rKTs


H797

(e-text produced by ACIP)

see text in transliteration
213a
རྒྱ་གར་སྐད་དུ། བཛྲ་སཏྭ་མཱ་ཡཱ་ཛ་ལ་གུ་ཧྱ་སརྦ་ཨཱ་དཪྴ་ནཱ་མ་ཏནྟྲ ། བོད་སྐད་དུ། རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲ་བ་གསང་བ་ཐམས་ཅད་ཀྱི་མེ་ལོང་ཞེས་བྱ་བའི་རྒྱུད། ཨོཾ་རྣམ་པར་སྣང་མཛད་ལ་ཕྱག་འཚལ་ལོ། །ཧཱུཾ་མི་བསྐྱོད་པ་ལ་ཕྱག་འཚལ་ལོ། །ཾ་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང ། །རྒྱལ་བ་ཀུན་གྱི་གསང་བའི་བདག་།ཀུན་གྱིས་དབང་བསྐུར་གཏེར་འཛིན་པས། །དགྱེས་ཤིང་སྤྱན་གདངས་གུས་བཅས་པས། །རྒྱལ་བ་ཀུན་ལ་བསྟོད་བསྐོར་ནས། །སྤྱན་སྔར་གུས་འདུག་འདི་སྐད་གསོལ། །
213b
ེ་མ་ཧོ་སངས་རྒྱས་ཀུན་གྱི་གསུང ། །རྟོག་པ་ཀུན་གྱི་རྒྱལ་པོ་སྟེ། །ཆོ་ག་རྒྱས་པར་བསྟན་པའི་རྒྱུད། །དྲི་མེད་ཟབ་མོ་བརྟག་དཀའ་བ། །འདུལ་བ་མདོ་སྡེ་ཆོས་མངོན་དང ། །དམ་ཚིག་སྒྲུབ་དང་གྲུབ་པ་དང ། །སྐུ་གསུང་ཐུགས་ཀྱི་ཆོ་གའི་རྒྱུད། །མ་ལུས་གཏན་ལ་འབོབས་པ་འདི། །རྡོ་རྗེ་སེམས་དཔའ་ཇི་ལྟར་ལགས། །སྒྱུ་འཕྲུལ་གང་གིས་བསྟན་པ་དེ། ། དྲ་བའི་རྒྱུད་དེ་གང་ཕྱིར་བསྟན། །ལུང་ནི་གང་ཕྱིར་བརྗོད་པ་ཉིད། །གང་ཕྱིར་སྤྱི་ཞེས་བྱ་བར་བཤད། །གསང་བ་ཞེས་ནི་ཇི་ལྟ་བུ། །སྙིང་པོའི་དོན་ནི་ཅི་ཡི་ཕྱིར། །དེ་ཁོ་ཉིད་ཅེས་ཇི་ལྟར་བརྗོད། །ངེས་པ་ཞེས་པ་ཅི་ཡི་ཕྱིར། །མཚན་འདི་གང་ཟག་གང་ལ་གསུངས། །མཚན་གྱི་དྲི་བ་དྲིས་པའོ། །ཐུན་མོང་ཁྱད་པར་ཚུལ་ཉིད་ཀྱི། །སྟོན་པ་ཞེས་ནི་ཅི་ཡི་ཕྱིར། །གནས་དང་འཁོར་ནི་ཇི་ལྟ་བུ། །དུས་དང་སྡུད་པ་ཇི་ལྟ་བུ། །མི་བསྐྱོད་པ་ནི་ཇི་ལྟར་བྱ། །རྣམ་པར་སྣང་མཛད་ཇི་ལྟར་བརྗོད། །རིན་ཆེན་འབྱུང་ལྡན་གང་གི་ཕྱིར། །སྣང་བ་མཐའ་ཡས་གང་གི་ཕྱིར། །དོན་ཡོད་གྲུབ་པ་ཇི་ལྟ་བུ། །སྤྱན་དང་ནམ་མཁའི་དབྱིངས་མ་དང ། །གོས་དཀར་མོ་དང་མཱ་མ་ཀཱི། །སྒྲོལ་མ་ཞེས་པ་གང་གི་ཕྱིར། །ས་ཡི་སྙིང་པོ་ཅི་ཡི་ཕྱིར། །ནམ་སྙིང་སྤྱན་རས་གཟིགས་དབང་དང ། །ཕྱག་ན་རྡོ་རྗེ་གང་ཕྱིར་བརྗོད། །སྒེག་མོ་ཕྲེང་དང་གླུ་གར་ཅི། །བྱམས་དང་སྒྲིབ་སེལ་ཀུན་
214a
༄#། །བཟང་དང ། །འཇམ་དཔལ་ཞེས་པ་ཅི་ཡི་ཕྱིར། །དུས་བཞི་བདུག་སྤོས་མེ་ཏོག་དང ། །མར་མེ་དྲི་ཆབ་གང་ཕྱིར་བརྗོད། །རྣམ་རྒྱལ་གཤིན་རྗེ་གཤེད་པོ་དང ། །རྟ་མགྲིན་བདུད་རྩི་འཁྱིལ་བ་ཅི། །ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང ། །དྲིལ་བུ་ཞེས་པ་གང་ཕྱིར་བརྗོད། །ཡིད་དང་ཆོས་བཟང་གཉིས་ཀྱི་ཕྱིར། །གཙོ་བོས་བདག་ལ་ངེས་པར་གསུངས། །གང་ཕྱིར་ཐུན་མོང་མ་ཡིན་པའི། །ནང་དང་གསང་བའི་གླེང་གཞི་ལས། །སྟོན་པ་བསྟན་པ་གནས་དང་འཁོར། །དུས་དང་སྡུད་པ་ཇི་ལྟར་བརྗོད། །གྲགས་པ་ཐུན་མོང་གླེང་གཞི་ལས། །སྟོན་པ་འཁོར་གནས་དུས་ཇི་ལྟར། །བསྟན་པ་སྡུད་པ་ཇི་ལྟ་བུ། ། སྐྱེས་བུ་ཆེན་པོས་བཤད་དུ་གསོལ། །འདི་ནི་གླེང་གཞིའི་དྲི་བ་ཚིགས་སུ་བཅད་པའོ། །ཐུན་མོང་ཐུན་མོང་མ་ཡིན་པའི། །གླེང་བསླང་གཉིས་སུ་ཅི་ཕྱིར་འགྱུར། ། གང་གིས་གང་ལ་གླེང་བསླང་ཞིང ། །ཐབས་དང་འབྲས་བུ་ཅི་ཡིན་སྟོན། །ཐུན་མོང་ཐུན་མོང་མ་ཡིན་པའི། །སེམས་ལྔ་ཡེ་ཤེས་ལྔ་ཡི་རིམ། །གང་དང་འབྲེལ་པ་བཤད་དུ་གསོལ། །འདི་ནི་གླེང་བསླང་བའི་ཚིགས་སུ་བཅད་པའོ། །སྐྱེས་བུ་ཆེན་པོ་སྟོན་པའི་གཙོ། །སྒྱུ་འཕྲུལ་དྲ་བར་མངའ་བརྙེས་ཤིང ། །ཕུན་སུམ་ཚོགས་
214b
པ་ཆོས་ཀྱི་རྗེ། །གཟི་བརྗིད་ཕུང་པོ་ཕུན་སུམ་ཚོགས། །བལྟ་བྱ་གང་ལ་ཅི་ཡི་ཕྱིར། །གང་གིས་རྟོགས་པར་ཇི་ལྟར་འགྱུར། །རྟོགས་དང་མ་རྟོགས་ཁྱད་པར་ཅི། །རྟོགས་པའི་སྒོ་ནི་དེ་རུ་གསུངས། །གཏན་ཚིགས་ཚུལ་དང་འབྲས་བུ་ཅི། །འདི་ནི་ལྟ་བའི་དྲ་བ་འོ། །ཐུན་མོང་སྤྱོད་པ་ཅི་ཡི་ཕྱིར། །ཤེས་རབ་ཚོགས་དང་ཐུགས་རྗེ་དང ། ། རྟོགས་དང་ཕྱོགས་གཅིག་སྤྱོད་པ་དང ། །འབྲེལ་དང་རིག་འཛིན་སྤྱོད་པ་ཅི། །གང་གིས་གང་ལ་ཇི་ལྟར་སྤྱད། །དེ་ཡི་འབྲས་བུ་གང་ཕྱིར་འགྱུར། །གང་དུ་དེ་དང་མི་ལྡན་པའི། །སྦྱར་བའི་སྐྱོན་ཉིད་བདག་ལ་གསུངས། །འདི་ནི་སྤྱོད་པའི་ཁྱད་པར་གྱི་དྲི་བའོ། །ཐུན་མོང་སྤྱི་དང་ཁྱད་པར་གྱི། །རང་བཞིན་ཉིད་དང་ལྷུན་གྲུབ་གྱི། །དཀྱིལ་འཁོར་ཞེས་པ་གང་ཅིའི་ཕྱིར། །དེ་ཉིད་ཕྱི་ནང་གསང་བ་དང ། །འདུལ་ཐབས་གཉིས་སུ་ཇི་ལྟར་འགྱུར། །ཏིང་འཛིན་དཀྱིལ་འཁོར་རིམ་གསུམ་གང ། །ལྷག་པ་ཏིང་འཛིན་ཞེས་བྱ་བ། །གཉིས་ལ་སྐུ་གསུང་ཐུགས་སྦྱོར་དང ། །ཕྱི་ནང་གསང་བའི་རིམ་པ་ཅི། །གཟུགས་བརྙན་དཀྱིལ་འཁོར་ཇི་ལྟ་བུ། །གང་ཕྱིར་གཟུགས་བརྙན་ཞེས་བརྗོད་ཅིང ། །གང་གི་གཟུགས་བརྙན་གང་ལ་སྣང ། །ཕྱི་ནང་གསང་བ་ཇི་ལྟར་འགྱུར། །ལྷག་པ་ཞེས་པ་གང་ཕྱིར་ཏེ། །གཟུགས་བརྙན་ཞེས་པ་ཇི་ལྟ་བུ། །གཉིས་
215a
༄#། །དང་གསུམ་དང་དྲུག་བསྟན་ཅིང ། །དོན་དམ་ཀུན་རྫོབ་བྱང་ཆུབ་སེམས། །ཕྱི་ནང་གསང་བ་ཇི་ལྟར་སྦྱོར། །ཚོགས་ཀྱི་དཀྱིལ་འཁོར་གཉིས་ཅི་ཞིག་།གང་གིས་གང་དུ་གང་ཚོགས་ནས། །ཇི་ལྟར་སྤྱད་པས་ཅི་ཞིག་འགྲུབ། །འདི་དག་བསྟན་པའི་དགོངས་པ་ཅི། །གནས་སྐབས་གང་དང་འབྲེལ་བར་འགྱུར། །ཡན་ལག་རྩ་བ་གང་དང་འབྲེལ། །དཀྱིལ་དང་འཁོར་དུ་ཇི་ལྟར་བརྟག་།གསུངས་ཤིག་སྐྱེས་བུ་མཆོག་ཆེན་པོ། །གང་དང་ངེས་པ་མ་རྙེད་པར། །ཀུན་གྱི་སྤྱོད་པར་མ་གྱུར་པ། །ལེགས་པར་གསུངས་ཤིག་རྒྱལ་མཆོག་ཆེ། །འདི་ནི་དཀྱིལ་འཁོར་གྱི་དྲི་བ་དྲིས་པའོ། །གང་གིས་གང་ལ་གང་དག་ཏུ། ། ཇི་ལྟར་དབང་བསྐུར་ཕུན་སུམ་ཚོགས། །བདག་གིས་ཇི་ལྟར་ཤེས་པར་བགྱི། །གང་དང་གང་དུ་ཇི་ལྟར་འབྲེལ། །སྐྱོན་དང་ཡོན་ཏན་ཇི་ལྟ་བུ། །འབྲས་བུ་རིམ་པ་བཤད་དུ་གསོལ། །འདི་ནི་འཇུག་པའི་ཆོ་ག་དུ། །ལས་ཀྱི་རིམ་པ་ཇི་ལྟ་བུ། །རྡོ་རྗེ་སེམས་དཔའ་བདེ་ཆེན་པོ། །སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པའི། །ཐབས་དང་ཤེས་རབ་གཉིས་མེད་པས། །བདག་གི་ཐེ་ཚོམ་བསལ་དུ་གསོལ། །འདི་ནི། དབང་གི་དོན་མཐའ་དག་ལ་དྲི་བ་དྲིས་པའོ། །གང་ལ་གང་གིས་བརྟེན་པ་ཡི། །
215b
དམ་ཚིག་ཅེས་པ་ཅི་ཡི་ཕྱིར། །རྩ་བ་དམ་ཚིག་དུ་ཞིག་བསྟན། །གང་ཕྱིར་རྩ་བར་བརྗོད་པར་བྱ། །ཡན་ལག་དུ་ཞིག་བསྟན་པ་གསུངས། །འདི་དག་ལམ་དང་བསྙེན་སྒྲུབ་དང ། །གང་ཟག་གང་དོན་ཇི་ལྟར་འབྲེལ། །བསྲུངས་དང་འདས་པའི་སྐྱོན་ཡོན་ཅི། །ཕྱི་ནང་གསང་བའི་ཇི་ལྟར་གསུངས། །ལྟ་དང་སྤྱོད་དང་སྒྲུབ་པ་དང ། །ཤེས་བྱ་ཏིང་འཛིན་དམ་ཚིག་ཏུ། །གྲུབ་དང་མི་སྤོང་བསྲུང་ཅི་ཞིག་།རྒྱལ་མཆོག་སྐྱེས་བུས་བཤད་དུ་གསོལ། །ཐུན་མོང་ཐུན་མོང་མ་ཡིན་པའི། །མཆོད་དང་མཆོག་གྱུར་མ་ཡིན་པའི། །བསྒྲུབ་པའི་ཁྱད་པར་ཇི་ལྟ་བུ། །གང་གིས་གང་དུ་ཇི་ལྟར་བསྒྲུབ། །དགུག་དང་བཅིང་དང་གསོ་དང་གསད། །དབྱེ་དང་བསྐྲད་དང་ཕམ་རྒྱལ་ཅི། །གཏེར་དང་མིག་རྣོན་རྐང་མགྱོགས་དང ། །རིག་འཛིན་གོ་འཕང་ཇི་ལྟར་བསྒྲུབ། །རྒྱལ་བ་མཆོག་གིས་བཤད་དུ་གསོལ། །འདི་སྒྲུབ་པའི་དྲི་བ་དྲིས་པའོ། །འཕྲིན་ལས་རིམ་པ་གང་ཅི་ཞིག་།གང་གིས་གང་དུ་བརྩམ་པར་བྱ། །ཐབ་དང་རྫས་དང་ཕུར་བུ་ཅི། །ཏིང་འཛིན་འདུག་སྟངས་ཧོ་མ་ཁུང་ཅི། །གདུལ་བྱ་རིམ་པ་གང་ཅི་ཞིག་།ཁྱད་པར་རིམ་པ་ཇི་ལྟར་བཤད། །འབྲས་བུ་ཡོན་ཏན་ཇི་ལྟར་འགྱུར། །གསུངས་ཤིག་གསུངས་ཤིག་རྒྱལ་མཆོག་གཙོ། །ཐེ་ཚོམ་ལེགས་པར་ཆོད་པར་མཛོད། །འདི་
216a
༄#། །ནི།་འཕྲིན་ལས་ཀྱི་དྲི་བ་དྲིས་པའོ། །རྨད་བྱུང་སྐྱེས་བུ་གང་ཞིག་གིས། །དང་པོ་ལམ་ཚུལ་ཇི་ལྟ་བུ། །ཕྱི་ནང་གསང་བའི་ལམ་ཅི་ཕྱིར། ། སྟོང་པའི་རྣལ་འབྱོར་སྙིང་རྗེ་ཆེ། །ཕྱག་རྒྱ་གཅིག་དང་སྤྲོས་བཅས་ཅི། །རྣམ་སྨིན་དབང་སྒྱུར་ཕྱག་རྒྱ་དང ། །ལྷུན་གྱིས་གྲུབ་པའི་མཚན་ཉིད་ཅི། །མཐར་ཕྱིན་རྣམ་པ་དུ་ཞིག་གསུངས། །ཕྱི་ནང་གསང་བ་མཐར་ཕྱིན་པའི། །འབྲས་བུ་བདག་གཞན་དོན་ཉིད་ཅི། །ཉི་ཤུ་རྩ་ལྔའི་དོན་ཇི་ལྟར། །གང་དག་རྟོག་པའི་རྒྱལ་པོ་དེ། །སྒྱུ་འཕྲུལ་དྲ་བ་བླ་ན་མེད། །ཀུན་ལས་འབྲས་བུ་ཐུགས་ཆུད་པ། །ཆོ་ག་རྒྱས་པར་བཤད་པའི་རྒྱུད། །སྐལ་ངན་རྣམས་ཀྱིས་མ་རྟོགས་པའི། །གསང་བ་གསང་ཆེན་མདོ་སྡེ་དང ། །འདུལ་བ་ཆོས་ཀྱི་ཕུང་པོ་དག་།ནམ་མཁའ་མཐའ་ཐུག་བཤད་པ་ཀུན། །གསང་བའི་སྙིང་པོ་ལས་འཕྲོས་པས། །ཇི་སྙེད་བསྐྱེད་དང་རྫོགས་པའི་ལམ། །མ་ལུས་ཀུན་གྱི་སྙིང་པོ་འདི། །ཐེག་པ་དམན་དང་མ་སྦྱངས་དང ། །རིགས་ཆད་དབང་དང་མན་ངག་བྲལ། །ཇི་ལྟར་བལྟས་ཀྱང་མི་སྣང་བ། །སྐྱེས་བུ་མཆོག་གི་སྤྱོད་ཡུལ་ལས། །རྡུལ་སྙེད་སྦྱངས་པའི་གང་ཟག་ལ། །གསང་ཕྱིར་གསང་བའི་ཐབས་དག་གིས། །དངོས་གྲུབ་མཐའ་ཡས་གྲུབ་ཕྱིར་བསྟན། །ཕྱི་ནང་སྣོད་
216b
བཅུད་མ་ལུས་པའི། །རྟེན་དང་རྟེན་པར་བཅས་པའི་ཆོས། །ཇི་ལྟར་གྲགས་དང་གྲགས་གྱུར་པའི། །ཐམས་ཅད་མ་ལུས་རྒྱུ་གཅིག་ཀྱང ། །རྐྱེན་སྟོབས་ནུས་པ་སོ་སོར་སྣང། །ཁྱད་པར་རིམ་པར་གང་གནས་པ། །རང་བཞིན་གདུལ་བྱ་བདེར་གཤེགས་དང ། །འཁྲུལ་པའི་དབང་གིས་སོ་སོར་སྣང ། །མ་བཅོས་དང་ལ་ཐ་དད་མེད། །རང་སྣང་ལས་ཀྱིས་ཐ་དད་པའི། །བྱེ་བྲག་རྣམ་པར་བསྟན་པ་ཀུན། །དེ་བཞིན་ཉིད་ལ་དགོད་བྱའི་ཕྱིར། །རྒྱལ་མཆོག་བདེ་ཆེན་ཡོངས་གང་བས། །དྲི་བའི་དོན་འདི་ལུང་བསྟན་ཅིང། །ཐབས་དང་ཤེས་རབ་འབྲེལ་གྱུར་པའི། །གསང་བའི་དོན་ལ་དགོད་དུ་གསོལ། །སྒྱུ་འཕྲུལ་དྲ་བ་རྡོ་རྗེ་སེམས་དཔའ་གསང་བ་མེ་ལོང་གི་རྒྱུད་ལས། དྲི་བ་རྩ་བའི་རྒྱུད་ཅེས་བྱ་བ་བཤད་པ་རྟོག་པའི་རྒྱལ་པོ་རྫོགས་སོ།། །།དེ་ནས། གསང་བདག་ཕྱག་ན་རྡོ་རྗེ་འཆང ། །སྐྱེས་བུ་མཚན་དཔེ་རབ་ལྡན་ཅིང། །དཔག་མེད་རྒྱལ་བས་རབ་བསྐོར་ཞིང ། །རང་བྱུང་དག་པའི་གཞལ་ཡས་ན། །ཐབས་དང་ཤེས་རབ་འཁྲིལ་སྦྱོར་ཞིང ། །ཀུན་ཀྱང་དེ་དང་མཐུན་པ་སྟེ། །འཛུམ་ཞིང་སྟེག་པས་སོས་འདེབས་ཤིང ། །དགྱེས་པའི་ཚུལ་གྱིས་བཀའ་སྩལ་པ། །དཔག་མེད་རྒྱལ་བས་གསུངས་པ་དང ། །གསུང་དང་གསུང་འགྱུར་ཐུགས་ཀྱི་རྒྱུད། །
217a
༄#། །ཐོག་མ་བར་དང་མཐར་དགེ་བ། །ཐབས་དང་ཤེས་རབ་དབྱེར་མེད་པའི། །ཆོ་ག་རྒྱས་པར་དྲིས་པའི་མཆོག་།ཉོན་ཅིག་དེ་ནི་སེམས་དཔའ་བཤད། །ཆོས་རྣམས་མ་ལུས་གཉིས་མེད་པའི། །རང་རིག་བྱང་ཆུབ་སེམས་ཉིད་དེ། །ཐ་དད་མེད་པའི་རང་བཞིན་ཉིད། །རྡོ་རྗེ་ཞེས་ནི་བཤད་པ་ཡིན། །རང་བཞིན་མཐའ་ཐུག་མེད་པའི་ཆོས། །ཐབས་དང་ཤེས་རབ་འབྲེལ་པ་ཡིས། །ཐུགས་སུ་ཆུད་ཅིང་མངོན་རྟོགས་པ། །ཕྱི་ནང་གསང་བའི་སེམས་དཔར་བཤད།། རང་བཞིན་ཐབས་དང་འབྲས་བུའི་དོན། །ནུས་པའི་རིམ་པ་སྩལ་སྣང་བ། །ཐབས་དང་ཤེས་རབ་འབྲེལ་པའི་དོན། །སྒྱུ་འཕྲུལ་ཞེས་ནི་བཞིར་བཤད་དོ། ། ཐ་དད་མི་ལས་ཐ་དད་པའི། །ངོ་བོ་ཐབས་དང་བསྟན་ཉིད་དང ། །བྱིན་རླབས་ཤུགས་ཀྱིས་འབྲེལ་པ་ནི། །དྲང་བའི་དོན་ཞེས་བཤད་པ་ཡིན། །མ་བརྗོད་གྲགས་པའི་བསྟན་པ་ཉིད། །སྒྲོ་སྐུར་མེད་དང་ཞལ་ནས་གསུངས། །དྲི་མ་མེད་པའི་ལུང་ཉིད་དེ། །ལས་དང་ཡེ་ཤེས་སྤྱི་ཉིད་དང ། །རྫོགས་པས་རྫོགས་ཕྱིར་ལུང་ཉིད་དེ། །བསྟན་པ་སྤྱི་ཡི་བདག་ཉིད་ནི། །ཐམས་ཅད་ཀུན་གྱི་བདག་ཉིད་པས། །གཅིག་དང་དུམ་མི་གནས་ཀྱང ། །སོ་སོའི་བསྟན་པ་རྒྱ་མཚོའི་རྒྱུད། །འདི་སྟོན་
217b
འདིས་སྟོན་འདི་ཕྱིར་སྟོན། །དོན་ཀུན་འདི་ལ་ཡོངས་རྫོགས་པས། །ལུང་གི་སྤྱི་ཞེས་བཤད་པ་ཡིན། །གང་ཕྱིར་གསང་བ་ཞེས་བྱ་བ། །སྐུ་དང་གསུང་དང་ཐུགས་ཉིད་དེ།། རང་བཞིན་ཡེ་ནས་ངོ་བོ་དང ། །ཐབས་དང་འབྲས་བུར་གྱུར་པ་ཉིད། །གསང་བའི་དོན་དུ་འདི་བརྗོད་དོ། །ངང་གིས་དམན་དང་མ་སྦྱངས་དང ། །དཔང་དབ་དམ་ཚིག་བྲལ་བ་དང ། །རང་བརྟགས་བསྒྲིབས་པ་སའི་ཁྱད་པར། །དེ་དང་དེ་ཡི་དབང་གིས་ན། །རོ་མྱོང་བྲལ་ཕྱིར་གསང་བར་བཤད། །རང་བཞིན་ཐབས་དང་འབྲས་བུ་ཡི། །ཆོས་རྣམས་ཐིག་ལེ་ཆེན་པོའི་དོན། །འཇིག་རྟེན་འདས་དང་འཇིག་རྟེན་པ། །མ་ལུས་རོ་གཅིག་དབྱེར་མེད་པ། །ཇི་སྙེད་ཐེག་པའི་ཁྱད་པར་དང ། །བསྟན་པའི་བྱེ་བྲག་གནས་པ་རྣམས། །འདིར་འདུས་ཐབས་འདིས་མཚོན་པ་དང ། །རྩ་བར་གྱུར་པ་ཁོ་ན་ཡིན། །ཐབས་དང་ཤེས་རབ་གཉིས་མེད་པའི། །བྱང་ཆུབ་སེམས་ཉིད་བདེ་བ་ཆེ། །རང་བྱུང་ཡེ་ཤེས་ཐོག་མཐའ་མེད། །རྡོ་རྗེ་སེམས་དཔའི་བདག་ཉིད་དེ། །རྒྱལ་བའི་བྱིན་རླབས་རབ་སྣང་བ། །བསམ་གྱིས་མི་ཁྱབ་ཆེ་བ་རྣམས། །འདི་ལས་སྟོན་པས་སྙིང་པོ་སྟེ། །སྙིང་པོ་དང་ནི་འོད་བཞིན་ནོ། །རྒྱུ་དང་འབྲས་བུ་བཅུད་འདུས་པས། །སྙིང་པོ་ཞེས་ནི་བཤད་པ་ཡིན། །གང་ཕྱིར་ཐམས་ཅད་བྱང་ཆུབ་སེམས། །མཐའ་དབུས་
218a
༄#། །ཡོངས་སུ་མ་ཆད་པ། །དངོས་པོ་གསུམ་གྱིས་ཁྱབ་གྱུར་པ། །ཡོངས་སུ་རྫོགས་པའི་རྒྱུ་ཡིན་ནོ། །ཐབས་དང་ཤེས་རབ་དབྱེར་མེད་པའི། །དེ་བཞིན་ཉིད་དུ་རྡོ་རྗེས་རིག་།བདག་དང་གཞན་དོན་ནུས་བ་རྫོགས། །འབྲས་བུའི་དེ་ཁོ་ན་ཉིད་དོ། །གང་ཕྱིར་དངོས་གཉིས་ཐ་དད་པར། །ལོག་པར་བརྟགས་པའི་སྣང་བ་རྣམས། །མུན་ལ་སྣང་དང་གསེར་འགྱུར་ལྟར། །རོ་གཅིག་ཐབས་ཀྱིས་དེ་ཁོ་ན། །དེ་ཕྱིར་དེ་ཁོ་ན་ཞེས་བརྗོད། །དངོས་པོ་སྣ་ཚོགས་དབྱེར་མེད་པའི། །ཐ་དད་དོན་མིན་དོན་གཅིག་མིན། །དེ་ཉིད་གསང་བའི་ངེས་པ་ནི། །གཞི་དང་ལམ་དང་ངོ་བོ་དང ། །ངེས་པས་ངེས་པ་གསུམ་དུ་བསྟན། །གང་དུ་ཐེག་པ་བཞི་གསུངས་པ། །འགྲོ་བ་འདྲེན་ཕྱིར་མ་ངེས་པ། །རོ་གཅིག་ཐེག་པར་ངེས་གནས་པ། །ངེས་པའི་ཐེག་པ་བླ་ན་མེད། །རང་བཞིན་མ་བཅོས་རང་བྱུང་ལས། །བྱ་བྱེད་ངང་གིས་བྲལ་བ་ཡི། །སྣ་ཚོགས་སྒྱུ་མའི་དཀྱིལ་འཁོར་འཕྲུལ། །རང་སྣང་སྒྱུ་འཕྲུལ་དྲ་བའོ། །རང་བཞིན་མཐའ་དབུས་མེད་པ་ལས། །རྒྱུ་རྐྱེན་ལས་ཀྱིས་སོ་སོར་འཁྲུལ། །དེ་ཉིད་བྱང་ཆུབ་སེམས་ཉིད་དེ། །མཐའ་དབུས་མེད་པར་མཉམ་པར་གནས། །དེ་ལྟར་སོ་སོར་སྣང་བའི་རྒྱུད། །ནམ་མཁའ་
218b
དང་རིས་ཕྱེ་བ་ལྟར། །རྒྱུད་ཆེན་སྒྱུ་འཕྲུལ་དྲ་བ་ཡི། །ལམ་གཉིས་འབྲེལ་པར་མངོན་བསྒོམས་པས། །ཐབས་དང་ཤེས་རབ་དབྱེར་མེད་པའི། །བདེ་ཆེན་ཐིག་ལེ་མངོན་སྣང་བ། །འཇུག་དང་གྲོལ་བའི་ལམ་ཉིད་དེ། །སྒྱུ་འཕྲུལ་དྲ་བའི་ལམ་དུ་བརྗོད། །རང་བཞིན་ཡོངས་ཀྱིས་ཁྱབ་པ་ཡིས། །དངོས་དབང་ཐབས་ཀྱིས་འབྲེལ་པ་ཡིས། །རིག་པ་ཇི་བཞིན་སྟོབས་གྱུར་པས། །ཁྱད་པར་ཐབས་ཀྱི་སྒྱུ་འཕྲུལ་ཡིན། །ཐོག་མ་མེད་པའི་རྡོ་རྗེ་སེམས། །ཆོས་ཀུན་རང་གི་ངོ་བོ་ཉིད། །ཟབ་མོ་བསྟན་པ་ཅི་ཡི་ལུང ། །ཐབས་དང་ཤེས་རབ་དབྱེར་མེད་པའི། །རྟོག་པའི་ཆོ་ག་རྒྱས་པའི་རྒྱུད། །བསྐལ་པ་གྲངས་མེད་སྔོན་རོལ་ནས། །ཤེས་རབ་སྦྱངས་དང་སྙིང་རྗེ་ལྡན། །དད་དང་བརྩོན་འགྲུས་དམ་ཚིག་དང ། །ཆོ་གས་དག་པར་སྦྱངས་པ་ཡིས། །དབང་པོ་རབ་ཀྱི་སྤྱོད་ཡུལ་ཡིན། །རྡོ་རྗེ་གསང་བའི་ཐེག་པ་འདི། །ངོ་བོ་ཉིད་དང་བྱིན་རླབས་དང། །མཚོན་དང་རྡོ་རྗེར་གྲུབ་པ་སྟེ། །རྡོ་རྗེ་ཐེག་པ་བདེ་བ་ཆེ། །རང་བཞིན་ངན་དང་དམན་པ་དང ། །ཕྱིན་ཅི་ལོག་དང་མི་མོས་དང ། །དབང་དང་དམ་ཚིག་མེད་པ་ལ།། གསང་ཕྱིར་གསང་བའི་ཐེག་པར་གསུངས། །ཐབས་དང་བྲལ་བའི་སློབ་དཔོན་གྱིས། །སྣོད་དང་བྲལ་བའི་སློབ་མ་ལ། །གསང་བའི་སྙིང་པོ་བསྟན་གྱུར་ན། །བདག་
219a
༄#། །དང་གཞན་ཀུན་སྡུག་བསྔལ་ཞིང ། །སྲེག་དང་བསྒྲིབས་པར་ཡུན་རིང་གནས། །སྒྱུ་འཕྲུལ་དྲ་བ་རྡོ་རྗེ་མེ་ལོང་གི་རྒྱུད་ཆེན་པོ་ལས།་མཚན་གྱི་དོན་གྱི་བཤད་པ་དང་པོའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཐུན་མོང་མ་གྱུར་གསང་བའི་དོན། །ཐུན་མོང་མ་ཡིན་འཁོར་དག་ལ། །ཕྱོགས་བཅུ་རྒྱལ་བ་རྡོ་རྗེ་འཆང ། །དཀྱིལ་འཁོར་མངོན་དུ་ཕྱུང་བ་ཡི། །རྡོ་རྗེ་པདྨ་འབྲེལ་བ་ཡིས། །བྱང་ཆུབ་སེམས་ཀྱིས་དབང་བསྐུར་ནས། །ཐུན་མོང་ཐུན་མོང་མ་ཡིན་པའི། །ཉོན་མོངས་ལྟ་དང་ཤེས་བྱ་རྣམས། །སྐད་ཅིག་ཡུད་ལ་གསལ་བྱས་ཏེ། །ཐུན་མོང་ཁྱད་པར་གསལ་བ་ཡི། །ལམ་གཉིས་ངེས་པར་སྟོན་པས་ན། །སྟོན་པ་ཞེས་ནི་བརྗོད་པ་ཡིན། །དེ་ཡི་གནས་མཆོག་བཤད་བྱ་བ། །འབྱུང་དང་བཞུགས་དང་རྟེན་པ་དང ། །མཚོན་པ་བྱིན་གྱིས་བརླབས་ཕྱིར་རོ། །ཐབས་དང་ལམ་གྱི་ཁྱད་པར་གྱིས། །ཀུན་བདག་རྡོ་རྗེ་འཆང་ཆེན་ཉིད། །གཙང་མ་རིགས་དག་སྤངས་པ་ཡི། །འོག་མིན་གནས་མཆོག་ཆེན་པོ་དེར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྐལ་མེད་སྐྱེ་བོ་གདུལ་བའི་ཕྱིར། །སྤྲུལ་པ་པོ་ནི་འདིར་སངས་རྒྱས། །སངས་རྒྱས་ཀུན་གྱི་བཞུགས་པའི་
219b
གནས། །གཙང་མ་རིགས་དག་རྣམ་སྤངས་པ། །འཇིག་རྟེན་ལས་ཀྱིས་མཐར་གྱུར་པ། །འོག་མིན་འབར་བའི་གཞལ་ཡས་ཁང ། །ཕྱོགས་བཅུར་རྒྱ་ཡོངས་མ་ཆད་པའི། །ཡོན་ཏན་ཁྱད་པར་སྤགས་པ་ན། །གསང་བ་ཡུམ་གྱི་བྷ་ག་ལ། །བཅུ་གསུམ་ས་ཡི་དབང་ཕྱུག་ལྡན། །རྡོ་རྗེ་འཆང་ཆེན་དཔག་མེད་དང ། །ཏིལ་འབྲུའི་ཚུལ་དུ་རབ་ཏུ་བཞུགས། །ཆོས་རྣམས་ཀུན་གྱི་དེ་བཞིན་ཉིད། །ཐོག་མ་ཐ་མ་དབུས་མེད་པའི། །རང་བཞིན་དོན་གྱི་འོག་མིན་ནི། །རྒྱལ་བ་ཀུན་གྱི་ཕོ་བྲང་ཕྱིར། །འདས་དང་ད་ལྟར་མ་བྱོན་པའི། །རྒྱལ་བ་ཀུན་གྱི་རྟེན་པའི་གནས། །དེ་དག་ཉེ་བར་མཚན་པ་ཡི། །ཡིད་དང་མཚན་མ་ལས་གྱུར་པའི། །བསྒོམས་དང་བྲིས་དང་བྱས་ལ་སོགས། །དེ་དང་འདྲ་བའི་གཞལ་ཡས་ཁང ། །རྒྱལ་བ་སྔགས་དང་བྱིན་རླབས་ཀྱིས། །དེར་གནས་དོན་ཕྱིར་མཚོན་པའི་གནས། །ཐུན་མོང་ཐུན་མོང་མ་ཡིན་པའི།། བསོད་ནམས་ཡེ་ཤེས་ཁྱད་པར་ཅན། །བསགས་པ་སྣ་ཚོགས་ལས་བྱུང་བའི། །རྫོགས་ལོངས་སྤྱོད་པ་ཆེན་པོ་ནི། །གཙང་མ་རིགས་དག་སྤངས་པ་ཡི། །འོག་མིན་ཆེན་པོའི་གནས་མཆོག་ན། །རིགས་བདག་ཕྱག་རྒྱ་ལྷུན་གྲུབ་སྐུ། །གཅིག་དང་མ་རྣམ་སྤངས་པ། །སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཏེ། །གདོད་ནས་ཐེག་
220a
༄#། །མཆོག་མཛོད་ཉིད་ཕྱིར། །སྒྲིབ་པ་མཐའ་སྤངས་གདུལ་བྱ་ལ། །སྐད་ཅིག་གཅིག་གིས་སྤངས་པར་མཛད། །ཆོས་རྣམས་སྣ་ཚོགས་ཇི་སྙེད་པ། །དངོས་པོ་ཐ་དད་མེད་ཕྱིར་ཟླུམ། །ཁྱད་པར་སྤགས་དང་ཚད་མེད་དང ། །ཡེ་ཤེས་བཞི་ཕྱིར་འཁོར་ལོ་བསྟན། །ཆོས་དབྱིངས་འདུ་འབྲལ་མེད་པའི་ཕྱིར། །ཡུ་ཁྱུད་ཟླུམ་པོར་ཀུན་ནས་བསྐོར། །སྐུ་གསུང་ཐུགས་དང་བྱིན་རླབས་དང ། །ཐུགས་རྗེས་མ་ཁྱབ་མེད་པའི་ཕྱིར། །ཡོན་ཏན་རྒྱས་པའི་དབྱིངས་སུ་བསྟན། །རབ་བྱུང་ཡེ་ཤེས་མཐའ་བྲལ་བས། །ཕྱོགས་བཅུར་འགྲོ་འོང་མི་གནས་པའི། །ཚད་དང་བྲལ་བའི་སེམས་ཀྱི་ཕྱིར། །གཞི་རྩ་ཚད་མེད་འཁོར་ལོར་བསྟན། །གདོད་ནས་བྱིན་བརླབས་ངོ་བོའི་ཕྱིར། །མ་བསགས་ལྷུན་རྫོགས་མཛོད་ཉིད་དེ། །འགྲོ་བ་རེ་འདོད་སྐོང་བའི་ཕྱིར། །རིན་ཆེན་འབར་བའི་གཞལ་ཡས་ཁང ། །སྣ་ཚོགས་དངོས་དང་དངོས་མེད་པའི། །ཆོས་ཀུན་ངོ་བོར་རང་གནས་ཏེ། །བདག་གཞན་གཟུང་འཛིན་བྲལ་བའི་ཕྱིར། །ཕྱི་དང་ནང་བྲལ་སྒྲིབ་པ་མེད། །ཐུན་མོང་ལ་བརྟེན་ཐབས་ཀྱི་འབྲས། །ཡེ་ཤེས་ཐབས་ཀྱིས་འཕགས་པ་ཉིད། །གདུལ་བྱའི་བློ་ལ་མངོན་སྣང་བས། །གློ་འབུར་བཞི་ནི་
220b
ལྷག་པར་མཛེས། །ཐུན་མོང་ཐུན་མོང་མ་ཡིན་པའི། །གདུལ་བྱའི་རིམ་པ་མཐོ་དམན་ཀུན། །སྟོང་སྨོན་མཚན་མེད་འོད་གསལ་འཇུག་།དེ་ཕྱིར་ཡེ་ཤེས་སྒོ་བཞིར་ཤར། །ཐབས་མང་བསམ་གྱིས་མི་ཁྱབ་པས། །ལམ་བརྒྱད་རིམ་པར་བགྲོད་པ་ཡིས། །འབྲས་བུ་ཡོན་ཏན་ཀུན་རྫོགས་པས། །རྟ་བབས་རྒྱུ་འབྲས་བཅུ་དྲུག་བསྟན།། ཞེན་དང་སྤོང་བའི་ལམ་བྲལ་བས། །འདོད་ཡོན་ཡེ་ཤེས་ལྔ་རོལ་ཏེ། །བདག་མཆོད་ཀུན་མཉེས་ལས་བྱུང་བས། །འདོད་ཡོན་ལྷ་མོས་འཁྲིགས་པར་བསྟན།། ཐབས་དང་ཤེས་རབ་ལྡན་པ་ཡིས། །མ་ཆགས་ཐབས་དང་ལྡན་པ་དང ། །ཆེ་བའི་ཡོན་ཏན་ལྷུན་རྫོགས་པས། །ཉི་ཟླ་པདྨ་རིན་པོ་ཆེ། །ལས་དང་ཐུགས་རྗེ་སྨོན་ལམ་གྱིས། །བྱང་ཆུབ་སེམས་དཔའ་མཐུ་བོ་ཆེ། །སྨོན་ལམ་དབང་གིས་དེ་དག་ཏུ། །ཐོས་པ་རྒྱ་མཚོ་གསོག་ཕྱིར་གནས། །དེ་ཚེ་དུས་ཀྱི་ཐ་བྲལ་ཡང ། །ངོ་བོ་དུས་བཞི་མཉམ་པའི་དུས། །དུས་ཀྱི་མཐའ་ལ་མངོན་རྟོགས་པས། །ཐུན་མོང་མིན་པའི་དུས་སུ་བསྟན། །དེ་ཚེ་ཕྱོགས་བཅུ་རྒྱལ་བ་ཡིས། །བསྐལ་པ་བྱེ་བར་ལུང་བསྟན་པ།། འདུལ་བའི་དུས་བབ་གསང་བའི་བདག་།ལག་ན་རྡོ་རྗེས་བསྡུ་བ་མཛད། །དུས་གསུམ་རྒྱལ་བས་བྱིན་བརླབས་ཕྱིར། །འཁོར་གྱི་ནང་ན་སྐལ་མཆོག་ལྡན། །གསང་བའི་
221a
༄#། །རྡོ་རྗེ་འཆང་བསྡུས་ནས། །འདུལ་བའི་འཁོར་ལོ་བསྟན་པར་མཛད། །འདས་དང་མ་བྱོན་ད་ལྟར་གྱི། །སྐུ་གསུམ་སྐུ་གསུམ་ཐུགས་ངེས་པའི། །དེ་བཞིན་ཉིད་དུ་ཐབས་གང་གིས། །གཤེགས་ཤིང་གཤེགས་དང་གཤེགས་གྱུར་པའི། །ཐར་པ་གསུམ་དང་ཡེ་ཤེས་དང ། །ཕ་རོལ་ཕྱིན་པ་དྲུག་ལྡན་པ། ། ཞིང་ཁམས་ཡོན་ཏན་བསམ་མི་ཁྱབ། །བྱེ་བྲག་བརྒྱད་ཅུ་ཀུན་འདུས་པའི། །རྒྱལ་བ་རྒྱ་མཚོ་ཀུན་གྱི་མཚན། །གང་ཕྱིར་རྡོ་རྗེ་ཐུགས་ཆུད་པས། །ལས་དང་སྤྱོད་པ་དཀའ་ཐུབ་དང ། །སྲིད་པའི་རི་བོས་མི་བསྐྱོད་པས། །དེ་ནི་མི་བསྐྱོད་མཆོག་ཏུ་གསུངས། །ཐབས་དང་ཤེས་རབ་འབྲེལ་བ་ཡིས། །ཇི་སྙེད་སྐུ་གསུང་ཐུགས་སྣང་བ། །མོས་དང་ཐབས་ཀྱི་ཁྱད་པར་གྱིས། །སྣ་བར་སྣང་ཕྱིར་སྣང་མཛད་མཆོག་།རྒྱལ་བ་ཀུན་གྱི་ཡོན་ཏན་ནི། །ཚོགས་རྣམས་འདུས་པའི་ངོ་བོ་སྟེ། །ཡོན་ཏན་རིན་ཆེན་ལྟར་འབྱུང་བས། །རིན་ཆེན་འབྱུང་བར་གསུངས་པ་ཡིན། །དཔག་ཏུ་མེད་པའི་གསུང་གི་སྒོ། །དབང་པོ་ཐབས་ཀྱི་བྱེ་བྲག་གིས། །དོན་བརྟགས་གསུང་དང་ཡི་གེའི་སྒོ། །མཐའ་ཡས་སྣང་ཕྱིར་མཐའ་ཡས་མཆོག་།དཔག་མེད་ཐུགས་རྗེས་མཛད་པ་ཡི། །འགྲོ་འོང་མེད་པའི་ཐུགས་རྗེ་ཡིས། །འགྲོ་བ་སྐྱོབ་
221b
པའི་དོན་མཛད་པས། །དོན་གྲུབ་ཅེས་ནི་རྣམ་པར་བསྟན། །རིག་པའི་རྒྱལ་པོ་འདི་དག་ཀྱང ། །ཐ་མལ་ལྔ་ཉིད་གནས་དག་ཅིང ། །དེ་ལས་ཐབས་དེས་མངོན་བྱས་པས། ། དེར་དབང་བསྒྱུར་དེ་ཉིད་སྣང་བ། །རྒྱལ་པོ་ཉིད་དུ་བརྗོད་པ་ཡིན། །སྟེང་འོག་གཉིས་ལས་མངོན་གྱུར་པའི། །སྦྱོར་དང་འཇུ་འདུལ་རླུང་གི་རིམ། །གང་དེ་ཐབས་ལས་མངོན་གྱུར་པའི། །བདེ་བའི་གཟུགས་དང་ཚོར་བ་དང ། འདུ་ཤེས་དང་ནི་འདུ་བྱེད་དང ། །རྣམ་ཤེས་ཟག་མེད་བདེ་བའི་རོས། །དབང་སྒྱུར་ཡེ་ཤེས་རྒྱལ་པོར་བཤད། ། གང་ཕྱིར་སྣང་དང་བསྒོམས་དང་བྲིས། །ཕྱག་རྒྱ་རྩ་བཅུད་ཐིག་ལེའི་མདོག་།དཀར་དང་དམར་དང་སེར་བ་དང ། །སྔོ་དང་ལྗང་དང་རིམ་ལྡན་པའོ། །རྒྱལ་བ་ཀུན་གྱི་བདེ་སྐྱེད་ཅིང ། །སྤྱོད་དང་དེ་ལས་འབྱུང་བའི་ཡུམ། །ཐམས་ཅད་དེ་ལས་སྐྱེད་པ་ལྔ། །ཐ་མལ་ཞེན་པ་དག་པ་དང ། །དབང་སྒྱུར་རྒྱལ་མོ་ལྔ་རང་བཞིན། །སྲ་དང་གཤེར་དང་དྲོད་དང་བསྐྱོད། །ནམ་མཁའི་ཁམས་ཀྱིས་གང་ཕྱེ་བ། །སྟེང་འོག་ཐབས་ལས་མངོན་གྱུར་པ། །ཡུལ་དང་ཤེས་རབ་དབྱེར་མེད་ཅིང ། །ཐུགས་རྗེས་ཤེས་རབ་འབྲེལ་པ་ཡིས། །འཁོར་བ་དང་ནི་མྱ་ངན་འདས། །གཉིས་མེད་གཟིགས་པ་སྤྱན་གྱི་མཆོག་།ཟག་མེད་སྟོང་པའི་ཀློང་ཆེན་གྱིས། །སྐྱེད་དང་སྡུད་དང་གནས་
222a
༄#། །པའི་ཕྱིར། །མཐའ་དབུས་བྲལ་བའི་དེ་བཞིན་ཉིད། །ནམ་མཁའི་དབྱིངས་ཞེས་གང་བརྗོད་པའོ། །ཐུན་མོང་ཐུན་མོང་མ་ཡིན་པའི།། ལས་དང་ལྟ་བ་ཉོན་མོངས་དང ། །ཤེས་བྱའི་དྲི་མ་མཐའ་ཡས་པ། །རྟོགས་པས་སྦྱོང་ཞིང་སྲེག་པས་ན། །གོས་དཀར་མ་རུ་བརྗོད་པ་ཡིན། །གང་ཕྱིར་ལས་དང་ཏིང་འཛིན་དང ། །ཡེ་ཤེས་ཐུགས་རྗེ་བར་མེད་ཆུས། །གང་དག་འཁྲུད་དང་ཚིམ་བྱེད་པས། །ཆུ་ནི་མཱ་མ་ཀཱི་རུ་བཤད། །གང་ཕྱིར་རྟོགས་དང་ཐབས་དག་དང ། །ཏིང་འཛིན་ཐབས་ཀྱི་རླུང་ངག་གིས། །བགྲོད་པ་མེད་པའི་ཞིང་ཁམས་སུ། །སྒྲོལ་བས་སྒྲོལ་མ་ཉིད་དུ་བཤད། །སྙིང་པོ་རང་བྱུང་ཡེ་ཤེས་ཉིད། །ཀུན་བརྟེན་གནས་དང་ཁྱབ་པའི་ཕྱིར། ། བྱང་ཆུབ་སེམས་ཀྱི་རང་བཞིན་ལ། །ས་ཡི་སྙིང་པོར་བརྗོད་པ་ཡིན། །རང་བྱུང་སྙིང་པོ་བྱང་ཆུབ་སེམས། །ནམ་མཁའ་ལྟ་བུར་བསམ་བརྗོད་མེད། །མཐའ་དབུས་སྒྲོ་སྐུར་གང་འདས་པ། །དེ་ནི་ནམ་མཁའི་སྙིང་པོ་ཉིད། །གང་ཕྱིར་ཐུགས་རྗེ་དཔག་མེད་པས། །འགྲོ་བ་ཆུ་བོ་རྒལ་གྱི་བར། །སྐྱོ་བ་མེད་པར་གཟིགས་པས་ན། །སྤྱན་རས་གཟིགས་དབང་པདྨའི་གཙོ། །རྟོགས་དང་དབྱེར་མེད་རྡོ་རྗེ་ཡིས། །མཐའ་ཡི་བདག་རྟོགས་མཚན་མ་དག་།འཇོམས་པས་ཕྱག་ན་རྡོ་རྗེ་སྟེ། །ཐུན་མོང་ཉིད་དང་ཁྱད་པར་གྱིས། །
222b
གསང་བའི་རྣམ་པར་ཤེས་པར་ནི། །ཐུན་མོང་ཡུལ་དང་ཁྱད་པར་ནི། །ཐབས་དང་ཤེས་རབ་འབྲེལ་པ་ལས། །མཚོན་དང་རྟོགས་དང་བསྒོམས་པ་ཡིས། །ལྷ་ཡི་བཞིར་ནི་མངོན་སྣང་བ། །བྱང་ཆུབ་སེམས་དང་བདེ་བ་དང ། །ཐབས་ཀྱི་བདེ་བས་རབ་སྒེགས་པས། །ལྷ་མོ་འདི་ནི་སྒེག་མོར་བཤད། །གྲོལ་དང་མ་གྲོལ་འཁོར་བ་ཡི། །ཕྱི་ནང་སྒྲ་ཡི་བྱེ་བྲག་ཀུན། །བྲག་ཅ་ལྟ་བུར་བརྗོད་མཛད་པས། །བར་ཆད་མེད་པས་ཕྲེང་བ་མ། །ཚིམ་པའི་ངོ་བོ་གང་བསྟན་པ། །དྲི་དང་ལྡན་པའི་ཁྱད་པར་ཉིད། །དབྱངས་ཉིད་ཚིམ་ཞིང་ཡིད་བདེ་བས། །དེ་ཉིད་རྡོ་རྗེ་གཱི་རྟ་མ། །རོ་ཡིས་ཁྱབ་ཅིང་གར་སྒྱུར་ལྟར། །བདེ་བ་ཆེན་པོ་བཞི་ཡི་གར། །ཁྱབ་དང་མཛེས་དང་ཚིམ་པ་དང ། །མི་གནས་བགྲོལ་བས་གར་མཁན་མ། ། རྒྱན་དང་ཆགས་པའི་སྒྲ་དག་དང ། །ཡིད་ཀྱི་ཕྲེང་བ་བདེ་བའི་ཕྱིར། །ལྷ་མོ་བཞི་ཡི་རང་བཞིན་ནོ། །མ་རྟོགས་འགྲོ་བ་མཐའ་ཡས་ལ། །རང་བཞིན་ཐུགས་རྗེ་མཛད་པ་ཡིས། །ཡོངས་ལ་ཕན་འདོགས་སྐྱོབ་པ་ནི། །འདི་ནི་བྱམས་པ་ཞེས་བྱ་འོ། །རྟོགས་གོམས་མཐར་ཕྱིན་ཁྱད་པར་གྱིས། །ལས་དང་ཉོན་མོངས་ལྟ་བའི་རིམ། །སེལ་བ་འདི་ནི་སྒྲིབ་སེལ་ལོ། ། ཐབས་དང་ཤེས་རབ་གནས་རྟོགས་ན། །གང་ཕྱིར་སྤོང་ལེན་མི་གནས་བས། །ཕྱི་ནང་སྣོད་བཅུད་མ་ལུས་པ། །དབྱེ་བ་མེད་པས་ཀུན་ཏུ་བཟང ། །བདག་དང་གཞན་དུ་འཛིན་པ་ཀུན།།
223a
༄#། །ཟག་པ་མེད་པའི་ཤེས་རབ་ཀྱིས། །ལྟ་བའི་དྲ་བ་གཅོད་པས་ན། །ཟག་མེད་ཤེས་རབ་འཇམ་དཔལ་སྐུ། །དབང་པོ་ཡི་གེ་ཐིག་ལེར་བཅས། །གནས་དང་རྟོགས་དང་བསྒོམས་པ་ཡིས། །མངོན་དུ་སྣང་ཕྱིར་བརྗོད་པ་ཡིན། །དུས་བཞི་རིམ་པ་གཉིས་བརྒྱད་དེ། །དེ་ཉིད་དགྲོལ་དང་བྲོད་སྐྱེད་དང ། །སྤྱོད་ཡུལ་དག་ཕྱིར་བརྗོད་པ་ནི། །དྲི་དང་བདེ་བས་ངམ་ཚིམ་ཞིང ། །ཡིད་ལྡོག་མེད་པས་རྡོ་རྗེ་དྲི། །ཕྱི་ནང་ཁྱབ་པའི་དཀྱིལ་འཁོར་ལ། །མེ་ཏོག་ཐིག་ལེར་བདེར་བཀོད་པས། །རྡོ་རྗེ་མེ་ཏོག་བླ་ན་མེད།། ཕྱི་ནང་སེམས་ལ་གནས་བཅས་པའི། །མུན་པ་བསལ་ཕྱིར་ཤེས་རབ་དང ། །ཡེ་ཤེས་སྣང་བ་བླ་ན་མེད། །རྡོ་རྗེ་གསལ་བའི་མར་མེ་མ། །ཕྱི་ནང་དཀྱིལ་འཁོར་མ་ལུས་ལ། །རང་བྱུང་ཏིང་འཛིན་བདེ་བ་ཡིས། །ཐམས་ཅད་ཁྱབ་པར་གནས་པའི་ཕྱིར། །ཁྱབ་བྱེད་རྡོ་རྗེ་དྲི་ཆབ་མ། །དེ་བཞིན་ཉིད་ལ་དགོངས་པ་ཡིས། །འཁོར་བའི་ཆོས་རྣམས་མ་ལུས་པ། །བྱང་ཆུབ་སྙིང་པོ་ཚར་བཅད་པས། །རྣམ་པར་རྒྱལ་བ་ཞེས་སུ་བརྗོད། །གཟུང་འཛིན་བྲལ་བའི་ཡེ་ཤེས་འདི། །གཉིས་འཛིན་རྟོག་པའི་གཉེན་པོ་སྟེ། ། རྟོགས་གོམས་དེ་ཡིས་འཇོམས་པས་ན། །ཡ་མཱནྟ་ཀྲིད་གཤིན་རྗེ་གཤེད། །གང་ཕྱིར་འཁོར་བའི་རྒྱ་མཚོ་ལས། །ཐབས་དང་བཅས་པའི་རྫུ་འཕྲུལ་ལས། །འཇོམས་
223b
དང་སྒྲོལ་བར་མཛད་པས་ན། །རྟ་མགྲིན་རྒྱལ་པོ་དེ་བཤད་དོ། །འཁོར་བའི་བདུད་རྩི་དུག་ལྔ་ལ། །ཡེ་ཤེས་ལྔ་རུ་གསལ་གོམས་པས། །གཉིས་མེད་རྩི་རུ་གང་འཁྱིལ་བ། །སྒྲིབ་ཟད་བདུད་རྩི་འཁྱིལ་བར་བཤད། །གང་དུ་ལུས་དང་བཅས་པ་ཡི། །དབང་པོ་ཡུལ་དང་རྣམ་ཤེས་རེག་།རང་རྒྱུད་གཅད་པའི་ཡེ་ཤེས་ཉིད། །སྒོ་བ་རྣམ་པ་བཞི་རུ་གསུངས། །རང་རྒྱུད་རྟག་ཆད་ཟློག་པ་དང ། །གཟུངས་དང་ལྷ་དང་བདེ་བ་དང ། །ཐིག་ལེ་རིག་པར་བཅས་པ་ཉིད། །གང་ཕྱིར་གནས་ནས་དགུག་པ་དང ། །གང་དུའང་འགྲོ་བར་མི་ནུས་པ་དང ། །དེ་ལས་འདའ་བར་དཀའ་བ་དང ། །བསྟིམས་ནས་བདེ་བས་དྲིལ་བུ་མ། །གཟུང་དང་འཁྱུད་དང་བསྡམས་པ་དང ། །གཉིས་སུ་མེད་པས་བདེ་ཆེན་པོ། །རང་ལུས་སྣང་སྲིད་བརྟན་གཡོ་ལ། །རྟོགས་དང་གོམས་པའི་ཚུལ་གྱིས་སྦྱར། །དེ་དག་མ་ལུས་དྲན་བྱེད་པ། །རིག་པའི་རྒྱལ་པོ་ཀུན་དབྱེར་མེད། །ཀུན་གཞི་རྡོ་རྗེ་མི་ཕྱེད་པ། །ཀུན་ཏུ་བཟང་པོར་དེ་བཤད་དོ། །མ་ལུས་འདུས་བྱས་མ་བྱས་ཆོས། །མ་ལུས་ཟད་མེད་ཁྱབ་པའི་དབྱིངས། །རྟོགས་དང་ཤེས་དང་གང་གྱུར་པ། །ཀུན་ཏུ་བཟང་མོར་དེ་བཤད་དོ། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ཡེ་ཤེས་ལྔ་ལྡན་དྭངས་མའི་བཅུད། །རང་བྱུང་ལུས་ཅན་ཀུན་གནས་པ། །སྟོན་པ་པོ་ཡི་གསུང་ཅན་ཉིད། །དྷརྨ་ཙཀྲ་ཆོས་ཀྱི་གནས། །འོད་བཞི་ཨེ་ཚོགས་ཚུལ་དུ་ནི། །ལུས་སྦས་པ་ཡི་ཚུལ་
