོམ་པ་དང ། དད་པས་བྱིན་པ་མ་རུང་བར་བྱེད་པ་དང ། ལས་དང ། ལས་མ་ཡིན་པ་དང ། འདུལ་བ་དང ། ལྟ་བ་བརྗོད་པ་དང ། གསོལ་བ་དང ། གསོལ་བའི་ལས་དང ། གསོལ་བ་དང་གཉིས་ཀྱི་ལས་དང ། གསོལ་བ་དང་བཞིའི་ལས་དང ། བསྡིགས་པའི་ལས་དང ། སྨད་པའི་ལས་དང ། བསྐྲད་པའི་ལས་དང ། སླར་བསྡུམ་པའི་ལས་དང ། མ་མཐོང་བའི་ཕྱིར་སྤངས་པའི་ལས་དང ། སླར་ལས་མི་བྱེད་པའི་ལས་སྤངས་པའི་ལས་དང ། སྡིག་པ་ལ་ལྟ་བ་སླར་མ་བཏང་བའི་ཕྱིར་སྤངས་པའི་ལས་དང ། ཆད་པ་དང ། གཞི་ནས་བསླང་བ་དང ། ཡིད་མགུ་བར་བྱེད་པ་དང ། དབྱུང་བ་དང ། དྲི་བ་དང ། ཆོས་བཞིན་པ་དང་ཆད་པའི་ཡོན་ཏན་གང་ཡིན་པ་དང ། གཞི་ནས་བཟླས་པ་དང ། ཡིད་མགུ་བ་ཅིའི་ཕྱིར་བྱ་བ་དང ། དབྱུང་བའི་ཡོན་ཏན་གང་ཡིན་པ་དང ། དེའི་ངོ་བོ་ཉིད་ཚོལ་བས་ཆད་པས་གཅད་པ་དང ། ཉེས་པ་དང ། ཉེས་པ་མེད་པ་ Pa338b དང ། ལྕི་བའི་ཉེས་པ་དང ། ཡང་བའི་ཉེས་པ་དང ། ལྷག་མར་བཅས་པའི་ཉེས་པ་དང ། ལྷག་མ་མེད་པའི་ཉེས་པ་དང ། ཉེས་པ་སྦོམ་པོའི་ཉེས་པ་དང ། ཉེས་པ་སྦོམ་པོ་མ་ཡིན་པའི་ཉེས་པ་དང ། ལས་སུ་བཅས་པའི་ཉེས་པ་དང ། ལས་མེད་པའི་ཉེས་པ་དང ། ཉེས་པ་སླར་ལས་བྱེད་པ་དང ། ཉེས་པ་སླར་ལས་མི་བྱ་བ་དང ། ཉེས་པ་བསླང་བ་དང ། གླེང་བ་དང ། དྲན་པར་བྱེད་པ་དང ། རྩོད་པ་ཡོད་པའི་ལས་དང ། འཚེ་བའི་ལས་དང ། ལུང་མི་བསྒོ་བ་དང ། ལུང་བསྒོ་བ་དགག་པ་དང ། ལུང་བསྒོ་བ་རྫོགས་པར་མི་བྱ་བ་དང ། སྐབས་དབྱེ་བ་དང ། སྐབས་མི་དབྱེ་བའི་ལས་དང ། སྐབས་དབྱེ་བར་གསོལ་བ་དང ། གསོ་སྦྱོང་འགོག་པ་དང ། སྐབས་དབྱེ་བ་དགག་པ་དང ། ནང་དུ་བཞག་པ་དང ། ནང་དུ་བཙོས་པ་དང ། བདག་གིས་བཙོས་པ་དང ། དགེ་སློང་གིས་བཙོས་པ་དང ། བླངས་པ་དང ། སླར་མ་བླངས་པ་དང ། བླངས་ནས་སླར་ལེན་པ་དང ། སྔ་དྲོའི་ཟས་ཀྱི་ཚེ་བྱིན་ལན་བྱས་པ་དང ། དེའི་ལྷག་མ་སླར་ཁྱེར་བ་དང ། ནགས་ཀྱི་ཚིག་གུ་དང ། རྫིང་གི་དང ། བཏིང་བ་དང ། མ་བཏིང་བ་དང ། ཕྱུང་བ་དང ། མ་ཕྱུང་བ་དང ། ལྕི་བའི་ཡོ་བྱད་དང ། ཡང་བའི་ཡོ་བྱད་དང ། བསྒོ་བར་བྱ་བའི་ཡོ་བྱད་དང ། མི་བསྒོ་བའི་ཡོ་བྱད་དང ། མིའི་ཡོ་བྱད་དང ། མི་མ་ཡིན་པའི་ཡོ་བྱད་དང ། ཡོངས་སུ་ཟིན་པའི་ཡོ་བྱད་དང ། ཡོངས་སུ་མ་ཟིན་པའི་ཡོ་བྱད་དང ། བྱིན་ལེན་བྱ་བའི་ཡོ་བྱད་དང ། བྱིན་ལེན་མི་བྱ་བའི་ཡོ་བྱད་དང ། ཤི་བའི་གོས་དང ། དངོས་པོའི་གོས་དང ། མཚན་མའི་གོས་དང ། ཕྱག་དར་ཁྲོད་པའི་གོས་ Pa339a ༄#། །དང ། སྣའི་ལས་དང ། མས་གཏང་བའི་ལས་དང ། མཚོན་གྱི་ལས་དང ། བྲེག་པའི་ལས་དང ། སྐྲ་བྲེག་བའི་ལས་དང ། ཆེད་དུ་བྱས་པ་ཟ་བ་དང ། འབྲས་བུ་ཟ་བ་དང ། མིའི་ལ་ཡོངས་སུ་སྤྱོད་པ་དང ། མི་མ་ཡིན་པའི་ལ་ཡོངས་སུ་སྤྱོད་པ་དང ། ལྔ་བརྒྱས་འདུལ་བ་བསྡུས་པ་དང ། བདུན་བརྒྱས་འདུལ་བ་བསྡུས་པ་དང ། འདུལ་བ་ཡང་དག་པའི་མདོ་དང ། ནག་པོར་སྟོན་པ་དང ། ཆེར་སྟོན་པ་དང ། འདྲེས་པ་དང ། ཤིན་ཏུ་འདྲེས་པ་དང ། ཀུན་དགའི་རུང་བ་དང ། ནགས་སུ་རུང་བ་དང ། འཁོར་གྱི་རུང་བ་དང ། ཡུལ་གྱི་རུང་བ་དང ། ཕྱོགས་ཀྱི་རུང་བ་དང ། ལྗོངས་ཀྱི་རུང་བ་དང ། གོས་ཀྱི་རུང་བ་དང ། ཁུ་བ་སྐྱུར་པོའི་རུང་བའོ། །བསྙེན་པར་རྫོགས་པར་འོས་པ་གང་ཞེ་ན། ཁས་བླངས་པས་གྲུབ་པས་ན། བསྙེན་པར་རྫོགས་པ་སྟེ། བསྙེན་པར་རྫོགས་པར་འོས་པ་ལ་རྣམ་པ་བཅུའོ། །དེ་བཞིན་གཤེགས་པ་རང་བྱུང་དང ། རང་སངས་རྒྱས་ནི། སློབ་དཔོན་མེད་པས་བསྙེན་པར་རྫོགས་པ་དང ། ལྔ་པོ་རྣམས་ཡེ་ཤེས་མངོན་དུ་ཆུད་པས་བསྙེན་པར་རྫོགས་པ་དང ། ཚེ་དང་ལྡན་པ་འོད་སྲུང་ཆེན་པོ་སྟོན་པར་ཁས་བླངས་བས་བསྙེན་པར་རྫོགས་པ་དང ། ཚེ་དང་ལྡན་པ་འཆར་ལྡན་དྲིས་ནས་ལུང་བསྟན་པས་བསྙེན་པར་རྫོགས་པ་དང ། དགེ་སློང་ཚུར་ཤོག་ཅེས་གསུངས་པས་བསྙེན་པར་རྫོགས་པ་དང ། སྐྱབས་སུ་འགྲོ་བའི་ཚིག་གསུམ་གྱིས་བསྙེན་པར་རྫོགས་པ་དང ། ཡུལ་མཐའ་འཁོབ་ན་འདུལ་བ་འཛིན་པ་དང་ལྔའི་ Pa339b དགེ་འདུན་ལས་བསྙེན་པར་རྫོགས་པ་དང ། ཡུལ་གྱི་དབུས་སུ་བཅུ་འདུས་པའམ། དེ་ལས་ལྷག་པ་ལས་བསྙེན་པར་རྫོགས་པ་དང ། བླ་མའི་ཆོས་ཁས་བླངས་པ་དང ། ཕོ་ཉས་བསྙེན་པར་རྫོགས་པ་དང ། དགེ་འདུན་སྡེ་གཉིས་ལས་བསྙེན་པར་རྫོགས་པའོ། །དེ་ལ་གང་གསོལ་བ་དང་བཞིའི་ལས་ཀྱིས་མ་བཅས་པ་ན། སྐྱབས་སུ་འགྲོ་བའི་ཚིག་གསུམ་གྱིས་བསྙེན་པར་རྫོགས་པ་ནི། ལེགས་པར་བསྙེན་པར་རྫོགས་པ་ཞེས་བྱའོ། །གང་གིས་གསོལ་བ་དང་བཞིའི་ལས་བཅས་པ་དེ་ནི། སྐྱབས་སུ་འགྲོ་བའི་ཚིག་གསུམ་གྱིས་བསྙེན་པར་རྫོགས་པ་ནི། བསྙེན་པར་མ་རྫོགས་པའོ། །དགེ་སློང་ཚུར་ཤོག་ཅེས་པ་ནི། ཐོག་མ་དང་ཐ་མར་འདྲ་སྟེ། བསྙེན་པར་རྫོགས་པ་དེ་ནི། ལེགས་པར་བསྙེན་པར་རྫོགས་པའོ། །དེ་ཅིའི་ཕྱིར་ཞེ་ན། ཨུ་པ་ལི། དགེ་སློང་ཚུར་ཤོག་ཅེས་བྱ་བ་དེ་ནི། ངས་མངོན་དུ་བསྙེན་པར་རྫོགས་པ་སྟེ། དགེ་སློང་ཚུར་ཤོག་ཅེས་བྱ་བ་ཐམས་ཅད་ཀྱང་སྲིད་པ་ཐ་མ་པ་སྟེ། དགེ་སློང་ཚུར་ཤོག་ཅེས་བྱ་བ་དེ་དག་ཐམས་ཅད་སློབ་བཞིན་དུ་དུས་འདའ་བ་མ་ཡིན་ཏེ། དེ་ལྟ་བས་ན། དེ་དག་ལེགས་པར་བསྙེན་པར་རྫོགས་པ་ཞེས་བྱའོ། །དེ་ལས་དགེ་སློང་མ་དག་ནི། རྣམ་པ་གསུམ་གྱིས་བསྙེན་པར་རྫོགས་པར་འོས་པ་སྟེ། བླ་མའི་ཆོས་ཁས་བླངས་པ་དང ། འཕྲིན་པ་དང ། དགེ་འདུན་སྡེ་གཉིས་ལས་སོ། །བླ་མའི་ཆོས་ཁས་བླངས་པ་ནི། ཇི་ལྟར་སྐྱེ་རྒུའི་བདག་མོ་ཆེན་མོ་ལ་སོགས་པ་སྟེ། རྒྱས་པར་ནི། མདོ་ལས་འབྱུང་བ་བཞིན་བརྗོད་དོ། འཕྲིན་ནི། སྐྱེ་བོ་དགེ་བ་ཅན་མ་དང་འདྲ་བ་གང་ཕྱིར་བྱུང་ན་ Pa340a ༄#། །བར་ཆད་དུ་འགྱུར་བ་དེ་ལ་ཡང་ཕོ་ཉས་ལས་སུ་བྱའོ། །འཕྲིན་གྱིས་བསླབ་པ་ཉན་ཏེ་དེ་དག་ལ་ཟློས་པ་ལ། ཆེ་ཞེ། ཁྱེད་ལེགས་པར་བསྙེན་པར་རྫོགས་པ་ནི། ཆོས་སྦྱིན་མ་དང་འདྲའོ། །ལུང་བསྒོ་བ་ནི། རྒྱས་པར་སྦྱར་ཏེ། ཇི་ལྟར་འདུལ་བ་ལས་འབྱུང་བ་བཞིན་ནོ། །དེ་ལས་ཐུ་བ་དག་ནི། དགེ་འདུན་སྡེ་གཉིས་ཀྱིས་བསྙེན་པར་རྫོགས་པར་གྱིས་ཤིག་།སྐྱོ་བ་མེད་པ། གཞག་པ་མེད་པར་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་དེ་ནི། བསྙེན་པར་རྫོགས་པ་ཞེས་ནི། བྱ་སྟེ། གཞན་ཡང་གསུང་རབ་འདི་ལ་བསྙེན་ནས་ལེན་ཅིང་ཤིན་ཏུ་ཁས་བླངས་ནས་ཐོབ་སྟེ། བདེ་བ་མྱོང་ནས་མངོན་དུ་བྱེད་པ་སྟེ། དེ་ལྟ་བས་ན། བསྙེན་པར་རྫོགས་པར་འོས་པའོ། །ཞེས་གསུངས་སོ། །བསྙེན་པར་རྫོགས་པར་མི་རིགས་པ་གང་ཞེ་ན། དེ་ལ་སླར་བཟློག་ན། བསྙེན་པར་རྫོགས་པ་སྟེ། གསུང་རབ་དེ་ལ་བརྟེན་ཅིང་ཁས་མ་བླངས་ནས་ཤིན་ཏུ་ཁས་མ་བླངས་པས་མ་ཐོབ་སྟེ། བདེ་བ་མ་མྱོང་ན་མངོན་དུ་མི་བྱེད་པ་འདི་ནི། བསྙེན་པར་རྫོགས་པར་མི་འོས་པ་ཞེས་བྱའོ། །བསྙེན་པར་རྫོགས་པར་བྱ་བ་གང་ཞེ་ན། མིའི་སྐྱེས་པའི་འཚོ་བ་དང་ལྡན་པ་བར་ཆད་མེད་པ་དང ། མིའི་བུད་མེད་འཚོ་བ་དང་ལྡན་པ་བར་ཆད་མེད་པ་དེ་དག་ནི། བསྙེན་པར་རྫོགས་པར་བྱ་བའོ། །བསྙེན་པར་རྫོགས་པར་མི་བྱ་བ་གང་ཞེ་ན། ཕ་བསད་པ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དགེ་འདུན་གྱི་དབྱེན་བྱས་པ་དང ། དེ་བཞིན་གཤེགས་པ་ལ་ངན་ Pa340b སེམས་ཀྱིས་ཁྲག་ཕྱུང་བ་དང ། སློབ་དཔོན་མེད་པ་དང ། མཁན་པོ་མེད་པ་དང ། ལྷུང་བཟེད་དང་ཆོས་གོས་མེད་པ་དང ། ཆད་པའི་ལས་མི་བྱེད་པ་དང ། མུ་སྟེགས་དང ། མུ་སྟེགས་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། ཐ་དད་དུ་སོ་སོར་གནས་པ་དང ། མི་གནས་པ་དང ། ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ལོ་ཉི་ཤུ་མ་ཚང་བ་དང ། ཡི་དམ་སྨྲ་བ་དང ། མ་རུང་བར་བྱས་པ་དང ། མ་རུང་བར་བྱ་བར་རིགས་པ་དང ། མི་མ་ཡིན་པ་ཐམས་ཅད་དེ། འདི་དག་ནི། བསྙེན་པར་རྫོགས་པར་མི་བྱ་བ་སྟེ། དེ་སྟེ་བསྙེན་པར་རྫོགས་པར་བྱས་ན་ཡང་བསྙེན་པར་རྫོགས་པ་མ་ཡིན་ཏེ། བསྙེན་པར་རྫོགས་པར་བྱེད་པ་ཡང་འདས་པ་དང་བཅས་པར་འགྱུར་རོ། །དེ་ཅིའི་ཕྱིར་ཞེ་ན། གང་ཟག་དེ་དག་ནི། འཁོར་སུན་ཕྱུང་བར་བྱེད་པ་ཞེས་བྱ་སྟེ། ཐམས་ཅད་ཀྱང་འཁོར་སུན་པར་བྱེད་པ་སྟེ། བསྙེན་པར་རྫོགས་པར་བྱ་བ་མ་ཡིན་པའོ། །བསྙེན་པར་རྫོགས་པ་གང་ཞེ་ན། གང་ཟག་འདི་ཞེས་བྱ། མིང་འདི་ཞེས་བྱ། རིགས་འདི་ཞེས་བྱ། རུས་འདི་ཞེས་བྱ། འདི་ལྟར་ཆོས་བཞིན་འདུས་པའི་དགེ་འདུན་གྱིས་བསྙེན་པར་རྫོགས་པར་བྱ་སྟེ། མངོན་དུ་སྐྱོ་བ་མེད་པ་དང ། གཞག་པ་མེད་པར་གསོལ་བ་དང་བཞིའི་ལས་ཀྱིས་བསྙེན་པར་རྫོགས་པ་འདི་ནི། བསྙེན་པར་རྫོགས་པ་ཞེས་བྱ་སྟེ། གང་རྗེས་སུ་གནང་བཞིན་བསྙེན་པར་རྫོགས་པ་ནི། ལེགས་པར་བསྙེན་པར་རྫོགས་པའོ། །བསྙེན་པར་མ་རྫོགས་པ་གང་ཞེ་ན། ཕ་བསད་པ་དང ། མ་བསད་པ་དང ། དགྲ་ Pa341a ༄#། །བཅོམ་པ་བསད་པ་དང ། དགེ་འདུན་གྱི་དབྱེན་བྱས་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། ཐ་དད་དུ་གནས་པ་དང ། ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། སྔར་ཉམས་པ་འདི་དག་ནི། བསྙེན་པར་མ་རྫོགས་པ་ཞེས་བྱ་སྟེ། འདི་ནི། ཆོས་འདུལ་བ་འདི་ལ་མི་སྐྱེ་བའི་ཆོས་ཅན་ནོ། །ཅིའི་ཕྱིར་ན་བསྙེན་པར་མ་རྫོགས་པ་ཞེས་བྱ་ཞེ་ན། མཚུངས་པར་བསླབ་པ་མ་ཐོབ་པ་སྟེ། དེའི་ཕྱིར་བསྙེན་པར་མ་རྫོགས་པ་ཞེས་བྱའོ། །གང་ཟག་བཅུ་གསུམ་པོ་འདི་མ་གཏོགས་པ་རྣམས་ནི། བསྙེན་པར་རྫོགས་པར་བྱའོ། །འདི་ནི། བསྙེན་པར་རྫོགས་པར་བྱས་ན། བསྙེན་པར་རྫོགས་པ་ཞེས་ཀྱང་མི་བྱ་ལ། བསྙེན་པར་རྫོགས་པར་བྱེད་པའང་འདས་པ་དང་བཅས་པར་འགྱུར་ཏེ། དེ་ལྟ་བས་ན། ངས་བསྙེན་པར་མ་རྫོགས་པ་ཞེས་གསུངས་སོ། །ལས་གང་ཞེ་ན། གསོལ་བའི་ལས་དང ། གསོལ་བ་དང་གཉིས་ཀྱི་ལས་དང ། གསོལ་བ་དང་བཞིའི་ལས་སོ། །ཅིའི་ཕྱིར་ན། ལས་ཞེས་བྱ་ཞེ་ན། རྣམ་པ་གཉིས་ཀྱི་ཕྱིར་ལས་ཞེས་བྱ་སྟེ། ཆད་པས་གཅད་པའི་ལས་སྨྲ་དབབ་པའི་ལས་དང ། ཆོས་དཀར་པོ་ལ་ཡི་དམ་འཆའ་བའི་ལས་སོ། །ཆད་པའི་ལས་སྨྲ་དབབ་པའི་ལས་གང་ཞེ་ན། འདི་ལྟ་སྟེ། བསྡིགས་པ་དང ། སྨད་པ་དང ། བསྐྲད་པ་དང ། སླར་བསྡུམ་པ་དང ། སྤངས་པའི་ལས་དང ། ཆད་པ་ Pa341b དང ། གཞི་ནས་སློང་བ་དང ། ཡིད་མགུ་བར་བྱེད་པ་དང ། གཞི་ནས་ཡིད་མགུ་བར་བྱེད་པའོ། །གཞན་ཡང་ཆད་པའི་ལས་སྨ་དབབ་པའི་ལས་སུ་བྱེད་པའོ། །ཆོས་དཀར་པོ་ལ་ཡི་དམ་འཆའ་བའི་ལས་གང་ཞེ་ན། འདི་ལྟ་སྟེ། གསོ་སྦྱོང་དང ། སྐབས་དབྱེ་བ་དང ། བསྙེན་པར་རྫོགས་པ་དང ། དབྱུང་བ་དང ། རྩཝ་བཏིང་བ་དང ། གཞན་གང་ཡང་རུང ། ཆོས་དཀར་པོ་ལ་ཡི་དམ་འཆའ་བའི་ལས་བྱེད་པ་དེ་དག་ནི། ལས་སུ་བྱེད་པ་སྟེ། དེ་ལྟ་བས་ན། ལས་ཞེས་གསུངས་སོ། །ལས་ཀྱི་དངོས་པོ་གང་ཞེ་ན། རྒྱུ་གང་རྐྱེན་གང་གིས་དངོས་པོ་གང་ལ་ལས་བྱེད་པ་སྟེ། རྒྱུ་དེ་དང་རྐྱེན་དེས་དངོས་པོ་དེ་ལ་ལས་བྱེད་པ་ནི། ལས་ཀྱི་དངོས་པོ་ཞེས་བྱའོ། །གཞག་པར་རིགས་པའི་ལས་གང་ཞེ་ན། ལས་གང་གསོལ་བ་ཉམས་པ། བསྒྲགས་པ་ཉམས་པ། ཆོས་བཞིན་མ་ཡིན་པ། དགེ་འདུན་མ་འདུས་པར་བྱས་པ་སྟེ། བསྐྱོས་པ་དེ་ནི། གཞག་པར་རིགས་པའི་ལས་ཞེས་བྱའོ། །གཞག་པར་མི་རིགས་པའི་ལས་གང་ཞེ་ན། ལས་གང་གསོལ་བར་ལྡན་པ། བསྒྲགས་པར་ལྡན་པ། ཆོས་བཞིན་དུ་དགེ་འདུན་འདུས་པས་བྱས་པ་སྟེ།་མ་བསྐྱོས་པ་འདི་ནི། གཞག་པར་མི་རིགས་པའི་ལས་ཞེས་བྱའོ། །དབྱུང་བའི་ལས་གང་ཞེ་ན། དབྱུང་བ་ཞེས་བྱ་བ་ནི། སྤངས་པ་ཡིན་ཏེ། སྤངས་པ་དང་དགེ་འདུན་དག་ཏུ་ལྷན་ཅིག་ལས་མི་བྱ་སྟེ། གསོ་སྦྱོང་ཡང་མ་ཡིན། སྐབས་དབྱེ་བ་མ་ཡིན། གནས་མ་ཡིན། ལྷན་ཅིག་སྤྱད་པ་མ་ཡིན། ལྷན་ཅིག་གཏམ་བྱ་བ་མ་ཡིན། མཐུན་པ་མ་ཡིན་པ་དེ་ནི། དབྱུང་བའི་ལས་ཞེས་བྱའོ། །ཅིའི་ཕྱིར་ Pa342a ༄#། །དབྱུང་བའི་ལས་ཞེས་བྱ་ཞེ་ན། དགེ་འདུན་གྱིས་ཕྱུང་བས་ན། དེའི་ཕྱིར་ཕྱུང་བའི་ལས་ཞེས་བྱའོ། །བཟོད་པ་གསོལ་བའི་ལས་གང་ཞེ་ན། ལས་གང་བྱས་པ་ལས་སླར་ཡང་དགེ་འདུན་དང་ལྷན་ཅིག་ཏུ་གནས་པ་དང ། སྤྱོད་པ་གཅིག་པ་དང ། འཐམ་པ་གཅིག་པ་དང ། འདུག་པ་གཅིག་པར་འགྱུར་པ་དེ་ནི། བཟོད་པར་གསོལ་བའི་ལས་ཞེས་བྱའོ། །བསྡིགས་པའི་དངོས་པོ་གང་ཞེ་ན། དགེ་སློང་གང་འཐབ་པར་བྱེད་པ་དང ། མཚང་འདྲུ་བར་བྱེད་པ་དང ། འཁྲུགས་པར་བྱེད་པ་དང ། འཁོན་པར་བྱེད་པ་དང ། རྩོད་པར་བྱེད་པ་འདི་ནི། བསྡིགས་པའི་དངོས་པོ་ཞེས་བྱའོ། །གླེང་བའི་དངོས་པོ་གང་ཞེ་ན། གླེང་བའི་དངོས་པོ་གསུམ་སྟེ། མཐོང་བ་དང ། ཐོས་པ་དང ། དོགས་པ་སྟེ། བྱུང་བར་གྱུར། ཉེས་པ་ཡིན་ལ། དེ་ཡང་བདེན་པ་སྟེ། བརྫུན་པས་མ་ཡིན། དུས་སུ་ཡིན་གྱི། དུས་མ་ཡིན་པར་མ་ཡིན། དོན་དང་ལྡན་པར་ཡིན་གྱི། དོན་དང་མི་ལྡན་པར་མ་ཡིན། འཇམ་པར་ཡིན་གྱི། རྩུབ་པར་མ་ཡིན། བྱམས་པར་ཡིན་གྱི། ཞེ་སྡང་དུ་མ་ཡིན་པ་འདི་ནི།་གླེང་བའི་དངོས་པོ་ཞེས་བྱའོ། །འདུལ་བའི་དངོས་པོ་གང་ཞེ་ན། ནན་ཏན་གྱི་ལས་ལྔ་སྟེ། བསྡིགས་པའི་ལས་དང ། སྨད་པའི་ལས་དང ། ཡིད་མགུ་བར་བྱ་བའི་བར་དུ་སྔ་མ་བཞིན་དུ་འདི་ནི།་འདུལ་བའི་དངོས་པོ་ཞེས་བྱའོ། །ཞི་བར་བྱ་བའི་དངོས་པོ་གང་ཞེ་ན། རྒྱུ་གང་རྐྱེན་གང་གིས་རྩོད་པ་བྱུང་བ་རྣམས་འདུལ་བར་འགྱུར་བ་སྟེ། ཞི་བ་དང ། རྣམ་པར་ཞི་བའི་ཕྱིར་རོ། །འདི་ལྟ་སྟེ། Pa342b སྤུ་སྙོལ་བ་དང ། འབྱུང་བར་བྱེད་པ་དང ། བཏུད་པས་སྟོན་པ་དང ། ཕྱག་འཚལ་བས་སྟོན་པ་འདི་ནི། ཞི་བར་བྱ་བའི་དངོས་པོ་ཞེས་བྱའོ། །རྒྱུའི་དངོས་པོ་གང་ཞེ་ན། རྒྱུ་གང་རྐྱེན་གང་གིས་རྒྱུ་གང་ལ་བརྟེན་ནས་ལས་བྱེད་པ་སྟེ། ཇི་ལྟར་མདོ་སྡེ་བྷ་དཱ་ལ་ལས་འབྱུང་བ་བཞིན་བྱེད་པ་སྟེ། འདིའི་འོག་ཏུ་དགེ་འདུན་གྱིས་དཔྱད་པར་བྱ་བར་ཇི་ལྟར་མདོ་སྡེ་བྷ་དཱ་ལ་ལས་འབྱུང་བ་བཞིན་རྒྱས་པར་བརྗོད་དེ། འདི་ནི། རྒྱུའི་དངོས་པོ་ཞེས་བྱའོ། །བསླབ་པ་གང་ཞེ་ན། བསླབ་པ་གསུམ་སྟེ། ལྷག་པའི་ཚུལ་ཁྲིམས་སུ་བསླབ་པ་དང ། ལྷག་པའི་སེམས་དང ། ལྷག་པའི་ཤེས་རབ་ཏུ་བསླབ་པའོ། །གཞན་ཡང་བསླབ་པ་གསུམ་སྟེ། ལྷག་པར་སྤྱོད་པར་བསླབ་པ་དང ། ལྷག་པར་འདུལ་བ་དང ། ལྷག་པར་སོ་སོར་ཐར་པ་ལ་བསླབ་པའོ། །ཇི་ཙམ་གྱིས་ན། བསླབ་པ་མ་ཕུལ་བ་ཞེས་བགྱི། སྨྱོན་པའི་དྲུང་དུ་བསླབ་པ་འབུལ་བ་ནི། བསླབ་པ་མ་ཕུལ་བ་ཞེས་བྱའོ། །སེམས་འཁྲུགས་པ་དང ། ནད་ཀྱིས་གཟིར་བའི་དྲུང་དུ་བསླབ་པ་ཕུལ་བ་ནི། བསླབ་པ་མ་ཕུལ་བ་ཞེས་བྱའོ། །གླེན་པ་དང ། ལྐུགས་པ་དང ། འོན་པ་དང ། གཉིད་ཀྱིས་ལོག་པ་དང ། སྙོམས་པར་ཞུགས་པ་དང ། ར་རོ་བ་དང ། རབ་ཏུ་ར་རོ་བ་དང ། ཁྲོས་པ་དང ། དགོད་པ་ལ་ཞུགས་པ་དང ། མི་ཤེས་པ་དང ། འགྲོ་བ་གཞན་དུ་གནས་པའི་དྲུང་དུ་བསླབ་པ་འབུལ་བ་ནི། བསླབ་པ་མ་ཕུལ་བ་ཞེས་བྱའོ། །འཕྲིན་གྱིས་བསླབ་པ་འབུལ་ན་ཡང་བསླབ་པ་མ་ཕུལ་བ་ཞེས་བྱའོ། །སྤྲིང་ཡིག་དང ། ལག་བརྡ་དང ། གཞན་ཟེར་བ་དང ། བརྡ་དང ། མཚན་མས་ Pa343a ༄#། །བསླབ་པ་འབུལ་ན་ཡང་བསླབ་པ་མ་ཕུལ་བ་ཞེས་བྱའོ། །འཕགས་པས་འཕགས་པའི་སྐད་ཀྱིས་མཐའ་འཁོབ་པའི་དྲུང་དུ་བསླབ་པ་འབུལ་ན། མཐའ་འཁོབ་པ་དེས་ཀྱང་འཕགས་པའི་སྐད་མི་ཤེས་ན། བསླབ་པ་མ་ཕུལ་བ་ཞེས་བྱའོ། །འཕགས་པས་མཐའ་འཁོབ་པའི་སྐད་ཀྱིས་འཕགས་པའི་དྲུང་དུ་བསླབ་པ་ཕུལ་ན། འཕགས་པ་དེས་ཀྱང་མཐའ་འཁོབ་པའི་སྐད་མི་ཤེས་ན། བསླབ་པ་མ་ཕུལ་བ་ཞེས་བྱའོ། །མཐའ་འཁོབ་པས་འཕགས་པའི་སྐད་ཀྱིས་མཐའ་འཁོབ་པའི་དྲུང་དུ་བསླབ་པ་འབུལ་ན། མཐའ་འཁོབ་པ་དེས་འཕགས་པའི་སྐད་མི་ཤེས་ན།་བསླབ་པ་མ་ཕུལ་བ་ཞེས་བྱའོ། །མཐའ་འཁོབ་པས་མཐའ་འཁོབ་པའི་སྐད་ཀྱིས་འཕགས་པའི་དྲུང་དུ་བསླབ་པ་འབུལ་ན། འཕགས་པ་དེས་ཀྱང་མཐའ་འཁོབ་པའི་སྐད་མི་ཤེས་ན། བསླ་པ་མ་ཕུལ་བ་ཞེས་བྱའོ། །དབེན་པ་ལ་དབེན་པར་འདུ་ཤེས་ཤིང་བསླབ་པ་འབུལ་ན། བསླབ་པ་མ་ཕུལ་བ་ཞེས་བྱའོ། །དབེན་པ་ལ་མི་དབེན་པར་འདུ་ཤེས་ཤིང་བསླབ་པ་འབུལ་ནའང་བསླབ་པ་མ་ཕུལ་བ་ཞེས་བྱའོ། །མི་དབེན་པ་ལ་དབེན་པར་འདུ་ཤེས་ཤིང་བསླབ་པ་ཕུལ་ནའང་བསླབ་པ་མ་ཕུལ་བ་ཞེས་བྱའོ། །མི་དབེན་པ་ལ་མི་དབེན་པར་འདུ་ཤེས་ཤིང་བསླབ་པ་ཕུལ་ན། བསླབ་པ་མ་ཕུལ་བ་ཞེས་བྱའོ། །ཅ་ཅོ་ཅན་གྱི་ནང་དུ་བསླབ་པ་ཕུལ་ན། བསླབ་པ་མ་ཕུལ་བ་ཞེས་བྱའོ། །འཇིག་རྟེན་ཚུལ་བཞིན་གནས་པ་མ་ཡིན་པ་ལ་བསླབ་པ་འབུལ་བར་སྨྲས་ཀྱང་བསླབ་པ་མ་ Pa343b ཕུལ་བ་ཞེས་བྱའོ། མདོ་འམ་རྒྱས་པར་ཡང་རུང་སྟེ། བཟོད་པ་གསོལ་བའི་སེམས་ཀྱང་མི་བྱེད་ལ། དགེ་སློང་གི་དངོས་པོ་ལ་ནི། དགོས་པར་བྱེད། ཁྱིམ་པའི་དངོས་པོ་ལ་ནི། མི་དགོས་པར་བྱེད་ལ། རང་བཞིན་དུ་གནས་པ་མ་ཡིན་པ་ལ་ཚིག་ཏུ་སྨྲས་ཀྱང་བསླབ་པ་མ་ཕུལ་བ་ཡིན་ཏེ། འདི་ནི། བསླབ་པ་མ་ཕུལ་བ་ཞེས་བྱའོ། །བསླབ་པ་ཕུལ་བ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་དེ་ཆགས་པར་གྱུར་ལ་མི་དགའ་བའམ། འདོད་དམ། དགེ་སློང་གི་ལ་མི་དགོས་པར་གྱུར་ཏམ། དགེ་སློང་གི་གཏོང་བར་བྱེད་དམ། སྨོད་དམ། ངོ་ཚའམ། ཁྲེལ་ལམ། འགྱོད་ཀྱང་རུང་སྟེ། དེ་དགེ་སློང་གི་དྲུང་དུ་སོང་ནས་བསླབ་པ་འབུལ་ལོ། །ཞེས་སྨྲས་ན། བསླབ་པ་ཕུལ་བ་ཞེས་བྱའོ། །སངས་རྒྱས་དང ། ཆོས་དང ། དགེ་འདུན་དང ། མདོ་སྡེ་དང ། འདུལ་བ་དང ། མ་ལྟ་བུ་དང ། མཁན་པོ་དང ། སློབ་དཔོན་རྣམས་འབུལ་ལོ། །བདག་ཁྱིམ་པར་ཟུངས་ཤིག་།དགེ་ཚུལ་དང ། མ་ནིང་དང ། ཟ་མ་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་དང ། མ་དང ། དགྲ་བཅོམ་པ་བསད་པ་དང ། དགེ་འདུན་གྱི་དབྱེན་བགྱིས་པ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་པ་དང ། སོ་སོར་གནས་པ་དང ། མི་གནས་པར་ཟུངས་ཤིག་།ཅེས་ཟེར་རམ། ཆུང་དུ་ན་འདི་སྐད་དུ། ཁྱེད་ཅག་དང་ཆོས་མཚུངས་པ་དང ། ཚངས་པ་མཚུངས་པར་སྤྱོད་པས་ཆོག་གོ་།ཞེས་སྨྲས་ན་ཡང་བསླབ་པ་ཕུལ་ཞེས་ Pa344a ༄#། །བྱ་སྟེ། གང་དེ་ལྟར་ཆགས་ཤིང་མི་དགའ། འབབ་པར་འདོད་ཀྱང་རུང་སྟེ། དེས་ངག་དང ། ཚིག་དང ། བརྗོད་པ་དང ། སྐད་དང ། དབྱངས་དང ། ངེས་པའི་ཚིག་དང ། ངག་གི་ལམ་དང ། ངག་གི་སྒྲ་དང ། ངག་གི་ལས་དང ། ངག་གི་དམིགས་པས་བརྗོད་པ་འདི་ནི། བསླབ་པ་ཕུལ་བ་ཞེས་བྱའོ། །ཚུལ་ཁྲིམས་ཉམས་པར་བརྗོད་པ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་དེ་ཆགས་པར་གྱུར་པ་ནས་འགྱོད་པའི་བར་དུ་སྔ་མ་བཞིན་ཏེ། དེ་དགེ་སློང་གི་དྲུང་དུ་སོང་ནས་འདི་སྐད་ཅེས། ཚངས་པར་སྤྱོད་པ་ནི། སྤྱད་པར་དཀའོ། །རབ་ཏུ་དབེན་པ་ནི། ཤིན་ཏུ་དཀའོ། །གཅིག་ཏུ་མངོན་པར་དགའ་བ་ཡང་དཀའོ། །ནགས་ཚལ་ན་གནས་པ་དང ། བས་མཐར་གནས་ཤིང་མངོན་དུ་ཆུད་པར་ཡང་དཀའོ། །ནམ་འཚོའི་བར་བདག་གཅིག་པུ་དགོན་པ་ན་གནས་ཤིང ། གཅན་གཟན་ཁྲོ་བོ་དང་ལྷན་ཅིག་གནས་པར་བྱ་བ་དང ། རྩཝ་གདིང་བའམ། ལོ་མ་བཏིང་བ་ལ་མལ་སྟན་དུ་སྦྱོར་བའང་དཀའོ། །ནམ་འཚོའི་བར་དུ་བདག་གཞན་ལ་འཚོ་བ་ལྟོས་པའང་དཀའ། ནམ་འཚོའི་བར་དུ་གོས་དང ། ཟས་དང ། མལ་སྟན་དང ། ན་བའི་རྐྱེན་གྱི་སྨན་དང ། ཡོ་བྱད་རྣམས་གཞན་ནས་བཙལ་བར་བྱ་བའང་སྡུག་བསྔལ་ལོ། །མ་དྲན་ནོ། ། ཕ་དང ། ཕུ་ནུ་དང ། སྲིང་མོ་རྣམས་ཀྱང་དྲན་ནོ། །ཞེས་ཟེར་བ་དང ། བདག་ནི། བཟོ་སློབ་ཏུ་ཆུག་ཅིག་།ལས་རྣམས་ལ་ཆུག་ཅིག་།རིགས་པའི་ཕྱོགས་སུ་བདག་ཞོག་ཅིག། དགེ་བའི་རིགས་ Pa344b ལ་བདག་ཆོར་ཅིག་།གང་དེ་ལྟར་ཆགས་པ་ནས་སྔ་མ་བཞིན་དུ་ངག་གིས་བརྗོད་པའི་བར་དུ་སྟེ། འདི་ནི། བསླབ་པ་ཉམས་པར་བརྗོད་པ་ཞེས་བྱའོ། །བསླབ་པ་ཕུལ་བ་དང ། བསླབ་པ་ཉམས་པར་བརྗོད་པ་ལ་ཁྱད་པར་ཅི་མཆིས། ཡི་གེ་ལ་ཡང་ཁྱད་པར་མེད་དོ། །སྡོམ་པ་ལ་ཡང་ཁྱད་པར་མེད་དེ། གཅིག་གིས་ཀྱང་སྡོམ་པ་བཏང་བར་གྱུར། གཉིས་ཀྱིས་ཀྱང་དེ་བཞིན་ནོ། །རྩོད་པ་གང་ཞེ་ན། རྩོད་པ་རྣམ་པ་བཞི་སྟེ། འཁྲུགས་པས་རྩོད་པ་དང ། ལུང་མི་བསྒོ་བའི་རྩོད་པ་དང ། ཉེས་པའི་རྩོད་པ་དང ། བྱ་བའི་རྩོད་པ་སྟེ། འདི་ནི། རྩོད་པ་ཞེས་བྱའོ། །ཅིའི་ཕྱིར་རྩོད་པ་ཞེས་བགྱི། དེ་དག་གི་མཐུས་འཐབ་པ་འབྱུང་སྟེ། དེའི་ཕྱིར་རྩོད་པ་ཞེས་བྱའོ། །རྩོད་པ་སྡུད་པ་གང་ཞེ་ན། རྒྱུ་གང་རྐྱེན་གང་གིས་རྒྱུའི་དབང་དུ་བྱས་ཏེ། རྩོད་པ་འབྱུང་བ་དེ་ནི། རྩོད་པ་སྡུད་པ་ཞེས་བྱའོ། །རྩོད་པ་ཞི་བ་གང་ཞེ་ན། རྩོད་པ་ཞི་བའི་ཆོས་བདུན་ཏེ། མངོན་སུམ་གྱིས་འདུལ་བ་དང ། དྲན་པས་འདུལ་བ་དང ། མ་ཡེངས་པས་འདུལ་བ་དང ། དེའི་རང་བཞིན་ཚོལ་བ་དང ། གང་མང་དུ་བྱ་བ་དང ། ཡི་དམ་འཆར་གཞུག་པ་དང ། རྩཝ་བཏིང་བ་ལྟ་བུ་དེ་ནི། རྩོད་པ་ཞི་བར་བྱེད་པ་ཞེས་བྱའོ། །ཅིའི་ཕྱིར་ན། རྩོད་པ་ཞི་བའི་ཆོས་ཞེས་བགྱི། རྩོད་པ་ཞི་བ་དེ་དག་ནི། ཆོས་འདི་བདུན་གྱིས་འདུལ་བར་འགྱུར་བ་དང ། ཞི་བ་དང ། རྣམ་པར་ཞི་བ་དང ། འདུལ་བ་དང ། སྤོང་བ་དང ། འགོག་པའི་ཕྱིར་དེ་ལྟར་རྩོད་པ་ཞི་བའི་ཆོས་ཞེས་བྱའོ། །རྩོད་པ་རབ་ཏུ་ཞི་བ་གང་ཞེ་ན། ཆོས་ལྔ་དང་ལྡན་ན། རྩོད་པ་ལེགས་པར་ཞི་བར་མི་འགྱུར་ Pa345a ༄#། །ཏེ།་ལྔ་གང་ཞེ་ན། དགེ་འདུན་ལ་མ་གསོལ་པ་ཡིན། རྒྱལ་པོས་གསུང་དང་མི་མཐུན་པ་ཡིན། ཕྱོགས་དང་མི་མཐུན་པའི་ཕྱོགས་ཀྱི་དགེ་སློང་རྣམས་ལ་མ་བསྒོ་བ་ཡིན། ཆོས་དང་མཐུན་པར་རྒོལ་བ་དང ། ལན་ལྡོན་པའི་དགེ་སློང་རྣམས་གུས་པར་མ་བཟློག་པ་ཡིན། ཉེས་པ་བྱུང་བའི་དགེ་སློང་གི་ཉེས་པ་མ་སྦྱངས་པའང་ཡིན་ཏེ། ཆོས་འདི་ལྔ་དང་ལྡན་ན། རྩོད་པ་ལེགས་པར་མ་ཞི་བ་ཡིན་ནོ། །ཆོས་ལྔ་དང་ལྡན་ན། རྩོད་པ་ལེགས་པར་ཞི་བ་ཡིན་ཏེ། ལྔ་གང་ཞེ་ན། དགེ་འདུན་ལ་གསོལ་བ་བྱས་པ་ཡིན། རྒྱལ་བའི་གསུང་དང་མཐུན་པ་ཡིན། ཕྱོགས་དང་ཕྱོགས་མི་མཐུན་པའི་དགེ་སློང་རྣམས་ལ་བསྒོ་བ་ཡིན། ཆོས་དང་མཐུན་པར་རྒོལ་བ་དང ། ལན་ལྡོན་པའི་དགེ་སློང་རྣམས་གུས་པར་བཟློག་པ་ཡིན། ཉེས་པ་བྱུང་བའི་དགེ་སློང་གི་ཉེས་པ་སྦྱངས་པ་ཡིན་ཏེ། ཆོས་དེ་ལྔ་དང་ལྡན་ན། རྩོད་པ་ལེགས་པར་ཞི་བ་ཡིན་ཏེ། དེ་ནི། རྩོད་པ་རབ་ཏུ་ཞི་བ་ཞེས་བྱའོ། །ཀློག་པ་གང་ཞེ་ན། གང་བཞི་པའམ། བཅུ་གསུམ་པའང་སྟེ། རྒྱས་པར་ཀློག་པ་དེ་ནི། ཀློག་པ་ཞེས་བྱའོ། །མི་ཀློག་པ་གང་ཞེ་ན། གནས་གང་ན་སོ་སོར་ཐར་པའི་མདོ་ཀློག་པའི་དགེ་སློང་གིས་སོ་སོར་ཐར་པའི་མདོ་མི་ཀློག་ན། དེའི་རྗེས་ནས་སློབ་པ་གཞན་གྱིས་བཀླག་པར་བྱའོ། །དེས་ཀྱང་མ་བཀླགས་ལ་མི་སྦོབས་ན། དེའི་ཡང་རྗེས་ནས་སློབ་པ་གཞན་གྱིས་ལྷོགས་ཤིག་།དེས་ཀྱང་མི་ནུས་ལ་མ་སྤོབས་ཏེ། དེ་བཞིན་དུ་རྗེས་ནས་སློབ་པའི་ Pa345b མཐར་ཕྱིན་གྱི་བར་དུ་གང་གིས་ཀྱང་སྤོབས་པ་མེད་ན། དེ་མ་བཀླགས་པ་ཞེས་བྱའོ། །བྱིན་གྱིས་རློབ་པ་གང་ཞེ་ན། དགེ་སློང་གང་གནས་ན་གཅིག་པུ་འདུག་ན། དེས་བཅོ་ལྔའི་གསོ་སྦྱོང་དེ་ཉིད་དུ་སྔར་ལངས་ཏེ་མཆོད་རྟེན་དང ། ཁང་པར་ཕྱག་དར་བྱ། ཁྱམས་ཀྱང་ཕྱག་དར་བྱ། གསོ་སྦྱོང་གི་གནས་ཀྱང་ཕྱར་དར་བྱ་ལ། ཤིན་ཏུ་གསང་བའི་བ་ལང་གི་ལྕི་བས་འཇམ་པོར་བྱུགས་ཏེ་དུས་སུ་རིམ་བཞིན་དུ་སྟན་རྣམས་བཏིང་ལ་ཆུ་གཙང་མའི་རིལ་བ་རྣམས་དང ། བཤང་སའི་རིལ་པའང་ཆུས་དགང་བར་བྱ། མེའང་ཉེ་བར་གཞག་པར་བྱ། མེ་མར་དང ། མེ་མར་གྱི་རྐོང་བུ་དང ། མེ་མར་གྱི་སྡོང་བུ་དང ། ལག་གི་ཚུལ་ཤིང་ཡང་ཉེ་བར་གཞག་པར་བྱ་སྟེ། གལ་ཏེ་གསོ་སྦྱོང་མ་བྱས་པའི་དགེ་སློང་དག་འོངས་ན། དེ་དང་ལྷན་ཅིག་ཏུ་གསོ་སྦྱོང་བྱ་ཞིང་སོ་སོར་ཐར་པའི་མདོ་ཀློག་པའང་བསྒྲག་པར་བྱའོ། །གལ་ཏེ་མ་འོངས་ནས་ཕྱོགས་མཐོ་བར་དེར་འཛེགས་ཏེ། དེར་འགྲེང་ནས་ཕྱོགས་བཞི་ཀུན་ཏུ་བལྟས་ལ། དེ་སྟེ་འགའ་ཞིག་འོངས་ན། དེས་ཚེ་དང་ལྡན་པ་མྱུར་དུ་ཤོག་ཅིག་།གསོ་སྦྱོང་བྱའོ། །ཞེས་འབོད་དེ། དེ་སྟེ་སུའང་མི་འོང་ན། དེས་དེ་ནས་བབས་ཏེ་དུས་ཀྱི་མཐའ་གྱུར་གྱི་བར་སྡོད་ལ་འདུག་སྟེ། རྐྱང་པ་གསུམ་པ་བརྗོད་པར་བྱ། སྦྱིན་པའི་ཡོན་ཏན་བཀླག་པར་བྱ། སེམས་བསྐྱེད་པར་བྱ། ཁ་ནས་ཀྱང་དེང་ནི། དགེ་འདུན་གྱི་བཅོ་ལྔའི་གསོ་སྦྱོང་ Pa346a ༄#། །སྟེ།་བདག་དགེ་སློང་མིང་འདི་ཞེས་བྱ་བའི་ཡང་དེར་བཅོ་ལྔའི་གསོ་སྦྱོང་སྟེ། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གོ། ལྷ་རྣམས་ཀྱིས་ཀྱང་བདག་དགེ་སློང་མིང་འདི་ཞེས་བགྱི་བ་ཡོངས་སུ་དག་པར་ཟུངས་ཤིག་།འདིར་ནི། ཚུལ་ཁྲིམས་ཀྱི་ཕུང་པོ་ཡོངས་སུ་བསྐང་བའི་ཕྱིར་གསོ་སྦྱོང་བྱིན་གྱིས་བརླབ་པར་བྱ་སྟེ། ནམ་དགེ་འདུན་མཐུན་པར་ཚོགས་པ་དེ་ནས་གསོ་སྦྱོང་རྒྱས་པར་མྱོང་བ་དང ། སོ་སོར་ཐར་པའི་མདོ་ཡང་མྱོང་བར་བྱའོ། །ཞེས་དེ་ལྟར་ལན་གཉིས་ལན་གསུམ་དུ་བརྗོད་པར་བྱའོ། །ཇི་ལྟར་དགེ་སློང་གཅིག་པ་དེ་བཞིན་དུ་དགེ་སློང་གཉིས་སམ། གསུམ་གནས་ཀྱང་རུང་སྟེ། དེ་བཞིན་དུ་མངོན་དུ་སྤྱད་པར་བྱ། སེམས་བསྐྱེད་པར་བྱའོ། །གཅིག་ལ་གཅིག་བརྗོད་པར་བྱའོ། །དེ་ལྟར་བྱས་ན། གསོ་སྦྱོང་བྱས་པ་ཡིན་ཏེ། འདི་ནི། བྱིན་གྱིས་བརླབས་པ་ཞེས་བྱའོ། །སྨྱོན་པའི་སྡོམ་པ་གང་ཞེ་ན། དགེ་སློང་གང་སྨྱོས་པར་གྱུར་ལ་སེམས་འཁྲུགས་ཤིང་ནད་ཀྱིས་གཟིར་བ་དེ་ལ་སྨྱོན་པའི་སྡོམ་པ། གསོལ་བ་དང་གཉིས་ཀྱི་ལས་ཀྱིས་སྦྱིན་པར་བྱ་བ་ནི། ཇི་ལྟར་ཚེ་དང་ལྡན་པ་བྱེ་མ་ཅན་བཞིན་རྒྱས་པར་སྦྱར་ཏེ། ཇི་ལྟར་འདུལ་བ་དེ་ནི། སྨྱོན་པའི་སྡོམ་པ་ཞེས་བྱའོ། །མ་སྨྱོས་པའི་སྡོམ་པ་གང་ཞེ་ན། སྨྱོན་པའི་སྡོམ་པ་དེ་ Pa346b དག་མ་གཏོགས་པར་དེ་ལས་གཞན་པའི་སྡོམ་པ་དེ་ནི། མ་སྨྱོས་པའི་སྡོམ་པ་ཞེས་བྱའོ། །དད་པས་བྱིན་པ་མ་རུང་བར་བྱེད་པ་གང་ཞེ་ན། ཚུལ་ཁྲིམས་ཉམས་པ་ལ་བྱིན་ན། དད་པས་བྱིན་པ་མ་རུང་བ་ཞེས་བྱའོ། །ཡང་དག་པར་ཞུགས་པ་ལ་བྱིན་པ་ལས་ལོག་པར་ཞུགས་པ་ལ་བྱིན་ན། ཁམ་གཅིག་ཀྱང་རུང་དད་པས་བྱིན་པ་མ་རུང་བར་བྱས་པ་ཞེས་བྱ་སྟེ།་དེ་ནི། དད་པས་བྱིན་པ་མ་རུང་བ་ཞེས་བྱའོ། །ལས་རྣམས་གང་ཞེ་ན། ལས་མངོན་སུམ་དུ་མ་གྱུར་ནས་བྱ་བའི་ལས་བཅུའོ། །དེ་འདི་ལྟ་སྟེ། ལྷུང་བཟེད་ཁས་ཕུབ་པ་དང ། ལྷུང་བཟེད་བཀན་པ་དང ། བསླབ་པ་ལ་སྡོམ་པ་དང ། བསླབ་པའི་སྡོམ་པ་བཀྲོལ་བ་དང ། གཙུག་ལག་ཁང་གི་སྡོམ་པ་དང ། དགེ་ཚུལ་གྱི་སྡོམ་པ་དང ། སྨྱོན་པའི་སྡོམ་པ་དང ། མི་སྨྲ་བའི་སྡོམ་པ་དང ། ཕྱག་མི་བྱ་བར་རིགས་པའི་སྡོམ་པ་དང ། སྤྱོད་པ་མི་གཅིག་པའི་སྡོམ་པ་སྟེ། འདི་དག་ནི། ལས་རྣམས་ཞེས་བྱའོ། །ལས་མ་ཡིན་པ་གང་ཞེ་ན། བཞི་འདུས་ཏེ་ལས་སུ་བྱ་བ་ལ་བཞི་མ་འདུས་པར་བྱེད་ན། དེ་ལས་མ་ཡིན་ཏེ། དེ་ལྟར་ནི། མི་བྱའོ། །ཁྱིམ་པས་བཞིར་བསྐངས་ཏེ་བྱིན་ན། ལས་མ་ཡིན་ཏེ།་དེ་ལྟར་ཡང་མི་བྱའོ། །དགེ་ཚུལ་ཕ་དང ། ཟ་མ་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་བསད་པ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། Pa347a ༄#། །དགེ་འདུན་ཕྱེ་བ་དང ། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། ཀུན་གནས་དང ། སྔར་ཉམས་པ་དང ། སྔར་འཁྲུགས་པ་དང ། རྒྱུད་གཞན་དུ་གནས་པ་དང ། མི་གནས་པ་དང ། ཐ་དད་དུ་གནས་པ་དང ། གནས་པར་མི་བྱ་བ་དང།་བསླབ་པ་བྱིན་པ་དང ། ཆད་པ་བྱེད་པ་དང ། ཆད་པ་མ་བྱས་པ་དང ། ཡིད་མགུ་བར་མ་བྱས་པ་དང ། ཡིད་མགུ་བར་མི་བྱེད་པ་དང ། བསླབ་པ་བྱིན་པ་རྣམས་ཀྱིས་བྱེད་པ་ནི། ལས་མ་ཡིན་ཏེ། དེ་ལྟར་ཡང་མི་བྱའོ། །ཇི་ལྟར་བཞི་འདུས་ནས་ལས་སུ་བྱ་བ་དེ་བཞིན། ལྔ་འདུས་ནས་བྱ་བ་དང ། བཅུ་འདུས་ནས་བྱས་པ་དང ། ཉི་ཤུ་འདུས་ནས་ལས་སུ་བྱ་བ་ནི། རྒྱས་པར་སྦྱར་ཏེ། འདི་ནི། ལས་མ་ཡིན་པ་རྣམས་ཞེས་སོ། །འདུལ་བ་ཞེས་བྱ་བ་གང་ཞེ་ན། འདི་ལྟར་འདུལ་བ་ལས་བྱུང་བ་བཞིན་ཏེ། འདུལ་བ་རྒྱས་པར་བྱ་བ་དེ་ནི། འདུལ་བ་ཞེས་བྱའོ། །ལྟ་བ་བརྗོད་པ་གང་ཞེ་ན། ལྟ་བ་བརྗོད་པ་ཆོས་བཞིན་མ་ཡིན་པ་ལྔ་དང ། ཆོས་བཞིན་པ་ལྔའོ། །ལྟ་བ་བརྗོད་པ་ཆོས་བཞིན་མ་ཡིན་པ་གང་ཞེ་ན། མི་གནས་པའི་དྲུང་དུ་ལྟ་བ་བརྗོད་པ་དང ། སོ་སོར་གནས་པའི་དྲུང་དུ་ལྟ་བ་བརྗོད་པ་དང ། ཉེ་བར་ཕྱོགས་ Pa347b པའི་དྲུང་དུ་ལྟ་བ་བརྗོད་པ་དང ། བསྙེན་པར་མ་རྫོགས་པའི་དྲུང་དུ་ལྟ་བ་བརྗོད་པ་དང ། ལྷག་མ་མ་ལུས་པའི་དངོས་པོའི་ལྟ་བ་བརྗོད་པ་དེ་དག་ནི། ཆོས་བཞིན་མ་ཡིན་པར་ལྟ་བ་བརྗོད་པ་ལྔའོ། ། ཆོས་བཞིན་དུ་ལྟ་བ་བརྗོད་པ་ལྔ་གང་ཞེ་ན། མི་གནས་པའི་དྲུང་དུ་ལྟ་བ་མ་བརྗོད་པ་དང ། སོ་སོར་གནས་པའི་དྲུང་དུ་ལྟ་བ་མ་བརྗོད་པ་དང ། ཉེ་བར་ཕྱོགས་པའི་དྲུང་དུ་ལྟ་བ་མ་བརྗོད་པ་དང ། བསྙེན་པར་མ་རྫོགས་པའི་དྲུང་དུ་ལྟ་བ་མ་བརྗོད་པ་དང ། དངོས་པོའི་ལྷག་མ་མ་ལུས་པའི་དྲུང་དུ་ལྟ་བ་མ་བརྗོད་པ་འདི་ནི། ཆོས་བཞིན་དུ་ལྟ་བ་བརྗོད་པ་ལྔའོ། །གསོལ་བ་གང་ཞེ་ན། གསོལ་བ་ཞེས་བྱ་བ་ནི། གོ་བར་བྱ་བའི་ཚིག་གི་ལས་ཏེ། ཇི་ལྟར་བྱེད་པའི་ཚེ་གོ་བར་བྱ་བ་ཡིན། ཇི་ལྟར་གང་ལ་དེའི་དོན་ཚིག་གིས་བརྗོད་པ་ནི། གསོལ་བ་ཞེས་བྱའོ། །གསོལ་བའི་ལས་གང་ཞེ་ན། གསོལ་བ་དང་ལས་ཀྱིས་དགེ་འདུན་ལ་བསྒོ་བ་སྟེ། ཇི་ལྟར་སྐབས་དབྱེ་བ་དང ། དབྱུང་བ་དང ། ལྷུང་བཟེད་བྲིམ་པ་དང ། རྩཝ་བཏིང་བའམ། གཞན་ཡང་གསོལ་བའི་ལས་ཀྱིས་བྱ་བ་དེ་ལྟ་བུ་ཐམས་ཅད་ནི། གསོལ་བའི་ལས་སུ་བལྟ་སྟེ། དེ་ནི། གསོལ་བའི་ལས་ཞེས་བྱའོ། །གསོལ་བ་དང་གཉིས་གང་ཞེ་ན། གསོལ་བ་བྱས་ནས་རྗེས་སུ་བསྒྲགས་པ་གཅིག་པུ་བྱེད་པ་ནི། གསོལ་བ་དང་གཉིས་པ་ཡིན་ཏེ། འདི་ནི། གསོལ་བ་དང་གཉིས་ཀྱི་ལས་ཞེས་བྱའོ། །གསོལ་ Pa348a ༄#། །བ་དང་བཞིའི་ལས་གང་ཞེ་ན། གསོལ་བ་བྱས་ལ་རྗེས་སུ་བསྒྲགས་པ་གསུམ་བརྗོད་པ་དེ་ནི། གསོལ་བ་དང་བཞི་པ་ཡིན་ཏེ། དེ་ནི། གསོལ་བ་དང་བཞིའི་ལས་ཞེས་བྱའོ། །གསོལ་བར་བྱ་བའི་ལས་ལ་གསོལ་བར་མ་བྱས་པར་བྱེད་ན། ཉེས་པའོ། །གསོལ་བ་མ་བྱས་པར་རྗེས་སུ་བསྒྲགས་པར་བྱེད་ན། ཉེས་པའོ། །གསོལ་བ་དང་གཉིས་ཀྱི་ལས་ལ་གསོལ་བ་མ་བྱས་པར་རྗེས་སུ་བསྒྲགས་པར་བྱེད་ན། ཉེས་པའོ། །གསོལ་བ་བྱས་ལ་རྗེས་སུ་མ་བསྒྲགས་ན། ཉེས་བྱས་སོ། །རྗེས་སུ་བསྒྲགས་པ་བྱས་ལ་གསོལ་བ་མ་བྱས་ནའང་ཉེས་པའོ། །གསོལ་བ་དང་བཞིའི་ལས་ལ་གསོལ་བ་མ་བྱས་པར་རྗེས་སུ་བསྒྲགས་པ་བྱས་ན། ཉེས་པའོ། །གསོལ་བ་བྱས་ལ་རྗེས་སུ་བསྒྲགས་པ་མ་བྱས་ན། ཉེས་པའོ། །རྗེས་སུ་བསྒྲགས་པ་བྱས་ལ་གསོལ་བ་མ་བྱས་ན། ཉེས་པའོ། །གསོལ་བའི་ལས་ལ་གསོལ་བ་བྱས་ན། ཉེས་པ་མེད་དོ། །གསོལ་བ་བྱས་ལ་རྗེས་སུ་བསྒྲགས་པ་བྱས་ན། ཉེས་པ་མེད་དོ། །གསོལ་བ་དང་གཉིས་ཀྱི་ལས་ལ་གསོལ་བ་བྱས་ནས། རྗེས་སུ་བསྒྲགས་པ་གཅིག་བྱས་ན། ཉེས་པ་མེད་དོ། །གསོལ་བ་བྱས་ནས་རྗེས་སུ་བསྒྲགས་པ་མང་པོ་བྱས་ན། ཉེས་པ་མེད་དོ། །གསོལ་བ་དང་བཞིའི་ལས་ལ་གསོལ་བ་བྱས་ནས་རྗེས་སུ་བསྒྲགས་པ་མང་པོ་བྱས་ན། ཉེས་པ་མེད་དོ། །དེ་དག་དེ་ Pa348b ལྟ་བུའི་ཚུལ་དུ་སྦྱར་རོ། །དེ་ལྟར་ལས་མང་པོ་བྱས་ཀྱང་ཉེས་པ་མེད་དེ། ཕྱུང་བར་བྱས་པ་ཞེས་བྱའོ། །དེ་སྟེ་གསོལ་བ་བྱས་ནས་རྗེས་སུ་བསྒྲགས་པ་སྒྲོག་པའི་ཚེ་དགེ་འདུན་དག་རྣམ་གྲངས་གཞན་ཞིག་གི་ཕྱིར་སྟན་ལས་ལངས་ཏེ་འདོང་ན། མ་ལངས་པ་ཕྱི་མའི་འཁོར་རྣམས་ལ་དེ་བཞིན་དུ་གསོལ་བ་བྱོས་ཤིག་།དེ་སྟེ་གསོལ་བ་གཞན་དུ་འདོད་པར་གྱུར་ན། རྗེས་སུ་བསྒྲགས་པ་ཉེས་པ་མེད་པར་བྱོས་ཤིག་།ཚིག་གིས་ཀྱང་དགེ་འདུན་ལ་བཙུན་པ་རྣམས་གསོལ་བ་སླར་བགྱིད་དོ། །རྗེས་སུ་བསྒྲགས་པ་ཡང་བགྱིད་དོ། །ཞེས་གསོལ་བ་བྱོས་ཤིག་།དེ་སྟེ་དེས་གསོལ་བ་རྫོགས་པར་མ་གྱུར་ན། སུ་ལ་བསྡིགས་པའི་ལས་བགྱི། དགེ་སློང་གང་འཐབ་མོ་བྱེད་པ་དང ། རྩོད་པ་བྱེད་པ་ལ་གསོལ་བ་དང་བཞིའི་ལས་ཀྱིས་མི་བསྐྱོ། མི་གཞག་པར་རིགས་པས་བྱ་སྟེ། འདི་ནི། བསྡིགས་པའི་ལས་ཞེས་བྱའོ། །སྨད་པའི་ལས་གང་ཞེ་ན། དགེ་སློང་གང་ལྟུང་བ་ཕྱི་ཕྱིར་འབྱུང་བར་འགྱུར་བ་དེ་ལ།་སྨད་པའི་ལས་གསོལ་བ་དང་བཞིའི་ལས་ཀྱིས་བསྐྱོ་བ་མེད་པ་དང ། གཞག་པ་མེད་པར་བྱ་སྟེ། འདི་ནི། སྨད་པའི་ལས་ཞེས་བྱའོ། །བསྐྲད་པའི་ལས་གང་ཞེ་ན། དགེ་སློང་གང་རིགས་སུན་གྱུར་པ་དེ་ལ་བསྐྲད་པའི་ལས་གསོལ་བ་དང་བཞིའི་ལས་ཀྱིས་བསྐྱོ་བ་མེད་པ་དང ། གཞག་པ་མེད་པར་བྱ་སྟེ། དེ་ནི། བསྐྲད་པའི་ལས་ཞེས་བྱའོ། །སླར་ Pa349a ༄#། །བསྡུམ་པའི་ལས་གང་ཞེ་ན། དགེ་སློང་གང་ཁྱིམ་པ་ལ་སྨོད་པར་གྱུར་པ་དེ་ལ་བསྡུམ་པའི་ལས་གསོལ་བ་དང་བཞིའི་ལས་ཀྱིས་བསྐྱོ་བ་མེད་པ་དང ། གཞག་པ་མེད་པར་བྱ་སྟེ། འདི་ནི། བསྡུམ་པའི་ལས་ཞེས་བྱའོ། །མ་མཐོང་བའི་ཕྱིར་སྤངས་པའི་ལས་གང་ཞེ་ན། དགེ་སློང་གང་ལྟུང་བ་བྱུང་བ་ལས་ལྟུང་བ་བྱུང་བ་མ་མཐོང་ངོ ། །ཞེས་ཟེར་བ་དེ་ལ་མ་མཐོང་བའི་ཕྱིར་སྤངས་པའི་ལས་གསོལ་བ་དང་བཞིའི་ལས་ཀྱིས་བསྐྱོ་བ་མེད་པ་དང ། གཞག་པ་མེད་པར་བྱ་སྟེ། འདི་ནི། མ་མཐོང་བའི་ཕྱིར་སྤངས་པའི་ལས་ཞེས་བྱའོ། །སླར་ལས་མི་བྱེད་པའི་ཕྱིར་སྤངས་པའི་ལས་གང་ཞེ་ན། གང་ལྟུང་བ་ཕྱུང་བ་ལས་ཆོས་བཞིན་དུ་སླར་ལས་མི་བྱེད་པ་དེ་སྤངས་པའི་ཕྱིར་གསོལ་བ་དང་བཞིའི་ལས་ཀྱིས་བསྐྱོ་བ་མེད་པ་དང ། གཞག་པ་མེད་པར་བྱ་བ་དེ་ནི། སླར་ལས་མི་བྱེད་པའི་ཕྱིར་སྤངས་པའི་ལས་ཞེས་བྱའོ། །སྡིག་པར་ལྟ་བ་སླར་མ་བཏང་བའི་ཕྱིར་སྤངས་པའི་ལས་གང་ཞེ་ན། དགེ་སློང་གང་སྡིག་པར་ལྟ་བ་བྱུང་བར་གྱུར་པ་བཟུང་ནས་རབ་ཏུ་འཛིན་པ་སྤྱོད་དེ། སླར་མི་གཏོང་བ་དེ་ལ་སྡིག་པར་ལྟ་བ་དེ་སླར་མ་བཏང་བའི་ཕྱིར་སྤངས་པའི་ལས་གསོལ་བ་དང་བཞིའི་ལས་ཀྱིས་བསྐྱོ་བ་མེད་པ་དང ། གཞག་པ་མེད་པར་བྱེད་པ་དེ་ནི། སྡིག་པར་ལྟ་བ་སླར་མ་བཏང་བའི་ཕྱིར་སྤངས་པའི་ལས་ཞེས་བྱའོ། །ཆད་པས་བཅད་པ་གང་ཞེ་ན། མུ་སྟེགས་ Pa349b ཅན་གང ། གཞན་ཞིག་ཐོག་མ་མུ་སྟེགས་ཅན་ལས་དགེ་བར་གསུངས་པའི་ཆོས་འདུལ་བ་ལ་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ནས་དགེ་སློང་གི་དངོས་པོར་འདོད་པ་དེ་ལ་མཁན་པོས་སྔར་གོས་སྦྱོར་ཞིང་ཟླ་བ་བཞིའི་བར་དུ་ཆད་པས་བཅད་ལ། གསོལ་བ་དང་བཞིའི་ལས་ཀྱིས་བསྐྱོ་བ་མེད་པ་དང ། གཞག་པ་མེད་པར་བྱའོ། །ཆད་པས་བཅད་པ་ཡང་འདི་ལྟར་བྱ་སྟེ། དགེ་སློང་གང་དངོས་པོ་བཅུ་གསུམ་ལས་གང་ཡང་རུང ། དངོས་པོ་གཅིག་བྱས་ཏེ་བཅབས་ན། དེས་ཇི་སྲིད་དུ་བཅབས་པར་ཤེས་པ་དེ་སྲིད་དུ་མ་དད་བཞིན་དུ་ཆད་པས་བཅད་པ་དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྐྱོ་བ་མེད་པ་དང ། གཞག་པ་མེད་པར་སྦྱིན་པར་བྱ་བ་ནི། ཆད་པས་བཅད་པ་ཞེས་བྱའོ། །གཞི་ནས་བསླངས་པས་བཅད་པ་གང་ཞེ་ན། དགེ་སློང་གང་ཆད་པ་བྱེད་དེ། ཆད་པ་བྱེད་བཞིན་པའི་སྐབས་སུ་ཉེས་པ་དེས་གཞི་ནས་བསླངས་པའི་ལས་བྱ་བར་གསོལ་བ་དང་བཞིའི་ལས་ཀྱིས་བསྐྱོ་བ་མེད་པ་དང ། གཞག་པ་མེད་པར་བཅད་པས་དགེ་སློང་དེས་སླར་ཡང་ཆད་པ་བྱས་ཏེ། སྔ་མ་མ་བྱས་པའི་ཕྱིར་རོ། །རྣམ་གྲངས་གཞན་དུ་ན་ཆད་པ་བྱས་ཀྱང་རུང ། མ་བྱས་ཀྱང་རུང ། ལས་དེ་ཉིད་གཞི་ནས་ཟློས་སུ་གཞུག་པ་ཡོད་དེ། དེ་ནི། གཞི་ནས་བཟློས་པས་བཅད་པ་ཞེས་བྱའོ། །ཡིད་མགུ་ Pa350a ༄#། །བར་བྱེད་པས་བཅད་པ་གང་ཞེ་ན། དགེ་སློང་གང་དགེ་འདུན་གྱི་ལྷག་མའི་ཆོས་བཅུ་གསུམ་ལས་གང་ཡང་རུང་བ་བྱས་པ་ལས་མ་བཅབས་སམ། ཆད་པ་བྱས་པར་གྱུར་ཀྱང་རུང ། དེ་ལ་ཞག་དྲུག་ཏུ་ཡིད་མགུ་བར་བྱེད་པ་གསོལ་བ་དང་བཞིའི་ལས་ཀྱིས་བསྐྱོ་བ་མེད་ཅིང ། གཞག་པ་མེད་པས་བཅད་པ་སྟེ། དགེ་སློང་དེས་ཀྱང་དགེ་སློང་ཐམས་ཅད་ལ་ཡིད་མགུ་བར་བྱེད་པ་དེ་ནི། མགུ་བས་བཅད་པ་ཞེས་བྱའོ། །དབྱུང་བ་གང་ཞེ་ན། དགེ་སློང་ཆད་པ་འཁོར་ནས་ཞག་དྲུག་ཏུ་ཡིད་མགུ་བར་བྱ་བའང་སྤྱད་པར་གྱུར་ན། དེ་ལ་གསོལ་བ་དང་བཞིའི་ལས་ཀྱིས་བསྐྱོ་བ་མེད་ཅིང་གཞག་པ་མེད་པར་བྱ་སྟེ། དེ་ནི། དབྱུང་བ་ཞེས་བྱའོ། །ཅིའི་ཕྱིར་ན། དབྱུང་བ་ཞེས་བྱ་ཞེ་ན། མི་དགེ་བའི་གནས་ནས་ཕྱུང་སྟེ་དགེ་བའི་གནས་སུ་རབ་ཏུ་བཞག་པ་སྟེ། དེ་ལྟ་བུའི་ཕྱིར་ན། དབྱུང་བ་ཞེས་བྱའོ། །དྲི་ཞེས་བྱ་བ་ནི། ཆོས་རྣམས་ལའོ། །ཆད་པ་བགྱིད་པ་ལ་ཡོན་ཏན་ཅི་མཆིས། ཅིའི་སླད་དུ་གཞི་ནས་བཟླས་པར་བགྱི། ཡིད་མགུ་བར་བགྱིད་པ་ལ་ཡོན་ཏན་ཅི་མཆིས། ཅིའི་སླད་དུ་ན་དབྱུང ། ཆོས་རྣམས་བཅབས་པ་ལ་ཆད་པ་བྱེད་པ་ནི། ཡོན་ཏན་ནོ། །ཆད་པ་བྱས་པ་ལ་ཡིད་མགུ་བར་བྱེད་པ་ནི། ཡོན་ཏན་ནོ། །ཅིའི་ཕྱིར་ན། གཞི་ནས་བཟླས་ཞེས་བྱ་བ་ནི། ནན་ཏུར་བྱ་བའི་ཕྱིར་གཞི་ནས་བཟླས་པའོ། །ཡིད་མགུ་བར་བྱ་བའི་ཕྱིར་ཡོན་ཏན་ནི། དབྱུང་ Pa350b བར་བྱའོ། །ཅིའི་ཕྱིར་ནི། དབྱུང་བ་ཞེས་བྱ་ཞེ་ན། དབྱུང་བ་ནི། རྣམ་པར་དག་པའི་ཕྱིར་རོ། །ཅིའི་སླད་དུ་ན་ཆད་པ་བགྱིས་པས་ཡིད་མགུ་བར་བྱས་པའི་ཡོན་ཏན་དུ་འགྱུར། ཆད་པ་བྱས་པའི་དགེ་སློང་ཚེགས་མི་ཚེ་བར་དགེ་སློང་རྣམས་ལ་ཡིད་མགུ་བར་བྱེད་དོ། །ཡིད་མགུ་བར་བྱས་ན། དགེ་སློང་རྣམས་དེ་ལ་ཡིད་མགུ་བར་བྱས་སོ་པར་སེམས་ཏེ། དེ་ལྟ་བུའི་ཕྱིར་ན། ཆད་པ་བྱས་པ་ནི། ཡིད་མགུ་བའི་ཡོན་ཏན་ནོ། །ཅིའི་སླད་དུ་ན། གཞི་ནས་བཟླས་པས་ནན་ཏུར་དུ་འགྱུར། གཞི་ནས་བཟླས་ན། གང་ཟག་ལ་ནན་ཏུར་དུ་བྱས་པ་ཡིན་ཏེ། འཇིགས་པས་ཕྱིན་ཆད་དེ་ལྟ་བུ་མི་བྱེད་པ་དང ། དགེ་སློང་རྣམས་ཀྱིས་ཀྱང་ཤེས་པར་འགྱུར་ཏེ། དེ་ལྟར་ན། ཉོན་མོངས་པ་ཆེ་བ་ཚེ་དང་ལྡན་པ་ངོ་ཚ་བའི་ཕྱིར་ཕྱིས་མི་བྱེད་པར་འགྱུར་ཏེ། དེ་ལྟ་བུའི་ཕྱིར་ན། གཞི་ནས་བཟླས་པ་ནི། ནན་ཏུར་བྱས་པར་འགྱུར་རོ། །ཅིའི་སླད་དུ་ན་ཡིད་མགུ་བས་དབྱུང་བའི་ཡོན་ཏན་དུ་འགྱུར། དགེ་སློང་ཡིད་མགུ་བ་སྤྱོད་པའི་ཚེ་བར་དགེ་སློང་རྣམས་ལ་ཡིད་མགུ་བར་བྱེད། ཡིད་མགུ་བ་བྱས་པས་དགེ་སློང་རྣམས་དེ་ལ་དབྱུང་བར་སེམས་ཏེ། ཚེ་དང་ལྡན་པ་ཕྱིན་པར་འདོད་ཀྱི། ཚེ་དང་ལྡན་པ་འདི་ནི། ཉོན་མོངས་པ་མི་འདོད་དོ། །ཞེས་ནས་ཚེ་དང་ལྡན་པ་འདི་ནི། དགེའོ། །ཞེས་གསོལ་ཏེ། ཚེ་དང་ལྡན་པ་འདི་ནི། དབྱུང་བར་བྱ་བའི་ཕྱིར་ཏེ། དེ་ལྟ་བུས་ན། ཡིད་མགུ་བར་བྱ་བ་ནི། དབྱུང་བའི་ཡོན་ཏན་ནོ། །ཅིའི་སླད་ Pa351a ༄#། །དུ་ན། དབྱུང་བར་བགྱི། རྣམ་པར་དག་པའི་ཕྱིར་དབྱུང་བར་བྱ་སྟེ། ཕྱུང་ན། དགེ་སློང་དག་པར་འགྱུར་ཞིང་ལྟུང་བ་མེད་དེ། ཇི་ལྟར་ན། གང་ཟག་འདི་གཉིས་ནི། རྣམ་པར་དག་པ་དང ། ཉོན་མི་མོངས་པ་ཡིན་ནོ། །ཞེས་གསུངས་ཏེ། གང་ལ་ལྟུང་བ་མི་འབྱུང་བ་དང ། གང་ལ་བྱུང་ནའང་ཇི་ལྟར་ཆོས་བཞིན་སླར་བྱེད་པ་ཡིན་ཏེ། ཕྱུང་བ་ཡང་དེ་ལ་དག་པར་འགྱུར་ཏེ། དེའི་ཕྱིར་ན། དབྱུང་བ་ཡང་རྣམ་པར་དག་པའི་ཕྱིར་རོ། །དེའི་ངོ་བོ་ཉིད་ཚོལ་བའི་ཕྱིར་སྦྱིན་པ་གང་ཞེ་ན། དགེ་སློང་གང་ཉེས་པ་ལས་བསྙོན། བསྙོན་པ་ལས་ཁས་བླངས། ཁས་བླངས་པ་ལས་ཡང་བསྙོན་ཡང་བསྙོན་པ་དེ་ལ་ནི། ངོ་བོ་ཉིད་ཚོལ་བའི་ཕྱིར་གསོལ་བ་དང་བཞིའི་ལས་ཀྱིས་བསྐྱོ་བ་མེད་ཅིང་གཞག་པ་མེད་པར་བྱ་སྟེ། འདི་ནི། ངོ་བོ་ཉིད་ཚོལ་བའི་ཕྱིར་བཅད་པ་ཞེས་བྱའོ། །ཉེས་པ་གང་ཞེ་ན། ཉེས་པ་སྡེ་ལྔ་པོ་ནི། ཉེས་པའི་ཕུང་པོ་ཞེས་བྱ་སྟེ། ཕས་ཕམ་པ་དང ། དགེ་འདུན་གྱི་ལྷག་མ་དང ། ལྟུང་བ་དང ། སོ་སོར་བཤགས་པ་དང ། ཉེས་བྱས་ཏེ། གང་དེ་རྣམས་ལ་སྤྱོད་ཅིང་བྱས་པས་བསྐྱོ་བར་མི་བྱེད་པ་དེ་ནི། ཉེས་པ་ཞེས་བྱའོ། །ཉེས་པ་མེད་པ་གང་ཞེ་ན། ཉེས་པའི་རིགས་ལྔ་པོ་དེ་དག་གི་ཉེས་པ་མེད་པས་ན། ཉེས་པ་མེད་པའི་ཕུང་པོ་ཞེས་བྱ་སྟེ། ཕས་ཕམ་པ་དང ། དགེ་འདུན་གྱི་ལྷག་མ་དང ། ལྟུང་བ་དང ། སོ་སོར་བཤགས་པ་དང ། ཉེས་བྱས་དག་ལས་ Pa351b ཀྱང་ལས་མི་བྱེད་དེ། མ་སྤྱད་ཅིང་མ་བྱས་པས་བསྒོ་བ་འདི་ནི། ཉེས་པ་མེད་པ་ཞེས་བྱའོ། །ཉེས་པ་ལྕི་བ་གང་ཞེ་ན། གང་དབྱུང་དུ་མེད་པའོ། །ཉེས་པ་ཡང་བ་གང་ཞེ་ན། གང་དབྱུང་དུ་ཡོད་པའོ། །ལྷག་མར་བཅས་པའི་ཉེས་པ་གང་ཞེ་ན། ཉེས་པའི་རིགས་འོག་མ་རྣམས་ཏེ། དགེ་འདུན་གྱི་ལྷག་མ་དང ། ལྟུང་བ་དང ། སོ་སོར་འཆགས་པ་དང ། ཉེས་བྱས་སོ། །ལྷག་མ་མེད་པའི་ཉེས་པ་གང་ཞེ་ན། ཉེས་པའི་རིགས་དང་པོ་ལྟུང་བ་བཞི་པོའོ། །ཉེས་པ་སྦོམ་པོའི་ཉེས་པ་གང་ཞེ་ན། ཕས་ཕམ་པ་དང ། དགེ་འདུན་གྱི་ལྷག་མའོ། །ཅིའི་ཕྱིར་ན། ཉེས་པ་སྦོམ་པོའི་ཉེས་པ་ཞེས་བྱ་ཞེ་ན། རྣམ་པ་གཉིས་ཀྱི་ཕྱིར་ན། ཉེས་པ་སྦོམ་པོ་ཞེས་བྱ་བ་སྟེ། ཉེས་པ་སྦོམ་པོ་བས་ན་ཉེས་པ་སྦོམ་པ་ཞེས་བྱ་བ་དང ། རང་བཞིན་གྱིས་ཉེས་པ་སྦོམ་པོ་བས་ན། ཉེས་པ་སྦོམ་པ་སྟེ། དེ་ནི། ཉེས་པ་སྦོམ་པོ་ཞེས་བྱའོ། །ཉེས་པ་སྦོམ་པོ་མེད་པའི་ཉེས་པ་གང་ཞེ་ན། ཉེས་པའི་རིགས་ལྷག་མ་གསུམ་པོ་སྟེ། ལྟུང་བ་དང ། སླར་འཆགས་པ་དང ། ཉེས་བྱས་ཏེ། འདི་ནི།་ཉེས་པ་སྦོམ་པོ་མེད་པའི་ཉེས་པ་ཞེས་བྱའོ། །ལས་དང་བཅས་པའི་ཉེས་པ་གང་ཞེ་ན། བཤགས་པར་བྱ་བ་དང ། བསྡམ་པར་བྱ་བའོ། །ལས་སུ་མི་བྱ་བའི་ཉེས་པ་གང་ཞེ་ན། ཉེས་པ་དང་པོ་རྣམས་སོ།། །།འདུལ་བ་གཞུང་དམ་པ། བམ་པོ་ཞེ་བརྒྱད་པ། ཉེས་པ་སླར་ལས་བྱ་བ་གང་ཞེ་ན། དགེ་སློང་གང་བཞི་པོའམ། ལྔ་པའི་ཆོས་ནང་དུ་དྲན་ Pa352a ༄#། །པ་ཉེ་བར་བཞག་ཅིང་དད་པས་ཉེས་པ་ཇི་ལྟར་ཆོས་བཞིན་དུ་སླར་བྱེད་པ་དེ་ནི། ཉེས་པ་སླར་ལས་བྱ་བའོ། །ཉེས་པ་སླར་ལས་མི་བྱ་བ་གང་ཞེ་ན། དགེ་སློང་གང་ཆོས་བཞི་པ་ཡང་མེད། ཆོས་ལྔ་པ་ཡང་མེད་ལ། ནང་དུ་དྲན་པ་ཉེ་བར་བཞག་ཅིང་དད་པས་ཉེས་པ་ཇི་ལྟར་ཆོས་བཞིན་དུ་སླར་མི་བྱེད་པ་དེ་ནི། ཉེས་པ་སླར་ལས་མི་བྱ་བ་ཞེས་བྱའོ། །ཉེས་པ་བསླང་བ་གང་ཞེ་ན། རྣམ་པ་གཅིག་གིས་ན་ཉེས་པ་ཐམས་ཅད་བསྡུས་པར་འགྱུར་ཏེ། དེ་ནི། སྦོམ་པོའོ། །རྣམ་པ་གཅིག་གིས་ན། ཉེས་པ་ཐམས་ཅད་མ་བསྡུས་པར་འགྱུར་ཏེ། དེ་ནི། སྦོམ་པ་མེད་པའོ། །འདི་ནི། ཉེས་པ་བསླང་བ་ཞེས་བྱའོ། །གླེང་པ་གང་ཞེ་ན། དེ་འདི་ལྟར། དགེ་སློང་དེ་འདི་སྐད་དུ། ཚེ་དང་ལྡན་པ། ཁྱོད་ལ་འདི་དང ། འདི་ལྟ་བུའི་ཉེས་པ་བྱུང་བ་དེ་སླར་མཐོལ་ཞིག་།ཤོགས་ཤིག་།ཇི་ལྟར་སླར་ཆོས་བཞིན་དུ་བྱོས་ཤིག་ཅེས་སྨྲས་པ་དེ་ནི། གླེང་བའོ། །དྲན་པར་བྱེད་པ་གང་ཞེ་ན། འདི་ལྟ་སྟེ། དགེ་སློང་དེས་དགེ་སློང་ལ་འདི་སྐད་དུ། ཚེ་དང་ལྡན་པ།་འདི་དང ། འདི་ལྟ་བུའི་ཉེས་པ་བྱུང་བ་མི་དྲན་ནམ་ཞེས་སྨྲས་པ་དེ་ནི། དྲན་པར་བྱེད་པའོ། །ཚིག་དང་བཅས་པའི་ལས་གང་ཞེ་ན། གང་ཚིག་དང་བཅས་པའི་ལས་སོ། །དེ་ཡང་གང་ཞེ་ན། དེ་འདི་ལྟར། དགེ་སློང་གིས་དགེ་སློང་ལ་ཚིག་དང་བཅས་པས་ཚེ་དང་ལྡན་པ་ལ་རྨ་བ་ཞིག་ཡོད་ཀྱི། ཁྱོད་གནས་འདི་ནས་ང་ལ་མ་སྦྲན་གྱི་བར་དུ་མ་འགྲོ་ཞིག་།ཚེ་དང་ལྡན་པ། Pa352b ཁྱོད་ང་དང་ལྷན་ཅིག་ཏུ་རྩོད་པ་ཞིག་ཡོད་དོ། །ཞེས་སྨྲས་པ་ནི། ཚིག་དང་བཅས་པའི་ལས་ཞེས་བྱའོ། །ཚིག་འཇེབས་པའི་ལས་གང་ཞེ་ན། ཚིག་འཇེབས་པའི་ལས་རྣམ་པ་ལྔ་སྟེ། གང་ཟག་གི་སྐབས་ཕྱེ་བ་ལ་འདི་སྐད་ཅེས་ཟེར་ཏེ། ཁྱོད་ཀྱིས་དངོས་པོ་ཇི་ལྟ་བུ་ཞིག་སྨྲས་པའོ། །ཞེས་ཚིག་འཇེབས་པར་བྱེད་པ་དང ། ཁྱོད་ཀྱིས་དངོས་པོ་ཇི་ལྟ་བུའི་གནས་དེར་སྨྲའོ། །ཞེས་ཚིག་འཇེབས་པར་བྱེད་པ་དང ། ཁྱོད་ཀྱིས་དངོས་པོ་དེ་གནས་པོ་འདིར་སྨྲའོ། །ཞེས་ཚིག་འཇེབས་པར་བྱེད་པ་དང ། ཁྱོད་ཀྱིས་དངོས་པོ་དེ་གང་དུ་དགའ་བ་དེར་སྨྲའོ། །ཞེས་ཚིག་འཇེབས་པར་བྱེད་པ་དང ། མིང་སྨོས་པར་བྱེད། དེ་ལ་ཉེས་པ་སྐྱེད། ཉེས་པ་སྟོན། ཚིག་འཇེབས་པ་དང ། ཚིག་གསོབ་ཏུ་བྱས་ནས་གཏོང་བའོ། །འདི་ལྟ་སྟེ། དཔེར་ན། ཁ་ལོ་སྒྱུར་བས་གང་དེའི་རྟ་མ་རུང་བ་འདུལ་བའི་གནས་སུ་འགྲོ་བར་མི་བཏུབ་པ་དེ་ལ་ཁ་ལོ་སྒྱུར་བ་དེ་ཉིད་ཀྱིས་ཐག་པ་དང་བཅས། ཁ་ལྕགས་དང་བཅས་པས་གནོད་པ་དང་བཅས་ནས་བཏགས་ཏེ་བོར་བ་ལྟ་བུ་འདི་ནི། ཚིག་འཇེབས་པའི་ལས་ཞེས་བྱའོ། །ལུང་མི་བསྒོ་བ་གང་ཞེ་ན། གང་ལུང་དུ་མི་བསྒོ་བ་དེ་ནི། ཚིག་ཏུ་མི་བརྗོད་པ་སྟེ། མཐོང་བའམ། ཐོས་པའམ། དོགས་པའི་ཕྱིར་ཚིག་མི་སྨྲ་བ་སྟེ། དེ་ནི། ལུང་དུ་མི་བསྒོ་བ་ཞེས་བྱའོ། །ལུང་བསྒོ་བ་འགོག་པ་གང་ཞེ་ན། གང་ལུང་དུ་མི་བསྒོ་བ་དེ་ལ་བརྩོན་པའོ། །ལུང་བསྒོ་བ་ཡོངས་སུ་རྫོགས་པར་མི་བྱ་བ་གང་ཞེ་ན། གང་དེས་ལུང་དུ་མི་བསྒོ་བ་ལ་ Pa353a ༄#། །ཕྱལ་བར་བོར་བའོ། །སྐབས་འབྱེད་པ་གང་ཞེ་ན། སྐབས་ཕྱེ་ནས་བཟོད་གླེང་བར་བྱ། དྲན་པར་བྱ་བ་འདི་ནི། སྐབས་འབྱེད་པ་ཞེས་བྱའོ། །སྐབས་དབྱེ་བའི་ལས་གང་ཞེ་ན། སྐབས་དབྱེ་བའི་ལས་ལྔ་སྟེ། འདི་སྐད་དུ། ཁྱོད་ཀྱིས་ང་ལ་སྐབས་ཕྱེ་ཞིག་དང ། ངས་ཁྱོད་ལ་སྨྲའོ། །ཁྱོད་ལ་བརྗོད་དོ། །ཁྱོད་ལ་གླེང་ངོ ། །ཁྱོད་ལ་དྲན་པར་བྱའོ། ། ཞེས་ཟེར་བ་འདི་ནི། སྐབས་འབྱེད་པ་ཞེས་བྱའོ། །སྐབས་འབྱེད་པར་གསོལ་བ་གང་ཞེ་ན། སྐབས་འབྱེད་པའི་ལས་དེ་དག་གིས་གཞན་ལ་གསོལ་བའོ། །གསོ་སྦྱོང་འགོག་པ་གང་ཞེ་ན།་ཆོས་བཞིན་མ་ཡིན་པ་བཅུ་ནི། གསོ་སྦྱོང་འགོག་པའོ། །ཆོས་བཞིན་པ་ཡང་བཅུའོ། །ཆོས་བཞིན་མ་ཡིན་པའི་གསོ་སྦྱོང་འགོག་པ་བཅུ་གང་ཞེ་ན། ཕས་ཕམ་པར་གྱུར་བ་མ་ཡིན།་ཕས་ཕམ་པའི་གཏམ་དུ་བརྗོད་པ་མ་ཡིན། བསླབ་པ་ཕུལ་བ་མ་ཡིན། བསླབ་པ་ཕུལ་བར་གཏམ་དུ་བརྗོད་པ་མ་ཡིན། དགེ་འདུན་ལ་སྨོད་པ་གཏམ་དུ་བརྗོད་པ་མ་ཡིན། ཚུལ་ཁྲིམས་ཉམས་པ་མ་ཡིན། ལྟ་བ་ཉམས་པ་མ་ཡིན། སྤྱོད་པ་ཉམས་པ་མ་ཡིན། འཚོ་བ་ཉམས་པ་མ་ཡིན་པའོ། །ཇི་ལྟར་ན། ཕས་ཕམ་པར་གྱུར་པ་མ་ཡིན་པ་གང་ཞེ་ན། གང་གི་རྣམ་པ་དང ། གང་གི་མཚན་མ་དང ། གང་གི་རྟགས་ཀྱི་དགེ་སློང་དེ་ཕས་ཕམ་པར་བྱེད་པར་འགྱུར་བ་དེ་ལྟ་བུའི་རྣམ་པ་དང ། མཚན་མ་དང ། རྟགས་ཀྱིས་དགེ་སློང་དེ་ཕས་ཕམ་པའི་ཉེས་པར་ Pa353b མ་མཐོང་ན། དེས་དེ་ལ་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་མ་ཡིན་པར་འགོག་སྟེ། དེ་ལྟར་ན། ཕས་ཕམ་པ་མ་ཡིན་པའོ། །ཇི་ལྟར་ན། ཕས་ཕམ་པར་གཏམ་དུ་བརྗོད་པ་མ་ཡིན་པ་གང་ཞེ་ན།་དེ་འདི་ལྟར། གཙུག་ལག་ཁང་གི་ནང་ངམ། ཕྱི་རོལ་ཏུ་ཡང་རུང ། དགེ་སློང་མང་པོ་ལྷན་ཅིག་འདུས་ཤིང་འཁོད་ནས་དེ་དག་ཀྱང་དེ་ལས་བྱུང་ངམ། དེའི་རང་བཞིན་ནམ། དེ་ལས་མཐུན་པའི་གཏམ་དུ་བརྗོད་པ་ཡང་མ་ཡིན། དད་པ་ལས་ཐོས་པའང་མེད། དེ་རང་གི་རྣམ་པ་ལ་རྣམ་པར་རྟོག་པ་ལས་བྱུང་བའང་མེད་དེ། དེ་ཐོས་པ་མེད་བཞིན་དུ་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་མ་ཡིན་པར་གསོ་སྦྱོང་འགོག་པ་སྟེ། དེ་ལྟ་བུ་ནི། ཕས་ཕམ་པར་གཏམ་དུ་བརྗོད་པ་མ་ཡིན་པའོ། །ཇི་ལྟར་ན། བསླབ་པ་ཕུལ་བ་མ་ཡིན་པ་གང་ཞེ་ན། དགེ་སློང་གིས་གང་གི་རྣམ་པ་དང ། གང་གི་མཚན་མ་དང ། གང་གི་རྟགས་ཀྱིས་བསླབ་པ་ཕུལ་བར་འགྱུར་བ་དེ་ལྟ་བུའི་རྣམ་པ་དང ། དེ་ལྟ་བུའི་མཚན་མ་དང ། དེ་ལྟ་བུའི་རྟགས་དགེ་སློང་གིས་མཐོང་བ་མེད་བཞིན་དུ་བསླབ་པ་ཕུལ་བ་ཡིན་ནོ། །ཞེས་དེས་དེ་མ་མཐོང་བར་གསོ་སྦྱོང་འགོག་ན། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་མ་ཡིན་ཏེ། དེ་ལྟར་ན། བསླབ་པ་ཕུལ་བ་མ་ཡིན་ནོ། །ཇི་ལྟར་ན། བསླབ་པ་ཕུལ་བར་གཏམ་དུ་བརྗོད་པ་མ་ཡིན་པ་གང་ཞེ་ན། དེ་འདི་ལྟར་གཙུག་ལག་ཁང་གི་ནང་ངམ། ཕྱི་རོལ་ཏུའང་རུང ། དགེ་སློང་མང་པོ་ལྷན་ཅིག་འདུས་ཤིང་འཁོད་ནས་དེ་དག་ཀྱང་དེ་ལས་ Pa354a ༄#། །བྱུང་བའམ། དེའི་རང་བཞིན་ནམ། མཐུན་པའི་གཏམ་དུ་བརྗོད་པའང་མ་ཡིན། དད་པ་ལས་ཐོས་པའང་མེད་དེ། རང་གི་རྣམ་པ་ལ་རྣམ་པར་རྟོག་པ་ལས་བྱུང་བའང་མེད་དེ། དེས་ཐོས་པའང་མེད། དོགས་པའང་མེད་བཞིན་དུ་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་མ་ཡིན་པར་གསོ་སྦྱོང་འགོག་པ་སྟེ། དེ་ལྟ་བུ་ནི། བསླབ་པ་ཕུལ་བར་གཏམ་དུ་བརྗོད་པ་མ་ཡིན་ནོ། །ཇི་ལྟར་ན། དགེ་འདུན་ལ་སྨོད་པ་མ་ཡིན་ཞེ་ན། དགེ་སློང་གིས་གང་གི་རྣམ་པ་དང ། གང་གི་མཚན་མ་དང ། གང་གི་རྟགས་ཀྱིས་དགེ་སློང་དེ་དགེ་འདུན་ལ་སྨོད་པར་བྱེད་པ་དེ་ལྟ་བུའི་རྣམ་པ་དང ། མཚན་མ་དང ། དེའི་རྟགས་ཀྱིས་དགེ་སློང་དེ་དགེ་འདུན་ལ་སྨོད་པར་བྱེད་པ་མ་མཐོང་ན། དེས་དེ་ལ་གསོ་སྦྱོང་འགོག་པ་དེ་ནི། ཆོས་བཞིན་མ་ཡིན་པར་གསོ་སྦྱོང་འགོག་པ་སྟེ། དེ་ལྟ་བུ་ནི། དགེ་འདུན་ལ་སྨོད་པར་བྱེད་པ་མ་ཡིན་པ་ཞེས་བྱའོ། །ཇི་ལྟར་ན། དགེ་འདུན་ལ་སྨོད་པར་གཏམ་དུ་བརྗོད་པ་མ་ཡིན་ཞེ་ན། འདི་ལྟ་སྟེ། དེའི་གཙུག་ལག་ཁང་གི་ནང་ངམ། ཕྱི་རོལ་དུའང་རུང ། དགེ་སློང་མང་པོ་དང་ལྷན་ཅིག་ཏུ་འདུས་ཤིང་འཁོད་ནས་དེ་དག་ཀྱང་དེ་ལས་བྱུང་བའམ། དེའི་རང་བཞིན་ནམ། དེ་ལས་མཐུན་པའི་གཏམ་དུ་བརྗོད་པའང་མེད། དད་པ་ལས་ཐོས་པའང་མེད་དེ། རང་གི་རྣམ་པ་ལ་རྣམ་པར་རྟོགས་པ་ལས་བྱུང་བའང་མེད། དེས་ཐོས་པའང་མེད། དོགས་པའང་མེད་བཞིན་དུ་ Pa354b གསོ་སྦྱོང་འགོག་པ་ནི། ཆོས་བཞིན་མ་ཡིན་པར་གསོ་སྦྱོང་འགོག་པ་སྟེ། དེ་ལྟ་བུ་ནི། དགེ་འདུན་ལ་སྨོད་པར་གཏམ་དུ་བརྗོད་པ་མ་ཡིན་པའོ། །ཇི་ལྟར་ན་ཚུལ་ཁྲིམས་ཉམས་པ་མ་ཡིན་པ་གང་ཞེ་ན། ཕས་ཕམ་པའི་ཆོས་བཞིའི་ནང་ནས་གང་ཡང་རུང ། ཕས་ཕམ་པའི་ཆོས་ལས་འདས་པར་མ་གྱུར་པ་སྟེ། དེ་ལྟ་བུ་ནི་ཚུལ་ཁྲིམས་ཉམས་པ་མ་ཡིན་པའོ། །ཇི་ལྟར་ན། ལྟ་བ་ཉམས་པ་མ་ཡིན་ཞེ་ན། ལྟ་བ་དྲུག་ཅུ་རྩ་གཉིས་སུ་གཏོགས་པའི་ལྟ་བ་ལས་ལྟ་བ་གང་ཡང་རུང་བ་དེར་མ་གྱུར་པ་ཡིན་ཏེ། དེ་ལྟ་བུ་ནི། ལྟ་བ་མ་ཉམས་པའོ། །ཇི་ལྟར་ན། སྤྱོད་པ་མ་ཉམས་པ་ཡིན་ཞེ་ན། མི་སྤྱོད་པ་མི་སྤྱོད་ཅིང་དགེ་སློང་གིས་བསླབ་པ་ལ་ཡང་སློབ་པ་སྟེ། དེ་ལྟ་བུ་ནི། སྤྱོད་པ་མ་ཉམས་པ་ཞེས་བྱའོ། །ཇི་ལྟར་འཚོ་བ་མ་ཉམས་པ་ཡིན་ཞེ་ན། འཚོ་བ་ཡོངས་སུ་དག་པ་ཡིན་ཏེ།་དེ་ལྟ་བུ་ནི། འཚོ་བ་མ་ཉམས་པ་ཞེས་བྱ་སྟེ། འདི་དག་ནི། ཆོས་བཞིན་མ་ཡིན་པས་གསོ་སྦྱོང་འགོག་པ་བཅུའོ། །ཆོས་བཞིན་གྱིས་གསོ་སྦྱོང་འགོག་པ་བཅུ་གང་ཞེ་ན། ཕས་ཕམ་པར་གྱུར་པ་དང ། ཕས་ཕམ་པར་གཏམ་དུ་བརྗོད་པར་གྱུར་པ་དང ། བསླབ་པ་ཕུལ་བར་གྱུར་པ་དང ། བསླབ་པ་ཕུལ་བར་གཏམ་དུ་བརྗོད་པར་གྱུར་པ་དང ། དགེ་འདུན་ལ་སྨོད་པར་གྱུར་པ་དང ། དགེ་འདུན་ལ་སྨོད་པར་གཏམ་དུ་བརྗོད་པར་གྱུར་པ་དང ། ཚུལ་ཁྲིམས་ཉམས་པར་གྱུར་པ་དང ། ལྟ་བ་ཉམས་པར་གྱུར་པ་དང ། སྤྱོད་པ་ཉམས་པར་གྱུར་པ་དང ། འཚོ་བ་ཉམས་ Pa355a ༄#། །པར་གྱུར་པའོ། །ཇི་ལྟར་ན། ཕས་ཕམ་པར་གྱུར་ཅེ་ན། གང་གི་རྣམ་པ་དང ། གང་གི་མཚན་མ་དང ། གང་གི་རྟགས་ཀྱིས་དགེ་སློང་དེ་ཕས་ཕམ་པར་བྱེད་པར་གྱུར་པ་དེ་ལྟ་བུའི་རྣམ་པ་དང ། མཚན་མ་དང ། རྟགས་ཀྱིས་དགེ་སློང་དེ་ཕས་ཕམ་པའི་ཉེས་པ་བྱེད་པར་མཐོང་ན། དེས་དེ་ལ་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་སྟེ། དེ་ལྟ་བུ་ནི། ཕས་ཕམ་པར་གྱུར་བའོ། །ཇི་ལྟར་ན། ཕས་ཕམ་པར་གཏམ་དུ་བརྗོད་པར་གྱུར་པ་གང་ཞེ་ན། དེ་འདི་ལྟར་གཙུག་ལག་ཁང་གི་ནང་ངམ། ཕྱི་རོལ་ཏུའང་རུང་དགེ་སློང་མང་པོ་དང་ལྷན་ཅིག་འདུས་ཤིང་འཁོད་ནས་དེ་དག་ཀྱང་དེ་ལས་བྱུང་བ་དང ། དེའི་རང་བཞིན་དང ། དེ་དང་མཐུན་པའི་གཏམ་དུའང་བརྗོད། །དད་པ་ལས་ཐོས་པ་ཡང་ཡོད་དེ།་རང་གི་རྣམ་པ་ལ་རྣམ་པར་རྟོག་པ་ལས་བྱུང་བའང་ཡིན། དེས་ཐོས་པའང་ཡིན། དོགས་པའང་ཡིན་བཞིན་དུ་གསོ་སྦྱོང་འགོག་པ་ཆོས་བཞིན་དུ་གསོ་སྦྱོང་འགོག་པ་ཞེས་བྱ་སྟེ།་དེ་ལྟ་བུ་ནི། ཕས་ཕམ་པར་གཏམ་དུ་བརྗོད་པ་ཞེས་བྱའོ། །ཇི་ལྟར་ན། བསླབ་པ་ཕུལ་བ་ཡིན་ཞེ་ན། དགེ་སློང་གིས་གང་གི་རྣམ་པ་དང ། གང་གི་མཚན་མ་དང ། གང་གི་རྟགས་ཀྱིས་བསླབ་པ་ཕུལ་བ་དེའི་རྣམ་པ་དང ། དེའི་མཚན་མ་དང ། དེའི་རྟགས་ཀྱིས་དགེ་སློང་དེ་བསླབ་པ་ཕུལ་བར་མཐོང་ན། དེས་དེ་ལ་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་ Pa355b གསོ་སྦྱོང་འགོག་པ་སྟེ། དེ་ལྟ་བུ་ནི། བསླབ་པ་ཕུལ་བ་ཞེས་བྱའོ། །ཇི་ལྟར་ན། བསླབ་པ་ཕུལ་བར་གཏམ་དུ་བརྗོད་པ་ཡིན་ཞེ་ན། དེ་འདི་ལྟར། གཙུག་ལག་ཁང་གི་ནང་ངམ། ཕྱི་རོལ་དུའང་རུང ། དགེ་སློང་མང་པོ་འདུས་ཤིང་འཁོད་ནས་དེ་དག་ཀྱང་དེ་ལས་བྱུང་བ་དང ། དེའི་རང་བཞིན་ནམ། དེ་དང་མཐུན་པའི་གཏམ་དུའང་བརྗོད། དད་པ་ལས་ཐོས་པའང་ཡིན། རང་གི་རྣམ་པ་ལས་རྣམ་པར་རྟོག་པ་ལས་བྱུང་བའང་ཡིན། དས་ཐོས་པའང་ཡིན། དོགས་པའང་ཡིན་བཞིན་དུ་གསོ་སྦྱོང་འགོག་པ་སྟེ། དེ་ལྟ་བུ་ནི། བསླབ་པ་ཕུལ་བར་གཏམ་དུ་བརྗོད་པ་ཞེས་བྱའོ། ། དགེ་འདུན་ལ་སྨོད་པར་གྱུར་བ་གང་ཞེ་ན། དགེ་སློང་གིས་གང་གི་རྣམ་པ་དང ། གང་གི་མཚན་མ་དང ། གང་གི་རྟགས་ཀྱིས་དགེ་སློང་དེ་དགེ་འདུན་ལ་སྨོད་པར་གྱུར་པ་དེ་ལྟ་བུའི་རྣམ་པ་དང་དེའི་མཚན་མ་དང ། དེའི་རྟགས་ཀྱིས་དགེ་སློང་དེ་དགེ་འདུན་ལ་སྨོད་པར་བྱེད་པར་མཐོང་ན། དེས་དེ་ལ་གསོ་སྦྱོང་འགོག་པ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པ་སྟེ། དེ་ལྟ་བུ་ནི། དགེ་འདུན་ལ་སྨོད་པར་གྱུར་པ་ཞེས་བྱའོ། །དགེ་འདུན་ལ་སྨོད་པར་གཏམ་དུ་བརྗོད་པར་གྱུར་པ་གང་ཞེ་ན། དེ་འདི་ལྟར། གཙུག་ལག་ཁང་གི་ནང་ངམ། ཕྱི་རོལ་ཏུའང་རུང ། དགེ་སློང་མང་པོ་ལྷན་ཅིག་ཏུ་འདུས་ཤིང་འཁོད་ནས་དེ་དག་ཀྱང་དེ་ལས་བྱུང་བའམ། དེའི་རང་བཞིན་ནམ། དེ་ལས་མཐུན་པའི་གཏམ་དུ་བརྗོད་པའང་ཡིན། དད་པ་ལས་ཐོས་པའང་ཡིན། རང་གི་རྣམ་པ་ལ་ Pa356a ༄#། །རྣམ་པར་རྟོག་པ་ལས་བྱུང་བའང་ཡིན། དེས་ཐོས་པའང་ཡིན། དོགས་པའང་ཡིན་བཞིན་དུ་གསོ་སྦྱོང་འགོག་པ་སྟེ། དེ་ལྟ་བུ་ནི། དགེ་འདུན་ལ་སྨོད་པར་གཏམ་དུ་བརྗོད་པར་གྱུར་པ་ཞེས་བྱའོ། །ཚུལ་ཁྲིམས་ཉམས་པར་གྱུར་པ་གང་ཞེ་ན། ཕས་ཕམ་པའི་ཆོས་བཞི་ལས་གང་ཡང་རུང་བའི་ཕས་ཕམ་པའི་ཆོས་ཤིག་བྱུང་བར་གྱུར་པ་དེ་ལྟ་བུ་ནི། ཚུལ་ཁྲིམས་ཉམས་པ་ཞེས་བྱའོ། །ལྟ་བ་ཉམས་པར་གྱུར་པ་གང་ཞེ་ན། ལྟ་བ་དྲུག་ཅུ་རྩ་གཉིས་སུ་གཏོགས་པའི་ལྟ་བ་ལས་གང་ཡང་རུང ། ལྟ་བར་གྱུར་པ་དེ་ལྟ་བུ་ནི། ལྟ་བ་ཉམས་པ་ཞེས་བྱའོ། །སྤྱོད་པ་ཉམས་པ་གང་ཞེ་ན། མི་སྤྱོད་པ་སྤྱོད་ཅིང ། དགེ་སློང་གི་བསླབ་པ་ལ་མི་སློབ་པ་དེ་ལྟ་བུ་ནི། སྤྱོད་པ་ཉམས་པ་ཞེས་བྱའོ། །འཚོ་བ་ཉམས་པ་གང་ཞེ་ན། འཚོ་བ་ཡོངས་སུ་མ་དག་པ་ཡིན་ཏེ། དེ་ལྟ་བུ་ནི། འཚོ་བ་ཉམས་པ་ཞེས་བྱ་སྟེ། འདི་བཅུ་ནི། ཆོས་བཞིན་དུ་གསོ་སྦྱོང་འགོག་པར་བྱེད་པའོ། །སྐབས་འབྱེད་པ་འགོག་པར་བྱེད་པ་གང་ཞེ་ན། ཆོས་བཞིན་མ་ཡིན་པའི་སྐབས་འབྱེད་པ་འགོག་པ་བཞི་དང ། ཆོས་བཞིན་སྐབས་འབྱེད་པ་འགོག་པ་བཞིའོ། །ཆོས་བཞིན་མ་ཡིན་པའི་སྐབས་འབྱེད་པ་འགོག་པར་བྱེད་པ་བཞི་གང་ཞེ་ན། ཚུལ་ཁྲིམས་ཉམས་པའི་རྩ་བ་མེད་བཞིན་སྐབས་འབྱེད་པ་འགོག་པ་ནི། ཆོས་བཞིན་མ་ཡིན་པའི་སྐབས་འབྱེད་པ་འགོག་པའོ། །ལྟ་བ་ཉམས་ Pa356b པ་དང ། སྤྱོད་པ་ཉམས་པ་དང ། འཚོ་བ་ཉམས་པའི་རྩ་བ་མེད་པར་སྐབས་འབྱེད་པ་འགོག་པ་ནི། ཆོས་བཞིན་མ་ཡིན་པར་སྐབས་འབྱེད་པ་འགོག་པ་སྟེ། རྣམ་པ་དེ་བཞི་ནི། ཆོས་བཞིན་མ་ཡིན་པར་སྐབས་འབྱེད་པ་འགོག་པའོ། །ཆོས་བཞིན་དུ་སྐབས་འབྱེད་པ་འགོག་པར་བྱེད་པ་བཞི་གང་ཞེ་ན། ཚུལ་ཁྲིམས་ཉམས་པའི་རྩ་བ་ཡོད་པས་སྐབས་འབྱེད་པ་འགོག་པ་ནི། ཆོས་བཞིན་དུ་སྐབས་འབྱེད་པ་འགོག་པའོ། །ལྟ་བ་ཉམས་པ་དང ། སྤྱོད་པ་ཉམས་པ་དང ། འཚོ་བ་ཉམས་པའི་རྩ་བ་ཡོད་པ་ལ་སྐབས་འབྱེད་པ་ནི། ཆོས་བཞིན་དུ་སྐབས་འབྱེད་པ་འགོག་པ་སྟེ། འདི་བཞི་ནི། ཆོས་བཞིན་དུ་སྐབས་འབྱེད་པ་འགོག་པའོ། །ནང་དུ་བཞག་པ་གང་ཞེ་ན། ཀུན་དགའི་ནང་དུ་རུང་བའི་སར་མ་བསྐོས་བར་བཞག་པར་གྱུར་པ་དེ་ནི། བསྙེན་པར་རྫོགས་པའི་དགེ་སློང་རྣམས་ཀྱིས་བཟར་མི་རུང་བའོ། །རུང་བའི་སར་བསྐོས་པ་ནི། བཟར་རུང་བའོ། །ནང་དུ་བཙོས་པའི་བཟའ་བ་དང ། བཅའ་བ་གང་ཞེ་ན། ནང་དུ་བཙོས་པའི་བཟའ་བ་དང ། བཅའ་བ་རྣམས་བསྙེན་པར་རྫོགས་པའི་དགེ་སློང་གིས་བཟར་མི་རུང་བའོ། །བཟར་མི་རུང་བ་དེ་ནི། ནང་དུ་བཙོས་པ་ཞེས་བྱའོ། །རང་གིས་བཙོས་པ་གང་ཞེ་ན། ཡངས་པའི་གྲོང་ཁྱེར་དུ་ལོ་ཉེས་པའོ། །དཀོན་ཤིང་རྙེད་དཀའ་བར་གྱུར་པ་ན་བྲམ་ཟེ་དང ། ཁྱིམ་བདག་དག་གིས་དགེ་འདུན་གྱི་ཟས་སྦྱར་བར་འདོད་པར་གྱུར་ནས་དེ་དག་འདི་སྙམ་དུ་སེམས་ཏེ། ཅི་སྟེ་ཁྱིམ་དུ་གཡོས་བྱས་ན་ནི། གཉེན་མང་ Pa357a ༄#། །པོ་དང ། མཛའ་བོ་མང་པོ་དང ། སྐྱེ་བོ་མང་པོ་ལ་སྦྱིན་པར་བྱ་དགོས་པར་འགྱུར་ཏེ། དེ་དག་གིས་དགེ་སློང་རྣམས་ལ་གནོད་པར་མཐོང་ནས་དེ་དག་གིས་དགེ་སློང་རྣམས་ཀྱི་དྲུང་དུ་སོང་ནས་བཙུན་པ་རྣམས། གང་གཙུག་ལག་ཁང་གི་ནང་དུ་གཡོས་བྱས་ཏེ་འབྲིམ་པར་བྱས་ན། ཉེས་པ་ཅིར་འགྱུར་ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཙུག་ལག་ཁང་གི་ཕྱི་རོལ་ཏུ་གཡོས་བྱས་ལ་བྲིམ་པར་ནི། གནང་ངོ ། །བཅོམ་ལྡན་འདས་ཀྱིས་གཙུག་ལག་ཁང་གི་ཕྱི་རོལ་ཏུ་གཡོས་བྱོས་ལ་བྲིམ་པར་བྱོས་ཤིག་།ཅེས་གསུངས་པ་དང ། དེར་དུད་པ་ཆེ་ཞིང་མི་དབེན་པར་གྱུར། སྐྱེ་བོ་མང་པོ་དག་འོངས་པས་ལང་ལོང་དུ་གྱུར་ནས་དགེ་སློང་དེ་དག་གིས་ཀུན་ལ་བགོས་པ་དང ། དགེ་སློང་དེ་དག་ལ་ཤིན་ཏུ་ཉུང་བར་གྱུར་པས་དགེ་སློང་དེ་དག་རྨྱ་བར་གྱུར་ཏོ། །དེ་ལྟ་བུར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གཙུག་ལག་ཁང་གི་ནང་དུ་བརྟགས་པའི་ས་བསྐོས་ཏེ་དེར་གཡོས་བྱོས་ལ་བྲིམ་པར་བྱོས་ཤིག་།བཅོམ་ལྡན་འདས་ཀྱིས་གཙུག་ལག་ཁང་གི་ནང་དུ་བརྟགས་པའི་ས་བསྐོས་ལ། དེར་གཡོས་བྱོས་ལ་བྲིམས་ཤིག་ཅེས་གསུངས་ནས་དགེ་སློང་དེ་དག་གིས་དེ་བཞིན་དུ་བྱས་པས། དེར་གཙུག་ལག་ Pa357b ཁང་གི་མི་དང ། དགེ་ཚུལ་ཕ་རྣམས་ཀྱིས་སྔར་རང་གི་དོན་དུ་དེ་བླངས་ནས་དེའི་འོག་ཏུ་གཡོས་བྱས་པའི་དགེ་སློང་རྣམས་ལ་ཅི་ཐོབ་ཐོབ་ཏུ་བྱིན་པ་དང ། དགེ་སློང་དེ་དག་གི་ཉུང་བར་གྱུར་ནས་དགེ་སློང་དེ་དག་རྨྱ་བར་གྱུར་ཏེ། དེ་ལྟ་བུར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བུའི་ལོ་ཉེས་པ་ལ་དཀོན་ཞིང་རྙེད་དཀའ་བའི་ཚེ་རང་གིས་གཡོས་བྱ་ཞིང་བཟའ་བར་རྗེས་སུ་གནང་ངོ ། །དེ་ཡང་བརྟགས་པའི་སར་བསྐོས་ན། དེར་ནི། ནང་དུ་འཇོག་པ་དང ། ནང་དུ་བཙོ་བའི་གནས་གཉིས་སུ་བདེ་བར་འགྱུར་རོ། །དེ་ལྟ་བུའི་ལོ་ཉེས་པས་དཀོན་པའི་ཚེ་རྙེད་དཀའ་བར་གྱུར་པ་མ་གཏོགས་པར་གང་རུང་བའི་སར་བསྐོས་པ་དང ། མ་བསྐོས་པ་ཡང་རུང་སྟེ། རང་གིས་བཙོས་པ་ནི། བཟའ་མི་རུང་སྟེ། དེ་ནི། རང་གིས་བཙོས་པ་ཞེས་བྱའོ། །དགེ་སློང་གིས་བཙོས་པ་གང་ཞེ་ན། དགེ་སློང་ལ་ལ་ནི། མང་དུ་ཟ་བར་འགྱུར། ལ་ལ་ནི། ཉུང་དུ་ཟ་སྟེ། དེ་ལ་གང་མང་དུ་ཟ་བ་དེ་དག་ནི། མི་འགྲངས། གང་ཉུང་དུ་ཟ་བ་དེ་དག་ནི། ལྷག་ནས་དེ་གཞན་དག་ལ་བྱིན་ན། དེ་དག་བཅོམ་ལྡན་འདས་ཀྱིས་བཟར་མ་གནང་བས་མི་ཟའོ། །དེ་ལྟ་བུར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ལྟ་བུའི་ལོ་ཉེས་ཤིང་དཀོན་ལ་དཀའ་ན་ནི། དགེ་སློང་གིས་བཙོས་པ་བཟར་གནང་ངོ ། །དེ་ཡང་གང་ Pa358a ༄#། །ཞེ་ན། གང་བསྙེན་པར་རྫོགས་པའི་དགེ་སློང་གིས་བཙོས་པ་སྟེ། འདི་ནི། དགེ་སློང་གིས་བཙོས་པ་ཞེས་བྱའོ། །བླངས་པ་གང་ཞེ་ན། གང་ངོ་ཚ་བའི་དགེ་སློང་གིས་ཤེས་བཞིན་དུ་བླངས་པར་གྱུར་པ་སྟེ། འདི་ནི། བླངས་པ་ཞེས་བྱའོ། །བྱིན་ལེན་མ་བྱས་པ་གང་ཞེ་ན། གང་བུད་མེད་དམ། སྐྱེས་པའམ། མ་ནིང་ངམ། ཟ་མའམ། མཚན་གཉིས་པའང་རུང་སྟེ། བྱིན་ལེན་མ་བྱས་པ་ཞེས་བྱའོ། །བླངས་པ་སླར་ལེན་པ་གང་ཞེ་ན། བདག་གིས་སླར་བླངས་པ་ལས་ཕྱིས་གཞན་ལས་བྱིན་ལེན་བྱེད་པ་ནི། བླངས་པ་ལས་སླར་ལེན་པ་ཞེས་བྱའོ། །སྔ་དྲོའི་བྱིན་ལེན་གང་ཞེ་ན། གང་མ་ཟོས་པར་བྱིན་ལེན་བྱེད་པ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཡངས་པའི་གྲོང་ཁྱེར་དེ་ཉིད་དུ་གནང་བ་ནི། དེ་ལྟ་བུའི་ལོ་ཉེས་ཤིང་དཀོན་པ་རྙེད་དཀའ་བའི་ཚེ་དགེ་སློང་གིས་ཆོག་པར་བྱས་པ་ལས། སྔ་དྲོའི་བྱིན་ལེན་བྱས་པའི་འོག་ཏུ་ལྷག་མར་མ་བྱས་ཀྱང་བླའི། ཟོ་ཞིག་།འདི་ནི། སྔ་དྲོའི་དུས་སུ་བྱིན་ལེན་བྱས་པ་ཞེས་བྱའོ། །དེ་ནས་སླར་ཁྱེར་བ་གང་ཞེ་ན། དགེ་སློང་གང་དེར་ཟོས་ནས་ཀྱང་ཟས་ཁྱེར་ཞིང་འགྲོ་བ་སྟེ། དེ་ཡང་བཅོམ་ལྡན་འདས་ཀྱིས་ཡངས་པའི་གྲོང་ཁྱེར་དེ་ཉིད་ན་གནང་བ་ནི། དེ་ལྟ་བུའི་ལོ་ཉེས་ཤིང་དཀོན་པ་རྙེད་དཀའ་བར་གྱུར་པའི་ཆེ་དགེ་སློང་གིས་སླར་ཁྱེར་བ་ལྷག་མར་མ་བྱས་ཀྱང་ཟོ་ཞིག་ཅེས་གསུངས་པ་ Pa358b དེ་ནི། སླར་ཁྱེར་བ་ཞེས་བྱའོ། །ནགས་ཀྱི་ཚེ་གུ་ཅན་གང་ཞེ་ན། སྟར་ག་དང ། ོ་རུ་མ་ན་དང ། བྷ་ཏ་མ་ལ་སོགས་པ་གང་གཞན་ཡང་ནགས་ཀྱི་ཚི་གུ་ཅན་གྱི་བཟའ་ཤིང་གི་འབྲས་བུ་རྣམས་ཏེ། དེ་དག་ཀྱང་བཅོམ་ལྡན་འདས་ཀྱིས་ཡངས་པའི་གྲོང་ཁྱེར་ན་གནང་བར་གསུངས་ཏེ། དེ་འདྲ་བའི་ལོ་ཉེས་པ་དཀོན་པ་རྙེད་དཀའ་བའི་ཚེ་ནི། དགེ་སློང་གིས་ཆོག་པར་བྱས་ཀྱང་ནགས་ཀྱི་ཚི་གུ་དེ་ལྷག་མར་མ་བྱས་པ་ཡང་ཟོ་ཞིག་ཅེས་གསུངས་པ་ནི། ནགས་ཀྱི་ཚི་གུ་ཞེས་བྱའོ། །རྫིང་བུ་གང་ཞེ་ན། ཚེ་དང་ལྡན་པ་ཤཱ་རིའི་བུ་མཁྲིས་པ་དམར་པོའི་ནད་ཀྱིས་གཟིར་བ་ལ་སྨན་པས་པདྨོའི་རྩ་བ་བཟའ་བའི་ཕྱིར་རུང་བར་ཐབས་བསྟན་ནས། དེ་ནས་ཚེ་དང་ལྡན་པ་མོའུ་དགལ་གྱི་བུ་ཆེན་པོས་པདྨོ་ཅན་གྱི་རྫིང་བུ་ནས་པདྨོའི་རྩ་བ་བླངས་ནས་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་བྱིན་པ་དང ། དེས་ཀྱང་ཅུང་ཟད་ཅིག་ཟོས་ནས་ཕལ་ཆེར་མ་འདོད་དེ། དགེ་སློང་རྣམས་ལ་བྱིན་པ་དང ། དགེ་སློང་རྣམས་ཀྱིས་ཀྱང་བདག་ཅག་ཆོག་པར་བྱས་ཟིན་གྱི། མི་ཟའོ། །ཞེས་སྨྲས་པ་དང ། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འདི་ལྟར་ལོ་ཉེས་ཤིང་དཀོན་ལ་རྙེད་དཀའ་བའི་ཚེ་ནི། དགེ་སློང་གིས་ཆོག་པར་བྱས་ཀྱང་རྫིང་བུའི་ལྷག་མར་མ་བྱས་ཀྱང་ཟོ་ཞིག་།དེ་ཡང་གང་ཞེ་ན། འདི་ལྟ་སྟེ། རི་ཤིང་གྷ་ཏི་ཀ་དང ། ཁར་ཀ་ཏི་ཀ་དང ། ཀར་ཤིང་ Pa359a ༄#། །ག་ཀ་ཏ་ལ་སོགས་ཏེ། གང་གཞན་ཡང་ཆུའི་ནང་གི་འབྲས་བུ་རྣམས་སོ། །ཞེས་བྱ་བ་འདི་ནི། རྫིང་བུ་ནས་སྐྱེས་པ་ཞེས་བྱའོ། །དེ་ནས་བཅོམ་ལྡན་འདས་ཀྱིས་དེ་ལྟར་ལོ་ཉེས་ཤིང་དཀོན་པ་རྙེད་དཀའ་བའི་ཚེ་ཡངས་པ་ཅན་ན་ཇི་སྲིད་དགྱེས་ཀྱི་བར་དུ་བཞུགས་ནས་མཉན་དུ་ཡོད་པ་གང་ན་བ་དེར་སྤྱོད་ཅིང་གཤེགས་སོ། །རིམ་གྱིས་སྤྱོད་པ་སྤྱད་ནས་མཉན་དུ་ཡོད་པར་བྱོན་པ་དང ། མཉན་དུ་ཡོད་པ་ཇེ་ཏའི་ཚལ་མགོན་མེད་ཟས་སྦྱིན་གྱི་ཀུན་དགའ་ར་བ་ན་བཞུགས་སོ། །དེར་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ངས་གང་ཡངས་པའི་གྲོང་ཁྱེར་ཆེན་པོ་ན་ལོ་ཉེས་ཤིང་དཀོན་ལ་དཀའ་བའི་ཚེ་དགེ་སློང་རྣམས་ལ་དངོས་པོ་བརྒྱད་གནང་བ་ནི། འདི་ལྟ་སྟེ། ནང་དུ་བཞག་པ་དང ། ནང་དུ་བཙོས་པ་དང ། རང་གིས་བཙོས་པ་དང ། དགེ་སློང་གིས་བཙོས་པ་དང ། སྔ་དྲོའི་དུས་སུ་བྱིན་ལེན་བྱས་པ་དང ། དེ་ནས་སླར་ཁྱེར་བ་དང ། ནགས་ཀྱི་ཚི་གུ་ཅན་དང ། རྫིང་བུའི་རྣམས་གནང་ན། དངོས་པོ་དེ་དག་ཙམ་ད་དུང་ཡང་དེར་རུང་བ་བཞིན་དུ་ཟའམ། བཙུན་པ། ཁ་ཅིག་ནི། འཚལ། ཁ་ཅིག་ནི། མི་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་གླེང་གཞི་དེ་ཉིད་ཀྱི་ཕྱིར་དགེ་སློང་གི་དགེ་འདུན་བསྡུས་ནས་དགེ་སློང་རྣམས་ལ་བཀའ་སྩལ་པ། དགེ་སློང་རྣམས། གང་ Pa359b ཡངས་པའི་གྲོང་ཁྱེར་དུ་དེ་ལྟར་ལོ་ཉེས་ཤིང་དཀོན་པ་རྙེད་དཀའ་བའི་དངོས་པོ་བརྒྱད་པོ་འདི་དག་བརྩེ་བའི་ཕྱིར་དགེ་སློང་རྣམས་ཀྱིས་ཆོག་པར་བྱས་ཀྱང་རྗེས་སུ་གནང་བ་དག་ནི། ལོ་ཉེས་པའི་ཚེ་ནི། ཟོ་ཞིག། ལོ་ལེགས་པའི་ཚེ་ནི། བཟའ་བར་མི་བྱའོ། །གང་གིས་ཟོས་པ་དེ་ནི། འདས་པ་དང་བཅས་པར་འགྱུར་རོ། །བཏིང་བ་གང་ཞེ་ན། སེམས་བསྐྱེད་པ་དགུས་ན། གཏན་པ་བཏིང་བར་འགྱུར་རོ། །དེ་ཡང་གང་ཞེ་ན། གཏན་པ་འདིང་བའི་དགེ་སློང་གིས་ཐོག་མ་ནས་དེ་ལྟར་གཏན་པ་ལེན་པ་དང ། བཀྲུ་བ་དང ། འཚེད་པ་དང ། བརྐྱང་བ་དང ། འདྲ་བ་དང ། འཚེམ་པ་ན་སེམས་རྣམ་པ་གསུམ་བསྐྱེད་དེ། དགེ་སློང་བདག་མིང་འདི་ཞེས་བགྱི་བས་གོས་འདི་དགེ་འདུན་གྱི་གཏན་པ་བཏིང་བར་འགྱུར་རོ། །གདིང་བར་བྱའོ། །བདག་གིས་བཏིང་ངོ ། ། བར་དུ་ཡང་སེམས་རྣམ་པ་གསུམ་བསྐྱེད་པར་བྱ་སྟེ། བདག་དགེ་སློང་མིང་འདི་ཞེས་བྱ་བས་གོས་འདི་དགེ་འདུན་གྱི་གཏན་པ་བཏིང་བར་འགྱུར། གདིང་བར་བྱའོ། །བདག་གིས་བཏིང་ངོ ། །ཟིན་པའི་མཇུག་གི་ཁབ་སོའི་ཚེ་ཡང་སེམས་རྣམ་པ་གསུམ་བསྐྱེད་པར་བྱ་སྟེ། བདག་དགེ་སློང་མིང་འདི་ཞེས་བྱ་བས། གོས་འདི་དགེ་འདུན་གྱི་གཏན་པ་བཏིང་བར་འགྱུར་རོ། ། གདིང་བར་བྱའོ། །བདག་གིས་བཏིང་ངོ ། །འདི་ལྟར་ཡང་གནས་གང་ན་དགེ་འདུན་འཁོད་པས་ཐོག་མར་གཏན་པ་བཏིང་བའི་ཚེ། མཚམས་དེའི་ནང་ན་དགེ་སློང་ཇི་སྙེད་མཚུངས་པར་ Pa360a ༄#། །གནས་པ་རྒྱུད་ཤིན་ཏུ་ཡོངས་སུ་དག་པ་རྣམས་ཀྱིས་ཀྱང་དགེ་འདུན་གྱི་གཏན་པ་བཏིང་ངོ ། །ཞེས་ཐོས་པ་ལས་ཀྱང་རྗེས་སུ་ཡི་རང་ན། དེ་དག་ཐམས་ཅད་ཀྱིས་ཀྱང་གཏན་པ་བཏིང་བ་ཞེས་བྱ་སྟེ། དེ་ལྟར་ན། བཏིང་བ་ཞེས་བྱའོ། །མ་བཏིང་བ་གང་ཞེ་ན། དེ་ལས་ལྡོག་པ་ནི། མ་བཏིང་བ་ཡིན་ཏེ། འདི་ལྟར་ཡང་ཟླ་བ་གསུམ་མ་ཚང་བར་དགེ་སློང་རྣམས་ཀྱིས་གཏན་པ་བཏིང་ན། གཏན་པ་མ་བཏིང་བ་ཞེས་བྱ་སྟེ། འདི་ནི། གཏན་པ་མ་བཏིང་བ་ཞེས་བྱའོ། །ཕྱུང་བ་གང་ཞེ་ན། མ་ལྟ་བུའི་ཚིག་བརྒྱད་ཀྱིས་ནི། གཏན་པ་ཕྱུང་བར་འགྱུར་ཏེ། དེ་ཡང་གང་ཞེ་ན། འདི་ལྟ་སྟེ། ཕྱུང་སྟེ་སོང་བ་དང ། ཟིན་པ་དང ། ཀུན་ཟིན་པ་དང ། ཉམས་པ་དང ། ཐོས་པ་དང ། མཚམས་ལས་འདས་པ་དང ། བསམ་པ་ཆད་པ་དང ། གསོལ་བའི་ལས་དང ། ཚིག་བརྒྱད་དེ། འདི་ནི། ཕྱུང་བ་ཞེས་བྱའོ། །མ་ཕྱུང་བ་གང་ཞེ་ན། འདི་ལས་བཟློག་པ་ནི། མ་ཕྱུང་བ་སྟེ། འོན་ཀྱང་བར་དུ་གཅོད་པ་བརྒྱད་ཀྱི་ནང་ནས་གང་ཡང་རུང་བ་བྱུང་བ་སྟེ། དགེ་སློང་བཏིང་བའི་ནང་ནས་དམིགས་བཞིན་དུ་བྱུང་སྟེ་སོང་ན་ཡང་གཏན་པ་མ་ཕྱུང་བ་ཞེས་བྱ་སྟེ། དེ་ལྟར་ན། གཏན་པ་མ་ཕྱུང་བ་ཞེས་བྱའོ། །ལྕི་བའི་ཡོ་བྱད་གང་ཞེ་ན། གང་བགོ་བར་མི་རིགས་པའོ། །ཡང་བའི་ཡོ་བྱད་གང་ཞེ་ན། གང་བགོ་བར་རིགས་པའོ། །བགོ་བར་རིགས་པའི་ཡོ་བྱད་གང་ཞེ་ན། གང་དགེ་སློང་ཤི་བའི་རྫས་རྣམས་བགོ་བར་བྱ་སྟེ། དེ་ཡང་ Pa360b གང་ཞེ་ན། གང་ཤི་བའི་ཆོས་གོས་མ་གཏོགས་པར་གང་དེ་ལས་གཞན་པ་ཡང་བའི་ཡོ་བྱད་རྣམས་ཏེ། འདི་ནི། བགོ་བར་རིགས་པའི་ཡོ་བྱད་ཅེས་བྱའོ། །བགོ་བར་མི་རིགས་པའི་ཡོ་བྱད་གང་ཞེ་ན། གང་དགེ་སློང་ཤི་བའི་རྫས་མི་བགོ་བར་བྱ་བ་རྣམས་ཏེ། དེ་ཡང་གང་ཞེ་ན། ཤི་བའི་ཆོས་གོས་མ་གཏོགས་པར་གང་དེ་ལས་གཞན་པའི་ལྕི་བ་རྣམས་ཏེ། འདི་ནི། བགོ་བར་མི་རིགས་པའི་ཡོ་བྱད་ཅེས་བྱའོ། །དེ་ལ་ཆོས་གོས་ཀྱི་སྣོད་པས་ལྕི་བའི་ཡོ་བྱད་དུ་བཞག་པ་ནི། ནད་གཡོག་གི་ཆོས་གོས་ཏེ། གང་དེ་ལས་གཞན་པའི་ཡོ་བྱད་ཡང་བ་ལྕགས་ལས་བྱས་པའི་སྣོད་ལྷུང་བཟེད་དང ། ལྷུང་བཟེད་ཆུང་ངུ་དང ། ལྷུང་བཟེད་མ་ཡིན་པ་རྣམས་ཀྱང་བགོ་བར་རིགས་པའི་ཡོ་བྱད་དོ། །འཁར་བ་ལས་བྱས་པ་དང ། ཆོལ་ཟངས་དང ། ལྡེ་མིག་དང ། གྲི་ཁབ་དང ། སེན་མོ་གཅད་པ་དང ། ནལ་ཟེ་དང ། ཞུགས་ལིང་དང ། སྟ་རེ་དང ། ཐལ་ཕྱགས་དང ། ཆུ་ཚགས་དང ། འདི་རྣམས་ནི། བགོ་བར་རིགས་པའི་ཡོ་བྱད་དོ། །གང་ཡང་དེ་བས་ཡང་བའི་ཡོ་བྱད་དེ་དག་ཀྱང་བགོ་བར་རིགས་པའོ། །གང་ཡང་དེ་ལས་གཞན་པའི་ལྕི་བའི་ཡོ་བྱད་དེ་དག་ནི། བགོ་བར་མི་རིགས་པ་སྟེ། དེ་ཐམས་ཅད་ཕྱོགས་བཞིའི་དགེ་འདུན་གྱི་ཕྱིར་གཞག་པར་བྱའོ། །ཤིང་གི་སྣོད་རྣམས་ལས་ཡང་མིག་དང ། ཆོས་ཀྱི་ཆུ་ཚགས་དང ། ཕོར་བུ་ཆེན་པོ་དང ། ཁམ་བུའི་ཕོར་བུ་དང ། འདི་རྣམས་ཀྱང་བགོ་བར་རིགས་པའི་ Pa361a ༄#། །ཡོ་བྱད་དོ། །གང་དེ་ལས་གཞན་པའི་ཡོ་བྱད་ཡང་བའི་རྣམ་པ་དེ་དག་ཀྱང་བགོ་བར་རིགས་པའོ། །གང་དེ་ལས་གཞན་པའི་ཡོ་བྱད་ལྕི་བའི་རྣམ་པ་དེ་དག་ནི། བགོ་བར་མི་རིགས་པ་སྟེ། ཐམས་ཅད་ཕྱོགས་བཞིའི་དགེ་འདུན་གྱི་ཕྱིར་གཞག་པར་བྱའོ། །ཁམ་པའི་སྣོད་དུ་གཏོགས་པའི་ལྷུང་བཟེད་དང ། ལྷུང་བཟེད་ཆུང་ངུ་དང ། ལྷུང་བཟེད་མ་ཡིན་པ་དང ། རྫ་མ་དང ། བུམ་པ་དང ། བུམ་བུ་དང ། རིལ་བ་སྤྱི་བླུགས་དང ། འདི་རྣམས་ནི། བགོ་བར་རིགས་པའི་ཡོ་བྱད་དོ། །གང་དེ་ལས་གཞན་པའི་ཡོ་བྱད་ཡང་བའི་རྣམ་པ་དེ་དག་ནི། བགོ་བར་རིགས་པའོ། །གང་ཡང་དེ་ལས་ལྕི་བའི་ཡོ་བྱད་དེ་དག་ཀྱང་བགོ་བར་མི་རིགས་པ་དང ། ཐམས་ཅད་ཕྱོགས་བཞིའི་དགེ་འདུན་གྱི་ཕྱིར་གཞག་པར་བྱའོ། །ཚོན་རྩི་གང་བསྐོལ་བར་གྱུར་པ་ནི། ཕྱོགས་བཞིའི་དགེ་འདུན་གྱི་གོས་བཙོ་བར་བྱའོ། །གང་ཡང་མ་བསྐོལ་བའི་ཚོན་རྩི་ནི། བགོའོ། །ཚོན་ཆེན་པོ་ལྔ་ནི། མི་བགོའོ། ། རིན་པོ་ཆེ་རྣམས་ཀྱི་ཁྲི་ཡིན་ན། བསྒྱུར་ལ་བགོ་བར་བྱའོ། །ཆུང་ངུ་ན་གལ་ཏེ་ལྕགས་ལས་བྱས་པ་ཡིན་ན། ཡོ་བྱད་དུ་རུང་ན་ནི། གཞག་གོ་།དེ་ལས་གཞན་དུ་ལྕི་བའི་ཡོ་བྱད་ཡིན་ན། དེ་ནི།་བགོ་བར་མི་རིགས་སོ། གཞན་ཡང་མི་འཚོང་བ་རྣམས་དང ། གང་མི་བཅང་བ་རྣམས་དང ། གང་མི་དགོས་པ་རྣམས་དང ། གང་མི་བགོ་བ་དང ། གང་གཞན་དུ་མི་སྦྱིན་ Pa361b བ་རྣམས་དང ། གང་སུ་ལའང་སྦྱིན་དུ་མི་རུང་བའི་དངོས་པོ་ལྔ་ཡོད་དེ། དེ་ཡང་གང་ཞེ་ན། གཙུག་ལག་ཁང་གི་དངོས་པོ་དང ། གནས་ཁང་གི་དངོས་པོ་དང ། ཀུན་དགའི་དྲི་གཙང་ཁང་དང ། མལ་སྟན་དང ། མིའི་ཡོ་བྱེད་དོ། །མིའི་ཡོ་བྱད་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་གསུངས་པ་དགེ་འདུན་གྱིའམ། མཆོད་རྟེན་གྱི་ཡང་རུང ། འདི་ནི། མིའི་ཡོ་བྱད་ཅེས་བྱའོ། །མི་མ་ཡིན་པའི་ཡོ་བྱད་གང་ཞེ་ན། བ་ལང་དང ། ར་དང ། ལུག་དང ། མ་ཧེ་སྟེ། དེ་དག་ཀྱང་དགེ་འདུན་གྱི་ཡང་རུང ། མཆོད་རྟེན་གྱི་ཡང་རུང་སྟེ། བཅོམ་ལྡན་འདས་ཀྱིས་མ་གནང་བར་གསུངས་པའོ། །འདི་ནི། མི་མ་ཡིན་པའི་ཡོ་བྱད་ཅེས་བྱའོ། །ཡོངས་སུ་ཟིན་པའི་ཡོ་བྱད་གང་ཞེ་ན། གང་གྲོང་ངམ། ནགས་ཚལ་ཏེ། གང་བུད་མེད་དམ། སྐྱེས་པའམ། མ་ནིང་ངམ། ཟ་མའམ། མཚན་གཉིས་པའང་རུང་སྟེ། གཞན་གྱིས་ཟིན་པ་འདི་ནི། ཡོངས་སུ་ཟིན་པའི་ཡོ་བྱད་ཅེས་བྱའོ། །ཡོངས་སུ་མ་ཟིན་པའི་ཡོ་བྱད་གང་ཞེ་ན། གྲོང་ངམ། ནགས་ཚལ་ཏེ། བུད་མེད་དམ། སྐྱེས་པའམ།་ཟ་མའམ། མ་ནིང་ངམ། མཚན་གཉིས་པ་གང་གིས་ཀྱང་ཡོངས་སུ་མ་ཟིན་པར་གྱུར་པ་འདི་ནི། ཡོངས་སུ་མ་ཟིན་པའི་ཡོ་བྱད་ཅེས་བྱའོ། །བྱིན་ལེན་བྱ་བའི་ཡོ་བྱད་གང་ཞེ་ན། གང་དགེ་སློང་རྣམས་ཀྱིས་གཞན་ལས་བྱིན་ལེན་བྱས་ཤིང་བཟའ་བ་སྟེ། དེ་ཡང་གང་ཞེ་ན། ཆུ་དང ། སོ་ཤིང་མ་གཏོགས་པར་གང་དེ་ལས་གཞན་པའི་ཁར་བཟའ་བ་ཐམས་ཅད་བྱིན་ལེན་བྱ་ Pa362a ༄#། །བའི་ཡོ་བྱད་དེ། འདི་ནི། བྱིན་ལེན་བྱ་བའི་ཡོ་བྱད་ཅེས་བྱའོ། །བྱིན་ལེན་མི་བྱ་བའི་ཡོ་བྱད་གང་ཞེ་ན། གང་དགེ་སློང་རྣམས་ལ་གཞན་གྱིས་མ་བྱིན་ཀྱང་མི་བཟའ་བ་རྣམས་ཏེ། དེ་ཡང་གང་ཞེ་ན། ཡོངས་སུ་སྤྱད་པའི་ཡོ་བྱད་ཐམས་ཅད་དང ། ཁར་བཟའ་བའི་ཆུ་དང ། སོ་ཤིང་སྟེ། འདི་ནི། བྱིན་ལེན་མི་བྱ་བའི་ཡོ་བྱད་ཅེས་བྱའོ། །ཤི་བའི་ཆོས་གོས་གང་ཞེ་ན། གང་སྡེ་ལྔ་རྣམས་ཤི་བའི་ཆོས་གོས་དེ་ནི། བཅོམ་ལྡན་འདས་ཀྱིས་སྡེ་ལྔ་རྣམས་ལ་དབྱར་གྱི་ནང་དུའམ། དབྱར་གྱི་ཕྱི་རོལ་མ་གཏོགས་པར་ཡང་ཤི་བའི་ཆོས་གོས་སོ། །ཞེས་དུས་ཐམས་ཅད་དུའང་བགོ་བར་བྱའོ། །ཞེས་གནང་བར་གསུངས་ཏེ། འདི་ནི། ཤི་བའི་ཆོས་གོས་ཞེས་བྱའོ། །མཚན་མའི་ཆོས་གོས་གང་ཞེ་ན། ལོ་ལྔ་པའམ། ལོ་དྲུག་པའམ། དུས་ཆེན་པོའམ། བཏད་པ་ན་ཐོབ་པའི་ཆོས་གོས་གང་རྙེད་པ་དེ་ནི། བཅོམ་ལྡན་འདས་ཀྱིས་དབྱར་གྱི་ནང་དུའམ། དབྱར་གྱི་ཕྱི་རོལ་དུའང་རུང་སྟེ། དུས་ཐམས་ཅད་དུའང་བགོ་བར་བྱའོ། །ཞེས་གནང་བར་གསུངས་ཏེ། འདི་ནི། མཚན་མའི་ཆོས་གོས་ཞེས་བྱའོ། །ཕྱག་དར་ཁྲོད་པའི་གོས་གང་ཞེ་ན། དགེ་སློང་རྣམས་ཀྱིས་ཕྱག་དར་ཁྲོད་པའི་གོས་ལྔ་འཆང་དུ་གནང་སྟེ། མེས་ཚིག་པ་དང ། བ་ལང་གིས་ཟོས་པ་དང ། བྱི་བས་ཟོས་པ་དང ། སླར་འོངས་པའི་གོས་དང ། རུལ་པ་སྟེ། འདི་ནི། ཕྱག་དར་ཁྲོད་པའི་ Pa362b གོས་ཞེས་བྱའོ། །སྣ་ནས་བླུགས་པའི་ལས་གང་ཞེ་ན། སྣ་ནས་བླུགས་པའི་ལས་སུ་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་གནང་བ་ནི། མིག་ནད་ཀྱིས་ན་བའི་རྣམས་ཏེ། ཇི་ལྟར་ཚེ་དང་ལྡན་པ་ལི་ལིནདའི་བུ་ལ་གནང་བཞི་རྒྱས་པར་ཇི་ལྟར་འདུལ་བ་བཞིན་ཏེ། འདི་ནི། སྣ་ནས་བླུགས་པའི་ལས་ཞེས་བྱའོ། །བཤང་ལམ་ནས་བླུགས་པའི་ལས་གང་ཞེ་ན། དགེ་སློང་རྣམས་ཀྱིས་བྱ་བའི་ཐབས་གཞན་ཡོད་ཀྱི་བར་དུ་བཤང་ལམ་ནས་བླུགས་པའི་ལས་མི་བྱ་སྟེ། བྱེད་ན། ཉེས་པ་སྦོམ་པོར་འགྱུར་རོ། །བྱ་བའི་ཐབས་གཞན་མེད་ན། གདོད་བྱ་སྟེ། འདི་ནི།་བཤང་ལམ་ནས་བླུགས་པའི་ལས་ཞེས་བྱའོ། །མཚོན་གྱི་ལས་གང་ཞེ་ན། དགེ་སློང་རྣམས་ཀྱིས་བྱ་བའི་ཐབས་གཞན་ཡོད་བཞིན་དུ་གདོང་ལ་མཚོན་གྱིས་ལས་བྱ་བར་མི་བྱའོ། །བྱས་ན། ཉེས་བྱས་སུ་འགྱུར་རོ། །བྱ་བའི་ཐབས་གཞན་མེད་ན། བྱ་བར་བྱ་སྟེ། འདི་ནི། མཚོན་གྱི་ལས་ཞེས་བྱའོ། །འབྲེག་པའི་ལས་གང་ཞེ་ན། དགེ་སློང་རྣམས་ཀྱིས་སྐྲ་དང ། ཁ་སྤུ་མ་གཏོགས་པར་དེ་ལས་གཞན་པའི་ཡན་ལག་གི་སྤུ་རྣམས་མི་འབྲེག་གོ། དེ་སྟེ་བྲེགས་ན། ཉེས་བྱས་སུ་འགྱུར་ཏེ། འདི་ནི། འབྲེག་པའི་ལས་ཞེས་བྱའོ། །སྐྲ་བྲེག་པའི་ལས་གང་ཞེ་ན། དགེ་སློང་རྣམས་ཀྱིས་བབ་བབ་ཏུ་སྐྲ་བྲེག་པར་མི་བྱ་སྟེ། ཕྱོགས་གཅིག་ཏུ་སྐྲ་བྲེག་པར་བྱ་ཞིང་རྒན་རིམ་བཞིན་དུ་བྲེག་པར་བྱའོ། །ཡང་ན་སྤུ་གྲི་སོ་གང་གིས་བྲེགས་པར་གྱུར་ན་ཡང་བླང་བར་ Pa363a ༄#། །མི་བྱའོ། །དེ་སྟེ་བླངས་ན། ཉེས་བྱས་སུ་འགྱུར་ཏེ། འདི་ནི། སྐྲ་བྲེག་པ་ཞེས་བྱའོ། །ཆེད་དུ་བྱས་ཏེ་བཟའ་བ་གང་ཞེ་ན། ས་བོན་གྱི་རིགས་ལྔ་རྣམས་ལ་རུང་བའི་ཚད་ལྔས་རུང་བར་བྱས་ཏེ། བཟའ་བར་བྱའོ། །བཏུང་བ་བརྒྱད་ལ་ནི། ཆུས་བླུགས་པར་བྱའོ། །གོས་བཅུ་རྣམས་ནི། ཁ་དོག་ངན་པར་བྱ་བ་གསུམ་གྱི་ཁ་དོག་ངན་པར་བྱས་ཏེ་བཅང་བར་བྱའོ། །དེ་ལྟར་ན། ཆེད་དུ་བྱས་ཏེ་བགོ་བར་བྱའོ། །འབྲས་བུ་ཟ་བ་གང་ཞེ་ན། ཡངས་པའི་གྲོང་ཁྱེར་ན་འབྲས་བུ་མང་པོ་ཞིག་དགེ་སློང་རྣམས་གང་ཟག་གིར་བཟའ་བར་བྱས་ནས་ཟ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གང་ཟག་གིར་བཟའ་བར་བྱས་ནས་བཟའ་བར་མི་བྱའི། དགེ་འདུན་ལ་བྲིམ་པར་བྱའོ། །བཅོམ་ལྡན་འདས་ཀྱིས་དགེ་འདུན་ལ་བྲིམ་པར་བྱོས་ཤིག་།ཅེས་གསུངས་པ་དང ། དེ་ན་གཅིག་གམ། གཉིས་སམ། གསུམ་རྣམས་ཀྱིས་ཀྱང་ལེན་པ་དང ། ཁ་ཅིག་གིས་ནི། མ་ཐོབ། ཁ་ཅིག་ལ་ནི། ལྷག་ནས་དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཐམས་ཅད་ལ་སྙོམས་པར་བྲིམ་པར་བྱའོ། །དེ་དག་ཡང་གདམས་ཤིང་བྲིམ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་བཞིན་དུ་བལྟས་ནས་གདམས་ཤིང་བྲིམ་པར་མི་བྱའོ། །དེ་དག་ཡང་སོར་མོས་སྟོན་ཅིང་ལེན་པ་དང ། བཅོམ་ལྡན་ Pa363b འདས་ཀྱིས་བཀའ་སྩལ་པ། སོར་མོས་སྟོན་ཅིང་བླང་བར་མི་བྱའོ། །དེ་དག་གིས་ཐམས་ཅད་ལ་སྙོམས་པར་བྲིམ་མ་ནུས་ནས་འཁྲུགས་པར་གྱུར་པ་དང ། དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གསོལ་བ་ཉི་ཚེ་བ་བྱོས་ལ་གང་ཡོངས་སུ་བཟའ་བར་འདོད་པས་རུང་བར་བྱེད་པ་དེས། དགེ་སློང་གི་རུང་བར་བྱེད་པ་ལྔས་རུང་བར་བྱས་ཏེ་བྱིན་ལེན་བྱས་ལ་བཟའ་བར་བྱའོ། །འདི་ནི། འབྲས་བུའི་ཡོངས་སུ་སྤྱོད་པ་ཞེས་བྱའོ། །མིའི་ལས་ཡོངས་སུ་སྤྱོད་པ་གང་ཞེ་ན། མིའི་སྟན་གསེར་ལས་བྱས་པའམ།། དངུལ་ལས་བྱས་པའམ། ཤེལ་ལས་བྱས་པའམ། བཻ་ཌཱུརྱ་ལས་བྱས་པའང་རུང ། དགེ་སློང་སྟན་ལ་འདུག་ཅིང་སྣོད་དུ་བཟར་མི་རུང་སྟེ། འདི་ནི། མིའི་ལས་ཡོངས་སུ་སྤྱད་པ་ཞེས་བྱའོ། ། མི་མ་ཡིན་པའི་ལས་སྤྱོད་པ་གང་ཞེ་ན། ལྷའི་ཁང་པར་རམ། ཀླུའི་ཁང་པར་རམ། གནོད་སྦྱིན་གྱི་ཁང་པར་ཡང་རུང་སྟེ། གསེར་ལས་བྱས་པའམ། དངུལ་ལས་བྱས་པའམ། ཤེལ་ལས་བྱས་པའམ། བཻ་ཌཱུརྱ་ལས་བྱས་པའི་ས་གཞི་ལས་འགྲོ་བ་དང ། སྐས་ལ་འཛེག་པ་དང ། སྟན་ལ་འདུག་པ་དང ། སྣོད་ལ་ཡོངས་སུ་སྤྱོད་པ་ནི། དགེ་སློང་རྣམས་ཀྱིས་རུང་བ་བྱ་སྟེ། འདི་ནི། མི་མ་ཡིན་པའི་ལས་ཡོངས་སུ་སྤྱོད་པ་ཞེས་བྱའོ། །འདུལ་བ་བསྡུས་པ་ལྔ་བརྒྱ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་རིང་པོ་མ་ལོན་པ་ན་རྒྱལ་པོའི་ཁབ་ Pa364a ༄#། །ཀྱི་གྲོང་ཁྱེར་དུ་དགེ་སློང་ལྔ་བརྒྱ་འདུས་ནས་མདོ་སྡེ་ཐམས་ཅད་དང ། འདུལ་བ་ཐམས་ཅད་དང ། མངོན་པའི་ཆོས་ཐམས་ཅད་བསྡུས་པར་བྱས་པ་འདི་ནི། འདུལ་བ་བསྡུས་པ་ལྔ་བརྒྱ་ཞེས་བྱའོ། །བདུན་བརྒྱས་འདུལ་བ་བསྡུས་པ་བདུན་བརྒྱ་པ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་ནས་ལོ་བརྒྱ་རྩ་བཅུའི་འོག་ཏུ་ཡངས་པ་ཅན་ན་གནས་པའི་དགེ་སློང་རྣམས་ཀྱིས་མི་རུང་བའི་དངོས་པོ་བཅུ་རྣམས་ཕྱུང་སྟེ། མདོ་སྡེ་ངན་པ་དང ། འདུལ་བ་ངན་པ་དང ། སྟོན་པས་བསྟན་པ་ངན་པ་དང ། མདོ་སྡེ་ལས་འགལ། འདུལ་བ་ལས་མི་འབྱུང ། ཆོས་ཉིད་དང་མི་མཐུན་པ། ཡངས་པའི་དགེ་སློང་རྣམས་ཀྱིས་འདི་ནི། རུང་བའོ། །ཞེས་ཏེ། སྤྱོད་པར་བྱེད། ཤིན་ཏུ་སྤྱོད་པར་བྱེད། སྒྲོག་པར་བྱེད་པ་དེ་ཡང་དགེ་སློང་བདུན་བརྒྱ་རྣམས་གཅིག་ཏུ་འདུས་ནས་འདི་ནི། ཆོས་མ་ཡིན་ནོ། །འདི་ནི། འདུལ་བ་མ་ཡིན་ནོ། །འདི་ནི། སྟོན་པས་བསྟན་པ་མ་ཡིན་ནོ། །ཞེས་ཏེ། མངོན་དུ་ཞི་བར་བྱས་པ་འདི་ནི། འདུལ་བ་སྡུད་པ་བདུན་བརྒྱ་པའོ། །འདུལ་བ་བྱུང་བ་གང་ཞེ་ན། སོ་སོར་ཐར་པ་གཉིས་རྣམ་པར་འབྱེད་པ་དང་བཅས་པ། འདུལ་བའི་དངོས་པོ་བཅོ་བརྒྱད་རྣམས་དང ། འདུལ་བ་གཅིག་གིས་ལྷག་པ་དང ། འདུལ་བའི་མ་ལྟ་བུ་དང ། འདུལ་བ་ལྔ་པོ་དང ། འདུལ་བ་བཅུ་དྲུག་དང ། འདུལ་བ་མ་ན་བི་ཀ་ཞེས་བྱ་བ་དང ། འདུལ་བ་ཕྲན་ཚེགས་དང ། Pa364b ཉི་ཚེ་དང ། གླེང་གཞི་དང ། གཏམ་གྱི་དངོས་པོ་དང ། ུ་པ་ལིས་ཞུས་པ་དང ། ཐུན་མོང་བ་དང ། ཐུན་མོང་མ་ཡིན་པ་རྣམས་དང ། བསླབ་པའི་གནས་དང ། ལུང་བསྒོ་བ་ལྔ་བརྒྱ་དང ། སྐྱེས་པའི་རབས་ཀྱི་སྡེ་ལྔ་བརྒྱ་དང ། སྔོན་གྱི་སྦྱོར་བ་ལྔ་བརྒྱ་པོ་འདི་རྣམས་ནི། འདུལ་བ་བྱུང་བ་ཞེས་བྱའོ། །ནག་པོར་སྟོན་པ་གང་ཞེ་ན། ནག་པོར་སྟོན་པ་བཞི་སྟེ། བཞི་གང་ཞེ་ན། འདིར་དགེ་སློང་ཞིག་འོངས་པ་ལ་དེ་འདི་སྐད་དུ། ངས་དེ་ཉིད་མངོན་སུམ་དུ་བཅོམ་ལྡན་འདས་ཀྱི་དྲུང་ནས་ཐོས་ཏེ་མངོན་སུམ་དུ་བླངས་པ་ནི། འདི་ལྟ་སྟེ། ཆོས་འདི་དང ། འདུལ་བ་འདི་སྟེ། འདི་ནི། སྟོན་པས་བསྟན་པའོ། །ཞེས་སྨྲས་པ་དང ། དེས་དགའ་བར་ཡང་མི་བྱ། སྨད་པར་ཡང་མི་བྱའོ། །དགའ་བར་ཡང་མི་བྱེད། སྨོད་པར་ཡང་མི་བྱེད་ཅིང ། རྣ་བས་ཉན་ལ་ཆོས་ཀྱི་ཚིག་དང ། ཡི་གེ་རྣམས་བླངས་ནས་མདོ་སྡེ་དང་བསྟུན་པར་བྱ། འདུལ་བ་དང་བསྟུན་པར་བྱ་སྟེ། གལ་ཏེ་མདོ་སྡེ་དང་ཡང་བསྟུན། འདུལ་བ་དང་ཡང་བསྟུན་ན། མདོ་སྡེ་དང་ཡང་མི་མཐུན། འདུལ་བ་ལྟར་ཡང་མི་སྣང ། ཆོས་ཉིད་དང་ཡང་མི་མཐུན་ཏེ། དེ་ལྟ་བུར་གྱུར་ན། ཚིག་འདི་སྐད་ཅེས་སྨྲ་བར་བྱའོ། །ཚེ་དང་ལྡན་པ། དེ་ལྟར་འདི་ལྟ་བུའི་ཆོས་ནི། བཅོམ་ལྡན་འདས་ཀྱིས་ཀྱང་མ་གསུངས། ཚེ་དང་ལྡན་པས་ཀྱང་འདྲ་བ་ཉིད་ཆོས་ཉིད་དུ་མ་གཟུང་ཞིག། དེ་ལྟ་བུའི་ཆོས་ནི། བདག་གིས་མདོ་སྡེ་དང་བསྟུན། འདུལ་བ་དང་བསྟུན་ན། མདོ་སྡེ་དང་ཡང་མི་མཐུན། འདུལ་བ་ལྟར་ Pa365a ༄#། །ཡང་མ་གྱུར། ཆོས་ཉིད་དང་ཡང་འགལ་ཏེ། འདི་ནི། ཆོས་མ་ཡིན། འདི་ནི། འདུལ་བ་མ་ཡིན། སྟོན་པས་ཀྱང་དེ་ལྟར་མ་བསྟན་ཏོ། །ཞེས་ཤེས་པར་བྱ་སྟེ། དོར་བར་བྱའོ། །གཞན་དགེ་སློང་ཞིག་འོངས་པ་ལ་དེས་འདི་སྐད་ཅེས་ཟེར་ཏེ། གནས་འདི་ཞེས་བྱ་བ་ན་དགེ་སློང་གི་དགེ་འདུན་ཆེན་པོ་དག་ཅིག་གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་ཤིང་འཁོད་པའི་དགེ་སློང་གི་དགེ་འདུན་དེ་དག་གི་དྲུང་ནས་བདག་གིས་མངོན་སུམ་དུ་ཐོས་ནས་མངོན་སུམ་དུ་བླངས་པ་ནི། འདི་ལྟ་སྟེ། ཆོས་ནི། འདིའོ། །ཞེས་བྱ་བ་ནས་སྔ་མ་བཞིན་ཏེ། དེ་ལྟ་བུ་དེ་ལ་འདི་སྐད་སྨྲ་བར་བྱ་སྟེ། ཚེ་དང་ལྡན་པ། དེ་ལྟར་འདི་ལྟ་བུའི་ཆོས་དག་ནི། དགེ་སློང་གི་དགེ་འདུན་དེ་དག་གིས་ཆོས་སུ་འདུ་ཤེས་པ་དང ། འདུལ་བར་འདུ་ཤེས་ཏེ་སྨྲས་པ་ལས། ཆོས་མ་ཡིན་པ་དང ། འདུལ་བ་མ་ཡིན་པར་སྨྲས་པས་ཚེ་དང་ལྡན་པ་ཁྱོད་ཀྱིས་དེ་ལྟར་ཆོས་མ་ཡིན་པར་བླངས་སོ། །ཞེས་བྱ་བ་ནས་སྔ་མ་བཞིན་དུ་དོར་བར་བྱའོ། །གཞན་ཡང་དགེ་སློང་ཞིག་འོངས་པ་ལ་དེ་དག་འདི་སྐད་ཅེས་ཟེར་ཏེ། གནས་འདི་ཞེས་བྱ་བ་ན་མདོ་སྡེ་འཛིན་པ་དང ། འདུལ་བ་འཛིན་པ་དང ། མ་ལྟ་བུ་འཛིན་པའི་དགེ་སློང་རབ་ཏུ་མང་བ་ཞིག་འཁོད་པའི་དགེ་སློང་དེ་དག་གི་དྲུང་ནས་བདག་གིས་མངོན་སུམ་དུ་ཐོས་ནས་མངོན་སུམ་དུ་བླངས་པ་ནི། འདི་ལྟ་སྟེ། འདི་ནི། ཆོས་སོ། །ཞེས་བྱ་བ་ནས་སྔ་ Pa365b མ་བཞིན་དུ་སྨྲ་བ་ལས། དེས་འདི་སྐད་དུ་སྨྲ་བར་བྱ་སྟེ། ཚེ་དང་ལྡན་པ། དེ་ལྟར་འདི་ལྟ་བུའི་ཆོས་དག་ནི། དགེ་སློང་དེ་དག་གིས་ཆོས་སུ་འདུ་ཤེས། འདུལ་བར་འདུ་ཤེས་ཏེ་ཆོས་མ་ཡིན་པ་དང ། འདུལ་བ་མ་ཡིན་པར་སྨྲས་པ་ལས། ཚེ་དང་ལྡན་བས་ལོག་པའི་ཆོས་བླངས་སོ། །ཞེས་བྱ་བ་ནས་སྔ་མ་བཞིན་དུ་དོར་བར་བྱའོ། །གཞན་ཡང་དགེ་སློང་ཞིག་འོངས་པ་ལ་དེས་འདི་སྐད་དུ་སྨྲས་ཏེ། གནས་འདི་ཞེས་བྱ་བ་ན་དགེ་སློང་གནས་བརྟན་དང ། གནས་བརྟན་གང་ཡང་རུང་བ་དང ། ཤེས་བ་དང ། ཤེས་པ་གང་ཡང་རུང་བ་དང ། གཙོ་བོ་དང ། གཙོ་བོ་གང་ཡང་རུང་བ་དགེ་གནས་པའི་དགེ་སློང་དེ་དག་ལས་བདག་གིས་མངོན་སུམ་དུ་ཐོས་ནས་མངོན་སུམ་དུ་བླངས་སོ། །ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྟེ། དེས་འདི་སྐད་སྨྲ་བར་བྱའོ། །ཚེ་དང་ལྡན་པ།་དེ་ལྟར་དགེ་སློང་དེས་ཆོས་སུ་འདུ་ཤེས། འདུལ་བར་འདུ་ཤེས་ཏེ་ཆོས་མ་ཡིན་པ་དང ། འདུལ་བ་མ་ཡིན་པར་སྨྲས་པ་ལས། ཚེ་དང་ལྡན་པས་དེ་ལྟར་ཆོས་མ་ཡིན་པར་བླངས་སོ། ། ཞེས་བྱ་བ་ནས་སྔ་མ་བཞིན་དུ་དོར་བར་བྱའོ། །ཅིའི་ཕྱིར་ནག་པོར་སྟོན་པ་ཞེས་བྱ་ཞེ་ན། དེ་དང་དེ་དག་ནི། ནག་པོར་སྟོན་པས་ན། ནག་པོར་བསྟན་པ་སྟེ། ནག་པོར་བསྟན་པའོ། །འཕགས་པ་མ་ཡིན་པ་བསྟན་པའོ། །དེའི་ཕྱིར་ནག་པོར་བསྟན་པ་ཞེས་བྱའོ། །ཅིའི་ཕྱིར་ན། དེས་དེ་དག་སྨྲས་ཤེ་ན། ཆོས་མ་ཡིན་པ་ཚར་གཅད་པ་དང ། ཆོས་བསྡུ་བ་དང ། དམ་པའི་ཆོས་ཀྱི་ Pa366a ༄#། །གཟུགས་བརྙན་སོ་སོར་བསལ་བའི་ཕྱིར་འཇིགས་པ་མེད་པས། བདག་ཉན་ཐོས་སུ་འགྱུར་བ་ནི། འདི་ལྟ་སྟེ། སངས་རྒྱས་ཀྱི་གསུང་འདིས་སོ། །འདི་ནི། ནག་པོར་བསྟན་པ་ཞེས་བྱའོ། །ཆེར་སྟོན་པ་གང་ཞེ་ན། ཆེར་སྟོན་པ་བཞི་སྟེ། བཞི་གང་ཞེ་ན། འདིར་དགེ་སློང་ཞིག་འོངས་ནས་དེས་འདི་སྐད་དུ་སྨྲ་སྟེ། བཅོམ་ལྡན་འདས་ཀྱིས་དྲུང་ནས་བདག་གིས་མངོན་སུམ་དུ་ཐོས་ནས་མངོན་སུམ་དུ་བླངས་པ་ནི། འདི་ལྟ་སྟེ། འདི་ནི། ཆོས་སོ། །འདི་ནི། འདུལ་བའོ། །འདི་ནི། སྟོན་པས་བསྟན་པའོ། །ཞེས་དེ་དེ་སྐད་དུ་སྨྲས་པ་ལ་དགའ་བར་ཡང་མི་བྱ།་སྨད་པར་ཡང་མི་བྱའོ། །དགའ་བར་ཡང་མི་བྱ། སྨད་པར་ཡང་མི་བྱ་བར་རྣ་བས་མཉན་ལ་ཆོས་ཀྱི་ཚིག་དང ། ཡི་གེ་རྣམས་བླངས་ཏེ་མདོ་སྡེ་དང་ཡང་བསྟུན་པར་བྱ། འདུལ་བ་དང་ཡང་བསྟུན་པར་བྱ་སྟེ། དེ་སྟེ། མདོ་སྡེ་དང་ཡང་བསྟུན། འདུལ་བ་དང་ཡང་བསྟུན་ནའང་མདོ་སྡེ་དང་མཐུན། འདུལ་བ་ལས་སྣང ། ཆོས་ཉིད་དང་ཡང་མི་འགལ་ན། དེས་དེ་ལ་འདི་སྐད་དུ་སྨྲ་བར་བྱ་སྟེ། ཚེ་དང་ལྡན་པ། དེ་ལྟར་འདི་ལྟ་བུའི་ཆོས་ནི། བཅོམ་ལྡན་འདས་ཀྱིས་གསུངས་ཏེ། ཚེ་དང་ལྡན་པས་ཀྱང་ཆོས་བཞིན་དུ་བླངས་སོ། །བདག་གིས་ཀྱང་དེ་བཞིན་དུ་ཆོས་དེ་མདོ་སྡེ་དང་ཡང་བསྟུན། འདུལ་བ་དང་ཡང་བསྟུན་ན། མདོ་སྡེ་དང་མཐུན། འདུལ་བ་ལས་ཀྱང་འབྱུང ། ཆོས་ཉིད་དང་ཡང་མི་འགལ་ཏེ། འདི་ནི། ཆོས་སོ། འདི་ནི། འདུལ་ Pa366b བའོ། །འདི་ནི། སྟོན་པས་བསྟན་པའོ། །སྙམ་དུ་ཤེས་པར་བྱ་སྟེ། བཅང་བར་བྱའོ། །གཞན་ཡང་དགེ་སློང་ཞིག་འོངས་ནས་དེ་འདི་སྐད་དུ་སྨྲ་སྟེ། གནས་འདི་ཞེས་བྱ་བ་ན་དགེ་སློང་ཆེན་པོའི་དགེ་འདུན་དག་ཅིག་གནས་བརྟན་དང་བཅས། སོ་སོར་ཐར་པ་དང་བཅས་ཤིང་འཁོད་པའི་དགེ་སློང་གི་དགེ་འདུན་དེ་དག་ལས་བདག་གིས་མངོན་སུམ་དུ་ཐོས་ནས་མངོན་སུམ་དུ་བླངས་པ་ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྟེ། དེ་སྐད་སྨྲ་བ་དེ་ལ་དེས་འདི་སྐད་སྨྲ་སྟེ། ཚེ་དང་ལྡན་པ། དེ་ལྟར་ཆོས་འདི་ནི། དགེ་སློང་གི་དགེ་འདུན་དེས་ཆོས་སུ་འདུ་ཤེས། འདུལ་བར་འདུ་ཤེས་ཏེ་ཆོས་དང་འདུལ་བར་སྨྲས་པ་ལས། ཚེ་དང་ལྡན་པས་ཀྱང་ཆོས་འདི་བཞིན་དུ་ལེགས་པར་བླངས་སོ། །ཞེས་བྱ་བ་ནས་སྔ་མ་བཞིན་དུ་བཅང་བར་བྱའོ། །གཞན་ཡང་དགེ་སློང་ཞིག་འོངས་ནས་དེས་འདི་སྐད་དུ་སྨྲས་ཏེ། གནས་འདི་ཞེས་བྱ་བ་ན་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་ལྟ་བུ་འཛིན་པའི་དགེ་སློང་རབ་ཏུ་མང་བ་དག་ཅིག་འཁོད་པའི་དགེ་སློང་དེ་དག་ལས་བདག་གིས་མངོན་སུམ་དུ་ཐོས་ནས་མངོན་སུམ་དུ་བླངས་པ་ནི། འདི་ལྟ་སྟེ། ཆོས་འདི་ཞེས་བྱ་བ་ནས་སྔ་མ་བཞིན་དུ་དེ་སྐད་སྨྲ་བ་ལ། དེས་འདི་སྐད་དུ་སྨྲ་བར་བྱ་སྟེ། ཚེ་དང་ལྡན་པ།་དེ་ལྟར་ཆོས་འདི་ནི། དགེ་སློང་དག་གིས་ཆོས་སུ་འདུ་ཤེས། འདུལ་བར་འདུ་ཤེས་ཏེ་ཆོས་དང ། འདུལ་བར་སྨྲས་པ་ལས། ཚེ་དང་ལྡན་པས་ཀྱང་དེ་ལྟ་བུའི་ཆོས་དགེ་བར་བླངས་ Pa367a ༄#། །སོ། །ཞེས་བྱ་བ་ནས་སྔ་མ་བཞིན་དུ་བཅང་བར་བྱའོ། །གཞན་ཡང་དགེ་སློང་ཞིག་འོངས་ནས་དེ་འདི་སྐད་དུ་སྨྲས་ཏེ། གནས་འདི་ཞེས་བྱ་བ་ན་དགེ་སློང་གནས་བརྟན་དང ། གནས་བརྟན་གང་ཡང་རུང་བ་དང ། ཤེས་པ་དང ། ཤེས་པ་གང་ཡང་རུང་བ་དང ། གཙོ་བོ་དང ། གཙོ་བོ་གང་ཡང་རུང་བ་ཞིག་གནས་པའི་དགེ་སློང་དེ་དག་ལས་བདག་གིས་མངོན་སུམ་དུ་ཐོས་ནས་མངོན་སུམ་དུ་བླངས་པ་ནི། འདི་ལྟ་སྟེ། ཆོས་འདིའོ། །ཞེས་བྱ་བ་ནས་སྔ་མ་བཞིན་དུ་སྟེ། དེ་སྐད་སྨྲ་བ་དེ་ལ་དེས་འདི་སྐད་དུ་སྨྲ་བར་བྱ་སྟེ། ཚེ་དང་ལྡན་པ། དེ་ལྟར་ཆོས་འདི་ནི། དགེ་སློང་དེས་ཆོས་སུ་འདུ་ཤེས། འདུལ་བར་འདུ་ཤེས་ཏེ་ཆོས་དང ། འདུལ་བར་སྨྲས་པ་ལས། ཚེ་དང་ལྡན་པས་ཀྱང་ཆོས་འདི་ནི། ལེགས་པར་བླངས་སོ། །ཞེས་བྱ་བ་ནས་སྔ་མ་བཞིན་དུ་བཅང་བར་བྱའོ། །ཅིའི་ཕྱིར་ཞེ་ན། ཆེར་སྟོན་པ་ཞེས་བྱ་ཞེ་ན། ཚིག་འདི་ཆེར་སྟོན་པ་སྟེ། ཆེར་སྟོན་པས་བསྟན་པའོ། །དེ་དག་ནི། འཕགས་པ་ལྟར་ཡང་སྟོན་པ་སྟེ། དེའི་ཕྱིར་ན། ཆེར་སྟོན་པ་ཞེས་བྱའོ། །ཅིའི་ཕྱིར་དེ་དག་སྨྲས་ཤེ་ན། ཆོས་མ་ཡིན་པ་ཚར་གཅད་པ་དང ། ཆོས་བསྡུ་བ་དང ། དམ་པའི་ཆོས་ཀྱི་གཟུགས་བརྙན་སོ་སོར་བསལ་བའི་ཕྱིར་མི་འཇིགས་པས་བདག་ནི། ཉན་ཐོས་སུ་འགྱུར་བ་སྟེ། འདི་ལྟ་སྟེ། ཆོས་མ་ཡིན་པ་ཚར་གཅད་པ་དང ། ཆོས་བསྡུ་བའི་ཕྱིར་འདི་ནི། ཆེར་སྟོན་པ་ཞེས་ Pa367b བྱའོ། །དེ་ལ་དགེ་སློང་རྣམས་གང་འདི་སྔ་མའི་ནག་པོར་སྟོན་པ་བཞི་པོ་རྣམས་ནི། དགེ་སློང་རྣམས་ཀྱིས་ལེགས་པར་ཤིན་ཏུ་ཡང་དག་པར་རྗེས་སུ་སྦྱོར། ཡང་དག་པར་རྗེས་སུ་བསྟན་ཏེ། འདི་ནི། ཆོས་མ་ཡིན། འདི་ནི། འདུལ་བ་མ་ཡིན། འདི་ནི། སྟོན་པས་བསྟན་པ་མ་ཡིན་པའོ། །ཞེས་ཤེས་པར་བྱ་སྟེ། དོར་བར་བྱའོ། །དེ་ལ་གང་འདི་ཕྱི་མའི་ཆེར་སྟོན་པ་བཞི་པོ་ནི། དགེ་སློང་རྣམས་ཀྱིས་ལེགས་པར་ཤིན་ཏུ་ཡང་དག་པར་རྗེས་སུ་སྦྱོར། ཡང་དག་པར་རྗེས་སུ་བསྟན་ཏེ། འདི་ནི། ཆོས་སོ། །འདི་ནི། འདུལ་བའོ། །འདི་ནི། སྟོན་པས་བསྟན་པའོ། །ཞེས་ཤེས་པར་བྱ་སྟེ། བཅང་བར་བྱའོ། །འདྲེས་པ་གང་ཞེ་ན། གང་རྩ་བ་དང ། སྡོང་བུ་དང ། ལོ་མ་དང ། མེ་ཏོག་དང ། འབྲས་བུའི་སྨན་རྣམས་སུ་སོ་སོར་རྣམ་པར་གཞག་པའི་རྒྱུ་ལས་འདྲེས་པར་གྱུར་པ་ནི། འདྲེས་པ་ཞེས་བྱའོ། །ཤིན་ཏུ་འདྲེས་པ་གང་ཞེ་ན། དེ་ནས་བླངས་ནས་སྔ་དྲོའི་དང ། དེ་ནས་བླངས་ནས་ཕྱི་དྲོའི་དང ། ཞག་བདུན་གྱི་དང ། ནམ་འཚོའི་བར་གྱི་སྟེ། ཕན་ཚུན་འདྲེས་ནས་སྔ་དྲོ་བཟའ་བར་བྱའོ། །སྔ་དྲོ་བར་གཏོགས་པ་ལས་སྔ་དྲོ་འདས་ནས་བཟའ་བར་མི་བྱའོ། །དེ་ནས་བླངས་ནས་ཕྱི་དྲོ་དང ། དེ་ནས་བླངས་ནས་ཞག་བདུན་པའི་དང ། ནམ་འཚོའི་བར་དུ་ཕན་ཚུན་འདྲེས་ན། ཕྱི་དྲོ་བཟའ་བར་བྱ་སྟེ། ཕྱི་དྲོ་ལས་འདས་ན། བཟའ་བར་མི་བྱའོ། །དེ་ནས་བླངས་ནས་ཞག་བདུན་པའི་དང ། དེ་ནས་བླངས་ནས་ནམ་འཚོའི་བར་དུ་ཕན་ཚུན་ Pa368a ༄#། །འདྲེས་ནས་ཞག་བདུན་པར་བཟའ་བར་བྱའོ། །ཞག་བདུན་པ་ལས་ཞག་བདུན་འདས་ན། བཟའ་བར་མི་བྱའོ། །ནམ་འཚོའི་བར་དུ་ནི། ནམ་འཚོའི་བར་དུ་དེ་བཞིན་དུ་བཟའ་བར་བྱའོ། །འདི་ནི། ཤིན་ཏུ་འདྲེས་པ་ཞེས་བྱའོ། །ཀུན་དགར་རུང་བ་གང་ཞེ་ན། དགེ་སློང་གིས་རུང་བ་ནི། ཀུན་དགའི་ནང་དུ་འདུག་པའམ། ཀུན་དགའི་གནས་ཁང་གི་ནང་དུ་འདུག་པ་བླངས་སམ། ལེན་དུ་བཅུག་ཀྱང་རུང་སྟེ། འདི་ནི། སུའི་ཡིན་པ་དེ་ལ་འདི་སྦྱིན་ནོ། །ཞེས་དེ་ལྟ་བུས་བླངས་ན་ནི། ཀུན་དགར་རུང་བ་ཞེས་བྱའོ། །ནགས་སུ་རུང་བ་གང་ཞེ་ན། ནགས་ཞེས་བྱ་བ་ནི། ཤིང་གི་ནགས་ཏེ། དེ་ལ་ཇི་སྙེད་ཀྱི་ཡལ་ག་དང ། ལོ་མ་དང ། འདབ་མ་དང ། མེ་ཏོག་རྣམས་གཅིག་ལ་གཅིག་ཁྱབ་པར་གྱུར་པ་རྒྱང་གྲགས་གཅིག་གི་མཐའ་ཚུན་ཆད་ལ་དེར་དགེ་སློང་གིས་གང་དུ་དགའ་བར་ཆོས་གོས་རྣམས་བཞག་ལ། དེ་ལ་གང་དུ་དགའ་བར་སྐྱ་རེངས་ཤར་གྱི་བར་དུ་གནས་པར་བྱ་སྟེ། འདི་ནི། ནགས་སུ་རུང་བ་ཞེས་བྱའོ། །འཁོར་གྱི་རུང་བ་གང་ཞེ་ན། དགེ་འདུན་གྱི་གཙུག་ལག་ཁང་ན་སོ་སོའི་ཁང་པའི་འཁོར་མང་དུ་གྱུར་ཏེ། དེ་དག་ཏུ་ཇི་ལྟར་རྙེད་པ་སོ་སོར་བྱིན་གྱིས་བརླབས་པ་བཞིན་བགོ་ཞིང་སྤྱད་པར་བྱ་བ་ནི། འཁོར་གྱི་རུང་བ་ཞེས་བྱའོ། །ཡུལ་གྱི་རུང་བ་གང་ཞེ་ན། འཛམ་བུའི་གླིང་གི་དུས་སུ་བྱང་གི་སྒྲ་མི་སྙན་གྱི་གླིང་དུ་དགེ་སློང་ཟན་རུང་སྟེ། ཡུལ་གྱི་རུང་ Pa368b བ་ནི། འཛམ་བུའི་གླིང་འདིའི་དུས་ཀྱི་ཚེ་ན་བྱང་གི་སྒྲ་མི་སྙན་གྱི་གླིང་གི་ནམ་ཕྱེད་དེ། ཇི་ལྟར་འཛམ་བུའི་གླིང་གི་དུས་ཀྱི་ཚེ་གླིང་བཞི་པོ་ཀུན་ཏུ་ཡང་སྦྱར་ཞིང་ཡུལ་དེར་བཟར་རུང་བ་ནི། ཡུལ་གྱི་རུང་བ་ཞེས་བྱའོ། །ཕྱོགས་ཀྱི་རུང་བ་གང་ཞེ་ན། སྨོད་པ་ཅན་གྱི་ལྗོངས་སུ་ལེན་པ་དང ། བླངས་ནས་ཟ་བ་ནི། དགེ་སློང་གིས་རུང་སྟེ། རྫུ་འཕྲུལ་ཆེན་པོ་དང ། མཐུ་ཆེན་པོའི་དགེ་སློང་རྣམས་སྨོད་པ་ཅན་གྱི་ལྗོངས་དེར་བསོད་སྙོམས་ཀྱི་ཕྱིར་དོང་བ་དང ། དེ་དག་ལ་སྨོད་པ་ཅན་གྱི་མི་རྣམས་ཀྱིས་རང་གི་ལག་ནས་བྱིན་ལེན་མི་བྱེད་པར་མདུན་དུ་དོར་བ་བྱེད་པ་དང ། དགེ་སློང་དེ་རྣམས་ཇི་ལྟར་བསྒྲུབ་པ་མི་ཤེས་ནས་དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བྱིན་ལེན་ནི། རྣམ་པ་ལྔར་ཤེས་པར་བྱ་སྟེ། བྱིན་ལེན་རྣམ་པ་ལྔ་གང་ཞེ་ན། ལུས་ཀྱིས་ལུས་ལ་བྱ་བ་དང ། ལུས་ཀྱིས་ལུས་ལ་ཟིན་པ་ལ་བྱ་བ་དང ། ལུས་ཀྱིས་ཟིན་པས་ལུས་ལ་བྱ་བ་དང ། ལུས་ཀྱིས་ཟིན་པས་ལུས་ཀྱིས་ཟིན་པ་ལ་བྱ་བ་དང ། པོར་བའི་བྱིན་ལེན་བྱས་པ་དང་ལྔ་སྟེ། འདི་ནི། ཕྱོགས་ཀྱི་རུང་བ་ཞེས་བྱའོ། །ལྗོངས་ཀྱི་རུང་བ་གང་ཞེ་ན། ཁ་བ་ཅན་གྱི་ལྗོངས་སུ་ལྷམ་ཡུ་བ་ཅན་དང ། ཡུ་མེད་པ་གནང་བར་གསུངས་ཏེ། ལྗོངས་གཞན་དུ་མི་གནང་ངོ ། །ལྗོངས་ཨསྨ་པ་རན་ཏ་ཀར་ནི། པགས་པ་དང ། རྟག་ཏུ་ཁྲུས་གནང་བར་གསུངས་ཏེ། ལྗོངས་གཞན་དུ་མ་ཡིན་ནོ། །མཐའ་འཁོབ་ཀྱི་ Pa369a ༄#། །ལྗོངས་སུ་ནི། དགེ་འདུན་མང་པོ་བཅུར་ལོངས་པ་མེད་ན། འདུལ་བ་འཛིན་པ་དང་ལྔས་བསྙེན་པར་རྫོགས་པར་གནང་བར་གསུངས་ཏེ། ལྗོངས་གཞན་དུ་ནི། མ་ཡིན་ནོ། །འདི་ནི། ལྗོངས་ཀྱི་རུང་བ་ཞེས་བྱའོ། །གོས་ཀྱི་རུང་བ་གང་ཞེ་ན། གོས་རྣམ་པ་བཅུ་ཚོན་གྱིས་བཅད་ཅིང་ཁ་དོག་ངན་པར་བྱས་ཏེ་བཅང་བ་ནི། དགེ་སློང་གི་རུང་བ་སྟེ། འདི་ལྟ་སྟེ། བལ་དང ། ལྡུམ་བུ་ཤ་ན་ཀ་དང ། ཟར་མ་དང ། རྩཝ་དུ་ཀུ་ལ་དང ། རས་བལ་དང ། སྲིན་བལ་དང ། གོས་འཇམ་པོ་དང ། ཁ་ཆེའི་དར་དང ། རྩཝ་ཀོ་ཏམ་བྷ་ཀ་དང ། ཀེ་ཡུ་ར་ཀ་དང ། དེ་བཅུའོ། །གཞན་ཡང་དགེ་སློང་གི་གོས་སུ་རུང་བ་རྣམ་པ་བདུན་རུང་བར་བྱ་མི་དགོས་པར་བཅང་དུ་རུང་བ་ནི། འདི་ལྟ་སྟེ། སྦྱར་མ་དང ། བླ་གོས་དང ། ཐང་གོས་དང ། སྟོད་གཡོགས་དང ། དབྱར་གྱི་རས་ཆེན་དང ། གཡན་པའི་གཡོགས་མ་དང ། ཡོ་བྱད་ཀྱི་གོས་དང་འདི་བདུན་ཏེ། དེ་ནི། གོས་ཀྱི་རུང་བ་ཞེས་བྱའོ། །ཁུ་བ་སྐྱུར་པོའི་རུང་བ་གང་ཞེ་ན། དགེ་སློང་ན་བར་གྱུར་ནས་སྨན་པ་ལ་དྲིས་པ་དང ། སྨན་པས་ཁུ་བ་སྐྱུར་པོ་བཏུང་བར་བྱའོ། །ཞེས་སྨྲས་པ་དང ། དགེ་སློང་དེ་དག་གིས་ཇི་ལྟར་བསྒྲུབ་པ་མ་ཤེས་ནས་དེ་ལྟར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དགེ་སློང་རྣམས་ལ་རྗེས་སུ་གནང་བ་ནི། དྲོད་ཆུང་ཞིང་ཡི་ག་འཆུས་པར་ Pa369b གྱུར་པ་ལ་ཁུ་བ་སྐྱུར་པོ་བྱོས་ཏེ་འཐུངས་ཤིག་།ཁུ་བ་སྐྱུར་པོ་ཇི་ལྟར་བྱ་ཞེ་ན། འབྲས་ཆན་བཅོས་པའི་ཁུ་བ་དང ། འབྲས་བཀྲུས་པའི་ཁུ་བ་དང ། ཞབས་ཀྱི་ཚིགས་མ་ལྷན་ཅིག་ཏུ་ཆུ་དྲོན་པོའི་ནང་དུ་བསྲེས་ལ། ཇི་ལྟར་རྩ་བ་བཞིན་དུ་སྐྱུར་བ་ན་བཏུང་བར་བྱ་སྟེ། དེ་ནི། དགེ་སློང་རྣམས་ཀྱིས་དུས་མ་ཡིན་པའི་ཡང་དགོས་པར་འགྱུར་བ་སྟེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེ་ཡང་རྗེས་སུ་གནང་གི། སླར་ཞིང་གསལ་བ་དང ། རྙོག་པ་མེད་པ་ལས། རས་ལ་བཙགས་ཏེ་ཆུས་བསླད་ལ་ཉིན་པར་དང ། མཚན་མོ་ཐུན་དང་པོའི་བར་དུ་བཏུང་བར་བྱ་སྟེ། འདི་ནི།་ཁུ་བ་སྐྱུར་པོའི་རུང་བའོ། །འདུལ་བ་གཞུང་དམ་པ་ལས། མ་ལྟ་བུའི་བསྙེན་པར་རྫོགས་པའི་ཕུང་པོ་དང་པོ་རྫོགས་སོ།། །།འདུལ་བ་གཞུང་དམ་པ། བམ་པོ་ཞེ་དགུ་པ། རབ་ཏུ་ལྡན་པའི་ཕུང་པོ་གང་ཞེ་ན། སྐབས་འབྱེད་པའི་རབ་ཏུ་ལྡན་པ་དང ། སྐབས་ཕྱེ་བ་འབུལ་བའི་རབ་ཏུ་ལྡན་པ་དང ། སྐབས་ཕྱེ་བ་ལེན་པའི་རབ་ཏུ་ལྡན་པ་དང ། སྐབས་ཕྱེ་བར་སྒྲོག་པའི་རབ་ཏུ་ལྡན་པ་དང ། གསོ་སྦྱོང་རབ་ཏུ་ལྡན་པ་དང ། གསོ་སྦྱོང་དབུལ་བའི་རབ་ཏུ་ལྡན་པ་དང ། གསོ་སྦྱོང་ལེན་པའི་རབ་ཏུ་ལྡན་པ་དང ། གསོ་སྦྱོང་སྒྲོག་པའི་རབ་ཏུ་ལྡན་པ་དང་དད་པའི་རབ་ཏུ་ལྡན་པ་དང ། དད་པ་འབུལ་བའི་རབ་ཏུ་ལྡན་པ་དང ། དད་པ་ལེན་པའི་རབ་ཏུ་ལྡན་པ་དང ། དད་པ་སྒྲོག་པའི་རབ་ཏུ་ལྡན་པ་དང ། ཡོངས་སུ་དག་པའི་རབ་ཏུ་ལྡན་ Pa370a ༄#། །པ་དང ། ཡོངས་སུ་དག་པ་འབུལ་བའི་རབ་ཏུ་ལྡན་པ་དང ། ཡོངས་སུ་དག་པ་ལེན་པའི་རབ་ཏུ་ལྡན་པ་དང ། ཡོངས་སུ་དག་པ་སྒྲོག་པའི་རབ་ཏུ་ལྡན་པ་དང ། དད་པ་དང་ཡོངས་སུ་དག་པའི་རབ་ཏུ་ལྡན་པ་དང ། དད་པ་དང་ཡོངས་སུ་དག་པ་འབུལ་བའི་རབ་ཏུ་ལྡན་པ་དང ། དད་པ་དང་ཡོངས་སུ་དག་པ་ལེན་པའི་རབ་ཏུ་ལྡན་པ་དང ། དད་པ་དང་ཡོངས་སུ་དག་པ་སྒྲོག་པའི་རབ་ཏུ་ལྡན་པ་དང ། མཆོད་རྟེན་གྱི་རབ་ཏུ་ལྡན་པ་དང ། མཆོད་རྟེན་གྱི་དངོས་པོའི་རབ་ཏུ་ལྡན་པ་དང ། མཆོད་རྟེན་གྱི་ཁྱམས་ཀྱི་ཕྲེང་གི་རབ་ཏུ་ལྡན་པ་དང ། མཆོད་རྟེན་གྱི་མི་ཟད་པའི་རབ་ཏུ་ལྡན་པ་དང ། མཆོད་རྟེན་སླར་བཅོས་པའི་རབ་ཏུ་ལྡན་པ་དང ། མཆོད་རྟེན་གྱི་རྒྱན་གྱི་རབ་ཏུ་ལྡན་པ་དང ། མཆོད་རྟེན་ལ་མཆོད་པའི་རབ་ཏུ་ལྡན་པ་དང ། ཟས་ཀྱི་རབ་ཏུ་ལྡན་པ་དང ། ཟས་དང་བཅས་པའི་རབ་ཏུ་ལྡན་པ་དང ། ཐུག་པའི་རབ་ཏུ་ལྡན་པ་དང ། བཅའ་བའི་རབ་ཏུ་ལྡན་པ་དང ། མྱང་བའི་རབ་ཏུ་ལྡན་པ་དང ། བཟའ་བའི་རབ་ཏུ་ལྡན་པ་དང ། ལྷུང་བཟེད་ཀྱི་རབ་ཏུ་ལྡན་པ་དང ། གོས་ཀྱི་རབ་ཏུ་ལྡན་པ་དང ། གདིང་བའི་རབ་ཏུ་ལྡན་པ་དང ། ཁབ་ཀྱི་རབ་ཏུ་ལྡན་པ་དང ། ཁབ་རལ་གྱི་རབ་ཏུ་ལྡན་པ་དང ། གནས་འཆའ་བའི་རབ་ཏུ་ལྡན་པ་དང ། གནས་འཆའ་བ་བླང་བའི་རབ་ཏུ་ལྡན་པ་དང ། གནས་འཆའ་བ་སྦྱིན་པའི་རབ་ཏུ་ལྡན་པ་དང ། Pa370b གནས་འཆའ་བ་སོ་སོར་བཏང་བའི་རབ་ཏུ་ལྡན་པ་དང ། མཁན་པོའི་རབ་ཏུ་ལྡན་པ་དང ། ལྷན་ཅིག་སྤྱོད་པའི་རབ་ཏུ་ལྡན་པ་དང ། སློབ་དཔོན་གྱི་རབ་ཏུ་ལྡན་པ་དང ། ཉེ་གནས་ཀྱི་རབ་ཏུ་ལྡན་པ་དང ། མཁན་པོ་དང ། སློབ་དཔོན་དང ། ལྷན་ཅིག་སྤྱོད་པ་དང ། ཉེ་གནས་ཀྱི་རབ་ཏུ་ལྡན་པ་དང ། དགེ་སློང་གི་རབ་ཏུ་ལྡན་པ་དང ། དགེ་ཚུལ་གྱི་རབ་ཏུ་ལྡན་པ་དང ། དངོས་པོའི་རབ་ཏུ་ལྡན་པ་དང ། གཙུག་ལག་ཁང་གི་རབ་ཏུ་ལྡན་པ་དང ། མལ་སྟན་གྱི་རབ་ཏུ་ལྡན་པ་དང ། ལས་གསར་གྱི་རབ་ཏུ་ལྡན་པ་དང ། ལས་གསར་དུ་བྱེད་པའི་རབ་ཏུ་ལྡན་པ་དང ། ཕྱག་འཚལ་བའི་རབ་ཏུ་ལྡན་པ་དང ། ཁུ་བ་སྐྱུར་པོའི་རབ་ཏུ་ལྡན་པ་དང ། ཕྱེ་མའི་རབ་ཏུ་ལྡན་པ་དང ། སྨན་གྱི་རབ་ཏུ་ལྡན་པ་དང ། བཏུང་བའི་རབ་ཏུ་ལྡན་པ་དང ། པགས་པའི་རབ་ཏུ་ལྡན་པ་དང ། ལྷམ་གྱི་རབ་ཏུ་ལྡན་པ་དང ། ཤིང་ལྷམ་གྱི་རབ་ཏུ་ལྡན་པ་དང ། དྲུད་པའི་རབ་ཏུ་ལྡན་པ་དང ། འཁར་བའི་རབ་ཏུ་ལྡན་པ་དང ། དྲ་བའི་རབ་ཏུ་ལྡན་པ་དང ། འཁར་བ་དང་དྲ་བའི་རབ་ཏུ་ལྡན་པ་དང ། སྒོག་སྐྱའི་རབ་ཏུ་ལྡན་པ་དང ། སྤུ་གྲིའི་རབ་ཏུ་ལྡན་པ་དང ། སྤུ་གྲིའི་ཤུབས་ཀྱི་རབ་ཏུ་ལྡན་པ་དང ། ལྡེ་མིག་ཀྱོག་པོའི་རབ་ཏུ་ལྡན་པ་དང ། སྒོ་ལྕགས་ཀྱི་རབ་ཏུ་ལྡན་པ་དང ། བཞོན་པའི་རབ་ཏུ་ལྡན་པ་དང ། གདུགས་པའི་རབ་ཏུ་ལྡན་པ་དང ། བསིལ་ཡབ་ཀྱི་རབ་ཏུ་ལྡན་པ་དང ། རྔ་མའི་སྦྲང་ཡབ་ཀྱི་རབ་ཏུ་ལྡན་པ་དང ། སྦྲང་ཡབ་ཀྱི་ཡུ་ Pa371a ༄#། །བའི་རབ་ཏུ་ལྡན་པ་དང ། མེ་ལོང་གི་རབ་ཏུ་ལྡན་པ་དང ། ཕྲེང་བ་དང ། དྲི་དང ། བྱུག་པའི་རབ་ཏུ་ལྡན་པ་དང ། གར་དང ། གླུ་དང ། རོལ་མོ་དང ། རྒྱན་གྱི་རབ་ཏུ་ལྡན་པ་དང ། ཚུལ་ཤིང་གི་རབ་ཏུ་ལྡན་པ་དང ། མིག་སྨན་གྱི་རབ་ཏུ་ལྡན་པ་དང ། མིག་སྨན་གྱི་ཐུར་མའི་རབ་ཏུ་ལྡན་པ་དང ། མིག་སྨན་གྱི་སྣོད་ཀྱི་རབ་ཏུ་ལྡན་པ་དང ། གཏུན་དང་རབ་ཏུ་ལྡན་པ་དང ། ཉལ་བ་དང་རབ་ཏུ་ལྡན་པ་དང ། འདུག་པའི་རབ་ཏུ་ལྡན་པ་དང ། པུས་འཁྱུད་ཀྱི་རབ་ཏུ་ལྡན་པ་དང ། བརྡུང་བའི་རབ་ཏུ་ལྡན་པ་དང ། སྐ་རགས་ཀྱི་རབ་ཏུ་ལྡན་པ་དང ། འུར་རྡོའི་རབ་ཏུ་ལྡན་པ་དང ། གོས་ཀྱིས་དཀྲིས་ཤིང་མདུད་པ་བོར་བའི་རབ་ཏུ་ལྡན་པ་དང ། སའི་རབ་ཏུ་ལྡན་པ་དང ། བསྐྱེད་ཤིང་གི་རབ་ཏུ་ལྡན་པ་དང ། དངོས་པོའི་རབ་ཏུ་ལྡན་པ་དང ། ཚལ་གྱི་རབ་ཏུ་ལྡན་པ་དང ། རྩོད་པའི་རབ་ཏུ་ལྡན་པ་དང ། དབྱེན་གྱི་རབ་ཏུ་ལྡན་པ་དང ། འདུས་པའི་རབ་ཏུ་ལྡན་པ་དང ། འདུད་པའི་རབ་ཏུ་ལྡན་པའོ། །མ་ལྟ་བུ་ལས། དངོས་པོ་གཉིས་ཀྱི་ལེའུ་སྟེ། དང་པོ་རྫོགས་སོ།། །།སྐབས་འབྱེད་པའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་མཐོང་བ་དང ། ཐོས་པ་དང ། དོགས་པའི་གནས་གསུམ་གྱི་སྐབས་ཕྱེ་ཞིག་པར་རྗེས་སུ་གནང་སྟེ། དབྱར་གནས་པའི་དགེ་སློང་རྣམས་གཅིག་ཏུ་འདུས་ནས་མཐོང་བ་དང ། ཐོས་པ་དང ། Pa371b དོགས་པའི་ཕྱིར་དགེ་འདུན་ལ་སྐབས་དབྱེ་བར་བྱའོ། །ཅིའི་ཕྱིར་ན་སྐབས་དབྱེ་བར་རྗེས་སུ་གནང ། དགེ་སློང་ལ་ངན་གྲོགས་སུ་འགྱུར་བའི་ཕྱིར་ཏེ། གཅིག་ལ་གཅིག་གླེང་བར་བྱེད། དྲན་པར་བྱེད། རྗོད་པ་དང ། རྗེས་སུ་སྟོན་པར་བྱེད་ཅིང ། དེ་དག་ལ་མཐུས་ཆད་པ་དང ། བསྡིགས་པ་དང ། འཇིགས་པས་བསྡིགས་ན། གཙང་བ་དང ། ཉེས་པ་མེད་པ། ཁ་ན་མ་ཐོ་མེད་པར་དེས་དེ་མ་ཐག་ཏུ་བྱས་པར་འགྱུར་ཏེ། འདི་ལྟར། བདག་ནི། དག་པའོ། །བདག་ནི། ཉེས་པ་མེད་པའོ། །ཞེས་ཟེར་བ་འདི་ནི། སྐབས་འབྱེད་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །སྐབས་ཕྱེ་བ་འབུལ་བའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གང་ནད་པའི་སྐབས་འབྱེད་པའི་གནས་སུ་འགྲོ་མི་ནུས་པའི་སྐབས་ཕྱེ་བ་འབུལ་བར་བྱའོ། །གལ་ཏེ་ནད་པ་མ་ཡིན་པ་ལས་མ་སོང་ན། ཉེས་བྱས་སུ་འགྱུར་རོ། །གལ་ཏེ་དེ་ལ་འཚོ་བའི་བར་དུ་གཅོད་པའམ། ཚངས་པར་སྤྱོད་པའི་བར་དུ་གཅོད་པའམ། བར་དུ་གཅོད་པ་བརྒྱད་ལས་གང་ཡང་རུང་བའི་འཇིགས་པར་འགྱུར་བ་ཞིག་མངོན་སུམ་དུ་གནས་པ་ཡོད་ན། དེས་ཀྱང་སྐབས་ཕྱེ་བ་འབུལ་བར་བྱའོ། །གཞན་གྱིས་བཟུང་སྟེ་དབང་མེད་པར་གྱུར་པས་ཀྱང་སྐབས་ཕྱེ་བ་འབུལ་བར་བྱའོ། །འབུལ་བ་ནི། འདི་ལྟར་བྱ་སྟེ། སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ་ལྷམ་ཕུད་ལ་དགེ་སློང་གི་མདུན་དུ་ཙོག་པུར་འདུག་སྟེ། ཐལ་མོ་རབ་ཏུ་སྦྱར་ལ་འདི་སྐད་ཅེས་སྨྲ་བར་བྱའོ། ། Pa372a ༄#། །ཚེ་དང་ལྡན་པ་དགོངས་ཤིག་།དེང་ནི། དགེ་འདུན་གྱི་བཅོ་ལྔའི་སྐབས་འབྱེད་པ་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཡང་དེང་བཅོ་ལྔའི་སྐབས་འབྱེད་པ་དེ་ལས། བདག་དགེ་སློང་མིང་འདི་ཞེས་བགྱི་བ་ལ་ཡང་མཐོང་བ་དང ། ཐོས་པ་དང ། དོགས་པའི་གནས་གསུམ་དུ་བཙུན་པའི་དགེ་འདུན་གྱིས་སྐབས་འབྱེད་ཀྱི། ཚེ་དང་ལྡན་པ་བདག་ལ་བརྩེ་བར་གྱིས་ཤིག། བརྩེ་བ་ཅན་བརྩེ་བའི་ཕྱིར་ཉེས་པ་ཤེས་པ་དང ། མཐོང་བ་རྣམས་ཚེ་དང་ལྡན་པས་བདག་ལ་སྨྲོས་ཤིག། ཚེ་དང་ལྡན་པས་བདག་ལ་རྗེས་སུ་སྟོན་ཅིག་དང ། ཆོས་བཞིན་དུ་སླར་བགྱིའོ། །ཞེས་དེ་ལྟར་ལན་གཉིས། ལན་གསུམ་དུ་སྨྲ་བར་བྱའོ། །དེས་ཀྱང་རིགས་སོ། །ཞེས་སྨྲོས་ཤིག་།གཉིས་པས་ནི། ལེགས་སོ། །ཞེས་བྱའོ། །དེ་སྟེ་དེ་ལྟར་ནུས་ན་ནི། ལེགས། མི་ནུས་ན། འདུག་སྟེ་དབུལ་བར་བྱའོ། །འདུག་ཀྱང་མི་ནུས་ན། ཉལ་ཏེ་དབུལ་བར་བྱའོ། །ཉལ་ཏེའང་མི་ནུས་ན།་ཆུང་དུ་ན་འདི་སྐད་དུ། སྐབས་ཕྱེ་བ་འབུལ་ལོ། །ཞེས་སྨྲས་ནའང་སྐབས་ཕྱེ་བ་ཕུལ་བ་ཡིན་ནོ། །བདག་གི་ཕྱིར་སྐབས་ཕྱེ་བ་རྗོད་ཅིག་ཅེས་སྨྲས་ན་ཡང་སྐབས་ཕྱེ་བ་ཕུལ་བ་ཡིན་ནོ། །གང་གིས་ཀྱང་སྐབས་ཕྱེ་བ་འབུལ་མི་ནུས་ན། ལུས་ཀྱི་དམིགས་པས་ཕུལ་ན་ཡང་སྐབས་ཕྱེ་བ་ཕུལ་བ་ཞེས་བྱའོ། །ལུས་ཀྱིས་ཀྱང་མི་ནུས་ན། ཚིག་གི་བརྡ་ཙམ་གྱིས་ Pa372b ཕུལ་ན་ཡང་སྐབས་ཕྱེ་བ་ཕུལ་བ་ཞེས་བྱའོ། །ལུས་ཀྱི་དམིགས་པས་ཀྱང་མི་ནུས། ཚིག་གིས་ཀྱང་མི་ནུས་ན། དགེ་འདུན་ཐམས་ཅད་དེར་དེངས་ཤིག་།ཡང་ན་དགེ་སློང་དེ་ཚུར་ཁུག་ཅིག་།དགེ་འདུན་ཐམས་ཅད་ཀྱང་དེར་མ་དོང་ལ་དགེ་སློང་དེའང་དེར་མ་བཀུག་ན། དགེ་འདུན་གྱིས་ལས་མ་འདུས་པར་བྱས་པས་འདས་པ་དང་བཅས་པར་འགྱུར་རོ། །སྐབས་ཕྱེ་བ་ལེན་པའི་དགེ་སློང་གིས་སྐབས་ཕྱེ་བ་བླངས་པ་ལས་དེས་དུས་བྱས་ཏེ་ཤི་ན། སྐབས་ཕྱེ་བ་མ་ཕུལ་བ་ཞེས་བྱ་སྟེ། གཞན་ལ་སྐབས་ཕྱེ་བ་དབུལ་བར་བྱའོ། །དེ་ཡང་བདག་ཉིད་ཁྱིམ་པ་ཡིན་པར་ཁས་བླངས་ནའང་སྐབས་ཕྱེ་བ་མ་ཕུལ་བ་ཞེས་བྱ་སྟེ། གཞན་ལ་སྐབས་ཕྱེ་བ་དབུལ་བར་བྱའོ། །དེ་ཡང་དགེ་སྦྱོང་ངམ། མ་ནིང་ངམ། དགེ་སློང་མ་སུན་ཕྱུང་བའམ། ཕ་བསད་པའམ། མ་བསད་པའམ། དགྲ་བཅོམ་པ་བསད་པའམ། དགེ་འདུན་ལ་དབྱེན་བྱས་པའམ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བའམ། མུ་སྟེགས་ཅན་ནམ། མུ་སྟེགས་ཅན་དུ་སོང་བའམ། རྐུན་གནས་ཅན་ནམ། སྔོན་དུ་ཉམས་པའམ། སྔར་ཉེས་པ་བྱུང་བའམ། འགྲོ་བ་གཞན་དུ་གནས་པ་རྣམས་ཡིན་པར་བདག་ཉིད་ཀྱིས་བས་བླངས་ནའང་སྐབས་ཕྱེ་བ་མ་ཕུལ་བ་ཡིན་ཏེ། གཞན་ལ་སྐབས་དབྱེ་བ་དབུལ་བར་བྱའོ། །དེ་སྟེ་ཟ་མ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་སྐབས་ཕྱེ་བ་མ་ཕུལ་བ་ཞེས་ Pa373a ༄#། །བྱའོ། །དགེ་འདུན་ལ་དབྱེན་བྱས་པ་དང ། མི་གནས་པ་དང་སོ་སོར་གནས་པ་དང ། ཉེ་བར་ཕྱོགས་པ་དང ། བསླང་པ་བྱིན་པ་རྣམས་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་སྐབས་ཕྱེ་བ་མ་ཕུལ་བ་ཞེས་བྱ་སྟེ། འདི་ནི། སྐབས་ཕྱེ་བ་དབུལ་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །སྐབས་ཕྱེ་བ་ལེན་པའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གང་དགེ་སློང་གི་དྲུང་ནས་སྐབས་ཕྱེ་བ་ལེན་པ་ན་དེས་འདི་ལྟར་བླང་བར་བྱའོ། །གཅིག་གིས་གཅིག་གིའམ། གཅིག་གིས་གཉིས་ཀྱིའམ། གཅིག་གིས་མང་པོའི་ཡང་རུང་སྟེ། ཇི་སྙེད་ཀྱི་མིང་སྨོས་ནུས་པ་དེ་སྙེད་ཀྱིས་བླང་བར་བྱའོ། །སྐབས་ཕྱེ་བ་ལེན་པའི་དགེ་སློང་གིས་སྐབས་ཕྱེ་བ་བླངས་ནས་བརྒྱུག་པར་མི་བྱ། མཆོང་པར་མི་བྱ། འཕར་བར་མི་བྱ། སའི་འོག་ནས་འགྲོ་བར་མི་བྱ། ནམ་མཁའ་ལ་འགྲོ་བར་མི་བྱ། མཚམས་ཀྱི་ཕྱི་རོལ་ཏུ་སྐབས་ཕྱེ་བ་བླང་བར་མི་བྱ། མཚམས་ཀྱི་ནང་ནས་ཤེས་བཞིན་པས་སྐབས་ཕྱེ་བ་བླང་བར་བྱའོ། །དེ་སྟེ་མཚམས་ཀྱི་ཕྱི་རོལ་ནས་ལེན་ན། ཉེས་བྱས་སུ་འགྱུར་རོ། །དེ་སྟེ་མཚམས་ཀྱི་ནང་ནས་བླངས་པ་ལས་འཚོ་བའི་བར་དུ་གཅོད་པའམ། ཚངས་པར་སྤྱོད་པའི་བར་དུ་གཅོད་པའམ། བར་དུ་གཅོད་པ་བརྒྱད་ལས་གང་ཡང་རུང་བའི་བར་དུ་གཅོད་པས་འཇིགས་པར་འགྱུར་བ་ཞིག་མངོན་སུམ་དུ་གནས་པར་གྱུར་ན། དེའི་མཚམས་ཀྱི་ཕྱི་རོལ་ནས་འོངས་ Pa373b ཀྱང་ཉེས་པ་མེད་དེ། སྐབས་ཕྱེ་བ་ལེན་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །སྐབས་ཕྱེ་བ་བརྗོད་པའི་རབ་ཏུ་ལྡན་པ་གང་ཞེ་ན། སྐབས་ཕྱེ་བ་བརྗོད་པའི་དགེ་སློང་དགེ་འདུན་གྱི་ནང་དུ་མ་འོངས་པ་ལས་དུས་འདས་ན། སྐབས་ཕྱེ་བ་མི་བརྗོད་པ་ཞེས་བྱའོ། །ཁྱིམ་པ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ན་ཡང་སྐབས་ཕྱེ་བ་མ་བརྗོད་པ་ཞེས་བྱའོ། །དགེ་སྦྱོང་དང ། མ་ནིང་དང ། དགེ་སློང་མ་སུན་ཕྱུང་བ་དང ། ཕ་བསད་པ་དང ། མ་བསད་པ་དང ། དགྲ་བཅོམ་པ་བསད་པ་དང ། དགེ་འདུན་ལ་དབྱེན་བྱས་པ་དང ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་བ་དང ། མུ་སྟེགས་ཅན་དང ། མུ་སྟེགས་ཅན་དུ་སོང་བ་དང ། རྐུན་གནས་དང ། སྔོན་དུ་ཉམས་པ་དང ། སྔར་ཉེས་པ་བྱུང་བ་དང ། འགྲོ་བ་གཞན་དུ་གནས་པ་རྣམས་སུ་བདག་ཉིད་ཀྱིས་ཁས་བླངས་ནའང་སྐབས་ཕྱེ་བ་མ་བརྗོད་པ་ཞེས་བྱའོ། །དེ་སྟེ་ཟ་མ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་སྐབས་ཕྱེ་བ་མ་བརྗོད་པ་ཞེས་བྱའོ། །དགེ་འདུན་ལ་དབྱེན་བྱས་པ་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་བྱིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་སྐབས་ཕྱེ་བ་མ་བརྗོད་པ་ཞེས་བྱའོ། །སྐབས་ཕྱེ་བ་རྗོད་པའི་དགེ་སློང་གིས་སྐབས་ཕྱེ་བ་བླངས་ནས་ཉལ་བར་མི་བྱའོ། །སྙོམས་པར་འཇུག་པར་མི་བྱ་སྟེ། ཤེས་བཞིན་དུ་སྐབས་ཕྱེ་བ་བརྗོད་པར་བྱའོ། །དེ་ཡང་འདི་ལྟར་བརྗོད་དེ། གསོལ་བར་བྱས་པའི་འོག་ཏུ་སྟན་ Pa374a ༄#། །ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ལ། སྐབས་འབྱེད་པའི་དགེ་སློང་གི་དྲུང་དུ་ཙོག་ཙོག་ཕུར་འདུག་ལ་ཐལ་མོ་རབ་ཏུ་སྦྱར་ཏེ་འདི་སྐད་སྨྲོས་ཤིག་།དགོངས་ཤིག་ཚེ་དང་ལྡན་པ། དེང་དགེ་འདུན་གྱིས་བཅོ་ལྔའི་སྐབས་འབྱེད་པ་སྟེ། དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དེང་བཅོ་ལྔའི་སྐབས་འབྱེད་པ་ལགས་ན། དགེ་སློང་མིང་འདི་ཞེས་བགྱི་བ་དེ་ལ་མཐོང་བ་དང ། ཐོས་པ་དང ། དོགས་པའི་གནས་གསུམ་དུ་བཙུན་པ། དགེ་འདུན་ལ་སྐབས་འབྱེད་ཀྱི། ཚེ་དང་ལྡན་པ་བདག་ལ་བརྩེ་བར་གྱིས་ཤིག་།བརྩེ་བ་ཅན་བརྩེ་བའི་ཕྱིར་བདག་གི་ཉེས་པ་ཤེས་པ་དང ། མཐོང་བ་རྣམས་ཚེ་དང་ལྡན་པས་བདག་ལ་སྨྲོས་ཤིག་།ཚེ་དང་ལྡན་པས་བདག་ལ་རྗེས་སུ་སྟོན་ཅིག་དང་ཆོས་བཞིན་དུ་སླར་བགྱིའོ། །ཞེས་དེ་ལྟར་ལན་གཉིས། ལན་གསུམ་གྱི་བར་དུ་སྨྲ་བར་བྱ་སྟེ། དེས་ཀྱང་རིགས་སོ། །ཞེས་སྨྲོས་ཤིག་།གཉིས་པས་ནི། ལེགས་སོ། །ཞེས་བྱའོ། །རྣམ་པ་བཞི་ནི། །སྐབས་ཕྱེ་བ་མ་བརྗོད་པ་ཞེས་བྱ་སྟེ། བཞི་གང་ཞེ་ན། ངོ་ཚ་བ་མེད་པ་དང ། བག་མེད་པ་དང ། གཉིད་ཀྱིས་ལོག་པ་དང ། སྙོམས་པར་ཞུགས་པའོ། །དེ་ལས་གང་ངོ་ཚ་མེད་པ་དང ། བག་མེད་པ་དང་རྣམ་པ་གཉིས་ལ་ནི། ཉེས་པ་དང་བཅས་པར་འགྱུར་རོ། །དེ་ལ་གང་གཉིད་ཀྱིས་ལོག་པ་དང ། སྙོམས་པར་ཞུགས་པ་དང་རྣམ་པ་གཉིས་ལ་ནི། ཉེས་པ་མེད་པར་ Pa374b འགྱུར་ཏེ། འདི་ནི། སྐབས་ཕྱེ་བ་བརྗོད་པ་རབ་ཏུ་ལྡན་པ་ཞེས་བྱའོ། །གསོ་སྦྱོང་གི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་གསོ་སྦྱོང་རྗེས་སུ་གནང་བ་ནི། ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་རྣམས་གཅིག་ཏུ་འདུས་ནས་རང་གི་རྒྱུད་ལ་སོ་སོར་བལྟ་བར་བྱ་སྟེ། མཚན་མོའི་རྒྱུད་དང ། ཉིན་པར་གྱི་རྒྱུད་དང ། ཟླ་བ་གཅིག་གི་རྒྱུད་ལ་བདག་གིས་དེའི་བར་སྐབས་སུ་ལྟུང་བ་འགའ་ཞིག་བྱུང་ངམ་མ་བྱུང ། དེ་སྟེ་བྱུང་བར་གྱུར་ན། ཡིད་བརྟན་པའི་དགེ་སློང་ཞིག་རྙེད་ན། མཐོལ་བར་བྱའོ། །མ་རྙེད་ན། སེམས་ཀྱིས་བསྔོ་བར་བྱའོ། །སྙམ་པ་འདི་ནི། གསོ་སྦྱོང་གི་རབ་ཏུ་ལྡན་པ་ཞེས་བྱ་སྟེ། ཅིའི་ཕྱིར་གསོ་སྦྱོང་ཞེས་བྱ་ཞེ་ན། སྡིག་པ་མི་དགེ་བའི་ཆོས་དང ། ཉོན་མོངས་པ་དང ། རྣམ་པར་མ་བྱང་བ་དང ། རང་བཞིན་གྱིས་མ་དག་པའི་རྣམས་ངེས་པར་སྤོང་བར་འགྱུར་ཞིང ། དག་པའི་རང་བཞིན་ཉེ་བར་ཐོབ་པར་འགྱུར་ཏེ། དེ་ལྟ་བུའི་ཕྱིར་གསོ་སྦྱོང་ཞེས་བྱའོ། །འདི་ནི། གསོ་སྦྱོང་གི་རབ་ཏུ་ལྡན་པ་ཞེས་བྱའོ།། གསོ་སྦྱོང་དབུལ་བའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གང་ནད་པ་གསོ་སྦྱོང་གི་གནས་སུ་འགྲོ་བར་མི་ནུས་པ་ནི། གསོ་སྦྱོང་དབུལ་བར་བྱའོ། །ནད་པ་མ་ཡིན་པར་མ་སོང་ན། ཉེས་བྱས་སུ་འགྱུར་རོ། །གལ་ཏེ་དེའི་འཚོ་བའི་བར་དུ་གཅོད་པའམ། ཚངས་པར་སྤྱོད་པའི་བར་དུ་གཅོད་པའམ། བར་དུ་གཅོད་པ་བརྒྱད་ལས་གང་ཡང་རུང་བའི་བར་དུ་གཅོད་པས་ Pa375a ༄#། །འཇིགས་པར་འགྱུར་བ་ཞིག་མངོན་སུམ་དུ་གནས་པར་གྱུར་ན། དེས་ཀྱང་གསོ་སྦྱོང་དབུལ་བར་བྱའོ། དེས་ཀྱང་གསོ་སྦྱོང་དབུལ་བར་བྱའོ། །དབང་མེད་པ་ཞིག་ཏུ་ཟིན་པར་གྱུར་ཀྱང ། གསོ་སྦྱོང་དབུལ་བར་བྱའོ། །དེ་ཡང་འདི་ལྟར་དབུལ་ཏེ། སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ། དགེ་འདུན་གྱི་མདུན་དུ་ཙོག་ཙོག་པུར་འདུག་ནས་ཐལ་མོ་རབ་ཏུ་སྦྱར་ཏེ་ཚིག་འདི་སྐད་ཅེས་བརྗོད་དོ། །དགོངས་ཤིག་ཚེ་དང་ལྡན་པ། དེང་དགེ་འདུན་གྱི་བཅོ་ལྔའི་གསོ་སྦྱོང་སྟེ། བདག་དགེ་སློང་མིང་འདི་ཞེས་བྱ་བའི་ཡང་བཅོ་ལྔའི་གསོ་སྦྱོང་ན། བདག་དགེ་སློང་མིང་འདི་ཞེས་བགྱི་བ་གསོ་སྦྱོང་ལ་དད་པ་དང ། ཡོངས་སུ་དག་པ་དབུལ་ལོ། །དེ་བཞིན་དུ་ལན་གཉིས། ལན་གསུམ་དུ་རྗོད་ཅིག་།དེས་ཀྱང་རིགས་སོ། །ཞེས་སྨྲོས་ཤིག་།གཉིས་པས་ནི།་ལེགས་སོ། །ཞེས་བྱའོ། །དེ་ལྟར་སྦྱིན་ནུས་ན་ནི། ལེགས། མི་ནུས་ན། འདུག་ལ་གསོ་སྦྱོང་ཕུལ་ཅིག་།དེའང་ཕུལ་བ་ཞེས་བྱའོ། འདུག་སྟེའང་མི་ནུས་ན། ཉལ་བས་ཀྱང་ཕུལ་ན། དེའང་ཕུལ་བ་ཞེས་བྱའོ། །དེའང་མི་ནུས་ན། ཆུང་དུན་གསོ་སྦྱོང་འབུལ་ལོ། །ཞེས་སྨྲས་ནའང་ཕུལ་བ་ཡིན་ནོ། །བདག་གི་ཕྱིར་རྗོད་ཅིག་ཅེས་ཟེར་ནའང་གསོ་སྦྱོང་ཕུལ་བ་ཡིན་ནོ། །ངག་གིས་མ་ཡིན་གྱི། ལུས་ཀྱིས་དམིགས་ནའང་གསོ་སྦྱོང་ཕུལ་བ་ཡིན་ནོ། །ལུས་ཀྱིས་མ་ཡིན་གྱི། ངག་གིས་བརྗོད་ནའང་གསོ་སྦྱོང་ཕུལ་བ་ཡིན་ནོ། །ལུས་ཀྱིས་ཀྱང་ Pa375b མ་ཡིན།་ཚིག་གིས་ཀྱང་མ་ཡིན་ན། དགེ་འདུན་ཐམས་ཅད་དེའི་དྲུང་དུ་དེངས་ཤིག་།ཡང་ན་དེ་དགེ་འདུན་གྱི་ནང་དུ་ཁུག་ཅིག་།དགེ་འདུན་ཡང་དེར་མ་དོང་ངམ། དེའང་དགེ་འདུན་གྱི་ནང་དུ་མ་བཀུག་པར་དགེ་འདུན་གྱིས་མ་འདུས་པར་ལས་བྱས་ན། འདས་པ་དང་བཅས་པར་འགྱུར་ཏེ། འདི་ནི། གསོ་སྦྱོང་དབུལ་བའི་རབ་ཏུ་ལྡན་པ་ཞེས་བྱ་སྟེ། གསོ་སྦྱོང་ལེན་པའི་གང་ཟག་གསོ་སྦྱོང་བླངས་ནས་དེ་ཉིད་དུ་འདས་ན། གསོ་སྦྱོང་མ་ཕུལ་བ་ཡིན་ཏེ། གཞན་ལ་གསོ་སྦྱོང་དབུལ་བར་བྱའོ། །བདག་ཉིད་ཁྱིམ་པ་ཡིན་པར་ཁས་བླངས་ན། གསོ་སྦྱོང་མ་ཕུལ་བ་ཡིན་ཏེ། གཞན་ལ་གསོ་སྦྱོང་དབུལ་བར་བྱའོ། །དགེ་སྦྱོང་ངམ། མ་ནིང་ངམ། དགེ་སློང་མ་སུན་ཕྱུང་བའམ། ཕ་བསད་པའམ། མ་བསད་པའམ། དགྲ་བཅོམ་པ་བསད་པའམ། དགེ་འདུན་གྱི་དབྱེན་བྱས་པའམ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱི་ཁྲག་ཕྱུང་བའམ། མུ་སྟེགས་ཅན་དུ་སོང་བའམ། རྐུན་གནས་སམ། སྔོན་ཉམས་པའམ། སྔར་ཉེས་པ་བྱུང་བའམ། འགྲོ་བ་གཞན་དུ་གནས་པར་བདག་ཉིད་ཁས་བླངས་ན། གསོ་སྦྱོང་མ་ཕུལ་བ་ཡིན་ཏེ། གཞན་ལ་གསོ་སྦྱོང་དབུལ་བར་བྱའོ། །དེ་སྟེ་ཟ་མ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་གསོ་སྦྱོང་མ་ཕུལ་བ་ཡིན་ཏེ། གཞན་ལ་དབུལ་བར་བྱའོ། །མི་གནས་པ་དང ། སོ་སོར་གནས་པ་དང ། བསླབ་པ་བྱིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་གསོ་སྦྱོང་ཕུལ་བ་མ་ཡིན་ཏེ། གསོ་ Pa376a ༄#། །སྦྱོང་གཞན་ལ་དབུལ་བར་བྱ་སྟེ། དེ་ནི། གསོ་སྦྱོང་དབུལ་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །གསོ་སྦྱོང་ལེན་པའི་རབ་ཏུ་ལྡན་པ་གང་ཞེ་ན། གསོ་སྦྱོང་ལེན་པའི་དགེ་སློང་གིས་གསོ་སྦྱོང་བླངས་ནས་བརྒྱུག་པར་མི་བྱ། མཆོང་བར་མི་བྱ། འཕར་བར་མི་བྱ། སའི་འོག་ནས་འགྲོ་བར་མི་བྱ། ནམ་མཁའ་ལས་འགྲོ་བར་མི་བྱ། མཚམས་ཀྱི་ཕྱི་རོལ་ཏུ་གསོ་སྦྱོང་བླང་བར་མི་བྱ། མཚམས་ཀྱི་ནང་ནས་ཤེས་བཞིན་པས་གསོ་སྦྱོང་བླང་བར་བྱའོ། །དེ་སྟེ་མཚམས་ཀྱི་ཕྱི་རོལ་ནས་ལེན་ན། ཉེས་བྱས་སུ་འགྱུར་རོ། །དེ་སྟེ་མཚམས་ཀྱི་ནང་ནས་ལེན་པ་ལ་འཚོ་བའི་བར་དུ་གཅོད་པའམ། ཚངས་པར་སྤྱོད་པའི་བར་དུ་གཅོད་པའམ། བར་དུ་གཅོད་པ་བརྒྱད་ལས་གང་ཡང་རུང་བའི་བར་དུ་གཅོད་པས་འཇིགས་པར་འགྱུར་བ་ཞིག་མངོན་སུམ་དུ་གནས་པར་གྱུར་ན། དེས་མཚམས་ཀྱི་ཕྱི་རོལ་ནས་ལེན་ཀྱང་ཉེས་པ་མེད་དེ། འདི་ནི། གསོ་སྦྱོང་ལེན་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །གསོ་སྦྱོང་བརྗོད་པའི་རབ་ཏུ་ལྡན་པ་གང་ཞེ་ན། གསོ་སྦྱོང་བརྗོད་པའི་དགེ་སློང་དེ་དགེ་འདུན་གྱི་ནང་དུ་མ་འོངས་པ་ལས་དུས་འདས་ཏེ་ཤིན། གསོ་སྦྱོང་མ་བརྗོད་པ་ཞེས་བྱའོ། །ཁྱིམ་པ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་གསོ་སྦྱོང་མ་བརྗོད་པ་ཞེས་བྱའོ། །དགེ་སྦྱོང་ངམ། མ་ནིང་ངམ། དགེ་སློང་མ་སུན་ཕྱུང་བའམ་ཞེས་བྱ་བ་ནས་འགྲོ་བ་གཞན་དུ་གནས་པ་ Pa376b ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། བདག་ཉིད་ཀྱིས་ཁས་བླངས་ནའང་གསོ་སྦྱོང་མ་བརྗོད་པ་ཞེས་བྱའོ། །དེ་སྟེ་ཟ་མ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་གསོ་སྦྱོང་མ་བརྗོད་པ་ཞེས་བྱའོ། །དགེ་འདུན་ལ་དབྱེན་བྱས་པ་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་བྱིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་གསོ་སྦྱོང་མ་བརྗོད་པ་ཞེས་སྟེ།་འདི་ནི། གསོ་སྦྱོང་བརྗོད་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །དད་པའི་རབ་ཏུ་ལྡན་པ་གང་ཞེ་ན། དད་པ་ཞེས་བྱ་བ་ནི། དགེ་འདུན་གྱི་ཆོས་བཞིན་དུ་བྱ་བ་རྣམས་ལ་ལྟ་བ་དང ། བློ་གྲོས་དང ། འདོད་པ་དང ། བསམ་པས་དད་པ་འབུལ་བ་དང ། དགེ་འདུན་གྱི་ཆོས་བཞིན་དུ་བྱ་བ་རྣམས་ལ་རྗེས་སུ་ཡི་རང་བ་དང ། ཉེ་བར་ཕྱོགས་པ་དང ། ཁས་བླངས་པ་དང ། ཁས་ལེན་པར་བྱེད་པ་འདི་ནི། དད་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །དད་པ་འབུལ་བའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གང་ནད་པ་གསོ་སྦྱོང་གི་གནས་སུ་འགྲོ་མི་ནུས་པས་ནི། དད་པ་དབུལ་བར་བྱའོ། །དེ་སྟེ་མི་ན་བར་མ་སོང་ན། ཉེས་བྱས་སུ་འགྱུར་རོ། །གལ་ཏེ་འཚོ་བའི་བར་དུ་གཅོད་པའམ། ཚངས་པར་སྤྱོད་པའི་བར་དུ་གཅོད་པའམ། བར་དུ་གཅོད་པ་བརྒྱད་ཀྱི་ནང་ནས་གང་ཡང་རུང་བའི་བར་དུ་གཅོད་པས་འཇིགས་པར་འགྱུར་བ་ཞིག་མངོན་སུམ་དུ་གནས་པར་གྱུར་ན། དེས་ཀྱང་དད་པ་དབུལ་བར་བྱའོ། །དབང་མེད་པས་ཟིན་པར་གྱུར་པ་ Pa377a ༄#། །ཡང་དད་པ་དབུལ་བར་བྱའོ། །དེ་ཡང་འདི་ལྟར་དབུལ་བར་བྱའོ། །སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་དགེ་སློང་གི་མདུན་དུ་ཙོག་ཙོག་པུར་འདུག་སྟེ། ཐལ་མོ་རབ་ཏུ་སྦྱོར་ལ་འདི་སྐད་སྨྲོས་ཤིག་།དགོངས་ཤིག་ཚེ་དང་ལྡན་པ་དག་།དགེ་སློང་མིང་འདི་ཞེས་བགྱི་བ་ཡང་དགེ་འདུན་གྱི་ཆོས་བཞིན་དུ་བྱ་བ་ལ་དད་པ་འབུལ་ལོ། །དགེ་འདུན་གྱི་ཆོས་བཞིན་དུ་བྱ་བ་རྣམས་ལ་རྗེས་སུ་ཡི་རང་ངོ ། །ཁས་ལེན་ཏོ། །ཁས་བླང་པར་བགྱིའོ། །ཞེས་དེ་ལྟར་ལན་གཉིས། །ལན་གསུམ་དུ་སྨྲ་བར་བྱའོ། ། དེས་ཀྱང་རིགས་སོ། །ཞེས་སྨྲོས་ཤིག་།གཉིས་པས་ནི། ལེགས་སོ། །ཞེས་བྱ་བའོ། །དེ་སྟེ་དེ་ལྟར་འབུལ་ནུས་ན་ནི། ལེགས། མི་ནུས་ན། འདུག་སྟེ་དབུལ་བར་བྱའོ། །འདུག་སྟེའང་མི་ནུས་ན། ཉལ་ཏེ་དབུལ་བར་བྱའོ། །ཉལ་ཏེའང་མི་ནུས་ན། ཆུང་ངུ་ན་འདི་སྐད་དུ། དད་པ་འབུལ་ལོ། །ཞེས་སྨྲས་ནའང་དད་པ་ཕུལ་བ་ཡིན་ནོ། །བདག་གི་ཕྱིར་ཡང་དད་པ་རྗོད་ཅིག་ཅེས་ཟེར་ནའང་དད་པ་ཕུལ་བ་ཡིན་ནོ། །ངག་གིས་མ་ནུས་ཏེ་ལུས་ཀྱི་དམིགས་པས་བྱས་ནའང་དད་པ་ཕུལ་བ་ཡིན་ནོ། །ལུས་ཀྱིས་མ་ནུས་ཏེ་ཚིག་གིས་བརྡ་བྱས་ནའང་དད་པ་ཕུལ་བ་ཡིན་ནོ། །ལུས་དང་ཚིག་གཉིས་ཀས་བརྡ་བྱས་ནའང་དད་པ་བྱིན་པ་ཡིན་ནོ། །ལུས་ཀྱིས་ཀྱང་མི་ནུས། ཚིག་གིས་ཀྱང་མི་ནུས་ན། དེར་དགེ་འདུན་ཐམས་ Pa377b ཅད་དེངས་ཤིག་།ཡང་ན་དགེ་འདུན་ཐམས་ཅད་ཀྱིས་དེས་ཁུག་ཅིག། དགེ་འདུན་ཐམས་ཅད་ཀྱང་དེར་མ་དོང་ལ། དགེ་སློང་དེ་ཡང་དེར་མ་བཀུག་ན། མ་འདུས་པ་ཞེས་བྱ་སྟེ། དགེ་འདུན་ལས་བྱེད་པ་རྣམས་ཀྱང་འདས་པ་དང་བཅས་པར་འགྱུར་རོ། །དད་པ་ལེན་པའི་དགེ་སློང་གིས་དད་པ་བླངས་ནས་དེ་ཉིད་དུ་དུས་འདས་ཏེ་ཤི་ན། དད་པ་མ་ཕུལ་བ་ཞེས་བྱ་སྟེ། གཞན་ལ་དད་པ་དབུལ་བར་བྱ། ཁྱིམ་པ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་དད་པ་མ་ཕུལ་བ་ཞེས་བྱ་སྟེ། གཞན་ལ་དད་པ་དབུལ་བར་བྱ། དགེ་སྦྱོང་ངམ། མ་ནིང་ངམ། དགེ་སློང་མ་སུན་ཕྱུང་བ་ཞེས་བྱ་བ་ནས་འགྲོ་བ་གཞན་དུ་གནས་པའི་བར་སྔ་མ་བཞིན་ནོ། །བདག་ཉིད་ཀྱིས་ཁས་བླངས་ནའང་དད་པ་མ་ཕུལ་བ་ཞེས་བྱ་སྟེ། གཞན་ལ་དད་པ་དབུལ་བར་བྱའོ།། དེ་སྟེ་ཟ་མ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་དད་པ་མ་ཕུལ་བ་ཞེས་བྱའོ། །དགེ་འདུན་ཕྱེ་བའམ། མི་གནས་པའམ། སོ་སོར་གནས་པའམ། ཉེ་བར་ཕྱོགས་པའམ། བསླབ་པ་བྱིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་དད་པ་མ་ཕུལ་བ་ཞེས་བྱ་སྟེ། འདི་ནི། དད་པ་དབུལ་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །དད་པ་ལེན་པའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གང་དགེ་སློང་གི་དྲུང་ནས་དད་པ་ལེན་པ་དེས་འདི་ལྟར་བྱ་སྟེ། གཅིག་གིས་གཅིག་གིའམ། གཅིག་གིས་གཉིས་ཀྱིའམ། གཅིག་གིས་མང་པོའི་འམ། ཇི་སྙེད་ཀྱི་མིང་སྨོས་ནུས་པ་ Pa378a ༄#། །དེ་སྙེད་ཀྱིས་བླང་བར་བྱའོ། །དད་པ་ལེན་པའི་དགེ་སློང་གིས་དད་པ་བླངས་ནས་བརྒྱུག་པར་མི་བྱ། མགྱོགས་པར་འགྲོ་བར་མི་བྱ། མཆོང་བར་མི་བྱ། འཕར་བར་མི་བྱ། སའི་འོག་ནས་འགྲོ་བར་མི་བྱ། ནམ་མཁའ་ལས་འགྲོ་བར་མི་བྱ། མཚམས་ཀྱི་ཕྱི་རོལ་ནས་བླང་བར་མི་བྱ། མཚམས་ཀྱི་ནང་ནས་ཤེས་བཞིན་པས་དད་པ་བླང་བར་བྱའོ། །དེ་སྟེ་མཚམས་ཀྱི་ཕྱི་རོལ་ནས་ལེན་ན། ཉེས་བྱས་སུ་འགྱུར་རོ། །དེ་སྟེ་མཚམས་ཀྱི་ནང་ནས་ལེན་དུ་འཚོ་བའི་བར་དུ་གཅོད་པའམ། ཚངས་པར་སྤྱོད་པའི་བར་དུ་གཅོད་པའམ། བར་དུ་གཅོད་པ་བརྒྱད་ལས་གང་ཡང་རུང་བའི་བར་དུ་གཅོད་པས། འཇིགས་པར་འགྱུར་བ་ཞིག་མངོན་སུམ་དུ་གནས་པར་གྱུར་ན། དེས་མཚམས་ཀྱི་ཕྱི་རོལ་ནས་བླངས་ཀྱང་ཉེས་པ་མེད་དེ། འདི་ནི། དད་པ་ལེན་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །དད་པ་བརྗོད་པའི་རབ་ཏུ་ལྡན་པ་གང་ཞེ་ན། དད་པ་བྱིན་པའི་དགེ་སློང་དགེ་འདུན་གྱི་ནང་དུ་འོངས་པ་ལས་དུས་འདས་ཏེ་ཤི་ན། དད་པ་མ་བརྗོད་པ་ཞེས་བྱའོ། །ཁྱིམ་པ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ན། དད་པ་མ་བརྗོད་པ་ཞེས་བྱའོ། །དགེ་སྦྱོང་ངམ། མ་ནིང་ངམ། དགེ་སློང་མ་སུན་ཕྱུང་བ་ཞེས་བྱ་བ་ནས་འགྲོ་བ་གཞན་དུ་གནས་པའི་བར་དུ་སྔ་མ་བཞིན་དུ་སྟེ། བདག་ཉིད་ཀྱིས་ཁས་བླངས་ནའང་དད་པ་མ་བརྗོད་པ་ཞེས་བྱའོ། །དེ་སྟེ་ཟ་མ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་དད་པ་མ་བརྗོད་པ་ Pa378b ཞེས་བྱའོ། །དགེ་འདུན་ཕྱེ་བའམ། མི་གནས་པའམ། སོ་སོར་གནས་པའམ། ཉེ་བར་ཕྱོགས་པའམ། བསླབ་པ་བྱིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་དད་པ་མ་བརྗོད་པ་ཞེས་བྱའོ། །དད་པ་བརྗོད་པའི་དགེ་སློང་གིས་དད་པ་བླངས་ནས་མི་ཉལ་བར་བྱ། སྙོམས་པར་འཇུག་པར་མི་བྱ། ཤེས་བཞིན་པས་དད་པ་བརྗོད་པར་བྱ། དེ་ཡང་འདི་ལྟ་བུར་བརྗོད་པར་བྱའོ། །སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་དགེ་སློང་གི་མདུན་དུ་ཙོག་ཙོག་པུར་འདུག་སྟེ། ཐལ་མོ་རབ་ཏུ་སྦྱོར་ལ་འདི་སྐད་དུ་སྨྲ་བར་བྱ་སྟེ། དགོངས་ཤིག་ཚེ་དང་ལྡན་པ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་ཆོས་བཞིན་དུ་མཛད་པ་ལ་དད་པ་འབུལ་ལོ། །དགེ་འདུན་གྱི་ཆོས་བཞིན་མཛད་པ་ལ་རྗེས་སུ་ཡི་རང་ངོ ། །རྗེས་སུ་མངོན་པར་འགྲོའོ། །ཞེས་དེ་ལྟར་ལན་གཉིས། ལན་གསུམ་དུ་སྨྲ་བར་བྱའོ། །དེས་ཀྱང་རིགས་སོ། །ཞེས་སྨྲོས་ཤིག། གཉིས་པས་ནི། ལེགས་སོ། །ཞེས་བྱ་བའོ། །རྣམ་པ་བཞིས་ན། དད་པ་མ་བརྗོད་པ་ཞེས་བྱའོ། །བཞི་གང་ཞེ་ན། ངོ་ཚ་མེད་པ་དང ། བག་མེད་པ་དང ། གཉིད་ཀྱིས་ལོག་པ་དང ། སྙོམས་པར་ཞུགས་པའོ། །དེ་ལ་གང་ངོ་ཚ་མེད་པ་དང ། བག་མེད་པ་དང་ལྡན་པ་རྣམ་པ་འདི་གཉིས་ནི། ཉེས་པ་དང་བཅས་བར་འགྱུར་རོ། །གང་གཉིད་ཀྱིས་ལོག་པ་དང ། གང་སྙོམས་པར་ཞུགས་པ་རྣམ་པ་འདི་གཉིས་ནི། ཉེས་པ་མེད་པར་འགྱུར་བ་སྟེ། འདི་ནི། དད་པ་བརྗོད་པའི་རབ་ཏུ་ལྡན་པ་ཞེས་བྱའོ། ། Pa379a ༄#། །ཡོངས་སུ་དག་པའི་རབ་ཏུ་ལྡན་པ་གང་ཞེ་ན། འདི་ལྟར་བདག་ནི། ཉེས་པ་མེད་པ། འདི་ལྟར་བདག་ནི། དག་པ། འདི་ལྟར་བདག་ནི། ཉེས་པ་མ་བྱུང་མོད་ཀྱི། འོན་ཀྱང་ཟླ་བ་ཕྱེད་ཕྱེད་ཅིང་དགེ་སློང་གིས་སེམས་རྩེ་གཅིག་པས་བདག་གི་སེམས་ལ་བདག་གིས་ཇི་ལྟར་བླངས་པའི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་ལྡན་པ་ལས་མ་གོད་དམ། མ་ཉམས་སམ། མ་རལ་ལམ། འདྲེས་པར་མ་བྱས་སམ། ཡོངས་སུ་དག་གམ། བདག་ལ་ཉེས་པ་མ་བྱུང་ངམ། ཉེས་པ་མེད་པ་ཡིན་ནམ་བརྟག་པར་བྱ་སྟེ། འདི་ནི། ཡོངས་སུ་དག་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །ཡོངས་སུ་དག་པ་འབུལ་བའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གང་ནད་པ་གསོ་སྦྱོང་གི་གནས་སུ་འགྲོ་མི་ནུས་པས་ནི། ཡོངས་སུ་དག་པ་འབུལ་བར་བྱའོ། །དེ་སྟེ་མི་ན་བར་མ་སོང་ན། ཉེས་བྱས་སུ་འགྱུར་རོ། །ཅི་སྟེ་དེའི་འཚོ་བའི་བར་དུ་གཅོད་པའམ། ཚངས་པར་སྤྱོད་པའི་བར་དུ་གཅོད་པའམ། བར་དུ་གཅོད་པ་བརྒྱད་ལས་གང་ཡང་རུང་བའི་བར་དུ་གཅོད་པས་འཇིགས་པར་འགྱུར་བ་ཞིག་མངོན་སུམ་དུ་གནས་པར་གྱུར་ན། དེས་ཀྱང་ཡོངས་སུ་དག་པ་དབུལ་བར་བྱའོ། །དབང་མེད་པས་ཟིན་པར་གྱུར་པ་ཡང་ཡོངས་སུ་དག་པ་དབུལ་བར་བྱའོ། །དེ་ཡང་འདི་ལྟར་དབུལ་བར་བྱ་སྟེ། སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་དགེ་སློང་གི་མདུན་དུ་ཙོག་ཙོག་པོར་འདུག་ལ་ཐལ་མོ་རབ་ཏུ་སྦྱར་ཏེ་འདི་སྐད་ Pa379b སྨྲོས་ཤིག་།དགོངས་ཤིག་ཚེ་དང་ལྡན་པ། དེང་དགེ་འདུན་གྱི་བཅོ་ལྔའི་གསོ་སྦྱོང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་དེང་བཅོ་ལྔའི་གསོ་སྦྱོང་སྟེ། བདག་གི་བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་ན། ཚེ་དང་ལྡན་པས་བདག་ལ་ཡོངས་སུ་དག་པར་ཟུངས་ཤིག་དང ། དགེ་སློང་མིང་འདི་ཞེས་བགྱི་བའང་གསོ་སྦྱོང་གི་ཕྱིར་ཡོངས་སུ་དག་པ་འབུལ་གྱི། གང་གི་ཕྱིར་ཚེ་དང་ལྡན་པས་དད་པ་འབུལ་བའི་ཚེ་ལོངས་ལ་ཡོངས་སུ་དག་པར་རྗོད་ཅིག་།བརྗོད་པས་ན། གོ་བར་འགྱུར་རོ། །ཞེས་དེ་ལྟར་ལན་གཉིས། ལན་གསུམ་དུ་སྨྲོས་ཤིག་།དེས་ཀྱང་རིགས་སོ། །ཞེས་སྨྲོས་ཤིག་།གཉིས་པས་ནི། ལེགས་སོ། །ཞེས་བྱའོ། །དེ་སྟེ་དེ་ལྟར་འབུལ་ནུས་ན་ནི། ལེགས། མི་ནུས་ན། འདུག་སྟེ་དབུལ་བར་བྱའོ། །འདུག་སྟེའང་མི་ནུས་ན། ཉལ་ཏེ་དབུལ་བར་བྱའོ། །ཉལ་ཏེའང་མི་ནུས་ན། ཆུང་ངུ་ན་འདི་སྐད་དུ། ཡོངས་སུ་དག་པ་སྦྱིན་ནོ། །ཞེས་སྨྲ་ནའང་ཡོངས་སུ་དག་པ་ཕུལ་བ་ཞེས་བྱའོ། །བདག་གི་ཡོངས་སུ་དག་པ་རྗོད་ཅིག་ཅེས་ཟེར་ནའང་ཡོངས་སུ་དག་པ་ཕུལ་བ་ཞེས་བྱའོ། །ཚིག་གིས་མི་ནུས་ཏེ་ལུས་ཀྱིས་དམིགས་པས་ཕུལ་ནའང་ཡོངས་སུ་དག་པ་ཕུལ་བ་ཞེས་བྱའོ། །ལུས་ཀྱིས་མི་ནུས་ཏེ་ཚིག་གིས་བརྡ་བྱས་ན་ཡང་ཡོངས་སུ་དག་པ་ཕུལ་བ་ཞེས་བྱའོ། །ལུས་དང ། ངག་གཉིས་ཀས་བརྡ་བྱས་ནའང་ཡོངས་སུ་དག་པ་ཕུལ་བ་ཞེས་བྱའོ། །ལུས་དང་ངག་གིས་བརྡ་བྱེད་མི་ནུས་ན། Pa380a ༄#། །དགེ་འདུན་ཐམས་ཅད་དེར་དེངས་ཤིག་།ཡང་ན་དགེ་སློང་དེ་ཚུར་ཁུག་ཅིག། དགེ་འདུན་ཐམས་ཅད་ཀྱང་དེར་མ་དོང་ལ། དགེ་སློང་དེའང་དེར་མ་བཀུག་ན། ལས་མ་འདུས་པར་བྱས་པ་སྟེ། དགེ་འདུན་ཐམས་ཅད་ཀྱང་འདས་པ་དང་བཅས་པར་འགྱུར་རོ། །ཡོངས་སུ་དག་པ་ལེན་པའི་དགེ་སློང་གིས་ཡོངས་སུ་དག་པ་བླངས་པ་ལས་དེ་ཉིད་དུ་དུས་འདས་ཏེ་ཤི་ན། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བྱ་སྟེ། གཞན་ལ་ཡོངས་སུ་དག་པ་དབུལ་བར་བྱའོ། །ཁྱིམ་པ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་ཡོངས་སུ་དག་པ་མ་ཕུལ་བ་ཞེས་བྱ་སྟེ། གཞན་ལ་ཡོངས་སུ་དག་པ་དབུལ་བར་བྱའོ། །དགེ་ཚུལ་ཕའམ། མ་ནིང་ངམ། དགེ་སློང་མ་སུན་ཕྱུང་བ་ཞེས་བྱ་བ་ནས་འགྲོ་བ་གཞན་དུ་གནས་པའི་བར་སྔ་མ་བཞིན་ཏེ། བདག་ཉིད་ཀྱིས་ཁས་བླངས་ནའང་ཡོངས་སུ་དག་པ་མ་ཕུལ་བ་ཞེས་བྱ་སྟེ། ཡོངས་སུ་དག་པ་གཞན་ལ་དབུལ་བར་བྱའོ། །དེ་སྟེ་མ་ནིང་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་ཡོངས་སུ་དག་པ་མ་ཕུལ་བ་ཞེས་བྱའོ། །དགེ་འདུན་ཕྱེ་བའམ། མི་གནས་པའམ། སོ་སོར་གནས་པའམ། ཉེ་བར་ཕྱོགས་པའམ། བསླབ་པ་བྱིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་ཡོངས་སུ་དག་པ་མ་ཕུལ་བ་ཞེས་བྱ་སྟེ། འདི་ནི། ཡོངས་སུ་དག་པ་དབུལ་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །ཡོངས་སུ་དག་པ་ལེན་པའི་རབ་ཏུ་ལྡན་པ་གང་ཞེ་ན། Pa380b དགེ་སློང་གང་དགེ་སློང་གི་དྲུང་ནས་ཡོངས་སུ་དག་པ་ལེན་ན། དེས་འདི་ལྟར་བླང་བར་བྱ་སྟེ། གཅིག་གིས་གཅིག་གིའམ། གཅིག་གིས་གཉིས་ཀྱིའམ། གཅིག་གིས་མང་པོ་རྣམས་ཀྱིའམ། ཇི་སྙེད་ཀྱི་མིང་སྨོས་ནུས་པ་དེ་སྙེད་ཀྱི་བླང་བར་བྱའོ། །ཡོངས་སུ་དག་པ་ལེན་པའི་དགེ་སློང་གིས་ཡོངས་སུ་དག་པ་བླངས་ནས་བརྒྱུག་པར་མི་བྱ། མགྱོགས་པར་འགྲོ་བར་མི་བྱ། མཆོད་བར་མི་བྱ།་འཕར་བར་མི་བྱ། སའི་འོག་ནས་འགྲོ་བར་མི་བྱ། ནམ་མཁའ་ལས་འགྲོ་བར་མི་བྱ། མཚམས་ཀྱི་ཕྱི་རོལ་ནས་ཡོངས་སུ་དག་པ་བླང་བར་མི་བྱ། གལ་ཏེ་མཚམས་ཀྱི་ཕྱི་རོལ་ནས་ལེན་ན། ཉེས་བྱས་སུ་འགྱུར་རོ། །དེ་སྟེ་མཚམས་ཀྱི་ནང་ནས་ལེན་དུ་འཚོ་བའི་བར་དུ་གཅོད་པའམ། ཚངས་པར་སྤྱོད་པའི་བར་དུ་གཅོད་པའམ། བར་དུ་གཅོད་པ་བརྒྱད་ལས་གང་ཡང་རུང་བའི་བར་དུ་གཅོད་པས་འཇིགས་པ་ཞིག་མངོན་སུམ་དུ་གནས་པར་གྱུར་ན། དེས་མཚམས་ཀྱི་ཕྱི་རོལ་ནས་བླངས་ཀྱང་ཉེས་པ་མེད་དོ། །འདི་ནི། ཡོངས་སུ་དག་པ་ལེན་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །ཡོངས་སུ་དག་པ་བརྗོད་པའི་བར་དུ་ལྡན་པ་གང་ཞེ་ན། ཡོངས་སུ་དག་པ་ལེན་པའི་དགེ་སློང་གིས་ཡོངས་སུ་དག་པ་བླངས་ནས་དགེ་འདུན་གྱི་ནང་དུ་མ་འོངས་པ་ལས་དུས་འདས་ཏེ་ཤི་ན། ཡོངས་སུ་དག་པ་མ་བརྗོད་པ་ཞེས་བྱའོ། །ཁྱིམ་པ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་ཡོངས་སུ་དག་པ་མ་བརྗོད་པ་ཞེས་བྱའོ། །དགེ་སྦྱོང་དང ། མ་ནིང་དང ། དགེ་སློང་མ་ Pa381a ༄#། །སུན་ཕྱུང་བ་ཞེས་བྱ་བ་ནས་འགྲོ་བ་གཞན་དུ་གནས་པའི་བར་དུ་སྔ་མ་བཞིན་ཏེ། བདག་ཉིད་ཀྱིས་ཁས་བླངས་ནའང་ཡོངས་སུ་དག་པ་མ་བརྗོད་པ་ཞེས་བྱའོ། ། དེ་སྟེ་ཟ་མ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་ཡོངས་སུ་དག་པ་མ་བརྗོད་པ་ཞེས་བྱའོ། །དགེ་འདུན་ཕྱེ་བའམ། མི་གནས་པའམ། སོ་སོར་གནས་པའམ། ཉེ་བར་ཕྱོགས་པའམ། བསླབ་པ་བྱིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་ཡོངས་སུ་དག་པ་མ་བརྗོད་པ་ཞེས་བྱའོ། །ཡོངས་སུ་དག་པ་བརྗོད་པའི་དགེ་སློང་དེས་ཡོངས་སུ་དག་པ་བླངས་ནས་ཉལ་བར་མི་བྱ། སྙོམས་པར་འཇུག་པར་མི་བྱ་སྟེ། ཤེས་བཞིན་པས་ཡོངས་སུ་དག་པར་བརྗོད་པར་བྱ་སྟེ། དེའང་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱོས་ལ། དགེ་སློང་གིས་མདུན་དུ་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་རབ་ཏུ་སྦྱོར་ལ་ཚིག་འདི་སྐད་སྨྲོས་ཤིག་།དགོངས་ཤིག་ཚེ་དང་ལྡན་པ། དེང་དགེ་འདུན་གྱི་བཅོ་ལྔའི་གསོ་སྦྱོང་ལ། དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་བཅོ་ལྔའི་གསོ་སྦྱོང་སྟེ། དགེ་སློང་མིང་འདི་ཞེས་བྱ་བའི་བར་ཆད་ཀྱི་ཆོས་རྣམས་ཀྱང་དག་གོ། ཞེས་བདག་ཉིད་མཆི་སྟེ། དེས་གསོ་སྦྱོང་ལ་ཡོངས་སུ་དག་པའང་འབུལ་ན། བདག་གིས་དེའི་མིང་ནས་བརྗོད་པར་བྱའོ། །ཚུལ་ཤིང་ཡང་ལོངས་ཤིག་ཅེས་ལན་གཉིས། ལན་གསུམ་དུ་སྨྲོས་ཤིག། དེས་ཀྱང་རིགས་སོ། །ཞེས་སྨྲོས་ཤིག ། Pa381b གཉིས་པས་ནི། ལེགས་སོ། །ཞེས་བྱའོ། །རྣམ་པ་བཞིས་ནི། ཡོངས་སུ་མ་བརྗོད་པ་ཞེས་བྱའོ། །བཞི་གང་ཞེ་ན། ངོ་ཚ་མེད་པ་དང ། བག་མེད་པ་དང ། གཉིད་ཀྱིས་ལོག་པ་དང ། སྙོམས་པར་ཞུགས་པའོ། །དེ་ལ་གང་ངོ་ཚ་མེད་པ་དང ། བག་མེད་པ་དང་རྣམ་པ་འདི་གཉིས་ནི། ཉེས་པ་དང་བཅས་པར་འགྱུར་རོ། །གང་གཉིད་ཀྱིས་ལོག་པ་དང ། སྙོམས་པར་ཞུགས་པ་དང་རྣམ་པ་འདི་གཉིས་ནི། ཉེས་པ་མེད་པར་འགྱུར་བ་སྟེ། འདི་ནི། ཡོངས་སུ་དག་པ་བརྗོད་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །དད་པ་དང་ཡོངས་སུ་དག་པའི་རབ་ཏུ་ལྡན་པ་གང་ཞེ་ན། གང་དུ་གསོ་སྦྱོང་དང་དགེ་འདུན་གྱི་ལས་བྱེད་པ་ན་དེར་དད་པ་དང་ཡོངས་སུ་དག་པ་བསྲེས་ཏེ་དབུལ་བར་བྱའོ། །འདི་ནི། དད་པ་དང་ཡོངས་སུ་དག་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །དད་པ་དང་ཡོངས་སུ་དག་པ་འབུལ་བའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གང་ནད་པ་གསོ་སྦྱོང་གི་གནས་སུ་འགྲོ་མི་ནུས་པས་ནི། དད་པ་དང ། ཡོངས་སུ་དག་པ་དབུལ་བར་བྱའོ། །དེ་སྟེ་མི་ན་བར་མ་སོང་ན། ཉེས་བྱས་སུ་འགྱུར་རོ། ། དེ་སྟེ་དེའི་འཚོ་བའི་བར་དུ་གཅོད་པའམ། ཚངས་པར་སྤྱོད་པའི་བར་དུ་གཅོད་པའམ། བར་དུ་གཅོད་པ་བརྒྱད་ལས་གང་ཡང་རུང་བའི་བར་དུ་གཅོད་པས་འཇིགས་པར་འགྱུར་བ་ཞིག་མངོན་སུམ་དུ་གནས་པར་གྱུར་ན། དེས་དད་པ་དང ། ཡོངས་སུ་དག་པ་འབུལ་བར་བྱའོ། །དབང་མེད་པས་ཟིན་པར་གྱུར་པ་ཡང་དད་པ་དང ། ཡོངས་སུ་དག་པ་དབུལ་བར་བྱའོ། །དེ་ཡང་འདི་ལྟར་ Pa382a ༄#། །དབུལ་བར་བྱ་སྟེ། སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ཏེ་ལྷམ་ཕུད་ལ་དགེ་སློང་གི་མདུན་དུ་ཙོག་ཙོག་པོར་འདུག་སྟེ། ཐལ་མོ་སྦྱར་ཏེ་ཚིག་འདི་སྐད་དུ་སྨྲོས་ཤིག། དགོངས་ཤིག་ཚེ་དང་ལྡན་པ། དེང་དགེ་འདུན་གྱི་བཅོ་ལྔའི་གསོ་སྦྱོང་སྟེ། བདག་དགེ་སློང་མིང་འདི་ཞེས་བགྱི་བའི་ཡང་བཅོ་ལྔའི་གསོ་སྦྱོང་ན། བར་ཆད་ཀྱི་ཆོས་རྣམས་ཀྱང་ཡོངས་སུ་དག་གི་།ཚེ་དང་ལྡན་པས་ཀྱང་བདག་ལ་ཡོངས་སུ་དག་པར་ཟུངས་ཤིག་།བདག་དགེ་སློང་མིང་འདི་ཞེས་བགྱི་བ་དགེ་འདུན་གྱི་ཆོས་བཞིན་གྱི་བྱ་བ་ལ་དད་པ་དང ། གསོ་སྦྱོང་དང ། ཡོངས་སུ་དག་པ་དབུལ་གྱི། བདག་གི་ཕྱིར་ཚེ་དང་ལྡན་པས་ཚུལ་ཤིང་ལོངས་ལ་ཡོངས་སུ་དག་པ་རྗོད་ཅིག་།བརྗོད་ན། དེ་བཞིན་དུ་ཤེས་སོ། །དེ་ལྟར་ལན་གསུམ་དུ་སྨྲོས་ཤིག་།དེས་ཀྱང་རིགས་སོ། །ཞེས་སྨྲོས་ཤིག་།གཉིས་པས་ནི། ལེགས་སོ། །ཞེས་བྱའོ། །དེ་སྟེ་དེ་ལྟར་འབུལ་ན་ནི། ལེགས། མི་ནུས་ན། འདུག་སྟེ་དབུལ་བར་བྱའོ། །འདུག་སྟེ་འདི་མ་ནུས་ན། ཉལ་ཏེ་དབུལ་བར་བྱའོ། །ཉལ་ཏེའང་མི་ནུས་ན། ཆུང་ངུ་ན་འདི་སྐད་དུ། དད་པ་དང ། ཡོངས་སུ་དག་པ་འབུལ་ལོ། །ཞེས་སྨྲས་ན་ཡང་དད་པ་དང ། ཡོངས་སུ་དག་པ་ཕུལ་བ་ཞེས་བྱའོ། །བདག་གི་དད་པ་དང་ཡོངས་སུ་དག་པ་རྗོད་ཅིག་ཅེས་སྨྲས་ནའང་དད་པ་དང ། ཡོངས་སུ་དག་པ་ཕུལ་བ་ཞེས་བྱའོ། །ཚིག་གིས་མ་ཡིན་པར་ Pa382b ལུས་ཀྱིས་དམིགས་པས་བྱེད་ནའང་དད་པ་དང ། ཡོངས་སུ་དག་པ་ཕུལ་བ་ཞེས་བྱའོ། །ལུས་ཀྱིས་མ་ཡིན་ཏེ། ངག་གིས་དམིགས་ན་ཡང་དད་པ་དང ། ཡོངས་སུ་དག་པ་ཕུལ་བ་ཞེས་བྱའོ། །ལུས་དང་ཚིག་གཉི་གས་བརྡ་བྱེད་ནའང་དད་པ་དང་ཡོངས་སུ་དག་པ་བྱིན་པ་ཞེས་བྱའོ། །ལུས་དང་ཚིག་གཉིས་ཀས་བརྡ་བྱེད་མི་ནུས་ན། དེར་དགེ་འདུན་ཐམས་ཅད་དེངས་ཤིག། ཡང་ན་དགེ་སློང་དེ་དེར་ཁུག་ཅིག། དགེ་འདུན་ཐམས་ཅད་ཀྱང་དེར་མ་དོང་ལ། དགེ་སློང་དེ་ཡང་དེར་མ་བཀུག་ན། ལས་མ་འདུས་པར་བྱས་པ་སྟེ། དགེ་འདུན་ཐམས་ཅད་འདས་པ་དང་བཅས་པར་འགྱུར་རོ།། དད་པ་དང ། ཡོངས་སུ་དག་པ་ལེན་པའི་དགེ་སློང་གིས་དད་པ་དང ། ཡོངས་སུ་དག་པ་བླངས་ནས་དེ་ཉིད་དུ་འདས་ཏེ་ཤི་ན། དད་པ་དང ། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བྱ་སྟེ། དད་པ་དང ། ཡོངས་སུ་དག་པ་གཞན་ལ་དབུལ་བར་བྱའོ། །ཁྱིམ་པ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་དད་པ་དང ། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བྱ་སྟེ། གཞན་ལ་དད་པ་དང ། ཡོངས་སུ་དག་པ་དབུལ་བར་བྱའོ། །དགེ་ཚུལ་ཕའམ། མ་ནིང་ངམ། དགེ་སློང་མ་སུན་ཕྱུང་བ་ཞེས་བྱ་བ་ནས་འགྲོ་བ་གཞན་དུ་གནས་པ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། བདག་ཉིད་ཀྱིས་ཁས་བླངས་ནའང་དད་པ་དང ། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བྱ་སྟེ། གཞན་ལ་དད་པ་དང ། ཡོངས་སུ་དག་པ་དབུལ་བར་བྱའོ། །དེ་སྟེ་ཟ་མ་ཡིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་དད་པ་དང ། ཡོངས་ Pa383a ༄#། །སུ་དག་པ་མ་ཕུལ་བ་ཞེས་བྱའོ། །དགེ་འདུན་ཕྱེ་བ་དང ། མི་གནས་པ་དང ། སོ་སོར་གནས་པ་དང ། ཉེ་བར་ཕྱོགས་པ་དང ། བསླབ་པ་བྱིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་དད་པ་དང ། ཡོངས་སུ་དག་པ་མ་ཕུལ་བ་ཞེས་བྱ་སྟེ། འདི་ནི། དད་པ་དང ། ཡོངས་སུ་དག་པ་དབུལ་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །དད་པ་དང ། ཡོངས་སུ་དག་པ་ལེན་པའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གང་དགེ་སློང་གི་དྲུང་ནས་དད་པ་དང ། ཡོངས་སུ་དག་པ་ལེན་པ་དེས་འདི་ལྟར་བླང་བར་བྱའོ། །གཅིག་གིས་གཅིག་གིའམ། གཅིག་གིས་གཉིས་ཀྱིའམ། གཅིག་གིས་མང་པོའི་འམ། ཇི་སྙེད་ཀྱི་མིང་སྨོས་ནུས་པ་དེ་སྙེད་ཀྱི་བླང་བར་བྱའོ། །དད་པ་དང ། ཡོངས་སུ་དག་པ་ལེན་པའི་དགེ་སློང་གིས་དད་པ་དང ། ཡོངས་སུ་དག་པ་བླངས་ནས་བརྒྱུག་པར་མི་བྱ། མགྱོགས་པར་འགྲོ་བར་མི་བྱ། འཕར་བར་མི་བྱ། མཆོང་བར་མི་བྱ། སའི་འོག་ནས་འགྲོ་བར་མི་བྱ། ནམ་མཁའ་ལས་འགྲོ་བར་མི་བྱ། མཚམས་ཀྱི་ཕྱི་རོལ་ནས་ཡོངས་སུ་དག་པ་དང ། དད་པ་བླང་བར་མི་བྱ། མཚམས་ཀྱི་ནང་ནས་ཤེས་བཞིན་པས་དད་པ་དང ། ཡོངས་སུ་དག་པ་བླང་བར་བྱའོ། །དེ་སྟེ་མཚམས་ཀྱི་ཕྱི་རོལ་ནས་དད་པ་དང ། ཡོངས་སུ་དག་པ་བླངས་ན། ཉེས་བྱས་སུ་འགྱུར་རོ། །དེ་སྟེ་མཚམས་ཀྱི་ནང་ནས་ལེན་དུ་འཚོ་བའི་བར་དུ་གཅོད་པའམ། ཚངས་པར་སྤྱོད་པའི་བར་དུ་གཅོད་པའམ། བར་དུ་གཅོད་ Pa383b བ་བརྒྱད་ཀྱི་ནང་ནས་གང་ཡང་རུང་བའི་བར་དུ་གཅོད་པས་འཇིགས་པར་འགྱུར་བ་ཞིག་མངོན་སུམ་དུ་གནས་ན། དེས་མཚམས་ཀྱི་ཕྱི་རོལ་ནས་བླངས་ཀྱང་ཉེས་བ་མེད་དོ། །འདི་ནི། ཡོངས་སུ་དག་པ་དང ། དད་པ་ལེན་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །དད་པ་དང ། ཡོངས་སུ་དག་པ་བརྗོད་པའི་རབ་ཏུ་ལྡན་པ་གང་ཞེ་ན། ཡོངས་སུ་དག་པ་དང ། དད་པ་བརྗོད་པའི་དགེ་སློང་གིས་དགེ་འདུན་གྱི་ནང་དུ་མ་འོངས་ནས་དུས་འདས་ཏེ་ཤི་ན། ཡོངས་སུ་དག་པ་དང ། དད་པ་མ་བརྗོད་པ་ཞེས་བྱའོ། །ཁྱིམ་པ་ཡིན་པར་བདག་ཉིད་ཀྱིས་ཤེས་པར་ཁས་བླངས་ནའང་ཡོངས་སུ་དག་པ་དང ། དད་པ་མ་བརྗོད་པ་ཞེས་བྱའོ། །དགེ་སྦྱོང་ངམ། མ་ནིང་ངམ། དགེ་སློང་མ་སུན་ཕྱུང་བ་ཞེས་བྱ་བ་ནས་འགྲོ་བ་གཞན་དུ་གནས་པ་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ཏེ། བདག་ཉིད་ཀྱིས་ཁས་བླངས་ནའང་ཡོངས་སུ་དག་པ་དང ། དད་པ་མ་བརྗོད་པ་ཞེས་བྱའོ། །དེ་སྟེ་ཟ་མ་ཉིད་དུ་བདག་ཉིད་ཀྱིས་ཁས་བླངས་ནའང་ཡོངས་སུ་དག་པ་དང ། དད་པ་མ་བརྗོད་པ་ཞེས་བྱའོ། །དགེ་འདུན་ཕྱ་བའམ། མི་གནས་པའམ། སོ་སོར་གནས་པའམ། ཉེ་བར་ཕྱོགས་པའམ། བསླབ་པ་བྱིན་པར་བདག་ཉིད་ཀྱིས་ཁས་བླངས་ནའང་ཡོངས་སུ་དག་པ་དང ། དད་པ་མ་བརྗོད་པ་ཞེས་བྱའོ། །ཡོངས་སུ་དག་པ་དང ། དད་པ་བརྗོད་པའི་དགེ་སློང་གིས་ཡོངས་སུ་དག་པ་དང ། དད་པ་བླངས་ནས་ཉལ་བར་མི་བྱ། སྙོམས་པར་ཞུགས་པར་མི་བྱ། ཤེས་བཞིན་པས་ཡོངས་སུ་དག་པ་དང ། དད་པ་ Pa384a ༄#། །བརྗོད་པར་བྱའོ། །དེ་ཡང་འདི་ལྟ་བུ་བརྗོད་པར་བྱ་སྟེ། སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་བྱས་ནས་དགེ་སློང་གི་མདུན་དུ་ཙོག་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་ལ་ཚིག་འདི་སྐད་སྨྲོས་ཤིག་།དགོངས་ཤིག་ཚེ་དང་ལྡན་པ། དེང་དགེ་འདུན་གྱི་བཅོ་ལྔའི་གསོ་སྦྱོང་སྟེ། དགེ་སློང་མིང་འདི་ཞེས་བྱ་བའི་ཡང་བཅོ་ལྔའི་གསོ་སྦྱོང་སྟེ། བདག་དགེ་སློང་མིང་འདི་ཞེས་བྱ་བས་ཡོངས་སུ་དག་པར་བདག་ཉིད་སྨྲ་སྟེ། བར་ཆད་ཀྱི་ཆོས་རྣམས་ཀྱང་མེད་དེ། དགེ་འདུན་གྱི་ཆོས་བཞིན་གྱི་བྱ་བ་ལ་དད་པ་དང ། གསོ་སྦྱོང་དང ། ཡོངས་སུ་དག་པ་དབུལ་ལོ། །ཞེས་དེ་ལྟར་ལན་གཉིས། ལན་གསུམ་དུ་སྨྲོས་ཤིག་།དེས་ཀྱང་རིགས་སོ། །ཞེས་སྨྲོས་ཤིག་།གཉིས་པས་ནི། ལེགས་སོ། །ཞེས་བྱའོ། །རྣམ་པ་བཞིས་ན། ཡོངས་སུ་དག་པ་དང ། དད་པ་མ་བརྗོད་པ་ཞེས་བྱའོ། །བཞི་གང་ཞེ་ན། ངོ་ཚ་མེད་པ་དང ། བག་མེད་པ་དང ། གཉིད་ཀྱིས་ལོག་པ་དང ། སྙོམས་པར་ཞུགས་པའོ། །དེ་ལ་ངོ་ཚ་མེད་པ་དང ། བག་མེད་པ་དང་རྣམ་པ་འདི་གཉིས་ནི། ཉེས་པ་དང་བཅས་པར་འགྱུར་རོ། །གཉིད་ཀྱིས་ལོག་པ་དང ། སྙོམས་པར་ཞུགས་པ་དང་རྣམ་པ་འདི་གཉིས་ནི། ཉེས་པ་མེད་པར་འགྱུར་རོ། །འདི་ནི། ཡོངས་སུ་དག་པ་དང ། དད་པ་བརྗོད་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །མཆོད་རྟེན་གྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་གསུངས་པ། དབུ་སྐྲའི་ Pa384b མཆོད་རྟེན་དང ། སེན་མོའི་མཆོད་རྟེན་ཏེ། ཇི་ལྟར་འདུལ་བ་ལས་མགོན་མེད་པ་ལ་ཟས་སྦྱིན་པའི་ཁྱིམ་བདག་གིས་མཆོད་རྟེན་གྱི་རབ་ཏུ་ལྡན་པ་བཞིན་དུ་རྒྱ་ཆེར་བརྗོད་པར་བྱ་སྟེ། དེ་ཡང་སེམས་ཅན་ལ་ཕན་པའི་ཕྱིར་བཅོམ་ལྡན་འདས་ཀྱིས་དབུ་སྐྲའི་མཆོད་རྟེན་དང ། སེན་མོའི་མཆོད་རྟེན་དུ་གསུངས་སོ། །དེ་ལ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཆོད་རྟེན་ནི། ཐམས་ཅད་དུ་རྫོགས་པར་བྱའོ། །རང་སངས་རྒྱས་ཀྱི་ནི། བུམ་པ་སུལ་ཅན་མེད་པར་བྱའོ། །དགྲ་བཅོམ་པའི་ནི། འཕང་ལོ་བཞི་པའོ། །ཕྱིར་མི་འོང་བའི་ནི། འཕང་ལོ་གསུམ་པའོ། །ལན་གཅིག་ཕྱིར་འོང་བའི་ནི། འཕང་ལོ་གཉིས་པའོ། །རྒྱུན་དུ་ཞུགས་པའི་ནི། འཕང་ལོ་གཅིག་པའོ། །སོ་སོའི་སྐྱེ་བོ་དགེ་བ་ཅན་དག་གི་ནི། མགོ་ཡུ་བོར་བྱའོ། །མཆོད་རྟེན་གྱི་ཕྱི་རོལ་གྱི་དག་རའི་ཕྱིར་མགོན་མེད་པ་ལ་ཟས་སྦྱིན་པའི་ཁྱིམ་བདག་རབ་ཏུ་དད་པ་མངོན་པར་དང་བ་ཅན་དེས་བཅོམ་ལྡན་འདས་གང་ན་བ་དེར་སོང་ནས་དྲུང་དུ་ཕྱིན་པ་དང་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ་ཕྱོགས་གཅིག་ཏུ་འདུག་ནས་བཅོམ་ལྡན་འདས་ལ་ཁྱིམ་བདག་མགོན་མེད་ཟས་སྦྱིན་པས། གང་གི་ཚེ་ན་བཅོམ་ལྡན་འདས་ལྗོངས་རྒྱུ་ཞིང་གཤེགས་པར་གྱུར་པ་དེའི་ཚེ་བཅོམ་ལྡན་འདས་ཀྱི་ཞལ་མི་མཐོང་བས་ཤིན་ཏུ་ཡོངས་སུ་གདུང་བར་གྱུར་ན། བཅོམ་ལྡན་འདས་ཀྱི་དབུ་སྐྲ་དང ། སེན་མོ་བདག་ལ་སྩལ་ན། བདག་གིས་མཆོད་དོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་དེ་ལ་ Pa385a ༄#། །ཁྱོད་ཀྱི་མཆོད་གནས་འདིའོ། །ཞེས་བྱས་ནས་དེ་ལ་དབུ་སྐྲ་དང ། སེན་མོ་བྱིན་པ་དང ། དེས་འདི་སྐད་ཅེས་སྨྲས་སོ། །གལ་ཏེ་བཅོམ་ལྡན་འདས་ཀྱི་བཀས་གནང་ན། དབུ་སྐྲ་དང ། སེན་མོ་ལས་མཆོད་རྟེན་བགྱིའོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཁྱིམ་བདག། །རྗེས་སུ་གནང་ངོ ། །དབུ་སྐྲའི་མཆོད་རྟེན་དང ། སེན་མོའི་མཆོད་རྟེན་ཀྱང་བྱོས་ཤིག་།འདི་ནི། མཆོད་རྟེན་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །མཆོད་རྟེན་གྱི་དངོས་པོའི་རབ་ཏུ་ལྡན་པ་གང་ཞེ་ན། གང་མཆོད་རྟེན་གྱི་ཞིང་ངམ། ནགས་ཚལ་ལམ། གང་དུ་ཡང་རུང་བའི་ཕྱོགས་སུ་ཐོག་མར་མཆོད་རྟེན་གཞག་པར་བྱ་སྟེ། མཆོད་རྟེན་དེའི་དངོས་པོའི་ཁོ་ར་ཁོར་ཡུག་ཏུ་མཆོད་རྟེན་གྱི་དངོས་པོ་གཞག་པར་བྱ་སྟེ། འདི་ནི། མཆོད་རྟེན་གྱི་དངོས་པོའི་རབ་ཏུ་ལྡན་པ་ཞེས་བྱའོ། །མཆོད་རྟེན་གྱི་ཁྱམས་ཀྱི་ཕྲེང་གི་རབ་ཏུ་ལྡན་པ་གང་ཞེ་ན། མཆོད་རྟེན་གྱི་ཁྱམས་དང ། ཀ་བ་ནི། བཅོམ་ལྡན་འདས་ཀྱིས་ཇི་ལྟར་འདུལ་བ་ལས་གསུངས་པ་བཞིན་དུ་རྒྱ་ཆེར་བརྗོད་པར་བྱ་སྟེ། འདི་ནི། མཆོད་རྟེན་གྱི་ཁྱམས་ཀྱི་ཕྲེང་གི་རབ་ཏུ་ལྡན་པ་ཞེས་བྱའོ། །མཆོད་རྟེན་གྱི་མི་ཟད་པའི་རབ་ཏུ་ལྡན་པ་གང་ཞེ་ན། ཡངས་པའི་གྲོང་ཁྱེར་གྱི་ཚོང་པས་བཅོམ་ལྡན་འདས་ཀྱི་མཆོད་རྟེན་ཞིག་བྱས་ནས་མཆོད་རྟེན་གྱི་ཁྱམས་ཀྱང་བྱས་ཏེ་དགེ་སློང་རྣམས་ལ་མཆོད་རྟེན་གྱི་མི་ཟད་པ་ཕུལ་བ་དང ། དགེ་སློང་རྣམས་ Pa385b ཐེ་ཚོམ་དུ་གྱུར་ནས་སོ་སོར་མ་བླངས་པ་དང ། དེ་ལྟ་བུར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་གནང་གི། ཀུན་དགའ་ར་བ་ན་གནས་པའམ། དགེ་བསྙེན་གྱིས་མཆོད་རྟེན་གྱི་མི་ཟད་པ་དེ་ལོངས་ཤིག་།མཆོད་རྟེན་ལ་རིམ་གྲོ་བྱ་བའི་ཕྱིར་སྤེལ་བར་བྱ་སྟེ། གང་དེའི་རྙེད་པ་བསྐྱེད་ནས་དེ་མཆོད་རྟེན་ལ་མཆོད་པར་བྱ། གང་དེ་ལས་ཀྱང་ཡང་ལྷག་ན། དེས་མཆོད་རྟེན་ལ་ཡོན་ཏུ་དབུལ་བར་བྱ་སྟེ། འདི་ནི། མཆོད་རྟེན་གྱི་མི་ཟད་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །མཆོད་རྟེན་སླར་བཅོས་པའི་རབ་ཏུ་ལྡན་པ་གང་ཞེ་ན། འཇིམ་པའི་གོང་བུའམ། རྡོ་ཐལ་གྱི་གོང་བུའམ། ས་དམར་གྱི་གོང་བུས་མཆོད་རྟེན་སླར་བཅོས་པར་བྱ་སྟེ། འདི་ནི། མཆོད་རྟེན་སླར་བཅོས་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །མཆོད་རྟེན་གྱི་རྒྱན་དང་རབ་ཏུ་ལྡན་པ་གང་ཞེ་ན། མཆོད་རྟེན་བརྒྱན་པར་བྱ་བ་གདུགས་དང ། རྒྱལ་མཚན་དང ། བ་དན་ལ་སོགས་པ་དབྱངས་པ་རྣམས་དང ། དྲིལ་བུ་དང ། འཁོར་ལོ་དང ། གཡུང་དྲུང་རིས་དང ། དཔལ་གྱི་ཕྲུ་གུ་རིས་དང ། དགའ་བ་ཅན་གྱིས་བསྐོར་བ་དང ། ཕྲེང་བ་དང ། སེན་མོ་དེ་དང ། མུ་ཏིག་གི་ཕྲེང་བ་དང ། དར་དང ། སེང་དར་དང ། ཀོ་ཤོན་དང ། རས་བལ་དང ། སྲིན་བལ་དང ། གསེར་དང ། དངུལ་དང ། བཻ་ཌཱུརྱ་དང ། ཤེལ་དང ། དུང་དང ། མལ་ཤེལ་དང ། བྱི་རུ་དང ། དངུལ་དང ། ས་ལེ་སྦྲམ་དང ། སྨ་གརྦྷ་དང ། མུ་ས་ Pa386a ༄#། །ར་གརྦྷ་དང ། མུ་ཏིག་དམར་པོ་དང ། གཡས་སུ་འཁྱིལ་བས་བསྐོར་བ་ཞེས་བྱ་བ་ལ་སོགས་ཏེ། གང་གཞན་ཡང་མཆོད་རྟེན་ལ་རྒྱན་དུ་བྱ་བའི་རབ་ཏུ་སྦྱོར་བ་ཐམས་ཅད་ཀྱིས་མཆོད་རྟེན་ལ་བརྒྱན་པར་བྱ་སྟེ། འདི་ནི། མཆོད་རྟེན་གྱི་རྒྱན་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །མཆོད་རྟེན་ལ་མཆོད་པའི་རབ་ཏུ་ལྡན་པ་གང་ཞེ་ན། མཆོད་རྟེན་ལ་མཆོད་པར་བྱ་བ་ནི། ཕྲེང་བ་དང ། དྲི་དང ། བྱུག་པ་དང ། བདུག་པ་དང ། མེ་ཏོག་དང ། གུར་གུམ་གྱི་ཆག་ཆག་དང ། ལྡོང་རོས་དང ། ཡུངས་མར་གྱི་བྱུག་པ་དང ། མེ་ཏོག་གི་ཕྲེང་བ་དང ། མེ་མར་གྱི་ཕྲེང་བ་དང ། དྲིའི་ཕྲེང་བ་དང ། ་རུ་རའི་ཕྲེང་བ་དང ། ་ག་རུའི་ཕྱེ་མ་དང ། ཙནྡན་གྱི་ཕྱེ་མ་དང ། ཀ་ལ་ནུ་ས་རི་དང ། གསེར་གྱི་མེ་ཏོག་དང ། དངུལ་གྱི་མེ་ཏོག་དང ། རིན་པོ་ཆེའི་མེ་ཏོག་དང ། རོལ་མོ་ལ་སོགས་པ་དང ། གང་གཞན་ཡང་འཇིག་རྟེན་པའི་མཆོད་པའི་ཡོ་བྱད་དུ་སྦྱོར་བ་ཐམས་ཅད་ཀྱིས་ཀྱང་མཆོད་རྟེན་ལ་མཆོད་པར་བྱ། ཕྱི་ཕྱིར་ཞིང་ཕྱག་དར་བྱ།་ཕྱག་འཚལ་བར་བྱའོ། །མཆོད་རྟེན་ལ་ཕྲེང་བའི་ཆུན་པོ་གདགས་པའམ། མཆོད་རྟེན་གྱི་ཕྱིར་རྣམ་པ་གཞན་དུ་བྱེད་ཅིང་འཇོག་པ་ནི། དགེ་སློང་གི་རུང་བ་སྟེ། འདི་ནི། མཆོད་རྟེན་ལ་མཆོད་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །ཟས་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། གཙུག་ལག་ཁང་གང་དུ་ཡང་རུང་སྟེ། དགེ་སློང་གནས་པ་ལ་དེར་ཟས་ཤིག་འཐོབ་པར་བྱེད་པ་འདི་ནི། Pa386b ཟས་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །ཟས་དང་བཅས་པའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གང་བཟའ་བ་ཞིག་ཆོས་དང་བཅས་པར་རྙེད་པ་དེའི་རྐྱེན་གྱི་ཕྱིར་འདུས་ཏེ་ཟ་བ་དང ། ཡང་ཡང་ཟ་བ་ཡོད་ན་ཡང་གནས་གཉིས་ཀར་བག་ཡངས་སུ་ཟ་བ་སྟེ། འདི་ནི། ཟས་དང་བཅས་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །ཐུག་པའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཐུག་པ་རྣམ་པ་བཅུ་གསུངས་པ་ནི། འདི་ལྟ་སྟེ། འོ་མའི་ཐུག་པ་དང ། ཞོའི་ཐུག་པ་དང ། དར་བའི་ཐུག་པ་དང ། ཤའི་ཐུག་པ་དང ། མར་གྱི་ཐུག་པ་དང ། འབྲུ་མར་གྱི་ཐུག་པ་དང ། ཏིལ་གྱི་ཐུག་པ་དང ། བལ་སྲན་གྱི་ཐུག་པ་དང ། སེའུའི་ཐུག་པ་དང ། ཆུའི་ཐུག་པ་དང ། ཐུག་པ་འདི་རྣམ་པ་བཅུ་ནི། དགེ་སློང་རྣམས་ཀྱིས་ཤེས་བཞིན་དུ་སྒྲ་ཆུང་བ་དང ། ཧུབ་ཧུབ་མེད་པ་དང ། ན་བའི་འདུ་ཤེས་དང ། རྐྱེན་གྱི་འདུ་ཤེས་ཉེ་བར་བཞག་སྟེ་བཏུང་བར་བྱའོ། །གཞན་ཡང་ཐུག་པ་ལ་ཡོན་ཏན་རྣམ་པ་གཉིས་ཡོད་དེ། བཀྲེས་པ་གཞོམ་པ་དང ། སྐེམ་པ་གཞོམ་པ་ཞེས་བའོ། །བཅའ་བའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཅའ་བ་རྣམ་པ་དགུ་གསུངས་པ་ནི། འདི་ལྟ་སྟེ། རྩ་བའི་བཅའ་བ་དང ། སྡོང་བུའི་བཅའ་བ་དང ། ལོ་མའི་བཅའ་བ་དང ། མེ་ཏོག་གི་བཅའ་བ་དང ། འབྲས་བུའི་བཅའ་བ་དང ། ཁ་རའི་བཅའ་བ་དང ། ཏིལ་གྱི་བཅའ་བ་དང ། འབྲས་ཁུར་གྱི་བཅའ་བ་དང ། བུ་རམ་གྱི་བཅའ་བ་དང ། བཅའ་ Pa387a ༄#། །བ་འདི་རྣམས་དགུ་ནི། དགེ་སློང་རྣམས་ཀྱིས་ཤེས་བཞིན་པས་སྒྲ་ཆུང་ངུ་དང ། ཅག་སྒྲ་མེད་པར་ན་བའི་འདུ་ཤེས་དང ། སྨན་གྱི་འདུ་ཤེས་དང ། ཕྱིར་ཕན་པའི་འདུ་ཤེས་དང ། རྐྱེན་གྱི་འདུ་ཤེས་ཉེ་བར་བཞག་སྟེ་བཅའ་བར་བྱའོ། །འདི་ནི། བཅའ་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །མྱང་བའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་མྱང་བ་རྣམ་པ་ལྔ་གསུངས་པ་ནི། འདི་ལྟ་སྟེ། མར་དང ། འབྲུ་མར་དང ། སྦྲང་རྩི་དང ། བུ་རམ་དང ། མར་གསར་དང ། མྱང་བ་འདི་ལྔ་རྣམས་ནི། དགེ་སློང་རྣམས་ཀྱིས་ཤེས་བཞིན་དུ་སྒྲ་ཆུང་བ་དང ། ཅག་སྒྲ་མེད་པར་ན་བའི་འདུ་ཤེས་དང ། སྨན་གྱི་འདུ་ཤེས་དང ། ཕྱིར་ཕན་པའི་འདུ་ཤེས་དང ། རྐྱེན་གྱི་འདུ་ཤེས་ཉེ་བར་བཞག་སྟེ། མྱང་བར་བྱའོ། །འདི་ནི། མྱང་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །བཟའ་བའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཟའ་བ་རྣམ་པ་ལྔ་གསུངས་པ་འདི་ལྟ་སྟེ། འབྲས་ཆན་དང ། ནས་ཆན་དང ། འབྲས་ཕྱེ་དང ། ཤ་དང ། ཁུར་བ་དང ། བཟའ་བ་འདི་ལྔ་སྟེ། དགེ་སློང་རྣམས་ཀྱིས་ཤེས་བཞིན་དུ་སྒྲ་ཆུང་བ་དང ། ཅག་སྒྲ་མེད་པར་ན་བའི་འདུ་ཤེས་དང ། སྨན་གྱི་འདུ་ཤེས་དང ། རྐྱེན་གྱི་འདུ་ཤེས་དང ། ཕྱིར་ཕན་པའི་འདུ་ཤེས་ཉེ་བར་བཞག་སྟེ་བཟའ་བར་བྱའོ། །འདི་ནི། བཟའ་བའི་རབ་ཏུ་ལྡན་པ་ཞེས་བྱའོ། ། Pa387b ལྷུང་བཟེད་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ལྷུང་བཟེད་རྣམ་པ་གཉིས་གསུངས་ཏེ། ལྕགས་ལས་བྱས་པ་དང ། ཁམ་པ་ལས་བྱས་པའོ། །ལྷུང་བཟེད་རྣམ་པ་བརྒྱད་ནི། མ་གནང་བ་སྟེ། གསེར་དང ། དངུལ་དང ། བཻ་ཌཱུརྱ་ལས་བྱས་པ་དང ། ཤིང་ལས་བྱས་པ་དང ། རྡོ་ལས་བྱས་པ་དང ། མཆིང་བུ་ལས་བྱས་པ་དང ། འཁར་བ་ལས་བྱས་པ་སྟེ། འདི་ནི།་ལྷུང་བཟེད་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །གོས་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་གོས་རྣམ་པ་བཅུ་གསུམ་གསུངས་ཏེ། འདི་ལྟ་སྟེ། སྦྱར་མ་དང ། སྟོད་གཡོགས་དང ། མཐང་གོས་དང ། གདིང་བ་དང ། ཁྲུས་རས་དང ། གཡན་པ་གཡོགས་པ་དང ། སྟོད་ཆགས་དང ། སྟོད་ཆགས་ཀྱི་འཐེབ་དང ། སྨད་གཡོགས་དང ། སྨད་གཡོགས་ཀྱི་འཐེབ་དང ། ལུས་ཕྱི་བ་དང ། སྐྲ་བཟེད་པ་དང ། ཡོ་བྱད་ཀྱི་གོས་དང་བཅུ་གསུམ་སྟེ། ཆོས་གོས་བཅུ་གསུམ་པོ་འདི་རྣམས་མཚོན་གྱིས་བཅད་ཅིང་ཁ་དོག་བསྒྱུར་ཏེ་རུང་བར་བྱ་མི་དགོས་པར་བྱིན་གྱིས་བརླབས་པའི་དབང་གིས་ཡོངས་སུ་སྤྱད་པར་བྱའོ། །འདི་ནི། གོས་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །སྟེང་གཡོགས་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་མལ་སྟན་དགབ་པའི་ཕྱིར་སྟེང་གཡོགས་གཉིས་སུ་གསུངས་ཏེ། སྟུག་ན་ནི། ཆིག་རིམ། སྲབ་ན་ནི། སྦྱར་མའོ། །འདི་ནི། སྟེང་གཡོགས་ཀྱི་རབ་ཏུ་ལྡན་པ་ཞེས་ Pa388a ༄#། །བྱའོ། །ཁབ་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་གོས་འཚེམ་པའི་ཕྱིར་ལྕགས་དང ། འཁར་བ་དང ། ཟངས་དང ། ར་གན་གྱི་ཁབ་གནང་སྟེ། འདི་ནི། ཁབ་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །ཁབ་རལ་གྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཁབས་པ་བའི་ཕྱིར་ཁབ་རལ་གནང་སྟེ།་འདི་ནི། ཁབ་རལ་གྱི་རབ་ཏུ་ལྡན་པ་ཞེས་བྱའོ།། །།འདུལ་བ་གཞུང་དམ་པ། བམ་པོ་ལྔ་བཅུ་པ། གནས་འཆའ་བའི་རབ་ཏུ་ལྡན་པ་གང་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གློ་བུར་དུ་ལྷགས་པའི་དགེ་སློང་ནི། གནས་བཅའ་བའི་དོན་གྱི་ཕྱིར་དགེ་འདུན་གྱི་གཙུག་ལག་ཁང་དུ་འོངས་མ་ཐག་ཏུ་གནས་མ་བཅས་ཀྱི་བར་དུ་རྐང་པའི་རྡུལ་མ་ཕྱི་ཞིག་།ཆུ་སྣོད་མ་ལེན་ཅིག་།ཅེས་གསུངས་པ་དང ། དགེ་སློང་གཞན་ཞིག་གློ་བུར་དུ་འོངས་པས་གནས་བཅའ་བའི་དོན་གྱི་ཕྱིར་གཙུག་ལག་ཁང་དུ་འོངས་ན། དེས་བཅོམ་ལྡན་འདས་ཀྱིས་དགེ་སློང་གློ་བུར་དུ་འོངས་པས་གནས་བཅའ་བའི་དོན་གྱི་ཕྱིར་དགེ་འདུན་གྱི་གཙུག་ལག་ཁང་དུ་འོངས་ན། གནས་མ་བཅས་ཀྱི་བར་དུ་རྐང་པའི་རྡུལ་མ་ཕྱི་ཞིག་།ཆུ་སྣོད་ཀྱང་མ་ལེན་ཅིག་།ཅེས་བསླབ་པའི་གནས་བཅས་སོ། །ཞེས་ཐོས་ནས་དེས་གནས་བཅའ་བའི་ཕྱིར་ལུས་ངལ། ལུས་ཚེགས་ཆེ། ལུས་དུབ་བཞིན་དུ་ཕན་ཚུན་དུ་ Pa388b བརྒྱུགས་པ་ལས་བརྒྱལ་ཏེ་ས་ལ་འགྱེལ་ནས་འདས། དེ་ལྟ་བུར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷུང་བཟེད་དང ། ཆོས་གོས་ཞོག་ལ་རྐང་པའི་རྡུལ་ཕྱིས། ཆུ་སྣོད་ལོངས་ལ་གདོད་གནས་ཆོས་ཤིག་།དགེ་སློང་དེ་དག་སུ་ལས་ཀྱང་རུང་གནས་བབ་བབ་ཏུ་བཅས་པ་དང ། དགེ་བའི་ཆོས་ཡལ་བར་གྱུར་ནས་དེ་ལྟ་བུར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། གནས་འཆའ་བའི་དགེ་སློང་གིས་གནས་འཆའ་བར་འདོད་ན། རིངས་ཐབས་བབ་བབ་ཏུ་གནས་མ་འཆའ་བར་ཞག་གསུམ་གྱི་བར་དུ་བསམ་པ་ཤིན་ཏུ་སོམས། བརྟག་པ་ཤིན་ཏུ་རྟོགས། དཔྱད་པ་ཤིན་ཏུ་དཔྱོད་ལ་གདོད་གནས་བཅའ་བར་བྱའོ།། གང་ལས་གནས་འཆའ་བར་འདོད་པའི་དགེ་སློང་དེའི་སྤྱོད་པ་ཅི་འདྲ་བ་དང ། འཁོར་ཅི་འདྲ་བ་དང ། དེའི་གཉིས་པོ་ཕྱི་བཞིན་འབྲང་བའི་གྲོགས་རྣམས་ཅི་འདྲ་བ་དང ། ལུང་སྒོའམ་མི་སྒོ་བ་དང ། རྗེས་སུ་སྟོན་ནམ་མི་སྟོན་པ་དྲིས་ཤིག་།བདག་དགེ་སློང་དེ་ལ་འཇིགས་པ་དང ། རིམ་གྲོ་བཀུར་སྟི་བྱེད་པར་འགྱུར་རམ་མི་འགྱུར། དགེ་བའི་ཆོས་རྣམས་སྐྱེའམ། དེ་སྟེ་འགྲིབ་པར་འགྱུར་ཞེས་བསམ་པ་ཤིན་ཏུ་སོམས། བརྟག་པ་ཤིན་ཏུ་རྟོགས། དཔྱད་པ་ཤིན་ཏུ་དཔྱོད་ལ་གདོད་གནས་ཆོས་ཤིག་།གནས་སྦྱིན་པའི་དགེ་སློང་གིས་ཀྱང་གནས་ Pa389a ༄#། །སྦྱིན་པར་འདོད་ན། གང་ལའང་རུང་རིངས་པར་བབ་བབ་ཏུ་མ་སྦྱིན་པར་ཞག་གསུམ་གྱི་བར་དུ་བསམ་པ་ཤིན་ཏུ་སོམས། བརྟག་པ་ཤིན་ཏུ་རྟོགས། དཔྱད་པ་ཤིན་ཏུ་དཔྱོད་ལ་གདོད་གནས་བྱིན་ཅིག་།གང་ལ་གནས་སྦྱིན་པར་འདོད་པའི་དགེ་སློང་དེའི་སྤྱོད་པ་ཅི་འདྲ་བ་དང ། དེའི་སྤྱོད་ལམ་ཅི་འདྲ་བ་དང ། ཀུན་ཏུ་སྤྱོད་པ་ཅི་འདྲ་པ་དྲིས་ཤིག་།དགེ་སློང་དེ་བདག་ལ་འཇིགས་པ་དང ། རིམ་གྲོ་བཀུར་སྟི་བྱེད་པ་དང ། དགེ་བའི་ཆོས་རྣམས་སྐྱེ་བར་འགྱུར་རམ། དེ་སྟེ་འགྲིབ་པར་འགྱུར་རམ། དགེ་སློང་དེ་བདག་ལ་འཇིགས་པར་འགྱུར་རམ་མི་འགྱུར། མོས་ཤིང་བཀུར་སྟི་དང ། དགེ་བའི་ཆོས་འཕེལ་ལམ་མི་འཕེལ་ཞེས་ཤིན་ཏུ་བསམ་པ་བསམས། བརྟག་པ་ཤིན་ཏུ་བརྟགས། དཔྱད་པ་ཤིན་ཏུ་དཔྱད་ལ། དེ་སྟེ་སེམས་མགུ་བར་བྱེད་ན། གདོད་ལ་གནས་བྱིན་ཅིག་།དེ་ནི། གནས་འཆའ་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །གནས་འཆའ་བ་བླང་བའི་རབ་ཏུ་ལྡན་པ་གང་ཞེ་ན། གནས་འཆའ་བ་ལེན་པར་འདོད་པའི་དགེ་སློང་གིས་གནས་བཅའ་བ་བླང་བར་འདོད་ན། འདི་བཞིན་དུ་གནས་ལོངས་ཤིག་།སྟན་ལས་ལངས་ཏེ་བླ་གོས་ཕྲག་པ་གཅིག་ཏུ་བྱོས་ལ། ལག་པ་གཉིས་ཀྱིས་རྐང་པ་གཉིས་ལ་བཟུང་སྟེ་ལན་གཉིས་སུ་ཚིར་ལ་ཚིག་འདི་སྐད་དུ་སྨྲོས་ཤིག་།དགོངས་ཤིག་བཙུན་པ། དགེ་སློང་མིང་འདི་ཞེས་བགྱི་ Pa389b བ་བཙུན་པ་ལས་གནས་བཅའ་བར་གསོལ་ན། བཙུན་པས་བདག་ལ་གནས་བཅའ་བ་སྩོལ་ཅིག་།བདག་བཙུན་པ་ལ་གནས་འཆའ་ཞིང་མཆིས་སོ། །ཞེས་དེ་བཞིན་ལན་གཉིས། ལན་གསུམ་དུ་སྨྲོས་ཤིག་།དེས་ཀྱང་རིགས་སོ། །ཞེས་སྨྲོས་ཤིག་།དེས་ཡང་སླར་ལེགས་སོ། །ཞེས་སམ། ཤིན་ཏུ་ལེགས་སོ། །ཞེས་བྱའོ། །སླར་ཡང་བག་ཡོད་པར་སྒྲུབས་ཤིག་།ཅེས་བྱ་བ་འདི་ནི། གནས་འཆའ་བ་བླང་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །གནས་འཆའ་བ་སྦྱིན་པའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་ལོ་བཅུ་མ་ལོན་པས་གནས་འཆའ་བ་མི་སྦྱིན་ནོ། ། ལོ་བཅུ་ལོན་དུ་ཟིན་ཀྱང་མི་ཤེས་པ། གླེན་པ། མི་མཁས་པ། མི་གསལ་བ། མི་མཁས་པར་གྲགས་ན། དེས་ཀྱང་གནས་འཆའ་བ་མ་སྦྱིན་ཅིག་།ཆོས་ལྔ་དང་ལྡན་པའི་དགེ་སློང་གིས་གནས་འཆའ་བ་སྦྱིན་པར་བྱ་སྟེ། ཉེས་པ་ཤེས་པ་དང ། ཉེས་པ་མེད་པ་ཤེས་པ་དང ། ལྕི་བ་ཤེས་པ་དང ། ཡང་བ་ཤེས་པ་དང ། སོ་སོར་ཐར་པའི་མདོ་ང་རྒྱས་པར་ཤེས་པར་གྱུར་པ་སྟེ།་འདི་ནི། གནས་འཆའ་བ་སྦྱིན་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །གནས་བཅའ་བ་སོ་སོར་བཏང་བའི་རབ་ཏུ་ལྡན་པ་གང་ཞེ་ན། ཆོས་ལྔ་དང་ལྡན་ན། གནས་བཅའ་བ་བཏང་བར་འགྱུར་ཏེ།་ལྔ་གང་ཞེ་ན། དད་པ་མེད་པ་ཡིན། ལེ་ལོ་ཅན་དང ། བཀུར་སྟི་མེད་པ་དང ། ཚིག་ངན་དུ་སྨྲ་བ་དང ། སྡིག་པའི་གྲོགས་པོ་ཅན་ཡིན་ནོ། །གཞན་ཡང་རྒྱུ་ལྔ་དང ། རྐྱེན་ལྔས་ན། Pa390a ༄#། །གནས་འཆའ་བ་བཏང་བར་འགྱུར་ཏེ། སྤྱོ་བ་དང ། སོང་བ་དང ། ཕྱོགས་ལས་གཞན་པའི་ཕྱོགས་སུ་སོང་བ་དང ། མཁན་པོ་མཐོང་མ་ཐག་ཏུ་གནས་འཆའ་བ་བཏང་བར་འགྱུར་བ་དང ། གཉི་གས་བཏང་བར་འགྱུར་བ་འདི་ནི། གནས་འཆའ་བ་བཏང་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །མཁན་པོའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་དེ་དག་མཁན་པོ་མེད་པར་རབ་ཏུ་འབྱུང་ཞིང་བསྙེན་པར་རྫོགས་པར་བྱས་པས་ན། མ་དུལ་བར་གྱུར། ངན་པར་དུལ་བ་དང ། ཚུལ་དང་མི་ལྡན། སྨད་གཡོགས་མི་སྡུག་པར་གྱོན། བླ་གོས་མི་སྡུག་པར་གྱོན། སྤྱོད་པ་ཉམས་ཤིང་མི་སྡུག་པར་སྤྱོད་ལམ་ཞུགས་པ་དང ། ཆ་ལུགས་ངན། ཆ་ལུགས་མི་སྡུག་ཕ་ལ་ཞུགས་ནས་དེ་ལ་སུ་ཡང་ནད་གཡོག་མི་བྱེད་པར་གྱུར་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། མཁན་པོ་ཡོད་པ་དང ། དེས་དེ་དག་འདུལ་བར་བྱེད། ལུང་སྒོ་བར་བྱེད། རྗེས་སུ་ཡང་སྟོན་པར་བྱེད། འཆོས་པར་བྱེད་ན་ཡང་བསྙེན་བཀུར་དང ། ནད་གཡོག་བྱེད་པར་འགྱུར་རོ། །ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་བསྙེན་བཀུར་བྱོས་ཤིག་ཅེས་གསུངས་པ་འདི་ནི། མཁན་པོའི་རབ་ཏུ་ལྡན་པ་ཞེས་བྱའོ། །ལྷན་ཅིག་སྤྱོད་པའི་རབ་ཏུ་ལྡན་པ་གང་ཞེ་ན། དེ་དགེ་སློང་གིས་རབ་ཏུ་ཕྱུང ། བསྙེན་པར་རྫོགས་ Pa390b པར་བྱས་ན། མཁན་པོ་ལ་རིམ་གྲོ་མི་བྱེད་ནས་དེ་ལྟ་བུར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ལྷན་ཅིག་སྤྱོད་པས་ནི། མཁན་པོ་ལ་རིམ་གྲོ་བྱོས་ཤིག་།གཞར་བར་བྱོས་ཤིག་།བལྟ་བར་བྱོས་ཤིག་།མགུ་བར་བྱོས་ཤིག་།རྗེས་བཞིན་དུ་འབྲང་བར་བྱོས་ཤིག་།བསྙེན་བཀུར་བྱོས་ཤིག་།བྱ་བ་ཐམས་ཅད་ཀྱང་མཁན་པོ་ལ་མ་དྲིས་ཀྱི་བར་དུ་མ་བྱེད་ཅིག་།རྣམ་པ་གསུམ་མ་གཏོགས་ཏེ། བཤང་གཅི་དང ། སོ་ཤིང་འདོར་བ་དང ། མཚམས་ཀྱི་ནང་ན་མཆོད་རྟེན་ལ་ཕྱག་འཚལ་བ་མ་གཏོགས་སོ། །ལྷན་ཅིག་སྤྱོད་པ་དང་ལྡན་པས་ཀྱང་བྱ་བ་ཐམས་ཅད་མཁན་པོ་ལ་དྲིས་ཤིང་བྱོས་ཤིག་།བཤང་གཅི་དང ། སོ་ཤིང་འདོར་བ་དང ། མཚམས་ཀྱི་ནང་དུ་མཆོད་རྟེན་ལ་ཕྱག་འཚལ་བ་མ་གཏོགས་སོ། །ལྷན་ཅིག་སྤྱོད་པ་དང་ལྡན་པ་དག་གིས་ཀྱང་ལྷན་ཅིག་སྤྱོད་པའི་མཁན་པོ་ལ་བཀུར་སྟི་བྱོས་ཤིག་།བླ་མར་བྱོས་ཤིག་།མཆོད་པར་བྱོས་ཤིག། མགུ་བར་བྱོས་ཤིག་།དེའི་བྱ་བ་ཞིག་ཡོད་ནའང་ལེ་ལོ་མི་བྱ་ཞིང ། ཤེས་བཞིན་དུ་མྱུར་དུ་གྱིས་ཤིག་།རིམ་གྲོ་དང་བཅས། འཛེམ་པ་དང་བཅས། འཇིགས་པ་དང་བཅས་པར་འགྱུར་བར་བྱོས་ཤིག་།ངོ་ཚ་བ་དང ། སེམས་དམན་པ་དང ། བདག་གི་དགེ་བ་ཅིར་འགྱུར་སྙམ་པ་དང ། དེ་ལོག་པ་ཞིག་ལ་འཇུག་ན་ཡང་མཁན་པོས་བཟློག་པར་གྱིས་ཤིག་།མཁན་པོ་ལ་ཡང་དེས་བཟློག་པར་གྱིས་ཤིག་།མཁན་པོ་ན་ན། Pa391a ༄#། །དེས་ནད་གཡོག་གུས་པར་བྱ། བདག་གི་དོན་ཡང་མ་ཉམས་པ་བྱ་བ་དེ་ནི། སྤྱོད་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །སློབ་དཔོན་གྱི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་དེ་དག་སློབ་དཔོན་མེད་པར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་པར་བྱས་པས་ན། མ་དུལ་བར་གྱུར། ངན་པར་དུལ་བ་དང ། ཚུལ་དང་མི་ལྡན། ཤམ་ཐབས་མི་སྡུག་པར་གྱོན། བླ་གོས་མི་རན་པར་གྱོན། སྤྱོད་པ་ཉམས་ཤིང་མི་སྡུག་པར་སྤྱོད་པ་ལ་ཞུགས་པ་དང ། ཆ་ལུགས་མི་སྡུག་ཆ་ལུགས་ལོག་པ་ལ་ཞུགས་ནས་དེ་ལ་སུ་ཡང་ནད་གཡོག་མི་བྱེད་པར་གྱུར་པ་དང ། དེ་ལྟ་བུར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སློབ་དཔོན་ཡོད་ཀྱང་དེས་དེ་དག་འདུལ་བར་བྱེད། ལུང་སྒོ་བར་བྱེད། རྗེས་སུ་ཡང་སྟོན་པར་བྱེད། འཆོས་པར་བྱེད། ན་ན་ཡང་བསྙེན་བཀུར་དང ། ནད་གཡོག་བྱེད་པར་འགྱུར་རོ། །ཞེས་གསུངས་སོ། །བཅོམ་ལྡན་འདས་ཀྱིས་བསྙེན་བཀུར་བྱོས་ཤིག་ཅེས་གསུངས་པ་འདི་ནི། སློབ་དཔོན་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །ཉེ་གནས་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། དེ་དགེ་སློང་དག་གིས་རབ་ཏུ་ཕྱུང ། བསྙེན་པར་རྫོགས་པར་བྱས་ན།་སློབ་དཔོན་ལ་རིམ་གྲོ་མི་བྱེད་ནས་དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉེ་གནས་ཀྱིས་ནི། སློབ་དཔོན་ Pa391b ལ་རིམ་གྲོ་བྱོས་ཤིག་།གཞར་བར་བྱོས་ཤིག་།བལྟ་བར་བྱོས་ཤིག་།མགུ་བར་བྱོས་ཤིག་།རྗེས་སུ་འབྲང་བར་བྱོས་ཤིག་།བསྙེན་བཀུར་བྱོས་ཤིག་།བྱ་བ་ཐམས་ཅད་ཀྱང་སློབ་དཔོན་ལ་མ་དྲིས་ཀྱི་བར་དུ་མ་བྱེད་ཅིག་།རྣམ་པ་གསུམ་མ་གཏོགས་ཏེ། བཤང་གཅི་དང ། སོ་ཤིང་འདོར་བ་དང ། མཚམས་ཀྱི་ནང་ན་མཆོད་རྟེན་ལ་ཕྱག་འཚལ་བ་མ་གཏོགས་སོ། །ཉེ་གནས་དང་ལྡན་པས་ཀྱང་བྱ་བ་ཐམས་ཅད་སློབ་དཔོན་ལ་དྲིས་ཤིང་བྱོས་ཤིག་།བཤང་གཅི་དང ། སོ་ཤིང་འདོར་བ་དང ། མཚམས་ཀྱི་ནང་དུ་མཆོད་རྟེན་ལ་ཕྱག་འཚལ་བ་ནི། མ་གཏོགས་སོ། །ཉེ་གནས་དང་ལྡན་པ་དག་གིས་ཀྱང་ཉེ་གནས་ཀྱི་སློབ་དཔོན་ལ་བཀུར་སྟི་བྱོས་ཤིག་།བླ་མར་བྱོས་ཤིག་།མཆོད་པར་བྱོས་ཤིག། མགུ་བར་བྱོས་ཤིག། དེའི་བྱ་བ་ཞིག་ཡོད་ན་ཡང་ལེ་ལོ་མི་བྱ་ཞིང ། ཤེས་བཞིན་དུ་མྱུར་དུ་གྱིས་ཤིག། རིམ་གྲོ་དང་བཅས། འཛེམ་པ་དང་བཅས། འཇིགས་པ་དང་བཅས་པར་བྱོས་ཤིག། ངོ་ཚ་བ་དང ། སེམས་དམན་པ་དང ། བདག་གི་དགེ་བ་ཅིར་འགྱུར་སྙམ་པ་དང ། དེ་ལོག་པ་ཞིག་ལ་འཇུག་པ་ན་ཡང་སློབ་དཔོན་གྱིས་བཟློག་པར་གྱིས་ཤིག། སློབ་དཔོན་ལ་ཡང་དེས་བཟློག་པར་གྱིས་ཤིག། སློབ་དཔོན་ན་ན། དེས་ནད་གཡོག་གུས་པར་བྱ། བདག་གི་དོན་ཡང་མ་ཉམས་པར་བྱ་བ་འདི་ནི། ཉེ་གནས་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །མཁན་པོ་དང ། སློབ་དཔོན་དང ། ལྷན་ཅིག་སྤྱོད་པ་དང ། ཉེ་གནས་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། མཁན་པོ་དང་ Pa392a ༄#། །སློབ་དཔོན་གྱིས། ལྷན་ཅིག་སྤྱོད་པ་དང ། ཉེ་གནས་ལ་བུའི་འདུ་ཤེས་མངོན་དུ་ཞོག་ཅིག། ལྷན་ཅིག་སྤྱོད་པ་དང ། ཉེ་གནས་ཀྱིས་ཀྱང་མཁན་པོ་དང ། སློབ་དཔོན་ལ་ཕར་འདུ་ཤེས་མངོན་དུ་གཞག་པར་བྱ་སྟེ། འདི་ནི། མཁན་པོ་དང ། སློབ་དཔོན་དང ། ལྷན་ཅིག་སྤྱོད་པ་དང ། ཉེ་གནས་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །དགེ་ཚུལ་གྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་དགེ་ཚུལ་ཕ་ཆོངས་ཤིག་པར་གནང་སྟེ། ཐ་མ་ནི། བྱ་རོག་སྐྲོད་ནུས་ལ་ལོ་བདུན་པའོ། །དེ་ལ་ཉེས་པའི་དམིགས་ཤིག་བྱུང་ན། དགེ་བསྙེན་དད་པའི་མདུན་དུ་སྤྱོ་ཞིང་སྤོངས་ཤིག། སྒྲེན་མོར་མ་སྤངས་ཤིག། གོས་གཅིག་པར་མ་སྤངས་པར་སྟོད་གཡོགས་དང ། མཐང་གོས་དང་ལྡན་པར་སྤང་སྟེ། འདི་ནི།་དགེ་ཚུལ་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །དངོས་པོའི་རབ་ཏུ་ལྡན་པ་གང་ཞེ་ན། ཕྱོགས་གང་ཐོག་མ་གཙུག་ལག་ཁང་བརྩིགས་པ་དེར་ལས་གསར་དུ་བྱེད་པའི་དགེ་སློང་གིས་རྟོགས་ཤིག། སྔར་གཙུག་ལག་ཁང་གི་དངོས་པོ་བརྟགས་པ་ནི། འོས་པ་དང་ལྡན་ནམ། སྐྱེད་ཤིང་དང་ལྡན་ནམ། ཆུ་དང་ལྡན་ནམ། འཆག་ས་དང་ལྡན་ནམ། ཉེ་འཁོར་དང་ལྡན་ནམ།་རྩོད་པ་མེད་དམ། དོགས་པ་མེད་དམ། སྤྱོད་ཡུལ་དང་མི་རིང་ངམ། ཧ་ཅང་ཡང་མི་ཉེའམ། ཉིན་པར་ལྡུགས་མི་མང་ངམ། འཁྲུག་པ་མི་ཆེའམ། མཚན་མོ་ཡང་སྒྲ་མི་ Pa392b ཆེའམ། ཅ་ཅོ་མི་ཆེའམ། གདུག་པའི་སྲོག་ཆགས་དང ། སྦྲང་བུ་དང ། སྦྲུལ་དང ། རླུང་དང ། ཚབས་མི་བདེ་བ་ལྟ་མེད་དམ། ཞི་བ། དབེན་པ། བསམ་གཏན་གྱི་རྗེས་སུ་མཐུན་ནམ། ནང་དུ་ཡང་དག་འཇོག་པའི་གཞིར་རུང་ངམ་མི་རུང་ཞེས་ཤིན་ཏུ་རྟོགས་པར་བྱས་ལ་གདོད་གཙུག་ལག་ཁང་བརྩིག་གོ། ལས་གསར་དུ་བྱེད་པའི་དགེ་སློང་གིས་ཤིན་ཏུ་མ་བརྟགས་པར་གཙུག་ལག་ཁང་བརྩིགས་ན། འདས་པ་དང་བཅས་པར་འགྱུར་ཏེ། འདི་ནི། དངོས་པོའི་རབ་ཏུ་ལྡན་པ་ཞེས་བྱའོ། །གཙུག་ལག་ཁང་གི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་གཙུག་ལག་ཁང་རབ་ཏུ་གནང་བ་ནི། ཁང་བཟང་ཁྱམས་བཞི་པ་དག་གམ། ཁང་བཟང་ཁྱམས་བཅུ་གཉིས་པ་སྟེ། སྒོ་ཁང་ནི། བཞི་བརྩེགས་སམ། བདུན་བརྩེགས་སོ། ། ཁང་པ་བརྩེགས་པ་དང ། བསྲོ་གང་དང ། ཚང་མང་དང ། བཀད་ས་དང ། འཆགས་དང ། དུགས་ཁང་དང ། རྐང་པའི་བཀྲུ་ཁང་དང ། གནས་ཁང་དང ། སྔ་ཁང་དང ། ཁང་པ་འཁོར་དུ་བཅས་པ་དང ། ཁང་པ་གློ་འབུར་ཏེ། དགེ་འདུན་གྱི་ཡང་རུང ། གང་ཟག་གི་ཡང་རུང ། སློབ་པ་དང ། མི་སློབ་པའི་ཡང་རུང་སྟེ། སྤྱོད་ལམ་བཞིར་རུང་བར་འགྱུར་བ་ནི། གཙུག་ལག་ཁང་གི་རབ་ཏུ་ལྡན་པ་ཞེས་བྱའོ། །མལ་སྟན་གྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་མལ་སྟན་རྗེས་སུ་གནང་བ་ནི། འདི་ལྟ་སྟེ། ཁྲི་དང ། ཁྲིའུ་དང ། སྟན་ Pa393a ༄#། །ནང་ཚངས་ཅན་དང ། ལ་བ་དང ། སྔས་རྟེན་དང ། གྲུ་བཞི་པ་སྟེ། དགེ་འདུན་གྱིའང་རུང ། གང་ཟག་གིའང་རུང ། གདིང་བ་དང ། བགོ་བ་འདི་ནི། མལ་སྟན་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །ལས་གསར་གྱི་རབ་ཏུ་ལྡན་པ་གང་ཞེ་ན། དེ་ནི། འདི་ལྟར་བཅོམ་ལྡན་འདས་ཀྱིས་གང་གི་ཚེ་གཙུག་ལག་ཁང་བྱོས་ཤིག་པར་རྗེས་སུ་གནང་བ་དེ་ན། དགེ་སློང་རྣམས་ཀྱིས་ཇི་ལྟར་དགའ་བ་བཞིན་དུ་ལས་གསར་པ་བྱེད་དེ། དེ་ལས་ཁ་ཅིག་ནི། བརྩམས་པ་ལས་དུས་འདས་པར་གྱུར། ཁ་ཅིག་གིས་ནི། བརྩམས་ནས་དོང ། ཁ་ཅིག་གིས་ནི། ཟིན་པར་བྱེད་དོ། །སངས་རྒྱས་བཅོམ་ལྡན་འདས་འབྲོག་དགོན་པ་ན་འབྲོག་དགོན་པའི་མཆོག་གི་ནགས་ན་བཞུགས་ཏེ། དེའི་ཚེ་ན་དགོན་པའི་གཙུག་ལག་ཁང་རྣམས་ཞིག་ཀྱང་ལས་གསར་པ་མི་བྱེད་དེ།་དགོན་པའི་གཙུག་ལག་ཁང་ཞིག་ཀྱང་ལས་གསར་པ་མི་བྱེད་པར་བཅོམ་ལྡན་འདས་ཀྱིས་གཟིགས་སོ། །དེ་ལྟར་གཟིགས་ནས་ཡང་ཚེ་དང་ལྡན་པ་ཀུན་དགའ་བོ་ལ། ཀུན་དགའ་བོ། ཅིའི་རྒྱུ་ཅིའི་རྐྱེན་གྱིས་ན། དགོན་པ་པ་འདི་དག་ལས་གསར་པ་མི་བྱེད་ཅེས་གསུངས་པ་དང ། བཙུན་པ། དེ་འདི་ལྟར། དགོན་པའི་དགེ་སློང་དག་ལས་ཁ་ཅིག་ནི། དུས་འདས། ཁ་ཅིག་ནི། དོང ། ཁ་ཅིག་ནི། ལེགས་པར་བགྱིས་པས་ན། བཙུན་པ། རྒྱུ་དེ་དང་རྐྱེན་དེ་ལྟ་བུའི་ཕྱིར་དགོན་པ་པ་དག་ལས་གསར་པ་མི་བྱེད་དོ། །ཞེས་སྨྲས་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་ Pa393b པ།་ལས་གསར་དུ་བྱེད་པའི་དགེ་སློང་སྐོས་ཤིག། དེ་ཡང་རིམ་བཞིན་དུ་མ་ཡིན་གྱི། གང་རང་བཞིན་གྱིས་དགེ་བ་ལ་བརྩོན་ཞིང་ལེ་ལོ་མེད་ལ་བརྩོན་འགྲུས་ཀྱི་ནན་ཏན་དང་ལྡན་པ། ལས་གསར་དུ་བྱེད་ནུས་པ། ལས་གསར་པ་ལ་དོན་བྱེད་པ་དེ་ལྟ་བུ་ནི། ལས་གསར་དུ་བྱེད་པར་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བསྐོ་བར་བྱའོ། །དེ་ན་དགེ་སློང་རྣམས་འདི་ལྟར་རྩིག་པ་རལ་བ་ལས་སླར་རྩིག་པ་ཙམ་མམ། བ་ལང་གི་ལྕི་བ་བྱུགས་བ་ཙམ་དང ། གང་ཅི་ལ་ཡང་རུང་ཞག་གཅིག་ཙམ་གྱི་ཕྱིར་ཡང་ལས་གསར་དུ་བྱེད་པའི་དགེ་སློང་བསྐོ་བ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ།་གང་ཅི་ལ་ཡང་རུང་ཞག་གཅིག་ཙམ་གྱི་ཕྱིར་ལས་གསར་པ་བྱེད་པའི་དགེ་སློང་མ་བསྐོ་བར་གང་མཆོད་རྟེན་ནམ། གཙུག་ལག་ཁང་རྙིང་པ་སླར་བཅོས་སམ། དེ་སྟེ་གསར་པ་བྱེད་ཀྱང་རུང་གི།་དེའི་ཕྱིར་ལས་གསར་པ་བྱེད་པ་སྐོས་ཤིག། དེ་དག་ནམ་འཚོའི་བར་དུ་སྐོ་སྟེ། དུད་པ་ཅན་གྱི་ནང་ན་འཁོད་པ་དེ་ཉིད་དུ་འཁོད་པར་བྱེད་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནམ་འཚོའི་བར་དུ་མ་བསྐོ་ཞིག། དུད་པ་ཅན་གྱི་ནང་ན་འཁོད་པར་ཡང་མ་བྱེད་ཅིག། ལས་གསར་དུ་བྱེད་པ་ཡང་གནས་ཁང་རྙིང་པ་འཆོས་ན། ལོ་དྲུག་ཏུ་སྐོས་ཤིག། གནས་ཁང་གསར་པ་ལ་ནི། ལོ་བཅུ་གཉིས་སོ། །ལས་གསར་དང་རབ་ཏུ་ལྡན་པའི་དགེ་སློང་དེས་ཀྱང་གཙུག་ལག་ཁང་གང་ན་གནས་པར་དགེ་སློང་དེས་གཙུག་ལག་ཁང་དེར་དུས་དུས་སུ་ཀུན་ཏུ་བྱུལ་ཞིང་རྟོགས་ Pa394a ༄#། །ཤིག། དེ་སྟེ་གཙུག་ལག་ཁང་དེ་ན་རལ་ཞིང་ཞིག་པར་མཐོང་ན། དེ་སྟེ་བདག་ཉིད་ཀྱིས་ནུས་པར་གྱུར་ན་ནི། བདག་ཉིད་ཀྱིས་སླར་གསོ་བར་བྱོས་ཤིག། བདག་ཉིད་ཀྱིས་བྱ་བར་མི་ནུས་ན། ཚངས་པ་མཚུངས་པར་སྤྱོད་པ་གཞན་དག་ལ་སྟོན་ཅིག། སྟོན་ལ་བདག་གིས་མངོན་སུམ་དུ་ཞལ་ཏ་གྱིས་ལ་སླར་ཆོས་ཤིག། དེ་ཡལ་བར་མ་དོར་ཅིག། ཕྱལ་བར་བོར་ན། འདས་པ་དང་བཅས་པར་འགྱུར་རོ། །འདི་ནི། ལས་གསར་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །ལས་གསར་དུ་བྱེད་པ་དང་རབ་ཏུ་ལྡན་པ་གང་ཞེ་ན། དེ་ལ་ལས་གསར་དུ་བྱེད་པའི་དགེ་སློང་གིས་དགེ་འདུན་གྱི་ལས་གསར་དུ་བྱེད་པ་ལ་ཞུགས་ན། དེ་དགེ་འདུན་གྱིས་ལས་ཀྱིས་རྨོངས་པས་ན། ལས་གསར་དུ་བྱ་བ་ཡང་ཤོར་བར་གྱུར་ནས་དེ་ལྟ་བུར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ངས་རྗེས་སུ་གནང་གི། ལས་གསར་དུ་བྱེད་པའི་དགེ་སློང་ལ་དགེ་འདུན་གྱི་ལས་མ་བསྐོ་ཞིག། གཙུག་ལག་ཁང་རྙིང་པ་སླར་གསོ་བ་དེ་ལ་ནི། ལོ་བཅུ་གཉིས་སུ་ལས་ཀྱི་རེས་སུ་མི་བསྐོ་སྟེ། ནམ་བརྩིགས་གཡོགས་སྐྱང་ནུལ་ཟིན་གྱི་བར་དུའོ། །གང་གིས་གནས་ཁང་བཞི་པའི་གཙུག་ལག་ཁང་ཞིག་རྩིག་ན། དེ་ལ་ལོ་བཞིའི་བར་དུ་ལས་སུ་མི་བསྐོ་སྟེ། ནམ་བརྩིགས་གཡོགས་སྐྱང་ནུལ་ཟིན་གྱི་བར་དུའོ། །གང་གནས་ཁང་བརྒྱད་པའི་གཙུག་ལག་ཁང་ Pa394b ཞིག་རྩིག་ན། དེ་ལ་ལོ་བརྒྱད་ཀྱི་བར་དུ་ལས་ཀྱི་རེས་སུ་མི་བསྐོ་སྟེ། ནམ་བརྩིགས་གཡོགས་སྐྱང་ནུལ་ཟིན་གྱི་བར་དུའོ། །གནས་ཁང་ཁྱམས་བཅུ་གཉིས་པའི་གཙུག་ལག་ཁང་ཞིག་རྩིག་ན། དེ་ལ་ལོ་བཅུ་གཉིས་ཀྱི་བར་དུ་ལས་ཀྱི་རེས་སུ་མི་བསྐོ་སྟེ། ནམ་བརྩིགས་གཡོགས་སྐྱང་ནུལ་ཟིན་གྱི་བར་དུའོ། །གང་མཆོད་རྟེན་དང་བཅས་པའི་དགེ་འདུན་ཀུན་དགའ་ར་བ་ཞིག་རྩིག་ལ་མལ་སྟན་རྣམས་ཀྱང་སྦྱར་བར་བྱེད་ན། ནམ་འཚོའི་བར་དུ་ལས་ཀྱི་རེས་སུ་མི་བསྐོ་སྟེ། ལས་གསར་གྱི་རབ་ཏུ་ལྡན་པ་དེ་ཡང་ཆོས་ལྔ་དང་ལྡན་པའི་དགེ་སློང་ལས་གསར་ལ་མ་བསྐོས་ན་ནི། མ་བསྐོ་ཞིག། བསྐོས་ན་ནི། ཕྱུང་ཞིག། ལྔ་གང་ཞེ་ན། མི་བརྩོན་པ་དང ། ལེ་ལོ་ཅན་དང ། ནན་ཏན་ཏུ་མི་བྱེད་པ་དང ། མྱུར་དུ་མི་བྱེད་པ་དང ། ལས་གསར་བྱས་པ་དང་མ་བྱས་པ་མི་ཤེས་པའོ། །ཆོས་རྣམ་པ་ལྔ་དང་ལྡན་པའི་དགེ་སློང་ལས་གསར་བྱེད་པར་མ་བསྐོས་ན་ནི། སྐོས་ཤིག། བསྐོས་ན་ནི། མ་དབྱུང་ཞིག། ལྔ་གང་ཞེ་ན། བརྩོན་པ་ཅན་དང ། ལེ་ལོ་མེད་པ་དང ། ནན་ཏན་དང་ལྡན་པ་དང ། མྱུར་བར་བྱེད་པ་དང ། ལས་གསར་བྱས་པ་དང་མ་བྱས་པ་ཤེས་པའོ། །ལས་གསར་བྱེད་པའི་དགེ་སློང་གིས་ཀྱང་གཙུག་ལག་ཁང་དུས་དུས་སུ་བྱུལ་ཅིག། ཅི་ནས་གཙུག་ལག་ཁང་ལ་ལས་གསར་བྱེད་པ་དེས་ཀུན་ཏུ་སྤྲོ་བར་བྱ་བ་ནི། ཇི་ལྟར་གཙུག་ལག་ཁང་ཐམས་ཅད་ལ་ལས་གསར་བྱ་བ་ཉམས་པར་མི་འགྱུར་བ་དེ་ལྟ་བུར་སྤྲོ་བ་བསྐྱེད་པར་བྱ་བ་སྟེ། དེ་ལྟར་བྱས་ན་ Pa395a ༄#། །ནི།་ལེགས། དེ་ལྟར་མ་བྱས་ན། འདས་པ་དང་བཅས་པར་འགྱུར་ཏེ། དེ་ལྟ་བུ་ནི། ལས་གསར་བྱེད་པ་དང་རབ་ཏུ་ལྡན་པ་ཞེས་བྱའོ། །ཕྱག་འཚལ་བའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཕྱག་འཚལ་བ་རྣམ་པ་གཉིས་གནང་སྟེ། དགེ་སློང་ལ་ཕྱག་བྱ་བ་དང ། སྟོན་པ་ལ་བྱའོ། །དགེ་སློང་གིས་ནི། ཇི་ལྟར་རྒན་རིམ་གྱི་དགེ་སློང་ལ་སྔོན་དུ་ཚིག་སྙན་པ་དང ། ཕྱག་བྱ་བ་དང ། མངོན་དུ་ལྡང་བ་དང ། ཐལ་མོ་སྦྱར་བ་དང ། ཕྱག་བྱ་བར་བྱ་སྟེ། མགོས་རྐང་པ་ལ་ཕྱག་བྱ་བ་དང ། ལག་པ་གཉིས་ཀྱིས་རྐང་པ་གཉིས་ནས་བཟུང་ཞིང་བཙིར་བའོ། །དེ་བཞིན་གཤེགས་པ་ལ་ནི། དཀྱིལ་འཁོར་ལྔས་ཕྱག་བྱ་སྟེ། དེ་ནི། ཕྱག་བྱའི་རབ་ཏུ་ལྡན་པ་ཞེས་བྱའོ། །ཁུ་བ་སྐྱུར་པོའི་རབ་ཏུ་ལྡན་པ་གང་ཞེ་ན། ཁུ་བ་སྐྱུར་པོ་ནི། དགེ་སློང་ན་བ་དང ། རླུང་ནད་ཅན་རྣམས་ལ་གནང་སྟེ། ཇི་ལྟར་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་གནང་བ་བཞིན་ནོ། །རྫས་གང་ལས་ཁུ་བ་སྐྱུར་པོ་བྱ་ཞེ་ན། རྩ་བ་དང ། སྡོང་བུ་དང ། ལོ་མ་དང ། མེ་ཏོག་དང ། སྨན་དང ། ས་བོན་ཐམས་ཅད་དེ་དག་གཅིག་ཏུ་སྤངས་ནས་ནམ་སྐྱུར་བར་གྱུར་པ་དེ་ན་དང་བ། མ་རྙོགས་པ། དར་ཚོགས་ཀྱིས་བཙགས་ལ། ཆུས་བསླད་དེ་དང་བར་བྱས་ནས་ཉིན་པར་དང ། སྲོད་ཀྱི་བར་དུ་བཏུང་སྟེ། དེ་ནི། ཁུ་བ་སྐྱུར་པོའི་རབ་ཏུ་ལྡན་པ་ཞེས་བྱའོ། །ཕྱེ་མའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་ Pa395b འདས་ཀྱིས་དགེ་སློང་རྣམས་ལ་ཕྱེ་མ་རྣམ་པ་གཉིས་ཡོངས་སུ་གནང་སྟེ། སྨན་གྱི་ཕྱེ་མ་དང ། བཀྲུ་བའི་ཕྱེ་མའོ། །སྨན་གྱི་ཕྱེ་མ་དགེ་སློང་རྣམས་ལ་ནད་གཞིལ་བའི་ཕྱིར་གནང་ངོ ། །བཀྲུ་བའི་ཕྱེར་མ་དགེ་སློང་རྣམས་ལ་གནང་བ་ནི། རྒྱགས་པའི་ཕྱིར་མ་ཡིན། དྲེགས་པའི་ཕྱིར་མ་ཡིན། མཛེས་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན་གྱི། ལུས་ཀྱི་དྲི་མ་བསལ་བའི་ཕྱིར་རོ། །ཅི་ལས་བཀྲུ་བའི་ཕྱེ་མ་བྱ་ཞེ་ན། སྲན་གྲེའུ་དང ། སྲན་མ་ཤ་དང ། རྒྱ་སྲན་དང ། སྲན་མ་དང ། དེ་རྣམས་ཀྱི་ཕྱི་ཤུན་དང ། འབྲུ་ཧྲི་མིན་ཏ་རྣམས་ལ་བྱ་སྟེ། དགེ་སློང་རྣམས་ལ་དྲི་སྣ་ཚོགས་ཀྱིས་སྤགས་པ་དེ་བརྒྱན་པའི་ཕྱིར་མ་ཡིན་གྱི། བཀྲུ་བའི་ཕྱིར་ཡོངས་སུ་སྤྱད་པར་བྱའོ། །མ་བླངས་པར་དྲི་དང་སྤགས་པ་ཞིག་རྙེད་པར་གྱུར་ན། ཉེས་པ་མེད་དེ། དེ་དང་མཐུན་པའི་སྨན་རྣམས་ཀྱིས་རང་གིས་ཀྱང་སྤགས་ཤིང་སྤྱོད་ན་ཡང་དེ་བཞིན་ཏེ། དེ་ནི། ཕྱེ་མའི་རབ་ཏུ་ལྡན་པ་ཞེས་བྱའོ། །སྨན་གྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་ནད་པ་རྣམས་ལ་ནད་གཞིལ་བའི་ཕྱིར་སྨན་རྗེས་སུ་གནང་སྟེ། སྔ་དྲོ་དང ། ཕྱི་དྲོ་དང ། བདུན་པ་དང ། ནམ་འཚོའི་བར་དུ་སྟེ། རྩ་བའི་སྨན་དང ། སྡོང་བུའི་སྨན་དང ། ལོ་མའི་སྨན་དང ། མེ་ཏོག་གི་སྨན་དང ། འབྲས་བུའི་སྨན་ནོ། །དགེ་སློང་མིན་བས་ནི། ན་བའི་སྨན་ཡོངས་སུ་མི་སྤྱད་དེ། དེ་ནི། སྨན་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །བཏུང་བའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་དྲང་སྲོང་ཀོའུ་ Pa396a ༄#། །དི་ནྱ་ཞེས་བྱ་བ་ལས་ཏེ། དགེ་སློང་རྣམས་ལ་བཏུང་བ་རྣམ་པ་བརྒྱད་རྗེས་སུ་གནང་ངོ ། །དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ། ཤིང་ཐོག་ཙོ་ཙའི་དང ། མོ་ཙའི་དང ། རྒྱ་ཤུག་གི་དང ། འབྲ་གོའི་དང ། པ་རུ་ཤའི་དང ། ་ཤཝཏའིཐ་དང ། ུ་དུམ་ཝ་རའི་དང ། རྒུན་འབྲུམ་གྱི་སྟེ། བཏུང་བ་རྣམ་པ་བརྒྱད་པོ་འདི་དག་ནི། དགེ་སློང་རྣམས་ལ་གནང་གི། ཁ་ཟས་དང་མ་འབགས་པ་དང ། མི་མྱོས་པ་དང ། མི་སྐྱུར་བ་དང ། སངས་པ་དང ། དང་བ་དང ། མ་རྙོག་པར་དར་ཚགས་ཀྱིས་ཚོགས་ལ། ཆུས་བསླད་དེ་ཕྱི་དྲོ་བྱས་པ་བཏང་སྟེ། འདི་ནི། བཏུང་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །པགས་པའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གིས་པགས་པ་གཞག་པར་མི་བྱ། བཅང་བར་མི་བྱ། བྱིན་གྱིས་བརླབ་པར་མི་བྱ། གདིང་བར་མི་བྱ།་དེ་ལ་འདུག་པར་མི་བྱ། སྟན་དུ་གདིང་བར་མི་བྱ། དེ་ལ་འཇུག་པར་མི་བྱ། དེ་ལ་འདྲེས་པར་མི་བྱ། ལྷམ་གོང་རལ་སྦུ་གུ་ཅན་དང ། མཆིལ་ཅན་དང ། གོང་ཅན་དང ། ཡུ་ཐུང་སྟེ། ཁྱིམ་པའི་ནང་དུ་དེ་འདྲ་བའི་རྐྱེན་ཞིག་བྱུང་ན་ནི། པགས་པ་ལ་འདུག་པར་བྱའོ། །ནད་པས་ནི། པགས་པ་ལ་འདུག་པར་བྱ་སྟེ། འདི་ནི། པགས་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །ལྷམ་གྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ལྷམ་རྣམ་པ་གཉིས་གནང་སྟེ། ལྷམ་མཆིལ་རིམ་གཅིག་པ་དང ། ཁྱིམ་པའི་ལྷམ་རིམ་པ་མང་པོ་ཡང་རུང་ Pa396b ངོ ། །དགེ་སློང་གིས་རི་མོར་བྲིས་པའི་ལྷམ་མ་འཆང་ཞིག་།དེ་ནི། ལྷམ་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །ཤིང་ལྷམ་གྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཤིང་ལྷམ་རྣམ་པ་གཉིས་གནང་སྟེ། བཤང་གཅིའི་ཤིང་ལྷམ་དང ། ཁྲི་རྟེན་གྱི་ཤིང་ལྷམ་མོ། །དགེ་སློང་གིས་དེ་མ་ཡིན་པར་གཞན་དུ་ཤིང་ལྷམ་མི་བཅང་སྟེ། གཞན་དུ་བཅངས་ན། འདས་པ་དང་བཅས་པར་འགྱུར་ཏེ། འདི་ནི། ཤིང་ལྷམ་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །དྲུད་པའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གིས་རྟའི་དྲུད་པའམ། མཚོའི་སྦུ་པའམ། གྱོ་མོས་རྐང་པ་དྲུད་པ་མ་འཆང་ཞིག། དེ་ནི། དྲུད་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །འཁར་བའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་ནད་པ་དང ། རྒན་པོ་ལ་འཁར་བ་རྗེས་སུ་གནང་ངོ ། །དེ་སྟེ་རྩ་བར་གས་ན་ནི། ལྕགས་ཀྱིས་བསྐོར་ཅིག་།རྩེ་མོར་གས་ན་ནི། སྦུ་གུར་ཆུག་ཅིག་།དེ་ནི། འཁར་བའི་རབ་ཏུ་ལྡན་པ་ཞེས་བྱ་སྟེ། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་གྱི་བསིལ་ཚལ་གྱི་དུར་ཁྲོད་ན་སྦྲུལ་ཡོད་དེ། དགེ་སློང་རྣམས་དུར་ཁྲོད་ཀྱི་ལམ་དུ་དོང་བ་དང་སྦྲུལ་གྱིས་རེག་པར་གྱུར་ནས་དེ་ལྟ་བུར་གྱུར་པ་དགེ་སློང་རྣམས་ཀྱིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྦྲུལ་རྣམས་བསྐྲད་པའི་ཕྱིར་སྒྲ་དང་བཅས་པའི་འཁར་བ་བཅང་བར་གནང་སྟེ། འདི་ནི། འཁར་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །དྲ་བའི་རབ་ Pa397a ༄#། །ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་ན་བ་དང ། རྒས་པ་ལ་དྲ་བ་གནང་སྟེ། དགེ་སློང་གིས་ཚོན་སྣ་ཚོགས་ཀྱི་དྲ་བ་བརྒྱན་པའི་ཕྱིར་མ་འཆང་ཞིག། འདི་ནི། དྲ་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །འཁར་བ་དང་དྲ་བའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་ན་བ་དང ། རྒས་པ་ལ་འཁར་བ་དང་དྲ་བའི་སྡོམ་པ་གསོལ་བ་དང་གཉིས་ཀྱི་ལས་ཀྱིས་བྱིན་ཅིག་པར་རྗེས་སུ་གནང་སྟེ། རྒྱས་པར་ནི། འདུལ་བ་ལས་འབྱུང་བ་བཞིན་ཏེ། འདི་ནི། འཁར་བ་དང་དྲ་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །སྒོག་སྐྱའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་ན་བ་རླུང་ནད་ཅན་ལ་སྒོག་སྐྱ་རྗེས་སུ་གནང་སྟེ། ཇི་ལྟར་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་གནང་བ་བཞིན་ནོ། །དགེ་སློང་མི་ན་བར་སྒོག་སྐྱ་མ་ཟ་ཞིག། ཟ་ན། འདས་པ་དང་བཅས་པར་འགྱུར་རོ། །དེ་སྟེ་ན་ན། ཟོ་ལ་ཚུལ་བཞིན་དུ་བྱོས་ཤིག། སྒོག་སྐྱའི་ཚུལ་དེ་ནི། འདི་ལྟ་བུ་སྟེ། དགེ་སློང་གིས་སྒོག་སྐྱ་ཟོས་ན། སྟོན་པ་ལ་བལྟར་མ་འགྲོ་ཞིག། མཁན་པོ་དང ། སློབ་དཔོན་གྱི་དྲུང་དུའང་མ་འགྲོ་ཞིག། བླ་མ་ལ་ཡང་མ་ཡིན། བླ་མའི་གནས་སུ་འགྱུར་བ་ལ་ཡང་མ་ཡིན། སྟོན་པར་ཡང་མ་བྱེད་ཅིག་།ནོད་པར་ཡང་མ་བྱེད་ཅིག། དྲན་པར་ཡང་མ་ཡིན། འདྲི་བར་ཡང་མ་ཡིན། གྲོང་དུའང་མ་འཇུག་ཅིག། ཟས་ལ་གྲལ་དུའང་མི་བཀང ། ཐུག་པ་འཐུང་བར་ Pa397b ཡང་མ་ཡིན། སྐྱོ་མ་འཐུང་བར་ཡང་མ་ཡིན། ཆོས་ཉན་པར་ཡང་མ་ཡིན། དགེ་སློང་རྣམས་དང་ལྷན་ཅིག་ཏུ་འདུག་པར་ཡང་མ་བྱེད་ཅིག། འདུ་བར་ཡང་མ་ཡིན། གཞན་ཅིའི་དོན་ལ་ཡང་རུང་སྟེ། ལྷན་ཅིག་མི་འདུག། གནས་ཁང་དབེན་པར་འདུག་པར་བྱ། དེ་སྟེ་གང་ཟག་གི་གདིང་བ་དང ། བགོ་བ་མེད་པར་གྱུར་ན། ཕྱོགས་བཞིའི་དགེ་འདུན་གྱི་ངན་པ་ལས་ལོངས་ཤིག་།བཤང་གཅིའི་ས་ཡང་ལོགས་ཤིག་ཏུ་བྱོས་ཤིག། དེ་སྟེ་ཞག་གཅིག་སྒོག་སྐྱ་ཟོས་ན། ཞག་བདུན་གྱི་བར་དུ་སོང་ཞིག། བདུན་དུ་ཟོས་ན་ཡང་བདུན་དུ་སོང་ཞིག། བདུན་འདས་ནས་ནི། གདིང་བ་དང་བགོ་བ་ཡང་ཁྲུས་ཤིག་།གནས་ཁང་ཡང་བྱི་བདར་གྱིས་ཤིག། གནས་ཁང་གི་ཟླ་རྣམས་ཀྱང་ཕྱག་དར་བྱོས་ཤིག། ཞལ་ཞལ་གྱིས་འཇམ་པོར་གྱིས་ཤིག། བ་ལང་གི་ལྕི་བས་ཡུགས་ཤིག། བཤང་གཅིའི་ས་ཡང་བྱི་བདར་གྱིས་ཤིག། ཆོས་གོས་ཁྲུས་ཤིག། ཁྲུས་བྱོས་ཤིག། དེའི་འོག་ཏུ་ཅི་བདེར་སྟོན་པ་ལ་བལྟར་སོང་ཞིག། དེ་མཁན་པོ་དང ། སློབ་དཔོན་དང ། བླ་མའི་གནས་སུ་གྱུར་པ་རྣམས་ལ་བལྟར་སོང་ཞིག། སྟོན་པའང་བྱིན་ཅིག། ནོད་པ་དང ། དྲན་པར་བྱ་བ་དང ། དྲི་བ་ཡང་བྱོས་ཤིག། གྲོང་དུ་ཡང་ཞུགས་ཤིག། ཟས་ལ་གྲལ་དུའང་བཀང་བར་བྱའོ། །སྐྱོ་མ་དང་ཐུག་པ་འཐུང་བའི་གྲལ་དུའང་བཀང་བར་བྱ། ཆོས་མཉན་པར་བྱ། དགེ་སློང་ལྷན་ཅིག་འདུག་པ་དང་འདུ་བར་བྱའོ། །སྒོག་སྐྱ་ཟ་བའི་དགེ་སློང་གིས་ཇི་ལྟར་མཚུངས་ Pa398a ༄#། །པར་སྤྱད་པའི་ཆོས་བཅས་པ་བཞིན་མཚུངས་པར་ལ་སྒྱེད་ན། འདས་པ་དང་བཅས་པར་འགྱུར་ཏེ། འདི་ནི། སྒོག་སྐྱའི་རབ་ཏུ་ལྡན་པ་ཞེས་བྱའོ། །སྤུ་གྲིའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་སྐྲ་འབྲེག་པའི་ཕྱིར་སྤུ་གྲི་རྗེས་སུ་གནང་བ་དེ་ནི། སྤུ་གྲིའི་རབ་ཏུ་ལྡན་པ་ཞེས་བྱའོ། །སྤུ་གྲིའི་ཤུབས་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་སྤུ་གྲིའི་ཚས་ཀྱི་ཕྱིར་སྤུ་གྲིའི་ཤུབས་རྗེས་སུ་གནང་བ་དེ་ནི། སྤུ་གྲིའི་ཤུབས་རབ་ཏུ་ལྡན་པ་ཞེས་བྱའོ། །ལྡེ་མིག་ཀྱོག་པོའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་མལ་སྟན་རུང་བ་དང ། དགེ་འདུན་ལ་བདེ་བ་དང ། དགེ་འདུན་ལ་དགེ་བར་སྤྱོད་པའི་ཕྱིར་ལྡེ་མིག་ཀྱོག་པོ་རྗེས་སུ་གནང་སྟེ། འདི་ནི།་ལྡེ་མིག་ཀྱོག་པོའི་རབ་ཏུ་ལྡན་པ་ཞེས་བྱའོ། །སྒོ་ལྕགས་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་སྒོ་ལྕགས་རྗེས་སུ་གནང་བ་འདི་ནི། འཁྲུལ་འཁོར་དུ་བྱས་པ་ལྡེ་མིག་གིས་རབ་ཏུ་དབྱེ་བ་བྱས་ཏེ། འདི་ནི། སྒོ་ལྕགས་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །བཞོན་པའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྒན་པ་དང ། རྒས་འཁོགས་པ་དང ། ན་བ་དང ། རྩོལ་མི་ནུས་པ་དང ། དར་ལ་བབ་པ་རྣམས་ཀྱི་ཕྱིར་བཞོན་པ་རྗེས་སུ་གནང་སྟེ། དགེ་སློང་གིས་བརྒྱན་པའི་ཕྱིར་རི་མོ་བྲིས་པའི་བཞོན་ Pa398b པ་ལ་མ་ཞོན་ཅིག། བཞོན་པ་མོ་ལ་རང་གི་བཞོན་པར་མ་བྱེད་ཅིག། འདི་ནི། བཞོན་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །གདུགས་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཆར་དང་ཚ་བའི་གཉེན་པོའི་ཕྱིར་གདུགས་རྗེས་སུ་གནང་སྟེ། གདུགས་བྲིས་པ་རི་མོ་ཅན་བརྒྱན་པའི་ཕྱིར་མ་འཆང་ཞིག། ཡུ་བ་རིང་པོ་མ་འཆང་ཞིག། གདུགས་ཐོགས་བཞིན་གྲོང་དུ་འགྲོ་བར་མི་བྱ་སྟེ། འདི་ནི། གདུགས་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །བསིལ་ཡབ་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཚ་བའི་གཉེན་པོའི་ཕྱིར་བསིལ་ཡབ་གནང་སྟེ། དགེ་སློང་གིས་བསིལ་ཡབ་རི་མོ་ཅན་བརྒྱན་པའི་ཕྱིར་མ་འཆང་ཞིག། འདི་ནི། བསིལ་ཡབ་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །རྔ་མའི་སྦྲང་ཡབ་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་སྲོག་ཆགས་གདུག་པ་དང་སྦྲང་བུ་བསྐྲད་པའི་ཕྱིར་རྔ་མའི་སྦྲང་ཡབ་གནང་སྟེ། སྦྲང་ཡབ་རྔ་མ་གང་ལས་བྱ་ཞེ་ན། རྔ་མོ་དང ། རི་དྭགས་དང ། སྐུད་པའམ་ར་ད་ལས་ཏེ། དགེ་སློང་གིས་སྦྲང་ཡབ་རི་མོ་ཅན་བརྒྱན་པའི་ཕྱིར་མ་འཆང་ཞིག། སྦྲང་ཡབ་རྣམ་པ་གཉིས་ཏེ། གཅིག་ནི། རང་བཞིན་གྱིས་པའོ། །གཅིག་ནི། སྨུག་པའོ། ། འདི་ནི། རྔ་མའི་སྤྲང་ཡབ་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །སྦྲང་ཡབ་ཀྱི་ཡུ་བའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གིས་རྔ་ཡབ་ཀྱི་ཡུ་བ་རིན་པོ་ཆེ་ཅན་མ་འཆང་ཞིག། དེ་སྟེ་རྙེད་ན། Pa399a ༄#། །ལོངས་ཤིག། ལོངས་ལ་སངས་རྒྱས་ཀྱི་མཆོད་རྟེན་ནམ། ཉན་ཐོས་ཀྱི་མཆོད་རྟེན་ལ་དབུལ་ཏེ། འདི་ནི། སྦྲང་ཡབ་ཀྱི་ཡུ་བའི་རབ་ཏུ་ལྡན་པ་ཞེས་བྱའོ། ། མེ་ལོང་གི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་རྣམས་མེ་ལོང་ངམ། ལྷུང་བཟེད་ཀྱི་མེ་ལོང་ངམ། ཆུ་ལོངས་ལ་གདོང་མ་བལྟ་ཞིག། དེ་སྟེ་གདོང་ལ་རྨ་ཡོད་དམ། གདོང་སྔོན་གྱི་དང ། དའང་ཅི་འདྲ་བའི་ཕྱིར་བལྟའམ། གདོང་གི་གཉེར་མ་དང་སྐྲ་དཀར་ལ་བལྟའམ། འདུས་བྱས་ཀྱི་དངོས་པོ་འདི་རྙིང་པར་འགྱུར་བའོ། །འཇིག་པར་འགྱུར་བའོ། །སྙམ་དུ་བལྟ་འདོད་པ་ལ་ནི། ཉེས་པ་མེད་དེ། འདི་ནི། མེ་ལོང་གི་རབ་ཏུ་ལྡན་པ་ཞེས་བྱའོ། །ཕྲེང་བ་དང ། དྲི་དང ། བྱུག་པའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གིས་ཕྲེང་བ་དང ། དྲི་དང ། བྱུག་པ་རང་ལ་ཡང་མ་འཆང་ཞིག། གཞན་ལ་ཡང་མ་སྦྱིན་ཅིག་།དེ་སྟེ་རྙེད་ན། ལོངས་ཤིག། ལོངས་ལ་སངས་རྒྱས་ཀྱི་མཆོད་རྟེན་ནམ། ཉན་ཐོས་ཀྱི་མཆོད་རྟེན་ལ་ཕུལ་ཅིག། འདི་ནི། ཕྲེང་བ་དང ། དྲི་དང ། བྱུག་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །གར་དང ། གླུ་དང ། བརྡུང་བའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་གིས་གར་དང ། གླུ་དང ། བརྡུང་བ་རང་གིས་ཀྱང་མ་བྱེད་ཅིག། གཞན་ལ་ཡང་བྱེད་དུ་མ་འཇུག་ཅིག། བལྟར་ཡང་མ་འགྲོ་ཞིག། ཅི་ནས་གར་དང ། གླུ་དང ། བརྡུང་བ་སྤང་བར་བྱ་སྟེ། འདི་ནི། གར་དང ། གླུ་དང ། བརྡུང་ Pa399b བའི་རབ་ཏུ་ལྡན་པ་ཞེས་བྱའོ། །ཚུལ་ཤིང་གི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་བགྲང་བའི་ཕྱིར་ཚུལ་ཤིང་རྗེས་སུ་གནང་སྟེ། ཚུལ་ཤིང་ཤིན་ཏུ་རིང་བ་ཡང་མ་ཡིན། ཐུང་བ་ཡང་མ་ཡིན། སྦོམ་པ་ཡང་མ་ཡིན། ཕྲ་བ་ཡང་མ་ཡིན། འཁྱོར་བ་ཡང་མ་ཡིན། རྩུབ་པ་ཡང་མ་ཡིན་པར་སྙོམས་པར་བྱ། དྲང་བ་དང ། འཇམ་པ་དང ། བཞིན་སྣང་བ་ལྟ་བུར་བྱའོ། །འདི་ནི། ཚུལ་ཤིང་གི་རབ་ཏུ་ལྡན་པ་ཞེས་བྱའོ། །མིག་སྨན་གྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་མིག་ན་བ་ལ་མིག་སྨན་རྣམ་པ་ལྔ་གནང་བ་ནི། འདི་ལྟ་སྟེ། མེ་ཏོག་གི་མིག་སྨན་དང ། ཕྱེ་མའི་མིག་སྨན་དང ། རི་ལུའི་མིག་སྨན་དང ། བྲོའི་མིག་སྨན་དང ། མིག་སྨན་ནག་པོའོ། །དགེ་སློང་རྣམས་སྒེག་ཅིང་ཆ་བའི་ཕྱིར་ནི། མིག་སྨན་མི་བཅང་བར་བྱའོ། །དེ་བསྟེན་པར་གྱུར་ན། རྗེས་སུ་མཐུན་པའི་སྨན་དེ་བསྐུ་བར་བྱའོ། །དེ་ནི། མིག་སྨན་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །མིག་སྨན་གྱི་ཐུར་མའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་མིག་སྨན་དང་ཐུར་མ་གནང་བ་ནི། ཇི་ལྟར་འདུལ་བ་ལས་རྒྱས་པར་འབྱུང་བ་བཞིན་ཏེ། དེ་ནི། མིག་སྨན་གྱི་ཐུར་མའི་རབ་ཏུ་ལྡན་པ་ཞེས་བྱའོ། །མིག་སྨན་གྱི་སྣོད་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་མིག་སྨན་གྱི་སྣོད་གནང་བ་ནི། ཇི་ལྟར་འདུལ་བ་ Pa400a ༄#། །ལས་རྒྱས་པར་འབྱུང་བ་བཞིན་ཏེ། དེ་ནི། མིག་སྨན་གྱི་སྣོད་རབ་ཏུ་ལྡན་པ་ཞེས་བྱའོ། །གཏུན་དང་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་སྨན་འཐག་པའི་ཕྱིར་གཏུན་དང ། གཏུན་བུ་གནང་བ་དེ་ནི། གཏུན་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །ཉལ་བ་དང་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་རྣམས་ཉིན་པར་མི་ཉལ་བར་བྱ།་མེ་འབར་བ་ལའང་མ་ཡིན། དེ་སྟེ་སྡུར་བ་ཅན་ཞིག་ན་ནི། ལངས་ཏེ་བཅག་པར་བྱ། དེ་སྟེ་མི་ནུས་ན། གཞན་དུ་འགྲོ་བར་བྱའོ། །དེའི་རྐྱེན་གྱིས་གཞན་ལ་ཡང་མི་གནོད་པར་བྱ་བ་དེ་ནི། ཉལ་བ་དང་རབ་ཏུ་ལྡན་པ་ཞེས་བྱའོ། །འདུག་པ་དང་རབ་ཏུ་ལྡན་པ་གང་ཞེ་ན། ཉིན་པར་འཆག་གམ་འདུག་པའི་ཚེ་སྒྲིབ་པའི་ཆོས་རྣམས་སེམས་ལ་ཡོངས་སུ་སྦྱང་བར་བྱའོ། །ཉིན་པར་འཆག་ཅིང་འདུག་པའི་ཚེ་སྒྲིབ་པའི་ཆོས་རྣམས་སེམས་ལ་ཡོངས་སུ་སྦྱངས་ནས་མཚན་མོ་མེལ་ཚེ་དང་པོ་ལ་འཆག་ཅིང་འགྲོ་བའི་ཚེ་ཡང་སྒྲིབ་པའི་ཆོས་རྣམས་སེམས་ལ་ཡོངས་སུ་སྦྱང་བར་བྱ། མེལ་ཚེ་དང་པོའི་ཚེ་འཆག་ཅིང་འགྲོ་བ་ན་སྒྲིབ་པའི་ཆོས་རྣམས་སེམས་ལ་ཡོངས་སུ་སྦྱངས་ནས་མཚན་མོ་མེལ་ཚེ་བར་མའི་ཚེ་གཙུག་ལག་ཁང་གི་ཕྱི་རོལ་ཏུ་བྱུང་སྟེ་རྐང་པ་བཀྲུས་ནས་གནས་ཁང་དུ་ཞུགས་ནས་བླ་གོས་བཞི་ལྟབ་ཏུ་བཏིང ། སྦྱར་མ་སྟུག་པོར་བལྟབ་སྟེ་སྔས་སུ་བཅུག་ལ་གཡས་ཕྱོགས་ཀྱིས་ཉལ་བར་བྱ་སྟེ། Pa400b རྐང་པ་ལ་རྐང་པས་མནན་ཏེ་ཡན་ལག་མི་དབྲལ་བ་དང ། སེམས་མི་གཡེང་བ་དང ། གོས་མ་གྱེས་པ་དང ། སྣང་བར་འདུ་ཤེས་པ་དང ། དྲན་ཞིང་ཤེས་པ་དང ། ལྡང་བའི་འདུ་ཤེས་ཡིད་ལ་བྱ་སྟེ།་ཐོ་རངས་མྱུར་ཞིང་རིངས་པར་ལངས་ཏེ་འཆག་གམ་འདུག་པའི་ཚེ་སྒྲིབ་པའི་ཆོས་རྣམས་སེམས་ལ་ཡོངས་སུ་སྦྱོང་བ་དེ་ནི། འདུག་པ་དང་རབ་ཏུ་ལྡན་པ་ཞེས་བྱའོ། །པུས་འཁྱུད་དང་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ན་བ་དང ། རྒྱབ་ན་བའི་ཕྱིར་ཇི་ལྟར་ཚེ་དང་ལྡན་པ་ཤཱ་རིའི་བུ་ལ་པུས་འཁྱུད་གནང་བ་བཞིན་ཏེ། དགེ་སློང་གིས་པུས་འཁྱུད་རི་མོ་ཅན་བརྒྱན་པའི་ཕྱིར་མི་བཅང་བར་བྱ་སྟེ། དེ་ནི། པུས་འཁྱུད་དང་རབ་ཏུ་ལྡན་པ་ཞེས་བྱའོ། །བརྡུང་ཤིང་གི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཆོས་གོས་བརྡུང་བའི་ཕྱིར་ཤིང་གི་བརྡུང་གཞི་དང་བརྡུང་ཐོ་གནང་བ་དེ་ནི་བརྡུང་ཤིང་གི་རབ་ཏུ་ལྡན་པ་ཞེས་བྱའོ། །སྐ་རགས་ཀྱི་རབ་ཏུ་ལྡན་པ་གང་ཞེ་ན། སྐ་རགས་ལ་རྣམ་པ་གསུམ་སྟེ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་འདི་ལྟ་སྟེ། སྐ་རགས་ལྷས་མ་དང ། རྒྱ་ཅང་དང ། ལྕགས་པོད་རྣམས་གནང་སྟེ། དགེ་སློང་རྣམས་བརྒྱན་པའི་ཕྱིར་སྐ་རགས་ཁྲ་བོ་མ་འཆང་ཞིག ། སྐ་རགས་མེད་པར་གྲོང་དུ་མ་འགྲོ་ཞིག་།མདུད་པ་གཅིག་བོར་བ་ཡང་གྲོང་དུ་མ་འགྲོ་ཞིག། སོང་ན། ཉེས་བྱས་སུ་འགྱུར་ཏེ། དེ་ནི། སྐ་རགས་ཀྱི་རབ་ཏུ་ལྡན་པ་ཞེས་བྱའོ། །འུ་རྡོའི་རབ་ཏུ་ Pa401a ༄#། །ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་སྒྲས་རྐུན་པོ་རྣམས་བསྐྲད་པར་བྱ་བའི་ཕྱིར་ནི། འུར་རྡོ་གནང་སྟེ། རྣམ་གྲངས་གང་གིས་ཀྱང་ཕོག་པར་མི་བྱ་སྟེ། དེ་ནི། འུར་རྡོའི་རབ་ཏུ་ལྡན་པ་ཞེས་བྱའོ། །གོས་དཀྲིས་ཤིང་མདུད་པ་བོར་བའི་རབ་ཏུ་ལྡན་པ་གང་ཞེ་ན། དགེ་སློང་རྣམས་གོས་དཀྲིས་ཤིང་མདུད་པ་བོར་ཏེ་འགྲོ་བར་མ་བྱེད་ཅིག་།ཁང་སྟེང་ན་ལས་བྱེད་པ་ནི། མ་གཏོགས་ཏེ། དེ་ནི། གོས་དཀྲིས་ཤིང་མདུད་པ་བོར་བའི་རབ་ཏུ་ལྡན་པ་ཞེས་བྱའོ། །སའི་རབ་ཏུ་ལྡན་པ་གང་ཞེ་ན། ས་ལ་རྣམ་པ་གཉིས་ཏེ། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་འཆག་པའི་ས་དང ། ལྷ་ཁང་གིས་ནི། རྗེས་སུ་གནང་ངོ ། །དེ་ནི། སའི་རབ་ཏུ་ལྡན་པ་ཞེས་བྱའོ། །སྐྱེད་ཤིང་གི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ལྡན་འདས་ལ་དགེ་སློང་དག་གིས་རི་བྱ་རྒོད་ཕུང་པའི་ཤུལ་དེར་ཤིང་དག་མ་མཆིས་ལ་ནམ་མཁའ་མ་བསྒྲིབས་པས་བྱ་རྒོད་ཕུང་པའི་རི་ལ་འཛེག་ཅིང་འབབ་པའི་ཚེ་ཚ་བས་རྨྱ་བར་གྱུར་ཏོ། །ཞེས་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། དེར་གྲིབ་མར་འགྱུར་བའམ། མེ་ཏོག་ཏུ་འགྱུར་བའམ། འབྲས་བུར་འགྱུར་བ་དེ་དག་བསྐྱེད་པར་གནང་ངོ ། །དེ་དང་དེ་དག་ཏུ་སྐྱེད་ཤིང་བསྲུང་བའི་ཕྱིར་འོད་མའི་ར་བས་ཀྱང་བསྐོར་བ་དེ་ནི། སྐྱེད་ཤིང་གི་རབ་ཏུ་ལྡན་པ་ཞེས་བྱའོ། །དངོས་པོའི་རབ་ཏུ་ལྡན་པ་གང་ཞེ་ན། བཅོམ་ Pa401b ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ལྡུམ་རའི་ཕྱིར་ཞིང་རྗེས་སུ་གནང་ངོ ། །ལྡུམ་ར་ནི། བཅོམ་ལྡན་འདས་ཀྱིས་གཙུག་ལག་ཁང་གི་ཕྱིར་རྗེས་སུ་གནང ། ཞིང་གི་དངོས་པོ་དང ། ལྡུམ་ར་དང ། གཙུག་ལག་ཁང་ནི། བཅོམ་ལྡན་འདས་ཀྱིས་དགེ་སློང་གི་ཕྱིར་རྗེས་སུ་གནང་སྟེ། དེ་ནི། དངོས་པོའི་རབ་ཏུ་ལྡན་པ་ཞེས་བྱའོ། །ཚལ་གྱི་རབ་ཏུ་ལྡན་པ་གང་ཞེ་ན། ཚལ་ཞེས་བྱ་བ་ནི།་སྐྱེད་ཤིང་གི་ཚལ་ཏེ། དེར་ཇི་ལྟར་རྒན་རིམ་བཞིན་དུ་བྱ་བ་ནི། རྒྱས་པར་འདུལ་བ་ལས་འབྱུང་བ་བཞིན་ཏེ། དེ་ནི། ཚལ་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །རྩོད་པའི་རབ་ཏུ་ལྡན་པ་གང་ཞེ་ན།་རྩོད་པ་ཞེས་བྱ་བ་ནི། འཐབ་པ་དང ། མཚང་འདྲུ་བ་དང ། འཁྲུག་པ་དང ། རྩོད་པ་དང ། ཕྲ་མ་དང ། རྣར་གསང་བ་དང ། ཕན་ཚུན་ཚིག་མི་འཕྲོད་པ་དང ། མི་འདུམ་པ་དང ། མི་མཐུན་པ་དང ། ཡིད་མི་གཅིག་པ་དང ། དགེ་འདུན་དབྱེ་བ་དང ། དགེ་འདུན་སྒྲོག་པ་དང ། དགེ་འདུན་གཉིས་སུ་ཆད་པ་དང ། དགེ་འདུན་ཐ་དད་དུ་གྱུར་པ་དང ། དགེ་འདུན་གཅིག་ཏུ་མི་སྦྱོར་བ་དང ། དགེ་འདུན་གཅིག་ཏུ་མི་སྦྱོར་བའི་གཙོར་གྱུར་པ་དང ། དུས་མ་ཡིན་པར་མི་བྱ་བ་དང ། གནོད་པར་འགྱུར་བ་མི་བྱ་བ་དང ། མཐུ་མེད་ན་ཆོས་བཞིན་དུ་མི་བྱ་བ་དང ། ཕྱོགས་མེད་དམ་གྲོགས་མེད་ན་ཡང་མི་བྱ་བ་དང ། འཁོར་མེད་ན་ཡང་མི་བྱ་བ་དང ། བདག་ཉིད་ལ་གནོད་པར་གྱུར་ན་ཡང་རྩོད་པར་མི་བྱ། ཕ་རོལ་ལ་ཡང་འཇིགས་པ་དང ། གནོད་པར་འགྱུར་བས་ན། རྩོད་ Pa402a ༄#། །པར་མི་བྱའོ། །འདི་ལྟ་བུ་དང ། གཞན་ལ་གཟིགས་ནས་ཉེས་པའི་དམིགས་སུ་གྱུར་ཏེ། རྩོད་པར་མི་བྱ་བ་དེ་ནི། རྩོད་པ་དང་རབ་ཏུ་ལྡན་པ་ཞེས་བྱའོ། །དབྱེན་གྱི་རབ་ཏུ་ལྡན་པ་གང་ཞེ་ན། དབྱེན་ལ་རྣམ་པ་གཉིས་ཏེ། དགེ་འདུན་གྱི་དབྱེན་དང ། འཁོར་ལོའི་དབྱེན་ནོ། །འཁོར་ལོའི་དབྱེན་མ་ཡིན་གྱི། དགེ་འདུན་གྱི་དབྱེན་གང་ཞེ་ན། དབྱེན་དུ་འགྱུར་བའི་དངོས་པོ་བཅུ་བཞིའི་ནང་ནས་གང་ཡང་རུང ། དངོས་པོ་གཅིག་ལ་ཤིན་ཏུ་ལེགས་སོ། །ཞེས་འཛིན་པ་ཡིན་ཏེ། ཆོས་བཞིན་ཀྱང་རུང ། ཆོས་བཞིན་མ་ཡིན་ཀྱང་རུང ། འདུལ་བ་བཞིན་ཀྱང་རུང ། འདུལ་བ་བཞིན་མ་ཡིན་ཀྱང་རུང ། ལྟུང་བ་ཡང་རུང ། ལྟུང་བ་མ་ཡིན་ཀྱང་རུང ། ལྕི་བ་ཡང་རུང ། ཡང་བ་ཡང་རུང ། ལྷག་མར་བཅས་པའང་རུང ། ལྷག་མ་མ་ལུས་པའང་རུང ། བཤགས་པར་བྱ་བའང་རུང ། བསྡམ་པར་བྱ་བའང་རུང ། འདུལ་བ་ལས་ཤིན་ཏུ་འདས་པའང་རུང ། མི་སྙན་པར་སྨྲ་བ་ལས་བྱུང་བའང་རུང་སྟེ། དགེ་སློང་རྣམས་མཚམས་ཀྱི་ནང་ན་མཚུངས་པར་གནས་པ་རྣམས་འདུས་པར་དགེ་འདུན་གྱི་ལས་བྱེད་དེ། དགེ་འདུན་གྱི་བྱ་བའི་གསོ་སྦྱོང་དང ། སྐབས་དབྱེ་བ་དང ། གསོལ་བ་དང ། གསོལ་བ་དང་གཉིས་དང ། གསོལ་བ་དང་བཞིའི་ལས་བྱེད་པ་དེ་ནི། དགེ་འདུན་གྱི་དབྱེན་ཞེས་བྱའི་འཁོར་ལོའི་དབྱེན་མ་ཡིན་ནོ། །འཁོར་ལོའི་དབྱེན་གང་ཞེ་ན། དེ་འདི་ལྟར། དགེ་སློང་བདག་ཉིད་སྟོན་པར་རྣམ་ Pa402b པར་འཇོག་སྟེ། ཚུལ་ཤིང་བྲིམས་ནས་གསོལ་བ་བྱས་ཏེ་འཁོར་དེ་ནས་འགྲོ་བ་ནི། འཁོར་ལོའི་དབྱེན་ཞེས་བྱ་སྟེ། འཕགས་པའི་ལམ་གྱི་ཡན་ལག་བརྒྱད་པ་ལས་དེ་སྤངས་ནས་གཞན་གྱི་ལམ་དུ་འཇོག་པ་འདི་ནི། འཁོར་ལོའི་དབྱེན་ཞེས་བྱ་སྟེ། སྔ་མ་དགེ་འདུན་གྱི་དབྱེན་དང་འཁོར་ལོའི་དབྱེན་གཉིས་གཅིག་ཏུ་བསྡུས་པ་དེ་ནི། དབྱེན་གྱི་རབ་ཏུ་ལྡན་པ་ཞེས་བྱའོ། །འདུས་པའི་རབ་ཏུ་ལྡན་པ་གང་ཞེ་ན། འདུས་པ་ཞེས་བྱ་བ་ནི། དགེ་འདུན་འདུས་པ་སྟེ། དགེ་སློང་ཇི་སྙེད་པ་མཚམས་ཀྱི་ནང་ན་འཁོད་པ་དང ། ལས་ལ་འདུ་བ་དེ་དག་ཐམས་ཅད་འདུས་ཤིང་འཁོད་པ་ཡིན་ཏེ།་དད་པ་ལེན་པས་ཀྱང་དད་པ་བླངས་པ་ཡིན། གང་གིས་བསྐྱོད་པ་དང ། གང་གིས་བཞག་པར་བྱས་ནའང་བཙན་པར་འགྱུར་བའི་དགེ་སློང་རྣམས་ཀྱིས་ཀྱང་སྤྱོད་པ་ཡང་མེད། གཞག་པར་བྱ་བ་ཡང་མེད་དོ། །ལས་ཀྱང་བྱེད་པ་འདི་ནི། འདུས་པའི་རབ་ཏུ་ལྡན་པ་ཞེས་བྱའོ། །ཕྱག་གི་རབ་ཏུ་ལྡན་པ་གང་ཞེ་ན། དེ་བཞིན་གཤེགས་པ་ལ་འདི་ལྟར་ཕྱག་བྱའོ། །དེ་ལྟར་མཁན་པོ་ལའང་དེ་བཞིན། སློབ་དཔོན་ལའང་དེ་བཞིན། བླ་མ་ལའང་དེ་བཞིན། བླ་མའི་གནས་སུ་འགྱུར་བ་ལའང་དེ་བཞིན། རྒན་རིམ་རྣམས་ལའང་དེ་བཞིན། གཞོན་ནུ་རྣམས་ལའང་དེ་བཞིན་ཏེ། དེ་ལྟར་ན། ཐམས་ཅད་དུའང་ཕྱག་བྱ་བ་ལ་མཁས་པར་བྱ་བ་དེ་ནི། ཕྱག་གི་རབ་ཏུ་ལྡན་པ་ཞེས་བྱའོ། །མ་ལྟ་བུའི་རབ་ཏུ་ལྡན་པའི་ཕུང་པོ་ཞེས་བྱ་བ་ཕུང་པོ་གཉིས་པ་རྫོགས་སོ།། །།བྱ་བའི་ཕུང་ Pa403a ༄#། །པོ་གང་ཞེ་ན། ཕྱུང་བས་བྱ་བ་དང ། སོ་སོར་གནས་པས་བྱ་བ་དང ། གཟུ་བོས་བྱ་བ་དང ། དེའི་ངོ་བོ་ཉིད་ཚོལ་བ་བྱིན་པས་བྱ་བ་དང ། བསླབ་པ་བྱིན་པས་བྱ་བ་དང ། མཚམས་མ་བཅད་པའི་གནས་བརྟན་གྱི་བྱ་བ་དང ། ཀུན་དགའ་ར་བའི་བྱ་བ་དང ། ཀུན་དགའ་ར་བའི་གནས་བརྟན་གྱི་བྱ་བ་དང ། གནས་ཁང་གི་བྱ་བ་དང ། གནས་ཁང་གི་གནས་བརྟན་གྱི་བྱ་བ་དང ། ཁང་པ་འཁོར་དུ་བཅས་པའི་བྱ་བ་དང ། ཁང་པ་འཁོར་དུ་བཅས་པའི་གནས་བརྟན་གྱི་བྱ་བ་དང ། ནགས་ཀྱི་བྱ་བ་དང ། མལ་སྟན་གྱི་བྱ་བ་དང ། སྒོ་གླེགས་ཀྱི་བྱ་བ་དང ། འཁོར་ལོའི་བྱ་བ་དང ། གནས་སྟོང་པའི་བྱ་བ་དང ། གནས་སྟོང་པའི་གནས་བརྟན་གྱི་བྱ་བ་དང ། ལྷུང་བཟེད་ཀྱི་བྱ་བ་དང ། ཆོས་གོས་ཀྱི་བྱ་བ་དང ། གདིང་བའི་བྱ་བ་དང ། ཁབ་ཀྱི་བྱ་བ་དང ། ཁབ་རལ་གྱི་བྱ་བ་དང ། ཐུག་པའི་བྱ་བ་དང ། ཆུའི་བྱ་བ་དང ། ཆུ་རྫའི་བྱ་བ་དང ། ཡོངས་སུ་སྦྱར་བའི་ཆུ་རྫའི་བྱ་བ་དང ། གཙང་མའི་རིལ་པའི་བྱ་བ་དང ། ཟས་ཀྱི་བྱ་བ་དང ། བཟའ་བའི་བྱ་བ་དང ། ཟས་གཏད་པའི་བྱ་བ་དང ། བསོད་སྙོམས་ཀྱི་བྱ་བ་དང ། བསོད་སྙོམས་སྤྱོད་པའི་བྱ་བ་དང ། ཟན་ནོད་པའི་བྱ་བ་དང ། དགོན་པའི་བྱ་བ་དང ། དགོན་པའི་གནས་བརྟན་གྱི་བྱ་བ་དང ། གྲོང་འདབ་ཀྱི་བྱ་བ་དང ། གྲོང་འདབ་ཀྱི་གནས་བརྟན་གྱི་བྱ་བ་དང ། གློ་བུར་དུ་འོངས་པའི་བྱ་བ་དང ། གློ་བུར་དུ་འོངས་པའི་གནས་བརྟན་གྱི་བྱ་བ་དང ། འགྲོ་བའི་བྱ་བ་དང ། འགྲོ་བའི་ Pa403b གནས་བརྟན་གྱི་བྱ་བ་དང ། རྐང་པ་བཀྲུ་བའི་བྱ་བ་དང ། རྐང་པ་བཀྲུ་བའི་གནས་བརྟན་གྱི་བྱ་བ་དང ། འདུག་པའི་བྱ་བ་དང ། འདུག་པའི་གནས་བརྟན་གྱི་བྱ་དང ། ཆོས་འཆད་པའི་བྱ་བ་དང ། ཆོས་འཆད་པའི་གནས་བརྟན་གྱི་བྱ་བ་དང ། དུས་ཀྱི་བྱ་བ་དང ། དུས་མ་ཡིན་པའི་བྱ་བ་དང ། དུས་མ་ཡིན་པར་དགེ་འདུན་འདུ་བའི་བྱ་བ་དང ། དུས་མ་ཡིན་པར་དགེ་འདུན་འདུ་བའི་གནས་བརྟན་གྱི་བྱ་བ་དང ། སྨྲ་བའི་བྱ་བ་དང ། མི་སྨྲ་བའི་བྱ་བ་དང ། དབྱར་ཚུལ་དུ་འཇུག་པའི་བྱ་བ་དང ། དབྱར་ཚུལ་དུ་ཞུགས་པའི་བྱ་བ་དང ། དབྱར་ཚུལ་དུ་ཞུགས་པའི་གནས་བརྟན་གྱི་བྱ་བ་དང ། དབྱར་ཚུལ་ན་གནས་པའི་བྱ་བ་དང ། འཁོར་གྱི་བྱ་བ་དང ། འཁོར་གྱི་ནང་དུ་འགྲོ་བའི་བྱ་བ་དང ། འཁོར་གྱི་ནང་དུ་ཞུགས་པའི་བྱ་བ་དང ། འཁོར་གྱི་ནང་དུ་ཞུགས་པའི་གནས་བརྟན་གྱི་བྱ་བ་དང ། གསོ་སྦྱོང་གི་བྱ་བ་དང ། གསོ་སྦྱོང་མངོན་སུམ་དུ་བྱ་བ་དང ། གསོ་སྦྱོང་གི་ལས་བྱ་བ་དང ། སོ་སོར་ཐར་པའི་བྱ་བ་དང ། སོ་སོར་ཐར་པ་བཀླག་པའི་བྱ་བ་དང ། སོ་སོར་ཐར་པ་ཀློག་པར་བྱེད་པའི་གནས་བརྟན་གྱི་བྱ་བ་དང ། བར་མའི་བྱ་བ་དང ། གསར་པའི་བྱ་བ་དང ། གནས་བརྟན་གྱི་དང ། བར་མ་དང ། གསར་བུའི་བྱ་བ་དང ། དུགས་ཁང་དུ་བྱ་བ་དང ། དུགས་ཁང་དུ་ཁྲུས་བྱ་བ་དང ། དུགས་ཁང་དུ་གནས་བརྟན་གྱི་བྱ་བ་དང ། མཁན་པོའི་བྱ་བ་དང ། ལྷན་ཅིག་སྤྱོད་པའི་བྱ་བ་དང ། སློབ་དཔོན་གྱི་བྱ་བ་དང ། ཉེ་གནས་ཀྱི་བྱ་བ་དང ། དགེ་ Pa404a ༄#། །ཚུལ་གྱི་བྱ་བ་དང ། ནན་ཏན་དུ་བྱ་བ་དང ། ཕྱི་བཞིན་འབྲང་བའི་དགེ་སྦྱོང་གི་བྱ་བ་དང ། གྲོང་དུ་ཉེ་བར་འགྲོ་བའི་བྱ་བ་དང ། གྲོང་དུ་ཉེ་བར་འགྲོ་བའི་གནས་བརྟན་གྱི་བྱ་བ་དང ། གྲོང་དུ་ཉེ་བར་སོང་བའི་བྱ་བ་དང ། གྲོང་དུ་ཉེ་བར་སོང་བའི་གནས་བརྟན་གྱི་བྱ་བ་དང ། གཞི་ན་གནས་པའི་བྱ་བ་དང ། ངལ་གསོ་བའི་བྱ་བ་དང ། བར་སྣང་གི་བྱ་བ་དང ། བརྟན་པའི་བྱ་བ་དང ། ཆུ་ཚགས་ཀྱི་བྱ་བ་དང ། འཆག་སའི་བྱ་བ་དང ། འཆག་པའི་བྱ་བ་དང ། འཕྱན་གྱི་བྱ་བ་དང ། བཞར་བའི་བྱ་བ་དང ། བཤང་བའི་བྱ་བ་དང ། བཤང་སའི་བྱ་བ་དང ། བཤང་སའི་ཁུད་བུའི་བྱ་བ་དང ། བཤང་སས་གནས་བརྟན་གྱི་བྱ་བ་དང ། བཤང་སའི་ཁོར་ཡུག་གི་བྱ་བ་དང ། གཅི་བའི་བྱ་བ་དང ། གཅི་བའི་སའི་བྱ་བ་དང ། གཅི་ཁུང་གི་བྱ་བ་དང ། གཅི་སར་གནས་བརྟན་གྱི་བྱ་བ་དང ། གཅི་སའི་འཁོར་ཕྱོགས་ཀྱི་བྱ་བ་དང ། བཀྲུ་བའི་བྱ་བ་དང ། བཀྲུ་བའི་སའི་བྱ་བ་དང ། ཁྲུས་ཀྱི་སའི་བུ་གུའི་བྱ་བ་དང ། ཁྲུས་ཀྱི་སར་གནས་བརྟན་གྱི་བྱ་བ་དང ། ཁྲུས་སའི་ཉེ་འཁོར་གྱི་བྱ་བ་དང ། མཆིལ་མའི་བྱ་བ་དང ། མཆིལ་མའི་སྣོད་ཀྱི་བྱ་བ་དང ། སོ་ཤིང་གི་བྱ་བ་དང ། སོ་དྲུད་པའི་བྱ་བ་དང ། ལྕེ་བཞར་བའི་བྱ་བ་དང ། རྣ་སྤབས་བྲུ་བའི་བྱ་བ་དང ། སྤྱད་པ་དང་མི་སྤྱད་པའོ། །མ་ལྟ་བུའི་དུམ་བུ་གསུམ་པའི་དངོས་པོ་རྫོགས་སོ།། །།འདུལ་བ་གཞུང་དམ་པ། Pa404b བམ་པོ་ང་གཅིག་པ། ཕྱུང་བས་བྱ་བ་གང་ཞེ་ན། ཕྱུང་བ་ཞེས་བྱ་བ་ནི། སྤངས་པ་ཡིན་ཏེ། སྤངས་པའི་དགེ་སློང་གིས་ནི། བྱ་བ་འདི་ལྟ་བུ་ལ་འཇུག་པར་བྱའོ། །སྤངས་པའི་དགེ་སློང་གིས་རབ་ཏུ་དབྱུང་བར་མི་བྱ། བསྙེན་པར་རྫོགས་པར་མི་བྱ། གནས་སྦྱིན་པར་མི་བྱ། ལུང་བསྟན་པར་མི་བྱ། དྲན་པར་མི་བྱ། དྲི་བར་མི་བྱ། དགེ་ཚུལ་ཕ་ཉེ་བར་མི་གཞག། དགེ་སློང་མ་ལ་ལུང་སྟོན་པ་མི་བསྐོ། སྡོམ་པར་མི་བསྐོ། སྔར་བསྐོས་ན་ཡང་དགེ་སློང་མ་ལ་སྟོན་ཅིང་ལས་མ་བྱེད་ཅིག། དགེ་སློང་དེ་ལས་བྱེད་པར་མི་བསྐོ། ལས་བསྐོ་བར་མ་བྱེད་ཅིག། ལས་བྱེད་པའི་དགེ་སློང་ལ་དགག་པར་མ་བྱེད་ཅིག། འདུལ་བ་འཛིན་པ་གཞན་ཡོད་ན། དགེ་འདུན་གྱི་ནང་དུ་འདུལ་བ་མ་འཆད་ཅིག། སོ་སོར་ཐར་པའི་མདོ་ཀློག་པ་གཞན་ཡོད་ན། དགེ་འདུན་གྱི་ནང་དུ་སོ་སོར་ཐར་པའི་མདོ་ཀློག་པར་མ་བྱེད་ཅིག་།ཆོས་འཆད་པ་གཞན་ཡོད་ན། དགེ་འདུན་གྱི་ནང་དུ་ཆོས་མ་འཆད་ཅིག། ཚུལ་བཞིན་གནས་པའི་དགེ་སློང་ལུང་སྟོན་པ་ལ་འགོག་པར་མ་བྱེད་ཅིག། ཚུལ་བཞིན་གནས་པའི་དགེ་སློང་ལ་གསོ་སྦྱོང་འགོག་པར་མ་བྱེད་ཅིག་།ཚུལ་བཞིན་གནས་པའི་དགེ་སློང་ལ་སྐབས་འབྱེད་པ་འགོག་པར་མ་བྱེད་ཅིག། ཚུལ་བཞིན་གནས་པའི་དགེ་སློང་ལ་མ་གླེང་ཞིག། དྲན་པར་མ་བྱེད་ཅིག། དེ་དག་དང་ལྷན་ཅིག་སྟེན་པར་མ་བྱེད་ཅིག། གང་དགེ་འདུན་གྱིས་ཕྱུང་བའི་ལས་བྱས་པ་དང ། གང་དེ་དང་འདྲ་བའི་ལས་གཞན་ཡང་རུང་ Pa405a ༄#། །སྟེ།་དེས་དེ་ལྟ་བུའི་ཉེས་པ་ཕྱིས་ཀྱང་མ་བྱེད་ཅིག། དེ་ལས་ཐུ་བ་ཡང་མ་བྱེད་ཅིག། དེ་ཕྱི་ཕྱིར་སྤུ་ཉལ་བ་ལྟ་བུར་བྱ། འབྱུང་བ་ལ་འཇུག་པར་བྱ། ཕྱག་འཚལ་བ་ཉེ་བར་བསྟན་པར་བྱ། ཚུལ་བཞིན་གནས་པའི་དགེ་སློང་གིས་ལྷུང་བཟེད་བྱིན་ན་ཡང་དེས་མ་ལེན་ཅིག། ཆོས་གོས་ཀྱང་མ་ལེན་ཅིག་།ཟས་ཀྱང་མ་ལེན་ཅིག་།དེ་ལ་སྐྲ་འབྲེག་པ་ཡང་མ་འཆོལ་ཅིག། དུགས་ཁང་དུ་ཡང་ལས་མ་བྱེད་ཅིག། མི་ན་བའི་བར་དུ་ལས་ཐམས་ཅད་ལའང་ཚུལ་བཞིན་གནས་པའི་དགེ་སློང་གིས་ལས་ཉམས་སུ་བླང་བར་མི་བྱའོ། །དགེ་འདུན་ཐམས་ཅད་འདུས་ཤིང་འཁོད་པས་གཅེས་སུ་གསང་བའི་གནས་སུ་སྡོམ་པས་མི་བསྐོ། དབང་གི་གནས་ཐམས་ཅད་དུའང་སྡོམ་པས་མི་བསྐོ། གང་ཟག་བཅུ་གཉིས་ཀྱི་གནས་སུ་ཡང་སྡོམ་པས་བྱིན་གྱིས་བརླབ་པར་མི་བྱ་བ་ནི། ཕྱུང་བའི་བྱ་བ་ཞེས་བྱའོ། །སོ་སོར་གནས་པའི་བྱ་བ་གང་ཞེ་ན། སོ་སོར་གནས་པ་ལ་རྣམ་པ་གཉིས་ཏེ། གང་བདག་ཉིད་ཀྱིས་བདག་སོ་སོར་གནས་པར་བྱེད་པ་དང ། དགེ་འདུན་གྱིས་ཆོས་བཞིན་དུ་བྱས་པའོ། །བདག་ཉིད་ཀྱིས་བདག་སོ་སོར་གནས་པར་བྱེད་པ་གང་ཞེ་ན། བསམ་བཞིན་དུ་ཆོས་ཀྱི་ཕྱོགས་ལས་ཆོས་མ་ཡིན་པའི་ཕྱོགས་སུ་སོང་བ་སྟེ། དེ་ལྟར་ན། བདག་ཉིད་ཀྱིས་བདག་སོ་སོར་གནས་པར་བྱེད་པའོ། །དགེ་འདུན་གྱིས་ཆོས་བཞིན་དུ་བྱས་པ་གང་ Pa405b ཞེ་ན། དགེ་འདུན་གྱིས་བསྐྱོ་བ་མེད་པ་གཞག་པ་མེད་པར་རིགས་པའི་གསོལ་བ་དང་བཞིའི་ལས་ཀྱིས་ཆོས་བཞིན་དུ་འདུས་པའི་དགེ་འདུན་གྱིས་སྤངས་པ་ཡིན་ཏེ། དེ་ལྟར་ན། དགེ་འདུན་གྱིས་ཆོས་བཞིན་དུ་སྤངས་པའོ། །མཚུངས་པར་ལྷན་ཅིག་གནས་པའང་གཉིས་ཏེ། བདག་ཉིད་ཀྱིས་བདག་ཉིད། ལྷན་ཅིག་གནས་པར་བྱེད་པ་དང ། དགེ་འདུན་གྱིས་ཆོས་བཞིན་དུ་བྱས་པའོ། །བདག་ཉིད་ཀྱིས་བདག་ཉིད་ལྷན་ཅིག་གནས་པར་བྱེད་པ་གང་ཞེ་ན། བསམ་བཞིན་ཆོས་མ་ཡིན་པའི་ཕྱོགས་ལས་ཆོས་ཀྱི་ཕྱོགས་སུ་འོངས་པ་སྟེ། དེ་ལྟར་ན། བདག་ཉིད་ཀྱིས་བདག་ཉིད་ལྷན་ཅིག་ཏུ་གནས་པར་བྱེད་པའོ། །དགེ་འདུན་གྱིས་ཆོས་བཞིན་དུ་བྱས་པ་གང་ཞེ་ན། དགེ་འདུན་གྱིས་མི་བསྐྱོ་བ། གཞན་པར་མི་རིགས་པས་ཆོས་བཞིན་དུ་འདུས་པའི་དགེ་འདུན་གྱིས་སྤངས་པ་དེ་མངོན་སུམ་དུ་གསོལ་བ་དང་བཞིའི་ལས་ཀྱིས་ཕྱུང་བ་ཡིན་ཏེ། དེ་ལྟར་ན། དགེ་འདུན་གྱིས་ཆོས་བཞིན་དུ་བྱས་པའི་སོ་སོར་གནས་པའི་དགེ་སློང་དེས་རབ་ཏུ་དབྱུང་བར་མི་བྱ་བ་ནས། སྔ་མ་བཞིན་ཏེ། ཇི་ལྟར་དགེ་འདུན་གྱིས་གང་ལ་སྤང་བའི་ལས་བྱས་པ་དང ། གཞན་ཡང་དེ་དང་འདྲ་བ་སྟེ། དེས་དེ་ལྟ་བུའི་ཉེས་པ་ཡང་མི་བྱ། དེ་ལས་ཐུ་བ་ཡང་མི་བྱ་བའི་བར་དུ་སྟེ། གང་ཟག་བཅུ་གཉིས་ལས་སུ་ཡང་སྦོམ་པས་ཀྱང་མི་བསྒོ། སོ་སོར་གནས་པའི་དགེ་སློང་གིས་ཚངས་པ་མཚུངས་པར་སྤྱོད་པའི་གནས་བརྟན་དང ། Pa406a ༄#། །བར་མ་དང ། གསར་བུ་པ་ཡང་རུང ། དབབ་པར་བྱ། ཉེས་པ་མི་བྱ། ཉེས་པ་ཞིག་བྱས་ན་ཡང་སླར་དབྱུང་བའི་ཚུལ་དུ་བྱའོ། །དེ་སྟེ་སླར་དབྱུང་བའི་ཚུལ་དུ་མི་བྱེད་ན། སོ་སོར་གནས་པར་བྱ་བ་ཉིད་ཡིན་ཏེ། དེ་ལ་འདི་སྐད་ཅེས་བསྒོ་བར་བྱའོ། །དགེ་འདུན་གྱིས་ཁྱོད་ལ་ཐིག་བཏབ་པ་བཞིན་དུ་བྱེད་དོ། །ཕུར་པ་བཙུགས་པ་བཞིན་དུ་བྱེད་དོ། །ཉེས་པ་དེ་ཡང་དགེ་འདུན་ལ་འདི་ཉིད་དུ་བཤགས་པར་བྱའི། འདི་ལས་ཕྱི་རོལ་ཏུ་ནི་མ་ཡིན་ནོ། །ཁྱོད་ཀྱི་ལས་དེའང་དགེ་འདུན་དེ་དག་ཉིད་ཀྱིས་སླར་བདེ་བར་བྱེད་ཀྱི།་འདི་ལས་ཕྱི་རོལ་ཏུ་ནི་མ་ཡིན་ནོ། །ཁྱོད་ཀྱིས་ཉེས་པ་དེའང་མ་བཤགས་སམ། སླར་མ་བྱས་ན་ནི། ཚངས་པ་མཚུངས་པར་སྤྱོད་པ་ཤེས་པ་དག་གིས་གང་དུ་འདོད་པ་དེར་གླེང་བར་བྱེད་དོ། །དེ་སྟེ་ཡང་དེ་བཞིན་དུ་བྱས་པ་ལས་ཀྱང་དུལ་བར་མ་གྱུར་ན། གང་ཟག་དེ་ཐིག་བཏབ་པ་བཞིན་བྱས། ཕུར་བ་བཙུགས་པ་བཞིན་བྱས་ལ། ཕུབ་མ་བཞིན་དུ་བྱས་ལ་སྤང་པར་བྱའོ། །དེ་འདི་ལྟ་སྟེ། རྟ་རྒོད་བཞིན་ཏེ། དེ་ནི། སོ་སོར་གནས་པའི་བྱ་བ་ཞེས་བྱའོ། །གཟུ་བོས་བྱ་བ་གང་ཞེ་ན། རྩོད་པ་ཞི་བར་བྱེད་པའི་ཕྱིར་དགེ་སློང་གཟུ་བོ་ཆོས་ཉི་ཤུ་གཉིས་དང་ལྡན་པ་བཙལ་བར་བྱའོ། །ཉི་ཤུ་རྩ་གཉིས་གང་ཞེ་ན། ཚུལ་ཁྲིམས་དང་ལྡན་པའི་སྔར་བ་ཉེན་པར་རྫོགས་པར་གྱུར་པ་དང ། ངོ་ཚ་ཞིང་འགྱོད་པ་ཅན་དང ། Pa406b སྡོམ་ཞིང་བསླབ་པ་ལ་མོས་པ་དང ། མང་དུ་ཐོས་ལ་མང་དུ་ཐོས་པ་འཛིན་ཅིང་མང་དུ་ཐོས་པ་བསགས་པ་དང ། གཞུང་ཁ་ཏོན་ལོབས་པ་དང ། འདུལ་བ་དང་འདུལ་བ་ལ་ལྷག་པ་ཤིན་ཏུ་རྟོགས་པ་དང ། རྩོད་པ་ལ་མཁས་པ་དང ། རྩོད་པ་འབྱུང་བ་ལ་མཁས་པ་དང ། རྩོད་པ་ཞི་བར་བྱ་བ་ལ་མཁས་པ་དང ། རྩོད་པ་ཞི་བར་གྱུར་པ་ཕྱིས་མི་འབྱུང་བ་ལ་མཁས་པ་དང ། བསྟན་བཅོས་ལ་མཁས་པ་དང ། དངོས་པོ་ལ་མཁས་ཤིང་དངོས་པོ་སྤྱོད་པ་ལ་མཁས་པ་དང ། ཁྲོ་བ་མེད་ཅིང་ཁྲོ་བཞིན་མི་སྨྲ་བ་ཁྲོ་བར་མི་འགྱུར་བ་དང ། འཇམ་ཞིང་སྦྱོར་བ་དང ། ལུས་དང་ངག་གིས་བསྒོ་ཞིང་བསྒོ་བ་ཡང་རྟོགས་པར་བྱེད་པ་དང ། རྫོགས་པར་བསྒོ་ཞིང་རྫོགས་པར་བསྒོ་བ་ཡང་རྟོགས་པར་བྱེད་པ་དང ། གོ་བར་བྱེད་ཅིང་གོ་བར་བྱས་པ་ཡང་ཆུད་པར་བྱེད་པ་དང ། བརྟགས་ནས་སྨྲ་ཞིང་བརྟགས་ནས་སྨྲས་པ་རྟོགས་པར་བྱེད་པ་དང ། འདོད་པར་མི་འགྲོ་བ་དང ། ཞེ་སྡང་དུ་མི་འགྲོ་བ་དང ། གཏི་མུག་ཏུ་མི་འགྲོ་བ་དང ། འཇིགས་པར་མི་འགྲོ་བ་སྟེ། གཟུ་བོ་དགེ་སློང་ཆོས་ཉི་ཤུ་རྩ་གཉིས་པོ་འདི་དང་ལྡན་ན། གཞན་ལ་མི་བརྟེན་པ་ཡིན་ཞིང་ཕྱོགས་གཉི་ག་ཡང་ཆོས་ཀྱི་ལོངས་སྤྱོད་དུ་འགྱུར་རོ། །འདི་ལྟར་ཡང་གཟུ་པོའི་དགེ་སློང་གིས་རྒོལ་པ་དང ། ལན་གློན་པའི་དགེ་སློང་རྣམས་ལས་ཚིག་ཏུ་སྨྲ་བ་དང ། ཕྱག་བྱེད་པ་དང ། སྔར་ལྡང་བ་དང ། ཐལ་མོ་སྦྱོར་བ་དང ། ཕྱག་བྱས་པར་གྱུར་པ་རྣམས་བདག་གིར་མ་བྱེད་ཅིག། Pa407a ༄#། །དེ་དག་བསྙེན་བཀུར་བྱེད་ན་ཡང་ཉམས་སུ་མ་ལེན་ཅིག་།ལྷུང་བཟེད་འབུལ་ན་ཡང་མི་བླང ། ཆོས་གོས་འབུལ་ན་ཡང་མི་བླང ། ཟས་འབུལ་ན་ཡང་མི་བླང ། ཡོ་བྱད་གཞན་ཅི་ཡང་རུང ། དབུལ་བ་བདག་གིར་མི་བྱའོ། །དེས་ཀྱང་དེ་དག་ལ་བསྙེན་བཀུར་མི་བྱ། ལྷུང་བཟེད་མི་སྦྱིན། ཆོས་གོས་མི་སྦྱིན། དེ་དག་ལས་ལུང་སྟོན་པ་ཡང་མི་བླང ། དྲན་པར་བྱ་བ་ཡང་མ་ཡིན། རྣལ་འབྱོར་ཡང་མ་ཡིན། ཡིད་ལ་བྱ་བའང་མ་འདྲི་ཞིག་།དེས་ཀྱང་དེ་དག་ལ་ལུས་བསྟན་པ་མ་སྦྱིན་ཅིག་།དྲན་པར་བྱ་བ་མ་ཡིན། ཀུན་དྲི་བར་བྱ་བ་མ་ཡིན། རྣལ་འབྱོར་མ་ཡིན། ཡིད་ལ་བྱ་བའང་མི་བསྒོའོ། །སྟན་གཅིག་ལ་འདུག་པར་མི་བྱ། འཆག་ས་གཅིག་ཏུ་འཆག་པར་མི་བྱ། གནས་ཁང་གཅིག་ཏུ་འཁོད་པར་མི་བྱའི། གཞན་དུ་ན་ཚིག་འདི་སྐད་ཅེས་བརྗོད་དོ། །ཚེ་དང་ལྡན་པ་ཁྱོད་ཀྱིས་འདི་ལྟ་བུ་ལས་ལེགས་བ་རྙེད་པ་ཅི་ཡོད་ན། འདི་ལྟར་ཁྱེད་ཀྱིས་ལེགས་པར་གསུངས་པ་ཆོས་འདུལ་བ་ལས་རབ་ཏུ་བྱུང་ན། འཐབ་མོ་བྱེད་པ་ལ་ཞུགས་ཤིང་རྣམ་པར་བཟུང་ནས་རྩོད་པ་ལ་ཞུགས་ཏེ་ཚེ་དང་ལྡན་པ་རྣམས་རྩོད་པ་གཉིས་སུ་གྱུར་པ་ནི། གཉི་ག་རྒྱལ་བར་མི་འགྱུར་གྱི། དེ་དག་གཏན་ལ་ཕབ་ན། གཅིག་ནི། རྒྱལ་བར་འགྱུར། གཅིག་ནི། ཕམ་པར་འགྱུར་གྱི། ཚེ་དང་ལྡན་པ་རྣམས་འདི་ལྟར་སོ་སོར་རྩོད་པ་དང ། རྣམ་པར་རྩོད་པ་དང ། མི་མཐུན་པར་ Pa407b སྨྲས་པ་དེ་ལྟ་བུ་ཐོང་ཞིག་།ཅེས་བྱ་བ་དེ་ནི། གཟུ་བོའི་བྱ་བ་ཞེས་བྱའོ། །དེའི་ངོ་བོ་ཉིད་ཚོལ་བ་བྱིན་པས་བྱ་བ་གང་ཞེ་ན། དགེ་སློང་གང་གིས་ཉེས་པ་སྤྱོད་པ་དེ་ཁས་ལེན། ཁས་བླང་བ་ལས་བསྙོན། བསྙོན་པ་ལས་ཀྱང་ཁས་བླངས་པ་དེ་ལ་དགེ་འདུན་གྱིས་གཞག་པ་མ་ཡིན་པ། བསྐྱོ་བ་མ་ཡིན་པ། གསོལ་བ་དང་བཞིའི་ལས་ཀྱིས་དེའི་ངོ་བོ་ཉིད་ཚོལ་བ་བྱིན་ཅིག་།དེའི་ངོ་བོ་ཉིད་ཚོལ་བ་བྱིན་པའི་དགེ་སློང་གིས་བྱ་བ་འདི་ལྟ་བུ་ལ་འཇུག་པར་བྱའོ། །དེའི་ངོ་བོ་ཉིད་ཚོལ་བ་བྱིན་པའི་དགེ་སློང་གིས་རབ་ཏུ་དབྱུང་བར་མི་བྱ་བ་ནས་སྔ་མ་བཞིན་ཏེ། གང་ལ་དགེ་འདུན་གྱིས་དེའི་ངོ་བོ་ཉིད་ཚོལ་བ་བྱིན་པ་དང ། གང་དེ་དང་འདྲ་བས་ཀྱང་རུང་སྟེ། ཉེས་པ་དེ་ལྟ་བུ་བྱུང་བ་མི་བྱ། དེ་བས་ཐུ་བ་ཡང་མ་བྱེད་ཅིག་པའི་བར་དུ་སྟེ། སྔ་མ་བཞིན་འདི་ལྟར་གང་ཟག་བཅུ་གཉིས་ཀྱི་སྡོམ་པས་མི་བསྐོ་བ་དེ་ནི། དེའི་ངོ་བོ་ཉིད་ཚོལ་བས་བྱིན་པས་བྱ་བ་ཞེས་བྱའོ། །བསླབ་པ་བྱིན་པས་བྱ་བ་གང་ཞེ་ན། དགེ་སློང་གང་མི་ཚངས་པར་སྤྱོད་པ་འཁྲིག་པའི་ཆོས་བྱས་ཀྱང་དེ་ལ་སེ་གོལ་གཅིག་གཏོགས་པ་ཙམ་དུ་ཡང་འཆབ་པའི་སེམས་མ་བསྐྱེད་པ་སྟེ། དེ་ལ་དགེ་འདུན་གྱིས་བསྐྱོ་བ་མེད། གཞག་པ་མེད་པར་གསོལ་བ་དང་བཞིའི་ལས་ཀྱིས་བསླབ་པ་སྦྱིན་པར་བྱ་སྟེ། ཇི་ལྟར་ཚེ་དང་ལྡན་པ་དགའ་ལྡན་བཞིན་པ་ནི། རྒྱས་པར་འདུལ་བ་ལས་འབྱུང་བ་དང་སྦྱར་རོ། །བསླབ་པ་བྱིན་པའི་དགེ་སློང་གིས་རབ་ཏུ་དབྱུང་བར་ Pa408a ༄#། །མི་བྱ་བ་ནས་སྔ་མ་བཞིན་ཏེ། གང་ལ་དགེ་འདུན་གྱིས་བསླབ་པ་བྱིན་པ་དང ། གང་དེ་དང་འདྲ་བ་གཞན་ཡང་རུང་སྟེ། ཉེས་པ་དེ་ལྟ་བུའི་ལྟུང་བ་ཕྱིས་ཀྱང་མ་བྱེད་ཅིག་།དེ་བས་ཐུ་བ་ཡང་མ་བྱེད་ཅིག་པའི་བར་དུ་སྟེ། སྔ་མ་བཞིན་ཏེ། འདི་ལྟར་གང་ཟག་བཅུ་གཉིས་ཀྱི་སྡོམ་པས་མི་བསྐོའོ། །བསླབ་པ་བྱིན་པའི་དགེ་སློང་གིས་དགེ་སློང་གི་བསླབ་པ་ཐམས་ཅད་ལ་བསླབ་པར་བྱའོ། །དགེ་འདུན་གྱི་མཐར་འདུག་པར་བྱ། དེས་བསྙེན་པར་རྫོགས་པ་རྣམས་ལ་ནི། བྱིན་ལེན་བྱོས་ཤིག་།དེ་ལ་བསྙེན་པར་མ་རྫོགས་པས་བྱིན་ལེན་བྱོས་ཤིག་།དེ་བསྙེན་པར་རྫོགས་པ་དང་ལྷན་ཅིག་ཉལ་བ་བསྒྱུར་ཞིང་གུད་དུ་བྱུང་ཞིག་།བསླབ་པ་བྱིན་པའི་དགེ་སློང་གིས་ལས་རྣམ་པ་གཉིས་བྱ་སྟེ། གསོ་སྦྱོང་དང ། སྐབས་དབྱེ་བའོ། །བསླབ་པ་བྱིན་པས་གྲངས་སུ་བསྐངས་ཏེ་གསོ་སྦྱོང་མ་བྱེད་ཅིག་།དགེ་འདུན་གྱི་ལས་གཞན་ལ་ཡང་དེ་བཞིན་ནོ། །དེ་སྟེ་བསླབ་པ་བྱིན་པ་གསོ་སྦྱོང་གི་ནང་དུ་འོངས་ན་ནི།་མ་སྤྱོ་ཞིག། །དེ་སྟེ་འགྲོ་ན་ཡང་མ་གཟུང་ཞིག་།དེ་ཅིའི་ཕྱིར་ཞེ་ན། དགེ་འདུན་མ་འདུས་པར་མི་འགྱུར། འདུས་པར་ཡང་མི་འགྱུར་ཏེ། འདི་ནི། བསླབ་པ་བྱིན་པས་བྱ་བ་ཞེས་བྱའོ། །མཚམས་མ་བཅད་པའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། མཚམས་མ་བཅད་པའི་གནས་བརྟན་གྱིས་བྱ་བ་འདི་ལྟ་བུ་ལ་འཇུག་པར་བྱའོ། །དེ་ལ་གང་གསར་བུའི་དགེ་སློང་ Pa408b འཁོད་པ་རྣམས་དེས་དེ་དག་ཀུན་ཤེས་པར་བྱ། བསྐྱང་བར་བྱ། རྗེས་སུ་བསྟན་པར་བྱ། སྡིག་པ་ལས་བཟློག་པར་བྱ། དགེ་བ་ལ་གཞུག་པར་བྱ། ཁ་ཏོན་བྱེད་པ་དང ། ཀུན་འདྲི་བ་དང ། སྤོང་བ་དང ། སོ་སོར་དབེན་པར་འཇུག་པ་དང ། རྣལ་འབྱོར་དང ། ཡིད་ལ་བྱེད་པ་རྣམས་དེ་དག་ལ་སོ་སོར་ལུང་བསྒོ་བར་བྱ། ཀུན་མཚུངས་པར་སྤྱོད་པ་ལ་གཞུག་པར་བྱ། བསླབ་པར་བྱ་བ་ལ་སོ་སོར་བལྟ་བར་བྱ། རྙེད་པ་གྲུབ་པར་བྱ། ནམ་སོ་སོར་འགེད་པའི་ཚེ་སོ་སོར་བགོ་སྐལ་སྙོམས་པར་མིག་སྔར་བགོའོ། །ནད་པ་ལ་བལྟ་བར་བྱ། ནད་པའི་ནད་གཡོག་ཏུ་དགེ་སློང་རྣམས་སྤྲོ་བར་བྱ།་ནད་པ་རྣམས་ལ་ཆོས་ཀྱི་གཏམ་བྱ། ལམ་དང་ལམ་མ་ཡིན་པ་ཡང་དག་པར་བསྒྲག་པར་བྱ། མཐོང་བ་རྣམ་པར་སྦྱོང་བའི་རྒྱུད་མི་གཏང་བར་བྱ། རྣམ་པ་ཐམས་ཅད་དུའང་ནད་པ་ལ་གཡེལ་བར་མི་བྱ། མཚམས་མ་བཅད་པའི་གནས་སུ་དགེ་སློང་རྣམས་ལྷགས་པ་ལ་གང་གཞན་ཅི་ཡང་རུང་བར་གྱུར་པ་དེ་ཐམས་ཅད་ལ་དགེ་སློང་གནས་བརྟན་གྱིས་ཐོག་མར་འཇུག་པར་བྱ་བ་འདི་ནི། མཚམས་མ་བཅད་པའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །ཀུན་དགའ་ར་བའི་བྱ་བ་གང་ཞེ་ན། ཀུན་དགའ་ར་བའི་ཞེས་བྱ་བ་ནི། དགེ་འདུན་རྣམས་ཀུན་ཏུ་དགའ་བའི་གནས་ཏེ། དེ་སོ་སོ་ནས་དགེ་སློང་དག་ལྷགས་པ་རྣམས་བྱ་བར་བཅས་པ་ཡང་ཐ་དད་པས་ན། དགེ་སློང་དེས་འདི་དག་གི་བྱ་བ་བཅས་པ་དེ་ཆོས་བཞིན་ནམ། འོན་ཏེ་ཆོས་བཞིན་མ་ཡིན་ Pa409a ༄#། །ཞེས་བརྟག་པར་བྱའོ། །དེ་སྟེ་ཆོས་བཞིན་མ་ཡིན་ལ་བདག་ལ་ཡང་གནོད་པར་མི་འགྱུར། གཞན་ལ་ཡང་གནོད་པར་མི་འགྱུར་ན། གཡེལ་བར་གཞག་གོ། དེ་སྟེ་ཆོས་བཞིན་མ་ཡིན་ལ་བདག་ལ་ཡང་གནོད་པར་འགྱུར། གཞན་ལ་ཡང་གནོད་པར་འགྱུར་བར་ཤེས་ལ། བདག་གི་ཕྱོགས་མཐུ་དང་ལྡན། གྲོགས་དང་ལྡན། འཁོར་དང་ལྡན་པར་གྱུར་ཅིང ། དེ་ལྟ་བུའི་ཕྱིར་དགེ་འདུན་གྱི་དབྱེན་དང ། དགེ་འདུན་འཁྲུགས་པ་དང ། དགེ་འདུན་གཉིས་སུ་ཆད་པ་དང ། དགེ་འདུན་སོ་སོར་ཡང་མི་འགྱུར། བདག་གིས་ཆོས་བཞིན་མ་ཡིན་པར་བྱ་བ་ལ་བཅས་པ་དེ་ཕྱུང་ནས་ཆོས་བཞིན་བྱའོ། །སྙམ་དུ་ནུས་པ་དང ། དེས་དགེ་འདུན་རྣམས་ལ། ཀྱེ། འདི་ནི། ཆོས་བཞིན་དུ་བྱ་བར་བཅས་པ་མ་ཡིན་གྱི། འདི་ཕྱུང་ལ་ཆོས་བཞིན་པ་གཞན་བྱའོ། །ཞེས་གོ་བར་སྒོས་ཤིག་།དེ་སྟེ་བདག་གི་ཕྱོགས་མཐུ་ཆུང་ངམ། འགྲོན་པ་མེད་དམ། འཁོར་མེད་པར་གྱུར་པ་དེའི་ཕྱིར་དགེ་འདུན་ཀྱང་འབྱེ། དགེ་འདུན་ཀྱང་འཁྲུག་།དགེ་འདུན་སོ་སོར་ཡང་འགྱུར་ཞིང ། བདག་གིས་ཆོས་མ་ཡིན་པར་བཅས་པ་འདི་ཕྱུང་ལ་ཆོས་བཞིན་དུ་བྱ་བར་མི་ནུས་པར་ཤེས་པ་དང ། དེ་ཅང་མ་ཟེར་བར་འདུག་ཅིག་ཡང་ན་གུད་དུ་སོང་ཞིག་།དེ་ལྟ་བུའི་རྐྱེན་གྱིས་རྣམ་པར་འཛིན་ཅིང་མ་འདུག་ཅིག་།ཀུན་དགའ་ར་བ་ཞེས་བྱ་བ་ནི། འདི་རྣམས་ཀྱང་ཡིན་ཏེ། ཀུན་དགའ་ར་བའི་ནང་ན་ཁང་ཕྲན་ Pa409b དང ། ཁང་པ་དང ། ཁང་བུ་བརྩེགས་པ་དང ། ཁང་པ་འཁོར་དུ་བཅས་པ་དང ། སྤྱིལ་པོ་དང ། སྤྱིལ་པོའི་དངོས་པོ་དང ། འཆགས་དང ། སྐྱེད་ཤིང་དང ། གསིང་མ་རྣམས་ཐམས་ཅད་ཀྱང་ཇི་ལྟར་རྒན་རིམ་བཞིན་དུ་བསྐོ་བར་བྱའོ། །བྱི་བདར་བྱ་བ་དེ་ནི། ཀུན་དགའ་ར་བའི་བྱ་བ་ཞེས་བྱའོ། །ཀུན་དགའ་ར་བའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། ཀུན་དགའ་ར་བའི་དགེ་སློང་གནས་བརྟན་གྱིས་བྱ་བ་འདི་ལྟ་བུ་ལ་འཇུག་པར་བྱའོ། །ཀུན་དགའ་ར་བའི་དགེ་སློང་གནས་བརྟན་གྱིས་བཞིན་མདོག་གསལ་བར་བྱའོ། །ཁྲོ་གཉེར་མེད་པར་བྱ། སྔར་འཛུམ་པར་བྱ། སྔར་སྨྲ་བར་བྱའོ། ། སྙན་པར་སྨྲ་བར་བྱ། ཚུར་ཤོག་།བདེ་བར་འོངས་སམ་ཞེས་སྙན་ཚིག་སྨྲ་བར་བྱ། ཚིག་སྙན་ཞིང་མི་རྩུབ་པ་མགུ་ཞིང་རངས་པར་སྨྲ་བར་བྱའོ། །གང་དེ་ན་དགེ་སློང་གཞོན་ནུ་གསར་བུ་འཁོད་པར་གྱུར་པ་དེ་དག་ནི། ཤེས་པར་བྱ་བ་ནས་སྔར་བཞིན་ཏེ། ཐམས་ཅད་དུའང་དགེ་སློང་གནས་བརྟན་གྱིས་ཐོག་མར་འཇུག་པར་བྱའོ། །རྒྱུད་མི་གཏང་བར་བྱ་བའི་བར་དུ་སྟེ། འཐབ་པ་དང ། མཚང་འདྲུ་བ་དང ། འཁྲུག་པ་དང ། རྩོད་པ་རྣམས་བྱུང་བར་གྱུར་ན། གདུལ་བའི་ཕྱིར་རིག་པར་བྱ། ཞི་བའི་ཕྱིར་རིག་པར་བྱ། རྣམ་པར་ཞི་བའི་ཕྱིར་རིག་པར་བྱ། འདི་ལྟར་ཡང་དགེ་སློང་ཀུན་དགའ་ར་བའི་གནས་བརྟན་གྱིས་ཐོག་མར་བཟའ་བའམ། བཅའ་བའམ། སྐྱོ་མའམ། ཐུག་པའམ། ནང་པར་སྒོའམ། གཎྜཱི་བརྡུངས་ན། སྔར་མྱུར་དུ་འགྲོ་བར་བྱ། Pa410a ༄#། །སྔར་འདུག་པར་བྱ། བཀུར་སྟིར་བཅས། སྤྱི་དམའ་བར་བཅས། འཇིགས་པའི་དབང་དུ་བཅས། སེམས་དམན་པ་དང ། རྡུལ་ཕྱགས་པའི་སེམས་ལྟ་བུར་བྱས་ལ་དགེ་འདུན་གྱི་ནང་དུ་འགྲོ་བར་བྱའོ། །སོང་ནས་ཀྱང་རྒན་རིམ་གྱི་མཐར་ཕྱག་བྱས་ལ་རང་གི་སྟན་ག་ན་བ་དེར་འདུག་པར་བྱའོ། །གནས་བརྟན་དང ། བར་མ་དང ། གསར་བུ་ལ་བྱམས་པའི་སེམས་དང ། ཕན་པའི་སེམས་དང ། རྗེས་སུ་བརྩེ་བའི་སེམས་དང ། ཕ་དང ། མ་དང ། ཕུ་ནུ་བོར་འདུ་ཤེས་བསྐྱེད་དེ། འཁོར་ཐམས་ཅད་ལ་བརྟག་པར་བྱ་སྟེ། ལེགས་པ་བཟང་པོར་བཅས་སམ། སུ་ལེགས་པར་བགོས། སུ་ལེགས་པར་མ་བགོས་བརྟག་སྟེ། གང་བཟང་ཞིང་ལེགས་པར་འཆོས་པ་དེ་དག་ལ་ནི། གཡེལ་བར་གཞག་།གང་ལེགས་པར་མ་འཆོས་ཤིང་མི་སྡུག་པ་དེ་དག་ནི། བསྒོ་ཞིང་བཅོས་པར་བྱ། ལེགས་པར་བགོས་པ་ནི། དེས་གཡེལ་བར་གཞག་།ལེགས་པར་མ་བགོས་པ་དེ་ལ་ནི། བརྡ་དང ། མཚན་མ་བྱ། དེས་མཚན་མ་མ་ཚོར་ན་ཡང་དྲུང་ན་འདུག་པ་ལ་བརྡ་བྱ། དྲུང་ན་འདུག་པས་ཀྱང་མ་ཚོར་ན། དེར་དགེ་སློང་གནས་བརྟན་ཉིད་ཀྱིས་ཅི་ནས་ལེགས་པར་གྱོན་པ་དང ། སྒྲ་མ་ཆེ་བར་སྒོས་ཤིག་།དགེ་སློང་གནས་བརྟན་གྱིས་རྒན་རིམ་དུ་གཟར་བུ་ཐོགས་ནས་ཁ་ཟས་འབྲིམ་པར་ཤོམ་པའི་ཚེ་རུང་བར་བྱས་སམ་མ་བྱས་ཞེས་སྨྲོས་ཤིག་།འབྱོར་ཚོགས་ Pa410b ཞེས་མ་བྱུང་གི་བར་དུ་སྐད་ཅིག་སྡོད་ལ་ཐམས་ཅད་ལ་སྙོམས་པར་བྲིམས་ཤིག་ཅེས་སྨྲ་བར་བྱའོ། །དགེ་སློང་གནས་བརྟན་གྱིས་གནས་བརྟན་དང ། བར་མ་དང ། གསར་བུ་དག་གི་རྗེས་སུ་མཐུན་པར་བྱ། གནས་བརྟན་དང ། བར་མ་དང ། གསར་བུས་ཀྱང་དེའི་རྗེས་སུ་མཐུན་པར་གྱིས་ཤིག་།དེ་སྟེ་དད་པའི་བྲམ་ཟེ་དང ། ཁྱིམ་བདག་རྣམས་ལྷགས་ན། དེ་དག་ལ་ཡང་མཚུངས་པར་བགོ་ཞིང་སྦྱིན་པར་བྱའོ། །དེ་སྟེ་དེ་དག་བསྒོ་བར་མ་དད་དམ། དད་པའི་བྲམ་ཟེ་དང ། ཁྱིམ་བདག་མ་འདོད་ན་ཡང་དགེ་སློང་གནས་བརྟན་གྱིས་ཆོས་ཀྱི་གཏམ་ཡང་དག་པར་བསྟན་པར་བྱ། བསྟབ་པར་བྱ། ཡང་དག་པར་གཟེངས་བསྟོད་པར་བྱ། ཡང་དག་པར་དགའ་བར་བྱས་ལ། བདག་ཅག་ལ་ནི། འདི་ཡོད་དོ། །ཞེས་སྨྲ་བར་བྱ་སྟེ། འདི་ནི། ཀུན་དགའ་ར་བའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །གནས་ཁང་གི་བྱ་བ་གང་ཞེ་ན། དགེ་སློང་གང་གནས་ཁང་ན་འདུག་པ་དེས་གནས་ཁང་དེ་དུས་དུས་སུ་ཆག་ཆག་གདབ། ཕྱག་དར་བྱ།་ཕྱགས་པ་དོར་བར་བྱ། ལྕི་བས་ཤིན་ཏུ་འཇམ་པོར་བྱུག་པར་བྱ། སྔོ་ཅུང་ཟད་བྱུང་ན་ཡང་མེད་པར་བྱ། གས་པ་དང ། ཞིགས་པ་དང ། གོགས་པ་རྣམས་སླར་བཅོས་པར་བྱ། བུམ་པ་ཆུས་བཀང་སྟེ་གཞག་པར་བྱ་སྟེ། ཡོངས་སུ་སྤྱད་པའི་བུམ་པ་དང ། གཙང་མའི་རིལ་བ་དང ། སྣམ་ཕྱི་སའི་རིལ་བ་དང ། རྐང་པ་བཀྲུ་བའི་རིལ་བ་རྣམས་བཀང་སྟེ་བཞག་ Pa411a ༄#། །པ་དེ་ནི། གནས་ཁང་གི་བྱ་བ་ཞེས་བྱའོ། །གནས་ཁང་གི་གནས་བརྟན་གྱི་བྱ་བ་གང་ཞེ་ན། གནས་ཁང་གི་དགེ་སློང་གནས་བརྟན་གྱིས་བྱ་བ་འདི་ལྟ་བུ་ལ་འཇུག་པར་བྱའོ། ། དགེ་སློང་གསར་བུ་གང་དེ་ན་འཁོད་པར་གྱུར་པ་དེ་དག་ཤེས་པར་བྱ་བ་ནས་སྔ་མ་བཞིན་ཏེ། དགེ་སློང་གནས་བརྟན་གྱིས་ཐམས་ཅད་ལ་ཐོག་མར་འཇུག་པར་བྱ། རྒྱུད་མི་གཏང་བར་བྱ་བའི་བར་དུ་སྟེ། འདི་ནི། གནས་ཁང་གི་དགེ་སློང་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །ཁང་པ་འཁོར་དུ་བཅས་པའི་བྱ་བ་གང་ཞེ་ན། ཁང་པ་འཁོར་དུ་བཅས་པ་ན། དགེ་སློང་གང་འདུག་པ་དེས་ཁང་པའི་འཁོར་དང་བཅས་པ་དེ། དུས་དུས་སུ་བྱི་བདར་བྱ་བ་ནི། སྔ་མ་བཞིན་ཏེ། རྐང་པ་བཀྲུ་བའི་རིལ་བ་རྣམས་བཀང་སྟེ་བཞག་པའི་བར་དུའོ། །ཁང་པ་དང་འཁོར་དང་བཅས་པ་དེ་ནི། དགེ་སློང་གྲོགས་པོ་གང་འཁོད་པ་རྣམས་ལ་ཡང་བྱམས་པའི་ལུས་ཀྱི་ལས་ཀྱི་མཚུངས་པར་སྤྱད་པར་བྱ། བྱམས་པའི་ངག་གི་ལས་དང ། བྱམས་པའི་ཡིད་ཀྱི་ལས་ཀྱང་མཚུངས་པར་སྤྱད་པར་བྱ། དེར་ཡང་འཐབ་མོ་མི་འབྱུང་བར་བྱ། མཚང་འདྲུ་བ་དང ། འཁྲུག་པ་དང ། རྩོད་པ་མི་འབྱུང་བར་བྱ། དེ་སྟེ་དེར་འཐབ་པ་དང ། སྨོད་པ་དང ། འཁྲུག་པ་དང ། རྩོད་པ་ཞིག་བྱུང་ན། ཞི་བར་ནུས་ན་ནི། དེ་བཞིན་ལེགས། དེ་སྟེ་ཡང་མི་ནུས་ན། གུད་དུ་སོང་ཞིག་།འདི་ནི། ཁང་པ་འཁོར་དུ་བཅས་པའི་བྱ་བ་ཞེས་བྱའོ། Pa411b ཁང་པ་འཁོར་དུ་བཅས་པའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། ཁང་པ་འཁོར་དུ་བཅས་པའི་དགེ་སློང་གནས་བརྟན་གྱིས་བྱ་བ་འདི་ལྟ་བུ་ལ་འཇུག་པར་བྱའོ། །དེ་ན་དགེ་སློང་གསར་བུ་གང་འཁོད་པར་གྱུར་པ་དེ་དག་ཀུན་ཤེས་པར་བྱ་བ་ནས་སྔ་མ་བཞིན་ཏེ། ཐམས་ཅད་དུའང་དགེ་སློང་གནས་བརྟན་ཐོག་མར་འཇུག་པར་བྱ་བ་དང ། རྒྱུད་མི་གཏོང་བར་བྱ་བའི་བར་དུ་སྟེ། འདི་ནི།་ཁང་པ་འཁོར་དང་བཅས་པའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །ནགས་ཀྱི་བྱ་བ་གང་ཞེ་ན། ནགས་ཞེས་བྱ་བ་ནི། སྐྱེད་ཤིང་གི་ནགས་ཏེ། དེ་ན་དགེ་སློང་འཁོད་པ་རྣམས་ཀྱིས་བདག་ཅག་གནས་འདི་ན་འཁོད་ལ་འཚོ་བའི་བར་ཆད་དུ་འགྱུར་བའམ། ཚངས་པར་སྤྱོད་པའི་བར་ཆད་དུ་འགྱུར་བ་ལྟ་ཡོད་དམ་མེད་ཅེས་རྒྱང་གྲགས་གཅིག་ཚུན་ཆད་ཁོར་ཡུག་ཏུ་བརྟག་པར་བྱའོ། །དེ་སྟེ་ཡོད་པར་མཐོང་ན་ནི། རིང་དུ་དོར་བར་བྱའོ། །དེ་སྟེ་མེད་པར་མཐོང་ལ་དགོས་པར་གྱུར་དང་རྒྱང་གྲགས་གཅིག་ཚུན་ཆད་དུ་སྡོམ་པས་བསྐོ་བར་བྱ། རུང་བའི་ས་ལའང་བསྐོ་བར་བྱ། གསོ་སྦྱོང་གི་གནས་ཀྱང་བསྐོ་བར་བྱ། དེ་ན་ཕན་ཚུན་ཁ་ཟས་ཀྱི་ལོངས་སྤྱོད་དང ། ཆོས་ཀྱི་ལོངས་སྤྱོད་ཀྱིས་སྤྲོ་བ་བསྐྱེད་པར་བྱ། དེ་ན་འཐབ་མོ་མི་འབྱུང་བ་དང ། མཚང་འདྲུ་བ་མི་འབྱུང་བ་དང ། འཁོན་པ་མི་འབྱུང་བ་དང ། རྩོད་པ་མི་འབྱུང་བར་བྱ་བ་དེ་ནི། ནགས་ཀྱི་བྱ་བ་ཞེས་བྱའོ། །མལ་སྟན་གྱི་བྱ་བ་གང་ཞེ་ན། དགེ་སློང་རྣམས་ཀྱིས་མལ་སྟན་དུས་དུས་སུ་བརྟག་པར་ Pa412a ༄#། །བྱ།་བསྐམ་པར་བྱ། སྤྲུག་པར་བྱ། བགྲང་བར་བྱ། སྦ་བར་བྱ། དེ་སྟེ་དྲི་མ་ཅན་དུ་གྱུར་ན། བཀྲུ་བར་བྱ། བརྡོལ་ཏ་མ། ཟད་པའི་ཆོས་སུ་གྱུར་ན། ཅི་ནུས་སུ་བཙེམ་ཞིང་གླན་པར་བྱ། འཚེམ་ཞིང་གློན་དུ་གཞུག་པར་བྱ། དགེ་སློང་རྣམས་ཀྱིས་ཕྱོགས་བཞིའི་དགེ་འདུན་གྱི་གོས་བགོས་ནས་བཤང་བའི་སར་འགྲོ་བར་མི་བྱ། གཅི་བའི་སར་འགྲོ་བར་མི་བྱའོ། །དུགས་ཁང་དུ་མ་ཡིན། རྐང་པ་བཀྲུ་བའི་སར་མ་ཡིན། ཚང་མང་དུ་མ་ཡིན། ཆར་འབབ་པ་ལ་གྱོན་ཏེ་འདུག་པར་མི་བྱ། ཉི་མ་ཚ་བ་ལ་མ་ཡིན། བསྲོ་ཁང་དུ་གཞག་པར་མི་བྱ། ཅི་ནས་གནོད་པར་འགྱུར་བའི་ས་ཐམས་ཅད་དུ་ཕྱོགས་བཞིའི་དགེ་འདུན་གྱི་གོས་དང་འཇུག་པར་མི་བྱ། བགོ་བར་མི་བྱ། གཞག་པར་མི་བྱ། དགེ་སློང་རྣམས་ཀྱིས་མལ་སྟན་རྣམ་པ་འདི་ལྔར་སྤྱད་པར་མི་བྱ་སྟེ། ལྔ་གང་ཞེ་ན། དུད་པ་དང ། རྡུལ་དང ། ཆུ་དང ། བཤལ་བ་དང ། དྲུད་པའོ། །དགེ་སློང་རྣམས་ཀྱིས་ཕྱོགས་བཞིའི་དགེ་འདུན་གྱི་གོས་བགོས་བཞིན་གཙུག་ལག་ཁང་ཆག་ཆག་མི་གདབ། ས་མི་འཕྱག་།ཕྱག་དར་མི་དོར། ལྕི་བར་ཞལ་ཞལ་མི་བྱ། ཆུའི་བུམ་པ་དགང་བར་མི་བྱ། ཡོངས་སུ་སྤྱོད་པའི་བུམ་པར་མ་ཡིན། གཙང་མའི་རིལ་བར་མ་ཡིན། བཤང་བའི་རིལ་བར་མ་ཡིན། རྐང་པ་བཀྲུ་བའི་རིལ་བ་དགང་བར་མི་བྱ། སྣོད་འབྲིམ་པར་མ་ཡིན། གཙུག་ Pa412b ལག་ཁང་སྐྱོང་དུ་མ་ཡིན། ལྷུང་བཟེད་ཀྱི་ལས་བྱེད་པར་མ་ཡིན། གོས་ཀྱི་ལས་བྱེད་པར་མ་ཡིན། དགེ་སློང་རྣམས་ཀྱིས་ཕྱོགས་བཞིའི་དགེ་འདུན་གྱི་གོས་ལུས་ཀྱི་མཐང་ལ་བགོ་བར་མི་བྱ། རྡུལ་གཟན་མེད་པར་བགོ་བར་མི་བྱ། དགེ་སློང་དག་གིས་ཕྱོགས་བཞིའི་དགེ་འདུན་གྱི་མལ་སྟན་རྣམས་བླ་གབ་མེད་པ་ལ་བཏིང་བ་དང ། སྒོ་གང་ཕན་ཆད་ཉེ་འཁོར་འདོམ་བཞི་བཅུ་རྩ་དགུའི་བར་དུ་བོར་ཏེ་མ་འགྲོ་ཞིག་།དེ་སྟེ་བཤང་པའམ། གཅི་བའི་སར་འགྲོན་ཡང ། དགེ་སློང་འཁོད་པ་རྣམས་ལ་བསྒོ་ལ་སོང་ཞིག་།ཇི་ལྟར་བདག་ཉིད་ཀྱི་ལྷུང་བཟེད་དང ། ཆོས་གོས་དང ། ལུས་ཀྱི་པགས་པ་བཞིན་དུ་དགེ་སློང་དག་གིས་ཕྱོགས་བཞིའི་དགེ་འདུན་གྱི་མལ་སྟན་རྣམས་ཡོངས་སུ་བསྲུང་བར་བྱའོ། །དགེ་སློང་དག་གིས་ཅིའི་མཐའ་ནས་ཀྱང་ཕྱོགས་བཞིའི་དགེ་འདུན་གྱི་མལ་སྟན་ཡལ་བར་མི་བྱ་སྟེ། འདི་ནི། དགེ་འདུན་གྱི་མལ་སྟན་གྱི་བྱ་བ་ཞེས་བྱའོ། །སྒོ་ལེབ་ཀྱི་བྱ་བ་གང་ཞེ་ན། སྒོ་ལེབ་ཅེས་བྱ་བ་ནི། སྒོའི་འཕར་མ་སྟེ།་དགེ་སློང་གིས་དེ་ལ་བརྡུང་ན། ཡུན་རིང་དུ་བརྡུང་བར་མི་བྱ། སྔར་ནང་ན་འཁོད་པ་རྣམས་ཀྱིས་ཚོར་བར་བྱ་བའི་ཕྱིར་དལ་ནས་པགས་ཀྱིས་བརྡུང་བར་བྱའོ། །དབྱེ་བའི་ཚེ་ཡང་དྲག་ཏུ་མི་དབྱེ། གཅད་པའི་ཚེ་ཡང་དྲག་ཏུ་མི་གཅད། ཤེས་བཞིན་དུ་དལ་ནས་བགས་ཀྱིས་འཇུག་ཅིང་འབྱུང་བར་བྱ། སྒོའི་ཕྱོགས་གཉི་གར་ཡང་མི་འདྲུད་བཞིན་འབྱུང་བར་བྱ་སྟེ། འདི་ Pa413a ༄#། །ནི།་སྒོ་ལེབ་ཀྱི་བྱ་བ་ཞེས་བྱའོ། །འཁོར་ལོའི་བྱ་བ་གང་ཞེ་ན། འཁོར་ལོ་ཞེས་བྱ་བ་ནི། སྒོའི་གཏན་པ་བླ་འོག་སྟེ། དེ་ཤིན་ཏུ་འབྱོར་བར་བྱའོ། །དགེ་སློང་གཙུག་ལག་ཁང་ནས་གུད་དུ་འདོད་ན། བླ་འོག་གཉིས་ཆུག་ལ་དོངས་ཤིག་དང ། གཙུག་ལག་ཁང་རུབ་པར་འགྱུར་རོ། །གཙུག་ལག་ཁང་རུབ་ན། བདག་ཉིད་དང ། ལྷུང་བཟེད་དང ། ཆོས་གོས་དང ། མལ་སྟན་རྣམས་ཀྱང་རུབ་པར་འགྱུར་ཏེ། འདི་ནི། འཁོར་ལོའི་བྱ་བ་ཞེས་བྱའོ། །གནས་སྟོང་པའི་བྱ་བ་གང་ཞེ་ན། དགེ་སློང་གིས་གནས་སྟོང་པ་དེ་ཆག་ཆག་གདབ་པར་བྱ། ས་ཕྱག་དར་བྱ། ཕྱག་དར་དོར་བར་བྱ། ཅི་ནུས་སུ་ལྕི་བས་ཞལ་ཞལ་འཇམ་པོར་བྱ། གས་པ་དང ། ཞིག་པ་དང ། གོགས་པ་རྣམས་སླར་བཅོས་པར་བྱ། དེ་སྟེ་སྣོད་རྣམས་སོ་སོ་ན་འདུག་པར་གྱུར་ན་ཡང་སྤྱད་དུ་བཟོད་ན་ནི། བཀྲུ་ཞིང་གཞག་པར་བྱ། མི་བཟོད་ན། དོར་བར་བྱ། དེ་སྟེ་རུང་བར་བྱེད་པ་ཡོད་ན་ཡང་རྩཝ་སྔོན་པོ་རྣམས་བྲེགས་ཤིག། ཁྱིམ་པ་དག་ལྷགས་ན་ཡང་དེ་དག་ལ་ཆོས་ཀྱི་གཏམ་བྱ་བར་བྱ། དགེ་སློང་གིས་གནས་སྟོང་པར་ཞུགས་ན་ཡང་ཡལ་བར་དོར་བར་མི་བྱ། དེ་སྟེ་དེར་གནས་པར་འདོད་ན། དེས་ག་ལས་གར་འགྲོ་བ་བརྟག་པར་བྱ། འགྲོ་བའི་ཉེ་འཁོར་དང ། བཤང་ས་དང ། གཅི་ས་དང ། སྐས་ཀ་དང ། ཐེམ་སྐས་དང ། སྒོ་གཅད་པ་དང ། སྤྱོད་ཡུལ་རྣམས་ཀྱང་བརྟགས་ལ་ Pa413b གནས་པར་བྱའོ། །ཇི་ལྟར་དེ་དག་གི་ཕྱིར་བྲེལ་བ་དང ། གནོད་པར་མི་འགྱུར་བར་བྱ་སྟེ། དེ་ནི། གནས་སྟོང་པའི་བྱ་བ་ཞེས་བྱའོ། །གནས་སྟོང་པའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། གནས་སྟོང་པའི་དགེ་སློང་གནས་བརྟན་གྱིས་བྱ་བ་འདི་ལྟ་བུ་ལ་འཇུག་པར་བྱའོ། །གནས་སྟོང་པའི་དགེ་སློང་གནས་བརྟན་གྱིས་བཞིན་གསལ་བ་དང ། ཁྲོ་གཉེར་མེད་པར་བྱ་བ་ནས་སྔ་མ་བཞིན་འཐབ་མོ་དང ། མཚང་འདྲུ་བ་དང ། འཁོན་པ་དང ། རྩོད་པ་རྣམས་བྱུང་བར་གྱུར་པ་གདུལ་བར་ནན་ཏན་བྱ། ཞི་བར་བྱ། རྣམ་པར་ཞི་བར་བྱ་བའི་བར་དུ་སྟེ། འདི་ནི། གནས་སྟོང་པའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །ལྷུང་བཟེད་ཀྱི་བྱ་བ་གང་ཞེ་ན། དགེ་སློང་གིས་ཐལ་བ་མ་བཙགས་པས་ལྷུང་བཟེད་བཀྲུ་བར་མི་བྱ། ལྕི་བ་གསེག་མ་ཅན་གྱིས་བཀྲུ་བ་མ་ཡིན། བྱེ་མ་དང ། འདྲེས་པའི་སས་མ་ཡིན། བྱེ་མ་དང་འདྲེས་པའི་ལྕི་བའི་རིལ་བུས་མ་ཡིན་གྱི། སྲན་ཕྱེས་ལྷུང་བཟེད་བཀྲུ་བར་མི་བྱ། ལྷུང་བཟེད་ལངས་ཏེ་བཀྲུ་བར་མི་བྱ། བསྐམ་པར་མི་བྱ། སྣོད་དུ་གཞུག་པར་མི་བྱ། སྦ་བར་མི་བྱ། ལམ་དུ་འགྲོ་བ་ལ་མ་ཡིན། ཆུ་ལ་རྒལ་བ་ལ་མ་ཡིན། ས་མི་བདེ་བར་ལྷུང་བཟེད་གཞག་པར་མི་བྱ། དགེ་སློང་གིས་ལྷུང་བཟེད་ཀྱིས་གནས་ཁང་དུ་ཆག་ཆག་གདབ་པར་མི་བྱ། ཕྱག་དར་དོར་བར་མི་བྱ། ལྕི་བས་ཞལ་ཞལ་འཇམ་པོར་བྱུག་པར་མི་བྱ། ལག་པ་བཀྲུ་བའི་ཆུ་བླང་བར་མི་བྱ། རྐང་པ་བཀྲུ་བའི་ཆུ་ལ་མ་ཡིན། གདོང་པ་བཀྲུ་བའི་ཆུ་ལ་ Pa414a ༄#། །མ་ཡིན། ལུས་བཀྲུ་བའི་ཆུ་ལ་མ་ཡིན། དེས་ཆུའི་བུམ་པ་དགང་བར་མི་བྱ། དགེ་སློང་གིས་ལྷུང་བཟེད་བཤང་སར་བཀུར་བར་མི་བྱ། གཅི་བའི་སར་ཡང་མ་ཡིན། དུགས་ཁང་དུ་མ་ཡིན། རྐང་པ་བཀྲུ་བའི་སར་མ་ཡིན་ཏེ། ཅི་ནས་དགེ་སློང་གིས་ས་མི་གཙང་པ་ཐམས་ཅད་དུ་ལྷུང་བཟེད་བཀུར་བར་མི་བྱ། དགེ་སློང་ལྷུང་བཟེད་ཐོགས་བཞིན་དུ་མཆོད་རྟེན་ལ་ཕྱག་བྱ་བར་མི་བྱ། གླན་པའི་རིགས་ན་གླན་པར་བྱ། ཤིན་ཏུ་གཤེར་བཞིན་གཞག་པར་མི་བྱ། ཤིན་ཏུ་བསྐམ་པར་གཡེལ་བར་མི་བྱ། དལ་ནས་བགས་ཀྱིས་ཤེས་བཞིན་དུ་ཡོངས་སུ་སྤྱད་པར་བྱ་སྟེ། ནམ་ཞིག་པའི་མཐར་ཐུག་གི་བར་དུ་བཅང་བར་བྱ་སྟེ། དགེ་སློང་གིས་ལྷུང་བཟེད་མིག་བཞིན་དུ་བསྲུང་བར་བྱའོ། །ཅི་ནས་ཀྱང་ཕྱིན་ཆད་བཙལ་མི་དགོས་པར་བྱ་སྟེ། དེ་ནི། ལྷུང་བཟེད་ཀྱི་བྱ་བ་ཞེས་བྱའོ། །ཆོས་གོས་ཀྱི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ཀྱི་ཆོས་གོས་གསུམ་རྗེས་སུ་གནང་སྟེ། དྲེགས་པའི་ཕྱིར་མ་ཡིན། རྒྱགས་པ་བསྐྱེད་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན། གཞག་པའི་ཕྱིར་མ་ཡིན་གྱི། དེ་འདི་ལྟར་དགེ་སློང་རྣམས་བདེ་བར་སྤྱོད་པའི་ཕྱིར་ཏེ། སྦྲང་བུ་དང ། སྦྲང་མ་དང ། རླུང་དང ། ཚ་བ་དང ། སྦྲུལ་ལ་སོགས་པས་རེག་ན་མི་བདེ་བའི་གཉེན་པོའི་ཕྱིར་དང ། ངོ་ཚ་བ་དང ། ཁྲེལ་བ་གཡོགས་པའི་ཕྱིར་རོ། །དེ་ཡང་དགེ་སློང་ Pa414b རྣམས་ཀྱིས་ཇི་ལྟར་ཡོངས་སུ་སྤྱད་པ་བཞིན་ཡོངས་སུ་སྤྱད་པར་བྱའོ། །དེ་ལ་སྦྱར་མ་ཡང་སྦྱར་བའི་སྤྱད་པ་བཞིན་སྤྱད་པར་བྱའོ། །སྟོད་གཡོགས་ཀྱང་སྟོད་གཡོགས་ཀྱི་སྤྱད་པ་བཞིན་སྤྱད་པར་བྱ། མཐང་གོས་ཀྱང་མཐང་གོས་ཀྱི་སྤྱད་པ་བཞིན་སྤྱད་པར་བྱའོ། །དེ་ལ་སྦྱར་མས་མི་སྤྱད་པ་ནི། འདི་རྣམས་ཏེ། དགེ་སློང་རྣམས་སྦྱར་མ་གྱོན་བཞིན་དུ་གཙུག་ལག་ཁང་ཆག་ཆག་གདབ་པར་མི་བྱ། ས་འཕྱག་པར་མི་བྱ། ཕྱག་དར་དོར་བར་མི་བྱ། ལྕི་བས་ཞལ་ཞལ་འཇམ་པོར་བྱུག་པར་མི་བྱ། ཆུའི་སྣོད་དགང་བར་མི་བྱ། སྤྱད་པའི་བུམ་པར་མ་ཡིན། གཙང་བའི་རིལ་བར་མ་ཡིན། བཤང་བའི་རིལ་བར་མ་ཡིན། རྐང་པ་བཀྲུ་བའི་སར་མ་ཡིན། སྣོད་བགེད་པར་མ་ཡིན། གཙུག་ལག་ཁང་སྐྱོང་དུ་མ་ཡིན། ལྷུང་བཟེད་ཀྱི་ལས་སུ་མ་ཡིན། ཆོས་གོས་ཀྱི་ལས་སུ་མ་ཡིན། ཁྲུས་མི་བྱ། སྦྱར་མ་བགོས་ནས་རྩཝའམ། ཤིང་ངམ། ལྕི་བའམ། སའང་རུང ། བཀུར་བར་མི་བྱ། སྦྱར་མ་བགོས་ནས་བཤང་སར་མི་འཇུག་།གཅི་སར་མ་འཇུག་།དུགས་ཁང་དུ་མ་ཡིན། རྐང་པ་བཀྲུ་བའི་སར་མ་ཡིན། ཅི་ནས་སྦྱར་མ་བགོས་ལ་མི་གཙང་བའི་ས་ཐམས་ཅད་འགྲོ་བར་མི་བྱ། མཐང་ལ་བགོ་བར་མི་བྱ། གདིང་བར་མི་བྱ། དེ་རྒྱུན་དུ་བགོ་བར་མི་བྱ།་སྦྱར་མ་ལ་འཇུག་པར་མི་བྱ། ཉལ་བར་མི་བྱ་སྟེ། འདི་ནི། སྦྱར་མ་དེ་ལྟ་བུར་མི་སྤྱད་པའོ། །སྦྱར་མ་འདི་ལྟར་སྤྱད་པར་བྱ་སྟེ། དགེ་སློང་སྦྱར་མ་བགོས་ནས་བསོད་སྙོམས་ལ་འཇུག་ Pa415a ༄#། །པར་བྱ། གྲོང་དུ་འཇུག་པར་བྱ། སྤྱོད་ཡུལ་དུ་འཇུག་པར་བྱ། ཟས་ལ་འཇུག་པར་བྱ། སྐྱོ་མ་དང་ཐུག་པ་ལའང་འཇུག་པར་བྱ། འདི་ལྟར། ཡང་སྦྱར་མ་ནི། རྣམ་པ་གཉིས་སུ་སྤྱད་པ་བཞིན་སྤྱད་པར་བྱ་སྟེ། ཡང་ན་སྟེང་དུ་བགོ་བར་བྱ། ཡང་ན་སྔས་སུ་གཞུག་པར་བྱའོ། །སྟོད་གཡོགས་སྤྱད་པ་ཡང་འདི་ལྟར་སྤྱད་དེ། དགེ་སློང་རྣམས་སྟོད་གཡོགས་བགོས་ནས་གཙུག་ལག་ཁང་དུ་ཆག་ཆག་གདབ་པར་མི་བྱ། ས་འཕྱག་པར་མི་བྱ། ཕྱག་དར་དོར་བར་མི་བྱ། ལྕི་བས་ཞལ་ཞལ་འཇམ་པོར་བྱུག་པར་མི་བྱ། ལྷུང་བཟེད་ཀྱི་ལས་མི་བྱ། ཆོས་གོས་ཀྱི་ལས་མི་བྱ། བཀྲུ་བར་མི་བྱ། སྟོད་གཡོགས་བགོས་བཞིན་དུ་རྩཝའམ། ཤིང་ངམ། ས་བཀུར་བར་མི་བྱ། སྟོད་གཡོགས་དང་བཅས་བཤང་བའི་སར་འཇུག་པར་མི་བྱ། གཅི་བའི་སར་འཇུག་པར་མི་བྱ། དུགས་ཁང་དུ་མ་ཡིན། རྐང་པ་བཀྲུ་བའི་སར་མ་ཡིན་ཏེ། སྟོད་གཡོགས་དང་བཅས་མི་གཙང་བའི་ས་ཐམས་ཅད་དུ་འཇུག་པར་མི་བྱའོ། །ལུས་ཀྱི་མཐང་ལ་བགོ་བར་མི་བྱ། རྡུལ་གཟན་དུ་གདིང་བར་མི་བྱ། རྒྱུན་དུ་སྤྱོད་ཅིང་བགོ་བར་མི་བྱ་སྟེ། འདི་ནི། སྟོད་གཡོགས་ཏེ། འདི་ལྟར་ནི། སྟོད་གཡོགས་མི་སྤྱད་པའོ། །སྟོད་གཡོགས་དེ་འདི་ལྟར་སྤྱད་དེ། སྟོད་གཡོགས་བགོས་ནས་ཆུའི་རྫ་མ་དགང་བར་བྱ། སྤྱད་པའི་རྫ་མ་དགང ། གཙང་མའི་རིལ་བ་དགང ། བཤང་བའི་རིལ་བ་དགང ། རྐང་པ་བཀྲུ་བའི་རིལ་བ་ Pa415b ཡང་དགང་བར་བྱ། སྣོད་བགོ་བར་བྱ། གཙུག་ལག་ཁང་སྐྱོང་བར་བྱ། གཞན་དང་ཡང་རུང་སྟེ། རུང་བར་གྱུར་པ་ཐམས་ཅད་ལའང་སྟོད་གཡོགས་བགོས་ཏེ། མཐང་གོས་ནི། ཐམས་ཅད་དུ་བགོ་སྟེ། ལུས་ཀྱི་མཐང་ལ་ཡང་བགོ། རྟག་ཏུ་ཡང་བགོ་ཞིང་སྤྱད་པར་བྱའོ། །དགེ་སློང་གིས་མི་གཙང་བའི་སར་ཆོས་གོས་གཞག་པར་མི་བྱ། ལྗིད་ཀྱིས་མནན་པར་མི་བྱ། དྲུབ་པར་རིགས་ན། དྲུབ་པར་བྱ། བཀྲུ་བར་རིགས་ན། བཀྲུ་བར་བྱ། ཁ་བསྒྱུར་པར་རིགས་ན། ཁ་བསྒྱུར་པར་བྱ། དགེ་སློང་གིས་ཚོན་ཆེན་པོ་རྣམ་པ་ལྔ་པོ་ཉིད་བཅང་བར་མི་བྱ་སྟེ། ཚོན་ཆེན་པོ་རྣམ་པ་ལྔ་གང་ཞེ་ན། འདི་ལྟ་སྟེ། མཐིང་ཤུན་དང ། ལེབ་རྒན་རྩི་དང ། རྒྱ་སྐྱེགས་དང ། གུར་གུམ་དང ། མཚལ་ལོ། །ཤུན་ཕྲག། དཀྲི་མ་ཤ་མ་གཏོགས་ཏེ་གཞན་ཁ་དོག་ངུར་སྨྲིག་ཏུ་འགྱུར་པ་ཤིང་གི་ཤུན་ཕྲག་ཁ་དོག་ཅན་ཆོངས་ཤིག་།དེ་ཡང་གཞན་མེད་པར་གྱུར་ན། གདོད་ཉེས་པ་མེད་དོ། །སྦྱར་མ་ངེས་པར་མཚན་མ་ཅན་དུ་བྱའོ། །སྟོད་གཡོགས་ལ་ངེས་པ་མེད་ལ་མཐང་གོས་ལ་ཡང་ངེས་པ་མེད་དོ། །དགེ་སློང་ལ་ཆོས་གོས་ངན་ནམ། ཉུང་ན། ཚལ་བུས་ལོགས་ཤིག་ནས་གླན་པར་བྱ་སྟེ། ལྔའམ། བདུན་ནམ། དགུའམ། བཅུ་གཅིག་གམ། ལྷག་པར་ཡང་རུང་སྟེ། དེ་ལྟར་དགེ་སློང་གིས་སྦྱར་མ་སྤྱོད་པ་ནི། སྦྱར་མར་སྤྱོད་ཅིག་།སྟོད་གཡོགས་སུ་སྤྱོད་པ་ནི། སྟོད་གཡོགས་སུ་སྤྱོད་ཅིག་།མཐང་གོས་སུ་སྤྱོད་པ་ནི། མཐང་གོས་སུ་སྤྱོད་ཅིག་།དགེ་སློང་གིས་ཇི་ལྟར་ Pa416a ༄#། །རང་གི་པགས་པ་བཞིན་དུ་ཆོས་གོས་ལ་བསྲུང་བར་བྱའོ། །ཅི་ནས་དེ་ཕྱི་ཕྱིར་བཙལ་མི་དགོས་པར་བྱ་སྟེ། འདི་ནི། ཆོས་གོས་ཀྱི་བྱ་བ་ཞེས་བྱའོ། །གདིང་བའི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་གདིང་བ་རྣམ་པ་གཉིས་རྗེས་སུ་གནང་སྟེ། མལ་སྟན་ལ་གདིང་བའི་ཕྱིར་རོ། །སྟུག་ན་ནི། རིམ་གཅིག་བྱ། སྲབ་ན་ནི། རིམ་པ་གཉིས་སུ་བྱའོ། །དགེ་སློང་གིས་གདིང་བ་མ་བཏིང་གི་བར་དུ་འདུག་པར་མི་བྱ། ཉལ་བར་མི་བྱའོ། །གདིང་བ་ཆིག་རྐྱང་ལ་བསྔོ་བར་མི་བྱ། གདིང་བ་མེད་པར་ཞག་ཏུ་གནས་པར་མི་བྱ།་དགེ་སློང་གིས་གདིང་བ་ལ་ནན་ཏན་དུ་བྱ། ལེགས་པར་བྱ། ཅི་ནས་དེ་ཕྱི་ཕྱིར་བཙལ་མི་དགོས་པར་བྱ་སྟེ། འདི་ནི། གདིང་བའི་བྱ་བ་ཞེས་བྱའོ། །ཁབ་ཀྱི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཁབ་རྣམ་པ་གཉིས་རྗེས་སུ་གནང་སྟེ། ཆོས་གོས་དྲུབ་པའི་ཕྱིར་ཏེ། ལྕགས་དང ། ཟངས་ཀྱིའོ། །དགེ་སློང་རྣམས་ཀྱིས་ཁབ་མེད་བཞིན་ལྗོངས་ཀྱི་སྤྱད་པ་མ་སྤྱོད་ཅིག་།དགེ་སློང་གིས་ཁབ་ལེགས་པར་ཞོག་ཅིག་།ལེགས་པར་བྱོས་ཤིག། ཅི་ནས་ཕྱི་ཕྱིར་དེ་བཙལ་མི་དགོས་པར་བྱ་སྟེ། འདི་ནི། ཁབ་ཀྱི་བྱ་བ་ཞེས་བྱའོ། །ཁབ་རལ་གྱི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཁབ་རལ་རྗེས་སུ་གནང་སྟེ། ཁབ་རྣམས་སྦ་བའི་ཕྱིར་རོ། །དགེ་སློང་གིས་ངོ་ཚ་མེད་པའི་དགེ་ཚུལ་རྣམས་ལ་ Pa416b ཁབ་རལ་མ་གཞག་ཅིག། མི་སྟོར་བར་བྱ། བསྙེན་པར་རྫོགས་ཀྱང་ཡིད་མི་ཆེས་ན། མ་ཡིན། འདི་ལྟར་ཡང་གང་ཟག་ལྔ་ལ་ཁབ་རལ་གཞག་པར་མི་བྱ་སྟེ། ངོ་ཚ་མེད་པ་དང ། འཁོན་ཡོད་པ་དང ། མི་མཛའ་བ་དང ། དྲན་པ་ཉམས་པ་དང ། ཚུལ་བཞིན་མི་གནས་པ་ལའོ། །དགེ་སློང་གིས་ཁབ་རལ་ལེགས་པར་གཞག་པར་བྱ། ནན་ཏན་དུ་བྱ། ཅི་ནས་ཕྱི་ཕྱིར་དེ་བཙལ་མི་དགོས་པར་བྱ་སྟེ། འདི་ནི། ཁབ་རལ་གྱི་བྱ་བ་ཞེས་བྱའོ། །ཐུག་པའི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་ཐུག་པ་རྗེས་སུ་གནང་སྟེ། བདེ་བར་སྤྱོད་པའི་ཕྱིར་དང ། སྦྱིན་པ་དང་སྦྱིན་བདག་རྣམས་ལ་སྦྱིན་པའི་ཆོས་རྣམས་ཡོངས་སུ་སྤྱོད་པའི་ཕྱིར་རོ། །དགེ་སློང་གིས་སྒྲ་འབྱིན་བཞིན་དུ་ཐུག་པ་མ་འཐུང་ཞིག། ཤེས་བཞིན་དུ་ཐུག་པ་སྒྲ་བསྐྱུངས་ཏེ་བཏུང་བར་བྱ། དྲེགས་པའི་ཕྱིར་མ་ཡིན། ང་རྒྱལ་གྱི་ཕྱིར་མ་ཡིན། སྙེམས་པའི་ཕྱིར་མ་ཡིན། བཟང་བའི་ཕྱིར་མ་ཡིན་གྱི། ལུས་འདི་རྨ་གསོ་བའི་ཕྱིར་གཟུང་བའི་ཕྱིར་ཏེ། འདི་ནི། ཐུག་པའི་བྱ་བ་ཞེས་བྱའོ། །ཆུའི་བྱ་བ་གང་ཞེ་ན། དགེ་སློང་གིས་ཆུ་ཤིན་ཏུ་བརྟག་པར་བྱ། དང་བ། གསལ་བ། མ་རྙོགས་པ། མ་འདྲེས་པ། སངས་པ། གཙང་མ་ཡོངས་སུ་སྤྱད་པར་བྱ་སྟེ། འདི་ནི། ཆུའི་བྱ་བ་ཞེས་བྱའོ། །ཆུ་རྫའི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཆུ་སྣོད་རྗེས་སུ་གནང་སྟེ། དགེ་འདུན་དང ། གང་ཟག་ལའང་རུང ། ཞབས་རྟེན་དང ། ཆུ་དགབ་པའི་ཁ་གབ་ཏུ་བཅས་པའོ། །དགེ་སློང་རྣམས་ཀྱིས་ཤིན་ཏུ་ལེགས་པར་ Pa417a ༄#། །བཀྲུས་ཏེ་བསྐམས་ལ་གཙང་མར་བྱས་ཏེ་བཅང་བར་བྱ། ལག་པ་རུང་བ་དང ། གོས་རུང་བས་ཆུ་གཞག་པར་བྱ། བྲིམ་པར་བྱ། བྲམ་ཟེ་དང ། ཁྱིམ་བདག་ལྷགས་ན་ཡང་བླུད་པར་བྱ། དགེ་སློང་རྣམས་ཀྱིས་ཆུ་རྫ་ཤིན་ཏུ་སྦ་བར་བྱ། ནན་ཏན་ཏུ་བྱ། ཅི་ནས་ཕྱི་ཕྱིར་དེ་བཙལ་མི་དགོས་པར་བྱ་སྟེ། འདི་ནི། ཆུ་སྣོད་ཀྱི་བྱ་བ་ཞེས་བྱའོ། །ཡོངས་སུ་སྤྱད་པའི་ཆུ་རྫའི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་ཡོངས་སུ་སྤྱད་པའི་ཆུ་རྫ་རྗེས་སུ་གནང་སྟེ། ཤིན་ཏུ་བཀྲུས་བསྐམས་ལ་གཙང་མར་བྱས་ཏེ་བཅང་བར་བྱ། བཀང་ནས་གཙུག་ལག་ཁང་གི་སྒོར་གཞག་པར་བྱ། ཡོངས་སུ་སྤྱད་པའི་རྫ་མ་དེ་དགེ་སློང་རྣམས་ཀྱིས་དབེན་པར་བྱ། ནན་ཏན་དུ་བྱ། ཅི་ནས་ཕྱི་ཕྱིར་དེ་བཙལ་མི་དགོས་པར་བྱ་སྟེ། འདི་ནི། ཡོངས་སུ་སྤྱད་པའི་ཆུའི་རྫ་མའི་བྱ་བ་ཞེས་བྱའོ། །གཙང་མའི་རིལ་བའི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་རིལ་བ་རྗེས་སུ་གནང་སྟེ། དེ་མཆོད་རྟེན་གྱི་དྲུང་དུ་གཞག་པར་མི་བྱ། དགེ་སློང་གིས་དེ་དུས་དུས་སུ་བརྟག་པར་བྱ། བསྐམ་པར་བྱ། དགང་བར་བྱ་སྟེ། འདི་ནི། གཙང་མའི་རིལ་བའི་བྱ་བ་ཞེས་བྱའོ། །ཟས་ཀྱི་བྱ་བ་གང་ཞེ་ན། བཅའ་བ་ལྔ་དང ། བཟའ་བ་ལྔ་སྟེ། དགེ་སློང་རྣམས་ཀྱིས་བཅའ་བ་དང ། བཟའ་བ་རྣམས་ལས་གང་ཡང་རུང་སྟེ། བཟའ་བའི་ཚེ་དྲན་ལྡན་པ་མངོན་པར་གཞག་པར་བྱ། ཟས་ལ་བརྟག་པར་བྱ། བཙལ་ Pa417b བའོ། །ནན་ཏན་གྱིས་བསྒྲུབ་པའོ། །དེ་དང་འདྲ་བའོ། །ཡོངས་སུ་སྤྱད་པའོ། །ཉམས་སུ་འགྱུར་བའོ། །འགྱེས་པའོ། །སྙམ་དུ་ཤེས་པར་བྱས་ལ་བཟའ་བར་བྱའོ། །དྲན་པ་ཉེ་བར་བཞག་ཅིང་སེམས་མི་གཡེང་བར་ཟས་ལ་རྒྱུ་མཐུན་པར་འདུ་ཤེས། ནད་པར་འདུ་ཤེས། གཞན་ལ་རག་ལས་པར་འདུ་ཤེས། རྐྱེན་ཏུ་འདུ་ཤེས། རྟེན་ཅིང་འབྲེལ་པར་འདུ་ཤེས་མངོན་དུ་བཞག་ལ་ཟས་བཟའ་བར་བྱ།་འདུས་ཏེ་ཟ་བ་དང ། ཡང་ཡང་ཟ་བ་དང ། ཆོག་པར་བྱ་བ་ལའང་ཟ་བ་རྣམ་པར་མངོན་དུ་གཞག་པར་བྱ་སྟེ། དེ་ནི། ཟས་ཀྱི་བྱ་བ་ཞེས་བྱའོ། །བཟའ་བའི་བྱ་བ་གང་ཞེ་ན། དགེ་སློང་གིས་ཟན་ཟ་བའི་ཚེའམ། སྐྱོ་མའི་ཚེའམ། ཐུག་པ་འཐུང་བའི་ཚེའང་རུང ། །དུས་བསྒོ་བའམ། གཎྜཱི་བརྡུངས་མ་ཐག་ཏུ་མྱུར་དུ་འོང་བར་བྱ། མྱུར་དུ་འདུ་བར་བྱ། ཤེས་བཞིན་དུ་འགྲེང་བར་བྱ། ཤེས་བཞིན་དུ་འདུག་པར་བྱ། ཤེས་བཞིན་དུ་བཟའ་བར་བྱ། དྲན་པ་ཉེ་བར་བཞག་ཅིང་སེམས་མི་གཡེང་བར་བྱ་བ་དང ། ཆས་བཟང་བ་དང ། སྤྱོད་ལམ་དུ་ལྡན་པ་དང ། ཤིན་ཏུ་བསྡམས་ཤིང་རབ་ཏུ་དབེན་པར་བྱས་ལ། སྒྲ་བསྐྱུངས་ཤིང་མིག་མི་གཡེང་ལ་མིག་གཉའ་ཤིང་གང་ཙམ་དུ་བལྟ། རིམ་གྲོར་བཅས། བདག་དམན་པར་བཅས། འཇིགས་པ་དང་གཞན་གྱི་དབང་དུ་ཡིད་ལ་བསམ་ནས་རྡུལ་འཕྱག་གོ་།སྙམ་པའི་སེམས་དང ། གནས་བརྟན་དང ། བར་མ་དང ། གསར་བུ་རྣམས་ལ་བྱམས་པའི་སེམས་དང ། བརྩེ་བའི་སེམས་དང ། ཕ་དང ། བུ་དང ། ཕུ་ནུ་བོར་ Pa418a ༄#། །འདུ་ཤེས་མངོན་དུ་བཞག་སྟེ་སྟན་ལ་འདུག་པར་མཁས་པར་བྱ། བཟའ་བ་ལ་མཁས་པར་བྱ་སྟེ། འདི་ནི། བཟའ་བའི་བྱ་བ་ཞེས་བྱའོ། །ཟས་གཏང་བའི་བྱ་བ་གང་ཞེ་ན ། དགེ་སློང་གིས་ཟས་བླངས་ནས་སླར་གཏང་བར་མི་བྱ། བབ་བབ་ཏུ་གཏང་བར་མི་བྱ། ཟས་གང་ལ་གཏང་བར་བྱ་ཞེ་ན། མ་ལ་སྦྱིན་པར་བྱ། ཕ་དང ། ཕུ་ནུ་བོ་དང ། སྲིང་མོ་ལ་སྦྱིན་པར་བྱ། གཉེན་ལའང་སྦྱིན་པར་བྱ། ཀུན་དགའ་ར་བའི་ནང་དུ་ཁྱིམ་པ་འོངས་པ་ལ་ཡང་སྦྱིན་པར་བྱ། ཕན་གདགས་པ་ལ་སྦྱིན་པར་བྱ། མི་ཕན་པ་ལའང་སྦྱིན་པར་བྱ། ནད་པ་དང ། བཟུང་བ་དང་འབྲེལ་པར་གྱུར་པ་ལའང་སྦྱིན་པར་བྱ། དེ་སྟེ་བུད་མེད་སྦྲུམ་མ་ཞིག་འོངས་ན་ཡང་དྲན་པ་ཉེ་བར་བཞག་སྟེ་སྦྱིན་པར་བྱ། བྱོལ་སོང་ལའང་ཟན་ཆང་གཅིག་སྦྱིན་པར་བྱ། རབ་ཏུ་འབྱུང་བར་འདོད་པ་ལའང་སྦྱིན་པར་བྱ། དེ་ཡང་དུམ་བུར་བྱས། ལྷག་མར་བྱས་ལ་སྦྱིན་པར་བྱ་སྟེ། འདི་ནི། ཟས་གཏང་བའི་བྱ་བ་ཞེས་བྱའོ། །བསོད་སྙོམས་ཀྱི་བྱ་བ་གང་ཞེ་ན། དགེ་སློང་གིས་བསོད་སྙོམས་གུས་པར་བླང་བར་བྱ། རིམ་བཞིན་དུ་བླང་བར་བྱ། མུ་དང་མཉམ་པར་མ་ཡིན། ཚོད་མ་དང་མཉམ་པར་མ་ཡིན། ཤེས་བཞིན་པ་དང ། དྲན་པ་ཉེ་བར་བཞག་པ་དང ། སེམས་མི་གཡེང་བ་དང ། མི་བོ་བ་དང ། ཇི་ཙམ་གྱིས་དེ་ཆོག་པར་གྱུར་པ་དེ་ཙམ་དུ་བླང་བར་བྱ་སྟེ། འདི་ནི། བསོད་སྙོམས་ཀྱི་བྱ་བ་ཞེས་བྱའོ། །བསོད་སྙོམས་སྤྱོད་པའི་བྱ་བ་གང་ཞེ་ན་།བསོད་སྙོམས་ Pa418b སྤྱོད་པའི་དགེ་སློང་གིས་ཤེས་བཞིན་དུ་འདུག་པར་བྱ། ཤེས་བཞིན་དུ་འགྲེང་བར་བྱ། དྲན་པ་ཉེ་བར་གཞག་པ་དང ། སེམས་མི་གཡེང་བ་དང ། མཛེས་པ་དང ། སྤྱོད་ལམ་དུ་ལྡན་པ་དང ། ཤིན་ཏུ་བསྡམས་པ་དང ། ཤིན་ཏུ་གཡོགས་པ་དང ། སྒྲ་བསྐྱུངས་པ་དང ། མིག་མི་གཡེང་ཞིང་གཉའ་ཤིང་གང་ཙམ་དུ་བརྟག་པ་དང ། དབང་པོ་བསྡམས་པ་དང ། ཡིད་ཕྱིར་མི་གཡེང་བ་དང ། སྔ་ཕྱིར་འདུ་ཤེས་པ་དང ། མ་ལྟ་བུའི་བུད་མེད་མཐོང་ན། མར་འདུ་ཤེས་ཉེ་བར་གཞག། སྲིང་མོ་ལྟ་བུའི་བུད་མེད་མཐོང་ན། སྲིང་མོར་འདུ་ཤེས་ཉེ་བར་གཞག། བུ་མོ་ལྟ་བུའི་བུད་མེད་མཐོང་ན། བུ་མོར་འདུ་ཤེས་མངོན་པར་གཞག་།བསོད་སྙོམས་སྤྱོད་པའི་དགེ་སློང་གིས་སྲང་དང ། ཚོང་འདུས་དང ། བཞི་མདོ་དང ། སུམ་མདོ་དང ། སྒོ་ཁང་དག་གི་མཚན་མ་གཟུང་བར་བྱ། ཁྱིམ་གྱི་སྒོར་སོང་ནས་འཁར་གསིལ་དཀྲོགས་ཏེ་དལ་ནས་བགས་ཀྱིས་སྒོ་ལ་གཏུགས་པར་བྱ། དེ་སྟེ་བུད་མེད་གཉིད་ཀྱིས་ལོག་ན། སེ་གོལ་གཏོགས་ལ་སད་པར་བྱ། དེ་སྟེ་རྡུང་བ་ཞིག་ལ་ཞུགས་ན། གཏུན་བུ་ཐབས་གཉིས་གསུམ་རྡུང་བའི་བར་དུ་བསྡད་པར་བྱ། འོན་ཏེ་བསྲེག་པ་ཞིག་ལ་ཞུགས་ན། ཁུར་བ་གཅིག་བསྲེགས་ཀྱི་བར་ལ་བསྡད་པར་བྱ། དེ་སྟེ་འཐག་པ་ཞིག་ཏུ་གྱུར་ན། ལན་གཉིས་ལན་གསུམ་བསྐོར་གྱི་བར་དུ་བསྡད་པར་བྱ། དྲན་པ་ཉེ་བར་གཞག་།སེམས་མི་གཡེལ་བར་བསོད་སྙོམས་བླང་བར་བྱའོ། །ཇི་ཙམ་ཆོག་པ་དེ་ཙམ་བླང་བར་བྱ། དེ་སྟེ་དགེ་སློང་བསོད་སྙོམས་སྤྱོད་ Pa419a ༄#། །པས་འདོད་ན། དགེ་འདུན་གྱི་ནང་དུ་བཟའ་བར་བྱ། མགྲོན་དུ་བོས་ན་ཡང་བདག་གིར་བྱ་སྟེ། བསོད་སྙོམས་སྤྱོད་པའི་བྱ་བ་ནི། དེས་གཏང་བར་བྱ་སྟེ། འོད་ནི། བསོད་སྙོམས་སྤྱོད་པའི་བྱ་བ་ཞེས་བྱའོ། །ཟས་ནོད་པའི་བྱ་བ་གང་ཞེ་ན། ཟས་ནོད་པའི་དགེ་སློང་གིས་དུས་དང་ཚོད་རིག་པར་བྱོས་ལ་བསོད་སྙོམས་ལོངས་ཤིག། ཤེས་པར་བྱ། དྲན་པ་མངོན་པར་གཞག་པར་བྱ། སེམས་མི་གཡེལ་བར་བྱ། མི་རྙོག་པར་བྱ། མི་འདྲེས་པར་བྱ། ཅི་ནས་ཀྱང་མཛེས་ཤིང་དབེན་པར་བྱ། ཅི་ནས་ཀྱང་དེ་ལ་མི་གཙང་བ་འབགས་པ་དང ། རིངས་ཤིང་བརྟུན་པའི་ཚུལ་དུ་མི་བྱ། གཙང་ཞིང་མཛེས་པར་བྱ། རིངས་ཤིང་འདུན་པ་ལྟར་འོངས་པར་བྱ། སྐབས་སུ་མ་བབ་པའི་དོན་གཞན་མི་གཉེར། གཙུག་ལག་ཁང་དུ་སོང་བ་ནས་དགེ་སློང་དེ་ལ་བཞིན་གྱི་མདངས་བཟང་བ་དང ། ཁྲོ་གཉེར་མེད་པ་དང ། ཚིག་སྙན་པ་དང ། མགུ་བར་བྱོས་ལ་ཟན་ལོངས་ཤིག། འདི་ནི། ཟས་ནོད་པའི་བྱ་བ་ཞེས་བྱའོ། །དགོན་པའི་བྱ་བ་གང་ཞེ་ན། དགོན་པའི་དགེ་སློང་གིས་མདངས་བཟང་བར་བྱ། ཁྲོ་གཉེར་མེད་པར་བྱ། དྲན་པ་མངོན་པར་གཞག་།ཐོག་མར་སྙན་ཚིག་བྱ། ཚུར་ཤོག། བདེ་བར་འོངས་སམ་ཞེས་ཚིག་སྙན་པས་བསུ། ཁྱེད་ཅག་ལེགས་པར་གནས་སམ། ལེགས་པར་སྤྱད་དམ། ལེགས་པར་བྱ་བ་བྱས་སམ་ཞེས་ཐོག་མར་དྲིས་ཤིག། དགོན་པའི་དགེ་སློང་རྣམས་ Pa419b ཀྱིས་ཆུ་ལེགས་པར་བཟོས་ཏེ་ཞོག་ཅིག། ཆུ་སྣོད་ཀྱང་ཞོག་ཅིག། ཁ་ཟས་ཀྱང་བཟོས་ལ་ཞོག་ཅིག། ཟས་ཀྱི་སྣོད་ཀྱང་ཞོག་ཅིག་།མེའང་གསོས་ཏེ་ཞོག་ཅིག་།ཞུགས་ལིང་ཡང་བཟོས་ཏེ་ཞོག་ཅིག་།མར་མེ་དག་ཀྱང་བཟོས་ཏེ་ཞོག་ཅིག་།མེ་མར་གྱི་སྣོད་ཀྱང་བཟོས་ཏེ་ཞོག་ཅིག། མེ་མར་གྱི་སྙིང་པོ་ཡང་བཟོས་ཏེ་ཞོག་ཅིག། མར་དང ། འབྲུ་མར་དང ། སྦྲང་རྩི་དང ། སྣད་པའི་བཅིང་བ་ཡང་བཤམས་ཏེ་ཞོག་ཅིག། ཀོ་བའི་དུམ་བུ་ཡང་བཤམས་ཏེ་ཞོག་ཅིག། རྒྱུས་པ་དང ། འབྲེང་བུ་དང ། སྙུང་ཡང་བཤམས་ཏེ་ཞོག་ཅིག། ཁབ་དང ། གྲི་དང ། སྐུད་པ་དང ། ཟས་རྣམས་ཀྱང་བཤམས་ཏེ་ཞོག་ཅིག། སྨན་རྣམས་ཀྱང་ཆོངས་ཤིག། བརྟན་པའི་འཁར་བ་ཡང་ཆོངས་ཤིག། དགོན་པའི་དགེ་སློང་རྣམས་ཀྱིས་མེ་ཤེལ་དང ། ཆུ་ཤེལ་གཞན་ལ་མ་སྟོན་ཅིག། དགོན་པའི་དགེ་སློང་གིས་ཁྲོན་པའི་རྒྱུས་ཤེས་པར་གྱིས་ཤིག། ཉེ་སྤྱོད་ལ་མཁས་པ་དང ། མཚན་མོ་ལ་མཁས་པ་དང ། ཡུལ་ཕྱོགས་ལ་མཁས་པ་དང ། དགོན་པའི་དགེ་སློང་གིས་མདོ་སྡེ་ལ་མཁས་པར་བྱ། འདུལ་བ་ལ་མཁས་པར་བྱ། མ་ལྟ་བུ་ལ་མཁས་པར་བྱ། སྨྲ་བ་ལ་མཁས་པ་དང ། ཆོས་སྟོན་པ་ལ་མཁས་པ་དང ། ཕུང་པོ་ལ་མཁས་པ་དང ། ཁམས་ལ་མཁས་པ་དང ། སྐྱེ་མཆེད་ལ་མཁས་པ་དང ། རྟེན་ཅིང་འབྲེལ་བར་འབྱུང་བ་ལ་མཁས་པ་དང ། གནས་དང་གནས་མ་ཡིན་པ་ལ་མཁས་པར་བྱ། དགོན་པའི་དགེ་སློང་རྣམས་ཀྱིས་ཆོས་ཤེས་པར་བྱ། དོན་ཤེས་ Pa420a ༄#། །པར་བྱ། དུས་ཤེས་པར་བྱ། ཚོད་ཤེས་པར་བྱ། བདག་ཉིད་ཤེས་པ་དང ། འཁོར་ཤེས་པ་དང ། གང་ཟག་ཤེས་པ་དང ། གང་ཟག་གི་ཁྱད་པར་ཤེས་པར་བྱ། དགོན་པའི་དགེ་སློང་རྣམས་ཀྱིས་དྲེགས་པ་མི་བསྐྱེད། གཅམ་བུ་མི་བྱ། བཀུར་སྟིར་བཅས། དབང་གཞན་ལ་རག་ལས་པར་བཅས། ཁ་མི་རྒོད། ཚིག་བརྟན་པར་བྱ། ངོ་ཚ་བ་དང ། ཁྲེལ་ཡོད་པར་བྱ། གཏམ་མི་མང་བ་དང ། འཐབ་མོར་འགྱུར་བ་རྣམས་མི་སྨྲ། བརྩོན་འགྲུས་སུ་བྱ། ལེ་ལོར་མི་བྱ། དྲན་པ་ཅན་དང ། ཤེས་བཞིན་དུ་སྤྱོད་པར་བྱ། དབང་པོ་བསྡམ་པར་བྱ། ཟས་ལ་ཚོད་ཟིན་པར་བྱ། བདག་གིས་ཤེས་པར་མི་བྱ། སྲོད་དང་ཐོ་རངས་ཀྱི་ཚེ་རྣལ་འབྱོར་བྱ་བ་ལ་ནན་ཏན་དུ་བྱ། གཉིད་ཀྱི་བདེ་བ་དང ། འཕྲེས་པའི་བདེ་བ་དང ། མལ་སྟན་གྱི་བདེ་བ་ཉམས་སུ་མི་བླང ། དུས་སུ་སྤྱོད་པ་དང ། དུས་མ་ཡིན་པར་སྤྱོད་པ་ཤེས་པར་བྱ། སྟན་ལ་འདུག་པ་ལ་མཁས་པ་དང ། དགེ་སློང་གནས་བརྟན་རྣམས་ལ་མི་སྨོད་པ་དང ། དགེ་སློང་གསར་བུ་རྣམས་ལ་ཡང་མི་སྨོད་པ་དང ། དགོན་པའི་དགེ་སློང་གིས་བརྩོན་འགྲུས་ཡལ་བར་མི་བྱ། མ་ཐོབ་པ་ཐོབ་པ་དང ། མ་ཆུད་པ་ཆུད་པ་དང ། མངོན་དུ་མ་བྱས་པ་མངོན་དུ་བྱ་བ་དང ། དགོན་པ་ལ་གནས་པའི་དགེ་སློང་གིས་ཆོས་ཀྱི་དབྱུག་པ་དང ། རིལ་བུ་དང ། ཕོ་ལོང་གིས་སྲོད་དང ། ཐོ་རངས་ལ་རྣལ་འབྱོར་བྱོས་ཤིག། དགོན་པའི་དགེ་སློང་གིས་མཚུངས་པར་སྤྱད་པའི་ Pa420b ཆོས་བཅས་པ་བཞིན་དུ་རྫོགས་པར་མ་བྱས་ན། འདས་པ་དང་བཅས་པར་འགྱུར་ཏེ། འདི་ནི། དགོན་པའི་བྱ་བ་ཞེས་བྱའོ། །དགོན་པའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། དགོན་པའི་དགེ་སློང་གིས་བྱ་བ་དེ་ལྟ་བུ་ལ་འཇུག་པར་བྱའོ། །དགེ་སློང་གསར་བུ་རྣམས་དེ་ན་འཁོད་པ་ཀུན་ཤེས་པར་བྱ་བ་ནས་སྔ་མ་བཞིན་ཏེ། ཐམས་ཅད་དུའང་དགེ་སློང་གནས་བརྟན་གྱིས་ཐོག་མར་འཇུག་པར་བྱའོ། །རྒྱུད་གཏང་བར་མི་བྱ་བའི་བར་དུ་སྟེ། དགོན་པ་ན་བྱ་བ་རྣམས་གཟུང་བར་བྱ། དགོན་པའི་བྱ་བ་རྣམས་ལ་གཟུད་པར་བྱ། དེ་དག་གིས་ཀྱང་དེས་རྗེས་སུ་བསྟན་པའི་ཚིག་ལ་མཉན་ཅིང་བསྒྲུབ་པར་བྱ་སྟེ། འདི་ནི། དགོན་པའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །གྲོང་འདབ་ཀྱི་བྱ་བ་གང་ཞེ་ན། གྲོང་འདབ་ཀྱི་དགེ་སློང་གིས་མདངས་བཟང་བར་བྱ་བ་ནས་སྔ་མ་བཞིན་ཏེ།་བདེ་བར་སྤྱོད་པའི་བར་དུའོ། །དགེ་སློང་དག་འོངས་ཤིང་ལྷགས་པ་རྣམས་ལ་བདེ་བར་ཕྱིན་ཏམ་ཞེས་དྲི་བར་བྱ། ཇི་ལྟར་རྒན་རིམ་པ་དང ། ཇི་ལྟར་རིགས་པར་ངལ་བསོ་བར་བྱ། མལ་སྟན་དག་ཀྱང་ཇི་ལྟ་བུ་ཡོད་པ་སྦྱིན་པར་བྱ། དེ་སྟེ་སྔ་དྲོ་ལྷགས་ན་ནི། ཁ་ཟས་ཅི་འབྱོར་པ་བཞིན་དུ་བགོ་ཞིང་སྦྱིན་པར་བྱ། དེས་ཟས་ཀྱི་འོག་ཏུ་འོངས་ན། བཏུང་བ་དང ། བུ་རམ་དང ། ཤ་ཁར་དང ། ཧཝགས་དང ། ཧ་སེ་རྣམས་ཅི་འབྱོར་པ་སྦྱིན་ཞིང་ཚིམ་པར་བྱ། ནུབ་མོ་མལ་སྟན་ཀྱང་བགོ་ཞིང་སྦྱིན་བར་བྱ། རྐང་པ་བཀྲུ་བ་དང ། རྐང་པ་བསྐུ་བ་ཡང་སྦྱིན་པར་བྱ། ཀུན་ Pa421a ༄#། །དགའ་ར་བའི་ཕྱིར་འབྱུང་བ་དང ། ནང་དུ་འཇུག་པ་དང ། ཉེ་འཁོར་དང ། བཤང་བའི་ས་དང ། གཅི་བའི་ས་དང ། སྐས་ཀ་དང ། ཐེམ་སྐས་དང ། གཅད་པ་དང ། དབྱེ་བ་རྣམས་སོ་སོར་སྟོན་ཅིག་།དགེ་འདུན་གྱི་བྱ་བ་བཅས་པ་རྣམས་ཀྱང་སྒྲོགས་ཤིག་།དེ་སྟེ་བསོད་སྙོམས་པ་ཞིག་ཡིན་ན་ཡང་སྤྱོད་ཡུལ་རྣམས་རིགས་པར་སྟོན་ཅིག་།འོངས་པ་ལ་ཡང་ཁ་ཟས་དང ། སྐོམ་རྣམས་སྦྱར་བར་བྱ། དེ་སྟེ་འདུག་པར་གྱུར་ན། དེ་ལ་དྲིས་ཏེ་གནས་པར་གྱུར་ན་གནས་ཁང་དང ། ཁང་བུ་བརྩེགས་པའང་རུང ། དབེན་པར་རུང་བ་ཞིག་བྱིན་ཅིག ། དེ་སྟེ་འགྲོ་བར་གྱུར་ན། རབ་ཏུ་མགུ་བར་བྱོས་ལ་ཕྱི་བཞིན་དུ་བསྐྱལ་བར་གྱིས་ཤིག་།དེ་སྟེ་ཁྱིམ་བ་དག་ལྷགས་ན་ཡང་གྲོང་འདབ་པའི་དགེ་སློང་གིས་མགུ་བའི་བཞིན་དང་ཁྲོ་གཉེར་མེད་པར་གྱིས་ལ་མདུན་དུ་བསུས་ཏེ་ཚིག་སྙན་པར་གྱིས་ཤིག་།སྟན་ཐིངས་ཤིག་།དེ་སྟེ་ཁ་ཟས་དང ། སྐོམ་དགོས་ན་ཡང་བྱིན་ཅིག་།ཉལ་ན་ཡང་མལ་སྟན་བྱིན་ཅིག་།དེ་སྟེ་ཆོས་ཉན་པར་འདོད་ན། དེས་ནུས་ན། བདག་ཉིད་ཀྱིས་ཆོས་ཀྱི་གཏམ་བྱོས་ཤིག་།དེ་སྟེ་བདག་ཉིད་ཀྱིས་མི་ནུས་ན། དགེ་སློང་གཞན་བསྐོས་ལ་ཆོས་ཀྱི་གཏམ་སྒྲོགས་ཤིག། གྲོང་མཐའི་དགེ་སློང་གིས་བྲམ་ཟེ་དང ། ཁྱིམ་བདག་རྣམས་འོངས་ཤིང་ལྷགས་པ་ལ་སྦྱིན་པ་དང ། སྦྱིན་པ་ལ་འཇུག་པ་དང ། སྐྱབས་སུ་འགྲོ་བ་དང ། བསླབ་པའི་གཞི་འཛིན་པ་བསྟབ་པར་བྱོས་ཤིག་ Pa421b སྤོས་དང ། དྲི་དང ། མེ་ཏོག་ཀྱང་སྦྱིན་པར་བྱོས་ཤིག། མཆོད་རྟེན་ལ་བསྐོར་ཞིང་ཕྱག་འཚལ་དུ་ཆུག་ཅིག་།ཅི་ནུས་སུ་བསླབ་པ་བསྟན་ཏེ་གཏང་བར་བྱ་སྟེ། འདི་ནི། གྲོང་འདབ་ཀྱི་བྱ་བ་ཞེས་བྱའོ། ། གྲོང་འདབ་ཀྱི་གནས་བརྟན་གྱི་བྱ་བ་གང་ཞེ་ན། གྲོང་འདབ་ཀྱི་དགེ་སློང་གནས་བརྟན་བྱི་བྱ་བ་འདི་ལྟ་བུ་ལ་འཇུག་པར་བྱའོ། །དགེ་སློང་གསར་བུ་དེ་ན་གང་འཁོད་པ་དེ་ཀུན་ཤེས་པར་བྱ་བ་ནས་སྔ་མ་བཞིན་ཏེ། གྲོང་འདབ་ཀྱི་དགེ་སློང་གནས་བརྟན་གྱིས་ཐམས་ཅད་དུའང་ཐོག་མར་འཇུག་པར་བྱ། རྒྱུད་མི་གཏང་བར་བྱ་བའི་བར་དུ་སྟེ། གྲོང་འདབ་ཀྱི་བྱ་བ་རྣམས་ལ་དེ་དག་གཟུད་པར་བྱ། གྲོང་འདབ་པའི་བྱ་བ་རྣམས་ལ་འཛིན་དུ་གཞུག་པར་བྱ། བྱ་བ་བཟང་པོ་ལ་གཟུད་པར་བྱ། འདི་སྐད་ཅེས་བསྒོ་བར་བྱ་སྟེ། ཚེ་དང་ལྡན་པ་རྣམས། དྲན་པ་ཉེ་བར་ཞོག་ལ་གྲོང་འདབ་ཏུ་གནས་པར་བྱ་སྟེ། ཀུན་དགའ་ར་བ་པ་དང ། དགེ་ཚུལ་ཕ་དང ། བུད་མེད་རྣམས་ལ་རྒྱུན་དུ་བལྟ་བ་སྤངས་པར་བྱས་ལ་ལྟ་ན་ཡང་དྲན་ལ་ཉེ་བར་བཞག་ལ་བལྟ་ཞིང་སྨྲ་བར་གྱིས་ཤིག་།དྲེགས་པར་མ་བྱེད་ཅིག་།དུས་དུས་སུ་ཆོས་ཀྱི་གཏམ་བྱ་བར་བྱ། སྤྱོད་ཡུལ་མ་ཡིན་པར་རྣམས་ལས་ནི། བཟློག་པར་བྱ། སྤྱོད་ཡུལ་རྣམས་ལ་ནི། གཟུད་པར་བྱ། དེ་དག་གིས་ཀྱང་དེས་བསྒོ་བ་དང ། བསྟན་པའི་ཚིག་རྣམས་མཉན་ཅིང་འཇུག་པར་བྱ་སྟེ། འདི་ནི། དགེ་སློང་གྲོང་འདབ་ཀྱི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །གློ་བུར་ངུ་འོངས་པའི་བྱ་བ་གང་ཞེ་ན། གློ་བུར་ངུ་འོངས་པའི་དགེ་ Pa422a ༄#། །སློང་གིས་བབ་བབ་ཏུ་ཀུན་དགའ་ར་བའི་ནང་དུ་འཇུག་པར་མི་བྱ། ཀུན་དགའ་ར་བའི་སྒོ་གར་ལྷུང་བཟེད་དང་ཆོས་གོས་ཞོག་ལ། དེ་སྟེ་ཆུ་ཡོད་ན་ནི། རྐང་པ་ཁྲུས་ཤིག་།ཆུ་མེད་ན་ནི། རྡུལ་ཕྱི་བའི་ར་དའམ། ལོ་མ་དང ། ལོ་མ་རྙིས་པས་རྡུལ་ཕྱིས་ཤིག་།བཤང་བ་བྲོའམ། གཅི་བ་བྲོ་ན་ཡང་ཤོངས་ཤིག་།གཅིས་ཤིག་།དེ་ནས་ཆོས་གོས་གྱོན་ལ་ཕྲག་པ་གཡོན་པས་ཆོས་གོས་ཀྱི་ཚད་ཐུར་དང་ལྷུང་བཟེད་ཀྱི་སྣོད་རྣམས་ཐོགས་ཤིག་།ལག་པ་གཡས་པས་ནི། འཁར་གསིལ་ཐོགས་ཤིག་།ལག་པ་གཡོན་པས་ནི། ལྷམ་ཁྱེར་ཅིག་།དེ་ཀུན་དགའ་ར་བ་རྩིག་པས་བསྐོར་ཏམ། ཤིང་ཐགས་ཀྱིས་བསྐོར་ཏམ། འོབས་ཀྱིས་བསྐོར་བར་གྱུར་ན། ཤེས་བཞིན་དུ་སྒོ་ལ་མི་འདྲུད་བཞིན་དུ་ནང་དུ་ཞུགས་ཤིག་།མཆོད་རྟེན་རྣམས་ལ་བསྐོར་བར་བྱ། ཤེས་བཞིན་དུ་དྲན་པ་ཉེ་བར་བཞག་ལ་སེམས་མི་གཡེང ། སྤྱོད་ལམ་མཛེས་པར་སྦྱར་ཞིང་རབ་ཏུ་བཀབ་ནས་སྒྲ་བསྐྱུངས་ལ་མིག་མི་གཡེང་ཞིང་གཉའ་ཤིང་གང་ཙམ་དུ་བལྟ་ཞིང་གཙུག་ལག་ཁང་གི་ནང་དུ་ཞུགས་ལ་སྣང་གཡེལ་ཆེ་བའི་ཕྱོགས་སུ་འདུག་ཅིག་དང ། ཅི་ནས་གཞི་ན་གནས་པའི་དགེ་སློང་དག་གིས་མཐོང་ནས་དགེ་སློང་འདི་ནི། གློ་བུར་དུ་འོངས་པ་ཞིག་གོ། །ཞེས་ནས་དེ་དག་གིས་དེ་ངལ་བསོ་བར་བྱ་བར་འགྱུར། གློ་བུར་དུ་འོངས་པའི་དགེ་སློང་གཙུག་ལག་ཁང་གི་ནང་དུ་ཞུགས་ Pa422b པ་དང ། གར་རིགས་པར་ཆོས་གོས་ཀྱི་ཚད་ཐུར་དང ། ལྷུང་བཟེད་ཀྱི་སྣོད་དང ། རིལ་བ་དང ། ལྷམ་རྣམས་གཞག་པར་བྱའོ། །དེ་ནས་དགེ་སློང་གནས་བརྟན་དག་ལ་བཀུར་སྟིར་བཅས། རི་མོར་བཅས། འཇིགས་པའི་དབང་དུ་གྱིས་ལ་རྐང་པ་ལ་ཕྱག་བྱོས་ཤིག་།དགེ་སློང་གསར་བུ་རྣམས་ལ་ཚིག་སྙན་པས་དགའ་བར་བྱོས་ཤིག་།སྟན་ཇི་ལྟ་བུ་ཐོབ་པ་དེ་ལ་འདུག་པར་བྱ། གློ་བུར་དུ་འོངས་པའི་དགེ་སློང་ཟས་ཀྱི་ཚེའམ། བཏུང་བའི་ཚེ་འམ། ཐུག་པ་འཐུང་བའི་ཚེའམ། ཕྱག་བྱ་བའི་ཚེའང་རུང ། སྒོའམ་གཎྜཱི་བརྡུངས་ནས་དགེ་འདུན་འདུ་བའི་ཁར་འདུས་ཤིག་།ལོ་གྲངས་དྲིས་ལ་གར་བབ་པའི་རིམ་བཞིན་དུ་འདུག་ཅིག། དེ་སྟེ་མལ་སྟན་འབྲིམ་ན། ཤིན་ཏུ་རྟོགས་ལ་ལོངས་ཤིག་།གནས་ཁང་བསྐོས་ན། ཅི། འདི་ན་གནས་སམ། མི་གནས་ཞེས་དྲིས་ཤིག། དེ་སྟེ་གནས་ན་ནི། ཅི་བདེར་བྱོས་ཤིག་།དེ་སྟེ་མི་གནས་པ་ཞིག་ཡིན་ན་ནི། དེས་ལྷུང་བཟེད་དང ། ཆོས་གོས་ཕྱོགས་གཅིག་ཏུ་ཞོག་ལ་ཕྱག་དར་བྱ་བའི་ཕྱིར་ཕྱགས་མ་ཚོལ་ཅིག་།ཆུ་རྫ་དང ། ཤིང་སྟན་ཀྱང་ཚོལ་ཅིག་།གནས་ཁང་གི་སྒོ་དྲུང་དུ་འོངས་ན་ཡང་དལ་ནས་རྡུངས་ཤིག་།འོན་ཏེ་དེ་ན་སྦྲུལ་ལམ། སྡིག་པའམ། རྐང་མང་ངམ། ཏྲེ་མ་བུ་ཀའམ། ཏྲེ་ལ་ཏ་ཀའམ། སྲོག་ཆགས་གདུག་པ་གཞན་དག་ཀྱང་རུང་སྟེ། ཡོད་ན། ཚོར་བར་བྱས་པར་འགྱུར་རོ། །དེས་སྒོའི་ཕྱིས་བླ་འོག་ཏུ་རྟོགས་ཤིག་།སྒོ་འཕར་ལ་ཡང་རྟོགས་ཤིག་།དེ་ནས་སྒོ་དལ་ནས་ཕྱེ་སྟེ་ Pa423a ༄#། །ཤེས་བཞིན་དུ་ནང་དུ་ཞུགས་ལ་དབུས་སུ་འདུག་ནས་གྲ་བཞིར་སྦྲུལ་གྱི་གནས་སམ། སྡིག་པའི་གནས་སམ། སྲིན་བུའམ། སྦྲང་མའམ། གྲོག་སྦུར་གཞན་གྱི་གནས་བལྟས་ཏེ་ཡོད་པར་གྱུར་ན། དེ་དག་མི་གནོད་པའི་ཚུལ་དུ་ལོགས་ཤིག་ཏུ་འགྲོ་བར་གྱིས་ཤིག། དེ་ནས་གནས་ཁང་དུ་ཆག་ཆག་ཐོབ་ཅིག་།ཕྱག་དར་བྱོས་ཤིག། ཕྱག་དར་འོར་ཅིག་།ལྕི་བས་ཞལ་ཞལ་འཇམ་པོར་ཡུགས་ཤིག་།དེ་ན་འདི་ལྟ་སྟེ། མལ་སྟན་ཁྲིའམ། ཁྲིའུ་ཤིང་ངམ། ཁྲིའུའམ། ལ་བའམ། སྟན་ནང་ཚངས་ཅན་ནམ། གྲུ་བཞི་པོ་དག་ཡོད་ན། ཕྱིར་ཕྱུང་ནས་དེ་སྟེ་རྒན་པོ་ཞིག་སྔར་འདུག་ན་ནི། སྐད་ཅིག་སྡོད་ཅིག་།མ་ཡིན་ན། སེ་གོལ་གྱིས་དལ་ནས་གཏོགས་ཏེ་ཤེས་བཞིན་དུ་ནང་དུ་ཞུགས་ལ་རྐང་པ་ཁྲུས་ཤིག། གློ་བུར་དུ་འོངས་པའི་དགེ་སློང་གིས་གཞི་ན་གནས་པའི་དགེ་སློང་རྣམས་ལ། འདི་ན་བསྡིགས་པའི་ལས་བྱས་པའམ། སྨད་པའི་ལས་བྱས་པའམ། བསྐྲད་པའི་ལས་བྱས་པའམ། སླར་བསྡུམ་པའི་ལས་བྱས་པའམ། མ་མཐོང་བས་སྤངས་པའི་ལས་བྱས་པའམ། སླར་ལས་མ་བྱས་པའི་ཕྱིར་སྤངས་པའི་ལས་བྱས་པའམ། སྡིག་པ་ལ་ལྟ་བ་མ་བཏང་བའི་ཕྱིར། སྤངས་པའི་ལས་བྱས་པའམ། ཆད་པ་བྱེད་པའམ། གཞི་ནས་བསླང་སྟེ་ཆད་པ་བྱེད་པའམ། ཡིད་མགུ་བར་བྱེད་པའམ། གཞི་ནས་བསླང་སྟེ་ཡིད་མགུ་བར་བྱེད་པ་ཡང་རུང་སྟེ། Pa423b དེ་ལྟ་བུ་དག་ཡོད་དམ་མེད་དྲིས་ཤིག་།དེ་སྟེ་ཡོད་ན་ཡང་དེ་དང་དེ་ལྟ་བུར་སྤང་བར་བྱའོ། །གཙུག་ལག་ཁང་ན་ཕྱིར་འབྱུང་བ་དང ། ནང་དུ་འཇུག་པ་དང ། ཉེ་འཁོར་དང ། སྣམ་ཕྱི་ས་དང ། གཅིས་དང ། སྐས་དང ། ཐེམ་སྐས་དང ། སྒོ་གཅད་པ་དང ། དབྱེ་བ་ལ་སོགས་པ་རྟོགས་ཤིང་དྲིས་ཤིག་།དགེ་འདུན་གྱི་བྱ་བ་བཅས་པ་ཇི་ལྟ་བུ་དྲིས་ཤིག་།གནས་ཁང་དུ་ཞུགས་ཏེ་སྟན་ཐིངས་ལ་སྐྱིལ་མོ་ཀྲུང་ཆོས་ཏེ་ལུས་དྲང་པོར་སྲོང་ལ་དྲན་པ་མངོན་དུ་བཞག་སྟེ་རེག་པར་བྱ་བ་བརྒྱད་སྤང་བར་བྱའོ། །དེ་ནི། འདི་ལྟ་སྟེ། ནད་དོ། །སྐྲན་ནོ། །མཚོན་ནོ། །དུག་གོ། མི་རྟག་པའོ། །སྡུག་བསྔལ་བའོ། །སྟོང་པ་ཉིད་དོ། །བདག་མེད་པའོ། །སྙམ་དུ་བསམ་སྟེ་འདུག་ལ། དེ་སྟེ་ནུས་ན་ནི། ཇི་སྲིད་དུ་ནུས་བཞིན་དུ་འདུག་།འོན་ཏེ་ཡང་མི་ནུས་ན། ལངས་ཏེ་ཀློག་པ་གསུམ་བཀླག་གོ། སྦྱིན་པའི་ཡོན་ཏན་བརྗོད་ལ་སྦྱིན་པའི་ཡོན་ཏན་བརྗོད་ནས་གཡས་ཕྱོགས་སུ་འདྲེས་པར་བྱའོ། །རྐང་པས་རྐང་པ་མནན་ཏེ་སྣང་བའི་དྲན་པ་མངོན་དུ་བཞག་ནས་ལངས་པར་ཤེས་བཞིན་དུ་འདུ་ཤེས་བཞག་ནས་ཡིད་ལ་བྱེད་བཞིན་དུ་མཚན་མོ་ཟད་པའི་ཐོ་རངས་ཀྱི་ཚེ་རིངས་ཤིང་མྱུར་བར་ལོངས་ལ། དེ་ནས་སྐྱིལ་མོ་ཀྲུང་བཅས་ཤིང་ལུས་དྲང་ཁོར་བསྲང་སྟེ་འདུག་ལ་སེམས་དྲན་པ་མངོན་དུ་བྱས་ཏེ། ལུས་འདིས་རེག་པར་བྱ་བ་བརྒྱད་སྤང་བར་བྱ་སྟེ། དེ་ནི། འདི་ལྟ་སྟེ། ནད་དོ། །སྐྲན་ནོ། །མཚོན་ནོ། །དུག་གོ། མི་རྟག་པའོ། ། Pa424a ༄#། །སྡུག་བསྔལ་བའོ། །སྟོང་པ་ཉིད་དོ། །བདག་མེད་པའོ། །སྙམ་དུ་བསམ་སྟེ། དེ་ནས་ནམ་ནངས་ན་སོ་ཤིང་ཟོ་ལ་འོར་ཅིག་།དེ་ནས་བྱ་བ་རྣམས་བྱོས་ལ། ཅི། དེང་དགེ་འདུན་གྱི་བཤས་མགྲོན་དུ་བཞུད་དམ། འོན་ཏེ་བསོད་སྙོམས་ལ་འཇུག་ཅེས་དྲིས་ཤིག་།དེ་སྟེ་དགེ་འདུན་གྱི་བཤོས་མགྲོན་དུ་བཞུད་ན། དགེ་བའི་ཕྱོགས་ཅིས་དེར་སྤྱོད་ལ་སོང་ཞིག་དེ་སྟེ་བསོད་སྙོམས་ལ་འཇུག་ན། དེ་ནས་གྲོང་དང ། སྤྱོད་ཡུལ་དང ། དད་པའི་རིགས་གང་ཡིན་པ་དང ། མ་དད་པའི་རིགས་གང་ཡིན་པ་དང ། རིགས་འདི་ལྟར་བསླབ་པ་བྱིན་པ་མ་ཡིན་ནམ་ཞེས་དྲིས་ཤིག་།ལྷུང་བཟེད་ཁས་ཕུབ་མ་ཡིན་ནམ་ཞེས་དྲིས་ཤིག་།རྟ་མ་རུངས་པ་དང ། བ་ལང་མ་རུངས་པ་མེད་དམ་ཞེས་དྲིས་ཤིག་།དེ་ནས་སྔ་དྲོ་ཤམ་ཐབས་བགོས། ལྷུང་བཟེད་དང་ཆོས་གོས་ཁྱེར་ཏེ་ཤེས་བཞིན་དུ་བསོད་སྙོམས་ལ་འཇུག་པར་བྱའོ། །བསོད་སྙོམས་བསྐོར་ནས་ཟས་ཀྱི་བྱ་བ་བྱས་ཏེ་ཕྱིས་བསོད་སྙོམས་བླང་བ་དང་ཟས་ཀྱི་བྱ་བ་སྤངས་ནས་ཆོས་གོས་དང་ལྷུང་བཟེད་བཞག་ནས་ཅི་བ་དེར་འདུག་པར་བྱ་བ་འདི་ནི། གློ་བུར་དུ་འོངས་པའི་བྱ་བ་ཞེས་བྱའོ། །གློ་བུར་དུ་འོངས་པའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། གློ་བུར་དུ་འོངས་པའི་དགེ་སློང་གནས་བརྟན་གྱིས་གློ་བུར་དུ་ལྷགས་པའི་དགེ་སློང་རྣམས་རིགས་པར་བྱ། དེ་དག་ལའང་མདངས་བཟང་བར་བྱ། ཁྲོ་གཉེར་མེད་པར་བྱ། ཚིག་སྙན་པས་སྔར་དགེ་སློང་ Pa424b རྣམས་ལ་མགུ་བར་བྱ། གློ་བུར་དུ་ལྷགས་པའི་དགེ་སློང་རྣམས་ཀྱི་ཕྱིར་མལ་སྟན་བརྙ་བར་བྱ། འདུག་འདུག་པ་ལས་འགྲོ་ན། རྣམ་པ་ལྔར་བསྒོ་བར་བྱ་སྟེ། གཙུག་ལག་ཁང་དུ་གནས་ཁང་འདི་ཡིན་གྱི། ལྟོས་ཤིག་ཅེས་བསྒོ་བ་དང ། མལ་སྟན་འདི་ཡིན་ན། སྟན་ལྟོས་ཤིག་ཅེས་པ་དང ། ལྡེ་མིག་འདི་ཡིན་ནོ། །ཞེས་བསྒོ་ཞིང་གཏད་པ་དང་ལྔ་སྟེ། འདི་ནི། གློ་བུར་དུ་འོངས་བའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ།། །།འདུལ་བ་གཞུང་དམ་པ། བམ་པོ་ང་གཉིས་པ། འགྲོ་བའི་བྱ་བ་གང་ཞེ་ན། འགྲོ་བའི་དགེ་སློང་དེས་ཡུལ་ཕྱོགས་གང་ལོགས་སུ་འགྲོ་བ་དེའི་ཡུལ་ཕྱོགས་བརྟག་པར་བྱ། དེའི་ཕྱོགས་ནས་འོངས་པའི་དགེ་སློང་རྣམས་ལ་བར་ཆད་དུ་འགྱུར་བ་བརྒྱད་ལས་གང་ཡང་རུང ། བར་ཆད་དུ་འགྱུར་བ་མི་འབྱུང་ངམ་ཞེས་དྲི་བར་བྱ། བདག་དེར་སོང་ན། བསོད་སྙོམས་དང ། ན་བའི་སྨན་དང ། བསྙེན་བཀུར་བྱེད་པས་བྲེལ་བར་མི་འགྱུར་རམ། བདག་ལ་བསོད་སྙོམས་དང ། ན་བའི་སྨན་དང ། བསྙེན་བཀུར་བྱེད་པས་ཀྱང་རུང ། བྲེལ་ཅིང་མི་རྙེད་པར་གྱུར་ན། ལུས་ཉམས་ཤིང་དུས་འདའ་བར་མི་འགྱུར་རམ། བདག་དེར་སོང་ན། ལུས་ལ་བདེ་བ་དང ། སེམས་ལ་བདེ་བར་འགྱུར་རམ། བདག་དེར་སོང་ན། དགེ་བའི་ཆོས་རྣམས་འཕེལ་བར་འགྱུར་རམ། བདག་དེར་སོང་ན། དགེ་སློང་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། དེས་ག་དགེ་བའི་ཆོས་ཅན། ལྟ་བ་མཚུངས་པ། གནས་པ་མཚུངས་ Pa425a ༄#། །པར་འགྱུར་རམ། བདག་ཐེ་ཚོམ་མ་སྐྱེས་པ་དེ་དག་མི་སྐྱེ་བར་བྱེད་དམ། སྐྱེས་པ་ཡང་སླར་སེལ་བར་བྱེད་དམ། སྡིག་པར་ལྟ་བ་མ་སྐྱེས་པ་མི་སྐྱེ་བར་བྱེད་དམ། སྐྱེས་པ་རྣམས་སླར་ཟློག་པར་བྱེད་དམ། བདག་དང་ཚེ་དང་ལྡན་པ་དེ་དག་དང་ལྷན་ཅིག་ལུས་བདེ་བ་དང ། སེམས་བདེ་བར་འགྱུར་རམ། བདག་ཚེ་དང་ལྡན་པ་དེ་དག་དང་ལྷན་ཅིག་ཏུ་དགེ་བའི་ཆོས་རྣམས་བདེ་བར་འགྱུར་རམ་ཞེས་དྲི་བར་བྱ་སྟེ། དེ་ལྟར་ན། ཡུལ་ཕྱོགས་བརྟག་པར་བྱའོ། །གྲོགས་རྣམས་ལ་བརྟག་པར་བྱ་སྟེ། ཚེ་དང་ལྡན་པ་འདི་དག་ཚུལ་ཁྲིམས་དང་ལྡན་ནམ། ཡོན་ཏན་དང་ལྡན་ནམ། དེས་པ། དགེ་བའི་ཆོས་ཅན་ཡིན་ནམ། ལྟ་བ་མཚུངས་སམ། གནས་པ་མཚུངས་སམ། གལ་ཏེ་འདི་ལྟར་བདག་ལ་ཐེ་ཚོམ་མ་སྐྱེས་པ་མ་སྐྱེད་པར་བྱེད་དོ། །སྐྱེས་པ་སླར་སེལ་བར་བྱེད་དམ། སྡིག་པར་ལྟ་བ་ལ་ཡང་མ་སྐྱེས་པ་ལས་མི་སྐྱེ་བར་བྱེད་དམ། བདག་ཚེ་དང་ལྡན་པ་དེ་དག་དང་ལྷན་ཅིག་ལུས་དང ། སེམས་བདེ་བར་འགྱུར་རམ། བདག་ཚེ་དང་ལྡན་པ་དེ་དག་དང་ལྷན་ཅིག་ཏུ་དགེ་བའི་ཆོས་འཕེལ་བར་འགྱུར་རམ། གལ་ཏེ་ཚེ་དང་ལྡན་པ་འདི་དག་གིས་བདག་ལམ་དུ་ནད་ཀྱིས་བཏབ་ན། མི་འབོར་བར་འགྱུར་རམ་སྙམ་དུ་གྲོགས་པོ་ལ་བརྟགས་ནས་ལམ་ལ་བརྟག་པར་བྱ་སྟེ། བདག་ལ་མ་དེར་བར་ཆད་དུ་འགྱུར་བ་བརྒྱད་ལས་གང་ཡང་རུང་བ་འབྱུང་བར་མི་འགྱུར་རམ། བདག་ Pa425b ལམ་དེར་བསོད་སྙོམས་དང ། ན་བའི་སྨན་དང ། བསྙེན་བཀུར་བྱེད་པས་བྲེལ་བར་མི་འགྱུར་རམ། དེ་སྟེ་བསོད་སྙོམས་དང ། བསྙེན་བཀུར་བྱེད་པ་མེད་ན། གནོད་ཅིང་དུས་འདས་པར་མི་འགྱུར་རམ། བདག་ལམ་དེ་ན་ལུས་ལ་བདེ་བའམ། སེམས་ལ་བདེ་བར་འགྱུར་རམ། བདག་ལམ་དེར་དགེ་བའི་ཆོས་རྣམས་འཕེལ་བར་འགྱུར་རམ། དེ་སྟེ་བྲེལ་བར་མི་འགྱུར་ན། འགྲོ་བར་བྱའོ། །དེ་ལྟ་བུར་ཡུལ་ཕྱོགས་དང ། གྲོགས་དང ། ལམ་རྣམས་བརྟགས་ལ། དེ་སྟེ་སང་འགྲོའོ། །སྙམ་ན། དེས་མཁན་པོ་དང ། སློབ་དཔོན་རྣམས་ལ་བལྟ་བར་བྱ་སྟེ། བདག་ཡུལ་ཕྱོགས་ནི། འདི་ལྟ་བུར། གྲོང་ཁྱེར་ནི། འདི་ལྟ་བུར་མཆིའོ། །ཞེས་ཞུའོ། །མཁན་པོ་དང ། སློབ་དཔོན་གྱིས་ཀྱང་དེའི་ཡུལ་ཕྱོགས་བརྟག་པར་བྱ། ལམ་བརྟག་པར་བྱ། དགེ་སློང་གྲོགས་པོ་རྣམས་ལ་བརྟག་པར་བྱ་སྟེ། འདིའི་གྲོགས་པོ་དགེ་སློང་རྣམས་ཅི་འདྲ། འདིའི་འཁོར་ཅི་འདྲ། འདིའི་གྲོགས་པོ་རྗེས་བཞིན་དུ་འདོང་བ་ཅི་འདྲ་བ་རྣམས་རྟོགས་ལ། དེ་སྟེ་མཐུན་པར་གྱུར་ན་ནི། ཞུ་བ་ཡང་བྱིན་ཅིག་།མཐུན་པར་མ་གྱུར་ན། མ་སྦྱིན་ཅིག་།འགྲོ་བའི་དགེ་སློང་གིས་མ་ཞུས་པར་སོང་ན། འདས་པ་དང་བཅས་པར་འགྱུར་རོ། །དེ་སྟེ་ན་དགེ་བའི་ཆོས་འཕེལ་བ་ཞིག་ཏུ་འགྱུར་ལ། མཁན་པོ་དང ། སློབ་དཔོན་ཡང་ཚུལ་བཞིན་པ་ཞིག་མ་ཡིན་ན། མ་ཞུས་པར་སོང་ན་ཡང་བླའོ། །གནས་ཁང་ན་གནས་པའི་གནས་ཁང་དེ་ཆག་ཆག་ Pa426a ༄#། །གིས་གདབ་པར་བྱ། ཕྱག་དར་བྱ། ཕྱག་དར་དོར་བར་བྱ། ལྕི་བས་ཞལ་ཞལ་འཇམ་པོར་བྱུག་པར་བྱ། ནང་བར་སྔར་རྐྱང་བ་གསུམ་ཀློག་པ་བཀླགས་ནས་སྦྱིན་པའི་ཡོན་ཏན་བརྗོད་པར་བྱ། ནམ་ལངས་ནས་མལ་སྟན་རྣམས་ཇི་ལྟ་བུར་བགོས་པ་དེ་རྣམས་བསྔོས་ལ་གྲོངས་ཏེ་སྤྲུག་ཅིང་བརྡབ་པར་བྱའོ། །དེ་ནས་རྩིག་པ་ལས་སོར་བཞི་ཙམ་གྱིས་སྦགས་ལ་བཅེར་ཏེ་བཞག་ནས་སྒོ་བཅད་དེ་ནང་གཏན་དང ། བླ་གཏན་བཅུག་ལ། དེ་ན་གནས་པ་དང ། གཞི་ན་གནས་པའི་དགེ་སློང་རྣམས་ལ་གཏད་དེ་ལྟོས་ཤིག་།ཅེས་བསྒོས་ནས་འགྲོ་བར་བྱའོ། །མལ་སྟན་ལ་སོགས་པ་ལ་ལྟོས་ཤིག་།ཅེས་བསྒོ་བ་ལ་རྣམ་པ་ལྔ་སྟེ། གནས་ཁང་འདི་ལའོ། །གནས་ཁང་འདི་ལ་ལྟོས་ཤིག་།མལ་སྟན་འདི་རྣམས་ལའོ། །མལ་སྟན་འདི་རྣམས་ལ་ལྟོས་ཤིག་།ལྡེ་མིག་གཏད་པ་དང་ལྔ་ཡིན་ནོ། །ཀུན་དགའ་ར་བའི་ཕྱི་རོལ་ཏུ་བྱུང་ན། དགེ་སློང་དགེ་སློང་གྲོགས་པོ་རྣམས་ལ་གཏད་པར་བྱ་སྟེ། རིང་དུ་མ་སོང་བར་སུ་ལ་ཡང་རུང ། བརྗེད་ཅིང་ལུས་པ་མེད་དམ་ཞེས་ཕན་ཚུན་དུ་དྲིས་ཤིག་།དེ་སྟེ་བརྗེད་ཅིང་ལུས་པ་ཞིག་ཡོད་ན། དགེ་སློང་དེ་སླར་ལོག་ལ་བླངས་ཏེ་འོངས་ཀྱི་བར་དུ་བསྡད་པར་བྱ་བ་འདི་ནི། འགྲོ་བའི་བྱ་བ་ཞེས་བྱའོ། །འགྲོ་བའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། འགྲོ་བའི་གནས་བརྟན་གྱིས་ནང་བར་སྔར་ལངས་ནས་འདོང་བའི་དགེ་སློང་རྣམས་ཆར་གཞུག་།དེ་དག་ལ་ཚེ་དང་ལྡན་པ་རྣམས། Pa426b ལྷུང་བཟེད་དང ། ཆོས་གོས་རྣམས་ལེགས་པར་ལོངས་ལ་ཁྱེར་ཏེ་འདོང་ངོ ། །སུས་ཀྱང་བརྗེད་པར་མ་བྱེད་ཅིག་།ཅེས་བསྒོ་བར་བྱ། དོང་བའི་འོག་ཏུ་དགེ་སློང་གནས་བརྟན་ཉིད་ཀྱིས་དེ་དག་གིས་བརྗེད་པ་ལྟ་ཡོད་དམ་མེད་ཅེས་བརྟག་པར་བྱས་ལ་ཐམས་ཅད་ཀྱི་མཇུག་ནས་འགྲོ་བར་བྱའོ། །རིང་པོར་མ་འཕགས་པར་དེ་དག་ལ་སུའི་ཡང་རུང་བརྗེད་ཅིང་ལུས་པ་ཅི་ཡོད་ཅེས་སྨྲ་བར་བྱ། དགེ་སློང་གནས་བརྟན་གྱིས་དགེ་སློང་དེ་ཐམས་ཅད་ལ་རྗེས་སུ་བསྟན་པར་བྱ་སྟེ། ཚེ་དང་ལྡན་པ་རྣམས་ལས་གང་ཡང་རུང་སྔོན་དུ་འདོར་ཏེ་མ་འདོང་ཞིག་།ཕྱིར་ནུར་ཏེ་མ་འཁོད་ཅིག། ཐམས་ཅད་ཀྱང་ལྷན་ཅིག་ཏུ་འདུས་ལ་ཕན་ཚུན་དུ་ལྟ་རྟོག་བཞིན་དུ་འདོང་བར་བྱའོ། །དགེ་སློང་གནས་བརྟན་གྱིས་ལམ་དུ་ཞུགས་པའི་ཚེ་བདེ་བ་དང་ལྡན་མི་ལྡན་རིག་པར་བྱས་ལ་བདག་ཉིད་ཀྱིས་འདི་དག་ལ་སྔོན་དུ་འདོར་ཏེ་འདོང་བ་ལྟ་ཡོད་དམ་མེད། ཕྱིར་ནུར་ཏེ་ལུས་པ་ལྟ་ཡོད་དམ་མེད། དེ་སྟེ་སྔོན་དུ་འདོར་ཏེ་འདོང་བ་ལྟ་ཡོད་ན་ཡང་དེ་དག་བསྐུལ་ཞིང་འདོང་བར་བྱ། བདག་ཉིད་ཀྱང་དགེ་སློང་རྣམས་ཀྱི་དབུས་སུ་ཞུགས་ལ་འགྲོ་བར་བྱ། དེ་སྟེ་འགྲོ་མི་ཕོད་ན། ཉིད་ཀྱི་ལྷུང་བཟེད་དང ། ཆོས་གོས་ལ་སོགས་པ་དགེ་སློང་དེ་དག་ལ་བགོས་ཤིང་བསྐུར་བར་བྱ། དེ་སྟེ་འགྲོ་མི་ནུས་པ་ཞིག་ཏུ་གྱུར་ན། དགེ་སློང་དེ་དག་གིས་དགེ་སློང་དེ་ཕྲག་པའམ། ཁུར་དུ་ཁྱེར་ཏེ་དགོན་པ་དེ་ལས་ཕྱུང་ལ་གྲོང་འདབ་ཏུ་ཕྱིན་པར་གྱིས་ཤིག་།དགེ་སློང་དེ་ལ་ཉེ་གནས་ཀྱི་དགེ་སློང་དེ་ཡང་བྱིན་ Pa427a ༄#། །ཅིག་།ཉེ་གནས་དགེ་སློང་དེས་ཀྱང་དེའི་ཟན་དང ། སྨན་གཞན་ལས་ཚོལ་ཅིག་།དེ་སྟེ་ལམ་དེ་འཇིགས་པ་དང་བཅས་པར་གྱུར་ན། རིངས་ཤིང་མྱུར་བར་དོང་སྟེ་དེ་ལས་བྱུང་བ་དང ། ངལ་བསོ་བར་གྱིས་ཤིག་།དེ་སྟེ་ཡང་ནུས་པར་གྱུར་ན་ནི། གང་དུ་ཆུ་འགྲམ་མམ། ནགས་མཐའ་མ། གསིང་མ་སྔོན་པོའམ། ས་ཕྱོགས་གར་དགའ་བ་ཞིག་ཏུ་བརྟགས་ཏེ་དགེ་སློང་རྣམས་ངལ་བསོར་གཞུག་པར་བྱ། ངལ་བསོས་ནས་ཀྱང་འདོང་བར་བྱ་སྟེ། དགེ་སློང་གནས་བརྟན་གྱིས་དེ་དག་ཀུན་ལ། ཀྱེ། ཐམས་ཅད་ཀྱིས་ཀྱང་འདིར་སྦྱིན་པའི་ཡོན་ཏན་རེ་རེ་རྗོད་ཅིག ། ཅེས་བསྐོ་བར་བྱ། དགེ་སློང་ཐམས་ཅད་ཀྱིས་སྦྱིན་པའི་ཡོན་ཏན་གྱི་ཚིགས་བཅད་བཀླགས་ཟིན་པ་དང ། དགེ་སློང་གནས་བརྟན་གྱིས་མཇུག་ཏུ་སྦྱིན་པའི་ཡོན་ཏན་གྱི་ཚིགས་བཅད་བཀླགས་ཏེ་ས་ཕྱོགས་སུ་ལན་གཉིས་ལན་གསུམ་བརྟགས་ཏེ་འགྲོ་བར་བྱའོ། །གྲོང་འདབ་ཏུ་ཕྱིན་ན་ཡང་དེས་དགེ་སློང་རྣམས་ཀྱི་ཕྱིར་གནས་བཙལ་བར་བྱ། མལ་སྟན་བཙལ་བར་བྱ། ཡང་ན་རྩཝ་དང ། ལོ་མ་བཙལ་ཏེ། དེ་སྟེ་ཡང་འབྱོར་པར་གྱུར་ན། རྐང་པ་བཀྲུ་བ་དང ། རྐང་པ་བསྐུ་བ་དང ། བཙགས་པའི་བཏུང་བ་དང ། བུ་རམ་དང ། ཁནད་ལ་སོགས་པ་བསླང་བར་བྱའོ། །གཅི་བ་དང ། བཤང་བའི་ས་ཡང་དྲིས་བརྟགས་ལ་མཚན་མོ་གནས་པར་བྱའོ། །ཁྱིམ་གྱི་ལྷ་རྣམས་ཀྱི་ཕྱིར་ཡང་རྐྱང་པ་གསུམ་དང ། སྦྱིན་པའི་ཡོན་ཏན་བརྗོད་ Pa427b པར་བྱ། དེར་གནས་ན་ཡང་དགེ་སློང་གནས་བརྟན་གྱིས་དེ་དག་གི་ཟན་དང ། ཐུག་པ་དང ། སྐྱོ་མ་རྣམས་བསྟབས་ཤིང་བཙལ་ནས་དགེ་སློང་རྣམས་ལ་བསྙོད་པར་བྱ། དེ་ན་དགེ་སློང་གསར་བུ་འཁོད་པ་རྣམས་ལ་སྨྲ་བར་བྱ། ཡང་དག་པར་སྨྲ་བར་བྱ། ཀུན་ཤེས་པར་བྱ། རྟོག་པར་བྱ། བསྟན་པར་བྱ། རྗེས་སུ་བསྟན་པར་བྱ་སྟེ། ཅི་ནས་དེ་དག་དྲེགས་པ་དང ། མི་རིགས་པ་དང ། རྩེད་མོ་ལས་བཟློག་པར་བྱ། འགྲོ་བའི་དགེ་སློང་གནས་བརྟན་གྱིས་ཇི་ལྟར་མཚུངས་པར་སྤྱད་པའི་ཆོས་བཅས་པ་བཞིན་དུ་མི་བྱེད་ན། འདས་པ་དང་བཅས་པར་འགྱུར་རོ། །འདི་ནི། འགྲོ་བའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །རྐང་པ་བཀྲུ་བའི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་རྐང་པ་བཀུར་བའི་ཕྱིར་བཀང་བ་རྗེས་སུ་གནང་སྟེ། དེ་དགེ་སློང་དག་གིས་སྣོད་སྟོང་པར་མཐོང་ན། བདག་ཉིད་ཀྱིས་དགང་བར་གྱིས་ཤིག་།ཡང་ན་དགེ་སློང་གིས་ཀུན་དགའ་ར་བ་ན་གནས་པ་རྣམས་ལ་ཁོངས་ཤིག་པར་སྒོས་ཤིག་།རྐང་པ་བཀྲུ་བར་བྱ་བ་འདི་ཡང་ཡིན་ཏེ། དགེ་སློང་གིས་རྐང་པ་བཀྲུ་བར་འདོད་ན། ཤེས་བཞིན་དུ་རྐང་པ་བཀྲུ་བའི་སར་འགྲོ་བར་བྱ། དེ་སྟེ་རྒན་པ་ཞིག་སྔ་ན་འདུག་ན། སྐད་ཅིག་སྡོད་ཅིག་།སུའང་མེད་ན། ཤེས་བཞིན་དུ་ཞུགས་ལ་རྐང་པ་བཀྲུ་བར་བྱ། དགེ་སློང་གིས་རྐང་པ་བཀྲུ་བའི་སར་ཡུན་རིང་དུ་འདུག་པར་མི་བྱ། སྙོམས་པ་ལ་འཇུག་པར་མི་བྱ། ལུང་བསྒོ་བར་མི་བྱ། དྲན་པར་མི་བྱ། འདྲི་བར་མི་བྱ། གཏམ་ལ་ Pa428a ༄#། །ཞུགས་ཤིང་མི་འདུག་།མྱུར་དུ་རྐང་པ་བཀྲུས་ནས་ཤེས་བཞིན་དུ་སླར་འབྱུང་བར་བྱ་སྟེ། འདི་ནི། རྐང་པ་བཀྲུ་བའི་བྱ་བ་ཞེས་བྱའོ། །རྐང་པ་བཀྲུ་བའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། རྐང་པ་བཀྲུ་བའི་དགེ་སློང་གནས་བརྟན་གྱིས་དགེ་སློང་རྐང་པ་འཁྲུ་བ་ལ་ཞུགས་ནས་ཡང་མ་ཟིན་གྱི་བར་དུ་བསླང་ཞིང་དབྱུང་བར་མ་བྱེད་ཅིག་།རྐང་པ་འཁྲུ་བ་ལ་ཞུགས་པ་ཞེས་བྱ་བ་ནི། ཆུང་དུ་ན་རྐང་པ་ཆུས་གཤེར་བ་ཙམ་དུ་གྱུར་པའོ། །དེ་སྟེ་དགེ་སློང་དག་སྤྱོད་ལམ་མི་མཛེས་པར་གྱུར་ཏམ། གཏམ་ལ་ཞུགས་ཤིང་འཁོད་ན། དགེ་སློང་གནས་བརྟན་གྱིས་དེ་དག་ཟློག་ཅིག་།ལུང་བསྒོ་བར་བྱ། རྗེས་སུ་བསྟན་པར་བྱ། སྤྱོད་ལམ་མཛེས་པ་ལ་གཟུད་པར་བྱ། ཇི་ལྟར་རྐང་པ་བཀྲུ་བའི་གནས་བརྟན་གྱིས་མཚུངས་པར་སྤྱད་པའི་ཆོས་ལ་གཟུད་པར་བྱ་སྟེ། འདི་ནི། རྐང་པ་བཀྲུ་བའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །འདུག་པའི་བྱ་བ་གང་ཞེ་ན། གནས་དང ། གཞི་ན་གནས་པའི་དགེ་སློང་དག་གིས་ཚེས་བརྒྱད་དང ། བཅུ་བཞི་དང ། བཅོ་ལྔ་ལ་གཅིག་ཏུ་འདུས་ཏེ་སངས་རྒྱས་ཀྱིས་གསུངས་པའམ། ཉན་ཐོས་ཀྱིས་གསུངས་པའི་ཆོས་ཀྱང་རུང་སྟེ། སྨྲ་བར་བྱའོ། །དེ་དག་ནང་པར་སྔར་སྒོའམ། གཎྜཱི་བརྡུངས་མ་ཐག་ཏུ་འདུ་བར་བྱ་སྟེ། མྱུར་དུ་འདུས་ནས་ཤེས་བཞིན་དུ་འཁོད་པར་བྱ། ཤེས་བཞིན་དུ་འཁོད་ནས་དྲན་པ་ཉེ་བར་གཞག་པར་བྱ། སེམས་མི་གཡེང་བར་བྱ། སྤྱོད་ལམ་ཚོགས་ Pa428b ཤིང་ཕུན་སུམ་དུ་ལྡན་པར་བྱ། ཤིན་ཏུ་བསྡམ་པར་བྱ། ཤིན་ཏུ་དགའ་བར་བྱ། སྒྲ་བསྐྱུང་བར་བྱ། མིག་མི་གཡེང་ཞིང་གཉའ་ཤིང་གང་ཙམ་དུ་བལྟ་བར་བྱ། བཀུར་སྟིར་བཅས། བདག་དམན་པར་བཅས། འཇིགས་པ་དང་དབང་དུ་འགྱུར་བར་བཅས། ཡིད་དམན་པ་ཕྱགས་མ་དང་འདྲ་བའི་སེམས་སུ་བྱ། གནས་བརྟན་དང ། བར་མ་དང ། གསར་བུ་རྣམས་ལ་བྱམས་པའི་སེམས་སུ་བྱ། ཕན་པའི་སེམས་སུ་བྱ། རྗེས་སུ་བརྩེ་བའི་སེམས་སུ་བྱ་བ་དང ། ཕུ་ནུ་བོ་དང ། བུར་འདུ་ཤེས་ཉེ་བར་གཞག་པར་བྱ། སྟན་ལ་འདུག་པ་ལ་མཁས་པ་དང ། འདུག་ནས་ཡང་ཕྱི་ཕྱིར་ངེས་པའི་ཆོས་ཀྱི་གཏམ་གྱིས་མཚན་མོ་ནམ་ཟད་པར་བྱའོ། །དེ་སྟེ་མི་བདེ་ནའང་སྤྱོད་ལམ་གཉིས་ཀྱིས་ནམ་ཟད་པར་བྱ་སྟེ། འཆག་པ་དང ། འགྲེང་བས་སོ། །དགེ་སློང་རྣམས་འདུས་ནས་འཁོད་ན་ཡང་དུས་སུ་ཆོས་མཉན་པར་བྱ་སྟེ། བཀུར་སྟིར་བྱ། མཉན་པར་བྱ། སྨད་པར་མི་བྱ། ཚུལ་བཞིན་དུ་འཇུག་པར་བྱ། གླགས་མི་བཙལ་བར་བྱ། ཆོས་ལ་བཀུར་སྟི་མངོན་དུ་གཞག་པར་བྱ། ཆོས་སྨྲ་བའི་གང་ཟག་ལའང་བརྙས་པར་མི་བྱ། བདག་ཉིད་ལ་སྨད་པར་མི་བྱ། སེམས་གཅིག་ཏུ་ཐུབ་པ་དང ། བཀའ་ཡིན་ནོ་བར་བསམ་པ་དང ། རྣ་བ་མི་གཡེང་བ་དང ། སེམས་གུས་པ་དང ། སེམས་ཐམས་ཅད་གཅིག་ཏུ་ཐུབ་པར་བསྡུས་ལ་ཆོས་མཉན་པར་བྱའོ། །དེའི་འོག་ཏུ་ལྷ་རྣམས་དང ། རྒྱལ་པོ་དང ། ཡོན་བདག་དང ། སྦྱིན་པ་བྱེད་པ་རྣམས་ཀྱི་ཕྱིར་སྦྱིན་ Pa429a ༄#། །པའི་ཡོན་ཏན་གྱི་ཚིགས་བཅད་བཀླག་པར་བྱ་སྟེ། འདི་ནི། འདུག་པའི་བྱ་བ་ཞེས་བྱའོ། །འདུག་པའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། འདུག་པའི་དགེ་སློང་གནས་བརྟན་གྱིས་སྔར་སྒོའམ། གཎྜཱི་བརྡུངས་ཀྱང་རུང་སྟེ། དེ་ཐོག་མར་འགྲོ་བར་བྱ། ཐོག་མར་འགྲེང་བར་བྱ། ཐོག་མར་འདུག་པར་བྱ། འདུག་ནས་ཡང་སྐད་ཅིག་ཅང་མི་སྨྲ་བར་བྱ། དེ་ནས་བདག་ཉིད་ཀྱིས་ཆོས་སྨྲ་བར་བྱ། ཡང་ན་ནུས་པའི་དགེ་སློང་ཆོས་སྨྲོས་ཤིག་པར་བསྒོ་བར་བྱ། བདག་ཉིད་ཀྱིས་ཆོས་མ་སྨྲས་སམ། དགེ་སློང་ནུས་པ་ཡང་མ་བསྒོ་ན། འདས་པ་དང་བཅས་པར་འགྱུར་རོ། །དེ་སྟེ་འཁོད་པ་ལ་ཡང་བྲམ་ཟེ་དང ། ཁྱིམ་བདག་དག་ལྷགས་ན། དེས་དེ་དག་ལ་ཡང་ཆོས་ཀྱི་གཏམ་བྱ། དེ་སྟེ་གཞན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་བ་སྐབས་ཚོལ་ལམ། གླགས་ཚོལ་ཞིང་ལྷགས་ན། དེ་དག་ལ་ཡང་ཆོས་ཀྱིས་བརྒལ་བ་ལ་འཇུག་པར་བྱ། འདི་ནི། མི་རིགས་པའོ། །འདི་ནི། མི་འདྲ་བའོ། །འདི་ནི། མི་འགྲུབ་པའོ། །ཞེས་རིགས་པའི་ཆོས་ཀྱིས་གདུལ་བར་བྱ། ཁྲོ་བ་མི་བསྐྱེད་པར་བྱ། མ་ཁྲོས་པར་བྱ། མི་སྨད་པར་བྱ་སྟེ། འདི་ནི། འདུག་པའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །ཆོས་འཆད་པའི་བྱ་བ་གང་ཞེ་ན། ཆོས་འཆད་པའི་དགེ་སློང་གིས་བཀུར་སྟིར་བཅས། བདག་ཉིད་དམན་པར་བཅས། འཇིགས་པ་དང་དབང་དུ་འགྱུར་བར་བཅས། ཡིད་དམན་ཞིང་ཕྱགས་མ་དང་འདྲ་བའི་སེམས་སུ་ Pa429b བྱ་སྟེ། འཁོར་གྱི་ནང་དུ་ཞུགས་ལ་ཆོས་བཤད་པར་བྱ་བ་ནི། རིགས་པ་དང ། གསལ་བའི་ཚིག་དང ། འབྲུ་དང ། མ་འཁྲུགས་པ་དང ། མ་འདྲེས་པ་དང ། འབྲེལ་བ་དང ། མ་འཁྲུགས་པ་དང ། སེམས་མི་གཡེང་བ་དང ། ཟང་ཟིང་གི་སེམས་སུ་མ་ཡིན་པ་དང ། ཆོས་ཉིད་ལ་ཡང་བཀུར་སྟི་མངོན་དུ་བྱ། ཆོས་ཉན་པ་རྣམས་ལ་ཡང་བཀུར་སྟི་མངོན་དུ་བྱ། ཆོས་ལ་བརྙས་པར་མི་བྱ། ཆོས་ཉན་པ་རྣམས་ལ་ཡང་བརྙས་པར་མི་བྱ། བདག་ཉིད་ལའང་སྨད་པར་མི་བྱ། ཆོས་རྣམས་ལའང་ཆོས་ཉིད་དང་རྟེན་ཅིང་འབྲེལ་བ་ཡིན་པར་ཆུད་པར་བྱ་སྟེ། བྱམས་པའི་ཚུལ་དུ་བྱ། རྗེས་སུ་བརྩེ་བ་དང ། ཆོས་འདི་ཡུན་རིང་དུ་གནས་པར་འགྱུར་བར་བྱ། ཆོས་ཉིད་ལ་བརྟེན་གྱི། ཟང་ཟིང་ལ་བརྟེན་ཏེ་ཆོས་བཤད་པར་མི་བྱ། བཀུར་སྟིའི་ཐོག་མར་འཇུག་ལ། རྗེས་སུ་མཐུན་པ་དང ། རྗེས་སུ་འབྱོར་པར་བྱ། རིམ་དུ་བྱ་སྟེ། མགུ་བ་དང ། དད་པ་དང ། རངས་པ་དང ། སྤྲོ་བ་དང ། མོས་པ་དང ། རིགས་པར་ལྡན་པ་དང ། འཁྲུག་པ་མ་ཡིན་པར་ཆོས་བཤད་པར་བྱ། ཇི་ལྟར་འཁོར་རྣམས་ལ་བྱམས་པའི་སེམས་དང ། རྗེས་སུ་བརྩེ་བའི་སེམས་སུ་གནས་པར་བྱ། རྙེད་པ་དང ། བཀུར་སྟི་དང ། གྲགས་པ་ནི། མ་ཡིན་ནོ། །ཆོས་འཆད་པའི་ཚེ་བདག་ཉིད་ལ་བསྟོད་པར་ཡང་མི་བྱ། གཞན་ལ་སྨད་པར་ཡང་མི་བྱ་སྟེ། འདི་ནི། ཆོས་འཆད་པའི་བྱ་བ་ཞེས་བྱའོ། །ཆོས་འཆད་པའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། ཆོས་འཆད་པའི་གནས་བརྟན་གྱིས་གང་ན་ Pa430a ༄#། །ཆོས་འཆད་པ་དེར་འགྲོ་བར་བྱ། དགེ་སློང་འདི་ཆོས་བཞིན་དུ་འཆད་དམ། འོན་ཏེ་ཆོས་བཞིན་མ་ཡིན་པར་འཆད་མཉན་ལ། དེ་སྟེ་ཆོས་བཞིན་འཆད་ན་ནི། སྒྲོ་བ་བསྐྱེད་པར་བྱ། ཆོས་མ་ཡིན་པར་འཆད་ན། སླར་བཅོས་པར་བྱ། དེ་སྟེ་སླར་བཅོས་ནུས་ན་ནི། ལེགས། དེ་སྟེ་མི་ནུས་ན། ཇི་ལྟར་ནུས་ཤིང་ཅི་ཐུབ་ཐུབ་ཀྱིས་སྨད་པར་བྱ་སྟེ། དགེ་སློང ། འདི་ནི།་ཆོས་མ་ཡིན། འདུལ་བ་མ་ཡིན། སྟོན་པས་བསྟན་པ་མ་ཡིན་གྱི། བཅོམ་ལྡན་འདས་ཀྱི་ཆོས་ཀྱི་གཞི་མ་བཤིག་ཤིག་།ཆོས་ཀྱི་སྤྱན་མ་གཞར་ཅིག་ཅེས་སྨྲོས་ལ། སྟན་ལས་ལངས་ཏེ་འགྲོ་བར་བྱ་བ་འདི་ནི། ཆོས་འཆད་པའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །དུས་ཀྱི་བྱ་བ་གང་ཞེ་ན། དགེ་སློང་རྣམས་དུས་དུས་སུ་འགྲོ་བར་བྱ་སྟེ། འདི་ནི། དུས་ཀྱི་བྱ་བ་ཞེས་བྱའོ། །དུས་མ་ཡིན་པའི་བྱ་བ་གང་ཞེ་ན། དགེ་སློང་གིས་དུས་མ་ཡིན་པར་གྲོང་དུ་འཇུག་པར་མི་བྱ། དེ་འདྲའི་རྐྱེན་བྱུང་བ་མ་གཏོགས་ཏེ། འཁོད་པའི་དགེ་སློང་ལ་མ་བསྒོ་བར་མི་འགྲོ་བ་ནི། དུས་མ་ཡིན་པའི་བྱ་བ་ཞེས་བྱའོ། །དུས་མ་ཡིན་པར་དགེ་འདུན་འདུ་བའི་བྱ་བ་གང་ཞེ་ན། ཚེས་བརྒྱད་དང ། ཚེས་བཅུ་བཞི་དང ། ཚེས་བཅོ་ལྔ་ལ་དགེ་འདུན་འདུ་བ་མ་གཏོགས་པར་དེ་ལས་གཞན་གྱི་ཕྱིར་དགེ་འདུན་འདུ་ཞིང ། དགེ་འདུན་གྱི་ལས་དང ། དགེ་འདུན་གྱི་བྱ་བ་དང ། དགེ་འདུན་གྱི་བྱེད་པ་རྣམས་ཡིན་ཏེ། དེ་ལ་སྔར་སྒོའམ། གཎྜཱི་བརྡུངས་ཀྱང་རུང ། Pa430b མྱུར་དུ་འདུ་བར་བྱ། ཤེས་བཞིན་དུ་འདོང་བར་བྱ་བ་ནས་སྔ་མ་བཞིན་ཏེ། འདུག་པ་ལ་མཁས་པར་བྱ་བའི་བར་དུ་དེར་དགེ་འདུན་གྱི་གནས་བརྟན་གྱིས་རྒན་རིམ་དུ་ཕྱག་བྱས་ནས་བདག་གི་སྟན་གང་ན་བར་འདུག་པར་བྱ། གནས་བརྟན་གཉིས་པོས་ཀྱང་དགེ་འདུན་གྱི་གནས་བརྟན་ལ་ཕྱག་བྱས་ནས་རང་གི་སྟན་གང་ན་བར་འདུག་པར་བྱ། དེ་བཞིན་དུ་གནས་བརྟན་གསུམ་པོ་དང་བཞི་པོ་ནས་དགེ་འདུན་གྱི་གསར་བུའི་བར་དུ་སྟེ། རྒན་རིམ་དུ་ཕྱག་བྱས་ནས་རང་གི་སྟན་གང་ན་བར་འཁོད་པར་བྱའོ། །དེར་དགེ་སློང་གནས་བརྟན་དང ། བར་མ་དང ། གསར་བུ་རྣམས་ཀྱིས་ཇི་ལྟར་ཆོས་བཞིན། ཇི་ལྟར་འདུལ་བ་བཞིན། ཇི་ལྟར་སྟོན་པས་བསྟན་པ་བཞིན་དུ་དེ་ལྟར་དགེ་འདུན་གྱི་ལས་བྱ། དགེ་སློང་གནས་བརྟན་གྱིས་དགེ་སློང་རྣམས་ལ་སྤྱོ་བར་མི་བྱ། སྨད་པར་མི་བྱ། མ་གུས་པར་མི་བྱ་སྟེ། འདི་ནི། དུས་མ་ཡིན་པར་དགེ་འདུན་འདུ་བའི་བྱ་བའོ། །དུས་མ་ཡིན་པར་དགེ་འདུན་འདུ་བའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། དུས་མ་ཡིན་པར་དགེ་འདུན་འདུ་བའི་དགེ་སློང་གནས་བརྟན་གྱིས་དུས་མ་ཡིན་པར་འདུ་བ་ན་སྔར་སྒོའམ། གཎྜཱི་བརྡུངས་ཀྱང་རུང་སྟེ། ཐོག་མར་འགྲོ་བར་བྱ། ཐོག་མར་འགྲེང་བར་བྱ། ཐོག་མར་འདུག་པར་བྱ་སྟེ། བཀུར་སྟིར་བཅས། ཡིད་དམའ་བར་བཅས། འཇིགས་ཤིང་དབང་དུ་འགྱུར་བར་བཅས། ཡིད་ཕབ་ལ་ཕྱགས་མ་ལྟ་བུའི་སེམས་སུ་བཅས་ལ། དགེ་འདུན་གྱི་ནང་དུ་འགྲོ་བར་བྱ། Pa431a ༄#། །རྒན་རིམ་དུ་ཕྱག་བྱ་ནས་རང་གི་སྟན་ལ་རབ་ཏུ་འཇུག་པར་བྱ། གནས་བརྟན་དང ། བར་མ་དང ། གསར་བུ་རྣམས་ལའང་བྱམས་པའི་སེམས་སུ་བྱ། ཕན་པའི་སེམས་སུ་བྱ། རྗེས་སུ་བརྩེ་བའི་སེམས་སུ་བྱ་བ་དང ། ཕ་དང ། ཕུ་ནུ་བོ་དང ། བུར་འདུ་ཤེས་མངོན་དུ་གཞག། འཁོར་རྣམས་ལ་ཡང་བལྟ་བར་བྱ་སྟེ། གང་ཆས་སྡུག། གང་ཆས་མི་སྡུག། གང་མཛེས་པ་དང ། གང་མི་མཛེས་པར་གྱུར། གང་གིས་ལེགས་པར་བགོས། གང་གིས་མི་སྡུག་པར་བགོས། གང་མཛེས་པར་ཆས་པ་དེ་དག་ལ་ནི། གཡེལ་བར་གཞག། གང་གིས་མི་མཛེས་པར་ཆས་པ་དེ་དག་ལ་ནི། སྦྲན་པར་བྱ། བསྒོ་བར་བྱ། གང་གིས་ལེགས་པར་བགོས་པ་དེ་དག་ལ་ནི། གཡེལ་བར་གཞག་།གང་གིས་མི་སྡུག་པར་བགོས་པ་དེ་དག་ལ་ནི། བརྡ་བྱ། དེ་སྟེ་བརྡ་མ་ཚོར་ན། དྲུང་ན་འདུག་པ་ལ་བརྡ་བྱ། དྲུང་ན་འདུག་པས་ཀྱང་མ་ཚོར་ན། དགེ་སློང་གནས་བརྟན་གྱིས་དེར་ཅི་ནས་མི་འཁྲུགས་པའི་ཚུལ་དུ་སྦྲན་པར་བྱ། ཅི་ནས་ལེགས་པར་བགོས་པ་དང ། སྒྲ་མི་ཆེ་བར་བྱའོ། །དགེ་སློང་གནས་བརྟན་གྱིས་འཁོར་གྱི་ནང་དུ་བརྟག་པར་བྱ་བ་ནི། ཅི། འཁོར་འདི་དག་ཆོས་བཞིན་དུ་བྱེད་དམ། འོན་ཏེ་ཆོས་བཞིན་མ་ཡིན། དེ་སྟེ་ཆོས་བཞིན་ཡིན་ན་ནི། ཅི་བདེར་བྱོས་ཤིག། ཅེས་ལས་ཐམས་ཅད་བྱེད་དུ་ཆུག་ཅིག། དེ་སྟེ་ཆོས་བཞིན་མ་ཡིན་ན། ཆོས་བཞིན་པའི་ཕྱོགས་སུ་གནས་པར་བྱ། Pa431b ཆོས་བཞིན་དུ་འདྲི་བ་ལ་སྦྱིན། ཡང་ན་ཅང་མི་སྲ་བར་སྟན་ལས་ལངས་ཏེ་འགྲོ་བར་བྱའོ། །དེའི་ཕྱིར་རྩོད་པ་དང ། འཁྲུག་པ་རྗེས་སུ་འབྱུང་བར་མི་བྱ་བ་འདི་ནི། དུས་མ་ཡིན་པར་དགེ་འདུན་འདུ་བའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །སྨྲ་བར་བྱ་བ་གང་ཞེ་ན། རྒྱལ་པོའི་ཁབ་ཀྱི་གྲོང་ཁྱེར་ན་མུ་སྟེགས་ཅན་ཀུན་ཏུ་རྒྱུ་བ་གཞན་དག་ཅིག་ཚེས་བརྒྱད་དང ། བཅུ་བཞི་དང ། བཅོ་ལྔའི་ཚེ་གཅིག་ཏུ་འདུས་ནས་ཆོས་སྨྲ་བ་དང ། དེ་ན་དེར་སྐྱེ་བོ་མང་པོ་འདུས་ནས་དེ་དག་ལ་རྙེད་པ་དག་ཀྱང་རྙེད་པར་གྱུར། བཀུར་སྟི་བྱེད། དེ་དག་གི་འཁོར་ཀྱང་མང་དུ་འཕེལ་བར་གྱུར་པ་དང ། ཡུལ་མཉམ་དཀའི་རྒྱལ་པོ་མཁས་པ་ཅན་གཟུགས་ཅན་སྙིང་པོ་གསུང་རབ་འདི་ལ་དད་པར་གྱུར་ནས་དེས་འདི་སྙམ་དུ་བསམ་མོ། །མུ་སྟེགས་ཅན་ཀུན་ཏུ་རྒྱུ་བ་འདི་དག་ཚེས་བརྒྱད་ཅེས་བྱ་བ་ནས་དེ་དག་གི་འཁོར་དག་ཀྱང་མང་དུ་གྱུར་ཅེས་བྱ་བའི་བར་སྔ་མ་བཞིན་ནོ། །འདི་ལྟར། དགེ་སློང་དག་ཀྱང་ཚེས་བརྒྱད་དང ། བཅུ་བཞི་དང ། བཅོ་ལྔ་ལ་གཅིག་ཏུ་འདུས་ནས་ཆོས་སྨྲ་ན། བདག་ཀྱང་དེར་འགྲོ་སྟེ། རྒྱལ་པོ་ཡང་འགྲོའོ། །སྙམ་ནས་སྐྱེ་བོ་མང་པོ་དག་ཀྱང་འདུ་བར་འགྱུར། དགེ་སློང་རྣམས་ཀྱིས་རྙེད་པ་ཡང་རྙེད་ལ། བཀུར་སྟི་ཡང་འབྱུང ། འཁོར་རྣམས་ཀྱང་མང་དུ་འཕེལ་བར་འགྱུར། སྐྱེ་བོ་མང་པོ་ལའང་བསོད་ནམས་མང་དུ་འཕེལ། དགེ་སློང་རྣམས་ཀྱང་མི་འཇིགས་པར་འགྱུར། བསྟན་པ་ཡང་རྒྱས་པར་འགྱུར། དམ་པའི་ཆོས་ཀྱང་ཡུན་རིང་དུ་གནས་པར་འགྱུར། ཆོས་ཀྱི་སྒྲོན་ Pa432a ༄#། །མེ་ཡང་འབར་བར་འགྱུར། ཕྱི་མའི་སྐྱེ་བོ་རྣམས་ལའང་སྣང་བ་བྱས་པར་འགྱུར་རོ། །སྙམ་ནས་ཡུལ་མཉམ་དཀའི་རྒྱལ་པོ་མཁས་པ་ཅན་གཟུགས་ཅན་སྙིང་པོ། བཅོམ་ལྡན་འདས་ག་ལ་བ་དེར་སོང་ནས་དྲུང་དུ་ཕྱིན་པ་དང ། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ནས་ཕྱོགས་གཅིག་ཏུ་འདུག་གོ་།ཕྱོགས་གཅིག་ཏུ་འདུག་སྟེ། ཡུལ་མཉམ་དཀའི་རྒྱལ་པོ་མཁས་པ་ཅན་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཙུན་པ། མུ་སྟེགས་ཅན་ཀུན་ཏུ་རྒྱུ་བ་གཞན་ནི། ཚེས་བརྒྱད་ནས་དེ་དག་གི་འཁོར་དག་ཀྱང་མང་དུ་གྱུར་ཏོ། །ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །འདི་ལྟར། དགེ་སློང་རྣམས་ཀྱང་ཚེས་བརྒྱད་ནས་ཕྱི་མའི་སྐྱེ་བོ་རྣམས་ལ་སྣང་བ་བགྱིས་པར་འགྱུར་ན། དགོངས་པར་ཅི་གནང་ཞེས་བྱ་བའི་བར་དུ་སྔ་མ་བཞིན་ནོ། །བཅོམ་ལྡན་འདས་ཀྱིས་ཡུལ་མཉམ་དཀའི་རྒྱལ་པོ་མཁས་པ་ཅན་གཟུགས་ཅན་སྙིང་པོ་ལ་ཅང་མི་གསུང་བཞིན་དགོངས་སོ།། དེ་ནས་ཡུལ་མཉམ་དཀའི་རྒྱལ་པོ་མཁས་པ་ཅན་གཟུགས་ཅན་སྙིང་པོས་བཅོམ་ལྡན་འདས་ཅང་མི་གསུང་བཞིན་དགོངས་པར་ཤེས་ནས་བཅོམ་ལྡན་འདས་ཀྱི་ཞབས་གཉིས་ལ་མགོ་བོས་ཕྱག་འཚལ་ཏེ་བཅོམ་ལྡན་འདས་ཀྱི་དྲུང་ནས་སོང་ངོ ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཡུལ་མཉམ་དཀའི་རྒྱལ་པོ་མཁས་པ་ཅན་གཟུགས་ཅན་སྙིང་པོ་སོང་ནས་རིང་པོ་མ་ལོན་ Pa432b པར་མཁྱེན་ཏེ་དགེ་སློང་རྣམས་ལ་བཀའ་སྩལ་པ། དེ་ལྟ་བས་ན། དགེ་སློང་རྣམས། ངས་རྗེས་སུ་གནང་གི་།ཚེས་བརྒྱད་དང ། བཅུ་བཞི་དང ། བཅོ་ལྔ་ལ་གཅིག་ཏུ་འདུས་ནས་ཆོས་སྨྲ་བར་བྱའོ།། དེ་ཡང་འདི་ལྟ་བུར་སྨྲ་བར་བྱ་སྟེ། ཆོས་སྨྲ་བའི་དགེ་སློང་གིས་དོན་དང་ཚིག་གིས་འཁོར་རྣམས་གོ་བར་བྱོས་ཤིག་།དེ་ན་དགེ་སློང་དག་ཚིག་ཐ་མལ་བར་སྨྲ་སྟེ། ཚིག་ཐ་མལ་བར་སྨྲས་པས།་འཁོར་རྣམས་གོ་བར་མ་གྱུར་པ་དང ། དེ་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་གནང་གི། དབྱངས་ཀྱིས་ཆོས་སྨྲ་བར་བྱའོ། །དེ་དག་གིས་ཇི་ལྟར་འདུག་བཞིན་དུ་སྨྲས་པ་དང ། འཁོར་དེ་དག་གིས་གོ་བར་མ་གྱུར་ཏེ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་གནང་གི་།སྟན་མཐོན་པོ་ཆོས་ཤིག་།དེ་དག་གིས་མདོ་སྡེ་ཆེན་པོ་བསྡུས་ཤིང་སྨྲས་པ་དང ། ཐེ་ཚོམ་དུ་གྱུར། རྒྱས་པར་ཡང་མི་བྱེད་ལ། དེ་ཉིད་ཀྱིས་ཉི་མ་ཟད་པར་བྱེད་དེ་འཁོར་རྣམས་སྐྱོ་བར་གྱུར་ཏེ་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་གནང་གི་།དོན་གྱི་དབང་དུ་ཅི་བདེར་རྒྱས་པར་བྱོས་ཤིག། དེ་དག་མདོ་སྡེ་ལས་དོན་ཉི་ཚེ་ཐུས་ཏེ་གཏམ་བརྗོད་པར་བྱ་གསུངས་པ་བཞིན་དུ་གཞུང་འཆའ་བར་འདོད་པ་དང ། དེ་དག་མདོ་སྡེའི་མཐའ་མ་རུང་བར་མི་འགྱུར་རམ་སྙམ་དུ་ཐེ་ཚོམ་དུ་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་གནང་གི། Pa433a ༄#། །མདོ་སྡེའི་དོན་ཉི་ཚེ་ཐུས་ལ། སྐབས་སྐབས་སུ་གཏམ་རྒྱུད་དུའང་བྱ་གསུངས་པ་ཡང་གཞུང་བཞིན་བྱོས་ཏེ། དོན་དང་ཚིག་ཏུ་སྦྲེལ་བས་འཁོར་རྣམས་གོ་བར་གྱིས་ཤིག་།མདོ་སྡེ་དག་ཀྱང་དེ་བཞིན་དུ་གཟུང་བར་བྱའོ། །དེ་དག་གཉིས་འཁོར་ལྷན་ཅིག་ཏུ་འཁོར་གཅིག་ལ་འཆད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་གཅིག་གི་ནང་དུ་གཉིས་ལྷན་ཅིག་མ་འཆད་ཅིག་།གང་འཆད་པ་དེ་ནི། ཉེས་བྱས་སུ་འགྱུར་རོ། །དེ་དག་འཁོར་འཁོར་དུ་འཆད་ནས་དེ་དག་འཁྲུགས་པར་གྱུར་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་འཁོར་དུ་མ་འཆད་ཅིག་།འཆད་ན། འདས་པ་དང་བཅས་པར་འགྱུར་རོ། །དེ་ཡང་འཁོར་གཉིས་ལ་གཅིག་ཅར་འཆད་པར་གྱུར་པ་དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་གཉིས་ལ་གཅིག་ཅར་མ་འཆད་ཅིག། གང་འཆད་པ་དེ་ནི། ཉེས་བྱས་སུ་འགྱུར་རོ། །འདི་ལྟར་འཆད་པ་ལས་གཉིས་པོ་འཁྲུགས་པར་མི་འགྱུར་པ་དེ་ལྟ་བུར་བཤད་པར་བྱའོ། །དེ་དག་འཁོར་དེད་ཅིང་འདོང་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། འཁོར་དེད་ཅིང་མ་འདོང་ཞིག། གང་འཁོར་དེད་ཅིང་འདོང་ན། འདས་པ་དང་བཅས་པར་འགྱུར་རོ། །བདག་ཅག་ཉིད་དང ། དེ་འདོང་བ་ལ་ནི། ཉེས་པ་མེད་དོ། །དེ་དག་ཆོས་ཀྱི་སྒོ་ནས་རྙེད་པ་ཚོལ་ཏེ་ཆོས་འཚོང་པས་འཚོ་བར་བྱེད་པ་ Pa433b དང་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཆོས་ཀྱི་སྒོ་ནས་རྙེད་པའང་མ་ཚོལ་ཅིག་།ཆོས་འཚོང་ཞིང་འཚོ་བར་ཡང་མ་བྱེད་ཅིག་།དེ་ནས་སྨྲ་བ་མེད་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རྗེས་སུ་དྲན་པར་བྱེད་པས་རྗེས་སུ་དྲན་པར་གྱིས་ཤིག་།རྗེས་སུ་དྲན་པར་བྱེད་པའང་མེད་ནས་རིམ་གྱིས་སྨྲ་བར་གྱིས་ཤིག་།ཚིགས་བཅད་པ་དང་དབྱངས་སུ་སྦྱར་ཞིང་བྱས་ནས་བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། བདག་ཉིད་ཀྱིས་སྨྲོས་ཤིག་།ཡང་ན་དགེ་སློང་གཞན་ལ་ཆོལ་ཅིག་།བཅོལ་བའི་གང་ཟས་ཀྱང་རིག་པར་བྱ། བདག་ཉིད་ཀྱིས་ཀྱང་མི་སྨྲ། ཡང་ན་དགེ་སློང་གཞན་ལ་ཡང་མ་བཅོལ། བཅོལ་བའི་གང་ཟག་ཀྱང་ཤེས་པར་མ་བྱས་ན། འདས་པ་དང་བཅས་པར་འགྱུར་རོ། །དེ་དག་རིམ་བཞིན་དུ་བསྐོས་པ་དང ། འདི་ལྟར། ཞར་བ་དང ། གླེན་པ་དང ། སྒུར་པོ་དག་ལ་མུ་སྟེགས་ཀུན་ཏུ་རྒྱུ་བ་གཞན་དག། དགེ་སྤྱོད་ཤཱཀྱའི་བུའི་ནང་ན་འདི་དག་ནི། སྐྱེས་བུ་དམ་པའོ། སྐྱེས་བུ་གཙོ་བོའོ། སྐྱེས་བུ་མཆོག་གོ། ཞེས་ཉེས་པ་ངོར་བརྗོད་ཅིང་འཕྱས་འདོགས། མི་སྙན་པར་ཟེར་བར་གྱུར་ཏོ། །ཇི་ལྟར་གྱུར་པ་དགེ་སློང་དག་གིས་བཅོམ་ལྡན་འདས་ལ་གསོལ་པ་དང ། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ནུས་པ་ཡོད་ན། ཆོས་སྨྲ་བ་རིམ་དུ་མ་བསྐོ་ཞིག། གང་ནུས་པ་དེ་བསྐོ་བར་བྱའི། འཁོར་འཁྲུག་པར་མི་འགྱུར་བ་དེ་ལྟ་བུ་བསྐོ་བར་བྱའོ། །སྨྲ་བའི་བྱ་བ་གཞན་ཡང་དུས་གང་དང་གང་དུའང་རུང་སྟེ། དགེ་ Pa434a ༄#། །སློང་རྣམས་འདུས་ཤིང་འཁོད་པ་དང་ཆོས་ཀྱི་གཏམ་ངེས་པ་རྣམས་བརྗོད་པར་བྱའོ། །དེ་སྟེ་མི་ཤེས་ནའང་གཅིག་ལ་གཅིག་དྲི་བར་བྱ། གཅིག་པ་ལ་གཅིག་ཞུ་བར་བྱ། བགམ་པར་མི་བྱ། གླགས་བཙལ་བའི་ཕྱིར་མི་བྱ། འཕྱས་བྱ་བའི་ཕྱིར་མི་བྱ། ཉམས་བསྐྱེད་པར་མི་བྱའི། ཅི་ནས་ཆོས་ལ་རིམ་གྲོ་དང ། བཀུར་སྟིའི་ཕྱིར་དྲི་བར་བྱ། ཞུ་བར་བྱ་སྟེ། ཅི། དགེ་བའམ།་འོན་ཏེ་མི་དགེ་བའམ། ཅི། ཁ་ན་མ་ཐོ་བ་དང་བཅས་པའམ། འོན་ཏེ་ཁ་ན་མ་ཐོ་བ་མེད་པ་ཡིན། ཇི་ལྟར་བྱས་ན། དགེ་བར་འགྱུར་རམ། འོན་ཏེ་སྡིག་པར་འགྱུར་བ་ཞེས་བྱ་བ་འདི་ནི། སྨྲ་བའི་བྱ་བའོ། །མི་སྨྲ་བའི་བྱ་བ་གང་ཞེ་ན། གནས་གང་ན་དགེ་སློང་རྣམས་སྨྲ་ཞིང་གཞན་ལ་བརྗོད་པར་མི་འདོད་པ་དེ་དག་གིས་ཇི་ལྟ་བུར་ཡིད་ལ་བྱ་བ་གྲུབ་པ་དེ་བཞིན་དུ་བསྒོ་བར་བྱ། སྤྱོད་ལམ་བཞི་ལ་འཇུག་པར་བྱ། ཕན་ཚུན་དུ་མི་སྨྲ་བར་འཇུག་པ་ལ་རྒྱས་པར་བྱ་བ་ནི། འདི་ལྟ་སྟེ། ཀླུང་དགའ་ལྡན་གྱི་དགེ་སློང་རྣམས་ཇི་ལྟ་བ་བཞིན་དུ་བྱ་སྟེ། འདི་ནི། མི་སྨྲ་བའི་བྱ་བ་ཞེས་བྱའོ། །དབྱར་ཚུལ་དུ་འཇུག་པའི་བྱ་བ་གང་ཞེ་ན། དབྱར་ཚུལ་དུ་འཇུག་པར་འདོད་པའི་དགེ་སློང་གིས་བསམ་པ་ཤིན་ཏུ་བསམ། བརྟག་པ་ཤིན་ཏུ་བརྟགས། དཔྱད་པ་ཤིན་ཏུ་དཔྱད་དེ་ཚུལ་དུ་འཇུག་པར་བྱ་སྟེ། བདག་གནས་དེ་ན་དགེ་སློང་ཇི་ལྟར་ཚུལ་ཁྲིམས་དང་ལྡན། ཡོན་ཏན་དང་ལྡན། མཁས་པ་དང་ལྡན་པ། དགེ་བའི་ཆོས་དང་ལྡན། ལྟ་བ་མཚུངས། Pa434b གནས་པ་མཚུངས། གྲོགས་སུ་མཚུངས། ཡིད་གཅུགས་པ་བདག་དང་ལྷན་ཅིག་གང་བདེ་བར་འགྱུར་བ་ནི། འདི་ལྟ་སྟེ། འགྲོ་ཡང་རུང ། སྨྲ་ཡང་རུང ། བདག་གནས་དེ་ན་དགེ་སློང་མདོ་སྡེ་འཛིན་པ། འདུལ་བ་འཛིན་པ། མ་ལྟ་བུ་འཛིན་པ་གང་བདག་ཐེ་ཚོམ་མ་སྐྱེས་པ་ལས་ནི། མི་སྐྱེད། སྐྱེས་པ་ནི། དུལ་བར་བྱེད། སྡིག་པ་ལྟ་བུ་མ་སྐྱེས་པ་ལས་ནི། མི་སྐྱེད། སྐྱེས་པ་ལས་ནི། དུལ་བར་བྱེད་པ་ཡོད་དམ། གནས་དེ་ན་བདག་ན་བ་དང་རྗེས་སུ་མཐུན་པའི་སྨན་དང ། ཟས་དང ། ཡོ་བྱད་དང ། བསྙེན་བཀུར་བྱེད་པ་འབྱོར་པར་འགྱུར་རམ། གནས་དེ་ན་བདག་གི་ལུས་ཀྱང་རུང།་སེམས་ཀྱང་རུང ། བདེ་བར་འགྱུར་རམ། གནས་དེ་ན་དགེ་སློང་དག་འཐབ་མོ་བྱེད་པ། མཚང་འདྲུ་བར་བྱེད། འཁྲུག་པར་བྱེད། རྩོད་པ་པ་གླེང་བར་བྱེད་པ་ལྟ་མི་གནས་གྲང ། དེས་བདག་ལ་མ་ཐོབ་པ་ལས་ཐོབ་པ་དང ། མ་ཆུད་པ་ལས་ཆུད་པར་བྱ་བ་དང ། མངོན་དུ་མ་བྱས་པ་ལ་མངོན་དུ་བྱེད་པའི་བར་ཆད་དུ་མི་འགྱུར་རམ། གནས་དེ་ན་དབྱར་གྱི་ནང་དུ་དགེ་འདུན་དབྱེ་བར་མི་འགྱུར་གྲང་ཞེས་དེ་བཞིན་དུ་བསམ་པ་ཤིན་ཏུ་བསམ། བརྟག་པ་ཤིན་ཏུ་བརྟགས། དཔྱད་པ་ཤིན་ཏུ་དཔྱད་དེ། ན་བའི་བསྙེན་བཀུར་བའི་གྲོགས་མཐུན་པ་དང་འགྲོ་བར་བྱ་སྟེ། འདི་ནི།་དབྱར་ཚུལ་དུ་འཇུག་པའི་བྱ་བ་ཞེས་བྱའོ། །དབྱར་ཚུལ་དུ་ཞུགས་པའི་བྱ་བ་གང་ཞེ་ན། དབྱར་ཚུལ་དུ་ཞུགས་པའི་དགེ་སློང་གིས་དོན་མེད་པའི་ཕྱིར་ཞག་གཅིག་ཀྱང་མཚམས་ཀྱི་ཕྱི་ Pa435a ༄#། །རོལ་ཏུ་འགྲོ་བར་མི་བྱ།་དོན་ཞིག་ཡོད་པར་གྱུར་ན། དེས་ཞག་བདུན་ནམ། ཞག་བཞི་བཅུར་བྱིན་གྱིས་བརླབས་ལ་འགྲོ་བར་བྱ། དེ་ཡང་དོན་གྱི་ཕྱིར་ཏེ། དོན་གང་གི་ཕྱིར་ཞེ་ན།་དགེ་སློང་གི་དོན་ནམ། དགེ་སློང་མའི་དོན་ནམ། དགེ་ཚུལ་ཕའི་འམ། དགེ་ཚུལ་མའིའམ། དགེ་བསྙེན་ཕའིའམ། དགེ་བསྙེན་མའི་དོན་ཡང་རུང ། གཉེན་གྱི་དོན་ཡང་རུང ། བདག་གི་དོན་ཡང་རུང ། དེ་སྟེ་སངས་རྒྱས་ལའམ། ཆོས་ལའམ། དགེ་འདུན་ལའམ། སྡུག་བསྔལ་ལའམ། འདུས་པ་ལའམ། འགོག་པ་ལའམ། ལམ་ལ་ཡང་རུང ། ཐེ་ཚོམ་དུ་གྱུར་ཏམ། ཡིད་གཉིས་སུ་གྱུར་ཏམ། དོགས་པར་གྱུར་ཀྱང་རུང ། མ་ཐོབ་པ་ལས་ཐོབ་པའི་འདུ་ཤེས་སུ་གྱུར་ཏམ། མ་ཆུད་པ་ལས་ཆུད་པའི་འདུ་ཤེས་དང ། མངོན་དུ་མ་བྱས་པ་ལས་མངོན་དུ་བྱ་བའི་འདུ་ཤེས་ཏེ། དེ་འདི་ལྟར་མུ་སྟེགས་ཅན་ཀུན་ཏུ་རྒྱུ་བ་གཞན་དག་གི་དོན་ལའང་རུང ། དེ་སྟེ་དགེ་སློང་དེས་གནས་དེར་དབྱར་དགེ་འདུན་དབྱེ་བར་འགྱུར་རམ། མཆོད་རྟེན་ནམ། གཙུག་ལག་ཁང་ཡང་རུང ། འདྲལ་བར་འགྱུར་རམ། ཚིག་པར་འགྱུར་ཡང་རུང་སྟེ། དེར་དགེ་སློང་དེས་སངས་རྒྱས་ཀྱང་རུང ། ཆོས་སམ། དགེ་འདུན་གྱི་དོན་ལ་ཡང་རུང་སྟེ། ཞག་བདུན་ནམ། ཞག་བཞི་བཅུར་བྱིན་གྱིས་བརླབས་ལ་འགྲོ་བར་བྱ་དེ་སྟེ། དེར་སོང་བ་ལས་ཞག་བདུན་ནམ། ཞག་བཞི་བཅུ་ཡང་རུང ། ལོན་པར་གྱུར་ན། དགེ་སློང་དབྱར་ཆད་པའི་ཉེས་ Pa435b པ་འབྱུང་བར་མི་འགྱུར་ཏེ། དེ་ནི་དབར་ཚུལ་དུ་ཞུགས་པའི་བྱ་བ་ཞེས་བྱའོ། །དབྱར་ཚུལ་དུ་ཞུགས་པའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། དབྱར་ཚུལ་དུ་ཞུགས་པའི་དགེ་སློང་གནས་བརྟན་གྱིས་གཙུག་ལག་ཁང་གི་རྣམས་དང ། མཆོད་རྟེན་གྱི་རྣམས་ཤེས་པར་བྱ། ཇི་ལྟར་རལ་ཚེམ་བྱ་བ་དང ། སུ་བྱེད་པ་ལ་སྤྲོ་བ་བསྐྱེད་པར་བྱ། བསྒྲག་པར་བྱ། སུ་མི་བྱེད་པ་དེ་ལ་ནི་བསྐུལ་བར་བྱ། དྲན་པར་བྱེད་པ་འདི་ནི་དབྱར་ཚུལ་དུ་ཞུགས་པའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །དབྱར་ཚུལ་ན་གནས་པའི་བྱ་བ་གང་ཞེ་ན། དབྱར་ཚུལ་ན་གནས་པའི་དགེ་སློང་རྣམས་ཀྱིས་ལས་རྣམ་པ་གསུམ་བྱ་སྟེ། དབྱར་གང་དུ་གནས་ཁང་དེ་དག་གས་པ་དང ། ཞིག་པ་རྣམས་བཅོས་སུ་གཞུག་པར་བྱ། མཚན་རྟོག་པར་བྱ། མཚན་རྟོག་པར་བྱེད་དུ་གཞུག། གནས་དེར་གོས་གང་རྙེད་པའི་གོས་དེ་གཏན་པར་གདིང་བར་བྱ། ཡང་ན་གདིང་དུ་གཞུག་པར་བྱ་བ་འདི་ནི་དབྱར་ཚུལ་ན་གནས་པའི་བྱ་བ་ཞེས་བྱའོ། །འཁོར་གྱི་བྱ་བ་གང་ཞེ་ན། འཁོར་གྱི་གཙོ་བོ་དེས་དུས་དུས་སུ་འཁོར་རྣམས་ལ་གང་ལེགས་པར་སྤྱོད། གང་ལེགས་པར་མི་སྤྱོད་པ་དང ། གང་མཛེས་པར་སྒྲུབ། གང་མི་མཛེས་པར་སྒྲུབ་པ་བརྟགས་ཏེ། གང་ལེགས་པར་སྤྱོད་ཅིང་མཛེས་པར་སྒྲུབ་པ་དེ་ལ་ནི་ཡོངས་སུ་བསྐྱང་བར་བྱ་སྟེ། ཚེ་དང་ལྡན་པ། ལེགས་སོ། །ལེགས་སོ། །ཇི་ལྟ་བུར་ཁྱོད་སྤྱོད་པ་དེ་ལྟ་བུར་སྤྱད་པར་བྱའོ་ཞེས་སྤྲོ་བ་བསྐྱེད་ Pa436a ༄#། །པར་བྱ། ཡང་དག་པར་དགའ་བར་བྱ། དེ་དུས་དུས་སུ་ཕྱི་ཕྱིར་བསྟེན་པར་བྱ། བསླབ་པར་བྱའོ། །གང་ལེགས་པར་མི་སྤྱོད་དམ། མཛེས་པར་མི་སྒྲུབ་པ་དེ་ལ་གང་ལ་ཇི་ལྟ་བུར་འོས་པ་དེ་ལྟ་བུར་ཆད་པས་གཅད་པར་བྱ་བ་ནི། འཁོར་གྱི་བྱ་བ་ཞེས་བྱའོ། །འཁོར་གྱི་ནང་ན་བྱ་བ་གང་ཞེ་ན། དགེ་སློང་འཁོར་གྱི་ནང་དུ་དྲན་པ་ཉེ་བར་བཞག་ནས་འཁོར་གྱི་ནང་དུ་འགྲོ་བར་བྱ་སྟེ། དེ་འདི་རྒྱལ་རིགས་ཀྱི་འཁོར་ཏོ། །འདི་ནི། བྲམ་ཟེའི་འཁོར་ཏོ། །འདི་ནི། དགེ་སྦྱོང་གི་འཁོར་ཡིན་ཏེ། དེར་བདག་འདི་ལྟ་བུར་འགྲོ་བར་བྱ། འདི་ལྟ་བུར་འགྲེང་བར་བྱ། འདི་ལྟ་བུར་འདུག་པར་བྱ། འདི་ལྟ་བུར་སྨྲ་བར་བྱ། འདི་ལྟ་བུར་སྨྲ་བར་མི་བྱའོ། །ཞེས་བྱ་བ་དེ་ནི། འཁོར་གྱི་ནང་དུ་འགྲོ་བའི་བྱ་བ་ཞེས་བྱའོ། །འཁོར་གྱི་ནང་དུ་ཞུགས་པའི་བྱ་བ་གང་ཞེ་ན། དགེ་སློང་འཁོར་གྱི་ནང་དུ་ཞུགས་ན། དེས་གཏམ་སྣ་ཚོགས་མི་བྱ། གཏམ་མི་རིགས་པ་རྣམས་མི་བྱ། འཁོར་རྣམས་རིག་པར་བྱས་ལ་དེ་དག་དང་མཐུན་པའི་གཏམ་བྱ་བར་བྱ། གཏམ་བྱས་ནས་སྟན་ལས་ལྡང་པར་བྱ་བ་དེ་ནི། འཁོར་གྱི་ནང་དུ་ཞུགས་པའི་བྱ་བ་ཞེས་བྱའོ། །འཁོར་གྱི་ནང་དུ་ཞུགས་པའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། འཁོར་གྱི་ནང་དུ་ཞུགས་པའི་དགེ་སློང་གནས་བརྟན་གྱིས་འཁོར་རྣམས་ལ་འདི་དག་ཇི་ལྟ་བུའི་གཏམ་ལ་དགའམ། འོན་ཏེ་ཅང་མི་སྨྲ་བ་ལ་དགའ་ཞེས་འཁོར་རྣམས་ལ་ Pa436b བརྟག་པར་བྱའོ། །དེ་སྟེ་གཏམ་ལ་དགའ་བ་དག་ཅིག་ཡིན་ན་ནི། དེ་དག་ལ་དེ་དང་མཐུན་པའི་གཏམ་བྱའོ། །དེ་སྟེ་མི་སྨྲ་བ་ལ་དགའ་བ་དག་ཅིག་ཡིན་ན་ནི། དེར་ཅང་མི་སྨྲ་བར་འདུག་པར་བྱ་སྟེ།་འདི་ནི། འཁོར་གྱི་ནང་དུ་ཞུགས་པའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །གསོ་སྦྱོང་གི་བྱ་བ་གང་ཞེ་ན། བཅུ་བཞིའམ། བཅོ་ལྔའི་གསོ་སྦྱོང་དེ་ཉིད་ཀྱི་ཚེ་རང་གི་རྒྱུད་ལ་བརྟག་པར་བྱ་སྟེ། མཚན་མོའི་རྒྱུད་དང ། ཉིན་པར་གྱི་རྒྱུད་དེར་བདག་ལ་སྐབས་དེར་ལྟུང་བ་ལྟ་བྱུང་ངམ། དེ་སྟེ་བྱུང་བ་ཡོད་ན། དགེ་སློང་ཡིད་བརྟན་པ་ཞིག་རྙེད་ན་ནི། དེའི་མདུན་དུ་བཤགས་པར་བྱ། དེ་སྟེ་མ་རྙེད་ན། སེམས་ཀྱིས་བྱིན་གྱིས་བརླབ་པ་དང ། དེ་སྟེ་ཉེས་པ་མ་བྱུང་ན་ནི། སེམས་བསྐྱེད་པར་བྱ་སྟེ། བདག་གི་ལྟུང་བ་དེ་ལས་ཡོངས་སུ་དག་གོ་།ཞེས་ཚིག་ཏུ་བརྗོད་པར་བྱའོ། གསོ་སྦྱོང་གི་ཚུལ་ཁྲིམས་ཡོངས་སུ་དག་པར་བྱ་སྟེ། འདི་ནི། གསོ་སྦྱོང་གི་བྱ་བ་ཞེས་བྱའོ། །གསོ་སྦྱོང་མངོན་དུ་བྱ་བའི་བྱ་བ་གང་ཞེ་ན། དགེ་སློང་གསོ་སྦྱོང་མངོན་དུ་བྱུང་ལ་མི་ན་ན། དད་བཞིན་དུ་ཡང་འགྲོ་བར་བྱ་སྟེ། དེའང་ཤེས་བཞིན་དུ་འགྲོ་བར་བྱ་བ་ནས་སྔ་མ་བཞིན་ཏེ། འདུག་པ་ལ་མཁས་པར་བྱ་བའི་བར་དུའོ། །འདུག་ནས་ཀྱང་སོ་སོར་ཐར་བའི་མདོ་ལ་སྟོན་པའོ། །སྙམ་དུ་འདུ་ཤེས་མངོན་དུ་གཞག་པར་བྱ། བཀུར་སྟིར་བྱ། རིམ་གྲོར་བྱས་ལ་མཉན། བླ་མར་བྱ། གཅེས་པར་བྱ། ཡིད་ལ་གཟུང་བར་བྱ། སེམས་གཅིག་ཏུ་བྱ། རྣ་བ་མི་གཡེང་པར་བྱ། སེམས་ཐམས་ཅད་གཅིག་ཏུ་དམིགས་ནས་མཉན་པར་བྱའོ། ། Pa437a ༄#། །མཉན་ནས་ཀྱང་དེ་ལྟ་བུར་ནན་ཏན་བྱ། བསྒྲུབ་པར་བྱ་བ་འདི་ནི། གསོ་སྦྱོང་མངོན་དུ་བྱ་བའི་བྱ་བ་ཞེས་བྱའོ། །གསོ་སྦྱོང་གི་ལས་བྱ་བ་གང་ཞེ་ན། གསོ་སྦྱོང་གི་བྱ་བ་རྣམ་པ་ལྔ་སྟེ། གདོན་པ་དང ། བསྔོ་བ་དང ། དད་པ་དང་ཡོངས་སུ་དག་པ་དང ། སྐབས་འབྱེད་པ་དང ། སེམས་ཀྱིས་བྱིན་གྱིས་བརླབ་པའོ། །གཞན་ཡང་གསོ་སྦྱོང་གི་ལས་ལ་རྣམ་བ་བཞི་སྟེ། ཆོས་བཞིན་མ་ཡིན་པ་ལ་མ་འདུས་པར་བྱེད་པ་དང ། ཆོས་བཞིན་མ་ཡིན་པ་ལ་འདུས་པར་བྱེད་པ་དང ། ཆོས་བཞིན་ལ་མ་འདུས་པར་བྱེད་པ་དང ། ཆོས་བཞིན་ལ་འདུས་པར་བྱེད་པའོ། །དེ་ལ་ཆོས་བཞིན་བྱེད་པའི་གསོ་སྦྱོང་གི་ལས་དེ་ནི། འདི་ལྟ་སྟེ། ཆོས་བཞིན་བྱེད་པ་ཡིན་ནོ། །དེ་ནི། གསོ་སྦྱོང་གི་ལས་བྱ་བ་ཞེས་བྱའོ། །སོ་སོར་ཐར་པའི་བྱ་བ་གང་ཞེ་ན། བཅུ་བཞིའི་འམ་བཅོ་ལྔའི་གསོ་སྦྱོང་དེ་ཉིད་ཀྱི་ཚེ་མཚམས་དང ། ལས་ཀྱི་ནང་དུ་ཕྱིན་པའི་དགེ་སློང་ཇི་སྙེད་པ་དེ་དག་ཐམས་ཅད་གཅིག་ཏུ་འདུས་ཤིང་འཁོད་པ་དང ། དགེ་འདུན་གྱི་གནས་བརྟན་དགེ་སློང་གིས་སོ་སོར་ཐར་པའི་མདོ་སྡེ་བཀླག་པར་བྱ། སོ་སོར་ཐར་བའི་མེད་ལ་ཡང་སྟོན་པར་འདུ་ཤེས་མངོན་པར་གཞག་པར་བྱ། །བཀུར་སྟི་དང ། རིམ་གྲོར་བྱས་ལ་མཉན། བླ་མར་བྱ། གཅེས་པར་བྱ། ཡིད་ལ་གཟུང་བར་བྱ། མཚམས་གཅིག་ཏུ་བྱ། རྣ་བ་མི་གཡེང་བར་བྱ། གཞན་ཐམས་ཅད་གཅིག་ཏུ་ཐུབ་པར་བྱས་ལ་མཉན་པར་བྱ། ཐོས་ནས་ Pa437b ཡང་དེ་བཞིན་དུ་ནན་ཏན་བྱ། བསྒྲུབ་པར་བྱ་བ་དེ་ནི། སོ་སོར་ཐར་པའི་བྱ་བ་ཞེས་བྱའོ། །སོ་སོར་ཐར་པ་ཀློག་པའི་བྱ་བ་གང་ཞེ་ན། སོ་སོར་ཐར་པ་ཀློག་པ་ལ་རྣམ་པ་ལྔ་སྟེ། གསོལ་བ་བྱས་ནས་གླེང་གཞི་བཀླགས་ཏེ་ལྷག་མ་རྣམས་ནི། ཐོས་པ་བཞིན་ནོ། །ཞེས་བསྒྲག་པར་བྱ་བ་དང ། དེའང་སོ་སོར་ཐར་པ་བཀླགས་པ་ཞེས་བྱ་སྟེ། འདི་ནི། སོ་སོར་ཐར་པ་ཀློག་པ་དང་པོའོ། །གསོལ་བ་བྱས་ནས་གླེང་གཞི་བཀླགས། ཕས་ཕམ་པ་བཞི་བཀླགས་ལ་ལྷག་མ་རྣམས་ནི། ཐོས་པ་བཞིན་ནོ། །ཞེས་བསྒྲག་པར་བྱ་སྟེ། དེའང་སོ་སོར་ཐར་པ་ཀློག་པ་གཉིས་པའོ། །གསོལ་བ་བྱས་ལ་གླེང་གཞི་ཡང་བཀླགས། ཕས་ཕམ་པ་བཞི་ཡང་བཀླགས། དགེ་འདུན་གྱི་ལྷག་མ་བཅུ་གསུམ་ཡང་བཀླགས་ནས་ལྷག་མ་ནི། ཐོས་པ་བཞིན་ནོ། །ཞེས་བསྒྲགས་པ་ནི། སོ་སོར་ཐར་པ་ཀློག་པ་ཡིན་ཏེ། འདི་ནི། སོ་སོར་ཐར་པ་ཀློག་པ་གསུམ་པའོ། །གསོལ་བ་བྱས་ལ་གླེང་གཞི་བཀླགས། ཕས་ཕམ་པ་བཞི་ཡང་བཀླགས། དགེ་འདུན་གྱི་ལྷག་མ་བཅུ་གསུམ་ཡང་བཀླགས། མི་མངོན་པའི་ཆོས་གཉིས་པོ་ཡང་བཀླགས་ལ་ལྷག་མ་རྣམས་ནི། ཐོས་པ་བཞིན་ནོ། །ཞེས་བསྒྲགས་པ་ཡང ། སོ་སོར་ཐར་པ་ཀློག་པ་ཡིན་ཏེ། འདི་ནི། སོ་སོར་ཐར་པ་ཀློག་པ་བཞི་པའོ། །རྒྱས་པར་སོ་སོར་ཐར་པ་ཀློག་པ་དང་ལྔ་སྟེ། འདི་ནི། སོ་སོར་ཐར་པ་ཀློག་པའི་བྱ་བའོ། །སོ་སོར་ཐར་པ་ཀློག་པར་བྱེད་པའི་བྱ་བ་གང་ཞེ་ན། སོ་སོར་ཐར་པ་ Pa438a ༄#། །ཀློག་པའི་དགེ་སློང་གིས་སོ་སོར་ཐར་པའི་མདོ་དེ་ཁ་ཏོན་དུ་གསལ་པོར་བྱང་བར་བྱ། དྲན་པར་བྱ། གཏན་ལ་ཕེབས་པར་བྱ། ནམ་ཀློག་པའི་ཚེ་མི་འཁྲུལ་བར་ལེགས་པར་བཀླག་པར་བྱ། དེས་བདག་གི་རྒྱུད་ཀྱང་བརྟག་པར་བྱ་སྟེ། མཚན་མོའི་རྒྱུད་དང ། ཉིན་པར་གྱི་རྒྱུད་ལས། བདག་དེའི་དུས་སུ་ཉེས་པ་ལྟ་བྱུང་ངམ་མ་བྱུང་བ་བརྟག་སྟེ། དེ་སྟེ་ཉེས་པ་བྱུང་བར་གྱུར་ལ་ཡིད་བརྟན་པའི་དགེ་སློང་ཡོད་ན། དེའི་དྲུང་དུ་བཤགས་པར་བྱ། དེ་སྟེ་མེད་ན། རེ་ཞིག་གསོ་སྦྱོང་བྱས་ལ་དེའི་འོག་ཏུ་བདག་གིས་ལྟུང་བ་ཇི་ལྟར་ཆོས་བཞིན་སླར་བཤགས་པར་བྱའོ། །སྙམ་དུ་སེམས་ཀྱིས་བྱིན་གྱིས་བརླབ་པར་བྱའོ། །ཇི་ལྟར་སོ་སོར་ཐར་པའི་མདོ་ལས་འབྱུང་བ་བཞིན་དུ་དེས་ནན་ཏན་དུ་བྱ་བ་དེ་ནི། སོ་སོར་ཐར་པ་ཀློག་པར་བྱེད་པའི་བྱ་བ་ཞེས་བྱའོ། །གནས་བརྟན་གྱི་བྱ་བ་གང་ཞེ་ན། དེ་སྟེ་དགེ་སློང་རྣམས་ཁྱིམ་པའི་དེར་ཟན་ལ་མགྲོན་དུ་བོས་ན། དེའི་ཚེ་དགེ་སློང་གནས་བརྟན་གྱིས་སྔ་ཟད་དུ་ཤམ་ཐབས་བགོ་བར་བྱ། དང་རར་བྱུང་སྟེ་འདུག་པར་བྱ་བ་དེ་ནི། གནས་བརྟན་གྱི་བྱ་བ་ཞེས་བྱའོ། །བར་མའི་བྱ་བ་གང་ཞེ་ན། དགེ་སློང་བར་མས་དགེ་སློང་གནས་བརྟན་མདུན་དུ་བྱས་ནས་གྲོང་དུ་འཇུག་པར་བྱ། དེ་སྟེ་གནས་བརྟན་བཤང་བའམ་གཅི་བ་ཞིག་ཏུ་ཐོགས་ན། དེས་མི་རིང་བ་ཞིག་ཏུ་སོང་ལ་བསྡད་པར་བྱ། དེ་སྟེ་རིང་དུ་སོང་ན། གྲོང་འདབ་ཏུ་སོང་ལ་བསྡད་པར་བྱ། དེ་བྲམ་ཟེ་དང ། ཁྱིམ་ Pa438b བདག་གིས་སྤྱན་འདྲེན་པ་བཏང་ན་ཡང་གནས་བརྟན་འོངས་ཀྱི་བར་དུ་ཅུང་ཟད་བསྡད་དེ་བྱའོ། །ཞེས་སྨྲ་བར་བྱ། དེ་སྟེ་ལག་ཆུ་བཏང་ན། གནས་བརྟན་ལ་བསྡད་དོ། །ཞེས་སྨྲ་བར་བྱ། དེ་སྟེ་གནས་བརྟན་འོངས་པར་གྱུར་ན་ཡང་འཁོད་པ་ཐམས་ཅད་ལྡང་བར་བྱ། འདི་ནི། བར་མའི་བྱ་བ་ཞེས་བྱའོ། །གསར་བུའི་བྱ་བ་གང་ཞེ་ན། དགེ་སློང་གསར་བུས་གཙུག་ལག་ཁང་ཆག་ཆག་གདབ་པར་བྱ། ས་འཕྱག་པར་བྱ། ཕྱག་དར་དོར་བར་བྱ། ལྕི་བས་ཞལ་ཞལ་འཇམ་པོར་བྱུག་པར་བྱ། ཆུ་རྣམས་སོ་སོར་བཅུ་ཞིང་གཞག་པར་བྱ། སྟན་རྣམས་གདིང་བར་བྱ། ཟན་རྣམས་སྐོ་སར་དྲང་བར་བྱ། དུགས་ཁང་དུ་བསྒྲུབ་པའི་བྱ་བ་རྣམས་བྱ་སྟེ། དེར་ཤིང་བསྐྱར་བར་བྱ། འབྲུ་མར་གཞག་པར་བྱ། ས་དང་ཕྱེ་མ་གཞག་པར་བྱ། ཆུ་གཞག་པར་བྱ། དགེ་སློང་གང་ལས་ཁས་ལེན་པ་དེ་དག་ལ་ལས་བྱ་བར་བྱ། གཞན་མཚུངས་པར་སྤྱོད་པ་གང་ཡང་རུང་སྟེ། ཐམས་ཅད་གསར་བུས་བྱ་བར་བྱ། འདི་ལྟར་ཡང་དགེ་སློང་གསར་བུས་དགེ་སློང་གནས་བརྟན་རྣམས་ལ་ཕ་དང་ཕུ་བོ་ལྟ་བུར་འདུ་ཤེས་ཉེ་བར་བཞག་ཅིང་བཀུར་སྟིར་བཅས། བདག་ལ་དབང་བར་བཅས། འཇིགས་པ་དང་དབང་དུ་འགྱུར་པར་བཅས། སངས་རྒྱས་དང ། ཆོས་དང ། དགེ་འདུན་ལ་དམིགས་བཞིན་པའི་སེམས་མངོན་དུ་གཞག་པར་བྱ། མཚུངས་པར་སྤྱོད་པའི་ཆོས་རྣམས་ཇི་ལྟ་བུར་བཅས་པ་བཞིན་དུ་རྫོགས་པར་བྱ་བ་འདི་ནི། གསར་བུའི་བྱ་བ་ཞེས་བྱའོ། །གནས་བརྟན་དང ། Pa439a ༄#། །བར་མ་དང ། གསར་བུའི་བྱ་བ་གང་ཞེ་ན། དགེ་སློང་གནས་བརྟན་དང ། བར་མ་དང ། གསར་བུ་ཐམས་ཅད་ཀྱིས་ཀྱང་རབ་ཏུ་བྱུང་བའོ། །སྙམ་དུ་སེམས་མངོན་དུ་གཞག་པར་བྱ། སངས་རྒྱས་བཅོམ་ལྡན་འདས་མགོན་མཛད་པ་ལ་མགོན་པོའོ། །སྙམ་དུ་འདུ་ཤེས་མངོན་དུ་གཞག་པར་བྱ། མྱ་ངན་ལས་འདས་པ་ལ་གཞོལ་བར་བྱ། བསླབ་པའི་གཞི་ཇི་ལྟ་བུར་བཅས་པ་ལ་མཚུངས་པར་སྤྱད་པར་བྱ། བླ་མའི་ཁྱད་པར་ཆུད་པའི་ཕྱིར་ནན་ཏན་དུ་བྱ་བ་འདི་ནི། གནས་བརྟན་དང ། བར་མ་དང ། གསར་བུའི་བྱ་བ་ཞེས་བྱའོ། ། དུགས་ཁང་དུ་བྱ་བ་གང་ཞེ་ན། དགེ་སློང་དུགས་ཁང་དུ་འཇུག་པར་འདོད་ན། དེས་ཤེས་བཞིན་དུ་ནང་དུ་འགྲོ་བར་བྱ། ཞེས་བཞིན་དུ་འགྲེང་བར་བྱ། ཤེས་བཞིན་དུ་འདུག་པར་བྱ། དྲན་པ་མངོན་དུ་བཞག་ཅིང་སེམས་མི་གཡེང་བར་བྱ། སྤྱོད་ལམ་བཟང་པ་དང ། ཤིན་ཏུ་མཛེས་པ་དང ། ཤིན་ཏུ་བསྡམས་པ་དང ། སྒྲ་བསྐྱུངས་པ་དང ། བཀུར་སྟིར་བཅས། འཇིགས་པ་དང་དབང་དུ་འགྱུར་བར་བཅས། ཡིད་དམན་པའི་སེམས་ཕྱགས་མ་ལྟ་བུར་བྱ། གནས་བརྟན་དང ། བར་མ་དང ། གསར་བུ་ལ་ཡང་བྱམས་པའི་སེམས་སུ་བྱ། ཕན་པའི་སེམས་དང ། རྗེས་སུ་བརྩེ་བའི་སེམས་སུ་བྱ། ཕ་དང ། བུ་དང ། ཕུ་ནུ་བོ་ལྟ་བུར་འདུ་ཤེས་མངོན་དུ་གཞག་པར་བྱ། དགེ་སློང་དུགས་ཁང་གི་ནང་དུ་ཞུགས་ན་གཏམ་སྣ་ཚོགས་མི་ Pa439b བྱ།་གཏམ་མི་རིགས་པ་མི་བྱ། སྤྱོད་ལམ་གཉིས་ལ་འཇུག་པར་བྱ་སྟེ། འཕགས་པའི་ཅང་མི་སྨྲ་བའམ། ངེས་པའི་ཆོས་ཀྱི་གཏམ་ལ་སྟེ། དེ་ནི། དུགས་ཁང་གི་བྱ་བ་ཞེས་བྱའོ། །དུགས་ཁང་དུ་ཁྲུས་བྱ་བའི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་དུགས་ཁང་རྗེས་སུ་གནང་བ་ཡང་རྒྱགས་པའི་ཕྱིར་མ་ཡིན། དྲེགས་པའི་ཕྱིར་མ་ཡིན། བརྒྱན་པའི་ཕྱིར་མ་ཡིན། འཁྲུལ་པའི་ཕྱིར་མ་ཡིན་གྱི། ལུས་འདི་གསོ་བའི་ཕྱིར་རོ། །དུགས་ཁང་པ་ཡོན་ཏན་རྣམ་པ་ལྔ་སྟེ། རྡུལ་དང་དྲི་མ་འབྱང ། པགས་པ་མདངས་གསལ། པགས་པ་ལ་ནད་ཡོད་པ་རྣམས་འབྱིན། རླུང་དང་བད་ཀན་རྣམས་མེད་པར་བྱེད། དུགས་ཁང་ནི། ནད་མེད་པར་བྱེད་པའོ། །གཞན་ཡང་ཡོན་ཏན་རྣམ་པ་ལྔ་སྟེ། རྡུལ་དང་དྲི་མ་འབྱང ། པགས་པ་མདངས་གསལ། པགས་པ་ལ་ནད་ཡོད་པ་རྣམས་འབྱིན། རླུང་དང་བད་ཀན་རྣམས་མེད་པར་བྱེད། དུགས་ཁང་དུ་སྐྱོ་བ་བསྐྱེད་པར་བྱའོ། །དགེ་སློང་གིས་དུགས་ཁང་དུ་ཁྲུས་བྱེད་པར་འདོད་ན། དེས་སྔར་མཁན་པོ་ལ་ཞུ་བར་བྱ། བཀྲུ་བའི་དུས་བཟོད་པར་བྱ། ཤེས་བཞིན་དུ་དུགས་ཁང་གི་ནང་དུ་འཇུག་པར་བྱ། སྐྱིལ་མོ་ཀྲུང་བཅས་ཏེ་འདུག་ལ་ན་བའི་འདུ་ཤེས་མངོན་དུ་གཞག་པར་བྱ། ཁྲུས་ཀྱི་མདུན་དུ་འདུག་ལ་མི་བདེ་བར་མི་བྱ། དྲན་པ་མངོན་དུ་བཞག་ལ་ལས་བྱ། དགེ་སློང་དག་ལས་ཀྱང་ལས་བྱེད་པ་ཉམས་སུ་བླང་བར་བྱ། མཁན་པོ་དང ། སློབ་དཔོན་ལ་མ་ཞུས་ཀྱི་བར་དུ་མཚུངས་པ་རྣམས་ལ་ལས་མི་བྱ། བྱེད་པ་ཡང་ Pa440a ༄#། །བདག་གིར་ཡང་མི་བྱ། མཁན་པོ་དང ། སློབ་དཔོན་དག་ཏུ་འཁོན་ཡོད་ན། དེ་དག་གི་དྲུང་དུ་མི་བསྐོར། དེ་སྟེ་ཆུ་བླུགས་པར་འདོད་ན། ཆུ་གྲང་མོ་དང་བསྲེས་ལ་ལུགས་ཤིག་།དེ་སྟེ་ཆུ་ཚ་ན། གྲོགས་ལ་ཡང་ཆུ་ཚའོ། །ཞེས་སྦྲོན་ཅིག་།ཤེས་བཞིན་དུ་ཁྲུས་བྱས་ལ་དུགས་ཁང་དེ་ན་ཁྲིའུ་དང ། རིལ་བ་དང ། ཉ་ཕྱིས་དང ། ཁྲུས་རས་དང ། དུགས་ཁང་གི་སྣོད་སྤྱད་གཞན་ཅི་ཡོད་ཀྱང་རུང ། ལེགས་པར་བཀྲུས་ཏེ་གནས་སུ་གཞག་པར་བྱ་བ་འདི་ནི། དུགས་ཁང་དུ་ཁྲུས་བྱེད་པའི་བྱ་བ་ཞེས་བྱའོ། །དུགས་ཁང་དུ་གནས་བརྟན་གྱི་བྱ་བ་གང་ཞེ་ན།་དུགས་ཁང་དུ་དགེ་སློང་གནས་བརྟན་གྱིས་གསར་བུ་རྣམས་ཡོ་བྱད་ལ་ཞུགས་ན། བསླང་བར་མི་བྱ། དུགས་ཁང་དེར་ཆུང་དུ་ན་ལུས་ལས་རྡུལ་བྱུང་བ་ཙམ་ཡང་བསླང་བར་མི་བྱ། དེ་སྟེ་དེ་ན་དགེ་སློང་རྣམས་སྤྱོད་ལམ་རྣམས་མི་མཛེས་སམ། མི་བཟད་པར་འདུག་གམ། འོན་ཏེ་གཏམ་རྒྱུད་ལ་ཞུགས་ན། དགེ་སློང་གནས་བརྟན་གྱིས་སླར་ཟློག་ཅིང་སྒོས་ཤིག་།རྗེས་སུ་བསྟན་པར་བྱ། མཛེས་ཤིང་བཟང་བ་ལ་གཟུད་པར་བྱ། ཇི་ལྟ་བུར་སྤྱད་པའི་ཆོས་བཅས་པ་དེ་ལྟ་བུར་གཟུད་པར་བྱ། དེ་དག་ཆོས་ཀྱི་གཏམ་ལ་གཟུད་པར་བྱ་བ་དེ་ནི། དུགས་ཁང་དུ་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །མཁན་པོའི་བྱ་བ་གང་ཞེ་ན། མཁན་པོས་ལྷན་ཅིག་སྤྱོད་པ་རྣམས་ལ་བསླབ་པར་བྱ། བཙལ་བར་བྱ། བསྒོ་བར་བྱ། རྗེས་སུ་བསྟན་པར་བྱ། དགེ་བ་ལ་གཟུད་པར་བྱ། Pa440b སྡིག་པ་ལས་བཟློག་པར་བྱ། སྡིག་པའི་གྲོགས་པོ་ལས་བསྐལ་པར་བྱ། དགེ་བའི་བཤེས་གཉེན་ལ་གཞར་བར་བྱ། ལྷུང་བཟེད་ཀྱིས་བསྡུ་བར་བྱ། ཆོས་གོས་དང ། དྲ་བ་དང ། ཕོར་བུ་དང ། སྐ་རགས་དང ། རྗེས་སུ་དྲན་པ་དང ། སླར་འདྲི་བ་དང ། ལུང་བསྒོ་བ་དང ། ཁ་ཏོན་ལ་གཞུག་པ་དང ། ཡིད་ལ་བྱེད་པ་ལ་གཞུག་པར་བྱ། ཉེས་པ་ལས་བསང་བར་བྱ། ན་ན་གཡོག་བྱ་བ་དང ། སྤོང་བ་ལ་གཞུག་པར་བྱ་བ་དང ། ནང་དུ་ཡང་དག་འཇོག་ལ་གཞུག་པ་དང ། བླ་མའི་ཁྱད་པར་ཆུད་པར་བྱ་བ་ལ་མཚུངས་པར་སྤྱོད་དུ་གཞུག་པར་བྱ། ལྷན་ཅིག་སྤྱོད་པ་ཕྱོགས་གང་ན་མི་བདེ་བར་གནས་པ་དེ་དག་ནས་དབྱུང་བར་བྱ་བ་དེ་ནི། མཁན་པོའི་བྱ་བ་ཞེས་བྱའོ།། །།འདུལ་བ་གཞུང་དམ་པ། བམ་པོ་ང་གསུམ་པ་སྟེ། ཐ་མའོ། །ལྷན་ཅིག་སྤྱོད་པའི་བྱ་བ་གང་ཞེ་ན། ལྷན་ཅིག་སྤྱོད་བས་མཁན་པོ་ལ་སྟོན་པའོ། སྙམ་དུ་འདུ་ཤེས་མངོན་དུ་གཞག་པར་བྱ། རིམ་གྲོ་བྱ། མྱུར་དུ་ལྡང་བར་བྱ། མྱུར་དུ་འགྲོ་བར་བྱ། གུས་པར་བྱ། ཞུ་བར་བྱ་སྟེ། ལྷན་ཅིག་སྤྱོད་པས་མཁན་པོ་ལ་མ་ཞུས་ཀྱི་བར་དུ་སྤྱད་པ་བྲེམ་པའི་རེས་མི་བྱ། གཙུག་ལག་ཁང་སྐྱོང་བའི་རེས་མི་བྱ། ལྷུང་བཟེད་ཀྱི་ལས་མི་བྱ། ཆོས་གོས་ཀྱི་ལས་མི་བྱ། སྔ་རེས་མི་བྱ། ཕྱེད་རེས་མི་བྱ། ཟླ་རེས་མི་བྱ། ཀླུང་ལ་སྤྱོད་པར་མི་བྱ། རི་ལ་སྤྱོད་པར་མི་བྱ། དུར་ཁྲོད་དུ་སྤྱོད་པར་མི་བྱ། ལྗོངས་རྒྱུ་བར་མི་བྱ། རྐང་པ་བཀྲུ་བར་མི་བྱ། མལ་བཅའ་བར་མི་བྱ། ཆུ་བཅུ་པར་མི་བྱ། གྲོང་དུ་འཇུག་པར་མི་བྱ། མཚམས་ Pa441a ༄#། །ཀྱི་ཕྱི་རོལ་ཏུ་འགྲོ་བར་མི་བྱ། མི་རིགས་པའི་གང་ཟག་གཞར་བར་མི་བྱ། དེ་ལྟ་བུའི་དྲུང་དུ་འདུག་པའང་བདག་གིར་མི་བྱ། དེ་འདྲ་བའི་དྲུང་ནས་བསྙེན་བཀུར་ཡང་བདག་གིས་བསླང་བར་མི་བྱ། ལྷུང་བཟེད་བླང་བར་མི་བྱ། ཆོས་གོས་བླང་བར་མི་བྱ། ཟན་བླང་བར་མི་བྱ། སྨན་བླང་བར་མི་བྱ། ཡོ་བྱད་གཞན་གང་ཡང་རུང ། བྱིན་ན། བདག་གིར་མི་བྱའོ། །དེ་ལྟ་བུ་ལ་བསྙེན་བཀུར་མི་བྱ། ལྷུང་བཟེད་སྦྱིན་པར་མི་བྱ། ཟས་སྦྱིན་པར་མི་བྱ། སྨན་སྦྱིན་པར་མི་བྱ། ཡོ་བྱད་གཞན་གང་ཡང་རུང ། བྱིན་ན། བདག་གིར་མི་བྱ། དེ་འདྲ་བའི་གང་ཟག་གི་དྲུང་ནས་ལུང་བསྒོ་བ་མི་བླང ། དྲན་པར་བྱ་བ་མ་ཡིན། ཡོངས་སུ་དྲི་བར་བྱ་བ་མ་ཡིན། ཡིད་ལ་བྱ་བ་མི་འདྲི། དེ་ལྟ་བུ་དག་ལའང་ལུང་བསྒོ་བ་མི་སྦྱིན། དྲན་པ་མ་ཡིན། ཡོངས་སུ་འདྲི་བ་མ་ཡིན། ཡིད་ལ་བྱ་བ་ཡང་མི་བསྟན་ཏེ། བྱའོ་ཅོག་ཐམས་ཅད་ཀྱང་མཁན་པོ་ལ་མ་ཞུས་ཀྱི་བར་དུ་མི་བྱའོ། །ལས་རྣམ་པ་གསུམ་ནི། མ་གཏོགས་ཏེ། བཤང་གཅི་དང ། སོ་ཤིང་འདོར་བ་དང ། མཚམས་ཀྱི་ནང་དུ་མཆོད་རྟེན་ལ་ཕྱག་བྱ་བའོ། །དེ་སྟེ་མཁན་པོའི་ལྷུང་བཟེད་བཀྲུའམ། བསྲེག་པ་ཞིག་ཏུ་གྱུར་ནའང་དེ་ལ་ཅི་ནས་མཁན་པོའི་ལྷུང་བཟེད་ཀྱི་ལས་བདག་གིས་བྱའོ། །སྙམ་མམ། གཞན་བྱེད་དུ་གཞུག་གོ་།སྙམ་དུ་ལྷན་ཅིག་སྤྱོད་པ་དེས་མྱུར་དུ་སྤྲོ་བ་བསྐྱེད་པར་བྱའོ། །དེ་སྟེ་མཁན་པོའི་ཆོས་གོས་དྲུབ་པར་གྱུར་ཏམ། བཀྲུ་བར་གྱུར་ཏམ། ཁ་བསྒྱུར་བ་ཞིག་ཏུ་གྱུར་ན་ཡང ། Pa441b དེ་ལ་བདག་གིས་མཁན་པོའི་ཆོས་གོས་ཀྱི་ལས་རང་གིས་བྱའོ། །སྙམ་མམ། གཞན་ལ་བྱེད་དུ་གཞུག་གོ་།སྙམ་དུ་ལྷན་ཅིག་སྤྱོད་པས་མྱུར་དུ་སྤྲོ་བ་བསྐྱེད་པར་བྱ། དེ་སྟེ་མཁན་པོ་ན་བ་ཞིག་ཏུ་གྱུར་ན་ཡང ། དེ་ལ་བདག་ཉིད་ཀྱིས་མཁན་པོ་ན་བའི་ནད་གཡོག་བྱའོ། །སྙམ་མམ། གཞན་ལ་ནད་གཡོག་བྱེད་དུ་གཞུག་གོ་།སྙམ་དུ་ལྷན་ཅིག་སྤྱོད་པས་མྱུར་དུ་སྤྲོ་བ་བསྐྱེད་པར་བྱ། དེ་སྟེ་མཁན་པོ་ལ་ཐེ་ཚོམ་ཞིག་སྐྱེས་པར་གྱུར་ན། དེ་ལ་ཅི་ནས་བདག་གིས་མཁན་པོའི་ཐེ་ཚོམ་སྐྱེས་པ་དེ་བདག་ཉིད་ཀྱིས་སླར་བསལ་ལོ། །སྙམ་མམ། གཞན་མཁན་པོའི་ཐེ་ཚོམ་སེལ་དུ་གཞུག་གོ། སྙམ་དུ་ལྷན་ཅིག་སྤྱོད་པས་མྱུར་དུ་སྤྲོ་བ་བསྐྱེད་པར་བྱའོ། །དེ་སྟེ་མཁན་པོ་སྡིག་པ་ལ་ལྟ་བར་གྱུར་ན་ཡང ། དེ་ལ་ཅི་ནས་བདག་གིས་མཁན་པོ་སྡིག་པ་ལ་ལྟ་བར་གྱུར་པ་དེ་སླར་གཏང་བར་བྱའོ། །སྙམ་མམ། གཞན་ལ་སླར་གཏོང་བར་བྱེད་དུ་གཞུག་གོ། སྙམ་དུ་ལྷན་ཅིག་སྤྱོད་པས་མྱུར་དུ་སྤྲོ་བ་བསྐྱེད་པར་བྱའོ། །དེ་སྟེ་མཁན་པོ་ལ་ཆད་པའི་ལས་ཤིག་མངོན་དུ་འབྱུང་བར་འགྱུར་ན། དེ་ལ་ཅི་ནས་བདག་གིས་མཁན་པོ་ལ་ཆད་པའི་ལས་ཀྱིས་གཅོད་པར་བྱེད་དམ། བཅད་ཀྱང་རུང་སྟེ། དབྱུང་བར་བྱའོ། །སྙམ་དུ་ལྷན་ཅིག་སྤྱོད་པས་སྤྲོ་བ་མྱུར་དུ་བསྐྱེད་པར་བྱའོ། །དེ་སྟེ་མཁན་པོ་ལ་སྤང་བའི་ལས་ཤིག་མངོན་དུ་བྱེད་པར་འགྱུར་ར་མ། བྱས་པར་གྱུར་ཀྱང་རུང་སྟེ། དེས་ཅི་ནས་བདག་གིས་མཁན་པོ་ལ་སྤང་བའི་ལས་ཤིག་མངོན་དུ་བྱེད་ Pa442a ༄#། །ཀྱང་རུང ། བྱས་ཀྱང་རུང་སྟེ། དབྱུང་ངོ ། །སྙམ་དུ་ལྷན་ཅིག་སྤྱོད་པས་མྱུར་དུ་སྤྲོ་བ་བསྐྱེད་པར་བྱའོ། །དེ་སྟེ་མཁན་པོ་ལ་དགེ་འདུན་གྱི་ལྷག་མའི་ཉེས་པ་ཞིག་བྱུང་བར་གྱུར་ན། དེ་ལ་ཅི་ནས་བདག་གིས་མཁན་པོ་ལ་ཆད་པ་བྱེད་པ་བྱིན་ཅིག་པ་དང ། གཞི་ནས་བསླང་བའི་ཆད་པའམ། ཆད་པ་བྱས་ཟིན་ནས་ཡིད་མགུ་བར་བྱ་བ་བྱིན་ཅིག་པའམ། གཞི་ནས་བསླང་སྟེ་ཡིད་མགུ་བར་བྱ་བའམ། ཡིད་མགུ་བར་སྤྱད་ནས་དབྱུང་བ་བྱིན་ཅིག་པར་ལྷན་ཅིག་སྤྱོད་པས་སྤྲོ་བ་བསྐྱེད་པར་གྱུར་ན་ནི། ལེགས། སྤྲོ་བ་མ་བསྐྱེད་ན། འདས་པ་དང་བཅས་པར་འགྱུར་རོ། །དེ་ལྟར་ལྷན་ཅིག་སྤྱོད་པས་མཁན་པོ་ལ་བྱ་བ་ཅི་དང་ཅི་ཡོད་ཀྱང་རུང ། སྤྲོ་བ་བསྐྱེད་པར་བྱ་བ་དེ་བཞིན་དུ་མཁན་པོས་ཀྱང་ལྷན་ཅིག་སྤྱོད་པ་ལ་བྱ་བ་ཅི་དང་ཅི་ཡོད་ཀྱང་རུང ། སྤྲོ་བ་བསྐྱེད་པར་བྱ་སྟེ། ཞུ་བ་རྣམས་ནི། མ་གཏོགས་སོ། །ལྷན་ཅིག་སྤྱོད་པས་མཁན་པོའི་སྟན་གདིང་བར་བྱ། རྐང་པ་བཀྲུ་བའི་ཆུ་དང ། ལྷམ་ཡང་བཤམས་ཏེ་ཕྱོགས་གཅིག་ཏུ་གཞག་པར་བྱ། རྐང་པ་བཀྲུ་བར་བྱ། བསྐུ་བར་བྱ། མལ་བྱའོ། །གཅི་བའི་སྣོད་དང ། བཤང་བའི་སྣོད་བཤམས་ཏེ་གཞག་པར་བྱ། དེ་སྟེ་ལུང་ཞིག་ནོད་དགོས་པར་གྱུར་ན་ཡང་ལུང་ནོད་པར་བྱ། ཡིད་ལ་བྱེད་པ་ཞིག་ནོད་དགོས་པར་གྱུར་ནའང་ཡིད་ལ་བྱེད་པ་ནོད་པར་བྱ་སྟེ། ཕྱོགས་གཅིག་ཏུ་སོང་སྟེ་འདུག་ནས་བསྒོམ་པར་བྱའོ། །ནང་པར་ Pa442b ལངས་ནས་གཅི་བའི་སྣོད་དང ། བཤང་བའི་སྣོད་དབྱུང་བར་བྱ། མཁན་པོའི་རྐང་པ་ལ་མགོ་བོས་ཕྱག་བྱས་ཏེ་མཁན་པོ་བདེ་བར་མཛད་དམ། བདེ་བར་བགྱིས་སམ། བདེ་བར་སྤྱད་དམ་ཞེས་དྲི་བར་བྱ། དེ་སྟེན་པར་གྱུར་ན་ཡང་ན་པའི་སྨན་དང ། ནད་གཡོག་ལ་སྤྲོ་བ་བསྐྱེད་པར་བྱ། དེ་སྟེ་མི་ན་ན་ནི། བདེ་བར་ཡལ་བར་གཞག་།དེ་སྟེ་དགེ་འདུན་གྱི་ཟས་ཤིང་གམ། མགྲོན་དུ་བོས་པའི་ཟས་ཀྱང་རུང་སྟེ། དགེ་འདུན་གྱི་ཟས་ན་ནི། མཁན་པོ་དང ། དགེ་འདུན་གྱི་ཟས་མཆིས་ཀྱི། དེང་དགེ་བ་བདེ་བར་སྤྱོད་ཅིག། ཅེས་བསྒོ་བར་བྱ། དེ་སྟེ་བསོད་སྙོམས་ཀྱི་ཟས་ནའང་མཁན་པོ། བསོད་སྙོམས་ལ་གཤེགས་ཀྱི། ཆོས་ཤིག་།ཅེས་བསྒོའོ། །ལྷན་ཅིག་སྤྱོད་པས་མཁན་པོ་ལ་སོ་ཤིང་དང ། བདེ་བའི་ཆུ་དང ། ལྕི་བ་དང ། ཕྱེ་མ་དབུལ་བར་བྱ། མཁན་པོས་ལས་དེ་རྣམས་ཟིན་པ་དེ་ན་ལྷུང་བཟེད་དང ། ཆོས་གོས་བསྟབ་པར་བྱ། དེ་སྟེ་དགེ་འདུན་དང་ལྷན་ཅིག་བསོད་སྙོམས་ལ་འཇུག་ན་ནི། མཁན་པོ་མདུན་དུ་བཏང་ལ། བདག་གི་གྲལ་གང་དུ་བབ་པ་ནས་འགྲོ་བར་བྱ། དེ་སྟེ་གང་ཟག་གི་བསོད་སྙོམས་ལ་འཇུག་ན་ནི། མཁན་པོའི་སྦྱར་མ་དང ། ལྷུང་བཟེད་དང ། འཁར་གསིལ་བསྐུར་བར་བྱ། དེ་སྟེ་རླུང་དང ། ཆར་པ་དང ། དུས་གྲང་བ་ཞིག་ཏུ་གྱུར་ན། མཁན་པོའི་སྦྱར་མ་འོག་ཏུ་ཆུག་ལ་བདག་གི་སྟེང་དུ་ཕྱུང་སྟེ། དེ་སྟེ་ཡུལ་དྲོ་ན། བདག་གི་སྦྱར་མ་འོག་ཏུ་ཆུག་ལ་མཁན་པོའི་སྟེང་དུ་ཕྱུང་ Pa443a ༄#། །སྟེ།་ལྷན་ཅིག་སྤྱོད་པ་མཁན་པོའི་མདུན་དུ་སོང་ལ་ཟིལ་པ་ལ་སོགས་པ་བསལ་བར་བྱ། དེ་སྟེ་ཆུ་འགྲམ་མམ། གཡང་ས་ཞིག་ན། མཁན་པོའི་ལག་པ་ནས་གཟུང་ཞིང་གདེག་པར་བྱ། གྲོང་ནས་གྲོང་འདབ་ཏུ་ཕྱིན་ན། སྦྱར་མ་དང ། ལྷུང་བཟེད་དང ། འཁར་གསིལ་དབུལ་བར་བྱ། ཕུལ་སྟེ་མཁན་པོ་མདུན་དུ་བཏང་ལ་གྲོང་གི་ནང་དུ་འཇུག་པར་བྱའོ། །དེ་སྟེ་སྐས་སམ། ཐེམ་སྐས་ཤིག་ལ་འཛེག་ནའང་ལྷན་ཅིག་སྤྱོད་པ་སྔོན་དུ་འཛེག་ལ་ལག་ནས་དྲང་བར་བྱ། དེ་ན་ཆོས་བཞིན་གྱི་རྙེད་པ་ཞིག་གྲུབ་ན་ཡང་བདག་གིས་བླང་བར་བྱ། བསོད་སྙོམས་སྤྱད་དེ་སླར་གྲོང་གི་ཕྱི་རོལ་ཏུ་བྱུང་ན། མཁན་པོའི་སྦྱར་མ་དང ། ལྷུང་བཟེད་དང ། འཁར་གསིལ་བླངས་ལ་མཁན་པོ་མདུན་དུ་བཏང་ནས་གཙུག་ལག་ཁང་དུ་འདོང་བར་བྱའོ། །དེར་ལྷགས་ནས་ཆོས་གོས་དང ། ལྷུང་བཟེད་བཞག་སྟེ་མཁན་པོའི་རྐང་པ་བཀྲུ་བའི་ཆུ་དང ། ལྷམ་བསྙེན་ཏེ་བཞག་པ་རྐང་པ་བཀྲུ་བར་བྱའོ། །དེ་ནས་དུས་ལ་བབ་པར་གྱུར་ན། མཁན་པོའི་ལྷུང་བཟེད་ཀྱི་གཞི་གདིང་ཞིང་ལྷུང་བཟེད་དབུལ་བར་བྱའོ། །བདག་གི་ཟས་བཟང་བ་དང ། ཞིམ་པ་དང ། དམ་པ་ཅི་ཡོད་པ་མཁན་པོ་ལ་དབུལ་བར་བྱ། མཁན་པོས་ཀྱང་ཚོད་རིག་པར་བྱ། ཟས་ཀྱི་བྱ་བ་བྱས་པ་དང ། མཁན་པོ་ལ་བདེ་བའི་ཆུ་བསྙེན་པར་བྱ། ལྕི་བ་དང ། ཕྱེ་མས་ལྷུང་བཟེད་བཀྲུས་ལ་ལྷུང་བཟེད་དང ། ཆོས་གོས་སླར་ Pa443b གཞུག་པར་བྱ། མཁན་པོ་ལ་ཕྱག་བྱས་ནས་མཁན་པོ་འདི་བཞིན་དུ་བཞུགས་སམ། ཉིན་པར་སྤྱོད་པར་གཤེགས་སམ་ཞེས་དྲི་བར་བྱ། དེ་སྟེ་ཉིན་པར་སྤྱོད་པར་འགྲོ་ན་ཡང་མཁན་པོའི་ཁྲིའུ་དང ། གདིང་བ་དང ། རིལ་བ་སྤྱི་རིང་ཁྱེར་ལ་མཁན་པོ་མདུན་དུ་བཅུག་སྟེ་ཉིན་པར་གང་ན་སྤྱོད་པར་འགྲོའོ། །སོང་ནས་མཁན་པོའི་སྟན་བཏིང་ལ་ལུང་ནོད་དགོས་ན་ཡང་ལུང་ནོད་པར་བྱ། ཡིད་ལ་བྱེད་པ་ནོད་དགོས་ན་ཡང་ཡིད་ལ་བྱེད་པ་མནོས་ལ་ཕྱོགས་གཅིག་ཏུ་སོང་ནས་བསྒོམ་པར་བྱའོ། །དེ་ནས་དུས་ལ་བབ་ན། མཁན་པོའི་ཁྲིའུ་དང ། གདིང་བ་དང ། རིལ་བ་སྤྱི་རིང་ཁྱེར་ཏེ་མཁན་པོ་མདུན་དུ་བྱས་ལ་འགྲོ་བར་བྱའོ། །དེ་སྟེ་གསོ་སྦྱོང་གི་དུས་ལ་བབ་སྟེ་འདུ་བར་གྱུར་ནའང་མཁན་པོའི་སྟན་ལྟེ་བ་ན་ནི། བརྐྱང་བར་བྱ། བརྐྱངས་ན་ནི། ལེགས་པར་གདིང་བར་བྱ། དེ་ནས་དུས་སུ་བསྒོའམ། གཎྜཱི་བརྡུངས་ཀྱང་རུང་སྟེ། ལག་པ་གཡོན་པས་ནི། མཁན་པོའི་ལག་ནས་བཟུང ། ལག་པ་གཡས་པས་ནི། མར་མེ་ཐོགས་ཏེ། མཁན་པོ་མདུན་དུ་བྱས་ལ་གསོ་སྦྱོང་གི་གནས་སུ་འདོང་བར་བྱའོ། །ན་མ་སོ་སོར་ཐར་པའི་མདོ་བཀླགས་ཟིན་ནས་མཁན་པོའི་དྲུང་དུ་སོང་ལ་མཁན་པོ། ཅི། གཤེགས་སམ། ཆོས་གསན་ཅིང་བཞུགས་ཞེས་དྲི་བར་བྱ། དེ་སྟེ་འགྲོ་ན། ལག་པ་གཡོན་པས་མཁན་པོ་བཟུང ། ལག་པ་གཡས་པས་ནི། མར་མེ་ཐོགས་ཏེ་མཁན་པོ་མདུན་དུ་བྱས་ལ་གཙུག་ལག་ཁང་དུ་འདོང་བར་བྱའོ། ། Pa444a ༄#། །དེ་སྟེ་དུགས་ཁང་དུ་ཁྲུས་བྱེད་པ་ཞིག་ཏུ་གྱུར་ན། ནང་པར་སྔར་ལངས་ནས། མཁན་པོ། དེང་དུགས་ཁང་དུ་ཁྲུས་མཛད་ཀྱི། ཆབ་གསོལ་ཞེས་བསྒོ་བར་བྱ། ལྷན་ཅིག་སྤྱོད་པས་མཁན་པོའི་ཕྱིར་དུགས་ཁང་དུ་སྟན་དང ། ཁྲིའུ་དང ། རིལ་བ་སྤྱི་རིངས་དང ། ཁྲུས་རས་དང ། དུགས་ཁང་གི་ཡོ་བྱད་གཞན་གང་ཡང་རུང་སྟེ། ཁྱེར་ཏེ་མཁན་པོ་མདུན་དུ་བྱས་ནས་དུགས་ཁང་དུ་འདོང་བར་བྱ། འོངས་ནས་ཀྱང་ཆོས་གོས་ཕྱོགས་གཅིག་ཏུ་བཞག་ལ་མཁན་པོ་ལས་མི་ཉེ་མི་རིང་བར་འདུག་པར་བྱ། ནམ་མཁན་པོ་རྡུལ་པར་གྱུར་ན། དེ་ན་ལྷན་ཅིག་སྤྱོད་པ་དེས་དེ་ལ་རིམ་བཞིན་རྗེས་སུ་ལས་རྣམས་བྱ་སྟེ། བཀྲུ་བར་བྱའོ། །བཀྲུས་ནས་མདུན་དུ་བཅུག་སྟེ་གཙུག་ལག་ཁང་དུ་བསྐྱལ་བར་བྱ། དེའི་འོག་ཏུ་བདག་ཉིད་བཀྲུ་བར་བྱ། དེ་སྟེ་ལྷན་ཅིག་སྤྱོད་པ་དེ་མཁན་པོའི་དྲུང་ནས་དགེ་བའི་ཆོས་མི་འཕེལ་བར་གྱུར་ན། མཁན་པོ་ལ། བདག་དགེ་སློང་མིང་འདི་ཞེས་བགྱི་བ་འདི་ལ་གཏད་དུ་གསོལ་ཞེས་སྨྲོས་ཤིག་།མཁན་པོས་ཀྱང་དགེ་སློང་དེ་ལ། དགེ་སློང་འདི་ཅི་འདྲ། དེའི་འཁོར་ཅི་འདྲ། དེའི་རྗེས་སུ་འབྲང་བ་དང ། དྲུང་ན་འདུག་པ་ཅི་འདྲ། འདིའི་ལུང་རྣམས་སྟོན་ཏམ། དེ་སྟེ་མི་སྟོན། རྗེས་སུ་སྟོན་ཏམ། དེ་སྟེ་མི་སྟོན་པ་བརྟག་པར་བྱ། དཔྱད་པར་བྱ། དེ་བཞིན་དུ་བརྟགས་དཔྱད་ནས་དེ་སྟེ་རུང་བ་ཞིག་ཏུ་གྱུར་ན། དེ་ལ་གཏད་པར་བྱ། དེ་སྟེ་རུང་བ་མ་ཡིན་ན། གཞན་ལ་གཏད་པར་བྱའོ། །དེ་སྟེ་མཁན་ Pa444b པོ་ཉིད་རུང་བ་མ་ཡིན་ལ་ཚུལ་དང་མི་ལྡན་ན། མ་ཞུས་པར་སོང་ཡང་བླ་སྟེ། འདི་ནི། ལྷན་ཅིག་སྤྱོད་པའི་བྱ་བ་ཞེས་བྱའོ། །སློབ་དཔོན་གྱི་བྱ་བ་གང་ཞེ་ན། སློབ་དཔོན་གྱིས་ཉེ་གཡོག་རྣམས་ཤེས་པར་བྱ་བ་ནས་སྔ་མ་བཞིན་ཏེ།་ཕྱོགས་གང་ན། ཉེ་གཡོག་དེ་ཉོན་མོངས་ཤིང་འདུག་པ་ཞིག་ཏུ་གྱུར་ན། ཕྱོགས་དེ་ནས་དགུག་པར་བྱ། དགུག་ཏུ་གཞུག་པར་བྱ་སྟེ། འདི་ནི། སློབ་དཔོན་གྱི་བྱ་བ་ཞེས་བྱའོ། །ཉེ་གཡོག་གི་བྱ་བ་གང་ཞེ་ན། ཉེ་གཡོག་གིས་སློབ་དཔོན་ལ་སྟོན་པའོ། །སྙམ་དུ་འདུ་ཤེས་མངོན་དུ་བཞག་ལ་རིམ་གྲོ་བྱ་བ་ནས་སྔ་མ་བཞིན་མ་ཞུས་ཀྱང་འགྲོ་བར་བྱ་བའི་བར་དུ་སྟེ། དེ་ནི། ཉེ་གཡོག་གི་བྱ་བ་ཞེས་བྱའོ། །དགེ་ཚུལ་གྱི་བྱ་བ་གང་ཞེ་ན། དགེ་ཚུལ་གྱིས་མཁན་པོ་དང ། སློབ་དཔོན་ལ་སྟོན་པའོ། །སྙམ་དུ་འདུ་ཤེས་མངོན་དུ་བཞག་ལ་རིམ་གྲོ་བྱ་བ་ནས་སྔ་མ་བཞིན་ནོ། །དེ་སྟེ་མཁན་པོའམ། སློབ་དཔོན་སྡིག་པར་ལྟ་བར་གྱུར་ན། རང་གིས་སླར་གཏང་བར་བྱ། ཡང་ན་གཏོང་དུ་འཇུག་པར་བྱ་སྟེ། དེ་ལྟར་སོ་བ་སྐྱེས་ན་ནི། དེ་བཞིན་ལེགས། མ་སྐྱེས་ན། འདས་པ་དང་བཅས་པར་འགྱུར་རོ། །དེར་ཡང་དགེ་ཚུལ་ཕས་ཇི་ལྟར་མཁན་པོ་དང ། སློབ་དཔོན་ལ་བྱུང་ཞིང་གྱུར་པའི་རྣམས་ཇི་ལྟར་གྱིས་ཤིག་ཅེས་སྤྲོ་བ་བསྐྱེད་པར་བྱ་བ་དེ་བཞིན་དུ་མཁན་པོ་དང ། སློབ་དཔོན་གྱིས་ཀྱང་དགེ་ཚུལ་ཕ་ལ་བྱུང་ཞིང་གྱུར་པའི་རྣམས་ཇི་ལྟར་བྱ་ཞེས་བྱ་བ་བསྐྱེད་པར་བྱའོ། །དེ་ལ་ཞུ་བ་རྣམས་ནི། མ་གཏོགས། ། Pa445a ༄#། །སོ། །དགེ་ཚུལ་ཕས་མཁན་པོ་དང ། སློབ་དཔོན་གྱི་སྟན་གདིང་བ་ལ་སོགས་པ་བྱ་བ་སྔ་མ་བཞིན་ཏེ། བདག་ཉིད་ཐ་མར་བཀྲུ་བར་བྱ་བའི་བར་དུའོ། །འདི་ལྟར། དགེ་ཚུལ་ཕས་རྩཝ་སྔོན་པོ་མེད་པར་བྱ། མེ་ཏོག་རྣམས་བཏོག། འབྲས་བུ་རྣམས་བཏོག། སོ་ཤིང་རྣམས་སྦྱིན། ལྷུང་བཟེད་ཀྱི་གཞི་ལོ་མ་རྣམས་སྦྱིན། རུང་བར་བྱ། དགེ་སློང་རྣམས་ལ་བྱིན་ལེན་བྱེད་དུ་གཞུག་པར་བྱ། མཛེས་པ་དང ། བག་ཡོད་པར་བསྒྲུབ་པར་བྱ། དེ་སྟེ་དགེ་ཚུལ་ཕ་དེ་མཁན་པོ་དང ། སློབ་དཔོན་གྱི་དྲུང་ནས་དགེ་བའི་ཆོས་འཕེལ་བར་མི་འགྱུར་བ་ནས་སྔ་མ་བཞིན་མ་ཞུས་ཀྱང་སོང་ཡང་བླ་བའི་ཞེས་བྱ་བའི་བར་དུ་སྟེ། འདི་ནི། དགེ་ཚུལ་ཕའི་བྱ་བ་ཞེས་བྱའོ། །ནན་ཏན་དུ་བྱ་བ་གང་ཞེ་ན། དེ་སྟེ་དགེ་འདུན་གྱི་ཀུན་དགའ་ར་བར་གནོད་པ་ཞིག་བྱེད་པར་གྱུར་ན། དེར་དགེ་སློང་གིས་ཇི་ལྟར་དེ་མི་ཤོར་ཞིང་ཟིན་པར་བྱ། དེ་སྟེ་རྣམ་གྲངས་གང་གིས་ཀྱང་ཟིན་པར་མ་གྱུར་ན། གཞན་དག་ལ་ནི། བབ་བབ་ཏུ་སྨྲ་བར་མི་བྱའོ།། ཐོག་མར་རྒྱལ་པོའི་གནང་བ་རྣམས་ལ་བསྒོ་བར་བྱའོ། །དེའི་འོག་ཏུ་བཙུན་མོ་དང ། གཞོན་ནུ་དང ། བློན་པོ་དང ། སྡེ་དཔོན་དང ། ཞང་བློན་དང ། ཞམ་འབྲིང་བ་རྣམས་ལ་བསྒོ་བར་བྱ། དེ་ལ་ནན་ཏན་དུ་བྱ་བ་ནི། ཅི་ནས་ཚིག་གིས་བསྟན་པ་ཙམ་གྱིས་ཐར་པར་འགྱུར་གྱི། དེ་ལ་གསང་བའི་རྣམས་མི་འབྱུང་བར་བྱ་སྟེ། དེ་ནི། ནན་ཏན་དུ་བྱ་བ་ཞེས་བྱའོ། ། Pa445b ཕྱི་བཞིན་འབྲང་བའི་དགེ་སྦྱོང་གི་བྱ་བ་གང་ཞེ་ན། ཕྱི་བཞིན་འབྲང་བའི་དགེ་སྦྱོང་གིས་སྔ་ན་མོའི་དགེ་སྦྱོང་ལས་རིང་ནས་ཀྱང་མ་ཡིན། ཤིན་ཏུ་བསྙེན་ཏེ་ཡང་མ་ཡིན། ཕྲག་པ་སྦྱར་ཅིང་ཡང་མ་འགྲོ་བར་བྱ། ཁྱིམ་གྱི་ནང་དུ་འཇུག་ན་ཡང་གཏམ་གློ་བུར་དུ་དེ་ལ་མི་བྱ། ཕྱི་ནས་སྨྲ་བར་བྱ། དེས་བསྒོ་བ་རྣམས་བྱ། བཀུར་སྟི་བྱ། བདག་དམན་པར་བྱ། འཇིགས་པ་དང་དབང་དུ་འགྱུར་པར་བྱ། དགེ་སྦྱོང་སྔ་ན་མོ་ཆོས་བཞིན་མ་ཡིན་པ་ཞིག་སྨྲ་ན། སླར་དགག་པར་བྱ། ཆོས་བཞིན་དུ་སྨྲ་ན། རྗེས་སུ་ཡི་རང་བར་བྱ། དེ་ལ་ཆོས་བཞིན་པའི་རྙེད་པ་ཞིག་བྱུང་ན། བླང་བར་བྱ་སྟེ། འདི་ནི། ཕྱི་བཞིན་འབྲང་བའི་དགེ་སྦྱོང་གི་བྱ་བ་ཞེས་བྱའོ། །གྲོང་དུ་ཉེ་བར་འགྲོ་བའི་བྱ་བ་གང་ཞེ་ན། རིགས་སུ་སྟོན་པའི་དགེ་སློང་གིས་དྲེགས་པར་མི་བྱ། ང་རྒྱལ་མི་བསྐྱེད། མི་བརྟན་པར་མི་བྱ། བྱུང་རྒྱལ་དུ་མི་སྨྲ། མི་གཙིགས་པར་མི་བྱ། ཡང་དག་པར་ཤེས་པར་བྱ། ཉེ་བར་གཞག་པར་བྱ། སེམས་མི་གཡེང་བར་བྱ། དགའ་བར་འགྱུར་བ་དང ། སྤྱོད་ལམ་མཛེས་པར་བྱ། ཤིན་ཏུ་བསྡམས་པ་དང ། ཤིན་ཏུ་བཀབ་པ་དང ། སྒྲ་ཆུང་བ་དང ། མིག་གཉའ་ཤིང་གང་ཙམ་ལས་མི་གཡེང་བར་བྱ། བཀུར་སྟི་བཅས། བདག་ཉིད་དམན་པར་བཅས། འཇིགས་པ་དང་དབང་དུ་འགྱུར་བར་བཅས། ཡིད་དམན་པ་དང ། སེམས་ཕྱགས་མ་དང་འདྲ་བར་བྱ། རྙེད་པ་དང་བཀུར་སྟི་ལ་འདོད་པར་མི་བྱ། ཕན་པར་བྱེད་པ་དེ་ནི། གྲོང་ Pa446a ༄#། །དུ་འཇུག་པར་བྱེད་པའི་བྱ་བ་ཞེས་བྱའོ། །གྲོང་དུ་འགྲོ་བའི་བྱ་བ་གང་ཞེ་ན། དགེ་སློང་གྲོང་དུ་འགྲོ་འདོད་ན། ཤེས་བཞིན་དུ་འགྲོ་བར་བྱ། དྲན་པ་ཉེ་བར་གཞག་པར་བྱ། སེམས་མི་གཡེང་བར་བྱ། དབང་པོ་བསྡམ་པར་བྱ། ཡིད་མི་གཡེང་བར་བྱ། སྔ་ཕྱི་ལ་འདུ་ཤེས་པ་དང་བླ་འོག་ལ་འདུ་ཤེས་གཞག་།དགེ་སློང་དྲན་པ་ཉམས་བཞིན་དུ་གྲོང་དུ་འགྲོ་ན། ཉེས་པའི་དམིགས་རྣམ་པ་ལྔར་རིག་པར་བྱ་སྟེ། དགེ་སློང་འཁོད་པ་རྣམས་ལ་མ་བསྒོ་བཞིན་དུ་གྲོང་དུ་དུས་མ་ཡིན་པར་འཇུག་པ་དང ། མ་བརྟགས་པར་སྟན་ལ་འདུག་པ་དང ། རིག་པའི་སྐྱེས་པ་མེད་བཞིན་དུ་བུད་མེད་ལ་ཆོས་ཚིག་ལྔའམ། དྲུག་ལས་ལྷག་པར་སྟོན་པ་དང ། བུད་མེད་དང་ལྷན་ཅིག་གཉིས་སུ་སྐྱབས་ཡོད་པ་དབེན་པ་ན་འདུག་པར་བྱེད་པ་དང ། སྨེན་ངན་དུ་བཅས་པའི་གྲོང་དུ་ནན་གྱིས་སྟན་ལ་འདུག་པར་བྱེད་པའོ། །དགེ་སློང་དྲན་པ་ཉམས་བཞིན་དུ་གྲོང་དུ་འགྲོ་ན། གཞན་ཡང་ཉེས་པའི་དམིགས་རྣམ་པ་ལྔར་རིག་པར་བྱ་སྟེ། ཕྱི་ཕྱིར་བུད་མེད་ལ་ལྟ་བ་དང ། ལྟ་བ་ལས་ཀྱང་གཏམ་འཛེར་བ་དང ། གཏམ་ཟེར་བ་ལས་ཆགས་པར་གྱུར་པ་དང ། ཆགས་པར་གྱུར་པ་ལས་ཚུལ་བཞིན་མི་བྱེད་པ་དང ། ཚུལ་བཞིན་ཡིད་ལ་མི་བྱེད་པས་ན། མ་དད་བཞིན་མི་ཚངས་པར་སྤྱོད་པར་འགྱུར་ཏེ། ཉེས་པ་འབྱུང་བར་འགྱུར་བའམ། ཡང་ན་བསླབ་པ་ཕུལ་ནས་སླར་བབ་པར་འགྱུར་རོ། །དྲན་པ་ཉེ་བར་ Pa446b བཞག་བཞིན་དུ་གྲོང་གི་ནང་དུ་འཇུག་ན། ཉེས་པའི་དམིགས་དེ་ལྟ་བུ་འབྱུང་བར་མི་འགྱུར་ཏེ། དེ་ནི། གྲོང་དུ་འགྲོ་བའི་བྱ་བ་ཞེས་བྱའོ། །གྲོང་དུ་ཉེ་བར་སོང་བའི་བྱ་བ་གང་ཞེ་ན། གྲོང་དུ་སོང་བའི་དགེ་སློང་གིས་གཏམ་སྣ་ཚོགས་མི་སྨྲ། གཏམ་ངན་པ་མི་བྱ། ཆོས་ཀྱི་གཏམ་སྨྲ་བར་བྱ། གཏམ་རྒྱུན་མི་འཆད་པར་བྱ། ཁྱིམ་པ་རྣམས་ལ་ཆོས་ཀྱི་གཏམ་ཡང་དག་པར་བསྟན་བསྟབས། ཡང་དག་པར་གཟེངས་བསྟོད་པར་བྱ། རབ་ཏུ་མགུ་བར་བྱ། སྐྱབས་སུ་འགྲོ་བའི་བསླབ་པའི་གནས་འཛིན་དུ་གཞུག་།དུས་ཁྲིམས་ལ་གནས་པ་དང ། ཚངས་པར་སྤྱོད་པ་ལ་གནས་པ་དང ། སྦྱིན་པ་དང ། དུལ་བ་དང ། སྡོམ་པ་དང ། སྐྱེས་བུ་དམ་པ་བསྙེན་པའི་ཆོས་ཉན་པ་དང ། ཚུལ་བཞིན་ཡིད་ལ་བྱེད་པ་དང ། ཆོས་དང་རྗེས་སུ་མཐུན་པའི་ཆོས་ལ་ནན་ཏན་དུ་བྱེད་པ་དང ། ལམ་མ་ཡིན་པ་ལ་ལམ་མ་ཡིན་པར་དེ་ལྟར་ཡང་དག་པར་བསྒྲག་པར་བྱ། ཡེ་ཤེས་དང ། ལྟ་བ་རྣམ་པར་སྦྱང་བར་བྱ་སྟེ། དེ་ནི། གྲོང་དུ་སོང་བའི་བྱ་བ་ཞེས་བྱའོ། །གྲོང་དུ་སོང་བའི་གནས་བརྟན་གྱི་བྱ་བ་གང་ཞེ་ན། གྲོང་དུ་སོང་བའི་དགེ་སློང་གནས་བརྟན་གྱིས་དེ་ན་དགེ་སློང་གསར་བུ་རྣམས་ལ་བསྒོ་བར་བྱ། རྗེས་སུ་བསྟན་པར་བྱ། རྒྱགས་པ་དང ། དྲེགས་པ་དང ། ལུས་པར་ཚེགས་པ་དང ། རྩེད་མོ་མི་བྱེད་པར་བྱ། དགའ་བར་འགྱུར་བ་ལ་གཞུག་པར་བྱ། ཇི་ལྟར་མཚུངས་པར་སྤྱོད་པ་བཅས་པ་ལ་གཞུག་པར་བྱ། དེ་དག་གིས་ཀྱང་དེས་ཇི་ལྟར་བསྒོ་བ་དང ། Pa447a ༄#། །རྗེས་སུ་བསྟན་པའི་ཚིག་རྣམས་ལ་མཉན་པར་བྱ་སྟེ། དེ་ནི། གྲོང་དུ་སོང་བའི་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །གཞི་ན་གནས་པའི་བྱ་བ་གང་ཞེ་ན། གཞི་ན་གནས་པའི་དགེ་སློང་གིས་མདངས་བཟང་བ་དང ། ཁྲོ་གཉེར་དང་བྲལ་བ་དང ། དྲན་པ་ཐོག་མར་འགྲོ་བ་དང ། ཐོག་མར་སྨྲ་བར་བྱ་སྟེ། ཚུར་སྤྱོན། བདེ་བར་བྱོན་ཏམ་ཞེས་ཚིག་སྙན་པ་དང ། ཚིག་ཡིད་དུ་འོང་བ་དང ། མགུ་བར་འགྱུར་བས་སྨྲ་བར་བྱ། གློ་བུར་དུ་ལྷགས་པའི་དགེ་སློང་དག་མཐོང་ན། མཛའ་བའི་ཚུལ་གྱིས་མདུན་དུ་བསུ་བར་བྱ། སྙན་པའི་ཚིག་གིས་རབ་ཏུ་དགའ་བར་བྱ། བདེ་བ་ལ་རེག་པར་སྤྱད་དམ། བདེ་བར་ལྷགས་སམ་ཞེས་དྲི་བར་བྱ། དེ་སྟེ་རྒན་པ་ཞིག་ཡིན་ན་ནི། དེ་ལ་ཕྱག་བྱས་ནས་ལྷུང་བཟེད་དང ། ཆོས་གོས་བླངས་ཏེ། གཙུག་ལག་ཁང་གི་ནང་དུ་བཅུག་ལ་སྟན་གཞག་པར་བྱ། རྐང་པ་བཀྲུ་ཞིང་བླ་མར་བྱ། སྐོམ་ན། ཆུ་གྲང་མོ་བླུད་པར་བྱ། ཇི་ལྟར་ནུས་ཤིང་མགུ་བར་འགྱུར་བའི་ཆོས་བཞིན་བསྒྱུར་བར་བྱ། ཇི་ལྟར་རིགས་པ་བཞིན་མལ་སྟན་རྣམས་ཀྱང་སྦྱིན་པར་བྱ། ཇི་སྲིད་དུ་འདུག་པ་དེ་ལ་ཕ་དང ། ཕུ་ནུ་དང ། བུ་ལྟར་འདུ་ཤེས་མངོན་དུ་གཞག་ཅིང་གཟུང་བར་བྱའོ། །ན་ན་ཡང་ཡལ་བར་མི་འདོར་ཏེ། དེ་ནི། གཞི་ན་གནས་པའི་བྱ་བ་ཞེས་བྱའོ། །ངལ་བསོ་བའི་བྱ་བ་གང་ཞེ་ན། གློ་བུར་དུ་འོངས་པའི་དགེ་སློང་གིས་གཙུག་ལག་ཁང་དུ་འོངས་ན། དེས་ Pa447b གཞི་ན་གནས་པའི་དགེ་སློང་ལས་མལ་སྟན་རྣམས་བསྐམས་ཤིང་རིངས་ཐབས་སུ་དགུག་པར་མི་བྱ། སྣང་བའི་གནས་སུ་འདུག་པར་བྱ། སྤྱོད་ལམ་བཟང་བར་བྱ། ལེགས་པར་བསྒོ་བར་བྱ། ལེགས་པར་བསྡམ་པར་བྱའོ། །འདི་ཡང་ངལ་བསོ་བའི་བྱ་བ་ཡིན་ཏེ། གཞི་ན་གནས་པའི་དགེ་སློང་དག་གིས་དགེ་སློང་གློ་བུར་དུ་ལྷགས་པ་མཐོང་ན། དེ་སྟེ་ངོ་ཤེས་ན། ངལ་བསོ་བར་བྱ། ཇི་ལྟར་མཚུངས་པར་སྤྱོད་པའི་ཆོས་བཅས་པ་བཞིན་དུ་མཚུངས་པར་སྤྱད་པར་བྱ། དེ་སྟེ་ངོ་མི་ཤེས་ན། བབ་བབ་ཏུ་ངལ་བསོ་བར་མི་བྱ། དགེ་སློང་དག་ལའང་ཚེ་དང་ལྡན་པ། འདི་སུའི་ལྷན་ཅིག་སྤྱོད་པ་ཡིན། འདིའི་སྤྱོད་པ་ཇི་ལྟ་བུ་ཞེས་དྲི་བར་བྱའོ། །དེ་སྟེ་དེའི་སྤྱོད་པ་དང ། སྤྱོད་ཡུལ་དང ། ཚུལ་ཁྲིམས་དང ། སྡོམ་པ་དང ། མཚུངས་པར་སྤྱོད་པ་རྣམས་རྟོགས་ན། གདོད་ངལ་བསོ་བར་བྱའོ། །དེ་གཅིག་པུ་ལ་གཙུག་ལག་ཁང་གཏད་པར་མི་བྱ། དགེ་འདུན་གྱི་མཛོད་དང ། བང་བ་དང ། དགེ་འདུན་གྱི་མལ་ལ་དབང་དུ་གཞུག་པར་མི་བྱ། ཤིན་ཏུ་རྟོགས་པར་བྱས་ལ་གདོད་ཡིད་གཅུགས་པར་བྱ་བ་དེ་ནི། ངལ་བསོ་བའི་བྱ་བ་ཞེས་བྱའོ། །བར་སྣང་གི་བྱ་བ་གང་ཞེ་ན། བར་སྣང་ཐམས་ཅད་ནི། མཚམས་གཅིག་པ་མ་ཡིན་ཏེ། དེར་གནས་པ་དང ། འདི་ན་གནས་པ་ལྷན་ཅིག་ཏུ་ལས་བྱ་ཞིང་བསྐྱོ་བ་ཡང་མི་བརྩན། འདི་ན་གནས་པ་དང ། དེ་ན་གནས་པ་དག་ལྷན་ཅིག་ཏུ་ལས་བྱས་པར་མི་འགྱུར། བསྐྱོས་པ་ Pa448a ༄#། །ཡང་མི་བརྩན་ནོ། །དགེ་སློང་སྐྱ་རེངས་མ་ཤར་བར་ཆོས་གོས་མེད་བཞིན་དུ་སྟེང་དུ་མི་འབྱུང ། དབྱར་ཚུལ་དུ་ཞུགས་ན་ཡང་ཞག་བདུན་ནམ། ཞག་བཞི་བཅུར་བྱིན་གྱིས་མ་བརླབས་པར་ནམ་མཁའ་ལ་བྱུང་ཞིང་གནས་པར་མི་བྱའོ། །དེ་སྟེ་བྱུང་ཞིང་གནས་ན། ཆོས་གོས་དང་བྲལ་བར་འགྱུར་ལ། དབྱར་ཀྱང་ཞིག་པར་འགྱུར་ཏེ། འདི་ནི། བར་སྣང་གི་བྱ་བ་ཞེས་བྱའོ། །གཏན་པའི་བྱ་བ་གང་ཞེ་ན། གཏན་པ་ལ་ཡོན་ཏན་ལྔ་སྟེ། ཞག་གཅིག་གིས་འབྲལ་བ་མེད། ཞག་བཅུས་འབྲལ་བ་མེད། ཟླ་བ་གཅིག་གིས་འབྲལ་བ་མེད། ཇི་སྙེད་དགོས་པའི་གོས་རྣམས་བྱིན་གྱིས་མ་བརླབས་ཀྱང་འཆང་དུ་རུང ། སྟོད་གཡོགས་དང་མཐང་གོས་ཀྱིས་ལྗོངས་རྒྱུ་བར་རུང་ངོ ། །གཞན་ཡང་གཏན་པ་ལ་ཡོན་ཏན་རྣམ་པ་ལྔ་སྟེ། འདུས་ཤིང་ཟ་བ་མེད། ཡང་ཡང་ཟ་བ་མེད། ཕྱི་མ་ལ་བསྒོ་བར་འགྲོ་བ་མེད། ཆོས་གོས་ཅི་དགོས་པ་ཚོལ་དུ་རུང ། སྟོན་ཟླ་ཐ་ཆུང་ནས་དཔྱིད་ཟླ་ར་བའི་བར་དུ་དབྱར་ཚུལ་དུ་ཞུགས་པའི་དགེ་སློང་དགེ་འདུན་རྣམས་ཀྱིས་རྙེད་པ་མ་བགོས་ཤིང་བཞག་པ་དེའང་གཏན་པ་བཏིང་བ་རྣམས་ཀྱིས་མ་དད་ན། གཞན་ལ་མི་སྦྱིན་ནོ། །དེ་ནི། གཏན་པའི་བྱ་བ་ཞེས་བྱའོ། །ཆུ་ཚགས་ཀྱི་བྱ་བ་གང་ཞེ་ན། དགེ་སློང་ཆུ་ཚགས་མེད་ན། ལམ་དུ་ཞུགས་ཤིང་འགྲོ་བར་མི་བྱའོ། །དེ་སྟེ་ཆུ་རྒྱུན་དུ་འབབ་ལ་དེ་ཡང་རུང་བར་གྱུར་ཏེ་ཆུ་གཞན་དང་མ་འདྲེས་པ་ཞིག་ Pa448b གམ། ཁྲོན་པ་རུང་བ་ཞིག་གམ། རྒྱང་གྲགས་ཕྱེད་ཕྱེད་དུ་གཙུག་ལག་ཁང་རྒྱུན་ཆགས་པར་ཡོད་པ་མ་གཏོགས་ཏེ། དེ་ནི། ཆུ་ཚགས་ཀྱི་རུང་བ་ཞེས་བྱའོ། །འཆག་སའི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་འཆག་ས་རྣམ་པ་གཉིས་རྗེས་སུ་གནང་སྟེ། བསམ་གཏན་ལ་ཞུགས་པ་དང ། ཁ་ཏོན་ལ་ཞུགས་པའོ། །བསམ་གཏན་ལ་ཞུགས་པའི་འཆག་ས་ནི། ཁྲུ་བཅོ་བརྒྱད་དོ། །ཁ་ཏོན་ལ་ཞུགས་པའི་འཆག་ས་ནི། ཁྲུ་བཅུ་གཉིས་ཏེ། དེ་ནི། འཆག་སའི་བྱ་བ་ཞེས་བྱའོ། །འཆག་པའི་བྱ་བ་གང་ཞེ་ན། དགེ་སློང་འཆག་པར་འདོད་ན། དེས་དྲག་ཏུ་ཡང་མ་ཡིན། དལ་ནས་འཆག་པར་བྱ། ཤེས་བཞིན་དུ་འཆག་པར་བྱ། དྲན་པ་ཉེ་བར་གཞག་།དབང་པོ་ནང་དུ་གཞག་།ཡིད་ཕྱིར་མི་དབྱུང་བར་བྱ། བརྡེག་མི་འཆོས་པར་བྱ། ཕན་ཚུན་མི་འཁྱོར་བར་བྱ། དྲང་པོར་འཆག་པར་བྱ། དེ་སྟེ་དྲང་པོར་འཆག་མི་ནུས་ན། སྲད་བུ་བྲེ་བར་བྱ། སྲད་བུ་བྲེས་པ་ལ་སྦུ་གུ་བཅུག་ནས་དེ་ལ་འཇུ་ཞིང་འཆག་པར་བྱ་སྟེ། དེ་ནི། འཆག་པའི་བྱ་བ་ཞེས་བྱའོ། །འཕྱེན་གྱི་བྱ་བ་གང་ཞེ་ན། སྟོན་པའི་དྲུང་དུ་མི་གཏང ། མཆོད་རྟེན་གྱི་དྲུང་དུ་མ་ཡིན། མཁན་པོ་དང་སློབ་དཔོན་གྱི་དྲུང་དུ་མ་ཡིན། བླ་མའི་དྲུང་དུ་མ་ཡིན། བླ་མར་བྱ་བའི་དྲུང་དུ་མ་ཡིན། གྲོང་གི་ནང་དུ་སྐྱེ་བོ་མང་པོ་བའི་མདུན་དུ་མ་ཡིན། ཕྱི་ཕྱིར་གཏང་བར་མི་ Pa449a ༄#། །བྱ། དེ་སྟེ་ཡང་ཕྱི་ཕྱིར་གཏོང་བ་ཞིག་ཏུ་གྱུར་ན། གནས་གུད་དུ་སོང་ལ་གཏང་བར་བྱའི། དེའི་རྐྱེན་གྱིས་གཞན་ལ་མི་བདེ་བར་འགྱུར་བར་མི་བྱ་སྟེ། འདི་ནི། འཕྱེན་གྱི་བྱ་བ་ཞེས་བྱའོ། །ཕྱི་བའི་བྱ་བ་གང་ཞེ་ན། དགེ་སློང་བཞར་བར་འདོད་ན། རྣོ་བའི་ཡོ་བྱད་ཀྱིས་བཞར་བར་མི་བྱ། རྩཝ་བསྡུས་པས་མི་བྱ། ལོ་མའམ། ར་དའམ། འཇམ་པ་གཞན་གྱིས་བཞར་བར་བྱ་སྟེ། དེ་ནི། བཞར་བའི་བྱ་བ་ཞེས་བྱའོ། །བཤང་བའི་བྱ་བ་གང་ཞེ་ན། དགེ་སློང་གིས་བབ་བབ་ཏུ་བཤང་བར་མི་བྱ། རྩིག་པའི་དྲུང་དུ་མ་ཡིན། ཤིང་གི་དྲུང་དུ་མ་ཡིན། ཤེས་བཞིན་དུ་ཕྱོགས་གཅིག་ཏུ་བཤད་བར་བྱའོ། །དེ་སྟེ་ཕྱི་ཕྱིར་བཤང་བ་ཞིག་ཏུ་གྱུར་ན། བཤང་བའི་གྱོ་མོ་དྲུང་དུ་གཞག་པར་བྱ། ཡང་ན་ཁུང་བུ་བརྐོ་བར་བྱ་སྟེ། འདི་ནི། བཤང་བའི་བྱ་བ་ཞེས་བྱའོ། །བཤང་སའི་བྱ་བ་གང་ཞེ་ན། དགེ་སློང་བཤང་སར་འགྲོ་བར་འདོད་པས། སྔ་ན་འདུག་པས་ཚོར་བར་བྱ་བའི་ཕྱིར་སེ་གོལ་གཏོགས་པར་བྱ། སྔོན་དུ་ཞུགས་པས་ཀྱང་ལུད་པ་དབྱུང་བར་བྱ། ཤེས་བཞིན་དུ་ནང་དུ་འགྲོ་བར་བྱ། ཆོས་གོས་ལེགས་པར་བརྫེས་ནས་འདུག་པར་བྱ། བཤང་སའི་ཁུང་བུར་རྐང་རྟེན་གཉིས་ལ་ལེགས་པར་བརྟགས་ནས་དབུས་སུ་འདུག་པར་བྱ། བཤང་བ་མི་ Pa449b འོང་བ་ལ་ནན་གྱིས་བཙིར་བར་མི་བྱ། འོང་བ་ལའང་དགག་པར་མི་བྱ་སྟེ། དེ་ནི། བཤང་སའི་བྱ་བ་ཞེས་བྱའོ། །བཤང་སའི་ཁུང་བུའི་བྱ་བ་གང་ཞེ་ན། དགེ་སློང་བཤང་བར་འདོད་ན། དལ་ནས་བགས་ཀྱིས་ཤེས་བཞིན་དུ་བཤང་བར་བྱ། བཤང་སའི་ཁུང་ཁ་རྣམས་སུ་གོས་ཤིང་ཆགས་པར་མི་བྱ་སྟེ། འདི་ནི། བཤང་སའི་ཁུང་བུའི་བྱ་བ་ཞེས་བྱའོ། བཤང་སར་གནས་བརྟན་གྱི་བྱ་བ་གང་ཞེ་ན། བཤང་སར་དགེ་སློང་གནས་བརྟན་གྱིས་གསར་བུ་འདུག་པ་སླར་བསླང་བར་མི་བྱ། བཤང་སར་འདུག་པ་ལས་སླར་བསླང་བར་མི་བྱ་བ་ནི། ཆུང་དུ་ན་བཤང་སའི་ནང་དུ་ཞུགས་པ་ཡང་སླར་བཟློག་པར་མི་བྱ་སྟེ། དེ་ནི། བཤང་སར་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །བཤང་སའི་ཁོར་ཡུག་གི་བྱ་བ་གང་ཞེ་ན། དགེ་སློང་བཤང་སའི་ཉེ་འཁོར་ན་འགྲེང་བར་མི་བྱ། འདུག་པར་མི་བྱ། འཆག་པར་མི་བྱ། ལུང་བསྒོ་བར་མི་བྱ། ལུང་ནོད་པར་མི་བྱ། དྲན་པར་མི་བྱ། སླར་དྲི་བར་མི་བྱ། རྣལ་འབྱོར་དང་ཡིད་ལ་བྱེད་པ་མི་བྱ། གཏམ་ལ་ཞུགས་ཤིང་མི་བྱ། ལྷུང་བཟེད་ཀྱི་ལས་མི་བྱ། ཆོས་གོས་ཀྱི་ལས་མི་བྱ། སོ་ཤིང་འཆའ་བར་མི་བྱ། ལག་པ་དང་རྐང་པ་བཀྲུ་བར་མི་བྱ། བྱའོ་ཅོག་ཐམས་ཅད་ཀྱང་བཤང་སའི་ཕྱོགས་ཀུན་ཏུ་མི་བྱའོ། །བཤང་སའི་གནས་སུ་ངེས་པར་བྱ་བའི་བྱ་བ་རྣམས་ནི། མ་གཏོགས་ཏེ། འདི་ནི། Pa450a ༄#། །བཤང་སའི་ཉེ་འཁོར་གྱི་བྱ་བ་ཞེས་བྱའོ། །གཅི་བའི་བྱ་བ་གང་ཞེ་ན། དགེ་སློང་གིས་བབ་བབ་ཏུ་གཅི་བར་མི་བྱ། རྩིག་དྲུང་དུ་གཅི་བར་མི་བྱ། ཤིང་དྲུང་དུ་གཅི་བར་མི་བྱ། ཤེས་བཞིན་དུ་ཕྱོགས་གཅིག་ཏུ་གཅི་བར་བྱའོ། །དེ་སྟེ་གཅིན་སྙི་བ་ཞིག་ཏུ་གྱུར་ན། གཅིན་སྣོད་གྱོ་མོ་བཅང་བར་བྱ། ཡང་ན་ཁུང་བུ་བརྐོ་བར་བྱ་སྟེ། འདི་ནི། གཅི་བའི་བྱ་བ་ཞེས་བྱའོ། །གཅི་བའི་སའི་བྱ་བ་གང་ཞེ་ན། དགེ་སློང་གཅི་སར་འཇུག་པར་འདོད་ན། དེས་སྡ་\་ཥྞGཱ\་ན་འདུག་པས་ཚོར་བར་བྱ་བའི་ཕྱིར་སེ་གོལ་གཏོགས་པ་ནས་སྔ་མ་བཞིན་ཏེ། མི་བྲོ་བ་ལ་ནི། མི་བཙིར། བྲོ་བ་ལ་ནི། མི་དགག་པའི་བར་དུ་སྟེ། འདི་ནི། གཅི་བའི་སའི་བྱ་བ་ཞེས་བྱའོ། །གཅི་བའི་ཁུང་བུའི་བྱ་བ་གང་ཞེ་ན། དགེ་སློང་གིས་གཅི་སའི་ཁུང་ཁར་བགས་ཀྱིས་ཤེས་བཞིན་དུ་གཅི་བར་བྱ། གཅིན་ཁུང་གི་ཁར་མི་གཏོར་བ་དང ། མི་བྲེས་པར་བྱ་སྟེ། དེ་ནི། གཅི་སའི་བྱ་བ་ཞེས་བྱའོ། །གཅི་སར་གནས་བརྟན་གྱི་བྱ་བ་གང་ཞེ་ན། གཅི་སར་དགེ་སློང་གནས་བརྟན་གྱིས་གཅི་སར་དགེ་སློང་གསར་བུ་གཅི་ཞིང་འདུག་པ་བསླང་བར་མི་བྱ། གཅི་སར་འདུག་པ་ལས་མི་བསླང་བར་བྱ་བ་ནི། ཆུང་དུ་ན་གཅི་སར་ཞུགས་པ་ཡང་བཟློག་པར་མི་བྱ་སྟེ། འདི་ནི། གཅི་སར་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །གཅི་སའི་ཉེ་འཁོར་གྱི་བྱ་བ་ Pa450b གང་ཞེ་ན། དགེ་སློང་གཅི་སའི་ཉེ་འཁོར་དུ་འགྲེང་བར་མི་བྱ་བ་ནས་སྔ་མ་བཞིན་ཏེ། གཅི་སའི་ཉེ་འཁོར་གྱི་བྱ་བ་ནི། མ་གཏོགས་སོ། །ཞེས་བྱ་བའི་བར་དུ་སྟེ། དེ་ནི། གཅི་སའི་ཉེ་འཁོར་གྱི་བྱ་བ་ཞེས་བྱའོ། །བཀྲུ་བའི་བྱ་བ་གང་ཞེ་ན། དགེ་སློང་གིས་མ་བཀྲུས་ཀྱི་བར་དུ་སྟོན་པ་ལ་བལྟར་འགྲོ་བར་མི་བྱ། མཆོད་རྟེན་ལ་མ་ཡིན། མཁན་པོ་དང་སློབ་དཔོན་ལ་མ་ཡིན། བླ་མ་ལ་མ་ཡིན། བླ་མར་བྱ་བ་ལ་མ་ཡིན་ཏེ། ཕྱག་མི་བྱ། ཁ་ཏོན་མི་བྱ། ལུང་མི་བསྒོ། བླང་བར་མི་བྱ། དྲན་པར་མི་བྱ། ཀུན་བྲི་བར་མི་བྱ། གྲོང་དུ་འཇུག་པར་མི་བྱ། ཟན་ལ་འདུག་པར་མི་བྱ། སྐྱོ་མ་ལ་འདུག་པར་མི་བྱ། ཐུག་པ་ལ་འདུག་པར་མི་བྱ། བཏུང་བ་ལ་འདུག་པར་མི་བྱ། ཆོས་བཤད་པ་ལ་འདུག་པར་མི་བྱ། ཕྱོགས་བཞིའི་དགེ་འདུན་གྱི་མལ་སྟན་ལ་འདུག་པར་མི་བྱ། ན་བར་གྱུར་ན་ནི། ཉེས་པ་མེད་དེ། ཡང་ན་མེའི་ལྷ་ཆུ་ཡིན་པར་གྱུར་ཏམ། དེ་སྟེ་ཆུ་མ་འབྱོར་ཏམ། དེ་སྟེ་བཀྲུ་བར་མི་རུང་བའི་སྨན་ཞིག་བཏང་བ་ནི། མ་གཏོགས་ཏེ། དེ་ནི། བཀྲུ་བའི་བྱ་བ་ཞེས་བྱའོ། །བཀྲུ་བའི་གནས་ཀྱི་བྱ་བ་གང་ཞེ་ན། བཀྲུ་བའི་གནས་སུ་འགྲོ་བའི་དགེ་སློང་གིས་སེ་གོལ་གཏོགས་པ་ནས་སྔ་མ་བཞིན། བཀྲུ་བའི་གནས་ཀྱི་དབུས་སུ་འདུག་པར་བྱ་བའི་བར་དུ་སྟེ། འདི་ནི། བཀྲུ་བའི་གནས་ཀྱི་བྱ་བ་ Pa451a ༄#། །ཞེས་བྱའོ། །བཀྲུ་བའི་གནས་སུ་རྐང་པ་བཞག་པའི་སའི་བྱ་བ་གང་ཞེ་ན། ཁྲུས་བྱེད་པར་འདོད་པའི་དགེ་སློང་གིས་བཀྲུ་བའི་ཚེ་བཀྲུ་བའི་གནས་སུ་ཁ་ཆུས་མི་དགང་བ་དང ། ཆུས་མི་གཤེར་བར་བྱ་སྟེ། འདི་ནི། བཀྲུ་བའི་གནས་ཀྱི་རྐང་པ་གཞག་པའི་གནས་ཀྱི་བྱ་བ་ཞེས་བྱའོ། །ཁྲུས་ཀྱི་སར་གནས་བརྟན་གྱི་བྱ་བ་གང་ཞེ་ན། དགེ་སློང་གནས་བརྟན་གྱིས་ཁྲུས་སར་དགེ་སློང་གསར་བུ་བསླང་བར་མི་བྱ། ཁྲུས་ལ་ཞུགས་པ་ལས་མི་བསླང་བ་ནི། ཆུང་ངུ་ན་ཁྲུས་སར་ཞུགས་པ་ཡང་བཟློག་པར་མི་བྱ་སྟེ། དེ་ནི། ཁྲུས་སར་གནས་བརྟན་གྱི་བྱ་བ་ཞེས་བྱའོ། །ཁྲུས་སའི་ཉེ་འཁོར་གྱི་བྱ་བ་གང་ཞེ་ན། དགེ་སློང་གིས་ཁྲུས་སའི་ཉེ་འཁོར་དུ་འགྲེང་ཞིང་འདུག་པར་མི་བྱ་བ་ནས་སྔ་མ་བཞིན། ཁྲུས་སའི་ཉེ་འཁོར་དུ་བྱ་བའི་བྱ་བ་རྣམས་ནི། མ་གཏོགས་པའི་བར་དུ་སྟེ། དེ་ནི། ཁྲུས་སའི་ཉེ་འཁོར་གྱི་བྱ་བ་ཞེས་བྱའོ། །མཆིལ་མའི་བྱ་བ་གང་ཞེ་ན། དེ་ན་དགེ་སློང་གིས་སྒྲ་དང་བཅས་པས་མཆིལ་མ་དོར་བར་མི་བྱ། ལྕེ་དྲིལ་བར་སོས་མནན་པར་མི་བྱ། སྟོན་པའི་སྤྱན་སྔར་མ་ཡིན། མཆོད་རྟེན་གྱི་དྲུང་དུ་མ་ཡིན། མཁན་པོ་དང་སློབ་དཔོན་གྱི་དྲུང་དུ་མ་ཡིན། བླ་མའི་དྲུང་དུ་མ་ཡིན། བླ་མར་གྱུར་པའི་དྲུང་དུ་མ་ཡིན། ཟན་ཟ་བ་ Pa451b ན་མ་ཡིན། འཐུང་བ་ན་མ་ཡིན། ཡོངས་སུ་ལས་བྱ་བའི་སར་མ་ཡིན། དགེ་སློང་གིས་བབ་བབ་ཏུ་མཆིལ་མ་དོར་བར་མི་བྱ། མཆིལ་མ་དོར་ནས་ཕྱལ་བར་མི་བྱ་སྟེ། ཡང་ན་རྐང་པས་ཉེས་ཤིག་།ཡང་ན་སས་ཁོབ་ཅིག་།དགེ་སློང་གིས་མཆིལ་མ་ཕྱི་ཕྱིར་དོར་བར་མི་བྱའོ། །དེ་སྟེ་ཕྱི་ཕྱིར་འདོར་ན། དེའི་རྐྱེན་གྱིས་གཞན་མི་བདེ་བར་མི་འགྱུར་བའི་ཕྱིར་གནས་གཞན་དུ་འགྲོ་བར་བྱ་སྟེ། དེ་ནི། མཆིལ་མའི་བྱ་བ་ཞེས་བྱའོ། །མཆིལ་མའི་སྣོད་ཀྱི་བྱ་བ་གང་ཞེ་ན། བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་མཆིལ་མ་དོར་བར་བྱ་བའི་ཕྱིར་མཆིལ་མའི་སྣོད་རྣམ་པ་གཉིས་གནང་སྟེ། རྫ་མཁན་གྱིས་བྱས་པ་དང ། བདག་ཉིད་ཀྱིས་བྱས་པའོ། །དགེ་སློང་གིས་མཆིལ་མའི་སྣོད་དུས་སུ་བརྟག་པར་བྱ། བསྐམ་པར་བྱ། དབེན་པར་གཞག་པར་བྱ། ཤིན་ཏུ་བཀྲུ་བར་བྱ། ཅི་ནས་དེའི་རྐྱེན་གྱིས་ཕྱི་ཕྱིར་ཚོལ་བར་མི་འགྱུར་བར་བྱ་སྟེ། དེ་ནི། མཆིལ་མའི་སྣོད་ཀྱི་བྱ་བ་ཞེས་བྱའོ། །སོ་ཤིང་གི་བྱ་བ་གང་ཞེ་ན། དགེ་སློང་གིས་སོ་ཤིང་རིང་པོ་བཅང་བར་མི་བྱ། ཤིན་ཏུ་ཐུང་བའང་མ་ཡིན། ཤིན་ཏུ་སྦོམ་པའང་མ་ཡིན། ཤིན་ཏུ་ཕྲ་བའང་མ་ཡིན། ཡུན་རིང་དུ་ཡང་མ་ཡིན། སྟོན་པའི་སྤྱན་སྔར་ཡང་མ་ཡིན། མཆོད་རྟེན་གྱི་དྲུང་དུ་ཡང་མ་ཡིན། མཁན་པོ་དང ། སློབ་དཔོན་གྱི་ཐད་དུ་ཡང་ Pa452a ༄#། །མ་ཡིན། བླ་མའི་ཐད་དུ་ཡང་མ་ཡིན། བླ་མར་གྱུར་པའི་དྲུང་དུ་ཡང་མ་ཡིན། མེ་ཁང་དུ་མ་ཡིན། བཀད་སར་མ་ཡིན། འཆག་སར་མ་ཡིན་དུགས་ཁང་དུ་མ་ཡིན། རྐང་པ་བཀྲུ་བའི་སར་མ་ཡིན། གནས་ཁང་དུ་མ་ཡིན། རུང་ཁང་དུ་མ་ཡིན། སྒོ་ཁང་དུ་མ་ཡིན། བཤང་སར་མ་ཡིན། རྩིག་པའི་དྲུང་དུ་མ་ཡིན། ཤིང་དྲུང་དུ་མ་ཡིན། གཙུག་ལག་ཁང་གི་ཕྱག་དར་བྱ་བའི་ཁོ་ར་ཁོར་ཡུག་ཏུ་མ་ཡིན། སྐྱེ་བོ་མང་པོ་འདུ་བ་ཐམས་ཅད་དུ་ཡང་སོ་ཤིང་དོར་བར་མི་བྱ། དགེ་སློང་གིས་རྣམ་པ་གསུམ་དབེན་པར་བྱ་སྟེ། བཤང་བ་དང ། གཅི་བ་དང ། སོ་ཤིང་བཅའ་བའོ། །དགེ་སློང་གིས་སོ་ཤིང་འཆོས་ནས་དེ་བཞིན་དུ་མི་འདོར་གྱི། ཆུས་བཀྲུ་བར་བྱ། ཡང་ན་རྡོག་པས་མཉེ་བར་བྱ། སས་དྲུད་པར་བྱ་སྟེ། འདི་ནི། སོ་ཤིང་གི་བྱ་བ་ཞེས་བྱའོ། །སོ་དྲུད་པའི་བྱ་བ་གང་ཞེ་ན། དགེ་སློང་གིས་སོ་ཤིང་རྣོན་པོས་སོ་དྲུད་པར་མི་བྱ། བག་མེད་པར་ནང་དུ་གཞུག་པར་མི་བྱ། དལ་ནས་བགས་ཀྱིས་ཤེས་བཞིན་དུ་དྲུད་པར་བྱ། སོ་རྙིལ་དྲུད་པར་མི་བྱ་སྟེ། འདི་ནི། སོ་དྲུད་པའི་བྱ་བ་ཞེས་བྱའོ། །ལྕེ་བཞར་བའི་བྱ་བ་གང་ཞེ་ན། དགེ་སློང་གི་ལྕེ་བཞར་བ་རྣོན་པོས་བཞར་བར་མི་བྱ། བག་མེད་པར་ནང་དུ་གཞུག་པར་མི་བྱ། བགས་ཀྱིས་དལ་ནས་ Pa452b ཤེས་བཞིན་དུ་ལྕེ་བཞར་བར་བྱ། ལྕེའི་ཤ་བཞར་བར་མི་བྱ་སྟེ། འདི་ནི། ལྕེ་བཞར་བའི་བྱ་བ་ཞེས་བྱའོ། །རྣ་སྤབས་བྲུ་བའི་བྱ་བ་གང་ཞེ་ན། དགེ་སློང་གིས་རྩེ་མོ་རྣོན་པོས་རྣ་སྤབས་བྲུ་བར་མི་བྱ། བག་མེད་པར་ནང་དུ་གཞུག་པར་མི་བྱ། བགས་ཀྱིས་དལ་ནས་ཤེས་བཞིན་དུ་རྣ་སྤབས་བྲུ་བར་བྱ། རྣ་བའི་ཤ་བྲུ་བར་མི་བྱ་སྟེ། འདི་ནི། རྣ་སྤབས་བྲུ་བའི་བྱ་བ་ཞེས་བྱའོ། །ཀུན་སྤྱད་པ་གང་ཞེ་ན། དགེ་སྦྱོང་གི་ཡོ་བྱད་ཐམས་ཅད་མཚུངས་པར་སྤྱོད་པ་ནི། སྤྱད་པའོ། །མི་སྤྱད་པ་གང་ཞེ་ན། དེ་སླར་བཟློག་པ་ནི། མི་སྤྱད་པའོ། །མ་ལྟ་བུའི་བྱ་བའི་ཕུང་པོ་གསུམ་པ་རྫོགས་ཏེ། མ་ལྟ་བུ་རྫོགས་སོ།། །།བཙུན་པ། འདུལ་བའི་ལུས་གང་ལགས། དམིགས་པ་གང་ལགས། བྱིན་གྱིས་བརླབ་པ་གང་ལགས། མཚན་ཉིད་གང་ལགས། གླེང་གཞི་གང་ལགས། ངོ་བོ་ཉིད་གང་ལགས། འབྲས་བུ་གང་ལགས། ཨུ་པ་ལི། འདུལ་བའི་ལུས་ནི། དམིགས་པའོ། །དམིགས་པ་ནི། ནན་ཏན་ནོ། །བྱིན་གྱིས་བརླབ་པ་ནི། ལུས་དང ། ངག་དང ། ཡིད་དོ། །མཚན་ཉིད་ནི། ལས་སོ། །གླེང་གཞི་ནི། བསྒྲགས་པའོ། །ངོ་བོ་ཉིད་ནི། ངེས་པའོ། །འབྲས་བུ་ནི། མཐོ་རིས་དང ། ཐར་པའོ། །འདུལ་བ་གཞུང་དམ་པ་རྫོགས་ཏེ། ཨུ་པ་ལིས་ཀུན་དྲིས་པ་རྫོགས་སོ།། །།མཁས་པའི་དབང་ཕྱུག་བུ་སྟོན་ཁ་ཆེས་ཞིབ་ Pa453a ༄#། །ཏུ་གཏན་ལ་ཕབ་ཅིང ། ཞུས་དག་མཛད་པའི་དཔེ་ལ་ཕྱི་མོ་བགྱིས་ནས་རྒྱུ་སྦྱོར་རྣམས་ཀྱི་དད་པའི་རྫས་ལ་སྙིང་པོ་བླང་བའི་ཕྱིར་ལྷག་བསམ་དཀར་བས་བསྒྲུབས་པའི་དགེ་བ་སྡིག་པའི་དྲི་མས་མ་གོས་པའི་དངོས་དག་ལགས། འདུལ་བའི་གསུང་རབ་སྡེ་བཞི་ལུང་གི་ཆོས། །རབ་དཀར་འདུན་པས་བཞེངས་པའི་བསོད་ནམས་འདིས། །དྲིན་ཅན་མར་གྱུར་སེམས་ཅན་མཐའ་ཡས་ཀུན། །རྣམ་དག་ཚུལ་ཁྲིམས་རྒྱན་གྱིས་མཛེས་པར་ཤོག། སརྦ་མངྒ་ལཾ།། །། |