224a
༄#། །དག་གིས། །ལུས་ཅན་ཀུན་ལ་ཁྱབ་པར་གནས། །རང་བྱུང་ཐུགས་ཀྱི་བདེ་བ་ཉིད། །རྒྱུ་བ་བྲལ་བའི་སྙིང་པོ་སྟེ། །བར་མ་ཨརྠ་བྱང་ཆུབ་སེམས། །ནམ་མཁའི་ཡེ་ཤེས་ཐུགས་ཀྱི་ཀློང ། །མ་ན་མ་ཏ་དྲན་རྟོག་ཡིད། །རྣམ་ཤེས་རྒྱུ་བའི་དྲན་རྟོག་རྣམས། །ཡེ་ཤེས་ནམ་མཁར་གསལ་འདོད་པ། །དྲན་རྟོག་རིག་པ་འཁོར་དུ་གནས། །ཟག་མེད་རྣམ་ཤེས་བསམ་མི་ཁྱབ། །མ་ལུས་ནམ་མཁའི་ཡེ་ཤེས་སུ། །བདེ་ཆེན་རིག་པའི་མི་རྟོག་པར། །བསྡུས་ཏེ་ཉམས་ལ་གནས་པར་མཛད། །བདེ་བ་ཆེན་པོ་མ་སྐྱེས་པ། །ནམ་མཁའ་ལྟ་བུར་མི་ཕྱེད་པ། །ནམ་མཁའི་ཡེ་ཤེས་དབྱེར་མེད་སྐུ། །དུས་གསུམ་ཀུན་གྱི་ངོ་བོར་གནས། །འདི་ཞེས་ཉེ་བར་བསྟན་པ་ནི། །ེ་སོགས་བཞི་ཡི་ཚུལ་གནས་ཏེ། །ཕྱི་ནང་བར་ཁྱམས་གདོང་བར་བཅས། །གསང་བའི་འོག་མིན་རྒྱན་རྫོགས་པའོ། །ཐིག་ལེ་བཾ་དབྱིབས་སྤྲོས་པ་མེད། །བརྗོད་མེད་བསྟན་པ་གསུང་མཛད་ཅིང ། །བྱིན་བརླབས་བདེ་ཆེན་མི་རྟོག་པ། །འཁོར་ལ་སྣང་བར་མཛད་པའོ། །མ་ནི་མ་ནུ་མ་ཏ་སྟེ། །སྡོམ་བྱེད་དྲན་རྟོག་ཡིད་ཀྱི་དངོས། །ལས་ཅན་རྣམ་ཤེས་དེ་དག་གིས། །གསལ་བར་གོ་བར་འཁོར་དུ་བརྗོད། །ཆོས་རྣམས་ཀུན་གྱི་ངོ་བོ་ཉིད། །ཐིག་ལེ་བཅུ་དྲུག་སེམས་ལྔའི་དངོས། །མི་རྟོག་ལྷན་ཅིག་སྐྱེས་པའི་
224b
དོན། །བྱིན་བརླབས་མངོན་སུམ་ཚུལ་གྱིས་གསལ། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཐིག་ལེ་ཟག་མེད་སྐྱེས་པའི་དུས། །བསམ་མེད་ལྷན་ཅིག་སྐྱེས་པའི་ཚེ། །བདེ་བ་ཆེན་པོའི་དུས་སུ་འདོད། །ཤེས་པ་རྟེན་དང་བརྟེན་པར་བཅས། །ཐབས་ཀྱི་རིམ་པ་ལ་བརྟེན་ནས། །རླུང་གིས་བསྡུས་པའི་དོན་གྱིས་ནི། །རང་རིག་ཐབས་ཀྱི་རྒྱལ་པོར་གསལ། ། གང་དང་གང་ལ་གང་དུ་ནི། །གང་གིས་གང་ཚེ་གང་གསུངས་པ། །བརྗོད་འབྱུང་རྩ་བར་དེ་གྱུར་པས། །གླེང་གཞི་ཞེས་ནི་བསྟན་པ་ཡིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། ། དབྱེར་མེད་ཡེ་ཤེས་གཅིག་གི་དང ། །རྡོ་རྗེ་འཆང་ཆེན་ཀུན་བཟང་ལས། །སྣ་ཚོགས་སྐུ་ནི་རྣམ་པར་འཕྲུལ། །དེ་ཚེ་རྒྱལ་བ་ཐམས་ཅད་ཀྱང ། །ལྷ་ལ་རྡོ་རྗེ་འཛིན་པ་ཉིད། །ལྷ་མིན་སྟོན་པ་ཕྲག་དོག་རྗེ། །མི་ལ་ཐུབ་པའི་དབང་པོ་སྟེ། །བྱོལ་སོང་སྒྲ་ཡིས་འདུལ་མཛད་པ། །ཡི་དྭགས་དྲག་པོས་གདུང་བ་སེལ། །དམྱལ་བ་སྡུག་བསྔལ་ཆོས་ཀྱི་རྒྱལ། ། གདུལ་བའི་སྤྲུལ་སྐུ་ངོ་བོར་ཤར། །ལ་ལ་ལྷ་ལས་འཕོ་བ་དང ། །ལ་ལར་ལྷུམས་ཞུགས་བལྟམས་པ་དང ། །དཀའ་ཐུབ་བདུད་བཏུལ་སངས་རྒྱས་ནས། །འཁོར་ལོ་བསྐོར་ཏེ་མྱ་ངན་འདས། །གནས་ལ་ངེས་པ་ཡོད་མིན་ཏེ། །དམྱལ་བ་ཡི་དྭགས་བྱོལ་སོང་དང ། །མི་དང་ལྷ་དང་ལྷ་མིན་ཏེ། །སོ་སོའི་གནས་ཏེ་གང་ཡིན་པ། །འགྲོ་བ་འདུལ་ཕྱིར་སྟོན་
225a
༄#། །པའི་གནས། །ལྷ་རྣམས་དང་ནི་མི་རྣམས་དང ། །ལྷ་མིན་ཡི་དྭགས་དུད་འགྲོ་དང ། །དམྱལ་བ་སོ་སོའི་འགྲོ་རིས་དག་།རང་རང་མོས་དང་ལས་དབང་གིས། །འདུལ་ཚུལ་ཐ་དད་དབང་གིས་འཁོད། །རང་རང་མོས་པས་ཕྲད་པའི་ཚེ། །རང་རང་བརྡའ་སྐད་ཐ་དད་པས། །རྟོགས་དང་གྲོལ་བར་གང་གྱུར་པ། །རང་རང ། ཇི་བཞིན་སྟོན་པའི་དུས། །བསྟན་པའི་ཐེག་པ་སྣ་ཚོགས་ཏེ། །རང་རང་ཞེན་པ་མཐའ་ཡས་ཕྱིར། །ཚུལ་དང་མོས་པའི་དབང་གིས་ན། །ཐེག་པ་སྣ་ཚོགས་ཚུལ་དུ་སྣང ། །ཐེག་གཅིག་མཉམ་པ་ཉིད་ཀྱི་ཚུལ། །གཉིས་དང་གསུམ་དང་བཞི་དང་ལྔ། །དགུ་དང་བརྒྱད་ཁྲི་ལ་སོགས་པ། །འགྲོ་བ་འདུལ་བའི་ཚུལ་གྱིས་སྣང ། །སྐུ་དང་གསུང་ཐུགས་ལས་དག་གིས། །འདུལ་དབང་ཐབས་ནི་སྣ་ཚོགས་ཀྱིས། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར། །དེ་ཚེ་འགྲོ་བ་སོ་སོ་ཡང ། །རང་གི་གཞི་རྩ་དོན་རིག་ནས།། རིམ་པ་ལྔ་འམ་ཐབས་གཅིག་གིས། །རིག་འཛིན་སངས་རྒྱས་ས་ལ་གནས། །རང་རང་ཆ་འཛིན་སྤྲུལ་པའི་ལུས། །སར་གནས་འཁོར་གྱི་དང་པོ་ཡིས། །དེ་དག་ཞུས་པའི་རིམ་གསུངས་པ། །བློ་དང་ཚིག་དང་ཡི་གེར་བསྡུས། །རྒྱུད་ཅེས་བྱ་བ་རྒྱུན་དུ་གྲགས། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ལྟ་སྤྱོད་དཀྱིལ་འཁོར་དབང་དམ་
225b
དང ། །སྒྲུབ་པ་འཕྲིན་ལས་ལམ་རིམ་ནི། །ཕྱི་དང་ནང་དང་སྦས་པ་སྟེ། །རང་བཞིན་གནས་དང་མངོན་བྱེད་པ། །ཐབས་ཀྱི་རྒྱུད་ནི་གསུམ་དུ་གསུངས། །ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །མདོ་སྡེ་འདུལ་བ་མངོན་པ་དང ། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །བསྐྱེད་རྫོགས་ཐབས་རིམ་གང་བསྟན་པ། །སྒྱུ་འཕྲུལ་དྲ་བར་འདུས་པ་སྟེ། །དེ་ལྟར་གྲགས་པའི་ཆོས་རྣམས་ཀུན། །རྟོག་པའི་ཆོ་ག་ཀུན་བཤད་པའི། །རྒྱུད་ཆེན་རྒྱུ་འཕྲུལ་དྲ་བ་སྟེ། །སངས་རྒྱས་ཀུན་གྱི་གསུང་གི་མཆོག་།ཐོག་མ་བར་དང་མཐར་དགེ་བ།། དུས་གསུམ་རྒྱལ་བ་ཀུན་གྱིས་གསུངས། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ཆེན་པོ་ལས། གླེང་གཞི་རྣམ་པར་བཤད་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །གང་ཟག་ཐབས་ནི་ཐུན་མོང་དུ། །བློ་ཡི་ཡུལ་དུ་གང་གྱུར་པ། །དེ་ནི་ཐུན་མོང་ཡུལ་ཉིད་དེ། །གང་ཟག་ཐབས་དང་སྟོན་པ་ཉིད། །དེ་ཡི་སྤྱོད་ཡུལ་མ་གྱུར་ཅིང ། །ཐབས་ཆེན་གསང་བ་དང་ལྡན་པ། །དེ་ནི་ཐུན་མོང་མ་ཡིན་པའོ། །དེ་ཉིད་སྐྱེ་བོ་འཁོར་གཉིས་དོན། །རྣམ་གཉིས་ཚུལ་དུ་སྣང་བར་མཛད། །ཕུང་པོ་ཁམས་དང་སྐྱེ་མཆེད་ཉིད། །རྒྱལ་བ་ཡབ་ཡུམ་སེམས་དཔའ་དང ། །སེམས་མ་ཉིད་དུ་ལྷུན་གྱིས་གྲུབ། །གསང་ཡུལ་དབང་པོ་རྣམ་ཤེས་
226a
༄#། །རེག་།མ་ལུས་འཇོམས་ཕྱིར་ཁྲོ་བོ་སྟེ། །རྟགས་སོགས་མཚན་མ་ལས་སྐྱེས་ཕྱིར། །ཡུམ་སྟེ་ལས་ཀྱིས་མི་གནས་བཤད། །ཡིད་ཆོས་བཟང་པོ་བཟང་མོ་ཉིད། །ཆགས་སོགས་ཉོན་མོངས་དྲུག་པོ་ཉིད། །ཐུབ་པ་སྤྲུལ་པ་དྲུག་ཏུ་བཤད། །དེ་ཉིད་ཕྱོགས་བཅུ་དུས་བཞི་ཡི། །ཕུང་པོ་འབྱུང་བ་རྣམ་ཤེས་ཡུལ། །དབང་པོ་དུས་དང་ལུས་ཆོས་བཞི། །མཚན་མ་ཉོན་མོངས་ཡུམ་ཉིད་དེ། །དེ་ཉིད་སེམས་ཕྱིར་མ་སྐྱེས་པས། །ལྷག་པའི་བདེན་གཉིས་འབྲེལ་པ་ལས། །བྱང་ཆུབ་སེམས་ལྔ་རྣམ་པར་འཕྲུལ། །དངོས་པོ་སྣང་གྲགས་ཆོས་ཐམས་ཅད། །སྐྱེ་བ་མེད་དང་འགག་མེད་དང ། །གནས་པ་མེད་དང་དམིགས་མེད་དང ། །འགྲོ་འོང་མེད་པ་ཉིད་དུ་སྣང ། །བདག་ཕྱིར་ཡེ་ཤེས་གསལ་སྣང་ཡང ། །གཞན་ཕྱིར་དེ་དག་མ་རྟོགས་པས། །རང་བཞིན་ངོ་བོ་ཡེ་ནས་གསང ། །ཤིན་ཏུ་གབ་སྦས་གསང་བའི་དོན། །དེ་ཉིད་ལེགས་པར་བཤད་པའི་དོན། །ཡེ་ནས་མཉམ་ཉིད་གསང་བ་ལ། །མ་རིག་ལོག་རྟོག་རྐྱེན་དབང་གིས། །འཁོར་བའི་སྡུག་བསྔལ་ངོ་བོར་སྣང ། །དེ་ཉིད་བདེ་གཤེགས་སྙིང་པོ་དེ། །དངོས་མེད་དངོས་པོའི་སྙིང་པོ་ཅན། །འགྲོ་བ་རྣམས་ནི་སྨིན་བྱའི་ཕྱིར། །སྐུ་གསུང་ཐུགས་ཀྱི་རང་བཞིན་ལས། །སྤྲུལ་བ་རྣམས་ནི་རྣམ་བར་
226b
འཕྲུལ། །སྐུ་དང་གསུང་ཐུགས་སྣ་ཚོགས་ཀྱི། །ཆོས་ཀྱི་འཁོར་ལོ་རྣམ་པར་བསྐོར། །རྒྱལ་བའི་དཀྱིལ་འཁོར་དེ་དག་ཀྱང ། །སྟོན་པ་འཁོར་གྱིས་གཅིག་ལ་གཅིག། ཡབ་དང་ཡུམ་དང་གཉིས་མེད་དང ། །གང་ལ་གང་གིས་གླེང་བསླང་བ། །བརྡ་དང་དགོངས་པའི་ཚིག་གིས་ཏེ། །བསྟན་པའི་ཚོགས་ནི་སྣང་བར་འགྱུར། །འཕེན་པ་ཆུང་གི་སྦྱོར་བ་ཡིས། །ཐབས་དེས་ཡུམ་ལ་གང་བསྐུལ་བས། །གཉིས་མེད་འབྲེལ་པའི་ཆགས་པའི་འོད། །ས་ཡ་བཅུ་གསུམ་སྐུ་གསུང་ཐུགས། །བདེ་ཆེན་ལྷ་རུ་གསལ་བྱས་ཤིང ། །ནམ་མཁའི་ཡེ་ཤེས་མངོན་ཕྱུང་ནས། །བདེ་བའི་ཡེ་ཤེས་གསལ་བའི་རོ། །སྐྱེ་དང་དགའ་དང་གནས་པ་དང ། །འགྲོ་འོང་ཉིད་ལས་ཤེས་པར་འགྱུར།། གང་གིས་གང་ལ་གང་བསླངས་པས། །གང་རྐྱེན་དབང་གིས་དེ་དག་ལས། །ཡེ་ཤེས་གསལ་བར་གང་སྣང་བས། །སྣང་སྲིད་ལུས་དང་དངོས་པོར་བཅས། །ནམ་མཁའི་ཡེ་ཤེས་ཅིར་ཡང་སྣང ། །ནང་གི་གླེང་བསླང་ཐབས་ཆེན་ཡིན། །གང་ཕྱིར་ཐབས་ཀྱིས་ཤེས་རབ་ལ། །ཆགས་པའི་གླུ་དང་སྦྱོར་བས་བསྐུལ། །ཤེས་རབ་ཐབས་ལ་ལན་བསྐུལ་བའང ། །ཤ་ད་པ་ཡི་གླུ་གར་དང ། །སྔགས་སྦྱོར་བ་ཡི་རིམ་པ་ཡིས། །ཕྱག་རྒྱ་བཞི་ཡིས་མངོན་སྦྱར་བས། །ཐབས་དང་ཤེས་རབ་གཉིས་
227a
༄#། །མེད་པའི། །རྒྱུ་བ་རླུང་གི་སྦྱོར་བ་ཡིས། །དགུག་དང་བཀུག་པའི་ཐབས་ཉིད་དེ། །དབབ་དང་གཟུང་དང་བསྐྱིལ་བ་དང ། །ཟློག་དང་གཟུང་དང་སྦྱར་བ་ཡིས། །བསྐྱེད་དང་རྫོགས་དང་རྫོགས་ཆེན་པོ། །ཐུན་མོང་ཐུན་མོང་མ་ཡིན་པའི། །མཐར་ཐུག་རིམ་པ་ལས་བྱུང་བའི། །ཀུན་ཀྱང་སེམས་ལྔར་སྣང་བ་སྟེ། །ཐབས་ལས་བྱུང་བའི་ཐིག་ལེ་དང ། །ཤེས་རབ་གསང་བའི་ཐིག་ལེ་དང ། །གཉིས་མེད་བདེ་བ་ལས་བྱུང་བའི། །སེམས་ལྔ་རིམ་པར་སྣང་བར་འགྱུར། །ཐབས་དང་ཤེས་རབ་མཉམ་སྦྱོར་ཞིང ། །སྐུ་དང་གསུང་ཐུགས་ལས་བྱུང་བ། །བྱེ་བྲག་བརྒྱད་ཅུ་ཀུན་འདུས་པ། །དཀྱིལ་འཁོར་བཞི་བཅུ་རྩ་གཉིས་ཏེ། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔས། །ཐབས་དང་རང་བཞིན་འབྲེལ་བ་ཡིས། །འགྲོ་བ་ཀུན་ལ་རྒྱས་བཏབ་པའོ། །སྣོད་བཅུད་བདེ་བའི་རང་བཞིན་གྱིས། །མ་ལུས་ལྷན་ཅིག་སྐྱེས་པར་གནས། །གཡོ་ལྡང་སྨོན་འཇུག་གནས་མཐར་ཕྱིན། །སྐྱེ་བའི་གཞི་དང་ཐབས་དག་དང ། །སྐྱེས་ནས་མཐར་ཕྱིན་ཡེ་ཤེས་ལྔ། །སངས་རྒྱས་ཀུན་གྱི་རང་བཞིན་ཉིད། །ཇི་ལྟ་བ་བཞིན་རྣམ་པར་གནས། །འགྲོ་བ་མོས་པའི་ཁྱད་པར་གྱིས། །གཟུགས་དང་ཁ་དོག་སྔགས་དང་འོད། །དཀྱིལ་འཁོར་ལ་སོགས་སོ་སོར་གནས། །གང་ཟག་བློ་དང་
227b
འཚམ་པར་བསྟན། །རྟེན་དང་བརྟེན་ཅན་ལས་བྱུང་བའི། །རང་བྱུང་བདེ་ཆེན་མེ་རྟོག་པ། །ལུས་མེད་ལུས་ལ་གནས་པ་ཡི། །ཁྱབ་པ་གཉིས་མེད་གང་བའི་ཚུལ། །གང་ཕྱིར་ཟག་མེད་བདེ་བ་ཡི། །ཏིང་འཛིན་བདེ་བ་ཁྱད་པར་ཅན། །རང་བཞིན་བརྟགས་དང་སྣང་བ་དང ། །བྱིན་རློབ་ནུས་པའི་ལྷ་ཡིས་ནི། །ཕྱི་ནང་སྣོད་བཅུད་སྐུ་གསུང་ཐུགས། ། མ་ལུས་སྦྱོར་བ་གསུམ་ལས་བྱུང ། །རྩ་དང་རླུང་དང་ཐིག་ལེ་དག་།རིམ་པར་བསྟེན་དང་སྦྱོར་བ་དང ། །འཕེན་དང་སྡུད་པ་རླུང་གིས་ཏེ། །དྭངས་མར་ཡེ་ཤེས་རླུང་གིས་འཇུག་།སྟེང་དང་འོག་ལས་བྱུང་བ་ཡི། །བདེ་བའི་ཐིག་ལེ་རིམ་པ་དག་།དྭངས་སྙིགས་རླུང་གི་ཁྱད་པར་གྱིས། །ཇི་ལྟར་འདོད་པའི་འབྲས་བུ་ཉིད། །རྐྱེན་གྱིས་ནུས་པ་ཕྲད་པ་ལྟར། །རྒྱུ་གཅིག་ནུས་པ་སོ་སོར་སྣང ། །འཇིག་རྟེན་འདས་དང་འཇིག་རྟེན་པའི། །ལམ་ནི་རྩ་དང་ཐིག་ལེ་དང ། །རླུང་ནི་ཕྱི་ནང་དྭངས་སྙིགས་དང ། །ལམ་དང་རྒྱུ་བའི་ཚུལ་ལས་བྱུང ། །གང་ཕྱིར་མེད་དང་ནུས་པ་མེད། །སྟོངས་དང་ལོག་པའི་ནུས་མཐུ་ཡིས། །རང་ལུས་འཇིག་དང་སྡུག་བསྔལ་ཞིང ། །དབང་པོ་མ་ཚང་དམན་པར་གྱུར། །གང་ཕྱིར་ཐུན་མོང་ཐུན་མོང་མིན། །སེམས་ལྔ་ཡེ་ཤེས་ལྔ་བསྟན་པ། །རང་བཞིན་ཏིང་འཛིན་གཟུགས་བརྙན་དུ། །གཟུངས་མ་རིགས་ལ་རྟེན་བཅས་པའི། །སེམས་ལྔ་ཡུན་རིང་ཐུང་
228a
༄#། །བཅས་པས། །བདག་གཞན་ཆོས་རྣམས་མ་ལུས་པ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཏེ། །དངོས་བོ་མ་ཡིན་དངོས་མེད་མིན། །བདག་གཞན་གཉིས་ཀ་གཉིས་མེད་མིན། །རང་བྱུང་བདེ་ཆེན་སྒྱུ་མ་ཉིད། །རྡོ་རྗེ་བརྟན་པོ་རང་སྣང་བ། །ཡེ་ཤེས་སྒྱུ་མ་ལྷུན་གྱིས་གྲུབ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ཆེན་པོ་ལས། གླེང་བསླང་བ་བཤད་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །ཀུན་གྱི་ཤེས་བྱ་ཡུལ་བཤད་པ། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །གཅིག་དང་ཐ་དད་ཀུན་བྲལ་བའི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སྒྲོ་སྐུར་ཀུན་བྲལ་མཉམ་པ་ལས། །རྟོགས་དང་མ་རྟོགས་ཁྱད་པར་ལས། །སྣ་ཚོགས་ཆོས་ནི་རྣམ་པར་འཕྲུལ། །གཞི་དང་རྩ་བ་ལས་འདས་པའི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །དངོས་མེད་དངོས་པོ་ཡུལ་འདས་ལ། །འཁོར་དང་མྱ་ངན་འདས་པ་ཡི། །ངོ་བོ་སྣ་ཚོགས་རང་སྣང་བ། །གཉིས་མེད་ཐབས་ཆེན་རྡོ་རྗེ་ཉིད། །ེ་མའོ་གཉིས་མེད་བདེ་ཆེན་ལས། ། སྣ་ཚོགས་གནས་དང་ལོངས་སྤྱོད་དང ། །རིགས་དང་ཁ་དོག་ཚེ་ཚད་དང ། །བདེ་སྡུག་དབང་པོ་བྱེ་བྲག་དང ། །རང་བཞིན་སྣ་ཚོགས་རྣམ་པར་འཕྲུལ། །སྒྱུ་མ་ཆུ་ཟླ་འཇའ་
228b
ཚོན་ལྟར། །བྱང་ཆུབ་སེམས་ཀྱི་ངོ་བོར་གནས། །ལས་དང་རྐྱེན་གྱིས་གང་སྣང་བ། །རང་རང་ཞེན་པའི་ཐ་དད་ཀྱིས། །དབང་པོ་ཁྱད་པར་སྣ་ཚོགས་པའི། །རྟོག་པའི་ནུས་བ་སྣ་ཚོགས་མཐོང ། །རང་བཞིན་གཞི་རྩ་མེད་པའི་དབྱིངས། །ལྷན་ཅིག་སྐྱེས་དང་ཀུན་བརྟགས་པའི། །མ་མཐོང་ལོག་ཞེན་བརྟས་པ་ཡིས། །འཁྲུལ་འཁོར་ལོག་པའི་སྟོབས་སུ་སྣང ། །འཁོར་བ་མ་གསལ་དག་པ་ཡི། །ཞིང་དང་སྤྱོད་ཡུལ་ལོངས་སྤྱོད་དང ། །ཏིང་འཛིན་དབང་སྟོབས་རྫུ་འཕྲུལ་དང ། །མངོན་ཤེས་ཡེ་ཤེས་དཔག་མེད་པའི། །སྣ་ཚོགས་སྐུ་དང་གསུང་ཐུགས་དང ། །ཡོན་ཏན་འཕྲིན་ལས་རང་སྣང་བ། །བདག་གཞན་ལྷུན་གྱིས་གྲུབ་པའི་དོན། །སྣ་ཚོགས་ཡིད་བཞིན་ནོར་བུ་ལྟར། །མ་བསགས་ལྷུན་གྱིས་གྲུབ་པའི་སྐུ། །སྣ་ཚོགས་ཀུན་དང་དབྱེར་མེད་པའི། །ཀུན་ལ་ཡིད་བཞིན་མཐུན་པར་སྣང ། །ཀུན་ཀྱང་རང་བྱུང་བྱང་ཆུབ་སེམས། །བདེན་པ་དབྱེར་མེད་དོན་དུ་སྣང ། །གང་ཕྱིར་ནམ་མཁའི་རང་བཞིན་ལྟར། །གང་ལ་དེ་ལྟར་སྣང་བ་ལས། །ཡང་དག་གཅིག་ཏུ་གཟུང་དུ་མེད། །མ་བཅོས་རང་བྱུང་ཞི་བ་ཉིད། །རྣམ་པར་དག་པའི་སྙིང་པོ་སྟེ། །འཁོར་བ་ཉིད་ན་མྱ་ངན་འདས། །རྣམ་པར་དག་པའི་དབྱིངས་སུ་མཁྱེན། །སྒྲོ་དང་སྐུར་བ་ཀུན་བྲལ་བའི། །ཐམས་ཅད་རང་སྣང་སྙིང་པོ་ལས། །སྣ་ཚོགས་མ་ལུས་རྣམ་པར་འཕྲུལ།།
229a
༄#། །དངོས་དང་དངོས་པོ་མེད་མིན་ཞིང ། །གང་ལ་དེ་ཉིད་ཡུལ་འདས་པ། །ནམ་མཁའ་ལྟ་བུར་དཔག་མེད་བ། །ཕྱོགས་རིས་མཐའ་དབུས་རྒྱ་དཔག་མེད། །གང་གིས་གང་ལ་ཁྱབ་པ་ལྟར། །མཁའ་སོགས་རྡུལ་བྲལ་འབྱུང་བའི་བཅུད། །ཟག་པ་མེད་པའི་སྙིང་པོ་ཉིད། །ལུས་ཅན་ཀུན་གྱི་དབང་པོ་དང ། །དངས་མར་འབྲེལ་བར་གང་སྣང་ཡང ། །མཐོང་བ་ལོག་པའི་སྟོབས་ཀྱིས་སྒྱུར། །བདག་གཞན་མེད་པའི་རང་སྣང་ཡིན། །མ་ལུས་ཐམས་ཅད་དབྱེར་མེད་པའི། །ཐབས་དང་ཤེས་རབ་བཅུད་ལྔའི་རྒྱུན། །ལོངས་སྤྱོད་ཐབས་སུ་བཅས་པ་ཉིད། །འགྲོ་བ་ཀུན་ལ་ཁྱབ་པར་གནས། །གང་ཡང་ཐབས་དང་ཤེས་རབ་ཀྱི། །སྒྱུ་འཕྲུལ་དྲ་བའི་རང་བཞིན་ཉིད། །རང་བཞིན་དབྱེར་མེད་བྱང་ཆུབ་སེམས། །བདེ་བ་ཆེན་པོའི་ངོ་བོ་ཉིད། །འདས་དང་ད་ལྟར་མ་བྱོན་གྱི། །རྒྱལ་བ་རིག་འཛིན་མཐའ་ཡས་དང ། །མ་ལུས་ཀུན་གྱིས་རྟོགས་བྱ་བ། །ཕྱོགས་མེད་ཁྱབ་པའི་ངོ་བོར་གནས། །གང་སྣང་མ་ལུས་དེ་བཞིན་ཉིད། །མ་བཅོས་མ་བྱས་ཞི་བ་སྟེ། །གཅིག་དང་དུ་མ་ལས་འདས་པ། །སངས་རྒྱས་ཀུན་གྱི་རང་བཞིན་ཉིད། །མཐའ་བྲལ་ནམ་མཁའི་རང་བཞིན་ལྟར། །མ་ལུས་གནས་པ་དེ་དག་ཀྱང ། །རྟོགས་པའི་ཁྱད་
229b
པར་དབང་པོ་ཡི། །མཐོང་ཚུལ་དག་དང་མ་དག་གིས། །རང་བཞིན་ཡུལ་དང་མ་གྱུར་པས། །ཕྱི་ནང་གསང་བ་ལ་སོགས་པའི། །དབང་དང་མན་ངག་འབྲེལ་བ་ཡིས། །དེ་ཉིད་མཐོང་རྟོགས་དོན་ཕྱིར་བཤད། །གང་ཕྱིར་རྡོ་རྗེ་སློབ་དཔོན་ཉིད། །ཡོན་ཏན་ཡོངས་རྫོགས་ནུས་པ་ཅན། །དད་ལྡན་བརྩོན་འགྲུས་བརྟུལ་ཤུགས་ཅན། །ཤེས་རབ་ཁྱད་པར་གང་ལྡན་ལ། །དབང་དང་དམ་ཚིག་མན་ངག་དང ། །རྒྱུ་རྐྱེན་འབྲེལ་བའི་ནུས་པ་ཡི། །བདེ་བ་གསལ་བ་མི་རྟོག་པ། །ཐབས་ཀྱི་ཕུན་སུམ་ཚོགས་པར་འགྱུར། །གསང་བའི་གསང་ཆེན་སྙིང་པོ་ཉིད། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྟེ། །ཕྱི་ནང་བདག་གཞན་མ་ལུས་པ། །ཐམས་ཅད་དབྱེར་མེད་དེ་བཞིན་ཉིད། །ཐབས་བྲལ་ཀུན་ལ་རྒྱས་བཏབ་པས། །མུན་པའི་ཚོགས་སུ་གྱུར་པ་ཡིན། །མུན་སྣང་དུག་དང་གསེར་འགྱུར་རྩི། །ཐབས་མཁས་རང་བཞིན་ངེས་འགྱུར་ལྟར། །གང་དེའི་ལྟ་སྤྱོད་ཏིང་འཛིན་གྱིས། །དེ་མ་ཐག་ཏུ་དེ་བཞིན་འགྱུར། །དབྱེར་མེད་ནམ་མཁའི་རང་བཞིན་དུ། །ཁ་དོག་དབྱིབས་དང་རྫས་ལ་སོགས། །མ་ལུས་ཐ་དད་མེད་པ་ལྟར། །ཐབས་མཁས་མ་ལུས་དེ་བཞིན་འགྱུར།། ཐ་མལ་པ་དང་ལོག་པ་དང ། །དཀའ་ཐུབ་ཅན་དང་རྐྱེན་རྟོགས་དང ། །ཕྱི་ནང་ཅན་དང་ཐ་དད་ཅན། །གཙང་སྨེ་ཅན་དང་ཕྱོགས་རྟོགས་ཉིད། །མཉམ་ཉིད་ལྟ་ལས་གང་འདས་
230a
༄#། །པ། །ངོ་བོ་ཉིད་དང་ཐབས་དག་དང ། །དབང་པོ་ལ་སོགས་ལོག་པ་ཡིས། །དེ་ཉིད་གནོད་པའི་སྟོབས་སུ་འགྱུར། །གང་ལ་གང་གིས་ཟིན་པའི་ནད། །ཐབས་དང་བརྩོན་འགྲུས་ལེགས་པ་ཡིས། །དེ་ལྟར་བརྩོན་པའི་ཁྱད་པར་གྱིས། །དེ་ཉིད་མ་སྤངས་རྣམ་པར་དག་།གང་ཕྱིར་དེ་ཉིད་ངེས་པ་ལས། །རྟོགས་དང་མ་རྟོགས་ཁྱད་པར་གྱིས། །ཐ་དད་ཆོས་སུ་གང་སྣང་བ། །དངོས་ལ་ད་ལྟར་གནས་པ་མིན། །རྡོ་རྗེ་སྐྱེ་མེད་ཤེས་རབ་སྟེ། །མེ་ལོང་ཐབས་ཉིད་སྣ་ཚོགས་སྣང ། །གཉིས་མེད་འབྲེལ་བའི་མཉམ་པ་ཉིད། །མ་ལུས་དབྱེར་མེད་དམ་པར་བཤད། །དེ་ནས་རྟོགས་སྒོ་བཤད་བྱ་བ། །གང་ལ་གང་གི་དོན་མེད་པས། །ལྟ་དང་སྤྱོད་དང་ལམ་འབྲས་དག་།འདི་ཉིད་དོན་གཉེར་གཞན་མེད་པའོ། །གང་གིས་དེ་དག་དེ་དོན་དུ། །ཚིག་དང་སྔགས་རྫས་དཀའ་ཐུབ་ཀྱིས། །གང་བསྟན་དེ་ཡི་བྱིན་རླབས་ཀྱིས། །བདག་གཞན་ཕན་པར་གང་འདོད་པའོ། །གང་ལས་གྱུར་པ་དེ་ཞིག་པས། །ལུས་སེམས་འབྱུང་བའི་བག་ལ་གནས། །ཕྱིན་ཆད་ཕན་གནོད་ཆོས་མེད་པས། །དཀའ་ཐུབ་འབད་རྩོལ་མི་དགོས་སོ། །གང་ཕྱིར་བྱེད་པའི་རྒྱུ་བཞི་དག་།མཉེས་དང་དག་པས་བདེ་བྱའི་ཕྱིར། །ལས་དང་དཀའ་ཐུབ་དྲག་ཤུལ་གྱིས། །གྲོལ་ཞིང་ཐར་བར་འདོད་པར་སྣང ། །བདེ་བཞི་བཅུ་དྲུག་
230b
ཐ་དད་ལམ། །ཁམས་གསུམ་མཐོང་སྒོམ་སོང་ཚུལ་གྱིས། །རང་དོན་ཟག་པ་ཀུན་བྲལ་ནས། །རང་དོན་ཐར་པ་མྱ་ངན་འདས། །རྐྱེན་རྟོག་བག་ཆགས་སད་པ་ཡིས། །འབྱུང་མེད་བཅུ་གཉིས་རང་བརྟགས་ནས། །མ་རིག་འཁྲུལ་འཁོར་རྒྱུ་འབྲས་ཟད། །ཡིད་བཞིན་བདེ་བ་མཆོག་གི་ས། །ཐ་དད་མེད་པའི་རིག་པའི་སེམས། །བདེན་རྫུན་ཁྱད་པར་ཅིར་བལྟས་པས། །གསལ་ལ་མི་རྟོག་སྙིང་པོ་ཉིད། །བདག་གཞན་ནུས་པའི་སྟོབས་སུ་སྣང ། །ཆོས་རྣམས་སྒྱུ་མ་མིག་ཡོར་དང ། །བྲག་ཅ་ཆུ་ཟླ་འདྲ་བ་ཡི། །དེ་ཉིད་མཐའ་དབུས་བྲལ་བ་ནི། །བདེན་གཉིས་འབྲེལ་པ་དབུ་མའི་ཚུལ། །རྡོ་རྗེ་དམ་པ་གསུམ་བཀོད་དེ། །དངོས་པོ་སྒྱུ་མ་ལས་གྲོལ་ནས། །དག་པའི་བརྟེན་འབྲེལ་ལ་བརྟེན་ནས། །ཡེ་ཤེས་སྒྱུ་མ་མངོན་སུམ་ཤར། །གང་ཕྱིར་ལས་དང་བྱ་བ་དང ། །ཁྲུས་དང་གཙང་སྦྲ་ལ་བརྟེན་ནས། །སྔགས་དང་ཕྱག་རྒྱའི་མཐུ་སྟོབས་ཀྱིས། །སྒོ་གསུམ་རྡོ་རྗེ་འཛིན་པའི་ས། །དེ་དག་ལས་མཐུན་ཁྱད་པར་ཉིད། །དེ་ཁོ་ན་ཉིད་བཞི་རྟོགས་ནས། །ལས་དང་ཏིང་འཛིན་འབྲེལ་གོམས་པས། །རྡོ་རྗེ་འཆང་བའི་ས་ལ་གནས། །ཏིང་འཛིན་རིག་པ་གཙོར་བྱས་ནས། །སྔགས་དང་ཕྱག་རྒྱ་བསམ་པ་ཡིས། །ཆ་ལུགས་ཇི་བཞིན་མངོན་བསྒྱུར་ཏེ། །གོམས་པས་བདག་གཞན་དོན་གྲུབ་པའོ། །ཐབས་དང་གྲོལ་བའི་ཁྱད་
231a
༄#། །པར་གྱིས། །དབང་པོ་ཡུལ་དང་རྣམ་ཤེས་དང ། །སྣང་སྲིད་ཕྱི་ནང་སྣོད་བཅུད་ཀྱི། །སྤྱོད་ཡུལ་ཇི་ལྟར་འགྱུར་བ་ཀུན། །ཐབས་དང་ཤེས་རབ་དབྱེར་མེད་པའི། །གསང་བའི་ཐབས་ཀྱིས་རྒྱས་བཏབ་པས། །མ་ལུས་རྡོ་རྗེ་ཉིད་དུ་འགྱུར། །སྣང་སྲིད་དཔའ་བོ་ཐབས་ཆེན་དེ། །རང་བཞིན་དབྱེར་མེད་དག་པ་ཡི། །སྣ་ཚོགས་འཕྲུལ་པ་རང་སྣང་བས། །མ་ལུས་གཉིས་མེད་ཡེ་ཤེས་ཡིན། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཐབས་དང་རིག་པ་གང་ཟིན་པ། །གཞན་གྱིས་དོར་བའི་འཁོར་བའི་ཆོས། །ཡེ་ཤེས་བདུད་རྩིའི་ངོ་བོར་འགྱུར། །མ་ལུས་གཅིག་དང་ཐ་བྲལ་བའི། །ཇི་ལྟར་མཐུན་པའི་སྙིང་པོ་ལ། །སོ་སོའི་དོན་ལྟར་མི་གནས་པས། ། བསྐྱེད་བ་ལྟ་དང་གཞལ་ཡས་དང ། །རྫོགས་པ་ནམ་མཁའི་ཡེ་ཤེས་དང ། །དངོས་པོ་ལྷན་ཅིག་སྐྱེས་པ་རུ། །སྣང་བ་རྐྱེན་གྱིས་བསྒྱུར་བ་ལྟར། །མ་ལུས་དེ་ཡི་ངོ་བོར་འགྱུར། །དེ་དག་བལྟས་པའི་ཁྱད་པར་གྱིས། །རང་རེའི་མོས་དང་བསམ་པ་དང ། །ནུས་པའི་རིམ་པ་ཅིར་སྣང་ཡང ། །ནམ་མཁའ་དང་བའི་རང་བཞིན་ལས། །ཉི་ཟླ་གཟའ་སྐར་སྤྲིན་ཁུ་རླངས། །རང་བྱུང་རང་དྭངས་འགྱུར་མེད་ལྟར། །ཇི་ལྟར་སྣང་བའི་ཆོས་རྣམས་ཀུན། །དངོས་དབང་དོན་ལས་མ་གཡོས་པས། །དེ་དག་དེ་ལྟར་ཉིད་གནང་
231b
བས། །དེ་ཉིད་ནམ་མཁའི་ཁོངས་སུ་འདུ། །དེ་ནས་བསྟན་ཚིགས་བཤད་པར་བྱ། །མ་ལུས་འགྲོ་བ་ཐམས་ཅད་ལ། །བྱང་ཆུབ་སྙིང་པོས་ཀུན་ཁྱབ་པས། །ཀུན་གྱིས་མཐོང་གོམས་བྱ་དགོས་པས། །སོ་སོ་ཐུན་མོང་གཏན་ཚིགས་དང ། །ཐུན་མོང་མ་ཡིན་ལ་སོགས་པ། །རྒྱ་མཚོ་ཀློང་དང་ཆུ་བོ་ལྟར། །མ་ལུས་འདུལ་ཤིང་འབྱུང་བ་ཡིན། །ཐུན་མོང་བཞི་སོགས་གང་ཡིན་པ། །ལོག་ལྟ་ཕྱོགས་འཛིན་དགག་པ་དང ། །དངོས་དབང་ཐབས་དང་འབྲེལ་མཚོན་ཕྱིར། །ཐུན་མོང་གཏན་ཚིགས་བརྗོད་པ་ཡིན། །གང་ཕྱིར་གཏན་ཚིགས་ཐམས་ཅད་ཀྱིས། །རང་ལས་འཕྲུལ་ཕྱིར་མེ་ལོང་ཉིད། །མ་ལུས་གཅིག་དང་ཐ་དད་མིན། །གང་གི་མཐའ་ལས་ཡོངས་གྲོལ་ཏེ། །དབུས་སུ་གསུང་མེད་གཏན་ལ་ཕེབས། །གཅིག་དང་དུ་མ་བྲལ་བའོ། །རྒྱུ་དང་རྐྱེན་དང་འབྲས་བུ་སྟེ། །ཐབས་དེ་གདོད་ནས་དག་པ་གསུམ། །མ་ལུས་རང་སྣང་རྟོགས་པ་ཉིད། །མཚན་ཉིད་དེ་ཡི་མཚན་ཉིད་དོ། །རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པ། །མ་ལུས་རྟོགས་པ་བཞིར་ཤར་ཏེ། །དེ་ཉིད་རྟོགས་པ་བཞིར་སྣང་ངོ ། ། མ་སྐྱེས་ངང་ལས་གང་སྣང་བ། །ཆུ་དང་རླབས་བཞིན་གཅིག་པས་ན། །དེ་དང་དེར་གཅིག་དབྱེར་མེད་པས། །དངོས་པོ་ལོ་རྒྱུས་ཉིད་ཀྱིས་ཤེས། །འཁོར་དང་མྱ་ངན་འདས་
232a
༄#། །པ་ཡི། །རྩ་བ་ཆགས་སྡང་ལྔ་ཉིད་དེ། །གཞི་རྩམ་བཅོས་སྐད་ཅིག་མ། །དེ་ཉིད་རང་སྤྱིར་གང་སྣང་བ། །རྟོགས་པས་སྤྱི་དང་རང་མཚན་ཤེས། །སྣོད་བཅུད་རྒྱུད་རྣམས་མཐའ་ཡས་དང ། །མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །དངོས་པོ་སྣང་གྲགས་ཆོས་རྣམས་ཀུན། །མ་བཅོས་དེ་བཞིན་ཉིད་དུ་གནས། །མ་ལུས་སྙིང་པོ་ཐིག་ལེ་དང ། །ལྔ་བདག་བརྒྱད་ཅུ་རྩ་གཉིས་རྒྱུ། །ས་ཡ་བཅུ་གསུམ་རྩ་ཡན་ལག་།རོ་དང་གནས་སྐབས་ཀུན་ལས་གྲོལ། །དང་པོ་གནས་དང་གཉིས་པ་གཉིས། །གསུམ་པ་མ་ལུས་ཁྱབ་བྱེད་པ། །ཉམས་སུ་མྱོང་བྱེད་གཏན་ཚིགས་སོ། །ཐིག་ལེ་གནས་དང་ཡིག་འབྲུ་དང ། །དེ་ཡི་བྱིན་རླབས་འདྲེས་པ་ཡིས། །བདེ་བ་ཆེན་པོ་མངོན་དུ་སྣང ། །ཆུ་ལས་ཆུ་བོ་ཐ་དད་དེ། །རྒྱ་མཚོ་ལས་ནི་ཆུ་ཐིགས་དང ། །ལམ་དང་ཞིང་སའི་འབྲས་བུ་ལྟར། ། ཐབས་ཀྱི་ཁྱད་པར་སྣང་བ་ཡིན། །དྭངས་མ་ལྔ་ལས་གང་བྱུང་བ། །ཇི་སྙེད་ལུས་སེམས་རྩ་ཐིག་ལེ། །ཁམས་ལྔའི་རོ་དང་བཅུད་སྣང་བ། །ཡེ་ཤེས་ཆེན་པོར་གཏོགས་པ་ཡིན། །གསུམ་དངོས་བརྒྱད་སོགས་ཁ་དོག་གྲངས། །གནས་པ་གང་ཡིན་དེ་སྣོད་དེ། །སོ་སོའི་བཅུད་ཀྱི་ཁྱད་པར་ལས། །བྱང་ཆུབ་སེམས་ཉིད་
232b
གསལ་བར་སྣང ། །དོན་དམ་ཀུན་རྫོབ་དབྱེར་མེད་པའི། །བདེན་བཞི་དབྱེར་མེད་དྲངས་མ་ཉིད། །མ་ལུས་ཁྱབ་པའི་ཚུལ་གྱིས་སྣང ། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཐིག་ལེ་གཅིག་དང་དུ་མ་ཉིད། །བྲལ་བའི་ཡེ་ཤེས་ཆེན་པོ་ཉིད། །གཅིག་དང་དུ་མ་ལས་གྲོལ་བའོ། །བཅུད་འདུས་ཐིག་ལེ་གཉིས་རོ་རྒྱུ། །རླུང་དང་གདམས་ངག་རྐྱེན་ལྡན་པས། །འབྲས་བུ་ལྷན་ཅིག་སྐྱེས་པར་སྣང ། །རང་ལ་གནས་པ་ཐབས་ཀྱིས་གསལ། །ཐབས་དང་ཤེས་རབ་འབྲེལ་པའི་རོ། །རྩ་ཡིག་བཅས་པ་བཅུད་འདུས་པས། །ཐབས་དང་རླུང་གི་གདམས་པ་ཡིས། །མ་ལུས་ལྷན་སྐྱེས་མངོན་སུམ་གསལ། །བདེ་དང་སྟོང་ཉིད་མི་ཕྱེད་པའི། །རང་རིག་བདེ་ཆེན་མ་སྐྱེས་གཟུགས། །མ་ལུས་འོད་དང་རྣམ་པ་ལྟར། །དབྱེར་མེད་ཚུལ་དུ་རང་སྣང་བའོ། །བདེ་བ་སྐྱེད་པའི་རྟོག་པ་ལྔ། །རྩ་བ་ཡན་ལག་བཅས་པ་ཉིད། །མ་ལུས་ཡེ་ཤེས་ཆེན་པོ་ཉིད། །ཡེ་ཤེས་ལྔ་ཡིས་རྒྱས་བཏབ་པའོ། །དབང་པོ་སྣོད་བཅུད་བཅས་པ་ཡིས། །ཡབ་ཡུམ་འབྲེལ་བར་བཅས་པའི་བཅུད། །སེམས་ལྔའི་རྒྱུད་དུ་རང་སྣང་བ། །མཉམ་པ་བཞི་ཡི་ཚུལ་དུ་གསལ། །དེ་ལ་སོགས་པ་མཐའ་ཡས་པའི། །ཕྱི་ནང་གསང་བ་མཐར་ཐུག་པའི། །གཏན་ཚིགས་མཐའ་ཡས་བཤད་པ་སྟེ། །རྡོ་རྗེ་མེ་ལོང་བཤད་པའི་རྒྱུད། །གང་
233a
༄#། །གིས་རྟོགས་པ་དེ་ཉིད་ནི། །མ་ལུས་རང་སྣང་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་རང་སྣང་བ། །ཟག་མེད་རང་བྱུང་ངང་ལས་འཆར། ། ཆོས་རྣམས་འབྲས་བུར་ལྷུན་རྫོགས་པའི། །བདག་དང་གཞན་དོན་ལྷུན་རྫོགས་པ། །མ་བཅོས་ཇི་བཞིན་ངང་བཞག་ལས། །ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་འབྱུང ། ། གང་དག་གང་ལ་གང་བརྟེན་པས། །ལྷུན་གྱིས་གྲུབ་པའི་འབྲས་བུ་ཉིད། །མ་བཅོས་སྒྱུ་མ་ལྷུན་གྲུབ་ཉིད། །དུས་བཞི་ཕྱོགས་བཅུ་མ་ལུས་བར། །ལྷུན་གྲུབ་འབྲས་བུར་རང་སྣང་བའོ། །རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ཆེན་པོ་ལས། །ལྟ་བ་མ་ལུས་བ་བཤད་པའི་ལེའུ་སྟེ་བཞི་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ། །སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པའི། །སྤྱོད་པའི་ཁྱད་པར་མ་ལུས་པ། །འདི་དག་བཤད་པར་བྱ་བ་སྟེ། །རང་བཞིན་ཐབས་དང་མངོན་གྱུར་པས། །སྤྱོད་པ་མ་ལུས་བསྟན་པ་ཡིན། །ེ་མའོ་རང་རིག་སྙིང་པོ་ལས། །བདེ་སྡུག་གནས་དང་ལོངས་སྤྱོད་དང ། །ཆེ་དང་ཁ་དོག་ལ་སགས་པ། །ལ་ལར་མངོན་པར་ཆགས་པ་སྟེ། །ལ་ལར་དྲག་ཤུལ་ཞེ་སྡང་སྤྱོད། །ལ་ལར་རི་བོས་ནོན་པ་ཉིད། །ལ་ལར་ལྡོངས་པའི་མུན་པ་ཉིད། །ལ་ལར་ཕྲག་དོག་སྣང་བ་
233b
ཡིན། །ལ་ལར་སེར་སྣ་འཐབ་རྩོད་དེ། །ལ་ལར་འཆལ་དང་བྱ་བ་བཏང ། །རྩོལ་དང་མི་རྩོལ་ལ་སོགས་པ། །དེ་ལ་སོགས་པ་མཐའ་ཡས་རྙེད། །ཆོས་དབྱིངས་མཐའ་ཡས་མུ་མེད་པའི། །ནམ་མཁའ་དབྱིངས་ནི་མཐའ་ཡས་པར། །སྤྱོད་པའི་ཁྱད་པར་དེ་ཉིད་དོ། །རང་བྱུང་ཐབས་ཀྱི་སྤྱོད་པ་ཉིད། །ཇི་ལྟར་བསམ་ཞིང་བརྟགས་པ་ལྟར། །རང་བཞིན་དབྱེ་བ་མེད་པའི་ཕྱིར། །སྒོ་གསུམ་བྱེད་སྤྱོད་བསམ་མི་ཁྱབ། །ཐབས་དང་ཤེས་རབ་རང་བཞིན་གྱིས། །མ་ལུས་སངས་རྒྱས་གནས་གྱུར་ཀྱང ། མ་རྟོགས་ཐབས་དང་བྲལ་བའི་ཕྱིར། །བདེ་སྡུག་སྣ་ཚོགས་བསམ་མི་ཁྱབ། །ཐབས་ཆེན་དག་དང་ལྡན་པ་ལ། །འདོད་ཆགས་ཞེ་སྡང་གཏི་མུག་དང ། །ང་རྒྱལ་ཕྲག་དོག་ཆེན་པོ་དག་།བྱང་ཆུབ་ལམ་དུ་བདེ་བར་བཤད། །ཐབས་དང་བྱ་བ་སྣ་ཚོགས་ཀྱིས། །མཛད་སྤྱོད་དཀའ་བ་སྣ་ཚོགས་པ། །མི་དང་ལྷ་ལས་ཐར་བ་མེད། །དཔེར་ན་དུག་དང་ལྡན་པ་ལ། །ཐབས་ཀྱི་ཁྱད་པར་ཇི་བཞིན་དུ། །རྟོགས་པའི་ཁྱད་པར་ཇི་བཞིན་དུ། །བདེ་དང་སྡུག་བསྔལ་སྣ་ཚོགས་རྒྱུན། །རང་བཞིན་གཉིས་མེད་དག་པ་ལས། །བརྟགས་པའི་བྱེ་བྲག་ཁྱད་པར་གྱིས། །མི་མཐུན་བདེ་སྡུག་སྣ་ཚོགས་མྱོང ། །མ་བཅོས་དབྱིངས་ལས་གཡོས་པ་མེད། །གང་དག་ཐུན་མོང་ངོ་དག་ལས། །
234a
༄#། །ལས་དང་བྱ་བའི་སྒོ་ནས་ནི། །སྤྱད་དང་སྤྱོད་དང་སྤྱོད་འགྱུར་ཕྱིར། །འདི་སྐད་སྤྱོད་པས་སྤྱོད་པར་གསུངས། །རང་བཞིན་རྒྱལ་བའི་སྤྱོད་པ་ཡིས། །ཆུ་དང་རླབས་ལྟར་ཁྱབ་གྱུར་ཀྱང ། །སྤོང་ལེན་བྱ་བ་སྣ་ཚོགས་ལས། །སྤྱོད་བ་ཐབས་ཀྱིས་ཟིན་པ་མེད། །གང་ཕྱིར་ཐབས་དང་ཤེས་རབ་དང ། །སྒྲ་དང་རྟོགས་པ་སྣ་ཚོགས་ཀྱིས། །ཐུན་མོང་ཡུལ་དུ་མ་གྱུར་པ། །ཐུན་མོང་མ་ཡིན་ཐབས་སྤྱོད་དེ། །ལ་ལར་ཐུན་མོང་ཉིད་དུ་སྟེ། །ཐར་པ་དང་ནི་མ་ཐར་པ། །ཀུན་ཏུ་རྒྱུ་དང་མུ་སྟེགས་དང ། །བུད་མེད་དང་ནི་མ་རབས་དང ། །རྒྱལ་པོ་དཔའ་བོ་དཀའ་ཐུབ་ཅན། །བྱིས་པ་ལ་སོགས་ཐ་དད་དེ། །ལ་ལར་དགོད་དང་དྲག་པོ་དང ། །གཤེ་དང་འཇིགས་དང་ཞི་བ་དང ། །ལ་ལར་དེ་བཞིན་ཆགས་ཆེན་པོ། །གཡོ་སྒྱུ་སྤྱོད་དང་གཡེམ་པར་སྟོན། །ཞི་དང་སྐུ་དང་ཕྲག་དོག་སྤྱོད། །འདོད་དང་ལོངས་སྤྱོད་གཟིར་བ་དང ། །གླུ་བྲོ་གར་དང་འཇོ་སྒེག་དང ། །དེ་བཞིན་འཇིགས་དང་སྡིགས་པ་དང ། །མ་རུངས་པ་དང་རྣམ་པར་འཚེ། །ཞིང་ཁམས་རྫུ་འཕྲུལ་སྤྱོད་པ་དང ། །ངོ་མཚར་ཆེ་འཕྲུལ་དུ་མ་དག་།གང་དང་གང་གིས་མཛད་པ་དག། སྐྱེ་བོ་མ་ལུས་འདུལ་པའི་ཕྱིར། །མཛད་པ་མཐའ་ཡས་རྣམ་པར་སྟོན། །ཞི་ལ་ཚངས་དང་ཁྲོལ་ཁྲོ། །ཐར་བ་ན་ཆུང་མཛེད་དང་རོལ། །གདུང་
234b
དང་རྨོངས་དང་སྡུག་བསྔལ་བ། །རང་རང་དེད་དཔོན་མཐའ་ཡས་པའི། །སྐུ་ཡི་རོལ་པ་མཐའ་ཡས་སྟོན། །བྱིན་གྱིས་བརླབས་དང་རང་སྣང་དང ། །བརྡ་དང་རིག་པ་ཏིང་འཛིན་དང ། །ཚིག་ཏུ་ཆགས་སྡང་རྨོངས་པ་དང ། །ཤིན་ཏུ་རྒྱལ་དང་ཕྲག་དོག་དང ། །འཇམ་དང་དལ་དང་སྙན་མི་སྙན། །རྩུབ་དང་དྲག་དང་སྤོམ་ཕྲ་དང ། །རིང་ཐུང་རོལ་མོ་ལྷ་ཀླུ་དང ། །མི་དང་མི་མིན་འབྱུང་པོའི་སྒྲ། །ཁྱིམ་བདག་དབང་ཆེན་ལེགས་དཔོན་དང ། །ཆགས་ཅན་གཏུམ་པོ་ལ་སོགས་པའི། །སྣ་ཚོགས་རོལ་པ་མཐའ་ཡས་པ། །དག་དང་མ་དག་ཚུལ་གྱིས་ནི། །གསུང་གི་རོལ་པ་མཐའ་ཡས་སྣང ། །ལ་ལར་བྱམས་དང་སྡང་བ་དང ། །གཡེང་དང་མི་གཡེང་རྨོངས་དང་རི། །སྡུད་དང་མི་སྡུད་ཡལ་བ་\?\་དང ། །གྲོལ་དང་མ་གྲོལ་རྣོ་རྟུལ་དང ། །མ་རིག་ཡེ་ཤེས་ལ་སོགས་པ། །ཐུགས་ཀྱི་རོལ་བ་མཐའ་ཡས་པ། །ཐམས་ཅད་མཁྱེན་པའི་ཚུལ་གྱིས་སྣང ། །མཐའ་ཡས་དབྱེར་མེད་དམ་པ་ཉིད། །ལུང་དང་རིགས་པ་མན་ངག་གིས། །ཚད་མ་དག་གིས་གང་བཅལ་བ། །ཤེས་བྱ་ཁོང་དུ་ཆུད་པར་འགྱུར། །དེ་ནས་ཆོས་རྣམས་མ་ལུས་པ། །བདག་གཞན་ཕྱི་ནང་དབྱེར་མེད་པའི། །ཐམས་ཅད་མཁྱེན་པའི་ཚུལ་གྱིས་སྣང ། །མཐའ་ཡས་དབྱེར་མེད་དམ་པ་ཉིད། ད།རན་དང་ཤེས་བཞིན་བརྟན་པོ་ཡིས། །དུས་གསུམ་རྒྱ་
235a
༄#། །མཚོ་གཏིང་ལྟ་བུར། །མི་གཡོ་གསལ་བའི་ངང་གྱུར་ནས། །སྒོ་གསུམ་མཉམ་པར་སྦྱོར་བ་ཡིས། །དང་པོ་རྟོགས་པའི་སྤྱོད་པ་སྟེ། །དེ་བཞིན་ཉིད་ལ་གསལ་བརྟན་ཏེ། །སྟོང་པ་ཤེས་རབ་སྤྱོད་པར་བཤད། །དེ་ནས་ཕྱོགས་བཅུ་མ་ལུས་པ། །རང་བྱུང་བྱང་ཆུབ་སེམས་ཉིད་ཕྱིར། །གང་སྣང་རང་རྒྱུད་དངོས་མེད་དེ། །སྒྱུ་མ་མིག་ཡོར་བྲག་ཅ་དང ། །རྨིག་རྒྱུ་ཆུ་བུར་ལ་སོགས་པ། །གོང་མའི་སྟོབས་དང་འདི་ཉིད་སྟོབས། །མཉམ་པར་སྦྱོར་བས་བསྒོམ་པར་བྱ། ། གང་ལ་མ་བལྟས་མངོན་བྱས་དང ། །ཏིང་འཛིན་རིམ་པ་གཉིས་མེད་པས། །ཀུན་ལ་སྙིང་རྗེའི་སྤྱོད་པ་དག་།དམ་པ་འདི་ནི་སྤྱད་པར་བྱ། །རང་བཞིན་ཆེད་དུ་དམིགས་པ་དང ། །ཁྱབ་དང་ཤུགས་ལས་གང་བྱུང་བའི། །སྙིང་རྗེའི་སྤྱོད་པར་རྣམ་པར་སྤྱད། །དེ་ནས་སྒྱུ་མ་ལྟ་བུ་ཉིད། །རང་ཉིད་ཕྱོགས་མེད་སྣང་བ་ཡིས། ། ཅིར་ཡང་བསྒྱུར་དུ་རུང་བའི་ཕྱིར། །རིག་པ་དབུ་མར་གང་གསལ་བ། །ཉི་ཟླ་བརྩེགས་པའི་གདན་དུ་འབར། །ས་བོན་གང་ལས་ཐབས་ཆོ་གས། །འཕྲོ་འདུ་ཞུ་ནས་མངོན་གྱུར་པ། །རྡོ་རྗེ་གསུམ་གྱི་ངོ་བོར་སྣང ། །དེ་ཉིད་གཅིག་དང་ལྔ་གསུམ་གྱིས། །བརྟན་འབར་མཛེས་པར་གསལ་གྱུར་ཏེ། །མདུན་དང་གཞན་དུ་སྐབས་
235b
དག་སྦྱོར། །གཅིག་དང་ངེས་མེད་རིམ་པ་དང ། །འཁོར་ལོ་ཞེས་བྱ་བཞི་རུ་གྱུར། །གང་གིས་གང་དེ་མ་བརྟན་པར། །འཕྲོ་འདུ་བསྒོམས་པ་དོན་མེད་དེ། །སྐྱོན་བྲལ་གསལ་བརྟན་འདྲིས་པ་ཡིས། །གང་བསྒོམས་གསལ་པར་མངོན་དུ་འགྱུར། །ཐ་མལ་ཞེན་རྟོག་ཟློག་པ་དང ། །ལམ་གྱི་འདྲེལ་བར་བྱ་བ་དང ། །དངོས་གྲུབ་འབྲས་ལ་མྱུར་འཇུག་པས། །རྟགས་ཀྱི་ལྷ་ནི་བསྒོམ་པར་བྱ། །དེ་ལྟར་བརྟན་འགྱུར་གསལ་བ་ལ། །བདག་གཞན་ཕྱི་ནང་མ་ལུས་པའི། །སྒོ་གསུམ་སྐུ་གསུང་ཐུགས་གསལ་བས། །ཐུན་མོང་སྤྱོད་པ་རྣམ་བཅད་ལ། །སྒོ་གསུམ་མཉམ་གཞག་རྗེས་ཐོབ་མེད། །གང་གིས་དེ་ལྟར་གསལ་བྱའི་ཕྱིར། །ཕྱོགས་གཅིག་སྤྱོད་པ་བརྩམ་པར་བྱ། ། དེ་ནས་རྩ་བ་གོམས་པ་དང ། །བསླབ་བྱ་ཁྱད་པར་མཐར་ཕྱིན་ལྟར། །གང་དེ་རིམ་པར་བརྟན་འཕེལ་ཕྱིར། །ཡན་ལག་སྤྲོས་པ་རྣམ་པར་བསྒོམ། །ལྷག་པ་བཅུ་གཅིག་དགུར་ལྡན་པའི། །གཅིག་ལས་རྒྱས་བསྡུས་ཕྱེ་བ་ཡིས། །འཁོར་ལོའི་རྩ་བ་ལྷ་དག་ཀྱང ། །ཡབ་ཡུམ་གནས་དགོད་གསལ་བར་བསྒོམ། །དེ་དག་ལྷག་པའི་ལྷ་དགུ་དག་།ཡན་ལག་ཚུལ་དུ་སྤྲོས་ཏེ་བསྒོམ། །འདུལ་བ་གཉིས་ཀྱི་རང་བཞིན་གྱིས། །མཛེས་པའི་ཚུལ་དང་གདུག་པ་འདུལ། །ལྷ་དང་ཞལ་ཕྱག་དབུ་གྲངས་
236a
༄#། །ཀྱང ། །རྩ་བ་ཡན་ལག་སྤྲོས་ཚུལ་གྱིས། །དཀྱིལ་འཁོར་གྲངས་དང་གང་སྦྱར་བའི། །རིམ་བར་སྤྲོས་ཤིང་བསྒོམ་པར་བྱ། །གྲངས་དང་གྲངས་མེད་ཚུལ་དག་གིས། །དཔག་ཚད་རྒྱད་གྲགས་མཁའ་དབྱིངས་སུ། །ཞི་དང་ཁྲོ་ལ་སོགས་པ་ཡི། །སངས་རྒྱས་སྤྲིན་ཚོགས་སྣ་ཚོགས་བསྒོམ། །དང་པོའི་བར་དང་ཐ་མའི་བར། །རིག་པའི་ཏིང་འཛིན་གསལ་བརྟན་ནས། །སྐུ་གསུང་ཐུགས་དང་ལྡན་པ་ཡི། །ཚོམ་བུ་རིམ་པར་བསྒོམ་པར་བྱ། །དགོན་པའི་རིམ་པ་འམ་ནགས་ཚལ་དང ། །ཆུ་འགྲམ་རི་རྩེ་དུར་ཁྲོད་དང ། །སྐྱོན་བྲལ་ཡོན་ཏན་རྫོགས་པ་སྟེ། །དགྲ་དང་ཕྱོགས་མཚམས་སྐྱོན་མེད་པའི། །བརྟག་པའི་རིམ་པ་ལྡན་པ་ཡིས། །ཤེས་དང་འཐད་པའི་ས་ཕྱོགས་སུ། །གཞལ་ཡས་རིམ་བརྩེགས་མཇེས་ལྡན་པ། །རྒྱན་དང་བཅས་པ་ལྡན་བྱས་ལ། །ཏིང་འཛིན་མཉམ་པའི་ཤེས་རབ་ཐབས། །མི་ལྡན་གོང་མའི་འོད་ཀྱིས་སྦྱང ། །བདག་དང་གཞན་གྱི་ནུས་པ་ཡིས། །མཉམ་ནས་ཚོགས་ལ་འཇུག་པར་བྱ། །ཡོ་བྱད་ལྔ་ལྡན་ཐོགས་མེད་བར། །ཆོ་གའི་རིམ་པ་ཇི་བཞིན་བརྩམ། །བྲོ་གླུ་གར་དང་ཏིང་འཛིན་བཅས། །བར་ཆད་མེད་པར་བསྒྲུབ་པར་བྱ། །གལ་ཏེ་འདོད་པ་མ་རྫོགས་པར། །སྒྱུ་མའི་ལུས་
236b
དེ་མ་བརྟན་ན། །ཡིད་ཀྱིས་རྡོ་རྗེ་གསུམ་གསལ་ལས། །རྣམ་པར་སྨིན་པའི་རིག་འཛིན་དེ། །ཕྱིན་ཆད་འཇིགས་བྲལ་ཁྱུང་བཞིན་ནོ། །ད་བས་འབྲེལ་བའི་སྤྱོད་ལྡན་ན། །དབང་སྒྱུར་ཟག་མེད་ས་ཐོབ་སྟེ། །བརྒྱ་དང་སྟོང་སོགས་འཇིགས་བྲལ་ཞིང ། །གླིང་དང་འཇིག་རྟེན་བརྒྱ་སྟོང་དུ། །འདུལ་བའི་ཆོ་འཕྲུལ་མཐའ་ཡས་སྣང ། །འཇིག་པ་མེད་ཅིང་མི་ལྡོག་པ། །དཔའ་བོ་རྫོགས་པའི་རྣལ་འབྱོར་པས། །གཞན་དོན་སྤྱོད་པའི་ཁྱད་པར་དག་།འདུལ་བའི་དབང་ནི་སྣ་ཚོགས་ཀྱིས། །རྣམ་པར་བརྩེ་བ་སྣ་ཚོགས་སྤྲོ། །འདི་ནི་རྒྱལ་བ་ཐམས་ཅད་ཀྱི། །ཤེས་རབ་ཕྱི་ཡི་སྤྱོད་པ་སྟེ། །ཆོ་ག་རྒྱས་པར་བསྟན་པ་ཡིན། །དེ་ནས་གཞན་ཡང་བཤད་བྱ་བ། །ནང་དུ་འཇུག་པའི་རིམ་པ་ཡི། །སྤྱོད་པའི་ཁྱད་པར་ཆོ་ག་དག་།དེ་ནས་རིམ་པ་འདི་དག་བཤད། །ལུས་ཅན་འགྲོ་བ་ཐམས་ཅད་ལ། །ཙ་ཀྲ་བཞི་དང་སྐུ་གསུང་ཐུགས། །སྤོར་དང་འབར་མ་འཁྱིལ་བ་དང ། །འབྲེལ་དང་མ་འབྲེལ་ཁུག་པ་དང ། །འཛིན་དང་འཛག་དང་གནས་པ་དང ། །དེ་བཞིན་ཁྱབ་དང་འཁྲུལ་བའི་རྩ། །གང་དུ་རྒྱུ་དང་གནས་འཛིན་པས། །རྩ་ཞེས་དེ་ལ་མངོན་བཤད་དེ། །དེ་དག་རྒྱུ་དང་ལམ་འབྲས་དང ། །ཐབས་དང་ཤེས་རབ་གཉིས་མེད་པས། །བདེ་བ་ཆེན་པོ་སྐྱེད་པར་བྱེད། །གོང་དང་འོག་གི་རང་བཞིན་ལས། །སྤྱི་དང་ཁྱད་པར་ཁ་སྦྱོར་
237a
༄#། །འབྱུང ། །ས་བོན་ཁྱབ་བྱེད་འཁོར་ལོ་ཡིས། །ཐམས་ཅད་ཁྱབ་ཅིང་འཛག་པའི་རྩ། །དྭངས་སྙིགས་རླུང་དང་འབྲེལ་བ་ཡིས། །གང་དེ་ཕོ་མོའི་བཅུད་རྐྱེན་གྱིས། །ཟག་དང་ཟག་མེད་བདེ་བ་སྐྱེད། །ལུས་ཀུན་ཁྱབ་པར་གནས་པ་ཉིད། །དྭངས་མ་ཐུར་གྱི་རླུང་དང་འགྲོགས། །གང་ན་སྒྲ་སྦྱོར་འཁོར་ལོ་ཅན། ། དེས་ཀྱང་ཀུན་ཁྱབ་རྒྱུ་བ་ཅན། །འཁྲུལ་ལ་ལ་འཁོར་བས་འཁོར་ལོ་སྟེ། །གསུང་གི་འཁོར་ལོ་ངག་གི་རྟེན། །རྫོགས་དང་མ་རྫོགས་གང་མི་གསལ། །སྒྲ་སྦྱོར་དག་དང་མ་དག་གྱུར། །བདེ་དང་སྙན་དང་མི་སྙན་ངང ། །བྱ་དང་དྲི་ཟ་བུང་བ་དང ། །ཆགས་པའི་སྒྲ་ནི་སྣ་ཚོགས་བྱེད། །མདོག་དམར་ལུས་ཁྱབ་ཀླུ་ལ་སོགས། །ུ་ཐའི་རླུང་དང་འགྲོགས་ཏེ་གནས། །དྷརྨ་ཙཀྲ་སྲོག་གི་རྟེན། །མ་ལུས་བཞི་རྩ་ཀུན་གྱི་སྲོག་།རྩ་བཞི་ཡན་ལག་བརྒྱད་དང་ལྡན། །དྭངས་མ་ལྔ་འདུས་ཀུན་གྱི་གཙོ། ། ཕྱི་རིམ་རིན་ཆེན་སུལ་མང་འདྲ། །མི་ཤིགས་ཐིག་ལེ་བདེ་ཆེན་པོ། །རིན་ཆེན་ཕུང་པོ་ཟམ་ཏོག་།སྣ་ཚོགས་ཡེ་ཤེས་ལྔ་ཡི་བདག་།ཐུང་ངུ་ཨ་ཡི་རང་བཞིན་ཅན། ། སྲོག་གི་རླུང་དང་འགྲོགས་ཏེ་གནས། །ཕྱི་རིམ་པདྨ་འདབ་བརྒྱད་ད། །ཆོས་ཉིད་ཡེ་ཤེས་ཡོན་ཏན་དང ། །རང་རྒྱུད་བཞི་ལ་ཡན་ལག་བརྒྱད། །ཐུན་མོང་ཕྱི་ཡི་རིམ་
237b
པ་ཡིན། །འདི་ལ་རྩ་གསུམ་རིམ་པ་སྟེ། །ཟག་པའི་རྩ་དང་མངོན་ཤེས་རྩ། །ཆོས་ཉིད་རིམ་པ་གསུམ་དུ་གནས། །རླུང་ཡང་གཅིག་གམ་གཉིས་ཡིན་ཏེ། །དེ་ལས་བྱེ་བྲག་དཔག་མེད་པའོ། །གནས་པ་དང་ནི་རྒྱུ་བའི་རླུང ། །གནས་པ་སྲོག་དང་ཡེ་ཤེས་ཏེ། །རྒྱུ་བ་བཞི་ནི་མངོན་པར་བརྗོད། །ཕྱི་ནང་ཅན་དང་གྱེན་ཐུར་ཅན། །རེ་རེའང་དྭངས་སྙིགས་ཁྱད་པར་གྱིས། །རིམ་པ་བརྒྱད་དུ་མངོན་སྣང་ཡིན། །གཉིད་དང་འགྲོ་བའི་ས་བོན་གྱིས། །ཆགས་སྡང་དྲན་རྟོག་ཀུན་གྱི་གཞི། །གང་དུ་གནས་དང་གནས་མ་ཡིན། །རྒྱུ་ཞིང་འཕོ་བ་རླུང་གིས་ཏེ། །བདེ་དང་སྡུག་བསྔལ་ཇི་སྙེད་པ། །མྱོང་ཞིང་སྐྱེད་པར་བྱེད་པ་ཡིན། །འདི་ནི་གནས་དང་མི་གནས་ཀྱིས། །སྲོག་དབང་དྲན་པ་དབང་བསྒྱུར་བས། །གནས་དང་འཕོ་བ་ཕ་རོལ་དག་།གནས་པ་སྲོག་གི་རླུང་ཅན་ནོ། །གང་དུ་འཁྲུལ་པ་མཛད་པ་ནི། །མ་ལུས་འགྱེད་ཅིང་སྤྲོ་བ་ཡི། །གྱེན་ཐུར་འཛེག་ཅིང་འགེངས་འབྱུང་བའི། །སྒོ་གཉིས་ལུས་ཀུན་ཁྱབ་པའི་རྩ། །དྲུག་ཅུ་རྩ་བཞི་སྙིང་པོ་ཅན། །ཕྱི་རིམ་བཞི་ཡི་རྒྱུན་དུ་འཁྱིལ། །དབུས་ནས་འཁྱིལ་བ་ཐིག་ལེའི་རྩ། ། འཕེན་པ་བདེ་བའི་རླུང་དང་འགྲོགས། །གང་དུའང་འཁྲུལ་ཅིང་སྤྲུལ་པའི་ཕྱིར། །སྤྲུལ་པའི་འཁོར་ལོ་ཤེས་རབ་ཉིད། །དེ་འོག་གྲུ་གསུམ་འབར་བའི་རྩ། །གྱེན་དུ་
238a
༄#། །འབར་དང་ཐུར་དུ་འཕྲོ། །འོད་ཀྱིས་འབར་བའི་ས་བོན་ཅན། །རྩེ་མོའི་འོག་ནས་རེག་པའི་ཁམས། །གཏུམ་མོ་ལྟེ་འོག་འབར་བའི་རྩ། ། སྐྱེས་བུ་ཆགས་པ་སློང་བ་ལྟར། །འདི་དག་བདེ་བ་སྐྱེད་པ་སྟེ། །གནས་ས་ཚད་དང་བཅས་པར་གནས། །དེ་འོག་གཡོ་བ་རླུང་གི་རྟེན། །འགྱེད་དང་འཇུམ་པའི་ལས་ཅན་ཉིད། །དེ་དང་དེ་གཉིས་གང་ལྡན་པས། །ལུས་ཀྱི་དྭངས་སྙིགས་འདིས་འབྱེད་པ། །བྱེ་བྲག་བརྒྱད་ཅུ་རྩ་གཉིས་རྩ། །འདུས་པས་སྐུ་གསུང་ཐུགས་ཡིན་ཏེ། །ལྟེ་བ་ཐུར་དུ་འཛག་པའི་རྩ། །རྩ་གསུམ་འདོམ་པའི་བདེ་བའི་གནད། །རྒྱུ་བ་རླུང་ནི་ཐིག་ལེའི་རྟེན། །འགྱེད་ཅིང་འདུད་པ་གཡས་གཡོན་ཏེ། །བཅུ་དྲུག་འདུས་པའི་སྲོག་རྩེ་གོང ། །རྩ་གསུམ་མགྲིན་པར་འདུས་པ་ནི། །སྒྲ་སྦྱོར་འཁོར་ལོ་ངག་གི་གནད། །དེ་ནས་དྭངས་པའི་ཐིག་ལེ་ལ། །མ་ལུས་འདུས་པའི་ཚུལ་དུ་གནས། །རིག་པའི་རྩ་ལ་བཅུད་འདུས་པའི། །ཐོགས་མེད་གསལ་བའི་མངོན་ཤེས་འབྱུང ། །ཕྱི་རོལ་ཟག་པའི་རྩ་ཉིད་ལ། །བདེ་བ་ཆེན་པོའི་བཅུད་འདུས་པ། །བདེ་ཆེན་ཉམས་ཉིད་སྐྱེ་བར་འགྱུར། །ཆོས་ཉིད་ཐིག་ལེ་མི་གཡོ་བ། །དྭངས་མ་འདུས་པའི་བཅུད་ཐིམ་པས། །ཡེ་ཤེས་ལྔ་དང་ལྡན་པ་
238b
ཡི། །ཟག་མེད་ཡེ་ཤེས་བདེ་བ་ཆེ། །ནམ་མཁའི་དབྱིངས་ནི་རྒྱ་ཆེ་བ། །ཐོག་མཐའ་མེད་པར་ཁྱབ་པར་འགྱུར། །འདི་ཉིད་རྟོགས་དང་མ་རྟོགས་ལས། །འཁོར་དང་མྱ་ངན་འདས་པ་ཡི། །སྤྱོད་པ་སྣ་ཚོགས་འབྱུང་བར་འགྱུར། །ཐབས་ཀྱི་ཁྱད་པར་ཕྱག་རྒྱ་ལྔ། །བསྐྱོད་པ་རླུང་དང་འབར་བ་མེ། །ཐིག་ལེ་ཆུ་དང་འཛིན་པས། །བདེ་ཆེན་ནམ་མཁའི་ཕྱག་རྒྱར་གསལ། །བདེ་བས་བདེ་བའི་དོན་མཐོང་བས། །རྩ་དང་ཐིག་ལེ་རླུང་དག་དང ། །བདེ་བ་རང་རིག་མ་སྐྱེས་པ། །དེ་ཉིད་བདེ་ཆེན་མི་རྟོག་པ། །རང་རྒྱུད་བྲལ་བས་ཟག་པ་མེད། །རང་རྒྱུད་མེད་པའི་བདེ་བ་ཉིད། །དྭངས་མའི་ཐིག་ལེས་ཀུན་ཁྱབ་པས། །ཕྱི་ནང་དབང་པོར་བཅས་པ་ཡིས། །བདེ་བ་སྒྱུ་མའི་རང་བཞིན་འཆར། ། མ་ལུས་བདེ་བ་ཆེན་པོ་ཉིད། །དེ་ལ་དེ་ཡིས་རྒྱས་བཏབ་པས། །བདེ་བ་མི་རྟོག་ལྷན་ཅིག་སྐྱེས། །ཕྱག་རྒྱ་གཅིག་ཏུ་གསལ་བར་གནས། །གང་དུ་འཁོར་ལོ་རྩ་བཅུད་ལྡན། །ས་བོན་ཡི་གེ་བདེ་བ་དང ། །ཁམས་ལྔ་ཡེ་ཤེས་རོ་ལྡན་ཞིང ། །སྟོང་དང་བདེ་བའི་ཐིག་ལེ་འདྲེས། །རྟག་ཏུ་དྲན་པར་གནས་པ་ཉིད། །རེ་རེའང་དེ་ལྟར་གནས་པའི་ཕྱིར། །འཁོར་ལོ་རྩ་བཅུད་ཐིག་ལེར་བཅས། །ལྷ་དང་ཡེ་ཤེས་སྐུ་གསུང་ཐུགས། །རང་ལུས་སྣང་བ་སྣོད་བཅུད་ཀུན། །སྤྲོས་བཅས་ཕྱག་རྒྱའི་གྲངས་སུ་
239a
༄#། །གསལ། །བཅུད་ལྔ་ཡེ་ཤེས་ཁོ་ནའི་ཕྱིར། །དྭངས་སྙིགས་དབྱེར་མེད་ཐིག་ལེའི་དོན། །སོ་སོའི་ཁ་དོག་དབྱིབས་ཚུལ་དང ། །སྤས་པའི་སྐུ་གསུང་ཐུགས་དག་ལ། །དབྱེར་མེད་གསལ་བའི་རིག་པ་ཡིས། །མ་ལུས་བདེ་ཆེན་མངོན་སུམ་གསལ། །དེ་ནས་བདེ་བ་ཆེན་པོ་ཉིད། །གར་ཐབས་རླུང་གིས་དབང་བསྒྱུར་ནས། །མ་ལུས་བདེ་བའི་རིག་པ་འཆར། །གཙང་དང་འཛིན་པ་བྲལ་གྱུར་ནས། །བཤུང་བ་ལྔ་དང་འདོད་པ་ལྔ། །ཐིག་ལེ་བཅུད་དང་དྭངས་མར་བཅས། ། ཐིག་ལེ་ཆེན་པོར་འདྲེས་པས་ན། །མི་འགྱུར་འཆི་མེད་ཚེ་ལ་གནས། །རང་རིག་བདེ་བ་ཆེན་པོ་ཉིད། །ཐོག་མ་ཐ་མ་མེད་པར་གནས། །ཐིག་ལེ་རྒྱུ་བ་རླུང་དང་བཅས། ། ཟག་མེད་དྭངས་མའི་སྙིང་པོར་ཐིམ། །མངོན་ཤེས་ལྔ་ལྡན་ཟག་པ་མེད། །དྭངས་མའི་སྙིང་པོར་ལམ་མཐར་ཕྱིན། །དེ་ནས་གསང་བ་བཤད་བྱ་བ། །འཁོར་དང་མྱ་ངན་འདས་པ་དག་།ཐབས་དང་ཤེས་རབ་ཁ་སྦྱོར་བའི། །བདེན་གཉིས་ཉི་ཟླའི་ཁྱད་པར་ལས། །མ་ལུས་ཐམས་ཅད་གསལ་བར་གནས། །གང་དུ་ཐབས་དང་བྲལ་བ་ཡི། །གནས་དང་བདེ་སྡུག་བཏང་སྙོམས་དང ། །ལོངས་སྤྱོད་ཆེ་དང་ཁ་དོག་དང ། །བདག་དང་བདག་གིར་ཞེན་བྱས་པའི། །གཟུགས་དང་སྒྲ་དང་དྲི་དང་རོ། །རེག་དང་དྲན་
239b
པ་སྣ་ཚོགས་ཀྱིས། །ཞེན་དང་བཅིངས་པའི་རང་བཞིན་གྱིས། །རང་བཞིན་བཞི་ནི་གསལ་བར་འགྱུར། །དེ་ལས་ཐ་མལ་འཁོར་བའི་ལམ། །ཐོག་མ་མེད་པས་ལུས་གནས་པའི། །བདེ་ཆེན་ནམ་མཁའི་སྙིང་པོ་ཉིད། །ལུས་གཉིས་རྩ་བཅུད་མ་ལུས་པ་\?\་པས་དང་ཤེས་རབ་སྐུ་གསུང་ཐུགས། །སྲིན་བུ་འཁྱུག་པའི་ཡི་གེ་ལྟར། །དབང་པོ་གཉིས་དང་འབྲེལ་ཏེ་གནས། །ཐབས་དང་མན་ངག་ལྡན་པ་ཡིས། །རྒྱལ་རིགས་རྗེའུ་དང་བྲམ་ཟེ་དང ། །དམངས་རིགས་ཚོགས་མ་གར་མཁན་མ། །རྡོལ་མ་ཉོ་ཚོང་མ་ཉིད་དང ། །མ་དང་སྒྱུག་མོ་སྲིང་མོ་དང ། །མཐར་སྒེག་ལུས་འཚོང་མ་ལ་སོགས། །དངོས་གྲུབ་སྐྱེ་བའི་ཞིང་དུ་བཤད། །བཅུ་གཉིས་བཅུ་བཞི་བཅུ་དྲུག་དང་།། བཅོ་བརྒྱད་བཅུད་ལྡན་རབ་ཡིན་ཏེ། །ཉི་ཤུ་ལ་སོགས་འབྲིང་དུ་བཤད། །རྩ་ལྔ་ཐ་མའི་ཚད་ཡིན་ཏེ། །གཞན་ལ་དངོས་གྲུབ་མེད་པར་གསུངས། །ལས་དང་བྱ་བ་མ་ལུས་པ། །ཆོ་གའི་སྦྱོར་བ་རབ་ཏུ་བརྩམ། །གནས་པ་འབྱུང་བའི་བཅུད་བཞི་ལ། །འབྱུང་བཞི་གསལ་རྐྱེན་གང་ཕྲད་པས། །ཉི་ཟླ་འདྲེས་པའི་གར་ཐབས་ལས། ། ལྷན་ཅིག་སྐྱེས་པ་གསུམ་གཅིག་ལས། །ཉམས་སུ་ཡེ་ཤེས་ལྔ་ཤར་བ། །མ་ལུས་བདེ་བ་ཆེན་པོར་འགྱུར། །གནས་བཞི་རྩ་བཅུད་ཐིག་ལེ་ལས། །ཐབས་དང་
240a
༄#། །ཤེས་རབ་གཉིས་མེད་པའི། །ཕྱག་རྒྱ་བཞིར་ལྡན་མཉམ་སྦྱོར་བས། །དྭངས་སྙིགས་རླུང་གིས་ངོས་བཟུང་ནས། །དངོས་པོ་ལྷན་ཅིག་སྐྱེས་པ་དག་།བདག་པོ་གདུང་ཅན་སྦྱར་བ་ཡི། །འཕྲོ་འདུ་བཏང་དང་བཟུང་བ་དང ། །བཟློག་པས་ཉི་ཟླ་དབྱེར་མེད་མྱོང ། །དང་པོ་འཇུག་པ་ལ་སོགས་ནས། །རྡོ་རྗེ་འཆང་ཆེན་གསང་བདག་པར། །ལམ་ལྔ་སེམས་ལྔ་མཐར་ཕྱིན་པས། །སྟོབས་ཀྱི་ཁྱད་པར་གསལ་བར་འགྱུར། །ཐབས་དང་ཤེས་རབ་གཉིས་མེད་པའི། ། འོག་མིན་ནམ་མཁའི་ཤར་སྒོ་ནས། །ཉི་ཟླ་དུས་གཅིག་ཤར་བ་ལ། །དུས་ཚོད་གཟའ་ཡིས་གང་བཟུང་བ། །ཉིན་མཚན་མེད་པའི་ཡེ་ཤེས་ཉིད། །འཕེན་པ་རླུང་གི་སྦྱོར་བས་འབྱུང ། །རྣལ་འབྱོར་རིག་པས་སྣང་བ་ཡི། །ཁྱབ་པ་ནམ་མཁའི་འཇིག་རྟེན་ན། །བདེ་ཆེན་མཇེས་པའི་མེ་ཏོག་ལ། །བཅུད་ཀྱིས་ཁྱད་པར་གང་གནས་པ། །ཐབས་དང་ཤེས་རབ་འབྲེལ་བ་ཡི། །ཤེལ་དང་བྱི་རུའི་བུང་བསྡུས་ནས། །རྣལ་འབྱོར་བཅུད་ཀྱིས་རྒྱས་གྱུར་ནས། །བཅུ་གསུམ་ས་ལ་ལྷུན་གྱིས་གྲུབ། །འཁྱུད་པའི་གར་ཐབས་ལས་བྱུང་བའི། །བདེ་བ་ཆེན་པོ་མི་རྟོག་པ། །སྐད་ཅིག་ཆ་ལས་བྱུང་བ་ཡི། །ཟག་མེད་ཡེ་ཤེས་སྙིང་པོ་སྟེ། །མ་ལུས་དྭངས་མའི་
240b
བློ་སྣང་བ། །ཞེན་བྲལ་སྟོང་རྟོག་མི་གནས་པ། །དངོས་པོ་ལྷན་ཅིག་སྐྱེས་པ་སྟེ། །མ་ལུས་ཁྱབ་པར་གནས་པ་ཡིན། །འདུ་ཤེས་ཟད་པའི་རང་བཞིན་ཏེ། །སྐྱེ་དང་འགྲིབ་པའི་ཐིག་ལེ་ཉིད། །བཅོ་ལྔ་རྫོགས་པའི་ཐ་མ་ཉིད། །སྦྱོར་བ་ཀུན་ཟད་སྟོང་པའི་ངང ། །དེ་ཉིད་བྱིན་བརླབས་ལས་གྱུར་པ། །ཕྱོགས་དུས་སྣོད་བཅུད་ངོ་བོ་ཉིད། །ཐིག་ལེ་རྡུལ་བྲལ་ཞེན་པ་མེད། །སྒྱུ་མ་གཟུགས་བརྙན་བྲག་ཅ་སོགས། །མ་ལུས་བདེ་ཆེན་རང་བཞིན་དུ། །ཐུན་མོང་དྲན་རྟོག་རང་འགགས་ནས། །བདེ་ཆེན་སྒྱུ་མ་མངོན་སུམ་སྣང ། །བདེ་བ་ཆེན་པོའི་སྐུ་གསུང་ཐུགས། །བཅུད་ལྔ་ཞུ་བའི་ཡེ་ཤེས་རོ། །ཐམས་ཅད་རྩེ་གཅིག་དྲན་པ་ཉིད། །དབྱེར་མེད་ཐབས་དང་ཤེས་རབ་སྟེ། །དྲན་པ་གཅིག་ཏུ་མྱེང་བ་ཉིད། །ཐབས་དང་ཤེས་རབ་འབྲེལ་བ་ཡིས། །ས་ཡ་བཅུ་གསུམ་གྲངས་མེད་པའི། །ཐིག་ལེ་བདེ་བ་ཉིད་སྣང་བ། །རང་རང་མ་འདྲེས་ཐིག་ལེ་ལ། ། སྐུ་གསུང་ཐུགས་དང་དྲན་པ་དང ། །ཡེ་ཤེས་ལྔ་ཡིས་རྒྱས་བཏབ་སྟེ། །མ་ལུས་ཐིག་ལེའི་ཚོགས་སུ་སྣང ། །རང་བྱུང་བདེ་ཆེན་རིག་པའི་ལྷ། །གཅིག་དང་གྲངས་ལས་འདས་པ་ཡང ། །ཉི་ཟླ་གཉིས་ཀྱི་གདན་ལ་བཞུགས། །ཁྱབ་པ་ཐིག་ལེའི་གུར་ནང་ན། །བཞུགས་ནས་བདག་པོ་རྟེན་བདག་ཅན། །རྩ་བཅུད་འབྲེལ་བའི་རྒྱན་དང་
241a
༄#། །བཅས། །དཀའ་བ་གསུམ་དང་ཕོ་བྲང་བཞི། །ལྡེ་མིག་གཉིས་ལ་འབྱེད་པ་བཞི། །སྒོ་བཞི་ཕྱེ་བས་གཞལ་ཡས་ཁང ། །ལྷ་དང་བཅས་པ་མངོན་དུ་འགྱུར། །དགོན་པ་དུར་ཁྲོད་ལྡན་པ་ཡི། །གསང་བའི་འོག་མིན་འབར་བ་ཉིད། །རིམ་པ་ཕྱི་ནད་བར་ལྡན་པར། །ཉི་ཟླ་པདྨའི་གདན་སྟེང་ནས། །དུས་གསུམ་ཐིག་ལེར་རོ་གཅིག་པའོ། །བདེ་ཆེན་གཉིས་སུ་མེད་པར་བཞུགས། །ཐབས་དང་ཤེས་རབ་དབྱེར་མེད་པའི། །ཚོམ་བུའི་ཚོགས་ཀྱང་དེ་བཞིན་ཏེ། །ཐུན་མོང་དམ་ཚིག་ཏིང་འཛིན་དང ། །བྱང་ཆུབ་ཤེས་རབ་སྙིང་རྗེ་ལྔ། །གཞན་དུ་ཐབས་དང་ཤེས་རབ་དང ། །སྤྱད་དང་གླུ་གར་རྒྱན་དང་བཅས། །མ་སྤངས་རོལ་པར་ལོངས་སྤྱད་པས། །ཡེ་ཤེས་ཉི་ཟླ་རྒྱུན་འཆར་བ། །རླུང་སེམས་ཡེ་ཤེས་བཅས་པ་ཉིད། །རྒྱུ་བ་མེད་པའི་ཟག་པ་བྲལ། །ནམ་མཁའི་མཐར་ཐུག་པར་ཉིད་དུ། །ཟག་མེད་བདེ་བ་རྒྱུན་མི་འཆད། །དེ་ཉིད་ཚད་མེད་དཀྱིལ་འཁོར་ཏེ། །བདེ་ཆེན་མངོན་དུ་གང་བར་སྣང ། །དེ་དག་ལམ་ལ་ཞུགས་པ་ཡི། །ཕྱི་ནང་གསང་བ་མ་ལུས་པའི།། སྤྱོད་པའི་ཁྱད་པར་ཐམས་ཅད་ཀུན། །འདིར་ནི་རྒྱས་པར་བསྟན་པ་ཡིན། །ཐབས་དང་ཤེས་རབ་ལྡན་གྱུར་པས། །ཕྱི་ནང་གསང་བ་ལ་སོགས་པ། །སྐབས་ལ་བབ་
241b
པའི་རྣལ་འབྱོར་པ། །གང་ཡང་རུང་བས་སྤྱོད་པར་བྱ། །དང་པོ་རྟོགས་ནས་མཐར་ཐུག་པའི། །ཕྱི་ནང་གསང་བའི་ལམ་སྤྱོད་ལ། །སྤྱད་བྱ་ཡུལ་ཞེས་གང་འདོད་དེ། །ཐམས་ཅད་བླང་དོར་མེད་པར་སྤྱད། །ཐབས་ཀྱི་ལྟ་སྤྱོད་ཏིང་འཛིན་གྱིས། །པདྨ་ལ་ནི་འདམ་བཞིན་ནམ། །མུན་སྣང་གསེར་འགྱུར་ཐབས་བཞིན་དུ། །ཐབས་ལ་མཁས་པས་སྤྱད་པར་བྱ། །སྐྱེས་མཆོག་ཐབས་དང་ལྡན་པ་ཡིས། །ཞིང་དང་སྤྱོད་ཡུལ་དག་པ་ལ། །ཆགས་བྲལ་བདེ་བར་གང་སྤྱོད་པས། །ནམ་མཁའི་དབྱིངས་ཀྱི་ལོངས་སྤྱོད་ལ། ། བདེ་བ་ཆེན་པོར་ལོངས་སྤྱོད་ཅིང ། །ལྷུན་གྱིས་གྲུབ་པའི་བདག་པོར་འགྱུར། །གང་དག་ཐབས་དང་མི་ལྡན་ཞིང ། །དོན་མེད་ལམ་ལ་མ་འབྲེལ་བར། །སྒྲ་དང་ཚིག་ལ་བརྟེན་པ་ཡིས། །གསང་བའི་སྤྱོད་པ་གང་བརྩམས་པ། །གང་བསྒྲུབས་སྣང་བར་མི་འགྱུར་གྱི། །ནུས་མེད་གཡུལ་དུ་ཞུགས་པ་ལྟར། །བདག་གཞན་གཉིས་ཀ་བརླག་པ་དང ། །མཐོང་བའི་ཆོས་ལ་སྡུག་བསྔལ་ཞིང ། །ངན་འགྲོ་ལོག་པའི་གནས་སུ་འགྱུར། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ཆེན་པོ་ལས། སྤྱོད་པ་རྒྱས་པར་བཤད་པའི་ལེའུ་སྟེ་ལྔ་བའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །རང་བཞིན་ཏིང་འཛིན་གཟུགས་བརྙན་དང་།།
242a
༄#། །ལྷག་གཉིས་ཏིང་འཛིན་གཟུགས་བརྙན་དང ། །བྱང་ཆུབ་སེམས་དང་ཚོགས་ཉིད་ཀྱི། །དཀྱིལ་འཁོར་དོན་ནི་བཤད་པར་བྱ། །གང་ཕྱིར་དབང་ཡུལ་རྣམ་ཤེས་ཀུན། །གཞན་སྣང་ཐ་དད་མ་ཡིན་པའི། །མ་ལུས་རང་རིག་བྱང་ཆུབ་སེམས། །མ་བཅོས་རང་བཞིན་འོད་གསལ་བ། །མ་ལུས་ཀུན་གྱི་སྙིང་པོ་སྟེ། །ཕྱོགས་བཅུ་འདས་དང་མ་བྱོན་པའི། །རྒྱལ་བ་རྣམས་ཀྱི་རང་བཞིན་ཡིན། །འཁོར་དང་མྱ་ངན་འདས་པ་ཡི། །ཆོས་རྣམས་མ་ལུས་ཐམས་ཅད་ཀུན། །སྣ་ཚོགས་རང་བཞིན་དབྱེར་མེད་པ། །དེ་ཉིད་རང་བཞིན་ཆོས་སྐུ་ཡིན། །དེ་ཉིད་འཇིག་རྟེན་བརྟན་གཡོ་སྟེ། །ཇི་ལྟར་སྣང་གྲགས་ཐམས་ཅད་ཀུན། །ངེས་པའི་རང་བཞིན་བཞི་བཅུ་གཉིས། །རང་བཞིན་ལོངས་སྤྱོད་རྫོགས་སྐུར་བཤད། །དེ་ཉིད་ཕྱག་རྒྱ་སྣ་ཚོགས་ཏེ། །ཀུན་ཏུ་སྐུ་དང་གསུང་དང་ཐུགས། །ཡོན་ཏན་འཕྲིན་ལས་བསམ་ཡས་མཆོག་།རང་བཞིན་སྤྲུལ་སྐུ་བསམ་མི་ཁྱབ། །ཇི་སྙེད་འགྲོ་བ་མ་ལུས་ཀྱི། །ལུས་ཅན་སྙིང་ལ་གང་གནས་པའི། །རང་བྱུང་ཟག་མེད་ཡེ་ཤེས་གཟུགས། ། མི་ཤིགས་ཐིག་ལེ་བདེ་ཆེན་པོ། །ནམ་མཁའ་ལྟ་བུར་ཀུན་ཁྱབ་པ། །མི་གནས་ཆོས་སྐུའི་རང་བཞིན་ཡིན། །དེ་ཉིད་རྩ་བའི་རང་བཞིན་ལས། །མ་ལུས་སྣོད་
242b
བཅུད་རང་བཞིན་ཅན། །རྟོག་པ་མ་ལུས་དཀྱིལ་འཁོར་ཏེ། །ལོངས་སྤྱོད་རྫོགས་པའི་རང་བཞིན་ཉིད། །དེ་ཉིད་ཐིག་ལེ་ཕྲ་རགས་པར། །སྣང་བའི་མཛད་པ་བསམ་མི་ཁྱབ། །དེ་ཡིས་དེ་འདུལ་སྣང་བའི་རྒྱུ། །སྤྲུལ་པ་རང་བཞིན་ཞེས་བཤད་དོ། །གང་འདིར་ཕུང་པོ་འབྱུང་བ་དང ། །རྣམ་ཤེས་དབང་པོ་ཡུལ་དུས་དང ། །ཉོན་མོངས་རྟག་ཆད་ཡིད་ཆོས་བཅས། །གང་ལ་མངོན་པར་མི་སྣང་ཡང ། །རང་བཞིན་མ་བཅོས་དཀྱིལ་འཁོར་ཏེ། །ཀུན་ལ་ཁྱབ་པར་སྣང་བ་ཡིན། །རང་སྙིང་དྭངས་མ་ལྔར་ལྡན་པས། །དྭངས་མའི་ཕུང་པོ་འབྱུང་བ་དང ། །དབང་པོ་ཡུལ་དུ་བཅས་པ་ཡི། །རྩ་བཅུད་ཐིག་ལེར་བཅས་པ་ཉིད། །སྐུ་གསུང་ཐུགས་སུ་རང་སྣང་བ། །མ་ལུས་ཀུན་ལ་རྒྱས་བཏབ་བོ། །བཅུད་འདུས་ཐིག་ལེ་ཆེན་པོ་ཉིད། །ཉི་ཟླ་འདྲེས་པའི་རང་བཞིན་ཉིད། །བདེ་བའི་ཐིག་ལེ་རང་སྣང་བ། །མ་ལུས་འདུས་པའི་ཚུལ་དག་གིས། ། ཐབས་ཀྱིས་མངོན་དུ་གྱུར་ན་ཡང ། །གཉིས་མེད་ཐིག་ལེ་བདེ་པའི་རོ། །འགྲོ་བ་ཀུན་ལ་རང་བཞིན་སྣང ། །དེ་དག་ཡབ་ཡུམ་སྐུ་གསུང་ཐུགས། །རྩ་བཅུད་ཐིག་ལེར་བཅས་པ་ཉིད། །འདུ་འབྲལ་མེད་པར་ཡེ་གནས་པའོ། །གང་ཕྱིར་རྒྱལ་བ་ཐམས་ཅད་ཀྱི། །ཟག་མེད་ཡེ་ཤེས་རང་སྣང་བ། །དཔག་མེད་ཡོན་ཏན་རྒྱ་མཚོ་ཉིད། །ཡེ་ཤེས་
243a
༄#། །འོག་མིན་ཕོ་བྲང་སྟེ། །ཟག་མེད་ཡོན་ཏན་རྒྱན་ལྡན་པའི། །འཁོར་ལོ་འབར་བའི་ཕོ་བྲང་དབུས། །མི་འཇིགས་ཕུང་པོའི་གདན་སྟེང་ན། ། བདག་པོ་ཀུན་བཟང་འཁོར་ལོ་བསྐོར། །བཀའ་སྡོད་སྐྱེས་བུ་མདུན་ན་གནས། །གཞན་ཡང་རྒྱལ་བ་རྒྱ་མཚོའི་ཚོགས། །སྐུ་གསུང་ཐུགས་དང་ཡོན་ཏན་ལས།། རང་རང་རིགས་ལྔ་གང་གྱུར་པའི། །རྣམ་པར་དབུ་དང་ཡེ་ཤེས་ཕྱག་།སོ་སོའི་བཞུགས་ཚུལ་ལྡན་པ་ཡིས། །མདུན་རྒྱབ་ཕྱོགས་བཅུར་འཁོད་པ་ཉིད། །ཡབ་ཡུམ་འབྲེལ་པའི་ཚུལ་གྱིས་གནས། །རང་བྱུང་མ་བསྒྲིབས་ཡེ་ཤེས་ཕྱིར། །ཟག་མེད་ཚོགས་གཉིས་ལས་བྱུང་བའི། །ནམ་མཁའི་ཁམས་དང་རྒྱ་མཉམ་པའི། །འཇིག་རྟེན་གྲངས་མེད་རྡུལ་དང་བཅས། །བཀོད་པ་ཕུན་སུམ་ཚོགས་པར་གནས། །གད་དེ་ཟག་མེད་ཡེ་ཤེས་ཀྱི། །ཕྱག་དང་ཞལ་དང་ཐབས་ལྡན་པས།། ཞལ་མཐོང་རིགས་ལ་དབང་བསྒྱུར་བས། །རྡོ་རྗེ་འཛིན་པ་ཆེན་པོར་གྱུར། །རྒྱལ་བ་དེ་དག་མ་ལུས་པའི། །གསུང་མཆོག་བརྗོད་དུ་མེད་པ་ཉིད། །ནམ་མཁའི་དབྱིངས་ཀྱིས་མཐར་ཐུག་པ། །བརྡ་དང་དོན་དང་བྱིན་རླབས་དང ། །གསང་བ་ལ་སོགས་ཅི་རིགས་པར། །དམ་པའི་ཆོས་སྒྲ་རྒྱ་མཚོ་སྒྲོག་།ཟག་མེད་ཡེ་ཤེས་
243b
རྒྱ་མཚོ་ཡི། །བྱིན་རླབས་ཆོ་འཕྲུལ་མངོན་ཤར་བ། ། ཨཱ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཻ། ཨི་ཨཽ། རྀ་རཱྀ། ལྀ་ལཱྀ། ཨཾ་ཨཿ ་ཀ་ཁ་ག་གྷ་ང ། ཙ་ཆ་ཛ་ཛྷ་ཉ། ཏ་ཐ་ད་དྷ་ན། ཊ་ཋ་ཌ་ཌྷ་ཎ། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ་ཀྵ་།འདི་དག་རབ་ཏུ་ཕྱུང་བ་ཡིས། །ཕྱོགས་བཅུ་འཇིག་རྟེན་ཁམས་བཅས་པའི། །ནམ་མཁའི་དབྱིངས་དང་རྒྱ་མཚོ་དང ། །འཁོར་ར་ཡུག་དང་ལྷུན་པོ་དང ། །འབབ་ཆུ་ལྟེང་ཀ་མཚེའུ་བཅས། །དེ་ན་གནས་པའི་འགྲོ་བ་རྣམས། །རང་རང་ལོངས་སྤྱོད་བདེ་སྡུག་བཅས།། ཕྱི་ནང་སྣོད་བཅུད་བཅས་པ་རྣམས། །མ་ལུས་གཡོ་ཞིང་ལྡེག་པར་བྱེད། །སྒྲ་བོ་ཆེ་ཡང་སྒྲོག་པར་བྱེད། །དེ་དག་སྦྱངས་ནས་མེ་གནས་པར། །གསུང་གི་ངོ་བོར་བྱིན་བརླབས་ཏེ། །དེ་དག་སྟོང་ཉིད་ལ་ཐིམ་པས། །མ་ལུས་སྟོང་པ་ཉིད་དུ་འགྱུར། ། ནི་སྟོང་དང་མི་སྟོང་གི་།དབུ་མ་དམིགས་སུའང་ཡོད་མ་ཡིན། །ཇི་སྙེད་སྣང་གྲགས་ཆོས་རྣམས་ཀུན། །ཡི་གེ་ཕྲེང་བ་ཉིད་ལ་གནས། །གང་ཕྱིར་དེ་ཡི་རང་བཞིན་ཡང ། །རང་བཞིན་ཆོ་འཕྲུལ་ཏིང་འཛིན་དང ། །གསང་བ་བྲིས་བར་གང་སྣང་བ། །རིག་པའི་ཁྱད་པར་སྣང་བ་ཡིན། །རྩ་བ་དང་ནི་རྒྱན་ཞེས་དང ། །ལྷ་ཡི་ཡི་གེ་མངོན་སྣང་བ། །རང་བཞིན་སྐུ་གསུང་ཐུགས་ཉིད་དེ། །ཁྱབ་པའི་ཚུལ་གྱིས་
244a
༄#། །མ་ལུས་སྣང ། །གང་དུ་ཐུགས་རྗེ་བྱིན་རླབས་དང ། །ཏིང་འཛིན་རིག་པའི་ཆོ་འཕྲུལ་ཏེ། །རང་རང་ཁྱད་པར་མངོན་སྣང་ཡིན། །འདི་དག་རང་བཞིན་སྣ་ཚོགས་པ། །གང་དུ་ཇི་ལྟར་གནས་པ་ཀུན། །ཡི་གེར་མ་གྱུར་མེད་པར་གནས། །རྒྱལ་བ་སངས་རྒྱས་ཐམས་ཅད་ཀྱི། །ཡེ་ཤེས་རྒྱ་མཚོའི་གསང་བའི་ཐུགས། །མཐར་ཐུག་མེད་པའི་ནམ་མཁའ་བཞིན། །ཟག་མེད་རྒྱས་པས་ཀུན་ཁྱབ་ཅན། །ཤེས་བྱའི་དཀྱིལ་འཁོར་མཐའ་ཡས་པ། །གཅིག་དང་དུ་མ་མེད་ཚུལ་གྱིས། །ཡེ་ཤེས་མ་བསྒྲིབས་གསལ་བ་ཡིས། །ནམ་མཁའི་དབྱིངས་ལྟར་གསལ་མཁྱེན་པ། །དུས་གསུམ་ཆོས་དང་འགྲོ་བ་དང ། །ཞིང་ཁམས་རྒྱལ་བ་དཔག་མེད་དང ། །རི་དང་རྒྱ་མཚོ་རྡུལ་བཅས་པ། །སྔ་ཕྱི་མ་བསྒྲིབས་ད་ལྟ་ཉིད། །མེ་ལོང་ལྟ་བུའི་མངོན་དུ་སྣང ། །དཔལ་ལྡན་ནམ་མཁའི་དཀྱིལ་འཁོར་དུ། །ཡེ་ཤེས་ལྔ་ཡིས་ཀུན་ཁྱབ་ཅན། །ཀུན་མཁྱེན་སྟོབས་བཅུ་མཐའ་ཐུག་མེད། །ནམ་མཁའི་དབང་ཕྱུག་བདེ་ཆེན་པོ། །མངོན་ཤེས་རྒྱ་མཚོ་ཕ་རོལ་བྱོན། །ཤེས་བྱའི་དཀྱིལ་འཁོར་ཐམས་ཅད་ཀུན། །སད་དང་སངས་པའི་བདག་ཉིད་ཅན། །ཐོག་མ་ཐ་མ་མེད་པའི་བདག་།བདེ་བ་ཆེན་པོ་སྒྱུ་མ་
244b
ཉིད། །རང་བྱུང་ཐུགས་ལས་གཞན་པ་མིན། །འདི་ནི་རྒྱལ་བ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་ཏེ། །གདུལ་བྱ་གང་གི་དོན་དག་ཏུ། །སྣ་ཚོགས་མངོན་བར་འཕྲུལ་བ་ཡིན། །གང་དུ་ཁྲོ་གཏུམ་གདུག་ལྡན་པའི། །སྲིད་གསུམ་དྲེགས་པའི་བདག་པོ་དག་།ཐུགས་རྗེས་ཁྲོས་པས་གདུལ་བའི་ཕྱིར། །ཁྲོ་བོའི་དེ་བཞིན་གཤེགས་པར་མཛད། །སྐུ་ནི་རི་རབ་ལྟ་བུ་ཉིད། །ཞབས་དང་ཕྱག་ནི་རྡུལ་སྙེད་དེ། །གང་དེ་གདུལ་བའི་ཁྱད་པར་གྱིས། །ཞལ་གསུམ་ཕྱག་དྲུག་ཞབས་བཞི་དང ། །དབུ་དགུ་བཅོ་བརྒྱད་ཕྱག་ལ་སོགས། །ཉི་ཤུ་རྩ་གཅིག་དབུ་ལ་སོགས། །དེ་བཞིན་གཡོ་རྡུལ་མི་གཡོ་བའི། །ཕྱག་ཞབས་ཞལ་ཡང་དེ་བསྐྱེད་དེ། །མཚོན་ཆ་སྣ་ཚོགས་འཛིན་པ་དེས། །ཇི་སྙེད་ཕྱོགས་བཅུ་འཇིག་རྟེན་དུ། །ཆོ་འཕྲུལ་བཞི་ལ་སོགས་པ་ཡི། །མཛད་པའི་གར་ཐབས་སྣ་ཚོགས་ཀྱིས། །དྲེགས་པ་ཆེ་དང་དབང་ཕྱུག་དང ། །ཚངས་པ་ཁྱབ་འཇུག་བརྒྱ་བྱིན་དང ། །དྲི་ཟ་གཤིན་རྗེ་གནོད་སྦྱིན་བཅས། །གདུག་པའི་ང་རྒྱལ་རྒྱུ་འབྲས་ཅན། །རྒྱུ་འབྲས་རྩད་ནས་བཅད་པའི་ཕྱིར། །མ་ལུས་པ་དག་མ་བཏང་བར། །ང་རྒྱལ་ཁྲོ་གཏུམ་ཞུམ་པ་ཡིས། །ཇི་སྐད་སྨྲས་ཀྱང་རང་རང་གི་།ཉོན་མོངས་རྒྱ་མཚོ་མ་བསྐམས་པར། །ཐུགས་རྗེ་
245a
༄#། །ཞེ་ལ་མནན་ཚུལ་གྱིས། །དེ་དག་མངོན་དུ་བརྡུལ་བར་མཛད། །ལ་ལར་དཔལ་ཆེན་ཁྲག་འཐུང་ཉིད། །ལ་ལར་རྡོ་རྗེ་ཁྲག་འཐུང་ཉིད། །ལ་ལར་རིན་ཆེན་ཁྲག་འཐུང་སྟེ། །ལ་ལར་པདྨ་དེ་བཞིན་གཤེགས། །ལ་ལར་སྣ་ཚོགས་ལས་སུ་བཅས། །རང་རང་བཙུན་མོའི་ཚོགས་དང་འཁྲིལ།། རིགས་ཀྱི་མཚོན་ཆ་སྣ་ཚོགས་འཛིན། །མདོག་དང་ཆ་ལུགས་དེ་བཞིན་ཏེ། །དེ་བཞིན་སྲས་དང་བཀའ་ཉན་དང ། །ཕོ་ཉ་ཡང་སྤྲུལ་ལ་སོགས་པ། །རྡོ་རྗེ་བ་སྤུ་པུ་གནས་\?\། །ཕོ་ཉ་བྱེ་བ་དྲུག་ཅུ་དག་།ཕྱོགས་བཅུ་ཀུན་ཏུ་རྒྱས་བཀྱེ་སྟེ། །ནམ་མཁའི་ཁམས་དང་མཉམ་པ་ཡི། །གདུག་པའི་ཚོགས་ནི་དེ་དག་ཀུན། །མ་ལུས་དུས་གཅིག་བཏུལ་ནས་ནི། །ཕྱིར་མི་ལྡོག་པའི་ས་ལ་བཀོད། །དེ་དག་གསུང་ཡང་སྣ་ཚོགས་ཏེ། །སྤྲུལ་པ་འགྱེད་པས་གསུང་གཅིག་ཏུ། །ཁམས་གསུམ་སྒྲ་ཡིས་གང་བར་མཛད། །ཧཱུཾ་ཧཱུཾ་ཧཱུཾ་བི་ཤཝ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ། ཧ་ལ་ཧ་ལ་ཧ་ལ་ཧཱུཾ་ཕཊ། ཕཊ་ཕཊ་ཕཊ། ཏྲཏ་ཏྲཏ་ཏྲཏ། ཀྲོ་ཊ་ཀྲོ་ཊ་ཀྲོ་ཊ། ཧ་ལ་ཧ་ལ་ཧ་ལ། ཧུ་ལུ་ཧུ་ལུ་ཧུ་ལུ། ཏིཥྛི་ཏིཥྛི་ཏིཥྛི། བནྡྷ་བནྡྷ་བནྡྷ། ད་ཧ་ད་ཧ་ད་ཧ། གྲི་ཧྞ་གྲི་ཧྞ་གྲི་ཧྞ། པ་ཙ་པ་ཙ་པ་ཙ། ཙྪིནྡ་ཙྪིནྡ་ཙྪིནྡ། གརྫ་གརྫ་གརྫ།
245b
ཧཱུཾ་ཧཱུཾ་ཧཱུཾ།་བྷྱོ་བྷྱོ་བྷྱོ། ཕཊ་ཛྭ་ལ་རཾ། ཞེས་བའི་སྒྲ་ཡིས་ཐམས་ཅད་གང ། །ཇི་སྲིད་ནམ་མཁའི་མཐར་ཐུག་པར། །རི་དང་གླིང་དང་རྒྱ་མཚོར་བཅས། །འཁོར་ཡུག་སྟོང་གསུམ་འཇིག་རྟེན་བཅས། །མ་ལུས་གཡོ་ཞིང་སྒྲས་བཀང་སྟེ། །གདུག་པའི་ཚོགས་དེ་འཁོར་བཅས་པ། །གང་གི་དབང་དུ་མ་བཏང་བར། །གདུག་པ་དུས་གཅིག་བཏུལ་བར་མཛད། །དེ་ཚེ་དེ་ཡི་འཁོར་གཡོག་ཀྱང ། །ཞུམ་པས་སྨྲས་ཤིང་གསོལ་བཏབ་ནས། །རང་སྙིང་ཕུལ་ནས་དམ་མནོས་ཏེ། །སྨོད་བཙུགས་རང་གི་ལམ་ལ་བཞག་།འབར་བའི་དཀྱིལ་འཁོར་དེ་དག་ཀྱང ། །ལ་ལར་གཏི་མུག་རྨུགས་པར་མཛད། །ལ་ལར་ཆགས་ལ་ཆགས་ཆེན་པོ། ། ལ་ལར་གཡེམ་ལ་གཡེམ་པར་སྟོན། །སྡང་ལ་དྲག་ཤུལ་སྤྱོད་པ་སྟེ། །ང་རྒྱལ་ཅན་ལ་རི་བོས་གནོན། །ཞི་ལས་སློང་དང་ཞི་བ་ཉིད། །གསལ་དང་ཞེ་ལ་གནོན་པ་དང ། །ཆགས་ཁྲོ་དང་ནི་སྡང་ཁྲོ་དང ། །རྨོངས་ཁྲོ་གནོན་ཁྲོ་ལ་སོགས་པས། །བསྐལ་པ་ཞིང་གི་རྡུལ་སྙེད་དུ། །རང་གི་མཁྱེན་པའི་ཡེ་ཤེས་ཀྱིས། །གདུལ་བའི་ཐབས་ནི་སྣ་ཚོགས་སུ། །སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པའི། །ཐུགས་ཀྱི་སྤྲུལ་པ་སྣང་བར་མཛད། །གང་ཕྱིར་སྤྲོས་
246a
༄#། །མེད་གོམས་པ་ཉིད། །དེ་ཉིད་ཏིང་འཛིན་དཀྱིལ་འཁོར་ཏེ། །ཕྱི་ནང་སྣོད་བཅུད་མ་ལུས་པ། །ཇི་སྙེད་ཕྱོགས་བཅུར་གནས་པ་ཀུན། །རང་རིག་རྒྱལ་པོར་གནས་པ་ཉིད། །འདི་ཉིད་ཕོ་མོ་མ་ནིང་དང ། །མཚན་མེད་ལ་སོགས་གང་ཡང་མིན། །དངོས་དང་དངོས་མེད་ལས་འདས་པའི། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །རིག་པ་སྐྱེ་བ་མེད་པའི་ངང ། །འདི་ཉིད་གསལ་བར་བསྒོམ་པར་བྱ། །ོཾ་དྷརྨ་དྷཱ་ཏུ་སཝ་བྷཱ་བ་ཨཱཏྨ་ཀོཉཧཾ། སྐྱེས་དང་མ་སྐྱེས་ལ་སོགས་པའི། །ཐ་སྙད་མིང་ལ་མི་གནས་ཤིང ། །བློ་ཡི་སྦྱོར་བ་ལས་འདས་པས། །འདི་ནི་དེ་བཞིན་ཉིད་ཅེས་བཤད། །འདི་ལ་རིམ་པ་མེད་པ་སྟེ། །སྐྱེས་བུ་མཆོག་གི་ཡུལ་དུ་གསུངས། །མ་ལུས་རང་རིག་རྡོ་རྗེ་ཉིད། །ཁྱབ་པའི་ཚུལ་གྱིས་ནམ་མཁའ་སྟེ། །རྣམ་དག་རང་བཞིན་འོད་གསལ་བ། །དམ་པའི་ཏིང་འཛིན་ཆེན་པོ་ཉིད། །གང་གིས་མ་ལུས་མངོན་གསལ་ནས། ། ཕྱི་ནང་ཆོས་རྣམས་ཐམས་ཅད་ཀུན། །གོམས་ནས་སྤོས་མེད་དེ་བཞིན་ཉིད། །དེ་དག་ཏིང་འཛིན་ཐུན་མོང་ཉིད། །མི་ཤིགས་ཐིག་ལེ་དྭངས་
246b
མའི་བདག་།བཞི་འདུས་ལྔ་བདག་གཉིས་སུ་མེད། །རྩ་བཅུད་ཐིག་ལེར་བཅས་པ་ཉིད། །ཐབས་དང་བཅས་པའི་ཏིང་འཛིན་གྱིས། །ཡེ་ཤེས་ལྔ་ཡི་རི་དང་བཅས། །བདེ་ཆེན་སྐྱེ་བ་མེད་པའི་དོན། །ཟག་མེད་ཁྱབ་པ་མངོན་དུ་སྨིན། །ཡེ་ཤེས་ནས་མཁའི་གཟུགས་ཅན་ཉིད། །ཕྱི་ནང་མེད་པའི་རང་བྱུང་སྟེ། །གསལ་དང་བདེ་བའི་རང་བཞིན་ཅན། །ཐབས་དང་ཐིག་ལེས་དབང་བསྒྱུར་ནས། །ལུས་ཅན་ཀུན་ལ་གསལ་བར་སྐྱེ། །གནས་བཞི་འབྱུང་བའི་དྭངས་མ་ཉིད། །རྟེན་ཅན་བརྟེན་པར་བཅས་པ་ཉིད། །རང་བྱུང་ཐིག་ལེ་བདེ་བ་ཉིད། །ཕྱོགས་ཆ་མེད་པར་གསལ་ཁྱབ་པས། །བདེ་བ་ཆེན་པོའི་ལུས་སུ་འགྱུར། །རང་བྱུང་སྙིང་པོ་དྭངས་མའི་ལུས། །འབྱུང་བ་ཟག་མེད་སྙིང་པོར་ཐིམ། །ཐིག་ལེ་སྤྲོས་པ་མེད་པ་སྟེ། །ཐམས་ཅད་མ་ལུས་ཁྱབ་པར་སྣང ། །རང་ལུས་རྩ་བཅུད་ཕྱི་ནང་ཀུན། །སྙིགས་མ་དྭངས་མར་སྨིན་བྱས་ཏེ། །དྭངས་མ་ཡེ་ཤེས་སྙིང་པོར་གསལ། །དེ་ཉིད་རྒྱུ་བ་མེད་པ་ཡི། །རང་བྱུང་ཐིག་ལེ་སྤྲོས་པ་མེད། །དྭངས་མ་ཟག་མེད་སྟོབས་ལས་སྣང ། །གང་ཕྱིར་སྐྱེས་དང་
247a
༄#། །སྤྲུལ་པ་དང ། །བརྟགས་པའི་གཟུངས་མ་ལས་བྱུང་བ། །དབང་པོ་གཉིས་ནི་བསྲུབས་པ་ལས། །སྐད་ཅིག་བཅུ་དྲུག་མཐའ་ཡི་ཚེ། །ཉི་ཟླ་འདྲེས་པའི་གར་ཐབས་ལས། །དངོས་པོ་ལྷན་ཅིག་སྐྱེས་པ་གསལ། །སེམས་ལྔ་རྫོགས་པའི་སྙིང་པོ་ཉིད། །བརྗོད་མེད་རང་སྣང་བསྟན་པ་ཉིད། །མ་ལུས་སྐུ་གསུང་ཐུགས་གནས་པ། །འཁྱུད་པའི་གར་གསུམ་བསྡམ་པ་ཡིས། །གནས་དང་འབྱུང་བ་མ་ལུས་པ། །རང་རིག་ཡེ་ཤེས་གཟུགས་སུ་སྣང ། །ཐབས་དང་ཤེས་རབ་དབྱེར་མེད་པའི། །བྱང་ཆུབ་སེམས་ཀྱི་ཐིག་ལེ་སྟེ། །རྟེན་དང་བརྟེན་པར་བཅས་པ་ཉིད། །རང་ཉིད་གསལ་བར་བྱིན་བརླབས་ནས། །ཇི་ལྟར་སྣང་སྲིད་ཆོས་ཐམས་ཅད། །ལྷན་ཅིག་སྐྱེས་པའི་ངོ་བོར་གསལ། །མ་ལུས་བདེ་བ་ཆེན་པོའི་རིགས། །དམ་པའི་སྦྱོར་བ་སྣང་བར་འགྱུར། །འདི་ནི་ཕྱི་ནང་གསང་བ་ཡི། །ཏིང་འཛིན་དཀྱིལ་འཁོར་ཉིད་དུ་བཤད། །གང་ཕྱིར་མཚན་མའི་རྣལ་འབྱོར་བས། །དངོས་དང་དངོས་མེད་རྣམ་སྤངས་པའི། །
247b
རང་རིག་སྐྱེ་མེད་དེ་བཞིན་ཉིད། །མ་བཅོས་རང་རིག་འོད་གསལ་བ། །དེ་བཞིན་ཉིད་དེ་དང་པོར་བསྒོམ། །དེ་ནས་སྙིང་རྗེ་ནམ་མཁའ་ལྟར། ། གསལ་ལ་སྟོང་པའི་རྣལ་འབྱོར་བསྒོམ། །ཡང་ན་སྒྱུ་མ་བྲག་ཅ་དང ། །ཆུ་ཟླའི་ཚུལ་དུ་བསྒོམ་པར་བྱ། །དེ་ནས་རང་ཉིད་ཡི་གེ་ཉིད། ། གསལ་ལ་བརྟན་ཞིང་གོམས་པ་ཡིས། །མ་དག་པ་ནི་སྦྱངས་བྱས་ཏེ། །དག་པའི་མཁའ་ལྔ་བསམ་པར་བྱ། །ེ་ཡཾ་བཾ་སུ་ལཾ། ས་ཆུ་མེ་རླུང་ནམ་མཁའ་དག་།རིག་པ་རང་སྣང་ཚུལ་དུ་བསྒོམ། །དེ་དབུས་རིན་ཆེན་ཁང་བ་དག་།མཛེས་པའི་ཚུལ་དང་ལྡན་པ་སྟེ། །རྩིབས་བཞི་འཁོར་ལོ་ལྟེ་བར་བཅས། །མུ་ཁྱུད་ཟླུམ་པོ་ཐོག་མཐའ་མེད། །གྲུ་ཆད་གློ་འབུར་བར་ཁྱམས་དང ། །སྒོ་བཞི་རྟ་བབས་ཐེམ་སྐས་དང ། ། ལྔ་བརྩེགས་ཕ་གུ་དྲ་ཕྱེད་དང ། །འདོད་ཡོན་ཀ་བ་ཟ་ར་ཚགས། །མི་སྒྲིབ་གསལ་བའི་རྒྱན་དང་ལྡན། །མི་འཇིགས་ལ་སོགས་ལྔ་དབུས་གདན། ། ཉི་ཟླ་པདྨ་ལ་སོགས་པ། །ལྔ་དང་གསུམ་དང་བཞི་གཅིག་གོ་།རིམ་པ་འཚམ་པའི་གདན་སྟེང་དུ། །ས་བོན་ཆོ་ག་ལས་བྱུང་བ། །གཙོ་གཟུངས་
248a
༄#། །མཐིང་ག་རྡོ་རྗེ་འཛིན། །འཁྲིལ་སྦྱོར་འཛུམ་པའི་བྱིན་རླབས་ཏེ། །དབང་བསྐུར་ཆོ་ག་ལྔ་ལྡན་པས། ། སྦྱོར་བསྐུལ་སྲས་བསྐྱེད་སོ་སོར་དགོད། །ཆོས་དབྱིངས་དཀར་པོ་འཁོར་ལོ་འཛིན། །མཉམ་ཉིད་རིན་ཆེན་སེར་པོ་ལྷོ། །སོར་རྟོག་པདྨ་དམར་པོ་ནུབ། །བྱ་གྲུབ་རལ་གྲི་ལྗང་ཁུ་བྱང ། །བཙུན་མོ་རིགས་མཐུན་དྲིལ་འཛིན་འཁྱིལ། །འཁོར་ལོའི་རྩིབས་མཚན་ཤར་ལྷོ་ནས། །ས་སྙིང་དཀར་པོ་མྱུ་གུ་འཛིན། །སྒེག་མོ་དུང་མདོག་མེ་ལོང་འཁྲིལ། །ནམ་སྙིང་སྔོན་པོ་རལ་གྲི་འཛིན། །ཕྲེང་འཛིན་མཱ་ལེ་ནམ་མཁའི་མདོག་།སྤྱན་རས་ལེ་བརྒན་པདྨ་དཀར། །གཱི་ཏི་པི་ཝང་དམར་མོ་མདོག་།རྡོར་འཛིན་ལྗང་ཁུ་ལས་ཀྱི་རིགས། །ཕྱག་གཉིས་བརྐྱང་ནས་གར་མཛད་ལྗང ། །གྲུ་ཆད་བཞི་ལ་རིམ་པ་བཞིན། །བྱམས་པ་དཀར་སེར་ཀླུ་ཤིང་འཛིན། །སྒྲིབ་སེལ་དམར་སེར་གླེགས་བམ་བསྣམས། །ཀུན་བཟང་དམར་ལྗང་རིན་ཆེན་སྙེ། །འཇམ་དཔལ་དཀར་ལྗང་ཨུཏྤལ་བསྣམས།།
248b
བཙུན་མོ་རིགས་དང་མཐུན་པ་སྟེ། །སྤོས་དང་མར་མེ་མེ་ཏོག་དྲི། །འཁྲིལ་ཞིང་འདུད་པ་ཚུལ་བཞིན་བཞུགས། །སྒོ་བཞིར་རིམ་པ་ཇི་བཞིན་དུ། །སྟོབས་ཆེན་གཤིན་རྗེ་གཤེད་པོ་དང ། །རྟ་མགྲིན་བདུད་རྩི་འཁྱིལ་པ་བཞི། །ལྕགས་ཀྱུ་ཞགས་པ་ལྕག་སྒྲོག་དྲིལ། །མཐིང་ནག་སེར་ནག་དམར་ནག་དང ། །ལྗང་ནག་རྡོ་རྗེ་ཐོད་དབྱུག་དང ། །ཐོད་སྤྲུལ་རྡོ་རྗེ་རྒྱ་གྲམ་དང ། །ཡུམ་ཡང་སོ་སོའི་ཕྱག་མཚན་བཅས། །སྒོ་བཞིར་རྔམ་ཚུལ་འཁྲིལ་སྦྱོར་བཞུགས། །ཁྱམས་ཀྱི་མདུན་དང་རྒྱབ་ཏུ་ནི། །ཀུན་བཟང་ཡབ་ཡུམ་ནམ་མཁའི་མདོག་།ཕྱག་རྒྱ་མ་ངེས་སྣ་ཚོགས་ཏེ། །མཉམ་བཞག་ཡེ་ཤེས་འཕྲོ་བའི་སྟེང ། །རྡོ་རྗེ་དྲིལ་བུ་མཚན་པ་འོ། །ཐུབ་དྲུག་དཀར་སེར་མཐིང་ག་དང ། །དམར་ནག་སེར་ནག་དུད་ཀ་སྟེ། །ཕྱོགས་བཞི་སྟེང་འོག་ཤར་ནུབ་ཚུལ། །པི་ཝང་གོ་ཆ་སེག་པར་བསྒོམ། །པོ་ཏི་མེ་ཆུར་ཤེས་པར་བྱ། ། མི་བསྐྱོད་བྱེད་པོ་ལ་སོགས་པ། །རྡོ་རྗེ་འཆང་བས་རྣམ་པར་བརྒྱན། །གཞན་དག་རང་རང་གིས་ཡིན་ཏེ། །ཡ་མཱནྟ་ཀྲིཏ་རྟག་པའོ། །ཐུབ་དྲུག་ཀུན་བཟང་བརྒྱན་པ་ཉིད། ། སྐུ་གསུང་ཐུགས་འབར་བྱིན་རླབས་ལྡན། །རྡོ་རྗེ་འཕྲོ་འདུ་སྙིང་པོར་ལྡན། །ཆོ་གའི་རིམ་པ་ཤེས་པར་བྱ། །དྭངས་མ་བཅུད་ལྡན་ཡེ་ཤེས་ཉིད། །མ་བཅོས་དེ་བཞིན་
249a
༄#། །ཉིད་ཡིན་ཏེ། །ཡེ་ཤེས་ནམ་མཁའི་ངང་དང་འབྲེལ། །ཀུན་ལ་ཁྱབ་པའི་སྙིང་རྗེ་ཡིས། །ཁྱབ་བྱེད་བདེ་བའི་སྙིང་པོ་ཉིད། །ཐ་མལ་རྟོག་པ་གང་དག་ནས། །བདེ་བ་ཆེན་པོར་བྱིན་གྱིས་རློབས། །འབྱུང་ལྔ་དྭངས་མའི་སྙིང་པོ་ཉིད། །ཐམས་ཅད་འབྱུང་བའི་རྒྱུ་ཡིན་ཏེ། །དྷརྨ་ཙཀྲ་ཆོས་ཀྱི་དབྱིངས།། མི་ཤིགས་ཐིག་ལེ་ཀུན་གྱི་གནས། །ནུས་པའི་ཁྱད་པར་ཕྲ་རགས་བཞི། །ཐིག་ལེའི་གཟུགས་དང་ཚོར་བ་དང ། །འདུ་ཤེས་འདུ་བྱེད་རྣམ་ཤེས་ཉིད། །ཡེ་ཤེས་ལྔ་ཡི་རང་བཞིན་ཉིད། །རྒྱལ་པོ་ལྔ་རུ་བཤད་པ་ཡིན། །འབྱུང་ལྔ་དྭངས་མར་བཅས་པ་ནི། །དགྱེས་པ་བསྐྱེད་ཕྱིར་བཙུན་མོ་སྟེ། །མིག་སོགས་བདེ་བའི་རྣམ་ཤེས་དང ། །དེ་ཡི་ངོ་བོ་ཡུལ་བཅས་ནི། །གནས་པ་རྩ་བཅུད་ཐིག་ལེར་བཅས། །ནང་གི་སེམས་དཔའ་ཡབ་ཡུམ་ཉིད། །སོ་སོའི་རྩ་བཅུང་གནས་པའི་རྟེན། །དབང་པོ་དུས་བཞིར་བཅས་པ་ཉིད། །ཕྱི་ཡི་སེམས་དཔར་བཤད་པ་ནི། །གནས་དང་དུས་ཀྱིས་ཕྱེ་ཕྱིར་རོ། །གང་དེ་དྭངས་མས་བསྐྱེད་པ་ཡིས། །ལུས་ཀྱི་ཆོས་བཞི་རྟག་ཆད་བཅས། །སྒོ་བཞི་ཡབ་ཡུམ་ཤེས་པར་བྱ། །བདེ་ཆེན་ཡིད་ཆོས་རང་རིག་ཉིད། །ཀུན་བཟང་རོ་ཡི་བདེ་བ་ཉིད། །ཉོན་
249b
མོངས་དྲུག་གི་ཡུལ་རྣམས་སུ། །སྤྲུལ་པའི་ཐིག་ལེར་རང་ཤར་པའོ། །འདུལ་བ་བཞི་ཡིས་དོན་མཛད་པ། །སྤྲུལ་པའི་མཛད་པ་བསམ་མི་ཁྱབ། །ཀུན་ཀྱང་དྭངས་མའི་རང་བཞིན་ལས། །ཡེ་ཤེས་ལྔ་ཡི་རོ་ལྡན་པ། །གནས་དང་ངོ་བོ་ལྔས་བརྒྱན་པ། །ཡེ་ཤེས་ལྔ་ཡིས་རྒྱས་བཏབ་པའོ། །ས་བོན་སྐུ་སྟེ་ཡི་གེ་གསུང ། །བདེ་ཐུགས་སྐུ་གསུང་དཀྱིལ་འཁོར་ལྡན། །འཕྲོ་འདུ་རྩ་བའི་ཐིག་ལེར་བཅས། །མ་ལུས་ཀུན་ལ་འདི་གནས་པས། །ཡན་ལག་ཉིད་དུ་འདི་ཤེས་བྱ། །སྟོང་ཉིད་རྡོ་རྗེ་ལ་སོགས་པ། །སྔོན་བྱས་རང་རྒྱུད་མེད་པ་ཡི། །རིགས་རྟགས་གཟུངས་མ་བླང་བར་བྱ། །རང་རྒྱུད་སྒོ་གསུམ་དག་བྱས་པ། །ལྷ་ཡི་རྣལ་འབྱོར་ལུས་སུ་བྱ། །རྡོ་རྗེ་སྙིང་པོ་གེ་སར་ཉིད། །སྲ་བ་ས་དང་གཤེར་བ་ཆུ། །དྲོད་མེ་བསྐྱོད་པ་རླུང་ཉིད་དེ། །བདེ་བའི་དྭངས་མ་ནམ་མཁའ་ཉིད། །བྲུཾ་དབྱིངས་བྷ་ག་བདེ་བའི་གནས། །སྣ་ཚོགས་འདུས་པའི་གཞལ་ཡས་ཁང ། །ཉི་ཟླ་པདྨ་ནུས་པའི་གདན། །ཆེ་བའི་ཡོན་ཏན་རྫོགས་པར་ལྡན། །ཐབས་དང་ཤེས་རབ་འབྲེལ་བའི་རོ། །ལྔ་ཕུང་འབྱུང་ལྔ་དག་པ་ཡི། ། རང་བཞིན་དེ་དང་མཉམ་སྦྱར་བས། །ཡེ་ཤེས་ཕྲ་རགས་གཉིས་སུ་མེད། །ཐབས་དང་ཤེས་རབ་འབྲེལ་བ་ཡི། །དབང་པོ་ཡུལ་དུས་རྣམ་ཤེས་བཅས། །རང་རང་
250a
༄#། །བདེ་བར་སྐྱེས་པའི་ལྷ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉིད། །ཐབས་དང་ཤེས་རབ་གཉིས་མེད་པའི། །རྒྱུ་བའི་རླུང་ལ་དབང་ཐོབ་ནས། ། ཐབས་ལམ་བདེ་བའི་གཉེར་དག་གིས། །བརྟགས་པ་རང་གི་རྟོག་པ་ཟློག་།དངོས་པོ་རྣམས་ཀྱི་ངོ་བོ་ལ། །བཟློག་བྱ་ངས་ཀྱང་མ་དམིགས་སོ། །བདེ་བའི་ཐིག་ལེ་ས་བོན་ལ། །ཐབས་བཞི་རླུང་གི་གར་ཐབས་ཀྱིས། །དགའ་བའི་ཚད་ལྡན་ནུས་པ་བཅས། །དངོས་འདི་ལྷན་ཅིག་སྐྱེས་པར་བརྟན། །བདེ་བའི་ཕྱག་རྒྱ་ཆེན་པོ་ནི། །ཕྱི་ནང་སྣོད་བཅུད་མ་ལུས་པ། །བདེ་བ་ཆེན་པོར་རོ་གཅིག་ཕྱིར། །མ་ལུས་ལྷན་ཅིག་སྐྱེས་པར་གནས། །བཅུད་འདུས་བདེ་བའི་ཐིག་ལེ་ནི། །ཡོན་ཏན་ཀུན་གྱི་ངོ་བོ་བས། །ཆེ་བའི་ཡོན་ཏན་ཀུན་རྫོགས་པས། །སངས་རྒྱས་ཀུན་གྱི་ངོ་བོར་གནས། །དེ་ནས་རྒྱལ་པ་རྡོ་རྗེ་འཆང ། །རྒྱལ་བ་ཀུན་གྱི་རྒྱལ་པོ་ཡིས། ། མ་ལུས་ལྷག་པའི་ལྷར་བརླབ་ཕྱིར། །གསུང་གི་སྙིང་པོ་བརྗོད་པར་མཛད། །བྲུཾ་བི་ཤཝ་བི་ཤུདྡྷེ། ཧཱུཾ་བཛྲ་དྷརྀཀ་།ོཾ་ཛི་ན་ཛིཀ་།སཝཾ་རཏྣ་དྷརྀཀ་།ོཾ་ཨཱ་རོ་ལྀཀ། ཧཾ་པྲ་ཛྙཱ་དྷྲིཀ་།མུཾ་དྷཱ་ཏི་ཤཝ་རི། ལཾ་དྭེ་ཥ་ར་ཏི། མཾ་མོ་ཧ་ར་ཏི། བྱཾ་རཱ་ག་ར་ཏི། ཏཾ་བཛྲ་ར་ཏི། ཀྵཾ་ཧ་རཱ་ཛ་ཡ། ཏྲཾ་ཨ་གརྦྷ་ཡ། ཧྲཱི་ཧ་ཧཱུཾ་པདྨ་བ་ད་ཡ། ཛྷིཾ་ཀུ་རུ་པ་ན་
250b
ཧྲི།་ཧཱུཾ་ལཱ་སྱཻ་ས་མ་ཡ་སྟྭཾ། །ཏྲཾ་མཱ་ལཻ་ས་མ་ཡ་ཧོ། ཧྲཱི་གཱི་ཏི་ར་གོ་ཧཾ། ཨ་ནྲི་ཏྱཻ་རཱ་ག་ཡ་མི། མེ་དྷ་ར་ན་སཝཱཧཱ། ཐལིཾ་\?\་ནི་ས་རཾ་བྷ་ཡ་སཝཱཧཱ། ཧཱུཾ་སཝ་ར་ཛ་ཡ་སཝཱཧཱ། མུཾ་ཤྲཱི་ཨ་རཾ་ག་ཡ་སཝཱཧཱ། ཛ་དྷུ་པེ་པྲ་བེ་ཤ་།ཧཱུཾ་པུཥྤེ་ཨ་བེ་ཤ་།བཾ་དྭི་པ་སུ་ཀི་ནི། ཧོ་གནྡྷ་ཙིཏྟ། ཧཱུཾ་ཡ་མཱནྟ་ཀྲིཏ་ཛ་ཕཊ། ཧཱུཾ་བེགྷ་ནཱནྟ་ཀྲིཏ་ཧཱུཾ་ཕཊ། ཧཱུཾ་པདྨཱ་ན་ཏ་ཀྲིཏ་བཾ་ཕཊ། ཧཱུཾ་པྲ་ཛྙཱ་ནྟི་ཀྲཏ་ཧོ་ཕཊ། ཨོཾ་མཧཱ་བཛྲ་དྷ་ར་མཧཱ་ཀྲོ་དྷི་ཤཝ་རི་ཛྭ་ལ་ནི་ཕཊ། ཨོཾ་མཧཱ་རཏྣ་དྷ་ར་མཧཱ་ཀྲོ་དྷི་ཤཝ་རི་ཛྭ་ལ་ནི་ཕཊ། ཨོཾ་མཧཱ་པདྨ་དྷཱ་ར་མ་ཧཱ་ཀྲོ་དྷི་ཤཝ་རི་ཛྭ་ལ་ནི་ཕཊ། ཨོཾ་མ་ཧཱ་ཀརྨ་དྷ་ར་མཧཱ་ཀྲོ་དྷི་ཤཝ་རི་ཛྭ་ལ་ནི་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཧཱུཾ། ཨ་ཨ་ཨ་བཛྲ་བྷ་དྲ་ས་མནྟ་ཨོཾ། ཨོཾ་མུ་ནེ་ཀྲིཾ་སཝཱཧཱ། ཨོཾ་མུ་ནེ་ཧཱུཾ་དྲུཾ་སཝཱཧཱ། ཨོཾ་མུ་ནེ་སྲུཾ་སཝཱཧཱ།་ཨོཾ་མུ་ནེ་པྲཾ་སཝཱཧཱ། ཨོཾ་མུ་ནེ་ཤཾ་སཝཱཧཱ། ཨོཾ་མུ་ནེ་ཡེ་སཝཱཧཱ། ཨོཾ་ཨེ་ཧ་ཧི་བྷ་ག་ཝཱ་ན། མཧཱ་ཀ་རུ་ཎཱི་ཀ་ཏྲི་ཤ་ཧོ། །ས་མ་ཡ་སྟྭཾ། ཛཿ ཧཱུཾ་བཾ་ཧོཿ ། ཨོཾ་ཨཱཿ ཧཱུཾ་སཝཱཧཱ། བ་བ་བ་བ་བ། ཛྲ་ཛྲ་ཛྲ་ཛྲ་ཛྲ། ས་ས་ས་ས་ས། མ་མ་མ་མ་མ། ཡ་ཡ་ཡ་ཡ་ཡ། ཨོཾ་ཨཱཿ ཧཱུཾ་སཝཱཧཱ། ཨོཾ་སྒྱུ་འཕྲུལ་དྲ་བ་གཉིས་མེད་པའི། །གསང་བ་ཟབ་མོ་སྐུ་གསུང་ཐུགས། །གདོད་ནས་བདག་དང་དབྱེར་མེད་པའི། །ད་ལྟར་ཉིད་དུ་དབྱེར་མེད་ཤོག་།ོཾ་བཛྲས་མ་ཡ་ཧཱུཾ། ཨོཾ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ས་མ་ཡ་ཧོ། །ཛཿ ཧཱུཾ་
251a
༄#། །བཾ་ཧོཿ ། །ཞེས་བརྗོད་པས། སྣ་ཚོགས་དཀྱིལ་འཁོར་མཛེས་པ་དག་།གཉིས་མེད་རོ་གཅིག་འདྲེས་ནས་ཀྱང ། །སྟོང་གསུམ་དཀྱིལ་འཁོར་གསལ་བར་འགྱུར། །ོཾ་ཨཱཿ ཧཱུཾ་སཝཱཧཱ། མུཾ་མཾ་ལཾ་པཾ་ཏཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཏྲཱཾ་ཏྲཱཾ་ཏྲཱཾ་ཏྲཱཾ། དྷྲི་དྷྲི་དྷྲི་དྷྲི། ཨཱཿ ཱཿ ཱཿ ཱཿ ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཛཿ ཧཱུཾ་བཾ་ཧོཿ རབ་ལྡན་པས། །གཙོ་བོ་ལྔ་དང་གཙོ་མོ་ལྔ། །འབྲེལ་པ་སུམ་ཅུ་རྩ་གཉིས་དང ། །རྡོ་རྗེ་ཁྲོ་བོ་ཁྲོ་མོ་དང ། །སྒོ་བཞི་རབ་འཇམ་ལ་སོགས་པ། །དཀྱིལ་འཁོར་རྒྱས་པར་སྣང་བར་མཛད། །འཁོར་ལོ་ཉིས་བརྩེགས་རྩིབས་སུ་བཅས། །ཁྱམས་དང་སྒོར་བཅས་ལྷ་ཡི་རིམ།། རང་རང་ཕྱག་མཚན་གདན་དང་བཅས། །བཞུགས་ཐབས་ཚུལ་བཞིན་གནས་པའོ། །དེ་ནས་རྒྱལ་བ་དེ་དག་གིས། །དཀྱིལ་འཁོར་ཆེན་པོ་དེ་དག་ལ། །དབང་བསྐུར་བྱིན་བརླབ་བྱ་བའི་ཕྱིར། །གསང་བའི་སྔགས་ནི་གསུང་བར་མཛད། །ོཾ་མཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སཝཱ་བྷཱ་བ་ཨཏྨ་ཀོཉཧཾ། ཨོཾ་མཧཱ་ཨ་དཪྴ་ཛྙཱ་ན་བཛྲ་སཝཱ་བྷཱ་བ་ཨཏྨ་ཀོཉཧཾ། ཨོཾ་མཧཱ་པྲ་ཏྱཱ་བེ་ཀྵ་ཎཱ་ཛྙཱ་ན་བཛྲ་སཝ་བྷཱ་བ་ཨཱཏྨ་ཀོཉཧཾ། ཨོཾ་མཧཱ་ས་མནྟ་ཛྙཱ་ན་བཛྲ་སཝ་བྷཱ་བ་ཨཏྨ་ཀོཉཧཾ། ཨོཾ་མཧཱ་ཀྲི་ཏ་ཨ་ནུ་ཥྛཱ་ན་བཛྲ་
251b
སཝ་བྷཱ་བ་ཨཏྨ་ཀོཉཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཀཱ་ཡ་བཛྲ་སཝ་བྷཱ་བ་ཨཱཏྨ་ཀོཉཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཝཱ་ཀ་བཛྲ་སཝ་བྷཱ་བ་ཨཏྨ་ཀོཉཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཙིཏྟ་བཛྲ་སཝ་བྷཱ་བ་ཨཱཏྨ་ཀོཉཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཨ་ནུ་རཱ་ག་བཛྲ་སཝ་བྷཱ་བ་ཨཏྨ་ཀོཉཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་པཱུ་ཛ་བཛྲ་སཝ་བྷཱ་བ་ཨཏྨ་ཀོཉཧཾ། ཞེས་བརྗོད་ཡེ་ཤེས་སྐུ་གསུང་ཐུགས། །རྩེ་གཅིག་ཐིམ་པར་གསལ་བར་འགྱུར། །ཙིཏྟ་འོག་མིན་འབར་བའི་གནས། །རིན་ཆེན་འབར་བ་རྫོགས་པའི་མཛོད།། མི་ཤིགས་ཐིག་ལེ་ཟ་མ་ཏོག་།རྒྱལ་བ་ཀུན་གྱི་བཞུགས་པའི་གནས། །ཙིཏྟའི་ཁམས་ལྔའི་སྙིང་པོ་ལ། །བདེ་བའི་ཐིག་ལེ་ཕྲ་རགས་ཉིད། །ཡེ་ཤེས་ལྔ་ཡི་བདག་ཉིད་དུ། །གསང་བ་འཛིན་པའི་རྒྱལ་པོར་བརྗོད། །གང་དེ་དྭངས་མ་ཡེ་ཤེས་ལྔ། །གང་དུ་མི་ཕྱེད་རྡོ་རྗེ་གསལ། །དུག་ལྔ་ཡེ་ཤེས་བསྐྱེད་པ་དང ། ། བཙུན་མོ་དགའ་བདེའི་ངོ་བོར་བརྗོད། །ཁམས་ལྔ་འདུས་པའི་ཡེ་ཤེས་ཉིད། །རང་བྱུང་ཡེ་ཤེས་བདེ་བའི་ཐུགས། །རྣམ་ཤེས་བཞིར་བཅས་ཐིག་ལེ་ཉིད།། ཐུགས་ཀྱི་སེམས་དཔའ་ཉིད་དུ་བཤད། །དེ་ཡིས་གང་ལ་དབང་བསྒྱུར་བའི། །ཡུལ་བཞི་ཐིག་ལེ་བདེ་བའི་བཅུད། །སྒྱུ་མའི་བདེ་བར་གང་འཆར་བ། །
252a
༄#། །ཡུལ་བཞི་རིམ་པར་བཤད་པ་སྟེ། །དབང་བསྒྱུར་གཉིས་མེད་གང་ཡིན་པས། །ཡབ་ཡུམ་འབྲེལ་བའི་ངོ་བོར་བཤད། །རྩ་བཅུད་ཐིག་ལེར་བཅས་པའི་རྟེན། །སོ་སོའི་ནུས་པར་བཅས་པ་ཉིད། །གང་ལ་དེ་དབང་དེ་ཡི་ཕྱིར། །འདི་ནི་ཕྱི་ཡི་རིམ་པར་བཤད། །གང་ལ་ཁམས་ལྔའི་བདེ་བ་ཡིས། །མཉེས་དང་ཐིག་ལེ་བཀོད་པ་དང ། །ནམ་མཁའི་ཡེ་ཤེས་གསལ་བ་དང ། །དེ་ཉིད་ཁྱབ་པའི་རང་བཞིན་ཏེ། །ཟག་མེད་བདེ་བའི་རང་བཞིན་གྱིས། །ཕྱོགས་བཅུའི་ཞིང་ཁམས་མཉེས་པར་མཛད། །དགུག་དང་བཅིང་དང་མཉེས་དང་གསལ། །ཐབས་ལམ་བཅུད་དུ་འབྲེལ་བར་གསུངས། །གང་དེ་ཐབས་ཆེན་གསལ་བྱས་པས། །ལུས་ཀྱི་ཆོས་བཞི་རྟག་ཆད་སྤངས། །བདེ་བའི་ཐིག་ལེ་རང་སྣང་བ། །མ་ལུས་འཇོམས་ལ་ཁྲོ་བོའོ། །བཅུད་ལས་འདས་པའི་ཧཱུཾ་གསུམ་ཉིད། །བྱེད་པ་བྲལ་བའི་ངོ་བོ་ཉིད། །ཡུལ་གསུམ་བྲལ་བས་ཆོས་ཀྱི་དབྱིངས། །མ་ལུས་རྣམ་དག་ཀུན་ཏུ་བཟང ། །དྭངས་སྙིགས་སྙིང་པོར་འབྲེལ་པ་ཡིས། །ཉོན་མོངས་ས་བོན་དྲུག་བཅས་པས། །ཐིག་ལེ་བཏུལ་ནས་བསྟན་པ་འཆང ། །སྤྲུལ་པའི་སྐུ་རུ་བཤད་
252b
པ་ཡིན། །ཀུན་ཀྱང་ཡེ་ཤེས་ལྔ་ཡི་རོ། །ཁྱབ་པར་གནས་པས་རྒྱས་བཏབ་ཅིང ། །སྣང་སྲིད་བདེ་ཆེན་སྐུ་གསུང་ཐུགས། །དྲན་པ་རྟག་ཏུ་གསལ་བཟུང་བའོ། ། དེ་ནས་གཞན་ཡང་བཤད་པར་བྱ། །གསང་རྩེ་སྣ་ཚོགས་འདུས་པའི་དབུས། །ཕྱི་ནང་རིམ་པའི་དབུ་རྩེ་ཅན། །ངོ་བོ་བྱིན་རླབས་འཕགས་པ་སྟེ། །ཡོན་ཏན་བྱིན་རླབས་ཀུན་གྱི་གནས། །གསང་བའི་པདྨའི་རང་བཞིན་དུ། །རྡོ་རྗེ་གཉིས་མེད་ཐིག་ལེར་བལྟ། །ཉི་ཟླ་ཟིལ་བའི་ཐིག་ལེ་ཉིད། །ཕན་ཚུན་འདྲེས་པ་རླུང་གིས་ཕྱེ། །གསང་བའི་ཁམས་ལྔས་ཡེ་ཤེས་རོལ། །སྙིགས་མའི་ཕུང་པོ་ལྔ་དག་ནས། །དྭངས་མ་ལྔ་ཡི་རང་བཞིན་གསལ། །རྒྱལ་པོ་དེ་བཞིན་གཤེགས་པར་གསལ། །གསང་བའི་འབྱུང་བ་ལྔར་བསྟན་པ། །དབང་ཡུལ་ཕྲད་པའི་སྐབས་ལས་ཤེས། །རིགས་མཆོག་ཡུམ་གྱི་ཕྱག་རྒྱ་ལྔ། །སྙིགས་མ་བྲལ་བའི་དུས་ན་བལྟ། །ཐིག་ལེ་ཐུགས་ཀྱི་བདེ་བ་རྣམས། །རང་རང་ཐིག་ལེ་བདེ་བར་གསལ། །ཡེ་ཤེས་རྣམ་ཤེས་དྭངས་མ་རྣམས། །བདེ་བ་ཆེན་པོ་གསལ་བར་ཤེས། །དམ་ཚིག་བདེ་བའི་ཆས་ཀྱིས་སྒེག་།སྒོ་གསུམ་འབྲེལ་ཅིང་ཐིག་ལེར་ཆགས། །གང་དུ་བདེ་བའི་སྒྲ་བསྒྲགས་ཏེ། །བསྐྱོད་ཅིང་འཕྲོ་བའི་གར་གྱིས་མཉེས། །ཐུགས་
253a
༄#། །གང་ཐིག་ལེ་བརྟེན་པའི་གནས། །གང་ཡུལ་བདེ་བར་དབང་བྱེད་པའི། །རྟེན་དང་བཅས་པའི་བདེ་བ་ཡིས། །རང་རང་ཐིག་ལེ་སྐྱེད་པར་བྱེད། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཐུགས་དང་ཐིག་ལེར་བཅས་པ་ཉིད། །དགུག་འཛིན་འཁྱུད་ཅིང་གནས་པ་དང ། །ཐིག་ལེ་རླུང་དང་བསྟོད་སྨད་བསྡམས། །བསྐྱོད་དང་འབེབས་པའི་ཐབས་ཡིན་ཏེ། །ཚིམ་དང་ཐིག་ལེ་དོར་བ་དང ། །ཡེ་ཤེས་གསལ་བས་བདེ་སེམས་རྒྱས། །རིམ་པ་ཇི་བཞིན་གསལ་བར་བརྟགས། །གསང་ཡུལ་དབང་པོ་རེག་པ་དང ། །རྣམ་ཤེས་གང་ཡིན་ཏ་ཀྲིད་དེ། །བདེ་བའི་རང་བཞིན་མ་སྐྱེས་པས། །རྟག་ཆད་མཚན་མ་བདག་མེད་པ། །སྒོ་མའི་རང་བཞིན་གསང་བའི་སྔགས། །ཤེས་སྐྱོབ་དོན་ཕྱིར་གསང་བའི་སྔགས། །ཤེས་པ་གསུམ་འདས་སྒྲིབ་ཟད་པ། །རང་རིག་བྱེད་པ་ཡིད་ཅེས་བྱ། །རྒྱུན་གསུམ་ཟད་པའི་ཆོས་དབྱིངས་ཉིད། །རྟོགས་བྱ་ཀུན་ཏུ་བཟང་མོར་བཤད། །འཁོར་བའི་ས་བོན་ཉོན་མོངས་བཅས། ། ཟིལ་པའི་ཐིག་སྔོན་ལམ་བཞིན་དུ། །ཐབས་སྦྱོར་ཐིག་ལེའི་འཕྲོ་འདུ་ཡིས། །གསང་བའི་མཛད་པ་བཅུ་གཉིས་སྟོན། །ས་བོན་ཐིག་ལེ་མ་སྐྱེས་གཟུགས་
253b
བསྟན་པ་རིམ་པ་གསུམ་དུ་བསྟན། །འདོད་པའི་ཡན་ལག་སུམ་བརྒྱ་དང ། །དྲུག་ཅུ་རྩ་བཞི་ལ་སོགས་པས། །ཐ་མལ་ཞེན་པ་རང་གྲོལ་ནས། །རྡོ་རྗེ་ཟེའུ་འབྲུ་འབྲེལ་བསྐྱོད་པས། །རང་འབར་ཐིག་ལེ་གཟུགས་སུ་ཆགས། །ཡབ་ཡུམ་ལྔ་ཕྱི་ཐབས་ཀྱིས་གཟུང ། །ཉི་མ་ཟླ་བ་ཤར་བའི་འོད། །རྩེ་ནས་རྩེ་རུ་ཕྱིན་པ་ཡིས།། འཁོར་བའི་མུན་པ་ཀུན་བསལ་ནས། །མ་ལུས་ལྷན་ཅིག་སྐྱེས་པར་གསལ། །དེ་ཉིད་གསང་བར་ཤེས་པར་བྱ། །རྒྱལ་བའི་དཀྱིལ་འཁོར་མ་ལུས་བ། །བཞི་བཅུ་རྩ་ལྔར་གནས་པ་ཡི། །ཐུགས་ཀྱི་རང་བཞིན་སྙིང་པོ་ཉིད། །རང་རང་མཚོན་པའི་རྟགས་ཡིན་ཏེ། །རྒྱས་དང་བསྡུས་པའང་དེ་བཞིན་དུ། །རྡོ་རྗེ་འཁོར་ལོ་རལ་གྲི་འབར། །དྲིལ་བུ་པདྨ་རིན་པོ་ཆེ། །རྡོ་རྗེ་འཛིན་པའི་རིམ་བཤད་པའོ། །གཞན་གང་གནས་སུ་རྡོ་རྗེ་ཤེས། །དང་པོ་ཐུགས་དང་གཡོན་འཁྱུད་པའོ། །རིན་ཆེན་མྱུ་གུ་རལ་གྲི་འབར། །པདྨ་དཀར་པོ་རྡོ་རྗེ་ཆེ། །ུཏྤལ་ཀླུ་ཤིང་པོ་ཏི་སྟེ། །གཟུགས་མཛེས་རིན་ཆེན་ཕྲེང་བ་དང ། །པི་ཝང་གར་སྒྱུར་པོག་མེ་དང ། །བྱུག་བ་སོ་སོ་རིམ་ཤེས་བྱ། །ནྲི་མགོ་རྡོ་རྗེ་ཐོད་རྒྱ་གྲམ། །ལྕགས་ཀྱུ་ཞགས་པ་སྥོ་ཊ་ཧོ། །འོད་འཕྲོ་མཉམ་བཞག་རྡོ་རྗེ་ཐལ། །ཡེ་ཤེས་རྩེ་ལྔ་ཆོས་ཁམས་དྲིལ། །ཐུགས་ལ་བརྟན་
254a
༄#། །པ་ཉིད་དུ་གསུངས། །ཐུབ་ཆེན་ངེས་པར་ཕྱག་གཉིས་ཤེས། །སེག་པར་གོ་མཚོན་པི་ཝང་བརྡབ། །སྒྲོམ་སྟོབ་པོ་ཏི་ཆོས་འཆད་ཚུལ། །མེ་དཔུང་བུམ་པར་ཤེས་པར་བྱ། །གཞན་ཡང་མཐུན་པ་སྐབས་ཀྱིས་བརྟག་།མི་མཐུན་ཁྱད་པར་རྒྱས་པར་བསྟན། །རྡོ་རྗེ་རིན་ཆེན་པདྨ་དང ། །རྒྱ་གྲམ་དྲིལ་བུ་བརྒྱད་ཤེས་བྱ། །རྡོ་རྗེ་ལྕགས་ཀྱུ་མདའ་སེ་གོལ། །རིན་ཆེན་ཉི་མ་རྒྱལ་མཚན་སོ། །པདྨ་འཁོར་ལོ་རལ་གྲི་ལྕེ། །རྒྱ་གྲམ་ཁུ་ཚུར་གོ་ཆ་མཆེ། ། གཞན་ཡང་སྐབས་དང་མཐུན་པ་སྟེ། །རང་རང་དོན་ཉིད་རྩེ་གཅིག་པའི། །ཐུགས་ཀྱི་རྟགས་སུ་ཤེས་པར་བྱ། །དྭངས་མའི་ཡེ་ཤེས་ལྔ་འབར་བས། །གཅོད་དང་མ་ཕྱེད་དགའ་བ་དང ། །མ་གོས་བདེ་བ་བསྐྱེད་པ་ཉིད། །རྣམ་པར་མི་རྟོག་རིམ་པར་ཤེས། །ཡོན་ཏན་བསྐྱེད་དང་ཐ་མལ་གཅོད། །དེ་བཞིན་མ་གོས་ཡེ་ཤེས་ཉིད། །སོ་སོ་ཡོན་ཏན་ཆ་ལས་བྱུང ། །རང་རང་རྩ་བཅུད་ཐིག་ལེའི་དབྱིབས། །སོ་སོ་ཉིད་ལྟར་རང་གནས་ཏེ། །བདེ་བའི་ཐིག་ལེ་ཉིད་དུ་ཤེས། །རང་བྱུང་དྭངས་མའི་ཐིག་ལེ་ཉིད། །འབྲེལ་བའི་ཚུལ་གྱིས་ཀུན་སྣང་བ། །ཁུ་བ་རྩ་ཡི་དབྱིབས་གཟུགས་ཉིད། །རང་རང་ལས་དང་རྟོག་པ་
254b
དང ། །སྙིང་པོ་ཕྱག་མཚན་དབྱིབས་བཞིན་པས། །བདེ་ཆེན་ཐུགས་སུ་གསལ་བརྟན་པ། །ཐུགས་ཀྱི་དུས་སུ་ཤེས་པར་བྱ། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཐིག་ལེ་གསལ་བའི་རང་བཞིན་ལས། །ཐུགས་མཚན་ཆེ་བའི་ཡེ་ཤེས་ཉིད། །དཔག་ཏུ་མེད་པར་རང་སྣང་བ། །བདེ་བ་ཆེན་པོའི་ཐིག་ལེའི་འོད། །མ་ལུས་དེ་དེར་སྣང་བ་ཉིད། །མ་ལུས་གཉིས་མེད་ཐིག་ལེ་ཡི། །བདེ་བ་ཆེན་པོའི་ཡེ་ཤེས་ལྔ། །དེ་ལས་ཕྱེ་བས་མཚོན་པའི་སྒོ། །ཐུགས་ཀྱི་རང་རྟགས་བསམ་མི་ཁྱབ། །བདེ་བ་ཐུགས་ལས་གཞན་མ་ཡིན། །གང་ཕྱིར་དཀྱིལ་འཁོར་འདི་དག་ཀྱང ། །ཐུན་མོང་གནས་སུ་བསྒོམས་པ་དང ། །མི་ཤིགས་ཐིག་ལེའི་སྙིང་པོ་ལས། །སྐུ་གསུང་ཐུགས་ཉིད་གསལ་བར་བྱ། །དོན་དམ་ཐིག་ལེ་པད་རྩེ་ལ། །རིམ་པ་ཇི་བཞིན་གསལ་བར་བྱ། །དེ་ནས་གདུག་པ་གདུལ་བའི་ཕྱིར། །འབར་བའི་དཀྱིལ་འཁོར་གསལ་བར་བཤད། །ཆོ་གའི་རིམ་པ་ཇི་བཞིན་གྱིས། །རང་སྙིང་རྒྱུ་ཡི་ས་བོན་ཧཱུཾ། །དག་པས་རིམ་པས་གསལ་བ་ལ། །རང་རྒྱུད་འབྱུང་ལྔ་ཉོན་མོངས་ལྔ། །རང་བྱུང་ལྔ་རུ་སྣང་བའི་ཕྱིར། །འབྱུང་བ་ལྔ་ཉིད་བསྒོམ་པར་བྱ། །ེ་ཡཾཿ རཾ་སུཾ་ཀེཾ་རཾ། སོ་སོ་ལས་རྣམས་བྱས་ནས་ནི། །ནམ་མཁའ་གྲུ་གསུམ་
255a
༄#། །ཟླ་གམ་རླུང ། །ཁྲག་གི་དཔའ་ཀློང་འཁྲུག་པ་དང ། །གཏི་མུག་རོ་དང་ང་རྒྱལ་རི། །ཞེ་སྡང་མེ་ཉིད་བསྒོམ་པར་བྱ། །མདོག་ཀྱང་རིམ་པར་ཤེས་བྱ་སྟེ། །ལས་དང་རང་བཞིན་ཤེས་བཞིན་བརྟག་།བྲུཾ་ལས་དུར་ཁྲོད་གཞལ་ཡས་ཁང ། །འཁོར་ལོ་རྩིབས་བཞི་ཐོད་ཕྲེང་དང ། །བར་ཁྱམས་གཉིས་ནི་སྒོ་དང་བཅས། །ཐོད་ཕྲེང་སྦྲུལ་གྱི་ཟ་ར་ཚགས། །ཞིང་གི་གདུལ་དང་ཀ་བ་སྟེ། །སྤྲིན་ནག་དུར་ཁྲོད་རྒྱན་དང་བཅས། །ཁྲོ་མོ་བདུད་རྩི་ལྷ་མོ་དང་།། ཐོད་པ་ལྔ་གསུམ་རྩིག་པ་ཅན། །ཉི་ཟླའི་རྒྱན་ཅན་བསམ་བྱས་ལ། །དྲེགས་པ་གནོད་སྦྱིན་སྲིན་པོ་དང ། །དྲི་ཟ་གཤིན་རྗེ་བཞོན་པར་བཅས། །དེ་བཞིན་གསལ་བར་བསྒོམ་པར་བྱ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཡི། །ཆོ་ག་ལས་བྱུང་རིམ་པ་ཡིས། །གཉིས་མེད་གསལ་བས་དེ་བརྟན་ཕྱིར། །དབང་བསྐུར་བྱིན་བརླབ་རིམ་བཞིན་བྱ། །སྦྱོར་བའི་ཐིག་ལེ་འཕྲོས་པ་ཡིས། །གདུག་པ་མ་ལུས་བཏུལ་ནས་ནི། །རང་རང་རིམ་པ་གསལ་གྱུར་ནས། །ཧཱུཾ་གིས་ཕྱོགས་ཕྱོགས་གདན་ལ་བཞུགས། །ཧ་བརྒྱད་ས་བོན་ལས་བྱུང་བ། །དཀར་མོའི་ཚོགས་དང་རྐུན་མོའི་ཚོགས། །རྨོངས་མོ་དང་ནི་ཐལ་བྱེད་མ། །སྤོས་མོ་དང་ནི་གཏུམ་
255b
མོ་དང ། །སྨེ་ཤ་ཅན་དང་མ་ཚོགས་མའི། །སོ་སོའི་ཆ་ལུགས་རྔམ་ཐོན་ནས། །སྤྲུལ་པ་བཞི་པོ་ལ་ཐིམ་ཞིང ། །རང་རང་ལས་མཛད་སྙིང་པོ་སྒྲོག་།འདུས་ཏེ་ཕྱོགས་ཕྱོགས་གནས་པར་བྱ། །ཧེ་བརྒྱད་ས་བོན་ལས་བྱུང་བ། །སྟག་དང་སེངྒེ་ཝ་དང་ཁྱི། །བྱ་རྒོད་ཀངྐ་འུག་པ་དང ། །ཕོ་རོག་ལ་སོགས་ཕྲ་མེན་རྣམས། །འཕྲོ་འདུ་ལས་དང་ཕྱོགས་མདོག་མཚན། །རིམ་པ་ཇི་བཞིན་དེ་བཞིན་བསམ། །ཕཊ་བཞིས་རྟ་དང་ཕག་གདོང་དང ། །སྦྲུལ་དང་སྤྲེའུ་གདོང་རིམ་པ་བཞིན། །ལས་དང་སྐུ་མདོག་ཕྱག་མཚན་ཡང ། །རིམ་པ་བཞིན་དུ་གནས་པ་ཡིན། །དེ་དག་འཁོར་ལོ་དབུས་དང་ལྔ། །ཡབ་ཡུམ་ཕྱག་རྒྱ་འབྲེལ་བར་གནས། །རྩིབས་མཚན་གྲུ་ཆད་བཞི་དག་ལ། །གནས་ཀྱི་མ་མོ་དགོད་པར་བྱ། །བར་ཁྱམས་དང་པོར་ཕྲ་མེན་བརྒྱད། །ཕྱོགས་མཚམས་རིམ་པར་དགོད་པར་བྱ། །སྒོ་བཞིར་སྒོ་བ་རྔམ་ཚུལ་གནས། །བར་ཁྱམས་ཐ་མ་དག་ལ་ནི། །སླས་དང་བྱི་མོ་བྲན་མོའི་ཚོགས། །སྐུ་མདོག་ཕྱག་མཚན་བཞུགས་ཚུལ་ཉིད། །རིམ་པ་བཞིན་དུ་འགོད་པར་བྱ། །རིན་ཆེན་ཐོད་པའི་དབུ་རྒྱན་དག་།གནས་སྐབས་དག་ཏུ་འཚམ་པར་བྱ། །སྐུ་གསུང་ཐུགས་ཀྱང་དེ་བཞིན་ཏེ། །ཡན་ལག་དཀྱིལ་འཁོར་ཉིད་དུ་
256a
༄#། །བཤད། །གང་ཕྱིར་ནམ་མཁའི་ཡེ་ཤེས་ཉིད། །སྤྲོས་མེད་དམ་པ་ཉིད་དུ་འདོད། །བདེ་བའི་ཐིག་ལེས་ཀུན་ཁྱབ་ལ། །ཆོས་ཉིད་སྙིང་རྗེ་ཀུན་ཏུ་སྣང ། །ཐིག་ལེ་རང་སྙིང་ས་བོན་རྒྱུ། །ཟག་པ་མེད་པའི་སྙིང་པོ་ཡིན། །མ་ལུས་འདུས་པའི་སྙིང་པོ་ཅན། །ཐིག་ལེ་གོང་འོག་ཀུན་དང་འབྲེལ། ། གནས་པ་ཁོང་སྟོང་ཚུལ་དག་གིས། །མ་ལུས་ཀུན་ལ་ཁྱབ་པ་ཡིན། །ཛྷཾ་སྒོ་གཡོ་བའི་ས་སྒོ་ཅན། །བསྐྱོད་དང་ལས་ཀྱིས་ཁྱབ་བྱེད་པ། །ལུས་ཁྱབ་གནས་དང་ལས་དག་ནི། །ཁྱད་པར་སོ་སོར་སྣང་བ་ཡིན། །དེ་སྟེང་ཏི་ལ་ཀའི་རང་བཞིན། །འབར་མ་བརྒྱད་དང་ལྡན་པ་ཉིད། །ཞུ་དང་འབར་བའི་ལས་བྱེད་པ། །དྲག་མོ་ཞེས་ཀྱང་འདོད་པ་ཡིན། །ཐིག་ལེ་སྒོ་ནས་འཛག་པའི་བཅུད། །གཤེར་དང་འཛག་པའི་བཾ་སྙིང་ཅན། །སྡང་དང་འབེབས་པའི་རང་བཞིན་ཅན། །ལུས་ཅན་གནས་པ་གསལ་བར་བྱ། །གང་ལ་གང་བརྟེན་དེ་ཡི་རྟེན། །ཐིག་ལེ་རྩར་བཅས་བདེ་བའི་རྟེན། །དེ་ཉིད་བསྐྱེད་དང་གནས་གྱུར་པ། །བརྟེན་པས་ས་ཡིད་དཀྱིལ་འཁོར་ཉིད། །འཁོར་ལོ་གཞལ་ལས་རང་བཞིན་ཏེ། །རིམ་པ་གོང་འོག་འབྲེལ་པ་ཅན། །ལུས་ལ་གནས་པས་དུར་ཁྲོད་དེ། །ཁ་དོག་རྩ་
256b
དང་བཅུད་བསྡུས་པའི། །རྒྱན་དང་གདན་དུ་ལྡན་པ་ཡིན། །གང་ལ་བརྟེན་པའི་ཐིག་ལེ་ཉིད། །གཉིས་མེད་བདེ་བ་ཆེན་པོའི་ལྷ། །ས་བོན་ཡི་གེ་བདེ་བ་ཡིས།། སྐུ་གསུང་ཐུགས་དང་ལྡན་པ་ཉིད། །གཅིག་ཀྱང་ཁམས་ལྔའི་བདེ་བའི་ངོས། །མ་ལུས་ཁྱབ་པའི་ཚུལ་གྱིས་གནས། །ལུས་ལ་ཐིག་ལེ་ཆེན་པོ་གནས། ། གནས་དང་བཅུད་དང་བདེ་བ་ཉིད། །ཐབས་ཆེན་ཐབས་ལས་བྱུང་བ་ཡི། །ནམ་མཁའི་ཡེ་ཤེས་དཔག་ཏུ་མེད། །འཇུག་པ་བཞི་དང་རིམ་པ་བརྒྱད། །ཐིག་ལེ་གཅིག་གིས་ཁྱད་པར་འཕགས། །ཉོན་མོངས་ཟད་པས་ཟད་བྱེད་དེ། །དྭངས་མའི་ཡེ་ཤེས་ལྔ་འབར་ཉིད། །ཡུལ་དང་བཅས་པའི་རང་བཞིན་ལས། །འབར་བའི་དཀྱིལ་འཁོར་གསལ་བར་སྣང ། །གནས་ཀྱི་ཐིག་ལེ་བདེ་བ་ཅན། །དུར་ཁྲོད་མ་བརྒྱད་གསང་བ་སྟེ། །གཉིས་མེད་ཕྲ་མེན་ཉིད་དུ་བཤད། །ཐིག་ལེ་ཐབས་དང་བཅས་པ་ཉིད། །དཀྱིལ་འཁོར་འཇུག་པའི་སྒོ་དང་འབྲེལ། །སྙིང་པོ་ཐིག་ལེ་ཉིད་དུ་སྦྱོར། །གང་དང་ལྷན་ཅིག་སྐྱེས་པ་ལས། །བདེ་བ་ཆེན་པོ་སྐྱེ་བ་མེད། །མ་ལུས་བདེ་བ་ཆེན་པོ་ཉིད། །ཁྱབ་པ་རྒྱ་ཡོངས་མ་ཆད་པའོ། །མ་ལུས་འདུས་པའི་བདེ་བའི་རོ། །ས་ཡང་བཅུ་གསུམ་འདུས་པའི་མཁའ། །རང་བྱུང་
257a
༄#། །ཁྱབ་པ་ཆེན་པོའི་གཟུགས། །ཀུན་འདུས་ཐིག་ལེ་ཆེན་པོར་གསལ། །རྣམ་ཐར་གསུམ་ལྡན་ཨེ་ཡི་གཟུགས། །བདེ་བ་བསྐྱོད་དང་ཐིག་ལེ་བསྐུལ། །འཕྲོ་དང་སྡུད་དང་བསྡམས་པའི་རླུང ། །རྡོ་རྗེ་པདྨ་འདུས་པའི་ས། །རྟེན་དང་བྲལ་བ་བདེ་བའི་ས། །ཤུ་ཀྲའི་ཐིག་ལེ་གང་གཤེར་བ། །གསང་བ་ཆུ་ཡི་རང་བཞིན་ཡིན། །དེ་དག་ཕྱག་རྒྱས་གང་སྦྱར་བས། །བདེ་བའི་དྲོད་ནི་རང་འབར་སྐྱེ། །བྲུཾ་ལས་གསང་བའི་གཞལ་ཡས་ཁང ། །སངས་རྒྱས་རིན་ཆེན་ཟ་མ་རྟོག་།སྣ་ཚོགས་འདུས་པའི་སྙིང་པོ་ཅན། །ཁྱད་པར་འཕགས་པའི་འོག་མིན་ཏེ། །ཡོན་ཏན་རྫོགས་པའི་དངོས་གཞི་ཅན། །དགའ་བཞི་འཇུག་པའི་སྒོ་དང་ལྡན། །འབབ་འཛེག་ཐིག་ལེའི་སྐས་དང་ལྡན། །བདེ་བ་ཉི་ཟླ་རྒྱལ་ལ་བཞུགས། །ཐིག་ལེ་འདྲེས་པ་བདེ་བའི་རོ། །ཉི་ཟླ་འབྲེལ་བ་བདེ་བའི་ལྷ། །མཐུང་དང་རྡུབས་པའི་ཐབས་ཆེན་གྱིས། །འཁོར་བའི་ས་བོན་ཟད་ཅེས་པས། །ཟ་བྱེད་ཁྲོ་བོར་དེ་བཤད་པའོ། །དཔག་མེད་ཐིག་ལེའི་རང་བཞིན་གང ། །ས་ཡ་བཅུ་གསུམ་ཕོ་བྲང་ན། །བདེ་བ་ཆེན་པོ་ཡེ་ཤེས་གཟུགས། །སྐུ་གསུང་ཐུགས་དང་ལྷན་ཅིག་བཞུགས། །འདུ་ཤེས་གསུམ་ལྡན་བྱིན་བརླབས་ཏེ། །གསང་བའི་ཡེ་ཤེས་ལྔ་ལྡན་པས། །དབང་ཐོབ་རྣམས་ལ་རྒྱས་
257b
བཏབ་བོ། །གསང་བ་ཐིག་ལེ་ཆེན་པོ་ནི། །རང་བྱུང་བདེ་བ་ཆེན་པོ་ཉིད། །རྣམ་རྟོག་རྒྱུ་བ་ཆད་པ་ཡི། །རྡོ་རྗེ་པདྨའི་བར་ན་གནས། །འོག་སྒོ་སྙིང་པོ་པདྨ་ནི། །རྒྱལ་བ་ཀུན་གྱི་དཀྱིལ་འཁོར་ཏེ། །གསང་བ་སྐུ་གསུང་ཐུགས་ཉིད་དུ། །ཐབས་དང་ཤེས་རབ་གཉིས་མེད་གནས། །མ་ལུས་འདུས་པའི་ཐིག་ལེ་ཉིད། །གཉིས་མེད་བཅུད་དུ་གྱུར་པ་ནི། ། དེ་ཡི་བདེ་བ་ཆེན་པོ་ཉིད། །ཁྱབ་པའི་ཚུལ་གྱིས་གང་བར་བཞུགས། །ཡེ་ཤེས་རྒྱ་མཚོ་ལྷན་ཅིག་སྐྱེས། །གསང་བའི་ཐིག་ལེ་བདེ་བའི་རོ། །ཉི་ཟླ་འདྲེས་པའི་ཚུལ་གྱིས་སྣང ། །གསང་བའི་དཀྱིལ་འཁོར་ཆེན་པོར་བཤད། །དེ་ནས་རྒྱལ་བ་ཐམས་ཅད་ཀུན། །གདུལ་བྱ་བསམ་པའི་ཁྱད་པར་གྱིས། །ནམ་མཁའི་དབྱིངས་ཀྱི་མཐས་གཏུགས་པར། །རྡོ་རྗེ་ཁྲོ་བོར་སྣང་གྱུར་ཏེ། །བསྐྱེད་ཅིང་གདུག་པ་འདུལ་བ་ཡི། །དྲག་པོ་ལྷ་ཡི་སྔགས་དག་དང ། །དེ་ཡི་གཞལ་ཡས་སྣང་བར་མཛད། །བྲུཾ་བི་ཤཝ་བི་ཤུདྡྷེ། ཛྙཱ་ན་ཀཱ་པ་ལ་རཏྣ་པཉྩ་ཧཱུཾ།་མཧཱ་དེ་བ་སྠི་ར་བཾ། སཱུརྱ་ཙནྡྲ་མཎྜ་ལ་ཧཱུཾ། དེ་སྟེང་སོ་སོའི་སྐུ་ཉིད་དག་།གསལ་བའི་རིམ་པ་དགོད་པར་བྱ། །ོཾ་བུདྡྷ་མཧཱ་ཤྲཱི་ཧེ་རུ་ཀ་མཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་མཧཱ་ཤྲཱི་ཧེ་རུ་ཀ་མཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧཱ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཏྣ་མཧཱ་ཤྲཱི་ཧེ་རུ་ཀ་མཧཱ་ཙཎྜ་སརྦ་དུཥྚན་
258a
༄#། །ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པདྨ་མཧཱ་ཤྲཱི་ཧེ་རུ་ཀ་མཧཱ་ཙཎྜ་སརྦ་དུཥྚན་ཏ་ཀཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀརྨ་མཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚན་ཏ་ཀ་ཧ་ན་ད་ཧ་བ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཀྲོ་དྷི་ཤཝ་རི་སརྦ་དུཥྚན་ཧཱུཾ་ཕཊ། ཨོཾ་མཧཱ་བཛྲ་དྷ་ར་ཀྲོ་དྷི་ཤཝ་རི་ཛ་ལ་ནི་ཧཱུཾ་ཕཊ ། ོཾ་མཧཱ་སཱུརྱ་རཏྣ་མཧཱ་ཀྲོ་དྷི་ཤཝ་རི་བི་ད་མ་ཧཱུཾ་ཕཊ། ཨོཾ་ཤྲཱི་ཤ་ཏ་ས་མེན་པདྨ་མཧཱ་ཀྲོ་དྷི་ཤཝ་རི་ཁ་ཧི་ཧཱུཾ་ཕཊ། ཨོཾ་སརྦ་ཨ་མོ་གྷ་མཧཱ་ཀྲོ་དྷི་ཤཝ་རི་བི་ཤཝ་ཧཱུཾ་ཕཊ། ཨོཾ་བཛྲ་གཽ་རི་ཧ། བཛྲ་ཙཽ་རི་ཧ། བཛྲ་པྲ་མོ་ཧཱ་ཧ། བཛྲ་བེ་ཏ་ལི་ཧ། བཛྲ་པུཀྐ་སི་ཧ། བཛྲ་གྷསྨ་རི་ཧ། བཛྲ་སྨེ་ཤ་ནི་ཧ། བཛྲ་ཙཎྜ་ལི་ཧ། བཛྲ་སི་ཧ་མུ་ཁཱི་ཧེ། བཛྲ་བྱ་གྷྲ་མུ་ཁཱི་ཧེ། བཛྲ་སྲིངྒཱ་ལ་མུ་ཁཱི་ཧེ། བཛྲ་ཤོ་ན་མུ་ཁཱི་ཧེ། བཛྲ་གྲྀ་ཌྷ་མུ་ཁཱི་ཧེ། བཛྲ་ཀཾ་ཀ་མུ་ཁཱི་ཧེ། བཛྲ་ཀཱ་ཀ་མུ་ཁཱི་ཧེ། བཛྲ་ཨུ་ལུ་ཀ་མུ་ཁཱི་ཧེ། བཛྲ་ཨཱརྱཱ་ཏ་ཛ་ཏེང་ཛ། བཛྲ་ཨ་མོ་ཁཱ་ཧཱུཾ། བཛྲ་ལོ་ཀ་བཾ། བཛྲ་བྷ་སྨི་ས་མ་ཡ་བ་ཏོ་ཧོཿ ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བཛྲ་མ་ནུ་རཀྵ་སི། བཛྲ་ཧྨ་ཎི། བཛྲ་རཽ་ཏྲི། བཛྲ་བཻ་ཥྞ་བེ། བཛྲ་ཀཽ་མཱ་རཱི། བཛྲ་ཨིནྡྲ་ཡ། བཛྲ་སཱུ་ར་ཡེ། བཛྲ་པིངྒི་ལེ། བཛྲ་སཽ་མེ། བཛྲ་ཨ་མྲྀ་ཏཱ། བཛྲ་དཎྜ་ནཱི། བཛྲ་རཱཀྵ་སི། བཛྲ་བཀྵ་སི། བཛྲ་ར་ཏི་ཧཾ། བཛྲ་རུ་དྷི་རོ་མ་ཏྱཾ། བཛྲ་
258b
ེ་ཀ་ཛ་རཾ། བཛྲ་ན་མོ་ཧ་རཾ། བཛྲ་སིདྡྷ་ཀཾ་།བཛྲ་བཱ་ཡ་བེ། བཛྲ་མ་ཧཱ་མཱ་ར་ཎི། བཛྲ་ཨགྨ་ཡེ། བཛྲ་བཱ་རཱ་ཧི། བཛྲ་ཙ་མུཎྜཱི། བཛྲ་པཱུ་ཏ་ནཱ། བཛྲ་བཱ་རུ་ཎི། བཛྲ་མཧཱ་ཀ་ལ། བཛྲ་ཙ་ཀ་ལཱ། བཛྲ་ཀུམྦྷ་ཀརྞཱ། བཛྲ་ལམྦོ་དྷ་ར། རུ་ལུ་རུ་ལུ་ཧཱུཾ། ཨེ་ཧྱེ་ཧི་ཨཱ་ན་ཡ། ཛ་ཧཱུཾ་བཾ་ཧོཿ རཾ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུཾ། ཨོཾ་ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧོཿ ། །ི་ལི་ཨུ་ལི་ཏཱ་ལི་ཏ་པཱ་ལི། དཾཥྚཱ་གྷོ་ན་རཽ་ཏྲི། ཁ་རཾ་ཡོ་གི་ནི་ཁཱ་ཧི་ཧོཿ ། །ཧཱུཾ་ཧ་ཧེ་ཕཊ་བྷྱོ་རཾ། གསང་སྔགས་དྲག་པོ་མཐུ་ཡིས་ནི། །ཕྱོགས་བཅུ་ཚིག་ཅིང་རབ་ཏུ་ཚིག་།ཀུན་ཏུ་རབ་ཏུ་ཚིག་པར་འགྱུར། །འབར་བ་རབ་འབྱམས་ཀུན་ཏུ་འབར། །འབར་བའི་དཀྱིལ་འཁོར་ཁྲོ་ཚོགས་ཀྱིས། །གང་ཞིག་རབ་གང་ཀུན་ཏུ་གང་།། འཁྲུགས་དང་རབ་འཁྲུགས་ཀུན་ཏུ་འཁྲུགས། །འཐོར་ཞིང་རབ་འཐོར་ཀུན་ཏུ་འཐོར། །འགུལ་ཞིང་ལྡེག་པ་དེ་བཞིན་ཏེ། །ཕྱོགས་བཅུ་དུས་བཞི་གང་ལ་ཡི། །སྒྲ་བོ་ཆེ་ཡང་སྒྲོག་པར་བྱེད། །ཕྱོགས་བཅུའི་གདུག་པ་མ་ལུས་པ། །ཐུལ་ཞིང་བརྒྱལ་ནས་མྱོས་གྱུར་ཏེ། །དེ་དག་བདེ་བས་བསླངས་བྱས་ཏེ། །བདེ་བ་ཆེན་པོ་དགྱེས་པའི་
259a
༄#། །གར། །ཕྱོགས་བཅུ་ནམ་མཁའི་མཐའ་ཐུག་པར། །རྣམ་པར་འཕྲུལ་པའི་གཟུགས་ཀྱིས་བྱེད། །རྡོ་རྗེ་གསང་བའི་རང་བཞིན་ལས།། ཐིག་ལེ་ཆེན་པོའི་དཀྱིལ་འཁོར་བསྒྱུར། །གདོད་ནས་ཐིག་ལེའི་རང་བཞིན་ཉིད། །མ་བཅོས་ཐིག་ལེར་གནས་པ་ཉིད། །མ་ལུས་ཐིག་ལེར་རྒྱས་བཏབ་པ། །ནམ་མཁའི་གཟུགས་ཅན་དེ་བཞིན་ཉིད། །མ་ལུས་བདེ་བའི་ཐིག་ལེ་ཉིད། །ཁྱབ་པ་ཆེན་པོའི་རང་བཞིན་ཏེ། །མཐའ་དབུས་བྲལ་བ་བདེ་བ་ཆེ། །སྙིང་རྗེ་ཆེན་པོར་བརྗོད་པ་ཡིན། །ཀུན་གྱི་རྒྱུ་ནི་ཐིག་ལེ་སྟེ། །མ་ལུས་ས་བོན་རྩ་བ་ཉིད། །མི་ཤིགས་སྙིང་གའི་ཕོ་བྲང་ཉིད། །ཡེ་ཤེས་རྫོགས་པའི་གཞལ་ཡས་ཁང ། །ནམ་མཁའ་ལྟ་བུའི་མཚན་ཉིད་དེ། །རྒྱལ་བ་ཀུན་གྱི་བཞུགས་གནས་སོ། །ཉོན་མོངས་གདུག་པའི་གདན་ཁྲི་ཉིད། །གདུལ་བྱ་ཐུབ་པ་ཉིད་དུ་བསྟན། །ཕུང་པོ་ཉོན་མོངས་ལྔ་དག་པ། །རྒྱལ་པོ་ལྔ་ཡི་རང་བཞིན་ཏེ། །རང་སྙིང་དྭངས་མར་བཅས་པ་ཉིད། །དབང་ཕྱུག་ལྔ་རུ་བརྗོད་པ་ཉིད། །རྣམ་ཤེས་ཡུལ་དུ་བཅས་པ་ཉིད། །རྟེན་དང་བརྟེན་པར་བཅས་པ་ཡི། །བདེ་བ་ཕྲ་མེན་བཅུ་དྲུག་ཉིད། །ཕྱི་ལྟ་ནང་ལྟ་དཀྱིལ་འཁོར་ཉིད། །དགུག་དང་འཛིན་དང་ཐིག་ལེས་བསྡམས། །ཐིག་ལེའི་རང་བཞིན་གཉིས་
259b
སུ་མེད། །དབུ་མའི་ཐིག་ལེ་བཅས་པའི་ལམ། །དབང་ཕྱུག་ནམ་མཁའི་དབང་མོ་ཚོགས། །དབབ་པ་ཉེ་བའི་ཚུལ་བཟུང་ནས། །ཐིག་ལེ་དབབ་པའི་ཐབས་བཞི་ཡིས། །ཕབ་པས་རང་རྒྱུད་དངོས་པོ་སྲེག་།དྲན་འབྱུང་རིག་པའི་འཕྲོ་འདུ་ཚོགས། །བདེ་བ་ཆེན་པོའི་དོན་ལ་འཇུག་།གཉིས་མེད་ཐིམ་པས་དཀྱིལ་འཁོར་འབར། །སྐུ་གསུང་ཐུགས་སུ་ཀུན་གསལ་བས། །གཉིས་མེད་ཐིམ་པས་མྙྶེ་པར་མཛད། །རང་བཞིན་བདེ་བའི་དཀྱིལ་འཁོར་ཀུན། །རིག་པ་ཉམས་མྱོང་དབྱིངས་ལ་ཐིམ། །དྲན་རྟོག་འབྱུང་བ་ཉོན་མོངས་ཀུན། །ཚིག་པ་གསུམ་དུ་ཤེས་པར་བྱ། །ཡེ་ཤེས་བདེ་བ་ཆེན་པོ་ཉིད། །འབར་བ་གསུམ་དུ་ཤེས་པར་བྱ། །བྱང་ཆུབ་སེམས་ཀྱི་བདེ་བ་ཡིས། །མ་ལུས་གང་ཞིག་ཁྱབ་པར་གྱུར། །ཐིག་ལེ་གོང་འོག་སྟེང་འོག་ཉིད། །ཐིག་ལེ་གོང་མ་ཉིད་འོག་ཏུ། །འོག་མ་ཉིད་ནི་སྟེང་དུ་འབར། །གཅིག་གཉིས་ལུས་ཀུན་ཁྱབ་པར་འཐོར། །ལུས་དང་རྩར་བཅས་འགུལ་བ་དང ། །ལྡེག་ཅིང་འབར་བའི་བདེ་བས་གང ། །བདེ་བསད་དབང་བསྒྱུར་ཚིམ་པའི་སྒྲ། །མ་ལུས་ཁྱབ་པར་སྒྲོག་པར་བྱེད། །སྐུ་གསུང་ཐུགས་ཀྱི་བྷ་ག་ཉིད། །བདེ་བ་ཆེན་པོའི་ནམ་མཁའི་དབྱིངས། །འབྱུང་བཞི་རྡོ་རྗེ་པདྨ་ཉིད། །རེག་པ་འདུས་པའི་བདེ་བ་ཉིད། །རེ་དོགས་རྒྱུ་བ་ཆད་པ་
260a
༄#། །ཉིད། །དེ་བཞིན་ཉིད་དུ་བལྟ་བར་བྱ། །ཐིག་ལེ་འདྲེས་པའི་བདེ་བ་ཡིས། །ས་ཡང་བཅུ་གསུམ་ཁྱབ་པའི་ཡིད། །མ་ལུས་མཁའ་ལྟར་དྲི་མེད་པའི། །རང་བྱུང་ཕྱོགས་མེད་ཀུན་ཏུ་སྣང ། །ཐབས་དང་ཤེས་རབ་བདེ་བ་ཡིས། །འབྱུང་བཞི་རིམ་པའི་དྭངས་མ་སྟེ། །ས་བོན་བདེ་བའི་རྒྱུ་ཞེས་གྲགས། བྷ་ག་པདྨའི་སྙིང་པོ་ཉིད། །སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་གྱི། །བཞུགས་གནས་བདེ་བ་ཆེན་པོའི་རྟེན། །སངས་རྒྱས་རིན་པོ་ཆེ་ཡི་སྣོད། །ཕུང་པོ་ལྔ་དང་ཉོན་མོངས་ལྔ། །ཡེ་ཤེས་ལྔ་ཡིས་ཟིལ་གྱིས་མནན། །ཉི་ཟླ་པདྨའི་གདན་ལ་བཞུགས། །སངས་རྒྱས་ཀུན་གྱི་སྙིང་པོ་ནི། །བདེ་བ་ཆེན་པོའི་རང་བཞིན་ཉིད། །ཐིག་ལེ་ཕྲད་པའི་དུས་ཉིད་ན། །ཡེ་ཤེས་ལྔ་ཡི་རོ་དང་ལྡན། །གདུལ་བྱ་འཇོམས་པའི་ཁྲོ་བོ་ལྔ། །འབྱུང་ལྔ་དབང་ཕྱུག་རྣམ་པར་བསྟན། །མྱོང་དང་ཡུལ་བཅས་རྣམ་ཤེས་ཡུལ། །ཕྲ་མེན་ཉིད་དུ་ཤེས་པར་བྱ། །ཕྱག་རྒྱར་བཅས་པའི་སྦྱོར་བ་བཞི། །སྒོར་བཅས་ཉིད་དུ་ཤེས་པར་བྱ། །སྒལ་ཚིགས་འཇུག་པའི་ཐིག་ལེ་ཉིད། །དབང་ཕྱུག་བདེ་བར་ཤེས་པར་བྱ། །གཉིས་ཀ་ཕྱོགས་པའི་རང་བཞིན་ཉིད། །བདེ་བ་ཆེན་པོ་སྤྱན་དྲངས་པས། །རྟོག་པ་བདེ་བའི་དཀྱིལ་འཁོར་འཇུག་།རིམ་པ་གཉིས་
260b
མེད་བརྡ་འཇལ་མཆོག་།སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཉིད། །གཉིས་སུ་མེད་པར་ཐིམ་པར་མཛད། །རྣལ་འབྱོར་དབང་ཕྱུག་ཕོ་མོ་ཀུན། །བདེ་བ་ཆེན་པོ་མཉེས་པར་གྱུར། ། སངས་རྒྱས་གང་ཚེ་སྙིང་པོ་ལ། །མ་ལུས་བདེ་བའི་རང་བཞིན་ལྡན། །ཐིག་ལེ་གཉིས་མེད་བདེ་བའི་རོ། །ཡེ་ཤེས་ལྔ་ལྡན་ཟག་པ་མེད། །ཕྱི་ནང་གང་བའི་དཀྱིལ་འཁོར་ཉིད། ། མ་ལུས་འདུས་པའི་རང་བཞིན་ཏེ། །ཉི་ཟླ་འདྲེས་པའི་གར་ཐབས་ལས། །ལྷན་ཅིག་སྐྱེས་པ་གསལ་བར་འགྱུར། །ས་ཡ་བཅུ་གསུམ་གཉིས་འདུས་པའི། །ཐིག་ལེ་རྡོ་རྗེའི་རང་བཞིན་ཉིད། །གཉིས་མེད་འཁྲིལ་བ་ཞེས་བྱ་སྟེ། །རང་རིག་བདེ་བ་ཆེན་པོར་ཐིམ། །སངས་རྒྱས་རིན་ཆེན་དེ་ཡི་དབྱིག་།ཁ་སྦྱོར་སྙིང་པོ་ཟ་མ་ཏོག་།སྐུ་གསུང་ཐུགས་ཀྱི་ཕོ་བྲང་ལས། །མ་ལུས་ཐིག་ལེ་གནས་པར་མཛད། །སྐུ་གསུང་ཐུགས་ཀྱི་ཕོ་བྲང་ནི། །བདེ་བ་ཆེན་པོའི་གནས་ཉིད་དེ། །རྡོ་རྗེ་སྙིང་པོ་རྩ་དང་འབྲེལ། །གཉིས་མེད་བདེ་བའི་ཐིག་ལེར་གནས། །གསང་བའི་ཐིག་ལེ་ཆེན་པོ་ནི། །མ་ལུས་འདུས་པའི་བཅུད་ཡིད་དེ། །གསང་བ་ཡོན་ཏན་རྫོགས་པའི་མཛོད། །སྙིང་པོའི་ལམ་ལ་གནས་པར་བྱ། །རྡོ་རྗེ་ཉི་མའི་སྙིང་པོ་ལ། །རྡོ་རྗེ་ཟླ་བའི་འོད་ཀྱིས་བརྒྱན། །གཉིས་མེད་ཐིག་ལེས་གང་བ་ཡི། །བདེ་བ་ཆེན་པོའི་རང་བཞིན་འཆར། །བརྟེན་ནས་འབྱུང་བའི་རྟེན་
261a
༄#། །ཅན་ཉིད། །གང་ལ་གང་གིས་མཉམ་སྦྱོར་བས། །ཐབས་ཆེན་ཐབས་ལས་བྱུང་བ་ཡི། །བདེ་བ་ཆེན་པོ་འབར་བར་འགྱུར། །དེ་ནས་རྡོ་རྗེ་ཁྲག་འཐུང་ཉིད། །རང་རང་ཐུགས་ཀྱི་དཀྱིལ་འཁོར་ཉིད། །གདུལ་བྱའི་ངོ་ལ་དགོངས་མཛད་དེ། །ཐུགས་ཀྱི་དཀྱིལ་འཁོར་སྣང་བར་མཛད། །རྡོ་རྗེ་རྡོ་རྗེ་དྲིལ་བུ་དང ། །འཇིག་རྟེན་འཁོར་ཡུག་བཅས་པ་འདེགས། །དེ་བཞིན་འཁོར་ཡུག་བཅས་པ་འདེགས། །དེ་བཞིན་འཁོར་ལོ་དགྲ་སྟ་དང ། །ཁ་ཊྭཱཾ་རབ་ཏུ་འཁྲོལ་བ་འོ། །ནོར་བུ་རིན་ཆེན་རྒྱུ་ཞགས་དང ། །རྡོ་རྗེ་དགྲ་སྟ་རབ་ཏུ་རྡེབ། །ཆགས་མཆོག་པདྨ་ཆེན་པོ་དང ། །དྲིལ་བུ་རྔ་ཡི་སྒྲ་སྒྲོག་པའོ། །ལས་ནི་རལ་གྲི་གཤོལ་ཆེན་དང ། །འཇིག་རྟེན་རྒྱང་མར་འཕེན་པ་སྟེ། །བར་མ་རྡོ་རྗེ་དུང་མར་འཁྲུག་།སྟི་ར་ཆེན་པོ་རབ་རྡེབ་པའོ། །བཙུན་མོ་ཁྲག་འཐུང་ཆེན་མོ་ཡང ། །འཁྲིལ་བས་པདྨ་རཀྟ་སྟོབ། །གནས་དང་ཡུལ་གྱི་ཕྱག་རྒྱ་ནི། །བྱིས་དབྱུག་མདའ་གཞུ་རྒྱལ་མཚན་དང ། །བྱིས་སྙིང་རྡོ་རྗེ་ཟ་རྡེག་ཚུལ། །བྱིས་སྙིང་དུང་དམར་བྱིས་རྒྱུ་དང ། །མགོ་ལུས་འབྲེལ་བའི་ཚུལ་དུ་གནས། །སྟེང་འོག་ཕྱི་ནང་བསྣོལ་བ་དང ། །བྱིས་ལྡག་ཁོག་པ་དྲལ་ཞིང་ལྟ། །རྒྱུ་མགོ་ཞིང་ཁུར་རྒྱུ་གྲི་དང ། །རྡོ་རྗེ་ལྕགས་ཀྱུ་འཛིན་པ་འོ། །
261b
ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དང ། །དྲིལ་བུ་འཁྲོལ་བས་སློང་བར་བྱེད། །སླས་དང་བྱི་མོ་བྲན་མོའི་ཚོགས། །བཅུ་གཉིས་དང་ནི་བརྒྱད་ཀྱིས་མཛེས། །རང་གི་སྟན་དང་ལག་ཆ་དང ། །ཅི་བགྱི་ཞེས་ནི་ཆས་ཏེ་གནས། །ཀུན་ཀྱང་མཛེས་པའི་རྒྱན་དང་བཅས། །ཞལ་འཛུམ་སྟེག་མིག་འཁྲིལ་ཚུལ་ཅན། །དབུ་སྐྲ་རལ་པ་ལྕང་ལོ་བཅིངས།། ཤ་ད་བ་ཡི་གླུ་ལེན་ཅིང ། །དམར་ལ་རྡུལ་ལྡེམ་ཆགས་པའི་ཚུལ། །སྣམ་ཞེང་ཆེ་ལ་རྐེད་པ་ཕྲ། །ནུ་འབུར་སྟོད་སྨད་བྱེ་ཞིང་འགྱིང ། །དམར་ལ་ཀླན་ཞིང་འདུད་ཚུལ་ཅན།། གུས་དང་སྟེག་པའི་ངང་ཚུལ་འཆང ། །སོ་སོའི་གདན་ལ་འཁོད་པ་ནི། །སྲིན་མོ་སྨུག་ནག་ཐོད་རློན་འཆང ། །ཚངས་མ་དམར་སེར་པདྨ་བསྣམས། །ལྷ་ཆེན་དཀར་ལྗང་ཏྲི་ཤཱུ་ལ། །གཏོགས་འདོད་སྔོན་མོ་འཁོར་ལོ་འཆང ། །གཞོན་ནུ་དམར་མོ་མདུང་ཐུང་འཕེལ། །བརྒྱ་བྱིན་དཀར་མོ་ཨིནྡྲ་གདེངས། །རྡོ་རྗེ་སེར་མོ་ཙནྡན་འཐུང ། །བདུད་རྩི་དམར་མོ་པདྨ་བསྣམས། །ཟླ་བ་དཀར་མོ་པུཎྜ་རཱི། །བེ་ཅོན་ལྗང་ནག་དབྱུག་ཐོ་འཕྱར། །སྲིན་མོ་དམར་མོ་དུང་ཁྲག་འཐུང ། །ཟ་བ་ལྗང་ནག་བ་སུ་འདྲེན། །དགའ་བ་དམར་མོ་ཀ་ཏར་འཆང ། །སྟོབས་ཆེན་དཀར་མོ་གཤོལ་འཛིན་མ། །རྡོ་རྗེ་སེར་མོ་སྤུ་གྲི་གཅོད། །འདོད་པ་དམར་མོ་མདའ་གཞུ་འགེངས། །ནོར་སྲུང་དཀར་མོ་བུམ་པ་འཛིན། །
262a
༄#། །རླུང་ལྷ་སྔོན་མོ་བ་དན་འཕྱར། །གསོད་བྱེད་དཀར་མོ་རལ་གྲི་སོ། །མེ་མོ་དམར་མོ་གསལ་ཤིང་འཆང ། །ཕག་མོ་ནག་མོ་ཆེ་ཞགས་ཅན། །རྒན་བྱད་དམར་མོ་ཞིང་ཆུང་ཟ། །སྣ་ཚོགས་དཀར་མོ་ཐོད་ཁྲག་འཐུང ། །ཆུ་ལྷ་དམར་སེར་སྦྲུལ་ཞགས་འཛིན། །རྡོ་རྗེ་ནག་མོ་ལྕགས་ཀྱུ་འཛིན། །རྡོ་རྗེ་སེར་མོ་ར་མགོ་ཞགས། །རྡོ་རྗེ་དམར་མོ་ལྕགས་སྒྲོག་སྔོམ། །རྡོ་རྗེ་ལྗང་ནག་དྲིལ་འཁྲོལ་འགྱིང ། །སོ་སོ་བརྗིད་པའི་སྟབས་ལྡན་པའོ། །དེ་ནས་གཞན་ཡང་བཤད་བྱ་སྟེ། །རྣམ་པར་སྤྲོ་བའི་རྒྱས་པའི་ཕྱིར། །སྐུ་དང་གསུང་དང་ཐུགས་ཉིད་དང ། །ཡོན་ཏན་འཕྲིན་ལས་ཁྲོ་བོའི་ཕྱིར། །ལྔ་བཅུ་བརྒྱད་ལྡན་བྱེ་བྲག་ལྔ། །སྔགས་དང་ཕྱག་རྒྱ་ཏིང་འཛིན་དང ། །སྐུ་མདོག་བཞུགས་ཚུལ་རིམ་པ་དག་།རིགས་རྣམས་ཇི་ལྟར་འགྱུར་བ་བརྟག། དེ་ལྟར་བསམ་དང་དྲེས་པ་དང ། །བརྗོད་དང་མོས་པའི་སྦྱོར་བ་ཡིས། །ཇི་ལྟར་འཚམ་པར་བསྒོམ་པར་བྱ། །དེ་ནས་བཅོམ་ལྡན་འདས་དགྱེས་ཆེན་པོས། །རྔམ་པའི་ཞལ་གདམས་སྤྱན་ཟློག་ཅིང ། །མཆེ་གཙིགས་ཕྱོགས་བཅུར་གོམ་པ་ཡིས། །འཇིགས་པའི་སྟང་སྟབས་གར་མཛད་ས། །འཇིགས་བྱེད་བཅུ་ནི་རྣམ་པར་འཕྲུལ། །ོཾ་ཨོཾ་ཨོཾ་ཨོཾ་ཨོཾ་ཨོཾ་ཨོཾ་ཨོཾ་ཨོཾ་ཨོཾ། བ་བ་བ་བ་བ་བ་
262b
བ་བ་བ་བ། ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ་ཛྲ། ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ་ཀྲོ། དྷ་དྷ་དྷ་དྷ་དྷ་དྷ་དྷ་དྷ་དྷ་དྷ། ཧཱུཾ་ཀཱ་ར་བི་ཛ་ཡ། ནཱི་ལ་དཎྜ། ཡ་མཱནྟ་ཀ་།ཱརྱ་ཨ་ཙ་ལ། ཧ་ཡ་གྲཱི་བ། ཨ་བ་རཱི་ཛི་ཏ། ཨ་མྲྀ་ཏ་ཀུཎྜ་ལི། ཏྲཻ་ལོཀྱ་པི་ཛ་ཡ། མ་ཧཱ་བ་ལ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ། འདི་དག་སྔོན་དུ་ཕྱུང་བ་ཡིས་རི་བོ་ས་གཞི་འགུལ་བྱེད་ཅིང ། །རྒྱ་མཚོ་མ་ལུས་འཁྲུག་པ་དང ། །སྔགས་ཀྱི་སྒྲ་ཆེན་གྲགས་པར་འགྱུར། །ཧཱུཾ་མཛད་རྣམ་རྒྱལ་དབྱུག་སྔོན་ཅན། །གཤེད་པོ་གཞན་འཇོམས་རྟ་མགྲིན་དང ། །མི་གཡོ་བདུད་རྩི་ཁམས་གསུམ་རྒྱལ། །སྟོབས་ཆེན་ཁྲོ་བོ་འདི་དག་གིས། །རང་རང་བགེགས་ཀུན་རྣམ་པར་གཟིར། །མ་ལུས་འཇིགས་ཤིང་འཇོམས་པར་མཛད། །གརྫ་གརྫ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། བནྡྷ་བནྡྷ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། ཚིནྡྷ་ཚིནྡྷ། བིནྡྷ་བིནྡྷ། སྥོ་ཊ་སྥོ་ཊ། ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ། ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ་ཕཊ། ཁྲོ་བོའི་རྒྱལ་པོ་འདི་དག་ཀྱང ། །བློ་དང་ལྡན་པའི་རྣལ་འབྱོར་གྱིས། །བསྐལ་པའི་མེ་རི་ནང་རོལ་དུ། །བྲི་འམ་བསམ་མམ་དམིགས་བྱ་བ། །མཐིང་ག་དཀར་པོ་མཐིང་ནག་དང ། །ལྗང་སྔོན་དམར་ནག་དུད་ཀ་ལྗང ། །དཀར་ལྗང་དུད་དམར་མདོག་ཏུ་སྣང ། །ཁྲོ་མོ་ལུས་དང་གྲི་
263a
༄#། །མར་གནས། །འཁོར་ལོ་ནི་མགོ་རྡོ་རྗེ་སྟིར། །དྲང་སྲོང་འབར་བར་བཅས་པ་དང ། །གཤིན་རྗེའི་རྐང་བཟུང་ཞིང་དབྱུག་འཕྱར། །རལ་གྲི་གདན་བྲེལ་སྟིར་དབྱུག་གཤོག་།བ་དན་བརྒྱད་ཐོགས་བེ་ར་ཉིད། །རིན་ཆེན་ནྲི་མགོ་གསུམ་གྱི་དབྱུག་།རྡོ་རྗེ་རྩེ་གསུམ་ནྲི་མགོ་དང ། །ཐོང་གཤོལ་གཏུན་ཤིང་གཡས་གཡོན་ཐོགས། །ཡང་ན་ཞལ་གསུམ་ཕྱག་དྲུག་སྟེ། །བློ་ལྡན་རྣམ་པར་བསམས་ནས་ནི། །བགེགས་དང་གདུག་པ་རྣམ་པར་འཇིག་།ཕོ་བྲང་འཁོར་དང་རྣམ་པར་བསྒོམ། །དེ་ནས་གཞན་ཡང་བཤད་བྱ་བ། །རང་ལུས་རྟེན་དང་བརྟེན་པ་ཡི། །དཀྱིལ་འཁོར་ཉིད་དུ་གསལ་བར་བརྟག་།ལྟེ་བ་སྙིང་སྟེ་སྐུ་གསུང་ཐུགས། །ཐིག་གིས་ཆ་ཆེན་ཆ་ཆུང་བཅས། །གནས་བཞི་དངས་མ་འབྱུང་བ་སྟེ། །ཁོག་པ་དུར་ཁྲོད་གཞལ་ཡས་ཁང ། །ཀ་བ་གདུང་དང་རྟ་བབས་དང ། །བླ་བྲེ་རྡོ་རྗེ་ར་བ་དང ། ། འཁོར་ལོ་དྲ་བ་དྲ་ཕྱེད་དང ། །ཉི་ཟླ་སྐར་ཁུང་རྫིང་བུ་དང ། །སྐྱེད་ཤིང་གཡས་གཡོན་འཁོར་ལོ་བརྩེགས། །ཅོད་པན་ཉི་ཟླ་པདྨར་བཅས། །རྒྱལ་བ་བཞུགས་པའི་གཞལ་ཡས་ཁང ། །རང་བྱུང་ཙིཏྟའི་འཁོར་ལོ་ན། །ཐིག་ལེ་ཡེ་ཤེས་ལྔ་བདག་ཉིད། །མ་ལུས་ཐིག་ལེ་འདུས་པའི་རོས། །ཆོ་འཕྲུལ་བསྟན་པའི་གདུག་པ་
263b
འདུལ། །སོ་སོར་འཁོར་ལོ་དགོད་པ་ཡི། །ཏིང་འཛིན་རྫོགས་པའི་ཚུལ་དུ་བསྒོམ། །འབྱུང་བཞི་དྭངས་མ་ཡུམ་ཉིད་དེ། །བདེ་བའི་དྭངས་མ་ནམ་མཁའི་ཁམས། །ཐབས་དང་ཤེས་རབ་གཉིས་མེད་པའི། །རང་བཞིན་ཁམས་ལྔའི་རང་བཞིན་བཅུད། །ཟླ་བ་ཉི་མ་གནས་པ་ཡི། །ཤྲཱ་རི་ཙིཏྟའི་ཐིག་ལེ་ལ། །ནང་གི་གདུག་པ་འཇོམས་པ་དང ། ། སྤྱོད་ཡུལ་བདེ་བར་བསྒྱུར་བ་དང ། །ཐིག་ལེ་སོ་སོར་དགོད་པར་ནུས། །ཕྱེ་བས་རིམ་པའི་འཁོར་ལོ་སྟེ། །བསྡུས་པས་ཐིག་ལེ་ཆེན་པོ་ཉིད། །ཐིག་ལེ་ཡེ་ཤེས་ལྔར་ལྡན་པ། །ཐབས་ཉིད་དྭངས་མ་ཡུམ་དུ་བཤད། །རྣམ་ཤེས་ཐིག་ལེ་ཉམས་མྱོང་ཉིད། །ཐ་མལ་འཇོམས་པས་ཁྲོ་མོར་སྣང ། །གནས་ཀྱི་ཐིག་ལེ་རྩར་བཅས་པ། །ཕྲ་མེན་ཉིད་དུ་ཤེས་པར་བྱ། །གནས་བཞི་འཇུག་པའི་སྒོ་ཉིད་དེ། །སྒལ་ཆིགས་ལ་བརྟེན་བདེ་བའི་བཅུད། །འཕྲོ་ཞིང་སྡུད་པ་དབང་ཕྱུག་མ། །གནས་བརྟེན་བཅུ་ཡི་ཐིག་ལེ་ལ། །འཇོམས་པའི་རང་བཞིན་གསལ་བར་བྱེད། །ཉམས་མྱོང་སྐྱེ་དང་རྣམ་པ་མེད། །སྤྱོད་ཡུལ་དག་པས་མང་དུ་བཤད། །ཟླ་བ་ཉི་མ་ལ་བརྟེན་ཏེ། །སྐུ་གསུང་ཐུགས་ཀྱི་ལམ་བརྒྱུད་དེ། །ཐིག་ལེ་གཡོ་དང་འབར་བ་དང ། །རེ་དོགས་མེད་པར་རྣམ་པར་དྲན། །བདེ་བའི་ཡན་ལག་བཞི་རུ་འགྱུར། །འཁྱུད་པ་གར་གྱི་ཕྱག་རྒྱ་
264a
༄#། །བཞིས། །རྡོ་རྗེ་སྙིང་པོའི་པདྨར་འབྲེལ། །བསྐྱོད་པ་རླུང་དང་མཉམ་སྦྱོར་བས། །ཉི་མ་ཟླ་བ་དུས་གཅིག་འཆར། །དེ་ཉིད་ཀུན་ཏུ་ཁྱབ་པ་ལས། །མ་ལུས་ལྷན་ཅིག་སྐྱེས་པར་འགྱུར། །བདེ་བ་ཆེན་པོ་གཉིས་མེད་པ། །ཁ་སྦྱར་སྲུབ་པོའི་ཐབས་ལས་སྐྱེས། །ཐབས་ལས་བྱུང་བའི་གསང་ཐིག་ལེ།། མ་ལུས་འདུས་པའི་བཅུད་ཀྱི་རོ། །རྟེན་ལས་རྟེན་ཅན་ཉམས་མྱོང་བ། །ལྷག་པའི་ཡེ་ཤེས་ཐབས་ལས་སྐྱེས། །ཆོས་དབྱིངས་ལ་སོགས་ཡེ་ཤེས་ལྔ། །ཐུགས་ཉིད་མཚོན་ཕྱིར་མཚན་མ་སྟེ། །གང་ལ་རྟེན་དང་འབར་དང་འཛག་།བདེ་བའི་རླུང་དང་ནམ་མཁའི་ཁམས། །དེ་བཞིན་བཙུན་མོ་དགྱེས་སྐྱེད་པ། །མི་ཕྱེད་གཉིས་མེད་ལྷན་ཅིག་པ། །གང་དེ་ཐབས་ལས་བྱུང་བ་ཡི། །དངོས་གཉིས་ཡུམ་དང་དབང་པོའི་ཚོགས། །ལྷན་ཅིག་སྐྱེས་པའི་ཐིག་ལེ་ཉིད། །མ་ལུས་བདེ་བར་རང་སྣང་བ། །གཉིས་མེད་འདུས་པའི་སྟོབས་ལས་བྱུང ། །གནས་ཡུལ་ཕྱག་རྒྱའི་ཐིག་ལེར་བསྟན། །དགུག་དང་འཁྱུད་དང་བསྡམས་དང་འབེབས། །ཡེ་ཤེས་འཇུག་པའི་སྒོ་ཡིན་ཏེ། །སྒལ་ཚིགས་བརྒྱུད་པའི་ཐིག་ལེའི་རྒྱུན། །དབང་ཕྱུག་མར་ནི་ཤེས་པར་བྱ། །བ་སྤུ་ཐིག་ལེ་འབྲེལ་བ་ཉིད། །ཕྲ་མོ་བསམ་མི་ཁྱབ་སྣང་བ། །གྲངས་
264b
ལས་འདས་པའི་ཕྱག་རྒྱ་སྟེ། །བསམ་བྱས་ནམ་མཁའི་ཞིང་དུ་སྦྱར། །སྐུ་བཞི་ལས་བྱུང་གསང་ཐིག་ལེ། །ཁམས་གསུམ་བཅུད་འབུས་བདེ་ཆེན་པོ། །ཡུངས་ཀར་ལྷུན་མེད་བརྟེན་པ་ལས། །མ་ལུས་ཁྱབ་པའི་ཚུལ་གྱིས་སྣང ། །ཐིག་ལེ་བདེ་ཆེན་ཐབས་སྦྱོར་བ། །ཐོབ་དང་གོམས་པའི་རང་བཞིན་ལས། །ཞེན་པའི་འདུ་ཤེས་བྲལ་འགྱུར་བས། །རང་དབང་མེད་པའི་རྟགས་འབྱུང་སྟེ། །སྦར་ཞིང་མནན་པའི་ཆོ་ག་བྱ། །སྣང་དང་རིག་པ་སྣ་ཚོགས་ཆོས། །བདེ་བ་ཆེན་པོའི་ཐིག་ལེར་བརྟན། །ཉི་མའི་སྙིང་པོ་ལྟ་བ་ལྟར། །བལྟས་པས་མཐོང་བ་མེད་པའི་དོན། །མ་ལུས་བདེ་ཆེན་རྒྱན་དུ་སྣང ། །དེ་ནས་གཟུགས་བརྙན་དཀྱིལ་འཁོར་བཤད། །འཁོར་དང་མྱ་ངན་འདས་པ་ཡི། ། ཇི་སྙེད་མ་ལུས་ཆོས་བསྟན་པ། །རང་བྱུང་ཡེ་ཤེས་ཆེན་པོ་སྟེ། །དེ་ཉིད་དངོས་པོ་སྣ་ཚོགས་མཆོག་།ཇི་སྙེད་བརྟན་གཡོ་སྣང་བའི་ཆོས། །ཆེན་པོ་རགས་པ་གནས་པའི་ཆོས། །མ་ལུས་ཀུན་ལ་མཐུན་སྣང་བ། །རང་བྱུང་ཐབས་ཀྱི་ངོ་བོ་ཉིད། །དེ་དག་གནོད་རྣམ་མ་སྐྱེས་པའི། །རྡོ་རྗེ་ཤེས་རབ་སྟོང་ཉིད་དེ། །གང་ཡང་དངོས་མིན་ངོ་བོ་ཉིད།། ཤེས་རབ་ཡུམ་གྱི་རང་བཞིན་ནོ། །ཇི་སྙེད་ནམ་མཁའི་མཐར་ཐུག་པ། །རང་བྱུང་བྱང་ཆུབ་སེམས་ཀྱི་གཟུགས། །མ་ལུས་ཀུན་གྱི་རང་བཞིན་ཉིད། །དཔག་མེད་མཐུན་པར་
265a
༄#། །སྣང་བ་སྟེ། །མེ་ལོང་དང་བའི་རང་བཞིན་ཉིད། །སྣ་ཚོགས་གཟུགས་དང་འབྲེལ་བ་བཞིན། །མ་ལུས་རིགས་པའི་ཐིག་ལེ་ལས། ། མ་ལུས་སྐུ་ཡི་དཀྱིལ་འཁོར་སྣང ། །ཇི་སྙེད་རབ་འབྱམས་མ་ལུས་པའི། །འཁོར་དང་མྱ་ངན་འདས་པ་དང ། །ཟིན་དང་མ་ཟིན་གཉིས་ཀའི་སྒྲ། །ངེས་པ་དང་ནི་མ་ངེས་པའི། །འཁྲུལ་དང་མ་འཁྲུལ་སྣ་ཚོགས་པ། །བརྗོད་དང་བསམ་དང་འཕྲུལ་པ་དང ། །བྱིན་རླབས་མཐའ་ཡས་རང་སྣང་བ། །བྱང་ཆུབ་སེམས་ཀྱི་གསུང་མཆོག་སྟེ།། ནམ་མཁའི་སྒྲ་དང་བྲག་ཅ་ལྟར། །རང་རྒྱུད་མེད་པའི་རིག་པ་ཉིད། །བསམ་པ་མཐའ་ཡས་ཇི་སྙེད་པ། །མ་ལུས་གསུང་གི་དཀྱིལ་འཁོར་ཉིད། །རང་རྒྱུད་བརྟན་པོ་མིན་པར་གནས། །གང་དུ་ནམ་མཁའ་མཐའ་ཀླས་པར། །བསྐལ་པ་མཐའ་ཐུག་མེད་པའི་བར། །ནམ་མཁའི་ཆར་དང་ཆུ་བུར་དང ། །སྤྲིན་དང་ཆུ་རླབས་ཕུང་པོ་ལྟར། ། ཡེ་ཤེས་བདེ་དང་སྡུག་བསྔལ་དང ། །ངེས་དང་མ་ངེས་དམ་པ་དང ། །དམན་དང་ཆགས་དང་ཆགས་བྲལ་དང ། །ཟིན་དང་ཞེན་དང་མ་ཞེན་དང ། །རྣམ་པ་རྣམ་མེད་བརྟགས་པའི་ཆོས། །དྲན་རྟོག་རིག་པ་གང་ཡང་རུང ། །མ་ལུས་རིག་པ་རང་སྣང་བ། །སྔ་མ་དྲན་པའི་རྣམ་པ་འམ། །རྨི་ལམ་སྒྱུ་མའི་ཉམས་མྱོང་ལྟར། །སྣ་
265b
ཚོགས་སྣང་ཡང་རང་རྒྱུད་མིན། །གང་ཡང་རང་རྒྱུད་ཀུན་བྲལ་བའི། །མ་ལུས་དཀྱིལ་འཁོར་བཤད་པ་རྣམས། །རང་རྒྱུད་མེད་པས་གཟུགས་བརྙན་ཏེ། །ཐབས་དང་ཤེས་རབ་གཉིས་མེད་པའི། །གཟུགས་བརྙན་དཀྱིལ་འཁོར་ལྷུན་གྱིས་གྲུབ། །རང་བྱུང་ཡེ་ཤེས་སྐྱེ་འགག་མེད། །མ་ལུས་མི་ཕྱེད་རྡོ་རྗེའི་གཟུགས། །རྣམ་པ་མཐར་ཐུག་མེད་པ་ཉིད། །ཡོན་ཏན་ལྷུན་གྲུབ་རང་སྣང་བས། །དེ་ཡི་བརྙན་པ་རང་བཞིན་འཆར། །མཐའ་བྲལ་རང་བྱུང་དཀྱིལ་འཁོར་ནི། །ཅིར་ཡང་སྣང་ལ་མི་དམིགས་ཕྱིར། །ཡང་དག་བརྟག་པར་མི་གནས་པས། །མ་ལུས་གཟུགས་བརྙན་དཀྱིལ་འཁོར་ཤར། །བདེ་ཆེན་རང་བྱུང་ལྷུན་གྲུབ་ཉིད། །ཡོན་ཏན་རྫོགས་པའི་ནོར་བུ་ལྟར། །དཔག་མེད་ཆོས་སུ་སྣང་བའི་ཕྱིར། །བདེ་བ་ཆེན་པོའི་གཟུགས་བརྙན་ཏེ། །སྐྱེ་བོ་དག་དང་མ་དག་པའི། །གདུལ་བྱ་མཐོ་དམན་རིག་པ་ལ། །རིག་སྤྱད་སྤྲོ་བ་བསྐྱེད་པའི་ཕྱིར། །དང་པོ་ནས་བཟུང་མཐར་ཐུག་པར། །རང་རང་བསམ་བདེ་བཞིན་དུ། །དེ་དག་ངོ་ལ་དེ་ལྟར་སྣང ། །གཟུགས་བརྙན་ཕྱི་ཡི་རིམ་པ་སྟེ། །ཐུན་མོང་ཡུལ་དུ་གྱུར་ཕྱིར་རོ། །མ་ལུས་ཐ་དད་མེད་པ་ཡི། །ཕྱི་ནང་སྣོད་བཅུད་རྫོགས་པའི་ལུས། །བཅུད་ལྡན་བདེ་བ་མཛད་པའི་གནས། །མི་ཤིགས་ཐིག་ལེ་ཀུན་གྱི་དངོས། །རང་ཉིད་བདེ་བ་ཆེན་པོའི་
266a
༄#། །གཟུགས། །དྭངས་སྙིགས་འབྲེལ་བའི་ནུས་མཐུ་ལས། །ཟག་པ་ཡོད་དང་མེད་པ་ཡི། །དངོས་པོ་གཉིས་ཀྱི་ཆོས་སུ་སྣང ། །རྒྱུ་ཡི་ཐིག་ལེའི་རང་བཞིན་ལ། །ནུས་པའི་ཁྱད་པར་སོ་སོ་ཡིས། །འབྱུང་བ་དང་ནི་ཡུམ་ཉིད་དང ། །བདེ་བ་ཆེན་པོ་ལ་སོགས་པ། །ཐིག་ལེ་ནུས་པའི་སྟོབས་ལས་སྣང ། །མ་ལུས་འཁོར་ལོའི་སྙིང་པོ་ཉིད། །ཐིག་ལེ་འབར་བ་བདེ་བའི་གཟུགས། །རྩ་ཡིག་བྱེ་བྲག་བཅས་པ་ནི། །བཅུད་འདུས་ཐིག་ལེ་རོས་གང་བ། །མ་ལུས་རྟེན་ཅན་དཀྱིལ་འཁོར་ཉིད། །མ་ལུས་སྣོད་བཅུད་ཀུན་ཏུ་སྣང ། །ཐབས་ཆེན་གསང་བའི་རིམ་པ་ཉིད། །ཁམས་བཞིལ་བརྟེན་ཐིག་ལེ་ཉིད། །གཡོ་དང་འཛག་ཅིང་གནས་དང་ཐིམ། །བྱེ་བྲག་གསུམ་ལས་བརྒྱུད་པ་ཡིས། །གྲུ་དང་སྒྱུ་མའི་འཁྲུལ་ཆུ་ལ། །ཞུགས་དང་འཐུང་བའི་སྤྱོད་ཡུལ་ལམ། །མེ་ལོང་དང་བའི་རི་བོ་ཡི། །རྩེར་ཕྱིན་མ་ལུས་བལྟས་པ་ལྟར། །བདེ་ཆེན་གཟུགས་བརྙན་ཉིད་དུ་སྣང ། །རིམ་པ་བཞི་ཡི་ཐིག་ལེ་ཉིད། །བདེ་བའི་འདུ་བྱེད་གང་བསྐུལ་བ། །གནས་བཞིའི་ཐིག་ལེའི་བྱེ་བྲག་གསལ། །མུ་ཏིག་ཕྲེང་བ་བརྒྱུས་པ་ལྟར། །འཛག་དང་འབར་བའི་ཐིག་ལེ་ཉིད། །ཏིལ་འབྲུ་འབྲས་བུ་སྨིན་པ་ལྟར། །མ་ལུས་ཏིལ་གྱི་ཕུང་པོ་ལྟར། །ཐིག་
266b
ལེའི་ལུས་སུ་གནས་པ་ཡིན། །ཉམས་མྱོང་གསལ་བར་འབར་བའི་ཚེ། །འདར་དང་རྡུལ་དང་པ་སྤུ་ལྡང ། །འཕར་དང་སྒྲ་འབྱིན་དཔའ་བོའི་གར། །རྣམ་པར་རོལ་བའི་ཆོགས་སུ་སྣང ། །སྣང་སྲིད་བདེ་བ་ཆེན་པོ་ཉིད། །ཐ་མལ་ནུབ་ཅིང་བརྟན་གྱུར་ན། །ཐིག་ལེ་ནམ་མཁའི་སྟོབས་ཀྱིས་སྦྱང ། །རྩེ་གཅིག་ནམ་མཁའི་མཐོང་སྟོབས་ཀྱིས། ། ཐིག་ལེ་སྟོང་པར་ཐིམ་པ་ན། །ཡེ་ཤེས་ནམ་མཁའི་གཟུངས་སུ་ངེས། །སྣང་སྲིད་སྣོད་བཅུད་མ་ལུས་ཀུན། །བདེ་ཆེན་རིག་པའི་གཟུགས་བརྙན་དུ། །རྒྱ་མཚོ་མཇིངས་ནས་བལྟས་པ་ལྟར། །མ་ལུས་དེ་ལྟར་སྣང་བ་ཡིན། །རིག་པས་ཉམས་སུ་མྱོང་བ་དང ། །སྤྱོད་ཡུལ་དག་པས་ནང་དུ་བཤད། །རང་བྱུང་བདེ་བ་ཆེན་པོ་ཉིད། །གསང་བའི་གང་ཟག་གདུལ་བ་དང ། །གསང་བའི་ཉམས་མྱོང་མངོན་བསྟན་ཕྱིར། །ཐབས་དང་ཤེས་རབ་འདུས་པ་ཡི། །ཆོ་གའི་བྱ་བ་ཀུན་ལྡན་ཅིང ། །དབང་བསྐུར་བྱིན་བརླབས་སྦྱངས་པ་དང ། །བརྒྱ་ཕྲག་གསུམ་དང་དྲུག་ཅུ་དང ། །དྲུག་ཅུ་རྩ་བཞི་རྫོགས་པ་ཡིས། །ཆུ་སྐྱེས་སྙིང་པོ་རྡོ་རྗེ་ཅན། །ཉི་མ་མེ་ཤེལ་འོད་འབྱུང་བ། །རང་བྱུང་རླུང་གི་ཕྱག་རྒྱས་བསྐྱོད། །ནོར་བུ་ཆུ་འཛག་རང་དབང་མེད། །མ་ལུས་རིག་པའི་ཐིག་ལེར་བསྡུས། །རྒྱུ་བའི་རླུང་ནི་ཆད་པ་ན། །རིག་པ་སྟོང་པའི་ཐིག་ལེར་ཐིམ། ། ཏ་
267a
༄#། །ལ་རྟེན་ཐིག་ལེའི་རིམ། །རྒྱུ་དང་མི་རྒྱུའི་རང་བཞིན་ལས། །འཁོར་དང་མྱ་ངན་འདས་པར་སྣང ། །གསང་བའི་ཐིག་ལེ་ལ་བརྟེན་པས།། མ་ལུས་བདེ་ཆེན་འཁོར་ལོས་བསྒྱུར། །ལུས་ཀྱི་ཐིག་ལེ་དང་པོར་ཏེ། །དེ་ནས་རིག་པའི་ཐིག་ལེ་ཡིན། །དེ་ནས་ཡེ་ཤེས་ཐིག་ལེ་ཉིད། །ཐ་མ་ཆོས་ཉིད་ཐིག་ལེར་ཐིམ། །དེ་ནས་དུས་གསུམ་འདུ་འབྲལ་མེད། །བདེ་ཆེན་ནམ་མཁའི་ཁམས་ཉིད་དེ། །ཟབ་ཅིང་རྒྱུ་བ་མེད་པ་ཡི། །རང་རྒྱུད་ཞེན་ཆགས་ཀུན་བྲལ་བའི། །བདེ་བ་ཆེན་པོའི་གཟུགས་བརྙན་ཤར། །མ་རྟོགས་ཁྱབ་པའི་གཟུགས་བརྙན་ཏེ། །རྟོག་པར་ཉམས་མྱོང་གཟུགས་བརྙན་ཉིད། །མཐར་ཕྱིན་ཡེ་ཤེས་གཟུགས་བརྙན་འདི། །དམན་དང་ཡན་ལག་མ་ཚང་དང ། །དབང་དང་མན་ངག་མེད་པ་དང ། །དཀའ་ཐུབ་ཅན་དང་མ་སྨེན་དང ། །སྐལ་མེད་ཡལ་བའི་ཡུལ་མིན་པས། །གསང་བའི་གསང་ཆེན་དམ་པ་ཉིད། །དེ་ནས་གཞན་ཡང་བཤད་བྱ་བ། །ལྷག་པ་གཟུགས་བརྙན་དཀྱིལ་འཁོར་ཉིད། །ཐ་མལ་བྲོད་པ་བསྐྱེད་པའི་ཕྱིར། །ཆོ་ག་རྒྱས་པར་བཤད་པར་བྱ། །དཀྱིལ་འཁོར་ཆེན་པོ་རྟོགས་འདོད་ཀྱང ། །ཇི་བཞིན་མངོན་དུ་མ་གྱུར་ལ། །ལྷག་པར་འདི་ཡིས་རྟོགས་གྱུར་པས། །ལྷག་པ་ཞེས་ནི་བསྟན་
267b
པ་ཡིན། །གང་གིས་གང་ལ་གང་མཚོན་པས། །ལྷག་པར་མཚོན་པ་ཉེ་བ་དང ། །གང་ལ་བརྟེན་ཏེ་གང་བསྒྲུབས་པ། །ལྷག་པར་མྱུར་དུ་འགྲུབ་པའི་ཕྱིར། །འདིས་ནི་ལྷག་པ་ཉིད་དུ་བརྗོད། །གང་ལས་གང་དེ་ཐབས་འདི་ཡིས། །མངོན་པར་ལྷག་པས་ལྷག་པའོ། །རྒྱལ་བ་ཀུན་གྱི་སྐུ་གསུང་ཐུགས། །ཐབས་དང་གང་གིས་མངོན་སྟོན་ཅིང། །དངོས་གཞི་ཉི་མ་ཡིན་པའི་ཕྱིར། །གཟུགས་བརྙན་ཉིད་དུ་བསྟན་པ་ཡིན། །གང་ལ་བརྟེན་པའི་ཐབས་ཉིད་ཀྱིས། །དེ་ཉིད་འདྲ་བར་སྣང་བ་ལྟར། །མ་མཐོང་མོས་པའི་གདུལ་བྱ་ལ། །དེ་དང་འདྲ་བའི་ཐབས་ཉིད་དེ། །དངོས་མིན་འདྲ་ཕྱིར་གཟུགས་བརྙན་ནོ། །རྒྱལ་བ་ཀུན་གྱི་རང་བཞིན་ནོ། །དཔག་མེད་ཡེ་ཤེས་ལྷུན་རྫོགས་པའི། །ཡེ་ཤེས་རང་བྱུང་ལྔ་ཡི་གཟུགས། །ཟག་མེད་གདུལ་བྱའི་ངོ་ལ་སྣང ། །དེ་ཡི་ཡོན་ཏན་གཟུགས་བརྙན་གྱིས། །ཟག་བཅས་མོས་པའི་གང་ཟག་ལ། །སྐུ་གསུང་ཐུགས་ཀྱི་རྣམ་པ་ཉིད། །འདྲ་བར་མཚོན་ཕྱིར་གཟུགས་བརྙན་ནོ། །གང་ཕྱིར་ཆོས་དབྱིངས་ངོ་བོ་ལ། །ཐ་དད་དབྱེ་བ་མི་གནས་ཀྱང ། །མོས་དང་དྲག་པོའི་དབང་གྱུར་ཏེ།། གང་གིས་གང་དེ་མི་འདུལ་བས། །ཐུགས་རྗེས་ཀུན་ལ་ཁྱབ་པའི་ཕྱིར། །ལོངས་སྤྱོད་སྤྲུལ་པའི་དཀྱིལ་འཁོར་བསྟན། །ཞེན་པ་ཅན་དང་ང་རྒྱལ་ཅན། །ཐབས་དང་དྲག་
268a
༄#། །པོས་ཚར་གཅད་ཕྱིར། །དེ་ལྟར་སོ་སོར་འཚམ་པ་སྟེ། །ལྷག་པ་གཟུགས་བརྙན་གཉིས་སུ་བཤད། །གང་དུ་བཀྲ་ཤིས་ཡིད་འོང་བའི།། སྟེང་འོག་ཕྱོགས་བཞི་བར་མཚམས་དག་།ལེགས་པས་ཡིད་འོད་བར་ཆད་མེད། །ཕྱི་ནང་རི་བོ་དགོན་པའི་མཆོག་།རང་གིས་གཞི་ལེགས་བརྟགས་ལ། །པྲ་དང་ཉམས་ཀྱི་ལྟས་བརྟགས་ལ། །མ་དག་མཚན་ངན་སྤངས་བྱས་ལ། །དག་ཅིང་ཉམས་དགའ་བླང་བར་བྱ། །ས་གཞི་བྱིན་བརླབས་བཀྲ་ཤིས་པ། །གལ་ཏེ་རྩོད་པ་ཞི་བྱའི་ཕྱིར། །སྣང་དང་མི་སྣང་བདག་པོ་ལ། །མགུ་བས་བར་ཆད་མེད་པར་བསླང ། །གང་དེ་དབང་དུ་བྱ་བའི་ཕྱིར། །ཆོ་གའི་ཡན་ལག་ཀུན་བརྩམས་ཏེ། །མཆོད་དང་མཉེས་པས་ཚིམ་བྱས་ལ། །ས་གཞི་བདག་གི་དབང་དུ་བྱ། །ཐུན་མོད་སྐྱོན་བསལ་དག་བྱས་ནས། །མི་དམིགས་ཆོས་ལ་བློ་སྦྱངས་ཤིང ། །དངོས་གྲུབ་མྱུར་ཞིང་ཉམས་དགའ་བའི། །ཕྱི་ནང་དག་པ་ཆེན་པོར་སྦྱང ། །རང་བཞིན་བྱིན་བརླབས་ཀུན་གྱི་དངོས། །གདོད་ནས་མ་བཅོས་གནས་པ་ལ། །ལྷག་པའི་བདེན་པ་དབྱེར་མེད་པས། །ལྷ་དང་གཞལ་ཡས་ངོ་བོར་བརླག་།གང་དེའི་བར་ཆད་བསྲུང་བའི་ཕྱིར། །སྤྲུལ་བའི་དཀྱིལ་འཁོར་གསལ་བཏབ་ལ། །རྡོ་རྗེ་ཁྲོ་བོའི་འཁོར་ལོ་སྤྲོ། །ཧཱུཾ་
268b
བཞི་སྔགས་དང་བཅས་པས་བསྲུང ། །དེ་དག་ལེགས་པར་གཟུང་བའི་ཕྱིར། །མ་དག་པ་ནི་མཚམས་བཅད་དེ། །ལས་ཀྱི་བྱ་བ་ཀུན་རྫོགས་ནས། །རྒྱལ་བ་ཀུན་ལ་གསོལ་བཏབ་ལ། །འདོད་པའི་དོན་རྣམས་གྲུབ་པའི་བང ། །དངོས་གྲུབ་གཏེར་དུ་མིང་གིས་གཟུང ། །གང་ཕྱིར་བཤད་པའི་ཆོ་ག་ཡིས། །མ་དག་པ་དང་ངན་པ་དག། རྟོགས་དང་ཏིང་འཛིན་ཆོ་ག་ཡིས། །མཉམ་པས་རེ་དོགས་མེད་པར་གནས། །དཀྱིལ་འཁོར་ཕྱི་ནང་བཤད་པ་བཞིན། །ཚད་ནི་རྗེས་སུ་མཐུན་པ་སྟེ། །ཐུགས་ཀྱི་དཀྱིལ་འཁོར་དམ་པ་སྟེ། །ཡང་ན་སོར་བཞི་ཚད་དུ་སྟེ། །ཡང་ན་མཛུབ་གང་ཚད་དུ་བྱ། །ཡང་ན་ལུས་གང་ཚད་དུ་སྟེ། །ཡང་ན་ལུས་ནི་གསུམ་བཞི་ཉིད། །ཡང་ན་བཅོ་བརྒྱད་ཉིད་དུའམ། །ཉི་ཤུ་ལྔ་ཡི་ཚད་དུ་བྱ། །ཡང་ན་རྒྱང་གྲགས་དཔག་ཚད་དེ། །རང་གི་རིག་པ་རྗེས་མཐུན་པར། །ནམ་མཁའི་དབྱིངས་དང་མཉམ་པའི་ཚད། །ཚད་དང་ལྡན་པའི་དཀྱིལ་འཁོར་ཏེ། །ཡིད་འོང་བྱུག་བདུག་ཉི་ཤུ་ལྡས། །མཛེས་ཤིང་ལེགས་པར་བྱས་ནས་ནི། །གང་དང་འབྲེལ་བའི་ཆོ་ག་བརྩམ། །གཞན་དུ་ལོངས་སྤྱོད་མ་བྱས་པའི། །རས་བལ་དུར་ཁྲོད་རྒྱུ་ལས་བྱས། །གསར་ཞིང་གྲིམས་ལ་འཇུར་མདུད་མེད། །བྱིན་རླབས་ལྔ་དང་སྐུ་གསུང་ཐུགས། །ཐིམ་པས་ཡེ་ཤེས་ཐིག་སྐུད་དེ། །རིག་
269a
༄#། །པས་ཐིག་ནི་གདབ་པར་བྱ། །ཐབས་དང་ཤེས་རབ་གཉིས་མེད་པའི། །གསང་བའི་འཕྲོ་འདུ་དེ་བཞིན་ནོ། །དཀྱིལ་འཁོར་ཡིད་འོང་པོ་བྲང་ས། །མནོར་གསལ་བས་ཐིག་ཏུ་བཤད། །གང་གིས་གང་མཚོན་དེ་བཞིན་ཏེ། །ཁ་དོག་ལྔ་དང་ཕུང་པོ་དང ། །ཁམས་དང་སྐྱེ་མཆེད་རྣམ་ཤེས་སོགས། །ཡེ་ཤེས་དཀྱིལ་འཁོར་མཚོན་ཕྱིར་རོ། །རྟོགས་པས་འཁོར་བའི་རྒྱ་དྲལ་ཕྱིར། །ཚོན་ཞེས་ཀྱང་ནི་བརྗོད་པ་ཉིད། །མ་མཐོང་རྨོངས་ལ་སྟོན་ཕྱིར་ཚོན། །ཁ་དོག་ཉི་ཤུ་རྩ་ལྔ་འམ། །ལྔ་ཡི་ཚོན་གྱིས་བྲི་བར་བྱ། །གསེར་དང་དངུལ་དང་བཻ་ཌཱུརྱ། །པདྨ་ཨནྡྲི་ནཱི་ལ་ཉིད། །རིན་ཆེན་ལྔ་དང་ལྡན་པ་ཡིས། །མཁས་པས་འབྱོར་ལྡན་ཅི་བདེར་བྲི། །ཡང་ན་འབྲས་དང་སཱ་ལུ་ལ། །ཁ་དོག་བསྒྱུར་བས་དེ་བཞིན་ནོ། །དམན་དང་འབྱོར་པ་ཆུང་བ་ཡིས། །འབྱུང་ཁུངས་ལྔ་ཡིས་བྲི་བར་བྱ། །ཐབས་དང་ཤེས་རབ་གཉིས་མེད་པའི། །རྒྱལ་བ་བཅུ་ཉིད་ཐིམ་པ་ཡིས། །ཡེ་ཤེས་རིན་ཆེན་ཕྱི་ནང་མེད། །དག་པའི་ངོ་བོར་བལྟ་བར་བྱ། །ོཾ་ཨཱཿ ་ཧཱུཾ་སཝཱཧཱ། སརྦ་པཉྩ་རཏྣ་ས་མ་ཡེ་ཧཱུཾ། འབྲུ་བཅུ་སྤུང་ཞིང་འབུན་པ་ཡི། །སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས། །ཞི་པའི་དཀྱིལ་འཁོར་མ་ལུས་ལ། །ཡེ་ཤེས་རིན་ཆེན་རྩིག་པ་
269b
སྟེ། །དྲ་བ་དྲ་ཕྱེད་རྟ་བབས་དང ། །རྡོ་རྗེ་ཟླ་ཕྱེད་འདོད་ཡོན་དང ། །རིན་ཆེན་ས་གཞི་སྐྱེད་ཤིང་དང ། །རྫིང་བུ་དྲིལ་བུ་གཡེར་ཀས་སྤྲས། །རྟག་ཏུ་བྲི་ཞིང་བསྒོམ་པར་བྱ། ། གདུག་པ་འདུལ་བའི་དཀྱིལ་འཁོར་ལ། །ཐོད་པ་སྣ་ལྔ་སྣ་གསུམ་དང ། །ཐོད་སྐམ་རྩིག་པའི་རིམ་པ་བཞིན། །ཚངས་དང་ལྷ་དབང་ལ་བརྟེན་པ། །མཆོག་ཆེན་བརྒྱད་ནི་ཡིན་པར་འདོད། །ལྷག་མ་རྣམས་ཀྱིས་ཐོག་ཕུབ་སྟེ། །གཟའ་བརྒྱད་ཉི་ཟླའི་གློ་སྐར་ལྡན། །སྦྲུལ་དང་ཐོད་པའི་ཕྲེང་བ་ཉིད། །དྲ་བ་དྲ་ཕྱེད་རྣམ་པར་སྤྲས། །ཕྱི་ནང་རྒྱུ་འབྲས་གདུག་པ་དག་།གདུལ་བྱའི་རྟ་བབས་བཞིར་བཤད་དེ། །སོར་ཕྲེང་ཐོད་པའི་ཕྲེང་བ་དང ། །དབང་པོ་ཉི་ཟླའི་ཕྲེང་བས་སྤྲས། །ཁྲོ་མོ་ཤ་ལྔ་བདུད་རྩི་དང ། །དུར་ཁྲོད་འདོད་ཡོན་ལྡན་པ་འོ། །དུར་ཁྲོད་ས་གཞི་ཁྲག་དང་བཅས། །སྐྱེས་བུ་གསལ་ཤིང་ཕྱོགས་མཚམས་བརྒྱད། །རཀྟའི་མཚོ་བརྒྱད་རབ་རླབས་འཁྱིལ། །ཐོད་ཚལ་བརྒྱུས་པ་དུར་ཁྲོད་རླུང ། །འཇིགས་པའི་སྒྲ་དང་མེ་འོད་ལྡན། །ཞིང་འཕེན་ཕྱོགས་མཚམས་བརྒྱད་དང་བཅས། །ལྷ་ཆེན་ཐོད་པ་སྤུབས་སྟེང་ན། །ཙིཏྟའི་ཏོག་ལས་འོད་ཟེར་འཕྲོ། །ཧེ་རུ་ཀ་ཡི་དཀྱིལ་འཁོར་ཉིད། །མ་ལུས་བྲི་ཞིང་བསྒོམ་པར་བྱ། །མ་ལུས་འགྲོ་བའི་རེ་སྐོང་བས། །རིན་ཆེན་ཕྲེང་དང་རྒྱན་དུ་ལྡན། །མི་འཇིགས་སྟོབས་སོགས་
270a
༄#། །ཀུན་ལྡན་པས། །སྟོབས་ལྡན་ཐེག་པར་གནས་པ་ཡིན། །སྤྱོད་པ་སྐྱོན་གྱིས་མ་གོས་པས། །པདྨ་འབར་བར་མཛེས་པར་སྣང ། །ཐབས་དང་ཤེས་རབ་གཉིས་མེད་པས། །ཉི་ཟླ་མཛེས་པའི་གདན་ལ་བཞུགས། །བདེ་ཆེན་དོན་ལས་མི་འདའ་བས། །འཁྲིལ་སྦྱོར་དགྱེས་པའི་ཚུལ་དུ་བཞུགས། །སྐུ་གསུང་ཡོན་ཏན་འཕྲིན་ལས་ཐུགས། །ཡོངས་རྫོགས་སྐུ་ཡི་རྒྱན་དུ་གནས། །ལམ་དང་བྱང་ཆུབ་ཡན་ལག་རྣམས། །རྫོགས་ཕྱིར་ཕྲེང་བ་ལ་སོགས་ཚུལ། ། ཐུགས་རྗེ་འཁོར་བ་མི་གཏོང་བས། །ཆུ་སྲིན་ཀླུ་ཕྲུག་བཟུང་བ་བཞིན། །ཐུགས་རྗེ་བར་ཆད་མི་མངའ་བས། །འབྲེལ་བ་བར་ཆད་མེད་པར་གནས། །བརྩོན་འགྲུས་འཁོར་པ་སྤོང་བའི་ཕྱིར། །རི་དྭགས་དག་ནི་མཉན་པར་གནས། །ཟག་མེད་སྤྱན་གྱིས་ཀུན་གཟིགས་པས། །དགེ་སྡིག་སྤྱན་གྱིས་གཟིགས་པར་བསྟན། །མ་ལུས་ཟིལ་གནོན་སྟོབས་རྫོགས་ཕྱིར། །བྱ་ཁྱུང་དག་ནི་གནས་པར་བསྟན། །ཆོས་ཀྱི་འཁོར་ལོ་བསྐོར་བྱས་ཤིང ། །ཉོན་མོངས་ཚད་པའི་གདུང་སེལ་བས། །ཐུགས་རྗེ་གདུགས་ཀྱི་འཁོར་ལོ་བསྟན། །མ་ལུས་གཅིག་ཏུ་འདུས་པས་ན། །ཏོག་སྟོང་འོད་ཟེར་འབར་བ་སྟེ། །གདུལ་བྱའི་བསམ་པའི་དོན་ཕྱིར་བསྟན། །ལྷ་རྣམས་སོ་
270b
སོའི་རྣམ་པ་ནི། །སྐུ་མདོག་སྣ་ཚོགས་བཞུགས་ཚུལ་དང ། །གདན་དང་ཕྱག་མཚན་རྒྱན་དུ་བཅས། །ཕོ་མོའི་ཚུལ་དང་བཅས་པ་རྣམས། །དེ་བཞིན་ཉིད་ལ་དམིགས་པ་དང ། །གདུལ་བྱ་གཟིགས་པའི་ཚུལ་ཉིད་ཀྱིས། །གཙོ་འཁོར་ཕྱི་ནང་ལྟ་ཚུལ་གྱིས། །བཞུགས་ཐབས་རིམ་པ་སོ་སོར་བསྟན། །རང་རང་སྙིང་པོ་གང་ཡིན་པ། །ཁ་དོག་སོ་སོར་ཕྱེ་ནས་ནི། །གསུང་གི་དཀྱིལ་འཁོར་བསྟན་པ་ཡི། །རིམ་པ་བཞིན་དུ་གསལ་བར་བྱ། །རང་རང་ཐུགས་མཚན་གང་ཡིན་པ། །ཁ་དོག་དབྱིབས་དང་བཅས་པ་ཉིད། །ཐུགས་ཀྱི་དཀྱིལ་འཁོར་བསྟན་པའི་ཕྱིར། །རིམ་པ་ཇི་བཞིན་དགོད་པར་བྱ། །གདུག་པ་འདུལ་བའི་དཀྱིལ་འཁོར་ཡང ། །དུང་ཆེན་རས་ཆེན་ལ་སོགས་པ། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཉིད། །རིམ་པ་བཞིན་དུ་གསལ་བར་དགོད། །དེ་བཞིན་ཉིད་ལ་དམིགས་མེད་དེ། །སྟོང་ཞིང་མི་དམིགས་རིག་པ་ཉིད། ། གང་ལ་རྟོག་དཔྱོད་མི་གནས་པ། །ཆོས་དབྱིངས་དེ་བཞིན་ཉིད་དུ་བསྒོམ། །བདེན་གཉིས་དབྱེར་མེད་མཉམ་པ་ཉིད། །ཡེ་ནས་ཁྱབ་ཀྱང་མ་རྟོགས་པས། །ཕྱོགས་མེད་སྙིང་རྗེ་ནམ་མཁའ་ལྟར། །རྣལ་འབྱོར་པས་ནི་བསྒོམ་པར་བྱ། །རང་བྱུང་ཡེ་ཤེས་རྣམ་པས་ནི། །ཡིག་འབྲུ་རྣམ་པ་གསལ་བ་ལས། །ཞེན་འཛིན་སྦྱངས་ནས་
271a
༄#། །ཡིག་འབྲུ་ཡི། །འཕྲོ་འདུས་འབྱུང་ལྔ་རིམ་གྱིས་བསྐྱེད། །བྲུཾ་གྱིས་གཉིས་མེད་འོད་སྦྱངས་ནས། །གཞལ་ཡས་ཁང་ལྟར་ཡིན་པར་བསྒོམ།། རྣམ་པའི་གང་ཡིན་དེ་དག་དང ། །རང་རིག་ས་བོན་གཉིས་མེད་ལས། །འདྲེས་པས་གང་ཡིན་གཙོ་བོ་ཉིད། །བསྐྱེད་ཅིང་དབང་བསྐུར་བྱིན་བརླབས་ནས། །འཁོར་ཡང་མི་ཕྱེད་འདྲེས་པར་བསྒོམ། །ཡོངས་རྫོགས་སྨིན་ཅིང་བརྟས་པ་ལ། །ཛཿ ཧཱུཾ་བཾ་ཧོས་གཉིས་མེད་དེ། །འདོད་པ་མཐར་ཐུག་བར་དུ་བསམ། །ལས་ཀྱི་བྱ་བ་ཀུན་ཟིན་ནས། །ཐུན་མོང་མཆོད་པ་སྣ་ཚོགས་དང ། །ཀུན་བཟང་མཆོད་པ་ལ་སོགས་པ། །ལྷ་མོ་བརྒྱད་དང་བཅུ་དྲུག་གིས། །མཆོད་པའི་རིམ་པ་བརྩམ་པར་བྱ། །རིན་ཆེན་རྣམ་ལྔ་རྟ་གླང་དང ། །འབྲུ་དང་བང་མཛོད་ཁང་ཁྱིམ་དང ། །བུ་དང་ཆུང་མ་བྲན་ཁོལ་དང ། །གནས་ངང་ཞིང་དང་ན་བཟའ་དང ། །རྒྱན་ཕྲེང་བཟའ་བཏུང་ལོངས་སྤྱོད་དང ། །རྫིང་དང་ཆུ་མིག་འབབ་ཆུ་དང ། །མཚེའུ་དང་ཁྲོན་པ་ལུ་མ་དང ། །རི་དང་དེའུ་དང་སྐྱེད་མོས་ཚལ། །ཁོར་ཡུག་དང་ལྷུན་པོ་དང ། །སྐྱེ་བོ་མང་བོ་བྲོ་གླུ་དང ། །ནམ་མཁའི་དབྱིངས་དང་མཉམ་པ་ཡི། །མཆོད་པ་སྣ་ཚོགས་རྒྱས་པར་མཆོད། །དཔའ་བོ་ཤ་ལྔ་བདུད་རྩི་ལྔ། །བཅུད་དང་རོལ་མོ་སྣང་བ་དང ། །སྣ་ཚོགས་
271b
དྲི་དང་བྱུག་པ་མཆོག་།དག་ཅིང་ལེགས་པར་འབུལ་བར་བྱ། །ཐར་པ་ལ་སོགས་ཞིང་གི་མཆོག་།དངོས་དང་ལྟ་སྤྱོད་ཏིང་འཛིན་གྱིས། །བསྒྲུབ་བྱ་མ་ལུས་ཀུན་བསྒྲལ་ཏེ། ། རྡོ་རྗེ་ཞིང་དུ་བསྐྱེད་པར་བྱ། །ལྷ་མོ་མི་མོ་རིག་པ་མོ། །ཆོ་གའི་སྦྱོར་བ་རང་རྟོག་བཞིན། །དངོས་དང་ཏིང་འཛིན་སྦྱོར་བ་ཡིས། །བདེ་བ་ཆེན་པོ་རོལ་མོ་ཡིས། །ཕྱི་ནང་ནམ་མཁའི་ཁམས་བཀང་སྟེ། །རིན་ཆེན་ལྷ་མོ་ཡོ་བྱད་དང ། །རེག་པ་ཉམས་མྱོང་བདེ་བ་ཡིས། །རྒྱལ་སྲས་ཞིང་གི་རྡུལ་སྙེད་ལ། །གཉིས་མེད་དག་པའི་ཚུལ་གྱིས་མཆོད། །རོལ་མོ་གླུ་དབྱངས་བཅས་པ་ཡིས། །དཀྱིལ་འཁོར་རིམ་པ་བསྟོད་པར་བྱ། །རྡོ་རྗེ་གསུམ་གྱི་བཟླས་པ་ཡིས། །མཚན་མ་ལེགས་པར་སྣང་བ་ན། །སྦྱང་དང་བྱིན་བརླབས་དབང་བསྐུར་དང ། །མཆོད་དང་བསྟན་པའི་ཆོ་ག་དག་།རྟོག་པའི་ཆོ་ག་རྒྱས་པར་བྱ། །དཀྱིལ་འཁོར་དེ་ཡི་ཕྱོགས་བཞི་རུ། །རྣམ་བཞི་ལས་ཀྱི་མེ་ཐབ་ལ། །དུས་བཞིར་རང་རང་རྫས་དག་གིས། །ལྷ་བཞི་ཚུལ་གྱིས་མཆོད་པར་བྱ། །དེ་ནས་གནང་ཐོབ་དབང་ཕྱུག་ཉིད། །དཀྱིལ་འཁོར་ཞུགས་ཤིང་ནུས་ལྡན་ནས། །ཐུགས་རྗེས་འཁོར་བ་བསྒྲལ་བའི་ཕྱིར། །སྐལ་ལྡན་སློབ་མ་གཞུག་པར་བྱ། །དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡིས། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཆེ། །མངོན་དུ་མཐོང་ཞུགས་
272a
༄#། །བསོད་ནམས་གང ། །འདིར་ཞུགས་པ་ཉིད་དེ་བཞིན་ནོ། །གང་དུ་སྐུ་གསུང་ཐུགས་ལྡན་པ། །གང་དུ་མོས་པས་སྤྲོ་བསྐྱེད་ཕྱིར། །རྒྱལ་བ་ཀུན་ཀྱང་འཕྲུལ་མཛད་དེ། །སྒོ་གསུམ་བྱིན་གྱིས་རློབ་པར་མཛད། །རྣལ་འབྱོར་ཆོ་ག་རྫོགས་པས་ཀྱང ། །གདུལ་བྱ་ཞི་དང་བྲོ་བ་ལ། །སོ་སོའི་མཚན་མ་ཉིད་བསྟན་ཕྱིར།། སྐུ་གསུང་ཐུགས་ཀྱི་རྣམ་པ་དག་།བྲིས་དང་བརྡུང་དང་བླུགས་པ་དག་།སོ་སོའི་གནས་སུ་ལེགས་པར་དགྲམ། །མ་ལུས་སྐུ་གསུང་ཐུགས་དཀྱིལ་འཁོར། །འདི་ལས་མ་གཏོགས་ལྷ་གཞན་མེད། །གང་དུ་དབང་དང་འབྲེལ་བ་ནི། །བཅོ་ལྔའི་རིམ་པས་བྱིན་བརླབས་ཕྱིར། །བཞི་དང་བརྒྱད་ཀྱི་དཀྱིལ་འཁོར་ལ། །ཡབ་ཡུམ་བཅོ་བརྒྱད་གནས་པར་བྱ། །བཅུ་གཉིས་བཅུ་དྲུག་དཀྱིལ་འཁོར་ལ། །བཞི་བཅུ་གཉིས་དང་ལྡན་པར་བྱ། །ཉི་ཤུའམ་ཉི་ཤུ་རྩ་ལྔ་ལ། །རྒྱས་པའི་ཆོ་ག་རིམ་པར་དགོད། །འདི་དག་ལུགས་དང་འབུར་དང་བཟོ། །བྲི་དང་བསྒོམ་པ་དག་ཀྱང་རུང ། །འདི་ནི་ཕྱི་ཡི་དཀྱིལ་འཁོར་རོ། །ཟབ་མོའི་དབང་གི་དཀྱིལ་འཁོར་ནི།། ཐུན་མོང་ཐུན་མོང་མ་ཡིན་པའི། །སོར་བཞི་མཛུབ་གང་ལ་བརྟེན་ཏེ། །ཕྱི་རོལ་རྣམ་པའི་རྗེས་འབྲང་མིན། །མཐོང་དང་བརྟན་དང་གོམས་པ་ནི། །རིམ་པ་བཞིན་
272b
དུ་གསལ་བས་འབྱུང ། །བརྒྱུད་པ་ལམ་གྱི་རིམ་པ་ཡིས། །མཐར་ཕྱིན་ཉམས་སུ་མྱོང་བར་འགྱུར། །དབང་བསྐུར་ཐབས་ཀྱི་རིམ་པ་ཡིས། །བྱིན་བརླབས་མན་ངག་ཡིད་ཆེས་བྱ། །འདི་ནི་དབང་གི་དཀྱིལ་འཁོར་ཏེ། །དེ་བཞིན་གནས་སྐབས་གཞན་དུ་ཡང ། །ཐུན་མོང་ཚོགས་ལ་སྦྱར་བའི་ཕྱིར། །འབྱུང་ལྔ་རྒྱུ་དང་བདག་ཉིད་དང ། ། མཁའ་དག་བྱིན་བརླབས་སོ་སོར་གདོན། །རང་གི་ཆོ་གའི་སྦྱོར་བ་ཡིས། །ཇི་ལྟར་བརྩམས་པ་འགྲུབ་པར་འགྱུར། །བསོད་ནམས་ཚོགས་ཞེས་བྱ་བར་བཤད། །གཞན་ཡང་སྟོབས་ལྡན་རྣལ་འབྱོར་པས། །གང་འདོད་མངོན་དུ་བསྒྲུབ་པའི་ཕྱིར། །འཆི་མེད་ཚེ་ཡི་དཀྱིལ་འཁོར་དང ། །མཚན་མ་པྲ་ཡི་དཀྱིལ་འཁོར་དང ། །དུག་འཇོམས་བདུད་རྩིའི་དཀྱིལ་འཁོར་དང ། །ཆོ་འཕྲུལ་རོ་ལངས་ལ་སོགས་པ། །གང་བསྒྲུབ་དོན་ཕྱིར་གང་བཤད་པ། །དེ་ཉིད་བསྒྲུབ་པའི་དཀྱིལ་འཁོར་རོ། །ལས་བཞི་ལྷ་ཡི་རྣལ་འབྱོར་གྱིས། །རིགས་དང་མཐུན་པའི་ས་གཞི་ལ། །ཐབ་ཁུང་སོ་སོའི་མཚན་མ་ཅན། །འཕྲིན་ལས་དཀྱིལ་འཁོར་ཉིད་དུ་བཤད། །སློབ་དཔོན་ནུས་པ་སྟོབས་ལྡན་པས། །རྡོ་རྗེ་ལུས་སུ་བརྟན་བྱའི་ཕྱིར། །རྒྱང་གྲགས་དཔག་ཚད་ལ་སོགས་པ། །སྐུ་གསུང་ཐུགས་སུ་མངོན་གསལ་བ། །རྣལ་འབྱོར་སྐལ་ལྡན་སྤྱོད་ཡུལ་ཏེ། །ཚོགས་
273a
༄#། །ཀྱི་དཀྱིལ་འཁོར་ཉིད་དུ་བཤད། །དེ་ནས་གཞན་ཡང་བཤད་བྱ་བ། །མཚན་མ་རྟོགས་པའི་རང་བཞིན་གྱིས། །མཐོང་བྱ་དོན་ལ་སྒྲིབ་པས་ན། །དེ་དག་སྦྱང་བའི་ཆོ་ག་བཤད། །ཐ་མལ་ཞེན་པས་བརྟགས་པའི་དོན། །ལྷག་པའི་བདེན་གཉིས་རྟོགས་བསྒོམས་པས། །ཕྱི་ནང་སྣོད་བཅུད་མ་ལུས་པ། །སྐུ་གསུང་ཐུགས་ཀྱི་ངང་དུ་བསྲེག་དཀྱིལ་འཁོར་ལྷ་ཡི་མཚན་མ་དག་།རྣམ་པ་ཇི་སྙེད་གནས་པ་དག་།རང་རིག་རྣམ་པར་འཕྲུལ་པ་ཉིད། །མཚན་མ་ཐིག་ལེའི་ངང་དུ་སྦྱང ། །ཐིག་ལེ་རིམ་པའི་སྣང་ཚུལ་ཏེ། །ཕྱི་ནང་མེད་པའི་བྱང་ཆུབ་སེམས། །དངོས་དང་དངོས་མེད་ཀུན་སྦྱངས་ཏེ། །རང་རིག་བྱང་ཆུབ་སེམས་ཀྱི་མེ། །ཕྱོགས་བཅུར་འབར་ཞིང་དབྱིངས་ལ་སྡུད། །རྣལ་འབྱོར་ལས་རུང་གོམས་པ་ཡིས། །གཞན་དོན་རྩོམ་པའི་དོན་བྱེད་ན། །དང་པོར་ཉེས་བྱས་གསུམ་སྦྱང་ཕྱིར། །རྣམ་གསུམ་ཁྲུས་ཀྱི་རིམ་པ་བརྩམ། གདུག་པ་འདུལ་བའི་དཀྱིལ་འཁོར་གྱིས། །བར་ཆད་བགེགས་དང་དབྲལ་བྱས་ལ། །བཀུག་བཅིངས་བསྟིམ་ལ་རྣལ་དུ་གཞག་།བསྲུང་དང་བྱུག་བདུག་རྒྱན་གྱིས་བརྒྱན། །འཁོར་བའི་ས་བོན་ཀུན་བཀོད་དེ། །ལས་ཀྱི་ཆོ་ག་ཐིམ་པ་དང ། །དཀྱིལ་འཁོར་འཕྲོ་འདུ་རིམ་པ་ཡིས། །འཁོར་བའི་ས་བོན་སྦྱང་བར་བྱ། །དེ་ཚེ་
273b
སྡོང་དུ་\?\་གནས་བཀོད་དེ། །སྡོང་བུ་རེ་ལ་ལྷ་རྣམས་ཀྱི། །སྙིང་པོ་ཚང་པར་གདགས་པ་དང ། །གསོལ་བཏབ་གནང་བྱིན་སྲས་སུ་བསྐྱེད། །འཇུག་དང་དབང་བསྐུར་ལས་རྫོགས་ནས། །ཁྲོ་བོའི་དཀྱིལ་འཁོར་དེ་བཞིན་ཏེ། །ལས་བཞི་མེ་ཡི་ལས་བྱས་ནས། །རྟོག་ཚོགས་ལྷ་གསུམ་དབྱེར་མེད་པའི། །རང་རང་གནས་སུ་དག་པ་ལ། །སྦྱིན་སྲེག་གླུ་བྲོ་གར་གྱིས་མཆོད། །ལས་ཀྱི་བྱ་བ་ཀུན་ཟིན་ནས། །ཐིག་ལེ་ཆེན་པོའི་ངང་ལ་བསྡུ། །དེ་ནས་གཞན་ཡང་བཤད་བྱ་བ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཏེ།། མ་ལུས་བྱང་ཆུབ་སེམས་ཉིད་དེ། །དེ་རྟོགས་བྱ་ཕྱིར་བཤད་པར་བྱ། །ཆོས་རྣམས་མ་ལུས་ཐམས་ཅད་དང ། །དཀྱིལ་འཁོར་མ་ལུས་ཐམས་ཅད་ཀུན། །ཐ་དད་དབྱེ་བ་མི་གནས་ཏེ། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་ཉིད། །རང་བྱུང་མཐོ་དམན་མེད་པ་ཡི། །སྐུ་གསུང་ཐུགས་དང་ལུས་ངག་ཡིད། །མ་ལུས་གཞི་རྩ་སྙིང་པོ་སྟེ། །རང་བྱུང་བྱང་ཆུབ་སེམས་ལ་འདུས། །དེ་ཉིད་རང་རིག་འོད་གསལ་བ། །དངོས་པོ་མ་ཡིན་དངོས་མེད་མིན། །གཉིས་ཀ་མ་ཡིན་གཉིས་མེད་མིན། །མཐའ་དབུས་ཆ་ཤས་ཀུན་བྲལ་བའི། །ཟབ་ཅིང་ཡངས་ལ་རྒྱ་ཆེ་བ། །དེ་བཞིན་གཤེགས་པའི་སྤྱོད་ཡུལ་ཏེ། །རྟོག་གེ་རྣམས་ཀྱི་ཡུལ་མིན་པས། །གསང་བའི་གསང་བ་བྱང་ཆུབ་སེམས།།
274a
༄#། །ེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང ། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ལས་སྐྱེ་བ་མེད། །ེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང ། །འགག་པ་མེད་ལས་ཐམས་ཅད་འགག་།འགག་པ་ཉིད་ནི་འགག་པ་མེད། །ེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང ། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ལ་གནས་པ་མེད། །ེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང ། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང ། །འགྲོ་འོང་མེད་ལས་འགྲོ་དང་འོང ། །འགྲོ་འོང་ཉིད་ལ་འགྲོ་འོང་མེད། །མ་སྐྱེས་རིག་པའི་བྱང་ཆུབ་སེམས། །དངོས་མེད་དངོས་པོའི་རང་བཞིན་དུ། །རྡོ་རྗེ་སེམས་དཔའི་ངོ་བོ་ཉིད། །གཡོ་དང་མི་གཡོར་བཅས་པ་ཡིས། །ཕྱི་ནང་སྣོད་བཅུད་མ་ལུས་པ། །རང་བྱུང་སེམས་ཀྱི་དཀྱིལ་འཁོར་ཉིད། །རང་བཞིན་གནས་དང་རྟོགས་པ་དང ། །བསམ་དང་དམིགས་དང་གོམས་པ་ཡི། །སྐུ་
274b
གསུང་ཐུགས་ཀྱི་མཚན་མ་དང ། །ལྷ་དང་ལྷ་མིན་གསང་བ་དང ། །ཤ་ཟ་འབྱུང་པོ་མི་འམ་ཅི། །གྲུལ་བུམ་ཡི་དྭགས་ཀླུ་རྣམས་དང ། །རྒྱུ་བའི་སྲོག་ཆགས་མ་ལུས་དང ། །རྩི་ཤིང་གེལ་པ་འབྲས་བུ་དང ། །ཕུན་སུམ་ཚོགས་པ་མ་ལུས་པ། །མ་བཅོས་དོན་གྱི་ལྷ་ཉིད་དེ། །བྱང་ཆུབ་སེམས་སུ་ཁྱད་པར་མེད། །ལྷ་ཞེས་གཞན་དུ་བསྟན་པ་ཡང ། །ཚིག་གི་ཐ་སྙད་ཙམ་དུ་ཟབ། །བྱང་ཆུབ་སེམས་ལ་གཉིས་མེད་པར། །རྟོགས་པའི་དོན་ལ་གཅིག་ཏུ་བསྟན། །སྙིང་རྗེ་ཆེན་པོའི་རང་བཞིན་གང ། །གནས་པའི་དོན་དང་མ་ཕྲད་པས། །མ་ལུས་སྙིང་རྗེའི་གནས་གྱུར་པ། །སྙིང་རྗེ་བྱང་ཆུབ་སེམས་ཡིན་ཏེ། །མི་འགལ་དོན་དུ་རབ་སྦྱོར་བ། །ཀུན་རྫོབ་བྱང་ཆུབ་སེམས་སུ་རྗོད། །ཇི་སྙེད་རྣམ་པར་བཅས་པའི་ཆོས། །མ་ལུས་མཐའ་ཡས་བསྟན་པ་ཀུན། །བྱང་ཆུབ་སེམས་ཀྱི་རྣམ་འཕྲུལ་ཏེ། །ནམ་མཁའི་ཆོ་འཕྲུལ་ཇི་བཞིན་དུ། །སྣ་ཚོགས་སྣང་བཞིན་དངོས་པོ་མེད། །དེ་དག་ཇི་ལྟར་གནས་ཀྱང་རུང ། །བྱང་ཆུབ་སེམས་ལས་གཞན་མིན་ཡང ། །ཐུན་མོང་ཡུལ་ཕྱིར་ཕྱི་རུ་བཤད།། རང་ལུས་ཕྱག་རྒྱའི་དཀྱིལ་འཁོར་ལ། །རང་བྱུང་འཁོར་ལ་དྲུག་གནས་པ། །གཡོ་བ་ཡང་གིས་བསྐྱོད་བྱེད་པ། །འགྲོ་བ་ཀུན་གྱི་ལུས་ལ་གནས། །འཕེན་དང་
275a
༄#། །སྡུད་པའི་རང་བཞིན་ཅན། །སྙིགས་མའི་དུས་སུའང་བདེ་བ་འཆར། །སྨིན་པ་གྲུ་གསུམ་སྨད་ན་གནས། །རྣམ་ཐར་སྐུ་གསུམ་རྩ་མདུད་ཅན། །འབར་ཞིང་ཐིག་ལེ་འབེབས་དང་གནས། །རང་ལུས་བདེ་ཆེན་སྨིན་བྱེད་པ། །དེ་ལ་གང་རྟེན་བདེ་བའི་གནས། །སངས་རྒྱས་རིན་ཆེན་གབ་ཚེ་ལ།། ཐུང་དུ་ཨ་སྙིང་ལྟེ་བར་གནས། །འཁྲུལ་ཞིང་འཛག་དང་གནས་པའི་རྩ། །རྡོ་རྗེ་དབུ་མའི་ལམ་དང་འབྲེལ། །ཁྱབ་ཅིང་རྒྱས་པའི་སྙིང་པོ་ཅན། །སུམ་ཅུ་གཉིས་གཉིས་རྩ་ཡིག་ལྡན། །དྷརྨཱ་ཙཀྲ་སྙིང་པོའི་གནས། །རྩ་བཞི་ཡན་ལག་བརྒྱད་ཀྱི་དངོས། །དྭངས་སྙིགས་ཤེས་པ་བརྒྱད་ཀྱི་རྟེན། །རྒྱུ་བ་བཞི་ཡིས་ཤེས་པར་བྱ། །དྭངས་མ་འདུས་པའི་ཐིག་ལེ་ཉིད། ། ལ་བརྟེན་པའི་ཧཱུཾ་གིས་སྡུད། །ཡེ་ཤེས་ལྔ་ཡི་རང་བཞིན་ཅན། །བདེ་བ་མངོན་ཤེས་ཆོས་ཉིད་ལ། །རིམ་པས་མཐར་ཕྱིན་འབྱུང་བར་འགྱུར། །བཅུ་དྲུག་སྒྲ་སྦྱོར་ཐིག་ལེ་ཅན། །འདབ་མ་ཨཱ་ལི་ལྡན་པ་ཡིས། །མ་ལུས་སྒྲ་སྐད་བདག་ཉིད་ཅན། །ཁྱབ་པ་གསུང་གི་བདག་ཉིད་ཅན། །སྡེ་ཚན་བཅུ་དང་ལྡན་པ་ཉིད། །འབྱུང་འཇུག་གནས་པའི་ལམ་ཡིན་ཏེ། །ཐབས་དང་ཤེས་རབ་བསྐུལ་བ་ཡིས། །བདེ་བ་འབྱུང་འགྱུར་ཐེ་ཚོམ་མེད།།
275b
སུམ་ཅུ་རྩ་གཉིས་དཀྱིལ་འཁོར་ན། །ཐིག་ལེ་དེ་ཡི་མཉམ་པའི་དབྱིངས། །མ་ལུས་འབྱུང་བའི་རྒྱུར་གྱུར་ཅིང ། །ལུས་ཅན་ཀུན་ལ་ཁྱབ་པར་གནས། །ཀུན་གྱི་དངོས་ཡིན་ཀུན་གྱི་གཙོ། །མ་ལུས་ཀུན་འདུས་གཉིས་སུ་མེད། །སྤྱི་གཙུག་འདུས་པའི་སྙིང་པོ་ནས། །རྐང་མཐིལ་གསང་བའི་གནས་ཡན་ཆད། །སྐུ་གསུང་ཐུགས་ཀྱི་ཀ་བས་གཟུང ། །སྣོད་བཅུད་རྒྱུད་རྣམས་རང་བཞིན་བཅུད། །དྭངས་སྙིགས་འདྲེས་པ་ཐབས་ཀྱིས་འབྱེད། །གཡོ་ལྡང་སྨོན་འཇུག་གནས་མཐར་ཕྱིན། །སྐད་ཅིག་རིམ་པ་སྐྱེ་འགྱུར་བ། །ཁམས་ལྔ་འདུས་པའི་རི་ཡི་སྟོབས། །སེམས་ལྔ་རིམ་པས་ཤེས་པར་འགྱུར། །འདི་ཉིད་གསུམ་དུ་བཤད་པ་སྟེ། །སྐབས་ཀྱི་རིམ་པས་སྦྱར་བ་ཉིད།། རྩ་དང་ཐིག་ལེ་བདེ་བ་ཡིས། །ཕྱི་ནང་གསང་བའི་ཚུལ་དུ་བཤད། །དེ་ནས་རྒྱལ་རིགས་རྗེ་རིགས་དང ། །བྲམ་ཟེ་གདོལ་པ་གར་མཁན་མ། །ཡིད་འོང་ན་ཚོད་དར་ལ་བབ། །ནུས་དང་ཆགས་པ་ཆེ་བ་དང ། །བཀའ་བློ་བདེ་ཞིང་ཡིད་མི་འཁྲུག་།ལུས་རན་ཤ་མདངས་དཀར་དམར་ཕྱེད། །སྐད་སྙན་དྲན་པས་ཡིད་འཕྲོག་མ། །བཅོ་བརྒྱད་བཅུ་དྲུག་བཅུ་བཞི་དང ། །བཅུ་གཉིས་ལྡན་པའི་བུ་མོ་ལ། །སྦྱོར་བ་ཚང་ཞིང་རྟགས་བྱུང་ནས། །ཐ་མལ་སྤངས་པའི་སྦྱོར་བ་ཡིས། །ས་ཡ་བཅུ་གསུམ་གཉིས་ལྡན་པའི། །
276a
༄#། །གསང་དབང་འདུས་པའི་ཁམས་ལྔ་ལས། །གསེར་འགྱུར་སྨན་དང་མུན་སེལ་ལྟར། །ཐབས་དང་ཤེས་རབ་གཉིས་མེད་པའི། །ཉི་མ་ཟླ་བ་རྩེ་ཕྲད་པའི། །མ་ལུས་འདུས་པའི་རྩེ་འཁོར་ལོ། །འབྱུང་འཇུག་གནས་པ་རླུང་དང་འགྲོགས། །ལྡང་བས་ཐ་མལ་ཤེས་པ་འགག་།གཡོ་བས་ཉམས་ཉིད་རྩ་གཅིག་པ། །སྨོན་པས་ཡིད་གཅིག་འདྲེས་པ་སྟེ། །འཇུག་པ་ཛཿ ཧཱུཾ་བཾ་ཧོཿ སྟེ། །ཤེས་པ་བདེ་བར་འཇུག་པ་ཉིད། །གནས་པས་ཡུན་རིང་གནས་པ་སྟེ། །མཐར་ཕྱིན་འདྲེས་པའི་གར་ཐབས་ཀྱིས། །བརྗོད་བྲལ་ཐིག་ལེའི་བསྟན་པ་འཆར། །ཐ་མལ་ཞེན་པ་ནུབ་གྱུར་ནས། །ཞེན་པ་ལྡོག་ཅིང་རིག་པ་ཐིམ། །རྣམ་ཤེས་བརྒྱལ་བ་ལ་སོགས་འབྱུང ། །ཡིད་འོང་གཟི་ལྡན་ཕྱག་རྒྱ་མ། །མཐོང་བས་ལུས་སེམས་བདེ་བ་དང ། །ཕྲད་པས་སྡུག་བསྔལ་ཉམས་པར་འགྱུར། །འདྲེས་པས་བདེ་བ་བརྟན་པོ་འབྱུང ། །ཐབས་དང་ལྡན་པས་སྤྱད་གྱུར་ན། །སྐལ་བར་སྦྱངས་པས་མི་འབྱོངས་པའི། །རྣམ་རྟོག་ཞེན་པ་ལོག་གྱུར་ནས། །ད་ལྟ་བདེ་བ་ཆེན་པོར་སྨིན།། ཐོབ་པ་བརྟན་འདོད་རྣལ་འབྱོར་པས། །མཐོང་དང་ཐོས་དང་ལྷན་ཅིག་གནས། །འཁྱུད་དང་འཕྲད་དང་སྤྱད་པ་ཡིས། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྐྱེ། །དབང་
276b
དང་མི་ལྡན་སྐལ་ངན་དང ། །དམན་པས་མི་རྟོགས་ཡུལ་མིན་པས། །གསང་བ་ཞེས་ནི་བཤད་པ་ཡིན། །དེ་ནས་གཞན་ཡང་བཤད་བྱ་བ། །རིམ་པའི་ཏིང་འཛིན་མཐར་ཕྱིན་ནས། །སྐུ་དང་གསུང་དང་ཐུགས་ལྡན་པའི། །ཚོམ་བུ་གསུམ་པར་ལྡན་པ་ཡི། །སུམ་ཅུའི་དཀྱིལ་འཁོར་བསྒོམ་པར་བྱ། །གང་དུ་རྒྱས་པའི་དབང་གྱུར་ལ།། རིགས་ལྔ་ཡེ་ཤེས་ལྔར་ལྡན་ཅིང ། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །བདུན་ཅུའི་རིམ་པ་བསྒོམ་པར་བྱ། །མོས་ཆུང་གསང་བར་སྤྱོད་འདོད་པས། །ཚོམ་བུ་གཅིག་པའི་དཀྱིལ་འཁོར་ཏེ། །བཅུ་འམ་ཡང་ན་བཅོ་བརྒྱད་པའི། །ཚོམ་བུ་ཐ་མ་བསྒོམ་པར་བྱ། །འདིར་ནི་དཀྱིལ་འཁོར་ཀུན་འདུས་པའི། །ཚོགས་ཀྱི་འཁོར་ལོ་བསྒོམ་པར་བྱ། །གང་དུ་གདུག་པ་འདུལ་བ་ཡི། །དཀྱིལ་འཁོར་རིམ་པ་དེ་བཞིན་ཏེ། །རིམ་པ་བསྒྱུར་བའི་ཁྲོ་བོ་ནི། །རིམ་པ་མ་འདྲེས་ཙམ་དུ་བསྒོམ། །རྣལ་འབྱོར་ཡོ་བྱད་ཚོགས་པ་ཡིས། །དཀྱིལ་འཁོར་ཏིང་འཛིན་སྤྱོད་ཚོགས་པ། །མ་ལུས་ཚོགས་པས་ཚོགས་ཞེས་བྱ། །དང་པོར་དད་དང་བརྩོན་འགྲུས་དང ། །དམ་ཚིག་ལྟ་སོགས་སྔོན་སོང་ཞིང ། །རིམ་བཞིན་ཏིང་འཛིན་མཐར་ཕྱིན་པས། །ནུས་པ་ཡོད་པའི་རྣལ་འབྱོར་པ། །སྐལ་ལྡན་དྲོད་ཚད་མཉམ་པའམ། །མི་ལྡན་འཕྲོ་འདུ་
277a
༄#། །སྦྱངས་པས་འགྲུབ། །རབ་ཏུ་དབེན་ཞིང་ཡིད་འོང་བ། །རི་རྩེ་གསང་འདབས་ཆུ་གླིང་ངམ། །དུར་ཁྲོད་རི་བོར་ནགས་འདབས་ཏེ། །སྐྱེ་བོ་འདུས་དང་རྣམ་བྲལ་ཞིང ། །བར་ཆད་བྲལ་བའི་ས་ཕྱོགས་དེར། །རྣལ་འབྱོར་རྒྱལ་པོ་ལྟ་བུའི་ཕྱིར། །རིན་ཆེན་ཡིད་འོང་མཛེས་བརྒྱན་པའི། །འཁོར་ཁང་ཕྱི་ནང་བར་ལྡན་པ། །འཆགས་སར་བཅས་པར་བརྩམ་པར་བྱ། །རྣལ་འབྱོར་ཕོ་མོ་གྲངས་མཉམ་པ། །ལྟ་སྤྱོད་ཏིང་འཛིན་དམ་ཚིག་ཚང ། །བྲོ་གར་འདུས་འཕྲོ་ཡོ་བྱད་དང ། །གླུ་ཚིག་སྒྲ་ཡི་ཡོ་བྱད་དང ། །བཟའ་དང་བཏུང་བའི་ཡོ་བྱད་དང ། །རྒྱན་དང་བགོ་བའི་ཡོ་བྱད་དང ། །ཱ་ལི་ཀཱ་ལི་མཉམ་སྦྱར་ཞིང ། །ཉི་ཟླ་བརྩེགས་པའི་ངོ་བོར་བཞུགས། །ལྷ་དང་མི་དང་ཡོ་བྱད་དང ། །གནས་དང་སྤྱོད་པ་ཀུན་ཚོགས་པས། །དེ་དག་ཚོགས་སུ་བཤད་པ་ཡིན། །ཐབས་དང་ཤེས་རབ་འབྲེལ་གྱུར་ནས། །ཡབ་ཡུམ་གསལ་བའི་ཏིང་འཛིན་ལ། །མཐའ་ཐུག་མེད་པའི་རྒྱལ་བ་རྣམས། །ནམ་མཁའི་ཆར་བཞིན་ཀུན་བཀུག་ལ། །ཡབ་ཡུམ་གཉིས་མེད་འདྲེས་པ་ལ། །དབང་བསྐུར་བྱིན་བརླབས་རྒྱན་བཏགས་ཏེ། །བདུད་རྩི་ལྔ་དང་ཤ་ལྔ་དང ། །བཟའ་བཏུང་ལྔ་ལ་ལྔ་རོལ་ཞིང ། །འོད་ཀྱིས་མ་ལུས་ཚིམ་པ་དང ། །
277b
འགྲོ་མང་བདེ་བ་ཐོབ་པར་བྱ། །བྲོ་ལྔ་གར་ལྔ་སྟབས་ཚིག་ལྔ། །བྲོ་གར་རྩེ་འཇོ་བརྗོད་པ་ཡིས། །རིགས་ཀྱི་འོད་ཟེར་འཕྲོ་འདུར་གསལ། །འགྲོ་བའི་ཕྱི་ནང་མུན་བསལ་ཏེ།། རིག་འཛིན་ས་ནས་ས་རུ་སྦྱང ། །གླུ་ལྔ་ཆིག་ལྔ་རིགས་ལྔ་ཡིས། །ཕྱོགས་ཕྱོགས་བལྟས་ཏེ་བརྗོད་པ་ནི། །འགྲོ་བ་ཀུན་གྱིས་བདེ་ཐོབ་ཅིང ། །ཆོས་ཀྱི་དུང་ཆེན་སྒྲ་ཡང་སྒྲོག་།ཕྱི་ནང་རྒྱན་གྱི་ཡོ་བྱད་ནི། །རིན་ཆེན་ཟེའུ་པྲོག་རྣ་ཆ་དང ། \?\་གདུབ་རྐང་གདུབ་མགུལ་ཏོ་དང ། །ན་བཟའ་རྒྱན་གྱིས་གང་བརྒྱན་པས། །ཡིད་འོང་ཏིང་འཛིན་གསལ་བ་དང ། །འགྲོ་བས་བལྟ་བའི་འོས་སུ་འགྱུར། །རླུང་དང་ནུས་པའི་སྟོབས་ལྡན་ཞིང ། །སྒོ་གསུམ་བག་ཆགས་ཟད་འགྱུར་ཏེ། །བྱིན་རླབས་རླུང་ལ་དབང་ཐོབ་པས། །ཱ་ལི་ཀཱ་ལི་མཉམ་སྦྱར་བ། །བཅུ་དྲུག་རྫོགས་པའི་དུས་སྦྱར་བས། །བདག་པོ་གདུང་ཅན་ཕྲང་པའི་ཚེ། །ཉི་ཟླ་དུས་གཅིག་ཤར་བའི་ཚེ། །ཐུན་མོང་ཐུན་མོང་མ་ཡིན་པའི། །སྤྱོད་ཡུལ་ནུས་པ་ཀུན་བཟློག་ནས། །མཐོང་ལམ་རང་གི་མཚན་ཉིད་སྐྱེ། །ཟླ་བའམ་ཟླ་ཕྱེད་དུས་མཆམས་སོགས། །བདེ་ཆེན་ཉམས་མྱོང་རྒྱུན་མི་འཆད། །མཐོང་བའི་དོན་ལ་མཉམ་བཞག་པས། །བརྟན་ཞིང་ངེས་པས་གདེང་དུ་གྱུར། །སྐུ་ནི་ཕྱག་རྒྱ་ཆེན་པོ་སྟེ། །བདེ་ཆེན་ཟག་མེད་ཏིང་ངེ་འཛིན། །བསྐལ་
278a
༄#། །པ་བརྒྱ་ཕྲག་སྟོང་དུ་ཡང ། །བདེ་བ་ཆེན་པོ་རྒྱུན་མི་འཆད། །སྤྲུལ་པའི་ལོངས་སྤྱོད་མཛད་པ་ཡིས། །འཇིག་རྟེན་ཁམས་མང་འགྲོ་བ་དང་།། དེ་ཚེ་འགྲོ་བའི་དབྱིངས་སུ་སྦྱོར། །རྡོ་རྗེ་ལུས་ཐོབ་དེ་ཕྱིན་ཆད། །སྐྱེ་ཤི་མེད་པའི་གཡུང་དྲུང་ཡིན། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་སྒྱུར་རིགས་ཀྱི་དམ་པ་འགྲུབ། །དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །ཡེ་ཤེས་ཐིག་ལེ་དེ་ཉིད་ལ། །ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག་།གང་ཟག་རིམ་པར་འཇུག་པ་རྣམས། །དང་པོར་དངོས་དོན་མཐོང་བ་ཡིས། །ཚེ་འདིས་ས་ལ་བགྲོད་བྱ་ཞིང ། །བསམ་བྱས་ལྷུན་གྲུབ་ཉིད་ཐོབ་ཕྱིར། །ལྟ་སྤྱོད་ཏིང་འཛིན་རིམ་འབྲེལ་བས། །བར་ཆད་མེད་པའི་ལམ་ལ་འབད། །གནས་སྐབས་རིམ་པ་ཇི་སྙེད་ཀྱང ། །ཐ་མལ་པ་དང་ལོག་སྤྱོད་དང ། །མོས་པ་ལ་སོགས་ཡུལ་མིན་ཏེ།། ནུས་དང་གྲུབ་པ་ཐོབ་པ་ཡིས། །གསང་བ་ལམ་དང་འབྲེལ་པར་བྱ། །རྣལ་འབྱོར་ཆེན་པོ་ལྔ་ལ་གནས། །རིམ་ནས་རིམ་པར་བརྟན་གྱུར་ཏེ། །གསལ་ལྡན་མེ་གཡོ་ཐོབ་པ་ལ། །ཉམ་པ་མེད་པའི་སྟོབས་ལྡན་པས། །པདྨ་ལ་ནི་འདམ་བཞིན་ཏེ། །སྤྱོད་པ་སོ་སོ་གནས་པ་ཡིས། །རྩ་བ་སྤྲོས་བཅས་རྣལ་འབྱོར་ཏེ། །སྒྲུབ་
278b
པ་དུས་ཀྱི་ཚོགས་ལ་གནས། །ཡན་ལག་ཚོགས་ཀྱི་སྤྱོད་པར་གསུངས། །གང་ཕྱིར་དཀྱིལ་འཁོར་ངེས་བསྟན་པ། །རང་རིག་མཐའ་དབུས་མེད་པ་དཀྱིལ། །ཡེ་ཤེས་བཞི་འཕྲོས་འཁོར་ལོའི་ཚུལ། །འཇིག་རྟེན་འདས་པ་དཀྱིལ་ཉིད་དེ། །འཇིག་རྟེན་སྣ་ཚོགས་འཁོར་དུ་བཤད། །རིག་པའི་དོན་ཉིད་དཀྱིལ་ཉིད་དེ། །ཆོ་འཕྲུལ་རང་བྱུང་འཁོར་དུ་གསུངས། །རྡོ་རྗེ་སེམས་དཔའ་དཀྱིལ་ཉིད་དེ། །རིགས་བཞི་ལྷ་དང་ལྷ་མོ་དང ། །ཁྲོ་བོ་ཁྲོ་མོ་འཁོར་དུ་བཤད། །ལྷ་ཡི་ཏིང་འཛིན་དཀྱིལ་ཉིད་དེ། །སྤྱོད་པ་ཡོ་བྱད་འཁོར་དུ་བཤད། །གང་ལ་གང་གིས་རྒྱས་བཏབ་པ། །གོམས་དང་རྟས་པའི་དབང་གིས་ན། །ཇི་ལྟར་སྣང་གྲགས་ཆོས་ཐམས་ཅད། །དེ་དང་དེ་ཡི་ངོ་བོར་འགྱུར། །རྡོ་རྗེ་སེམས་དཔའི་རྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ལས། དཀྱིལ་འཁོར་མ་ལུས་པར་བཤད་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །དབང་བསྐུར་ཆོ་ག་ཕུན་སུམ་ཚོགས། །ཐབས་ཀྱི་ས་ལ་སྦྱོར་བྱེད་པའི། །རྟོག་པའི་ཆོ་ག་བཤད་པར་བྱ། །རྒྱལ་བ་ཀུན་གྱི་གསང་ཆེན་པོ།། མ་ལུས་པ་ཡི་རྒྱ་མཚོ་ཉིད། །རྒྱལ་བ་ཀུན་གྱི་སྤྱི་གཟུགས་ཏེ། །འཁོར་ཚོགས་ཡེ་ཤེས་རྒྱ་མཚོལ། །རང་བཞིན་དཀྱིལ་འཁོར་ལྷན་ཅིག་ཏུ། །ཡེ་ཤེས་ལྷ་མོ་ལ་
279a
༄#། །བརྟེན་ནས། །ཡེ་ཤེས་ཆེན་པོའི་དབང་བསྐུར་བས། །གསང་བདག་རྡོ་རྗེ་འཆང་ཆེན་འགྱུར། །ཡེ་ཤེས་རྒྱ་མཚོ་དབང་ཕྱུག་གིས། །དང་པོ་ནས་བཟུང་བཅུ་པའི་བར། །ཏིང་འཛིན་འབར་བའི་དཀྱིལ་འཁོར་དུ། །རིག་པའི་ལྷ་མོ་ལ་བརྟེན་ནས། །ཏིང་འཛིན་ཆུ་བོས་དབང་བསྐུར་བས། །ས་དང་ཡེ་ཤེས་ཞིང་ཁམས་དང ། །རྫུ་འཕྲུལ་མཛད་པའི་རིམ་པར་འཕེལ། །མཐོང་ལམ་རྡོ་རྗེ་སྐུ་ཐོབ་པས། །ངེས་འབྱེད་ཉམས་ལྡན་རྣལ་འབྱོར་ལ། །རིག་པ་ཉམས་ཀྱི་དཀྱིལ་འཁོར་དུ། །རིག་པ་རྩལ་གྱིས་གཟུངས་བརྟེན་ནས། །ཟག་མེད་རྡོ་རྗེ་སྐུ་ལ་སྦྱོར། །རིག་པ་བརྟན་ཐོབ་རྣལ་འབྱོར་པས། །ལས་དང་སྐལ་ལྡན་རྣལ་འབྱོར་ལ། ། ལྷག་པ་གཟུགས་བརྙན་དཀྱིལ་འཁོར་དུ། །རིག་མའི་ཕྱག་རྒྱ་མཛེས་མ་ལ། །དབང་བསྐུར་བྱིན་བརླབས་བརྟེན་བྱས་ནས། །ཆོ་ག་ཐབས་ཀྱི་དབང་བསྐུར་ཞིང་།། བརྒྱུད་པ་དབང་གི་མན་ངག་གིས། །སྦྱོར་བ་ཉམས་ལེན་རྣལ་འབྱོར་ཐོབ། །ཡེ་ཤེས་རྒྱ་མཚོ་བློ་ལྡན་ཞིང ། །ཐུགས་རྗེ་རྒྱ་མཚོས་འགྲོ་བ་སྐྱོབ། །དམ་ཚིག་དབང་དང་རིག་པ་དྲོད། །རིམ་པར་བརྒྱུད་པའི་དབང་ཐོབ་ཅིང ། །དགོངས་ཟབ་དོན་ལ་མཁས་པ་དང ། །རྐྱེན་ཐུབ་ས་བོན་གཟི་བརྗིད་ཆེ། །ལས་དང་བྱ་བ་མ་རྨོངས་
279b
ཤིང ། །མ་ཡེངས་བརྩོན་འགྲུས་བར་ཆད་མེད། །རི་དྭགས་རྒྱལ་པོ་སེངྒེ་ལྟར། །གཟི་ཆེན་གཞན་གྱི་ཉམ་ང་མེད། །བྱིན་བརླབས་འདུས་པའི་ནུས་པ་ཅན། །ཚིག་དང་བདེན་པའི་བྱིན་རླབས་འགྲུབ། །དེ་ཡིས་དབང་བསྐུར་ཆོ་ག་བརྩམ། །དད་དང་དམ་ཚིག་ལྡན་པ་དང ། །སྙིང་རྗེ་ཆེ་ལ་སློབ་ལ་བརྩོན། །བརྩོན་འགྲུས་ཤེས་རབ་ཕུན་སུམ་ཚོགས། །བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཐོས་བསམ་སྒོམ་ལ་རབ་གནས་པའི། །འགྱུར་མེད་བརྟན་པའི་བསམ་པ་ཡིས། །ཐ་མལ་བསམ་པ་སྤངས་བྱས་ཏེ། །བླ་མ་ལ་ནི་དེ་བཞིན་གཤེགས། །འདུལ་དབང་ཐབས་མཁས་བསམ་པར་བྱ། །བླ་མ་སངས་རྒྱས་ངེས་ཀྱང་ནི། །སྙིང་རྗེས་ནད་པ་བཞིན་བསམ་ཞིང ། །སྐྱོན་དང་མནར་དང་སླུ་སེམས་སྤང ། །རང་རང་ནུས་པ་ལྡན་པ་དང ། །བདག་གཞན་དོན་ནུས་བརྩོན་འགྲུས་ལྡན། །བརྟུལ་ཞུགས་གསུམ་དང་རབ་ལྡན་ཞིང ། །དངོས་གྲུབ་དོན་དུ་གཉེར་བ་ཡི། །གསང་ཆེན་རིགས་སུ་ངེས་པ་དང ། །གཞན་གྱི་དབང་དུ་མི་འགྱུར་ན། །དབང་དང་མན་ངག་སྦྱིན་པར་བྱ། །རི་བོའི་ཕྱོགས་སོགས་འབྱོར་པ་མོད། །ལྗོན་ཤིང་མེ་ཏོག་རྒྱས་པའི་ཚུལ། །ཙནྡན་དྲི་བསུང་ལྡན་པའི་རི། །བདག་དབང་བར་ཆད་མེད་པའི་གནས། །ཕྱི་དང་ནང་དང་གསང་བ་ཡི། །རི་བོ་དགོན་པ་
280a
༄#། །ཡོན་ཏན་གནས། །མ་ལུས་འདུས་པའི་དགོན་པ་དེར། །རྙེད་དང་དེར་ནི་གནས་པར་བྱ། །ས་བཅུ་མཐར་ཕྱིན་གང་ཟག་ལ། །ཞིང་ཁམས་མཐའ་ཐུག་མེད་གནས་སུ། །རྒྱལ་བ་རྡོ་རྗེ་འཆང་ཆེན་པོས། །ཡེ་ཤེས་ལྷ་མོ་ལ་བརྟེན་ཏེ། །སྐད་ཅིག་ཡེ་ཤེས་དབང་བསྐུར་བས། །བཅོ་བརྒྱད་ཡོན་ཏན་ལྷུན་གྲུབ་པ། །སྐད་ཅིག་ཉིད་ལ་ལྷུན་རྫོགས་ཏེ། །པདྨ་སྤྱན་གྱི་ས་ལ་གནས། །ཡི་གེ་འཁོར་ལོ་ས་ལ་སྨིན། །བདག་གཞན་འབྱེད་པ་མེད་པ་ཡི། །བདེ་ཆེན་ཕྱོགས་རིས་མེད་པར་དགོངས། །འཕེལ་འགྲིབ་མེད་པའི་རང་བཞིན་པས། །གཞན་དོན་ཡིད་བཞིན་ནོར་བུ་བཞིན། །ས་ཐོབ་གོམས་བརྟན་སྐྱེས་བུ་ལ། །ཏིང་འཛིན་རིག་པའི་ཕོ་བྲང་དུ། །རྒྱལ་ཚབ་སྐྱེས་བུ་མཐའ་དག་གིས། །རིག་པའི་ལྷ་མོ་ན་སོ་མེད། །རིག་བྲལ་ཏིང་འཛིན་སྟོབས་ལས་གྲུབ། །དེ་ལ་སློབ་མས་ངེས་བསྟན་ནས། །ཇི་ལྟར་ཆུ་ལ་ཇི་བཞིན་དུ། །ཏིང་འཛིན་བྱིན་རླབས་དབང་བསྐུར་བས། །རྣམ་པ་དང་བྲལ་དབང་རྣམས་ནི། །ཉམས་མྱོང་དབང་དུ་རང་ཤར་ཏེ། །ཐོབ་དང་བརྟན་དང་གོམས་པ་ཡིས། །འཇིག་རྟེན་བརྒྱ་དང་སྟོང་ཕྲག་བཅུ། །འབུམ་སོགས་བདག་གཞན་དོན་རྫོགས་ཏེ། །སྐད་ཅིག་ཉིད་ལ་རག་ལས་པས། །རྒྱལ་ཚབ་ཆོས་ཀྱི་རྒྱལ་
280b
པོར་བཤད། །ལམ་ཞུགས་རིགས་ཕྱེད་རྟགས་ཐོབ་ལ། །སློབ་དཔོན་མཐར་ཉེ་ལམ་གནས་པས། །རྒྱང་གྲགས་དཔག་ཚད་ལ་སོགས་པར། །རྡོ་རྗེ་ཐིག་ཚད་སྦྱོར་བརྗོད་པས། །ཕྱག་རྒྱ་དཀྱིལ་འཁོར་གསལ་ལྡན་པ། །སྣ་ཚོགས་དཀྱིལ་འཁོར་མཆོག་ཏུ་གསུངས། །སྣ་ཚོགས་རིག་པས་དབང་བསྒྱུར་བའི། །སངས་རྒྱས་སྟོང་གི་དཀྱིལ་འཁོར་དུ། །སྟོབས་ལྡན་བུ་མོ་ལ་བརྟེན་ཏེ། །ཐབས་དང་ཏིང་འཛིན་དབང་བསྐུར་བས། །རྡོ་རྗེ་ཚེ་ལ་དབང་ཐོབ་ཅིང ། །ཆོ་འཕྲུལ་མངོན་ཤེས་ལྡན་པར་འགྱུར། །དང་པོ་ཡོན་ཏན་ཀུན་ལྡན་པའི། །རིགས་སུ་ངེས་པའི་བུ་མཆོག་སྟེ། །དད་བརྩོན་བརྟུལ་ཞུགས་ལྡན་པ་ཡི། །མི་འགྱུར་བརྟན་པའི་རིགས་ཅན་ལ། །དྲོད་ལྡན་གནང་ཞིང་དབང་ཐོབ་པ། །རྒྱལ་པོ་ལྟ་བུ་བླ་མ་ཡིས། །ལྷག་པ་གཟུགས་བརྙན་བྱིན་ལྡན་དུ། །དད་མོས་བརྩོན་འགྲུས་འཇུག་པ་ཡི། །མི་ལྡོག་དང་བརྟན་ཚུལ་གྱིས་བཞུགས། །དབུ་རྒྱན་ཅོད་པན་ཕྲེང་བ་དང ། །གདུགས་དང་བུམ་པ་བཟའ་བཏུང་དང ། །གོ་ཆ་ཕྱག་རྒྱ་རྒྱལ་མཚན་དང ། །སྙིང་པོ་ལྔ་ཡིས་དབང་བསྐུར་བ། །རང་བཞིན་ངོ་བོས་གནས་ཚུལ་ན། །རྫས་ཐབས་ཏིང་འཛིན་དབང་བསྐུར་བས། །ནུས་པའི་བྱིན་རླབས་མངོན་ཤར་ནས། །ཐེག་ཆེན་རྡོ་རྗེ་རིགས་སུ་འགྱུར། །དེ་ནས་སྐལ་ལྡན་སློབ་མ་དེས། །ཐ་མལ་འདུ་
281a
༄#། །ཤེས་ཀུན་བཟློག་སྟེ། །རང་རང་ལྷར་བཅས་གསལ་བ་ལ། །ནུས་པའི་ཚད་དང་ཉམས་སྦྱར་ནས། །ཉན་པའི་དབང་དང་སྒོམ་པ་དང ། །འཆང་དང་འཕྲིན་ལས་བྱེད་པ་དང ། །རྡོ་རྗེ་རྒྱལ་པོ་སློབ་དཔོན་དབང ། །རང་བཞིན་ངོ་བོས་གནས་པ་ལ། །ཇི་ལྟར་ཆུ་ལ་ཆུ་བཞག་དང ། །འབྲས་དང་ཏིང་འཛིན་དབང་བསྐུར་བས། །མི་ནུས་པ་ཐོབ་པའི་ཚད། །མི་ནུས་པ་ལ་བསྐུར་བ་མིན། །ཚད་ལྡན་རྣམས་ལ་རིམ་པར་བསྐུར། །རིག་མ་ལས་ཀྱི་ཕྱག་རྒྱ་མོ། །བཅུ་དྲུག་བཅོ་བརྒྱད་ལྡན་པ་ཡི། །དྲི་ཞིམ་ཡོན་ཏན་ལྡན་པ་ལ། །ཐབས་དང་ཤེས་རབ་གཉིས་མེད་པའི། །རྒྱལ་བ་ཀུན་གྱི་བཅུད་འདུས་པའི། །རྡོ་རྗེ་པདྨའི་རྩ་འཁོར་ལོ། །ཡེ་ཤེས་ལྔ་ཡི་རོ་ལྡན་པ། །ཐབས་དང་ཤེས་རབ་སྣོད་ཀྱི་མཆོག་།ཐབས་གསུམ་ཚུལ་གྱིས་རྩེར་བསྟིམས་པས། །དུས་གསུམ་རྒྱལ་བ་ཐམས་ཅད་ཀུན། །ཡུངས་ཀར་ཚད་ཙམ་རྡོ་རྗེ་སེམས། །རྩེ་ནས་རྩེ་རུ་ཐིམ་པ་ལས། །གནས་ངན་ལེན་པ་གསུམ་སྦྱངས་ཏེ། །རྩ་བཅུད་ཐིག་ལེའི་ངོ་བོ་ཉིད། །མར་མེ་འོད་ལྟར་གསལ་གྱུར་པས། །བདེ་ཆེན་ཉམས་དང་རྟགས་ཐོབ་པ། །དེ་ལྟར་ཉིད་འབྱུང་ཐེ་ཚོམ་མེད། །རྡོ་རྗེའི་ཉི་མ་རབ་ལྡན་པའི། །བཅུ་བཞི་བཅུ་དྲུག་རབ་ལོན་པ། །ཕྱི་ནང་གསང་བའི་
281b
ཡོན་ཏན་ཉིད། །བྱིན་རླབས་རིག་མ་ལྷ་མོར་བྱས། །ཆགས་པ་སྐྱེད་པའི་ཐབས་རྣམས་ཉིད། །བློ་དང་ལྡན་པས་མངོན་སུམ་བྱ། །དེ་ནས་ཆོ་ག་ཀུན་རྫོགས་ནས། །བླ་མས་གཉིས་མེད་གཏད་བྱའི་ཕྱིར། །བྱིན་རླབས་སྦྱོར་བ་བྱས་ནས་ཡང ། །གཉིས་ཀའི་སྲིན་ལག་བཟུང་ནས་ནི། །སློབ་མ་འདི་ལ་ལེགས་གཏད་ལ། །གསང་བའི་གནང་བ་སྦྱིན་པར་བྱ། །སྐྱེས་བུ་འདི་བཟུང་བཟང་བ་ཡིན། །དེ་རིང་ཕན་ཆད་བུ་མཆོག་ཁྱོད། །སྒོ་གསུམ་ལྷ་རུ་མཉམ་སྦྱོར་བས། །ཐ་མལ་དམན་པའི་ལྟ་བ་སྤང ། །བདེ་བ་ཆེན་པོ་ཉམས་མྱོང་བས། །དཀའ་ཐུབ་ཐེག་པའི་ལྟ་བ་སྤང ། །ཐབས་དང་ཤེས་རབ་གཉིས་མེད་པ། །བདེ་བའི་ཉམས་མྱོང་བརྟན་པར་བྱོས། །བརྟན་པ་བར་ཆད་མེད་པ་བསྒོམ། །རྡོ་རྗེ་འཆང་གིས་ལ་འགྲོ། །དེ་བས་སྐལ་ལྡན་རིགས་བཟང་ཀྱེ། །གཏན་དུ་འབར་བར་མ་བྱེད་ཅིག་།སྦྱོར་བའི་ཐབས་དང་ཏིང་འཛིན་དང ། །རྒྱུ་བའི་རླུང་ལ་དབང་ཐོབ་པས། །ཐིག་ལེའི་ལས་ལ་ཐོགས་པ་མེད། །རྒྱལ་བའི་དཀྱིལ་འཁོར་རྡུལ་ཕྲན་སྙེད། །མ་ལུས་འདུས་པའི་ཐིག་ལེ་ཉིད། །ས་ཡང་བཅུ་གསུམ་གཉིས་ལྡན་པ། །ཉམས་མྱོང་བརྟེན་ཅིང་གཉིས་མེད་སྦྱར། །རླུང་གིས་བརྟེན་པའི་ཐིག་ལེ་ཉིད། །རོ་གཅིག་དུས་མཉམ་ཚུལ་བྱུང་བ། །དྲག་པ་མ་ཡིན་དལ་བ་མིན། །དགོངས་
282a
༄#། །པ་ཉམས་དང་ཞེན་ཆགས་མིན། །ཱ་ལི་ཀཱ་ལི་ཞུ་བའི་སེམས། །སངས་རྒྱས་ཕྲེང་བ་གཉིས་སུ་མེད། །རྡོ་རྗེ་པདྨ་རབ་བསྐྱོད་ཅིང ། །འཁྱུད་པ་གར་གྱི་ཕྱག་རྒྱ་ལས། །ཉི་ཟླ་རྩེ་ཕྲད་འབྱོར་པ་ན། །བྱེད་པ་རླུང་གི་ཐིག་ལེ་གཟུང ། །རྒྱུ་བ་གཅད་ཅིང་ཐིག་ལེ་མནན། །ཤེས་པ་ནམ་མཁའི་ངང་ལ་གཏད། །དབང་པོ་ཤེས་རབ་ཆེ་ཆུང་གིས། །ལན་གསུམ་བརྟན་པར་གྱུར་པའམ། །མ་ཐོབ་བར་དུ་སྦྱིན་པར་བྱ། །རྡོ་རྗེ་ཟླ་འོད་མཛེས་ལྡན་མ། །དམན་དང་རིགས་ངན་རྣམ་པར་སྤངས། །རྡོ་རྗེ་དབང་པོས་མ་ཕོག་ཅིང ། །གཞན་དབང་ལོངས་སྤྱོད་མ་བྱས་པ། །བཅུ་གཉིས་བཅུ་བཞི་བཅོ་ལྔའང་རུང ། །ཐབས་དང་ཟས་དང་སྤྱོད་ལམ་གྱིས། །བསྙེན་པའི་ཆོ་ག་གཞུང་བཞིན་བྱ། །རྡོ་རྗེ་ལྕེ་དང་སྲིན་ལག་དང ། །སྲིན་ལག་བཅོས་མ་ལ་སོགས་པ། །ཐབས་དང་བྱུག་པའི་ཡན་ལག་གིས། །གསང་བའི་ཕོ་བྲང་རྒྱས་པར་བྱ། །འཁོར་བ་ཟིལ་གནོན་རྩ་རྙེད་ནས། །བདག་པོ་དུང་ཅན་རྣམ་པར་སྦྱར། །ཐིག་ལེ་མྱུར་བུལ་རྟགས་བྱུང་ནས། །རྒྱུ་བ་རླུང་གི་ཚད་དུ་ཟུང ། །ཉི་ཟླ་དུས་གཅིག་ཤར་བ་ལ། །འཁོར་བ་ཟིལ་གནོན་ཐབས་ཆེན་པོ། །མྱོང་བས་ཆུ་རྒྱུན་ཏིང་འཛིན་ཐོབ། །གལ་ཏེ་རྩ་དང་བྲལ་པ་ན། །ཕཊ་དང་ལྡན་ན་འཕྲོ་བར་འགྱུར། །དྭངས་རླུང་མཉམ་པས་ཟིན་པར་འགྱུར། །བཟློག་པ་འདྲེན་པའི་ཧཱུཾ་གིས་ཤེས། །སྡུད་པའི་ཧཱུཾ་གིས་བསྡམས་གནས་པ། །ཐིག་
282b
ལེས་ལུས་ལ་ཁྱབ་པར་བྱེད། །དང་པོར་ས་བོན་འཇོག་པ་སྟེ། །གཉིས་པས་ནུས་པ་སྐྱེད་པ་ཡིན། །གསུམ་པས་ཉམས་མྱོང་སྐྱེད་པ་ཡིན། །བཞི་པས་དེ་ཉིད་བརྟན་པར་བྱེད། །ལྔ་པས་བརྟན་པས་ཉམས་བླངས་པས། །མཆོག་གི་དངོས་གྲུབ་ཚེ་འདིས་འགྲུབ། །རྡོ་རྗེ་སློབ་དཔོན་གནང་ཐོབ་བ། །ནུས་ལྡན་རབ་གནས་ཆོ་ག་བརྩམ། ། དེ་ནས་སློབ་མ་ཚུལ་བཞིན་གཞུག་།སྒོ་གསུམ་ཉེས་པ་ཀུན་བྲལ་བའི། །སྡོམ་པའི་དམ་ཚིག་ཕོག་བྱས་ལ། །དབང་བསྐུར་རིམ་པ་སྦྱིན་པར་བྱ། །དབང་གི་ཉམས་མྱོང་བརྟན་བྱའི་ཕྱིར། །གདམས་ངག་རྗེས་མཐུན་སྦྱིན་པར་བྱ། །གདམས་ངག་ཉམས་བརྟན་ལམ་རིམ་སྟེ། །ལམ་མཐར་ཕྱིན་པ་འབྲས་བུ་ཉིད། །དྲོད་མཐར་ཕྱིན་དང་ས་བརྒྱད་དང ། །གྲགས་ཆེན་སངས་རྒྱས་ས་དག་ལ། །རང་རིག་རྟགས་དང་ཐུགས་རྗེ་ཡིས། །འདྲེན་སྟོབས་མཁའ་འགྲོ་གསུམ་དུ་སྣང ། །མཁའ་དང་སྒྲ་དང་གཟུགས་ཅན་གྱི། །པདྨ་ཅན་ཞེས་གྲགས་པ་ཡི། །སྦྱོར་དང་གླུ་དབྱངས་སྣང་བ་དང ། །གཟུགས་ཙམ་བརྟན་པས་གྲོལ་བར་འགྱུར། །དབང་བསྐུར་རྩ་བའི་དཀྱིལ་འཁོར་ནི། །མ་བཅོས་རྡོ་རྗེ་དབྱིངས་དཀྱིལ་འཁོར། །ཁྲོ་བོའི་དཀྱིལ་འཁོར་ཡན་ལག་སྟེ། །སྒྲུབ་དང་གདུག་པ་གདུལ་ཕྱིར་ཡིན། །དང་ལ་རྩ་བའི་དབང་ཐོབ་ནས། །ཕྱི་མའི་དཀྱིལ་འཁོར་
283a
༄#། །དབང་ཐོབ་བྱ། །གདུལ་བྱ་མོས་པའི་དབང་བརྩན་ལ། །ཐུན་མོང་ཙམ་དུ་ངེས་པ་མེད། །དང་པོ་གཉིས་པ་གསུམ་པ་དག་།རྡོ་རྗེ་སེམས་དཔའི་དབང་བསྐུར་ཡིན། །བཞི་པ་དང་ནི་ལྔ་པ་ཉིད། །ཧེ་རུ་ཀ་ཡི་དཀྱིལ་འཁོར་རོ། །དུས་གསུམ་རྒྱལ་བས་བྱིན་བརླབས་པའི། །མ་ནོར་ལམ་སྟོན་སློབ་དཔོན་ལ། །མཉེས་དང་བཀུར་བར་མི་བྱེད་ཅིང ། །རང་རང་ནུས་ཤིང་འཇུག་པ་ལ། །དབང་བསྐུར་གནང་བ་མ་བྱིན་པར། །གསང་བ་བཤད་དང་ཉན་པ་དང ། །སྒོམ་དང་སྒྲུབ་པ་ལ་སོགས་པས། །བསྐལ་པ་བྱེ་བ་དཔག་མེད་དུ། །འབྲས་བུ་ཐོབ་པར་མི་འགྱུར་གྱི། །དམྱལ་བའི་གནས་སུ་སྐྱེ་བར་འགྱུར། །དེ་ནི་དམ་པ་ཀུན་བརྙས་པས། །ནད་དང་སྡུག་སྔལ་མང་པོ་དང ། །མཁའ་འགྲོ་མ་དང་གདོན་གྱིས་འཚེ། །དེ་ནས་ངེས་པར་འཆི་བར་འགྱུར། །བྱིན་རླབས་ལྡན་པའི་བླ་མ་ཡིས། །དད་བརྩོན་བརྟུལ་ཞུགས་རབ་ལྡན་པའི། །རིགས་ངེས་སྐྱེས་བུ་མཆོག་ཉིད་ལ། །ཐབས་ཀྱིས་དབང་བསྐུར་བྱིན་བརླབས་ན། །རྒྱལ་བ་དང་ནི་མཁའ་འགྲོ་དང ། །རིག་འཛིན་གྲུབ་པ་ཕོ་མོ་ཡིས། །ཚེ་འདིར་བསམ་པ་ཀུན་སྐོང་ཞིང ། །བྱིན་རླབས་དབང་དང་དངོས་གྲུབ་ཀྱི། །ཕུན་སུམ་ཚོགས་པའི་བདག་པོར་
283b
འགྱུར། །གང་གིས་གང་ལ་དབང་བསྐུར་བས། །ཐ་མལ་ཞེན་པ་དག་པ་དང ། །བདེ་ཆེན་ལམ་ལ་མངོན་ཞུགས་པས། །དངོས་གྲུབ་གང་ལ་ཐོགས་མེད་དེ། །ལས་རྣམས་གང་བརྩམ་འགྲུབ་པ་དང ། །འདོད་པའི་དོན་ལ་རོལ་པ་ཡིས། །ས་བཅུ་རིམ་པ་མཐར་ཕྱིན་ནས། །པདྨ་སྤྱན་གྱི་ས་ཐོབ་སྟེ། །ཡི་གེ་འཁོར་ལོས་ལ་གནས། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །ཉི་ཤུ་རྩ་ལྔ་ལྷུན་གྲུབ་པ། །དབང་གི་འབྲས་བུ་རང་ལས་ཤར། །ཐབས་ཆེན་འདི་དང་གང་བྲལ་ན། །བསྐལ་པ་གངྒཱའི་བྱེ་སྙེད་དུ། །བརྩོན་པས་འབྲས་བུ་ཚོལ་བྱེད་པ། །འདོད་པའི་འབྲས་བུ་སྟོང་པར་འགྱུར། །གང་ཕྱིར་སློབ་དཔོན་སློབ་མ་དང ། །དཀྱིལ་འཁོར་རིམ་པ་ཇི་བཞིན་དུ། །ལས་དང་ཏིང་འཛིན་བྱིན་རླབས་ཀྱིས། །འཇུག་པའི་ཆོ་ག་གསུམ་དུ་བཤད། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་གསང་ཆེན་པོ། །སྒྱུ་འཕྲུལ་དྲ་བའི་ལམ་ཆེན་པོ། ། མ་ལུས་ཆོ་ག་རྒྱ་ཆེན་པོ། །དཔལ་ལྡན་རྡོ་རྗེ་མེ་ལོང་གི་།འཇུག་པའི་རིམ་པ་ཇི་བཞིན་དུ། །གསང་བ་ཀུན་ལ་ཤེས་པར་བྱ། །རྡོ་རྗེ་བླ་མ་དེ་ཉིད་ཀྱིས། །ཆ་བྱད་གུས་ལྡན་མཛེས་པ་ཡིས། །མེ་ཏོག་ལྡན་པས་འཁོར་ལོ་ཉིད། །མངོན་བྱས་སྐུ་གསུང་བསྐུལ་པ་ཡིས། །དམ་ཚིག་དྲན་ཏེ་དགོངས་པར་འགྱུར། །རྡོ་རྗེ་སེམས་དཔའི་དཀྱིལ་འཁོར་
284a
༄#། །དུ། །གསལ་དང་རིག་པའི་སྟོབས་ཀྱིས་ནི། །རྡོ་རྗེ་སློབ་མ་བྱིན་བརླབ་ཕྱིར། །སློབ་དཔོན་དག་ཀྱང་འཇུག་པར་བྱ། །དེ་ནས་སློབ་མ་འཇུག་བྱ་སྟེ། །ཁྲུས་བྱས་དྲི་ཞིམ་གོས་བཟང་གོན། །དད་དང་གུས་ལྡན་རིན་ཆེན་བཅས། །གུས་བཅས་སྙན་པའི་ཚིག་གིས་ནི། །ལུས་དབུལ་དག་པའི་སེམས་ཀྱིས་གནས། །བདུད་རྩི་འཁྱིལ་བའི་སྦྱོར་བ་ཡིས། །བར་ཆད་སྦྱོར་བསལ་སྲུང་བ་བྱ། །ཆོ་ག་གང་ཡིན་ལྷར་བསྐྱེད་ལ། །མཚན་མ་རྫོགས་པར་ནན་ཏན་བྱ། །རྒྱལ་བ་ཀུན་གྱི་དམ་ཚིག་ལྔ། །འབྲུ་གསུམ་སྐུ་གསུང་ཐུགས་ལྡན་སྦྱིན། །སྙིང་གར་རྡོ་རྗེ་བརྟན་བྱས་ལ། །དམ་ཚིག་ལེགས་པར་དབོག་པར་བྱ། །ཙནྡན་དཀར་དམར་བྱིན་བརླབས་ཆུ། །ལན་གསུམ་བླུད་ལ་སྣོད་དོར་རོ། །དེ་ནས་རང་གིས་དམ་བསྒྲགས་ཏེ། །གསང་བའི་དོན་ལ་ངེས་པར་བྱ། །རང་རང་འབྲེལ་པའི་ལྷ་ཉིད་ལ། །རིན་ཆེན་དོར་ཏེ་བརྟག་པར་བྱ། །སྔགས་དང་ཕྱག་རྒྱས་དེ་བཀུག་ལ། །བསྟིམས་ལ་དབྱེར་མེད་གནས་པ་ལ། །རྟག་ཏུ་བྱིན་བརླབས་གནས་པའི་ཕྱིར། །ལེགས་པར་བརྟན་པའི་ཆོ་ག་བྱ། །མི་ཤེས་རབ་རིབ་བསལ་བྱས་ལ། །འཁོར་ལོ་མངོན་པའི་ང་རྒྱལ་བྱ། །དེ་ནས་ལྷ་དང་དཀྱིལ་འཁོར་གྱི། །དག་པ་རིམ་གྱིས་བརྟན་པར་བྱ། །
284b
དེ་ནས་བླ་མ་སངས་རྒྱས་ལ། །མ་ལུས་ཅི་ཡོད་དབུལ་བར་བྱ། །བྱིན་བརླབས་ཆོ་ག་དག་པ་ཡི། །དཀྱིལ་འཁོར་མཆོད་དང་བསྒོམ་པ་དང ། །ཞུགས་པའི་ཡོན་ཏན་བསམ་མི་ཁྱབ། །རྡོ་རྗེ་འཛིན་པ་ཉིད་དུ་འགྱུར། །དེས་ན་རིགས་སུ་ངེས་པ་ཡིས། །དང་པོར་འཇུག་པའི་རིམ་པ་བསྟན། །རྩ་བ་ཡན་ལག་ཀུན་ཐོབ་ནས། །རིམ་པ་བཞིན་དུ་དབང་བསྐུར་རོ། །དེ་ནས་བླ་མའི་བཀའ་མནོས་ལ། །འདོད་པའི་དངོས་གྲུབ་བསྒྲུབ་པར་བྱ། །རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲ་བ་གསང་བའི་མེ་ལོང་གི་རྒྱུད་ལས། དབང་བསྐུར་བ་མ་ལུས་པ་བཤད་པའི་ལེའུ་སྟེ་བདུན་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །རྡོ་རྗེ་དམ་ཚིག་བླ་ན་མེད། །སྡོམ་པ་བརྟན་པོ་དམ་བཅས་པ། །འདི་དག་ལེགས་པར་བཤད་པར་བྱ། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས། །འདས་དང་མ་བྱོན་དུས་གསུམ་དུ། །རྒྱལ་ཁྲིམས་ཐ་ཚིག་བཀས་བཅད་ལྟར། །རིམ་པས་མདོད་བོར་བཀས་བཅད་པའི། །བྱིན་བརླབས་རང་བཞིན་འདའ་དཀའ་བ། །ཀུན་གྱིས་བསྲུང་བྱ་ཡིན་པར་བཤད། །གང་ཕྱིར་དམ་པས་བྱིན་བརླབས་པའི། །དམ་ཚིག་ཆེན་པོ་འདི་ཉིད་ལ། ། འདས་དང་ད་ལྟར་མ་བྱོན་པའི། །རྒྱལ་བ་སྲས་དང་བཅས་པ་དང ། །རིག་འཛིན་རྣམས་དང་མཁའ་འགྲོ་དང ། །ལྷ་རྣམས་དང་ནི་མི་རྣམས་དང ། །ཀླུ་དང་མི་མིན་འབྱུང་
285a
༄#། །པོའི་ཚོགས། །རྫུ་འཕྲུལ་ལྡན་པའི་ལྷ་ཆེན་ཀྱང ། །དམ་པ་འདས་པས་འཚིག་པར་འགྱུར། །དམ་པ་ཉིད་ཀྱི་རང་བཞིན་འདི། །རྒྱལ་བ་ཀུན་གྱི་དགོངས་པ་ལ། །སྒྲ་བཞིན་སྤྱོད་པའི་གང་ཟག་རྣམས། །ལོག་པར་སྤྱད་པས་ཚིག་པར་འགྱུར། །དམ་པ་རྣམས་ཀྱིས་བཀས་བཅད་ཅིང ། །བྱིན་བརླབས་དམོད་པོར་རང་བཞིན་འགྲུབ། །དམ་པ་འདི་ལས་གང་འདའ་བ། །རྡོ་རྗེ་ཅན་ཡང་འཚིག་པར་འགྱུར། །དམ་པ་རྣམས་ཀྱི་དགོངས་པ་ལ། །དབང་དང་བྱིན་རླབས་ཐོབ་པ་ཡིས། །དམ་པའི་ཚུལ་བཞིན་ངེས་སྤྱད་ན། །མི་མཐུན་ཕྱོགས་རྣམས་འཚིག་པར་འགྱུར། །དེ་ཕྱིར་དུས་གསུམ་སངས་རྒྱས་ཀྱིས། །དམ་ཚིག་ཅེས་ནི་རྣམ་པར་བསྒྲགས། །བླ་ན་མེད་པའི་དམ་ཚིག་ནི། །མ་ལུས་རང་རིག་བྱང་ཆུབ་སེམས། །མཐའ་དབུས་འགྲོ་འོང་ལས་གྲོལ་བ། །གཞི་རྩ་མེད་པའི་སེམས་ཉིད་དེ། །གང་གིས་དོན་རྟོགས་གནས་གྱུར་པ། །དོན་དམ་བྱང་ཆུབ་སེམས་སུ་བརྗོད། །མ་སྐྱེས་བྱང་ཆུབ་སེམས་ཉིད་ནི། །སྐྱེ་བའི་རང་བཞིན་ཉིད་སྣང་བ། །རང་ལུས་རྒྱལ་བའི་ཕྱག་རྒྱ་སྟེ། །མ་ལུས་དེར་སྣང་ངོ་བོ་གཅིག་།རང་ལྷར་སྒོ་གསུམ་གསལ་རྟོགས་པ། །ཀུན་རྫོབ་བྱང་ཆུབ་སེམས་སུ་བཤད། །གསང་བ་བཤད་
285b
དང་དབང་བསྐུར་དང ། །མན་ངག་ལུང་དང་ཉམས་ཆག་སྐོང ། །མཆོག་དང་ཐུན་མོང་ལ་སོགས་པ། །དངོས་གྲུབ་སྟེར་ཞིང་གྲོག་བྱེད་པ། །འདི་ནི་སངས་རྒྱས་མཉམ་པའི་ཕྱིར། །སྐད་ཅིག་གདུང་བ་ཉམས་མི་བྱ། །རང་གི་ལྷ་དང་གཉིས་མེད་ནས། །ཕྱག་རྒྱ་བཞིར་གསལ་རྣལ་འབྱོར་པས། །རང་གི་སྒོ་གསུམ་མ་ཉམས་པར། །ཆུ་བོ་ལྟ་བུར་བར་ཆད་མེད། །སངས་རྒྱས་ཀུན་གྱི་གསང་བ་ནི། །ཐེག་ཆེན་གསང་བ་ཉིད་ཡིན་པས། །སྣོད་མེད་དམན་སོགས་ལོག་པ་ལ། །གསང་བཅུ་ལ་སོགས་བརྗོད་མི་བྱ། །དང་པོར་གསང་བར་སྒྲོག་གཅིག་པས། །བྱང་ཆུབ་སྙིང་པོར་མི་འབྲལ་བས། །རང་སྲོག་རང་གིས་གཅོད་ཀྱང་བླ། །བརྩེ་གདུང་དམ་ཚིག་བྲལ་མི་བྱ། །ལམ་དང་སྒྲུབ་པའི་རྩ་བ་དང ། ། དངོས་གྲུབ་ཀུན་གྱི་རྩ་བ་དང ། །འདི་དག་ཉམས་ན་ཀུན་ཉམས་པས། །རྩ་བ་ཞེས་སུ་བསྟན་པ་ཡིན། །ཡན་ལག་ཐུན་མོང་དམ་ཚིག་དང ། །ཐུན་མོང་མིན་པར་བཤད་པར་བྱ། །དང་པོར་གསང་བའི་ལུང་ཐོབ་ནས། །ནུས་པ་མངོན་དུ་སྣང་བར་དུ། །བདག་དང་གཞན་གྱིར་ཐུན་མོང་གི་།འགལ་དང་སྒྲོ་སྐུར་ཀུན་འདས་ཤིང ། །ཀུན་དང་བསམ་པ་དགའ་བྱེད་པ། །ཐུན་མོང་དམ་ལས་མི་དག་ལ་བ། །ཐུན་མོང་དམ་ཚིག་ཡིན་པར་བཤད། །ཐུན་མོང་མ་ཡིན་གང་ཟག་གིས། །ཐབས་ཆེན་ཐུན་མོང་མ་ཡིན་པ། །ཉོན་མོངས་ལྔ་
286a
༄#། །དང་སྤྱོད་པ་ལྔ། །བདུད་རྩི་ལྔ་དང་ཤེས་པ་ལྔ། །གྲུབ་པ་ལྔ་ཡི་ཆོས་རྣམས་ཉིད། །སྐྱེས་བུ་རིགས་ཕྱེད་སྤྱོད་ཡུལ་ཏེ། །ཐུན་མོང་རྣལ་འབྱོར་ཡུན་མིན་པས། །ཐུན་མོང་མ་ཡིན་ཞེས་སུ་བཤད། །དང་པོ་ནས་བཟུང་རྟགས་ཐོབ་བར། །རྩ་བ་ཡན་ལག་བཅས་པ་ཡི། །ལུས་སེམས་མ་ཡེངས་རྩེ་གཅིག་པས། ། རྣམ་པ་དང་བཅས་དང་དུ་བླང ། །ས་ཐོབ་གོམས་དང་མཐར་ཕྱིན་པར། །ཏིང་འཛིན་དོན་ལ་གནས་པའི་ཚེ། །འགལ་བའི་སྒོ་གསུམ་མི་འབྱུང་བས། །ཏིང་འཛིན་རྒྱུན་གྱི་དམ་ཚིག་ལ། །རྣམ་པའི་དམ་ཚིག་མ་ལུས་འདུས། །དོན་ལས་ལངས་ཚེ་སྙིང་རྗེ་དང ། །རྩ་བ་ཡན་ལག་ཤུགས་ལྡན་ཡིན། །སངས་རྒྱས་ས་ལ་གནས་པ་ན། ། འདའ་བ་མེད་པའི་དམ་ཚིག་སྟེ། །རྒྱ་མཚོ་རླན་བཞིན་ཐོབ་སྤངས་མེད། །སྲུང་བྱེད་ཡེ་ཤེས་དམ་ཚིག་སྟེ། །དམ་ཚིག་འདི་ནི་རྨད་པོ་ཆེ། །བསྙེན་པ་རྟགས་དང་ལྡན་བར་དུ། །སྤྱི་ཡི་དམ་ཚིག་བསྲུང་བྱ་ཞིང ། །སྒྲུབ་པ་གང་ཡིན་འགྲུབ་པ་ན། །ཁྱད་པར་རང་རང་རྟོག་པ་ཡི། །དམ་ཚིག་མེད་པར་འགྲུབ་མི་འགྱུར། །གང་ཟག་གང་ལ་དགའ་པ་ལ། །དམ་ཚིག་དཀའ་ཐུབ་སྒོ་ནས་ནི། །གསང་བའི་དོན་ལ་དགོད་བྱའི་ཕྱིར། །དམ་ཚིག་རྣམ་པ་མཐའ་ཡས་བསྟན། །དང་པོ་ལས་ཅན་རྣལ་འབྱོར་ལ། །རྩ་བ་ཐུན་མོང་
286b
དམ་ཚིག་བསྟན། །བསྟན་ནས་ཉམས་ལྡན་གང་ཟག་ལ། །ཐུན་མོང་མིན་པའི་དམ་ཚིག་བསྟན། །རྟོགས་པའི་འཇིགས་མེད་གང་ཟག་ལ། །འདའ་ཉམས་མེད་པའི་དམ་ཚིག་བསྟན། །ས་ཐོབ་གོམས་མཐར་ཕྱིན་པ་ལ། །ཏིང་འཛིན་རྒྱུན་གྱི་དམ་ཚིག་བསྟན། །དངོས་གྲུབ་རྟོགས་པ་ཀུན་དང་འབྲེལ། །དམ་ཚིག་འདི་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱིས་བྱིན་བརླབས་པའི། །རྩ་བ་ཡན་ལག་བཅས་པ་འདི། །ཐོབ་ནས་དམ་པར་གང་བསྲུངས་པ། །ཡོན་ཏན་ཆུང་ཡང་འགྲུབ་པར་བཤད། །མཆོག་དང་ཐུན་མོང་ལ་སོགས་པ། །དངོས་གྲུབ་རྟོག་པ་མ་ལུས་པ། །ཆོ་ག་གང་དང་ཏིང་འཛིན་གང ། །སྒྲུབ་པ་གང་དང་གང་ཡང་རུང ། །མ་ཉམས་ཚུལ་དུ་རབ་བརྩོན་པས། །མྱུར་དུ་འགྲུབ་པ་ཉིད་དུ་འགྱུར། །གལ་ཏེ་བྱིན་གྱིས་མ་བརླབས་ན། །རྡོ་རྗེ་འཆང་ཉིད་བརླག་པར་འགྱུར། །རྒྱལ་བ་ཀུན་གྱི་ཡོན་ཏན་ཉིད། །དམ་ཚིག་རྡོ་རྗེ་ལས་བྱུང་བས། ། དམ་པ་འདི་ལ་གང་བསྟན་པས། །ཡིད་བཞིན་ནོར་བུ་ལྟ་བུར་གྱུར། །དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་དང་ཡན་ལག་གི་།བསྲུང་བྱ་དཀའ་ཐུབ་དམ་པ་འདི། །ཀུན་གྱིས་འདའ་བ་མ་ཡིན་ཞིང ། །གནས་པ་དམ་པ་ཉིད་ཡིན་ཏེ། །ལས་དང་སྐལ་པ་དམན་པ་དང ། །རིགས་དམན་ལེ་ལོ་ཆེ་བ་དང ། །རང་བཞིན་
287a
༄#། །ངན་པའི་གང་ཟག་གིས། །བླུན་པོ་གང་ཞིག་འདའ་བྱེད་ཅིང ། །དངོས་གྲུབ་གཉིས་ལ་རྒྱབ་ཕྱོགས་ནས། །དམ་པ་རྣམས་ལ་སྨོད་བྱེད་པ། །སངས་རྒྱས་ཀུན་ལ་ཉེས་བྱས་པས། །རྡོ་རྗེ་འཛིན་རྒྱལ་ཁྲོས་ནས་ནི། །བདུན་རྒྱུད་ཚུན་ཆད་བརླག་པར་མཛད། །མཁའ་འགྲོ་མ་དང་རིག་འཛིན་དང ། །ཁ་འབར་གཏུམ་འཁྲུག་རྔམ་པའི་ཆོགས། །དེ་མ་ཐག་ཏུ་སྲོག་བཅད་ནས། །དམྱལ་བའི་གནས་སུ་སྐྱེ་བར་འགྱུར། །གལ་ཏེ་འཇིག་པར་གྱུར་ན་ནི། །འཇིག་རྟེན་གང་དུ་སྐྱེ་འགྱུར་ཞིང ། །ཇི་སྲིད་ནམ་མཁའ་འཇིག་པ་འམ། །ཕྱི་ཡི་རྒྱ་མཚོ་ཟད་པའི་ཚེ། །ཐར་ཏེ་གཞན་དུ་ནམ་ཡང་མིན། །དམ་པའི་བླ་མ་སྤོང་བ་དང ། །རྡོ་རྗེ་མཆེད་ལ་འཁུ་བ་དང ། །བྱང་ཆུབ་སེམས་ཉིད་མི་དྲན་ཞིང ། །སྔགས་དང་ཕྱག་རྒྱ་ཡལ་བ་དང ། །སྣོད་མིན་གསང་བ་བཤད་པ་དང ། །གསང་བའི་དོན་ལ་སྐུར་བ་ནི། །འདིར་ཡང་སྡུག་བསྔལ་མྱོང་འགྱུར་ཞིང ། །སྐད་ཅིག་འགགས་པས་དེ་མ་ཐག་།བར་མའི་ལུས་དང་བྲལ་གྱུར་པའི། །རྡོ་རྗེ་དམྱལ་བར་སྐྱེ་བར་འགྱུར། །གང་དུ་རྩ་བ་ཡན་ལག་བཅས། །བསྲུང་དང་དབོག་པར་བྱ་བའི་ཆོས། །ཐུན་མོང་དབང་དང་འབྲེལ་བཅས་པའི། །ཐུན་མོང་སྤྱི་ཡི་ཡུལ་གྱུར་པ། །དེ་ནི་ཐུན་མོང་བསྲུང་བྱ་སྟེ། །འདི་ནི་ཕྱི་ཡི་དམ་ཚིག་གོ་།ཐབས་དང་ཤེས་རབ་སྦྱར་བའི་
287b
སེམས། །ཐིག་ལེའི་སེམས་ལྔའི་ལམ་གྱི་རིམ། །རིག་པ་མ་ལུས་གསལ་བའི་ཚེ། །ཐིག་ལེ་གཉིས་མེད་ཉམས་སུ་བྱུང ། །བདེ་བའི་ཐིག་ལེའི་བཅུད་བསྒྱུར་བས། །ཚོགས་དྲུག་རང་སྣང་ཐིག་ལེའི་གྲོགས། །མ་ལུས་ཐིག་ལེས་བྱིན་བརླབས་པས། །ཐམས་ཅད་བདེ་ཆེན་ཕྱག་རྒྱར་གསལ། །ཐིག་ལེ་རིག་པ་ཁར་དབྱུང་མིན། །འཁོར་ལོ་ཁ་སྦྱོར་བདེ་བ་ཡིས། །ཐ་མལ་བདེ་བར་དབང་པོར་བསྒྱུར། །རྒྱལ་བའི་དགོངས་སྤྱོད་ཐབས་ཀྱིས་མྱོང ། །ཐ་མལ་ཞེན་པ་རྣམ་པར་བཟློག་།ཐབས་ལྡན་དོན་ལ་གསང་བའི་དོན། ། རང་སྙིང་འོད་ཀྱི་དཀྱིལ་འཁོར་ལྔ། །འཆར་དང་ནུབ་པའི་རིམ་པ་ཡིས། །ཐབས་ཆེན་གསང་བའི་ཐིག་ལེ་ལྟར། །ཤེས་ནས་སྤང་དུ་མེད་པར་གནས། །རང་བྱུང་གནས་པའི་བཅུད་ལྔ་ནི། །རང་ལུས་རྟེན་པའི་དོན་སྣང་བ། །ཁྱབ་པར་རྒྱུ་བའི་ཚུལ་དག་གིས། །དྭངས་སྙིགས་གཉིས་ཀྱི་ཚུལ་དུ་གནས། །རང་ལུས་རྟོགས་དྭངས་སྙིགས་དང ། །ཁ་དོག་ཡན་ལག་ཉིད་ལག་གིས། །བདེ་བའི་ཡེ་ཤེས་ལྔར་ཤེས་དང ། །བདེ་བ་ཆེན་པོ་ཉིད་དུ་གསུངས། །ཁམས་ལྔ་བཅུད་ལས་སྐྱེས་པ་ཡི། །མ་ལུས་ཐིག་ལེའི་རང་བཞིན་ཏེ། །ཡེ་ཤེས་ལྔ་ཡི་རོ་ལྡན་པས། །རྒྱལ་བ་ལྔ་རུ་ཡང་དག་གསུངས། །ཐབས་དང་ཤེས་རབ་རྡོ་རྗེ་དྲིལ། །ཉི་ཟླ་རིམ་པའི་འོད་གསལ་བ། །སེམས་ལྔས་མཁའ་ལ་
288a
༄#། །གསལ་བའི་ཚེ། །རྟེན་ཅན་རྟེན་དང་གཉིས་མེད་པ། །ལྷན་ཅིག་སྐྱེས་པའི་ཡེ་ཤེས་སྣང ། །མ་ཟིན་རྡོ་རྗེ་ལྕེ་ཡིས་བླང ། །གཉིས་ཀྱི་རྟོག་པ་མ་ལུས་པ། །བདེ་ཆེན་རོ་གཅིག་བྱིན་གྱིས་བརླབས། །སྐད་ཅིག་འབྲལ་མེད་བདེ་བའི་སེམས། །དུས་གསུམ་མི་འབྲལ་བརྟན་པར་གནས། །རླུང་དང་ཐིག་ལེའི་བཟླས་པ་ཡིས། །ཐམས་ཅད་བདེ་ཆེན་ཕྱག་རྒྱར་གསལ། །བདེ་ཆེན་ཐབས་དང་ཉམས་ཀྱིས་ཏེ། །བརྗོད་དང་ཚིག་གིས་ཕེབས་པ་མིན། །གཉིས་སྦྱོར་པྲང་པའི་བདེ་བ་ཡིས། །ཐ་མལ་ཟད་དང་བདེ་ཆེན་སྦྱོར། །གང་གིས་སྦྱིན་པར་མི་ནུས་པ། །ད་ལྟར་ནུས་པ་རང་གིས་མྱོང ། །གཞན་གྱི་བརྫུན་པའི་དོན་འདི་ནི། །ཐབས་ཀྱིས་བདེ་བར་མངོན་དུ་བསྟན། །ཐ་མལ་ཞེན་པ་སྤང་བའི་ཕྱིར། །ཁ་ན་མ་ཐོ་བག་ཚ་བྲལ། །སྐྱེས་དང་ནུས་དང་གནས་པའི་ཚེ། །རང་བཞིན་ལྔ་ནི་ཤུགས་ཀྱིས་གྲུབ། །རང་གི་རྩ་བཅུད་སོ་སོ་ལས། །བདུད་རྩི་བྲལ་བ་མེད་པར་གནས། །འབྱུང་ལྔ་དབང་པོ་གཟུགས་སོགས་བཅས། །ཐབས་ལྡན་སྦྱོར་བའི་བྱིན་རླབས་ཀྱིས། །བདེ་ཆེན་ལྷན་ཅིག་སྐྱེས་བར་ཤེས། །ཉི་ཟླ་རླུང་གིས་ཟིན་པ་ཡི། །མཚན་མ་བྲལ་བ་ངོ་བོ་ལས། །ཞེན་པ་མེད་པའི་ཐབས་ཆེན་པོས། །ལྷན་ཅིག་སྐྱེས་པའི་རང་བཞིན་ལས། །ཡེ་ཤེས་ལྔ་ཡི་རོས་
288b
གང་བས། །མ་ལུས་རྒྱལ་བ་ལྔ་རུ་གྲུབ། །འདི་ནི་ཕྱི་ནང་གསང་བ་ཡི། །རང་བཞིན་དམ་ཚིག་ཆེན་པོ་ཡིན། །དམ་ཚིག་རྣམ་པ་མཐའ་ཡས་པ། །ཤིན་ཏུ་བསྡུས་པ་རྣམ་པ་གཉིས། །འབྲིང་དུ་རྩ་བ་ལྔ་ཉིད་དང ། །ཡན་ལག་བཅུ་རུ་ཤེས་པར་བྱ། །ཤིན་ཏུ་རྒྱས་པའི་དམ་ཚིག་ནི། །སྤྱིར་ནི་སུམ་བརྒྱ་དྲུག་ཅུ་སྟེ། །རང་བཞིན་འོད་གསལ་བ་ཉིད་དང ། ། ཉིད་ཀྱི་དཀྱིལ་འཁོར་སྣང་བ་དང ། །དུས་བཞི་རྒྱལ་མཆོག་ཉིད་དང་ནི། །སྒྲུབ་མེད་མཉམ་པར་རྫོགས་པ་ཉིད། །ལྷུན་གྲུབ་བདེ་གནས་དམ་ཚིག་དང ། །རྣམ་དག་བྱང་ཆུབ་གཟུང་འཛིན་བྲལ། །རྟོགས་ནས་དོན་འཛིན་དམ་ཚིག་དང ། །སེམས་ལ་གནས་བཅས་དམ་ཚིག་དང ། །ཡེ་ནས་མ་བཅོས་དམ་ཚིག་དང ། །འདུས་བྱས་རྣམ་དག་དམ་ཚིག་དང ། །ཆོས་རྣམས་དབྱེར་མེད་དམ་ཚིག་དང ། །ཐམས་ཅད་འཇིགས་མེད་དམ་ཚིག་དང ། །གཡུང་དྲུང་ཚེ་འཕེལ་དམ་ཚིག་དང ། །ཐམས་ཅད་བསྲུང་དུ་མེད་པ་སྟེ། །འདི་དག་ལྟ་བའི་དམ་ཚིག་ཡིན། །ཐམས་ཅད་སྦྱོར་བའི་དམ་ཚིག་དང ། །མ་ལུས་བསྒྲལ་བའི་དམ་ཚིག་དང ། །མ་བྱིན་ལེན་པའི་དམ་ཚིག་དང ། །བརྫུན་དུ་སྨྲ་བའི་དམ་ཚིག་དང ། །ཐམས་ཅད་སྤྱོད་པའི་དམ་ཚིག་དང ། །དམ་རྫས་སྤྱོད་པའི་དམ་ཚིག་སྟེ། །འདི་དག་སྤྱོད་པའི་དམ་ཚིག་ཡིན། །བསྒྲུབ་པའི་དམ་ཚིག་རྣམ་གསུམ་ནི། །རྡོ་རྗེ་
289a
༄#། །སྐྱེ་གནས་དམ་ཚིག་དང ། །འདྲེན་བྱེད་གནས་སྟོབས་དམ་ཚིག་དང ། །ལམ་ལ་སྟོན་བྱེད་དམ་ཚིག་དང ། །རབ་ཏུ་རྟོགས་བྱེད་དམ་ཚིག་དང ། །སྒྱུར་བྱེད་བྱང་ཆུབ་དམ་ཚིག་དང ། །ཐམས་ཅད་དབང་སྒྱུར་དམ་ཚིག་དང ། །རིག་འཛིན་གནས་སྟོབས་དམ་ཚིག་དང ། །བསྒྲུབ་བྱ་རྟོགས་པའི་དམ་ཚིག་ཡིན། ། ཡུམ་གྱུར་དབྱིངས་ཕྱུག་དམ་ཚིག་དང ། །ཐབས་ཉིད་ཤེས་རབ་སྦྱོར་དམ་ཚིག་།ཤེས་རབ་ཐབས་སུ་སྦྱོར་དེ་བཞིན། །གླང་པོ་བརྗིད་གནོན་དམ་ཚིག་དང ། །ཐམས་ཅད་མི་ཆུང་དམ་ཚིག་དང ། །ཐམས་ཅད་སྲུང་བའི་དམ་ཚིག་དང ། །ཏིང་འཛིན་ཕྱག་རྒྱའི་དམ་ཚིག་སྟེ། །སྒྲུབ་པ་ཐབས་ཀྱི་དམ་ཚིག་ཡིན། །ཚོགས་ཀྱི་མཆོད་པའི་དམ་ཚིག་དང ། །ཚོགས་ཀྱི་དཀྱིལ་འཁོར་དམ་ཚིག་དང ། །ཚོགས་ཀྱི་འཕྲིན་ལས་དམ་ཚིག་དང ། །ཕྲ་མེན་ཚིམ་བྱེད་དམ་ཚིག་སྟེ། །སྒྲུབ་པའི་འཕྲིན་ལས་དམ་ཚིག་ཡིན། །ཡང་དག་དོན་སྟོན་དམ་ཚིག་དང ། །གསུང་མཆོག་མཐའ་ཡས་དམ་ཚིག་དང ། །ཐམས་ཅད་སྐད་འཇལ་དམ་ཚིག་དང ། །ཡི་གེ་མེད་འཇལ་དམ་ཚིག་དང ། །སྟོང་གསུམ་ཀུན་གྲགས་དམ་ཚིག་དང ། །ཡེ་ཤེས་གསུང་མཆོག་དམ་ཚིག་དང ། །བསམ་ཡས་རྡོ་རྗེ་གསུང་དམ་ཚིག་།མི་འགྱུར་རྡོ་རྗེའི་དམ་ཚིག་སྟེ། །
289b
བདག་གིས་ཤེས་བྱའི་དམ་ཚིག་ཡིན། །ཤེས་བྱ་ཏིང་འཛིན་དམ་ཚིག་བཞི། །ནམ་མཁའ་སྣང་བྱེད་དམ་ཚིག་དང ། །རྟེན་བྱེད་ས་ཡི་དམ་ཚིག་དང ། །སྲེག་བྱེད་མེ་ཡི་དམ་ཚིག་དང ། །འཁྲུ་བྱེད་ཆུ་ཡི་དམ་ཚིག་དང ། །གཡེང་བྱེད་ཆེན་པོའི་དམ་ཚིག་སྟེ། །ཤེས་རབ་ལྔ་ཡི་དམ་ཚིག་དང ། །ཕུང་པོ་ལྔ་ཡི་དམ་ཚིག་ནི། །ཐབས་མཆོག་ལྔ་ཡི་དམ་ཚིག་ཡིན། །ཆོས་རྣམས་གཟུགས་བརྙན་དམ་ཚིག་དང ། །སྒྲ་ལྟར་ཤེས་པའི་དམ་ཚིག་དང ། །དྲི་ལྟར་ཤེས་པའི་དམ་ཚིག་དང ། །རོ་ལྟར་ཤེས་པའི་དམ་ཚིག་དང ། །རེག་ལྟར་ཤེས་པའི་དམ་ཚིག་ནི། །གཉིས་སུ་མེད་པའི་དམ་ཚིག་ཡིན། །ཁ་དོག་ལྔ་ཡི་དམ་ཚིག་དང ། །ཕྱོགས་ལྔ་ཡི་ནི་དམ་ཚིག་དང ། །དབང་ལྔ་ཡི་ནི་དམ་ཚིག་སྟེ། །གསུམ་པོ་སྦྱིར་ཁྱབ་དམ་ཚིག་ཡིན། །བདེ་བའི་ངང་ཉིད་དམ་ཚིག་དང ། །ལྷུན་གྲུབ་ཡེ་ཤེས་དམ་ཚིག་དང ། །མི་འཇིགས་རྒྱལ་མཆོག་དམ་ཚིག་དང་།། མཉམ་རྫོགས་ལྷུན་གྲུབ་དམ་ཚིག་དང ། །ཕྱོགས་དུས་དབྱེར་མེད་དམ་ཚིག་དང ། །ཉིད་ཀྱི་དཀྱིལ་འཁོར་དམ་ཚིག་དང ། །ཆོས་ལ་སྐྱོན་མེད་དམ་ཚིག་དང ། །བརྗོད་མེད་སྤྲོས་མེད་དམ་ཚིག་དང ། །ཕྱོགས་དུས་གཉིས་མེད་དམ་ཚིག་དང ། །གཉིས་མེད་བྱང་ཆུབ་སེམས་དམ་ཚིག་།འདུས་མ་བྱས་པའི་དམ་ཚིག་དང ། །ཐམས་ཅད་རྒྱས་
290a
༄#། །འདེབས་དམ་ཚིག་དང ། །ཐམས་ཅད་མི་འགོག་དམ་ཚིག་སྟེ། །ངོ་བོ་ཉིད་འཛིན་དམ་ཚིག་ཡིན། །གྲུབ་པར་བྱ་བ་ལྔ་བསྟན་པ། །ཆས་ཀྱི་འཁོར་ལོའི་དམ་ཚིག་དང ། །རིན་ཆེན་འབྱུང་བའི་དམ་ཚིག་དང ། །པདྨ་ཆགས་མེད་དམ་ཚིག་དང ། །དོན་རྣམས་གྲུབ་པའི་དམ་ཚིག་དང ། །འཇིགས་བྱེད་རྡོ་རྗེ་དམ་ཚིག་དང ། །དེ་བཞིན་སྐུ་ཉིད་དམ་ཚིག་དང ། །ཐམས་ཅད་འབྱོར་ལྡན་དམ་ཚིག་སྟེ། །སྐུ་ཡི་དམ་ཚིག་བདུན་དུ་བཤད། །ཡང་དག་དོན་སྟོན་ལ་སོགས་པ། །གསུང་གི་དམ་ཚིག་བརྒྱད་པོ་ཉིད། །རང་ལ་རྫོགས་པར་ཤེས་བྱ་སྟེ། །འབྲས་བུའི་སྲུང་བས་བསྒྲུབ་བྱ་ཡིན། །རང་རིག་དབང་སྒྱུར་དམ་ཚིག་དང ། །ཚེ་མཆོག་རྣམ་དག་དམ་ཚིག་དང ། །རང་བཞིན་འོད་གསལ་དམ་ཚིག་དང ། །བྱང་ཆུབ་སྡོམ་བྱེད་དམ་ཚིག་དང ། །ཐམས་ཅད་དབང་སྒྱུར་དམ་ཚིག་དྲུག་།ཐུགས་ཀྱི་དམ་ཚིག་ཉིད་དུ་བཤད། ། བྱང་ཆུབ་ཞིང་བཀོད་དམ་ཚིག་དང ། །ཡེ་ཤེས་བཞུགས་གནས་དམ་ཚིག་དང ། །གཞལ་ཡས་ཁང་བསྟན་དམ་ཚིག་དང ། །སྣ་ཚོགས་ཀུན་སྒྱུར་དམ་ཚིག་དང ། །ཟད་མེད་གཏེར་ལྡན་དམ་ཚིག་དང ། །སྒྲུབ་པ་ཟད་མེད་དམ་ཚིག་དང ། །ཟད་མེད་གཏེར་ཆེན་དམ་ཚིག་ནི། །ཡོན་ཏན་དམ་ཚིག་བདུན་དུ་བཤད། །ཐམས་ཅད་བྱིན་རློབ་
290b
དམ་ཚིག་དང ། །བདུད་སྡེ་ཚར་གཅོད་དམ་ཚིག་དང ། །སེམས་ཅན་དོན་བྱེད་དམ་ཚིག་ནི། །འཕྲིན་ལས་དམ་ཚིག་གསུམ་དུ་བཤད། །སྤོང་བ་རྡོ་རྗེ་དམ་ཚིག་དང ། །ཆགས་པའི་ཡེ་ཤེས་དམ་ཚིག་དང ། །གཏི་མུག་ཆེན་པོའི་དམ་ཚིག་དང ། །ཕྲག་དོག་ཆེན་པོའི་དམ་ཚིག་དང ། །ང་རྒྱལ་བདེ་མཆོག་དམ་ཚིག་དང ། །ཉོན་མོངས་ལྔ་ཡི་དམ་ཚིག་སྟེ། །མི་སྤོང་བ་ཡི་དམ་ཚིག་ཡིན། །གཏན་དུ་མ་ཡེངས་སྲུང་བ་ནི། །མཉམ་པ་ལྔ་ཡི་དམ་ཚིག་དང ། །བདེན་པ་དབྱེར་མེད་དམ་ཚིག་དང ། །སྐུ་གསུང་ཐུགས་སྦྱོར་དམ་ཚིག་དང ། །ལམ་ལྔ་རྫོགས་པའི་དམ་ཚིག་དང ། །ཐམས་ཅད་བདེ་སྦྱོར་དམ་ཚིག་དང ། །རྡོ་རྗེ་ལོག་འཇོམས་དམ་ཚིག་དང ། །འཁོར་བ་ཟིལ་གནོན་དམ་ཚིག་དང ། །མ་བཅོས་ལྷུན་གྲུབ་དམ་ཚིག་དང ། །ཐིག་ལེ་བདེ་སྦྱོར་དམ་ཚིག་ནི། །ལྟ་བ་རྒྱུན་སྲུང་དམ་ཚིག་ཡིན། །ཏིང་འཛིན་རྒྱུན་སྒོམ་དམ་ཚིག་དང ། །བཅིང་བ་ཕྱག་རྒྱའི་དམ་ཚིག་དང ། །བཟླས་པ་སྒྲ་སྙན་དམ་ཚིག་དང ། །སྒོ་གསུམ་མཉམ་པའི་དམ་ཚིག་དང ། །ཤེས་རབ་བདེ་སྦྱོར་དམ་ཚིག་ནི། །ཏིང་འཛིན་རྒྱུན་གྱི་དམ་ཚིག་ཡིན། །ཐ་སྙད་ཟིལ་གནོན་དམ་ཚིག་དང ། །སྤྱོད་ལམ་བདེ་འབྱོར་དམ་ཚིག་དང ། །རིག་པ་ཐོད་རྒལ་དམ་ཚིག་དང ། །མ་བཅོས་གནས་དག་དམ་ཚིག་དང ། །རང་བྱུང་གནས་བྲལ་དང་
291a
༄#། །ཚིག་སྟེ། །གཅིག་ཅར་གནས་པའི་སྲུང་ཐབས་ཡིན། །ཐམས་ཅད་སྐྱེད་བྱེད་དམ་ཚིག་དང ། །རྒྱུད་དྲུག་སྦྱོར་བྱེད་དམ་ཚིག་དང ། །རྟོགས་པས་ཚིམ་བྱེད་དམ་ཚིག་དང ། །ཁྱབ་པ་ནམ་མཁའི་དམ་ཚིག་དང ། །གཞན་དོན་ཤུགས་གྲུབ་དམ་ཚིག་ནི། །དམ་ཚིག་ཆེ་བ་བསྟན་པ་ཡིན། །དམྱལ་ཆེན་དམྱལ་བ་ཕལ་པ་དང ། །ཡིད་དྭགས་བྱོལ་སོང་སྲིན་པོ་དང ། །གནོད་སྦྱིན་མངལ་སྲིན་ཁ་འབར་ལྕེ། །ལྷ་དང་ལྷ་མིན་རུ་ཏྲ་དང ། །རྩངས་པ་ལ་སོགས་འཁོར་བ་སྟེ། །ཆད་པའི་སྐྱེ་གནས་བསྟན་པ་ཡིན། །བསྲུང་བའི་དམ་ཚིག་ཆེན་པོ་ཡིན། །གལ་ཏེ་སྟོང་པའི་དོན་རྟོགས་ན། །བསྐང་དང་ཉམས་པའི་ཚུལ་མེད་དེ། །ཆད་པའི་ཡུལ་ལས་འདས་པ་ཡིན། །གང་ཟག་འགའ་ཞིག་སྤྱོད་ཡུལ་ཡིན། །གལ་ཏེ་རྩ་བའི་དམ་ཉམས་ན། །བླ་མ་གྲོགས་པོ་བརྒྱ་དག་ལ། །བཤགས་ཕ་སྟོང་ཕྲག་བརྒྱ་རུ་བྱ། ། བཟླས་པ་བྱེ་བ་ཕྲག་བདུན་བྱ། །གཏོར་མ་འབུམ་ཕྲག་བདུན་དུ་བྱ། །སྦྱིན་སྲེག་འབུམ་ཕྲག་བཅུ་གཅིག་བྱ། །དེ་ནས་སླར་ཡང་བླང་བ་འམ། །བླ་མས་གནང་ནས་གནས་པར་བྱ། །གལ་ཏེ་ཡུལ་དེ་མི་གནས་སམ། །ལོ་གསུམ་ཕན་ཆད་འདས་པ་འམ། །གལ་ཏེ་བཤགས་པའི་ཚུལ་མཐོང་བས། །མ་དད་འདོད་པའི་སེམས་
291b
སྐྱེས་ནས། །བསྐང་བའི་ཚང་ལས་འདས་པ་སྐྱེ། །བསྐལ་པ་ཆེན་པོ་བརྒྱད་ཁྲིའི་བར། །བཤགས་ཀྱང་དག་པར་མི་འགྱུར་ཏེ། །རྡོ་རྗེ་དམྱལ་བ་ཞེས་བྱ་བར། །མི་བཟད་སྡུག་བསྔལ་མྱོང་ནས་ནི། །ཇི་སྲིད་ནམ་མཁའ་གནས་པའི་བར། །མཚོན་ཆའི་འཁོར་ལོ་བཞིན་དུ་འཁོར། །ཡན་ལག་དམ་ཚིག་ཉམས་གྱུར་ན། །ཟླ་བ་བདུན་དུ་སྨྲ་བཅད་བྱ། །སྦྱིན་སྲེག་སྟོང་རྩ་བརྒྱད་དུ་བྱ། །བཟླས་པ་བྱེ་བ་ཚད་འབུམ་གཅིག་།གཏོར་མ་ཁྲི་ཕྲག་གཅིག་ཏུ་གཏོང ། །དེ་ནས་སླར་ཡང་བླང་བ་དང ། །དག་དང་ཚངས་པར་བསྒྲགས་པར་བྱ། །དག་པའི་སྣོད་དང་མི་ལྡན་པར། །གསང་བ་སྟོན་ཅིང་འཆད་པ་དང ། །དབང་མ་ཐོབ་པར་བཀའ་འགོམ་དང ། །བདེར་གཤེགས་བཀའ་ལས་འདས་པ་དང ། །ཚད་དང་ལྡན་པའི་སྣོད་མིན་ལ། །གསང་བ་ཚད་དུ་སྒྲོག་པ་དང ། །གསང་བ་ཉམས་སུ་མི་ལེན་པར། །འཕྱར་བས་ཀུན་ལ་སྤེལ་བ་ནི། །ཚད་ལས་འདས་པའི་གང་ཟག་སྟེ། །སངས་རྒྱས་ཀུན་ལ་བརྙས་བྱེད་པས། །དུས་གསུམ་སངས་རྒྱས་ཁྲོས་པ་ཡིན། །བདུན་རྒྱུད་ཚུན་ཆད་བརླག་པར་མཛད། །བླ་མ་དང་ནི་གྲོགས་རྣམས་དང ། །ཕ་མ་གཉེན་བཤེས་རྒྱལ་བློན་དང ། །རྒྱལ་འབངས་ཉེས་མེད་སྡང་བ་ནི། །དམ་ཚིག་ཉམས་པའི་རྟགས་སུ་བཤད། །ཟབ་མོ་དག་ལ་གེགས་འབྱུང་དང ། །བསྒྲུབ་
292a
༄#། །པས་འདོད་པ་མི་འབྱུང་ཞིང ། །སྲུང་བའི་ལྷ་རྣམས་གཡེལ་བ་དང ། །མ་ཉེས་ཡལ་ག་འབྱུང་བ་དག་།དམ་ཚིག་ཉམས་པའི་རྟགས་སུ་བཤད། །དང་པོར་བླ་མའི་ལུང་ཐོབ་ནས། །རང་གིས་ཉམས་པ་མ་ཚོར་ཞིང ། །བདེ་ལེགས་བསམ་པ་འགྲུབ་འགྱུར་ཞིང ། །བདག་གཞན་བསམ་པའི་ཁྱད་པར་དག་།སྔོན་དུ་ཡིད་བཞིན་ནོར་བུ་བཞིན། །འགྲུབ་ཅིང་སྔགས་པས་ཐོབ་པ་ནི། །མ་ཉམས་དོན་དང་ལྡན་པའི་རྟགས། །རྣལ་འབྱོར་དབང་ཕྱུག་རྒྱལ་པོ་ཡིན།། གལ་ཏེ་མ་ཉམས་རྟགས་བྱུང་ན། །བསྐང་གསོའི་ཆོ་ག་མྱུར་དུ་བརྩམ། །གལ་ཏེ་ཉམས་ལ་རྟགས་མེད་ཅིང ། །ལེགས་པར་སྣང་ན་མི་རུང་སྟེ། །བདག་གི་ས་བོན་ཚིག་པ་སྟེ། །བདེ་བ་ཟད་བྱས་གཏན་དུ་སྡུག་།མ་ཉམས་རྟགས་བྱུང་མྱུར་བསྐངས་ན། །སྔོན་གྱི་བག་ཆགས་ཟད་པར་འགྱུར། །རྡོ་རྗེ་སེམས་དཔའ་རྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ལས། །དམ་ཚིག་མ་ལུས་པ་བཤད་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་ཡང་དག་བཤད་བྱ་བ། །མཆོག་དང་ཐུན་མོང་ལ་སོགས་པ། །སྒྲུབ་པའི་ཁྱད་པར་ཇི་སྙེད་པའི། །རྟོག་པའི་ཆོ་ག་མདོར་བསྡུས་བཤད། །རྒྱུད་ཀྱི་རྒྱལ་པོ་མ་ལུས་ལས། །ཐུན་མོང་དག་ལ་མོས་
292b
ཞུགས་པས། །ཐུན་མོང་ཡོ་བྱད་ཏིང་འཛིན་དང ། །སྔགས་དང་ཕྱག་རྒྱ་བྲལ་གོམས་པས། །རྟགས་དང་ནུས་པ་མཐར་ཕྱིན་པས། །གང་ལྟར་དམིགས་པ་འགྲུབ་འགྱུར་ཏེ། །ཟག་བཅས་ཐུན་མོང་དངོས་གྲུབ་ཡིན། །དེ་ལས་གཞན་པ་བཤད་པར་བྱ། །གང་དུ་མཆོག་གི་རྣལ་འབྱོར་པ། །དབང་དང་དམ་ཚིག་ཏིང་འཛིན་དག་།ཕྱི་ནང་གསང་བའི་རིམ་ཐོབ་ནས། །མི་ལྡོག་བརྟན་པའི་རྣལ་འབྱོར་ཐོབ། །མཐོང་ནས་སྒོམ་ལམ་མ་ངེས་རིགས། །ཏིང་འཛིན་གང་སྒོམ་པར་ཆད་མེད། །ཚེ་འདིས་དབང་བསྒྱུར་འཇིགས་བྲལ་ཏེ། །དེ་ནས་སྐུ་མངའི་བདག་ཉིད་ཐོབ། །མཆོག་ལྡན་མཆོག་གི་མཆོག་ཐོབ་པས། །མཆོག་གི་དངོས་གྲུབ་ཐུན་མོང་མིན། །དང་དང་དམ་ཚིག་ཤེས་རབ་དང ། །བརྩོན་འགྲུས་བརྟུལ་ཞུགས་བཟོད་པ་ཐོབ། །བརྟན་ཅིང་སྙིང་བརྩེ་དབང་རྫོགས་ཤིང ། །སྒྲུབ་དང་ལམ་གྱི་སྦྱོར་བ་ཤེས། །ཡིག་ཐུབ་མི་ལྡོག་བརྟན་པ་ཅན། ། ཉམས་ཐོབ་དང་དུ་ལེན་པ་ནི། །གཅིག་དང་ལྔ་གསུམ་གང་ཟག་གིས། །རི་བོ་རི་སུལ་གསང་བར་དང ། །ཆུ་གླིང་ངམ་གྲོག་བྲག་རྫོང་དང ། །དུར་ཁྲོད་རི་ཕུག་ཆུ་མདོ་དང ། །ཡིད་འོང་བཀྲ་ཤིས་ཉམས་དགའ་བར། །ཆོ་ག་བྱིན་རླབས་རྫོགས་པ་ཉིད། །ལས་ཀྱི་ཆོ་ག་གང་ཡིན་པ། །བདག་གམ་གཞན་གྱིས་བྱས་པ་ནི། །བདག་དབང་
293a
༄#། །བཀྲ་ཤིས་ཕུན་སུམ་ཚོགས། །དམ་ཚིག་དབང་དང་ལྟ་བ་དག་།སྔོན་དུ་བྱ་བ་རྫོགས་པ་ཡིས། །སྔོན་དུ་རྣལ་འབྱོར་གསུམ་ཐོབ་བམ། ། དང་པོ་ཡིད་བརྟན་གང་ཡིན་ཀྱང ། །གང་ལ་ཡིད་ཀྱིས་དམིགས་པ་དེ། །ཆོ་ག་ཏིང་འཛིན་འབྲེལ་བ་ཉིད། །རང་རང་རྟོགས་པ་ཇི་བཞིན་དུ། །ཐ་མལ་བ་དང་ལེ་ལོ་དང ། །ཐེ་ཚོམ་དང་པའི་སྟོབས་ཀྱིས་ཏེ། །གལ་ཏེ་དེ་དག་མི་ལྡན་ན། །ས་ཐོབ་ཀྱིས་ཀྱང་མ་ཡིན་ན། །གང་ཟག་སྐྱེ་བོས་སྨོས་ཅི་དགོས། །གལ་ཏེ་དགུག་པའི་ལས་བྱ་ན། །བདག་ཉིད་དབང་དྲག་ཁྲོ་བོའི་སྟེ། །དམར་ཐག་དུད་ཀའི་མདོག་འདྲ་བའི། །གང་ལྟར་གནས་པའི་འཕྲོ་འདུ་ནི། །ཞགས་པ་ལྕགས་ཀྱུ་ཤ་སྟག་སྟེ། ། དམིགས་པ་བརྟན་ཅིང་རྟགས་ཐོབ་ནས། །མངོན་དུ་གྱུར་གྱི་བར་དུ་ནི། །རང་སྔགས་བརྗོད་པ་དེ་ཡི་མཐར། །ཆེ་གེ་མོ་ཞིག་ཛཿ ་ཧཱུཾ་ཞེས། །དགྲ་དང་བགེགས་དང་ལྷ་དང་གཟུངས། །མཐུ་དང་རྫུ་འཕྲུལ་ལྡན་ཡང་རུང ། །ཐ་མ་ལ་དབང་མེད་བཞིན་དུ་དགུག་།གལ་ཏེ་དེ་ཡི་དགོས་པ་དག་།མྱུར་དུ་གྲུབ་པར་མ་གྱུར་ན། །དེ་དག་ལེགས་པར་གྲུབ་ཀྱི་བར། །གང་ཡིན་མཁས་པས་བཅིང་བར་བྱ། །དག་དང་ཐབས་དང་ཏིང་འཛིན་གྱིས། །འགྲུབ་པར་འགྱུར་པར་གདོན་མི་ཟ། །བདག་ཉིད་དབང་དྲག་
293b
གསལ་བ་ཡིས། །ལྕེ་ལ་དབང་གི་འཁོར་ལོ་བསམ། །ཡི་གེ་གསུམ་ལྡན་དགུ་བཀོད་ནས། །འོད་ཀྱིས་ནམ་མཁའི་ཁམས་བཀང་ཞིང ། །པདྨ་རཱ་ག་ཞུ་འདྲ་བས། །གང་ཐིམ་བདག་གི་དབང་འགྱུར་ཞིང ། །བདེན་པ་བདར་ཞིང་དག་གིས་བཅིང ། །ཡང་ན་གང་ལ་གང་ཆགས་པའི། །རྫས་ལ་རིང་དུ་འདོད་པ་ལྟར། །འདོད་པ་གྲུབ་ན་དམ་བཅས་ཤིང ། །ཡིད་འོང་འདུལ་བའི་ཏིང་འཛིན་གྱིས། །དགའ་བའི་ཐབས་ཀྱིས་བརྟེན་བྱས་ན། །གལ་ཏེ་འགྲོ་ཞིང་འཕྲོ་འདོད་ན། །དབང་དྲག་ཕྱག་རྒྱས་བསྡིགས་བཅིང་གཟིར། །དགའ་བའི་ཐབས་ཀྱིས་ཡིད་འཕྲོག་ནས། །རོལ་མོ་སྒྱུ་མཁན་དག་དེ་ཡིས། །འདུས་པའི་གང་ཟག་ཆགས་པ་ཅན། །བྱ་བ་ཐབས་ཀྱིས་བྲལ་བ་ལྟར། །བྲལ་བ་མེད་པར་གནས་པར་འགྱུར། །ཏིང་འཛིན་བརྟན་པའི་ནུས་པ་ཡིས། །གང་ཡང་རུང་བའི་སེམས་ཅན་དེ། །སྣ་ཚོགས་ཁྲོ་བོ་ཁྲོ་མོ་ཡིས། །འོད་དང་ཕྱག་རྒྱ་འབར་བ་ཡིས། །བཅིངས་ནས་མདུན་དུ་གནས་པར་བལྟ། །དགའ་དང་བསྡིགས་པ་རྫས་ཀྱི་མཐའ། །ཏིང་འཛིན་བརྟན་པས་ངེས་པར་འགྲུབ། །མེད་ལས་དངོས་པོར་ངེས་གྲུབ་ཅིང ། །མི་མཐུན་བརྒྱད་སོགས་ངེས་འགྲུབ་ན། །ཡོད་དང་སྣང་བའི་འགྲོ་བ་དག་།དབང་པོས་བསྒྱུར་བ་སྨོས་ཅི་དགོས། །གལ་ཏེ་གསོ་བའི་
294a
༄#། །ལས་བྱས་ན། །ལས་ནི་གཉིས་ཏེ་བརྩམས་པས་འགྲུབ། །བདག་ཉིད་རྟག་པར་སྐྱེས་ནས་ནི། །དབང་བསྐུར་བྱིན་རླབས་ཀུན་བསྟིམས་ནས། །མདུན་དུ་ཤེལ་གྱི་བུམ་པ་རུ། །ཐུགས་ལས་ཆུ་ཡི་ལྷ་མོ་བསྐྱེད། །ཕྱོགས་བཅུའི་རྒྱལ་པ་དེར་གྱུར་ནས། །བུམ་པར་ལྷ་མོ་འོད་དུ་ཞུ། །ནད་དང་སྡུག་བསྔལ་བྱང་བར་བསམ། །དམར་སེར་བ་ཡི་འོ་མ་དང ། །སྨན་དང་རིན་ཆེན་སྤོས་དང་འབྲུ། །བདུད་རྩི་སྙིང་པོ་ཆ་རྐྱེན་ལ། །མཱ་མ་ཀཱི་ཡི་སྔགས་ཀྱིས་གདབ། །ོཾ་མཱ་མ་ཀཱི་སརྦ་པཱ་པ་དུ་རུ་དུ་རུ་སཝཱཧཱ། ནད་དང་སྡུག་བསྔལ་ལྡན་པའི་ལུས། །བཀྲུས་པས་འཚོ་བར་ཐེ་ཚོམ་མེད། །བདག་ཉིད་བརྟུལ་ཞུགས་བདེ་ལྡན་པས། །སྔོན་དུ་བྱ་བ་སྔོན་སོང་བས། །དགོན་པ་བས་མཐའ་རབ་དབེན་པར། །མ་སྨས་མ་རུལ་ཚད་ལྡན་པའི། །དུར་ཁྲོད་ཞིང་ཆེན་མཚོན་ལྡན་ལ། །ཁྲུས་དང་བྱུག་བདུག་ཀུན་བྱས་ནས། །ཕོ་མོ་ལ་སོགས་ཡིན་པ་ཡི། །ལས་དེ་ངེས་པར་འགྲུབ་པར་འགྱུར། །དེ་དག་མཎྜལ་གཙང་མ་ཡི། །དབུས་སུ་ལེགས་པར་བཞག་ནས་ནི། །བདག་ཉིད་ཁྲོ་བོ་གང་ཡང་རུང ། །གསལ་བར་ཚངས་བ་བརྒྱ་བྱིན་རུང ། །རང་སྔགས་སྲོག་སྙིང་ཛ་ཡིས་དགུག་།ཕྱག་རྒྱ་བཞི་ཡིས་དབབ་པར་བྱ། །གལ་ཏེ་འདར་དང་
294b
རྒོད་པ་དང ། །དུ་དང་འཇིགས་པའི་སྒྲ་བྱུང་ན། །དམ་ཚིག་ཕྱག་རྒྱ་བསྟན་པར་བྱ། །དམ་ཆུ་བྱིན་ལ་མནས་བསྒྲགས་ཏེ། །གང་འདོད་ལས་ལ་མངག་པར་བྱ། །གལ་ཏེ་འཇིག་རྟེན་ཐེ་ཚོམ་ཟོས། །དེ་ཡིས་ཟོས་དང་བརྒྱལ་བ་དང ། །འཕྲལ་དུ་བདག་ཉིད་འཆི་བར་འགྱུར། །གང་ཞིག་ཏིང་འཛིན་བརྟན་པ་ཡིས། །བར་ཆད་མེད་པར་བསྒྲུབས་པའི་ཚེ། །མདངས་ལྡན་ཡིད་འོང་དང་པོ་སྟེ། །དྲི་ཞིམ་འོད་ཆགས་གཉིས་པ་ཡིན། །དགའ་བའི་སྒྲ་སྒྲོག་གསུམ་པ་ཡིན། །བཀྲག་དང་གཟི་མདངས་ཉམས་སོད་ཡིན། །ཞིང་ཆེན་ཁ་ནས་ཧྲི་བྱུང་ན། །ཏིང་འཛིན་རྡོ་རྗེ་སོ་ཡིས་བཅད། །རོ་ལངས་བརྡབས་ན་གསེར་དུ་འགྱུར། །ལྕེ་ཡི་རལ་གྲིས་དེ་བཅད་ན། །ཅིས་ཀྱང་མི་ཚུགས་གོ་མཚོན་ཏེ། །ལྷ་མིན་གཡུལ་ཡང་ཕམ་བྱེད་ན། །དཔའ་བོ་སྟོབས་ལྡན་སྨོས་ཅི་དགོས། །དེ་ཡི་དབང་པོ་ལྔ་དག་ལ། །མངོན་ཤེས་ལྔ་ཡི་དངོས་གྲུབ་ཡོད། །རང་གི་རྟོག་པ་ཇི་བཞིན་དུ། །མཁས་པས་བསྒྲུབས་ན་འགྲུབ་པར་འགྱུར། །གལ་ཏེ་བཅུ་བདུན་བཅོ་བརྒྱད་མའི། །ཞིང་མཛེས་བཀྲུ་ཞིང་བྱུགས་བྱས་ཏེ། །རྒྱན་དང་གོས་ཀྱིས་ལེགས་པར་གདགས། །དྲི་ཞིང་དབང་པོ་དག་པ་ལ། །བདག་ཉིད་དབང་དྲག་རྣལ་འབྱོར་གྱིས། །ཡེ་ཤེས་འཇིག་རྟེན་གང་རུང་པའི། །ལྷ་མོ་ཡིད་འོང་འོད་
295a
༄#། །འབར་མ། །སྔགས་དང་ཕྱག་རྒྱས་བཀུག་བཅིངས་ནས། །རྟགས་བྱུང་བར་དུ་བསྟིམ་པར་བྱ། །དྲི་དང་སྒྲ་དང་འོད་དག་དང ། །འདར་དང་འགུལ་དང་རྒོད་པ་དག་།དང་པོའི་རྟགས་ནི་ཡིན་པར་བཤད། །ལྷོ་དང་གཏམ་དང་གཉིས་པ་སྟེ། །དངོས་སུ་ལངས་པ་ཚད་ཡིན་པས། །དམ་བདར་མནས་བསྒགས་དབང་དུ་སྡུ། །གལ་ཏེ་སྦྱར་དུ་སད་པ་ན། །ཆོ་འཕྲལ་ཆེན་ཞིང་ལོག་སྟོན་ན། །དབང་དྲག་ང་རྒྱལ་ཆེན་པོ་ཡིས། །དབང་དུ་བསྡུ་དང་ཟིལ་གྱིས་མནན། །དེ་དག་ཆགས་པས་རོལ་སྤྱད་ན། །སྐད་ཅིག་ཆོ་འཕྲུལ་བཞི་ཐོབ་སྟེ། །སྐྱེ་ཤི་མེད་པར་གནས་པ་དང ། །མ་ལུས་བདེ་ཆེན་འབར་བ་དང ། །ཞིང་ཁམས་ཀུན་ཏུ་བགྲོད་པ་དག་།ཐོགས་པ་མེད་པར་འགྲུབ་པར་འགྱུར། །གཙང་མ་བྱིས་པ་རྨ་མེད་པ། །ཡིད་འོང་ལེགས་པ་བཙལ་བླངས་ནས། །དག་ཅིང་བདུད་རྩིས་དྲི་བྱུགས་ལ། །འདའ་ཧཱུཾ་མ་ཏས་ལེགས་བྱུགས་ལ། ། ཁ་དོག་ལྔ་ཡི་གཟུངས་ཀྱིས་གདགས། །ཚངས་པ་དང་ནི་བརྒྱ་བྱིན་དང ། །ལྷ་མོ་གང་རུང་སྙིང་པོས་དགུག་།རྟག་ཏུ་ཕྱག་རྒྱ་བཞིས་བསྟིམ་ཞིང ། །བདག་ཉིད་ཧ་ཡ་གྷི་བ་འམ། །ཡ་མའྣྟ་ཀ་ལ་སོགས་པ། །གང་རུང་ཁྲོ་བོར་གསལ་བསྒོམས་ལ། །དྲག་ཏུ་དགུག་ཅིང་བསྟིམ་པར་བྱ། །རྟགས་བྱུང་མཐར་ཐུག་མངོན་གྱུར་ནས། །ལེགས་
295b
ཉེས་དེ་ཡིས་སྨྲ་བར་འགྱུར། །གལ་ཏེ་འདར་ཞིང་མི་བརྗོད་ན། །ོཾ་གྱི་འོད་དང་ཨ་མྲྀ་ཏས། །ལྕེ་ལ་ཐབས་ཀྱིས་དབང་བསྐུར་ཞིང ། །ཧ་ཡ་གྷྲི་བས་གད་མོས་བསྡིགས། ། ལེགས་པར་སྨྲ་བར་ཐེ་ཚོམ་མེད། །གལ་ཏེ་གསད་པའི་ལས་བྱེད་ན། །གསལ་ལ་བརྟན་ཐོབ་རྣལ་འབྱོར་བས། །དུར་ཁྲོད་ཤིང་གཅིག་བཞི་མདོ་འམ། །ལྷ་འདྲེས་མངོན་དུ་གནས་པའི་སར། །བདག་ཉིད་ཞེ་སྡང་རྡོ་རྗེ་སྟེ། །དུད་ཁ་ནག་པོ་འོད་འབར་བ། །སྤྱན་ཟློག་མཚོན་ཆ་མེ་ལྟར་འབར། །སྤྲུལ་པའི་ཆར་ལྟར་འཁྲུག་པར་བསམ་བདུན་དུ་ཧོམ་ཁུང་ཁྲུ་གང་ཚད། །གྲུ་གསུམ་དུར་སོལ་ཁྲག་ཆེན་བྱུག་།ནང་དུ་ལིང་ག་བདུད་རྩི་ལྔ། །ཆགས་པའི་རྒྱུ་དང་ཚ་བ་དང ། །ཤེས་པ་ཆགས་པའི་རྟེན་ལ་བྱས། ། ཕོ་ཉས་མིང་རུས་བཅས་བཀུག་ལ། །བསྟིམས་ལ་ཕྱག་རྒྱས་བཅིང་བར་བྱ། །ལྕགས་སམ་ནག་པོའི་ཤིང་ལས་བྱས། །དྲག་པོའི་ཕུར་བས་གནས་གསུམ་གདབ། །ཧའྲིཿ ་ཥྚཱིཿ ་དྲག་པོས་གཡས་གཡོན་ནས། །ཁྲོས་པའི་སེམས་ཀྱིས་བསྲེགས་བྱས་ནས། །དེ་ནང་དྲག་པོ་ཚེར་མ་ཅན། །ནམ་ཕྱེད་གཅེར་བུས་བསྲེགས་བྱས་ན། །ལྷ་ཡང་རུང་སྟེ་བརླག་པར་འགྱུར། །གལ་ཏེ་ཕྱེ་བའི་ལས་བྱེད་ན། །བདག་ཉིད་ཡ་མཱནྟ་ཀ་སྟེ། །རྡམ་ཞིང་གདུག་གཏུམ་ང་རྒྱལ་ཅན། །ཤིན་ཏུ་འཇིགས་ཤིང་བསྡིགས་པ་
296a
༄#། །བསྒོམ། །ཉི་མས་འཇིགས་པའི་དང་རུང་དང ། །མུན་པས་འཇིགས་པའི་གུང་རུ་ལ། །གང་ཡིན་དེ་ཉིད་བྲིས་ལ་བླན། །ལྷ་དང་ལྷ་མིན་གཉིས་ལ་གཏད། །རླུང་གི་ཕྱོགས་སུ་དེ་ཡིས་བསྐྱོད། །སྤྲུལ་པ་ཕོ་ཉས་གཡུལ་འགྱེད་ཅིང ། །འཐབ་ཅིང་རྩོད་པར་རྣམ་པར་བསམ། །བར་དུ་ཁྲ་དང་བྱ་རོག་འཐབ། །མེ་ཆུ་རླུང་གིས་འབུད་བསམས་ན། །དེ་ནི་གང་ཡིན་སུ་ཡང་རུང ། །འབྲལ་ཞིང་འཐབ་པ་ཉིད་དུ་འགྱུར། །རྒྱལ་པོ་བྲམ་ཟེ་བློན་པོ་དག་།གདུག་པ་གནོད་པ་ཅན་གྱི་རིགས། །མི་གནས་བསྐྲད་པར་བྱ་བའི་ཕྱིར། །བདག་ཉིད་ཨ་པར་ཙི་ཏ་སྟེ། །དྲག་པོ་ཁྲོས་པའི་ཚུལ་དུ་བསྒོམ། །དགྲ་བགེགས་གང་ཡང་རུང་བ་ཡི། ། འོག་ཏུ་རླུང་སྙིང་བཅས་པ་བྲི། །སྟེང་དུ་མིང་རུས་བཅས་བསྐྱོན་ལ། །མདུན་ན་གནས་པའི་གདུལ་བྱ་དེ། །རླུང་ལྷ་རྔ་མོའི་སྟེང་དུ་ཞོན། །ཕོ་ཉ་སྤྲུལ་པ་མཐའ་ཡས་ཀྱིས། །འཁྲིག་ཅིང་ཚོགས་པར་རབ་བསམས་ལ། །གཤིན་རྗེའི་དྲུང་དུ་ཁྲིད་པར་བསམ། །འདིས་ནི་དབུགས་མེད་བརྒྱལ་བའང ། །གཞན་དུ་དྲག་པོས་ཕྱིན་འགྱུར་ན། །སྲོག་དང་ལྡན་པས་སྨོས་ཅི་དགོས། །གལ་ཏེ་དགྲ་དཔུང་ཕམ་འདོད་ན། །བདག་ཉིད་མི་གཡོ་མགོན་པོ་སྟེ། །ཇི་ལྟར་གནས་པར་རབ་ཏུ་བསྒོམ། །དེ་ཡི་གཟུགས་
296b
བརྙན་བྲིས་ནས་ཀྱང ། །ཆོ་གས་དེ་རུ་བྱིན་བརླབས་ལ། །སྔགས་ནི་བདུན་འབུམ་ལ་སོགས་པ། །ལྕགས་སྣ་བདུན་ལས་བཅུ་གཉིས་ཚད། །རལ་གྲི་སྙིང་པོར་བཅས་པ་ལ། །གསལ་བར་དེ་དག་རྟགས་བྱུང་བཟླས། །འོད་དང་སྒྲ་དང་ས་གཡོས་དང ། །རལ་གྲི་སྐད་ནི་འདོན་པ་ན། །ཕྱུང་བས་གཡུལ་ལས་ལྡོག་པར་དང ། །བསྐོར་བས་དམག་དཔུང་འབྲོས་པར་འགྱུར། །བདག་ཉིད་རྒྱལ་ཞིང་ཆེ་འདོད་ན། །བདག་ཉིད་གསལ་ཞིང་བརྟན་གྱུར་ནས། །ཞེ་སྡང་རྡོ་རྗེར་གསལ་བྱས་ལ། །དུར་ཁྲོད་རས་ལ་མིང་རུས་བྲི། །སྔགས་དང་ཕྱག་རྒྱས་བཀུག་བསྟིམས་ལ། །ངེས་པར་བསྟན་པའི་ལྟས་བྱུང་ནས། །ཧེ་རུ་ཀ་ཡི་ཞབས་ཀྱིས་མནན། །རྟ་མགྲིན་གད་མོ་དྲག་པོས་བསྡིགས། །ཁྱུང་གཤོག་ཕྱག་རྒྱ་ཟིལ་གྱིས་མནན། །བདག་དང་ཁྱི་ཡི་སྒྲོམས་ནས་གདོན། །བདག་ཉིད་ཐེམ་པའི་འོག་ཏུ་མནན། །ཡང་ན་བདག་གི་འོག་ཏུ་མནན།། རྡོ་རྗེ་རྒྱ་གྲམ་ཕྱག་རྒྱ་ཡིས། །སྟེང་ནས་མནན་ཅིང་བདེན་པ་བདར། །བདག་ཉིད་དེ་ཡི་རྒྱལ་པོར་འགྱུར། །དབུལ་པོ་གཏེར་དང་ཕྲད་འདོད་ན། །བདག་ཉིད་ལས་ལ་གོམས་པ་ཡིས། །རིགས་ལྔ་ལྷག་པའི་ལྷགས་ལ་ནས། །སོ་སོའི་ཕྱག་མཚན་ཡུངས་འབྲུ་ཙམ། །དབང་པོར་མཐོང་གི་བར་དུ་ནི། །བསམ་ཞིང་སྔགས་བཟླས་
297a
༄#། །བདེན་པ་བདར། །མཚན་མ་བརྟན་པོ་གསལ་བ་ན། །གང་ན་ཡོད་པའི་ཕྱོགས་དེར་དོང ། །བདེན་པ་ཏིང་འཛིན་སྔགས་བཅས་མཐུས། །འདུག་གམ་སྨྲའམ་མཐོང་བ་འམ། །ཕྲ་མོ་དེར་ནི་ལྟུང་བར་འགྱུར། །དེ་ནས་གཏེར་དང་ཕྲད་གྱུར་ནས། །དབུལ་བ་ཀུན་ལས་ཐར་བར་འགྱུར། །དེ་ནས་རྡོ་རྗེ་རྣལ་འབྱོར་པས། །མངོན་ཤེས་མིག་དང་ལྡན་འདོད་ན། །བདག་ཉིད་ལྷ་ཡི་རྣལ་འབྱོར་པ། །རབ་ཏུ་དབེན་པའི་ས་ཕྱོགས་སུ། །མིག་སྣ་ལྔ་དང་བདུན་པའི་ཞགས། དེ་ཡི་ཞུན་མར་འདུད་པར་བཅས། །འཕྲུལ་གྱི་འོ་མ་དག་གིས་སྦྱར། །རྡོ་རྗེ་པྲ་ཡིས་ཞག་བདུན་བསྒྲུབས། །ཉམས་དང་དྲོད་རྟགས་ཐོབ་པ་ན། །མིག་ལ་ལེགས་པར་སྔགས་ཀྱིས་བྱུགས། །སྐད་ཅིག་སྟོང་གསུམ་བཅས་པ་ཡི། །ཕྱོགས་བཅུ་མངོན་པར་ཤེས་པས་མཐོང ། །གང་ཟག་རྒྱུན་ནི་བརྟག་པ་དང ། །སྡུག་བསྔལ་དྲག་པོས་ཞེན་བཟློག་ཅིང ། །སོ་སོ་དག་པའི་ཞིང་ཁམས་ཀྱིས། །ཡིད་བདེ་གྲུབ་པར་བྱ་བའི་ཕྱིར། །མངོན་ཤེས་མཚན་མས་ལེགས་པར་བསྒྲུབ། །རྐང་མགྱོགས་ཐོབ་པར་འདོད་པ་ཡིས། །བདག་ཉིད་ལྷག་པའི་ལྷར་བསྒོམས་ནས། །བརྟན་ཞིང་བར་ཆད་མེད་ཐོབ་ནས། །ཟླ་བའི་དཀྱིལ་འཁོར་ལ་འདུག་སྟེ། །ཡཾ་ལས་
297b
རླུང་གི་དཀྱིལ་འཁོར་སྟེ། །སྐད་ཅིག་དཔག་ཚད་བརྒྱར་འགྲོ་བ། །དེ་ལ་གནས་བསམ་མ་ཡེངས་པས། །རླུང་གིས་ཁྱབ་པ་ཇི་ལྟ་བར། །དཔག་ཚད་བརྒྱ་ཕྲག་དུ་མ་ཡང ། །སྐད་ཅིག་ཙམ་གྱིས་བགྲོད་པར་འགྱུར། །གལ་ཏེ་རྫུ་འཕྲུལ་བཞི་དག་གིས། །རིག་འཛིན་གོ་འཕང་འགྲོ་འདོད་ན། །སྔོན་དུ་དག་པའི་དོན་ཐོབ་ནས། །ཕྱག་རྒྱ་གསལ་བར་གྱུར་པའི་ཚེ། །ནམ་མཁའི་ལིང་ག་ཟླ་བ་ལ། །ཧཱུཾ་ལས་རྡོ་རྗེ་ཆོ་ག་གསུམ། །རིམ་པར་བསྟན་པའི་དབང་ཐོབ་ནས། །དྭངས་མའི་ཕྱག་རྒྱ་ལ་བརྟེན་པས། །རྡོ་རྗེ་ཟླར་བཅས་རླུང་བརྟེན་པས། །གང་འཐད་ཞིང་དུ་བསྐྱོད་པའི་ས། །རྡོ་རྗེ་རིག་པ་འཛིན་པ་ཡི། །ཞིང་ཁམས་དག་པའི་བྱ་བ་འགྲུབ། །མདུན་གྱི་ནམ་མཁར་ཟླ་བ་ལ། །ོཾ་ལ་ཆོ་གའི་ཚུལ་གྱིས་བསྒྱུར། །བརྟན་པའི་འཁོར་ལོ་ཟླ་རླུང་གིས། །དྭངས་མའི་སྟོབས་ཀྱིས་ལུས་གནས་པས། །དེ་བཞིན་གཤེགས་པའི་རིག་འཛིན་པ། །ཞིང་ཁམས་སོ་སོར་བསྐྱོད་བྱས་ནས། །རང་གི་བསམ་པ་བསྒྲུབ་པར་བྱ། །ནམ་མཁའི་དབྱིངས་ཀྱི་ཟླ་བ་ལ། །ཏྲཾ་ལས་སྐྱེས་པའི་ཆོ་ག་ཡིས། །རིན་ཆེན་རླུང་ཟླར་བཅས་པ་ཡིས། །ཏིང་འཛིན་དྲག་པོ་བསྐྱོད་པའི་ཤུགས། །དྭངས་མ་ལུས་ཡིད་བཅས་པ་ཡིས། །དག་པའི་ཞིང་ཁམས་ཀུན་བསྐྱོད་དེ། །ལྷག་པའི་བསམ་པ་འགྲུབ་པར་
298a
༄#། །འགྱུར། །ནམ་མཁའི་དཀྱིལ་འཁོར་དབུས་གནས་པར། །པདྨར་བཅས་པའི་ཟླ་བ་བསྒོམ། །ཧྲཱིཿ ་ལས་སྣ་ཚོགས་ཆོས་མཆོག་སེམས། ། གསལ་བརྟན་རླུང་གིས་སྟོབས་བསྟན་པས། །དྭངས་མའི་ལུས་ཡིད་གང་ཡིན་པ། །ཞིང་བསྐྱོད་བསམ་པ་གྲུབ་པར་འགྱུར། །ནམ་མཁའི་དབྱིངས་ཀྱི་དབུས་གནས་པར། །གསལ་བྱེད་སྣ་ཚོགས་བཅས་པ་བསྒོམ། ། འམ་ཧ་ལས་རང་ཉིད་ཀྱི། །ལས་ཀྱི་ཕྱག་རྒྱར་གོམས་པར་བྱ། །བརྟན་ནས་དྭངས་མ་རླུང་སྟོབས་ཀྱིས། །ཞིང་ཁམས་གང་དུ་མངོན་བསམ་པའི། །འདོད་པའི་བསམ་པ་འགྲུབ་པར་འགྱུར། །འདིས་ནི་འབྱུང་ཞིང་དབང་མེད་ཅིང ། །འཆི་མེད་རླུང་ལ་དབང་ཐོབ་ནས། །ཆོ་འཕྲུལ་བཞི་ཡིས་ཟིལ་མནན་ནས། །མངོན་ཤེས་གདུག་པ་འདུལ་བ་ཡིས། །ལས་རྣམས་མི་འགྲུབ་གཅིག་ཀྱང་མེད། །དེ་ནས་གཞན་ཡང་ཆགས་ལྡན་རིམ། །སྐལ་ལྡན་དམན་དང་སྦྱོར་བས་ཟད། །བདེ་བའི་དོན་འདོད་དཀའ་ཐུབ་ཅན། །འདི་དག་དོན་ལ་ཐབས་ཀྱིས་དགོད། །ཐབས་ལྡན་ལུས་ཀྱི་གོང་བུ་ལ། །རང་རང་ཆོ་གའི་ཐབས་ལྡན་ན། །བདེ་ཆེན་གར་ཐབས་སྣ་ཚོགས་པ། །རྣམ་པར་འཕྲུལ་པའི་རོ་ཡིས་ཕྱེད། །བདེ་ཆེན་ལོངས་སྤྱོད་ཆོས་ཀྱི་གནས། །སྤྲུལ་པའི་ཐིག་ལེ་
298b
བདེ་བའི་རོ། །མ་ལུས་མཁའ་ལྔའི་རང་བཞིན་གྱིས། །རང་ལུས་མ་བཅོས་གནས་ཉིད་བདེ། །བརྟུལ་ཞུགས་ཐིག་ལེ་གསུམ་ཐོབ་ནས། །སྒྲོལ་མ་དང་ནི་ཐིག་ལེ་དང ། །གནས་དང་ཐབས་དང་ཏིང་འཛིན་གྱིས། །བྱེ་བྲག་བརྒྱད་ཅུ་ཀུན་འདུས་པའི། །ཐབས་ཀྱིས་མཚོན་པ་ལས་བྱུང་བས། །དངོས་གྲུབ་ཆོ་ག་སྣ་ཚོགས་འགྲུབ། །རང་རྟེན་ཐིག་ལེར་བཅས་པ་ཡིས། །དྭངས་མའི་རང་བཞིན་ཁྱབ་གནས་པ། །སྐུལ་བ་ཐབས་ཀྱི་སྦྱོར་བ་ཡིས། །མ་ལུས་བསྐྱོད་ཅིང་འགུགས་པར་བྱེད། །དྭངས་སྙིགས་རྒྱུ་དང་མི་རྒྱུ་བའི། །རླུང་གི་ཐིག་ལེས་དབང་བསྒྱུར་ནས། །འཕྲོ་ཞིང་འཛག་པའི་ཐིག་ལེ་ཉིད། །རླུང་གིས་འཆིང་བ་ཉིད་ཡིན་ཏེ། །ཐིག་ལེ་སྙིགས་མར་ཉམས་གྱུར་པ། །ཐབས་དང་རླུང་བཅུད་སྟོབས་ལྡན་པས། །པདྨ་ལ་ནི་ཆུ་བཞིན་ནོ། །རང་བྱུང་ཐིག་ལེའི་རང་བཞིན་ལས། །རྟེན་དང་ཟག་པ་སྙིགས་མ་དང ། །འཁོར་བའི་རྩ་དང་ས་བོན་དང ། །ལོ་ཏོག་ཐིག་ལེ་ཞེན་བཅས་པ། །རང་བྱུང་ནམ་མཁའི་ཐིག་ལེས་འཇིགས། །རང་ལུས་བདེ་ཆེན་སྙིང་པོ་ལ། །ནམ་མཁའ་སྤྲིན་ལྟར་མི་ཕྱེད་ཅིང ། །དྭངས་སྙིགས་བདེ་བའི་རང་བཞིན་ཉིད། །ཐིག་ལེ་ཆུ་དང་འོ་མ་དང ། །གནས་པ་རླུང་དང་རྟེན་སྟོབས་ཀྱིས། །དྭངས་སྙིགས་ཕྱེ་ལ་
299a
༄#། །དྭངས་མ་བསྟིམ། །རང་སྙིང་ལུས་ལ་འོད་སྣང་བའི། །ཕྱི་ནང་དངོས་རྟོགས་མ་ལུས་པ། །རླུང་སོགས་འཁོར་ལོའི་འཕེན་སྟོབས་ཀྱིས། །དེར་མི་གནས་པར་གོམས་པར་བྱ། །གང་དུས་བོན་སྙིགས་བཅས་པ། །ནམ་མཁའི་ཡེ་ཤེས་ལྔ་འབར་བས། །གང་དུ་རྒྱུ་བར་བཅས་པའི་ཡིད། ། དེ་མ་ཐག་པར་རྣམ་པར་བརླག་།རླུང་དང་རྩ་དང་ཐིག་ལེར་བཅས། །ཐབས་ཀྱིས་བསྐུལ་བའི་རོ་ལྡན་པས། །མ་ལུས་ཐིག་ལེའི་རང་བཞིན་པས། །མི་མཐུན་ཞེན་པས་རྣམ་གྲོལ་བས། །རང་སེམས་རྟེན་བཅས་ཐིག་ལེ་ནི། །དྭངས་མའི་ཡེ་ཤེས་བློ་ལྡན་པ། །ཀུན་ཁྱབ་བདེ་འབྱུང་སྙིང་པོ་ཅན། །གསང་བའི་རིག་པའི་གཏེར་ཁ་འབྱེད། །ཕྱི་ནང་རྒྱུ་བ་ཐིག་ལེར་བཅས། །སྙིང་ནང་བདེ་བར་འབར་གྱུར་ནས། །རང་ལུས་རྟགས་སུ་བདེ་ཆེན་འབར། །མངོན་ཤེས་རིན་ཆེན་རྩལ་ཕོག་།རིག་པའི་མངོན་ཤེས་ལྔ་རུ་འཆར། །དེ་ནས་མི་འགྱུར་སྟོང་པའི་རྩ། །འགྱུར་མེད་ཀུན་སྣང་རླུང་ལ་ཐིམ། །དམན་པས་མི་འགྲུབ་ཁྱད་པར་ཐབས།། གསང་བའི་ཐིག་ལེ་འབབ་བཞོན་གྱིས། །རྩ་བཅུད་ཏིང་འཛིན་འབྲལ་པའི་སྟོབས། །བསྐལ་བ་དུ་མའི་སྟོབས་འགགས་ཏེ། །དྭངས་མའི་ཡེ་ཤེས་རླུང་དུ་
299b
འགྲུབ། །ཕྱིན་པ་མེད་པར་མཐར་སོང་བ། །བདེ་ཆེན་གོམས་པའི་སྟོབས་ལས་གྱུར། །བཅུད་ལྔ་འདུས་པའི་ཐིག་ལེ་ནི། །རོ་ལྔ་འདྲེས་པའི་བདེ་ཆེན་དེ། །སྒྲོམ་དང་མཐར་ཕྱིན་ཁྱད་པར་གྱིས། །བདེ་བ་ཆེན་པོ་རིགས་མཆོག་གནས། པའི་རྟེན་ཅན་འདི་ཉིད་ཅན། །དབང་པོ་དར་ཞིང་སྨིན་པ་ཡི། །ཆགས་ཅན་ཉི་ཟླ་འཛིན་ནུས་པས། །སྤྱི་གཙུག་ཐིག་ལེའི་འཁོར་ལོ་དང ། །གསང་བའི་འོག་མིན་ནུས་ལྡན་པ། །འབྱོར་པའི་རྟེན་ཅན་འདི་ཉིད་གནས། །ཐབས་དང་རོལ་པའི་ཁྱད་པར་དང ། །ཏིང་འཛིན་རླུང་གི་དབང་ཐོབ་སྟེ། །འབྱུང་བཞི་སྙིགས་ཕྱེ་དྭངས་དུས་སུ། །ཉི་ཟླ་འདྲེས་པའི་གར་ཐབས་ཀྱིས། །ལྷ་མོ་རྣམས་དང་ལྷན་ཅིག་ཏུ། །རོལ་པའི་ཐབས་ཀྱིས་གང་རྩེན་པ། །བྱེ་བྲག་བརྒྱད་བཅུ་གཉིས་འདུས་པའི། །པདྨའི་སྙིང་པོ་ཀུན་བཀུག་སྟེ། །ཐིག་ལེ་དཔའ་བོ་ལྔ་ཡི་སྟོབས། །མི་སྡོད་འཕྲོ་བའི་རང་བཞིན་ཉིད། །ཐབས་དང་ལྡན་པའི་རྣལ་འབྱོར་གྱིས། །བཅིངས་ལ་བཟུང་ཞིང་གནས་པར་བྱ། །དེ་དང་རྩེ་ཕྲད་གཉིས་བཟློག་པས།། བདེ་བའི་མྱུ་གུ་གསོ་བྱས་པས། །ཐ་མ་ལ་ཞེན་པ་ཀུན་བྲལ་ནས། །རྟོག་དང་ལྷན་ཅིག་གང་སྐྱེས་པ། །དྭངས་སྙིགས་བྱེ་མའི་ཉམས་དག་གིས། །སྙིགས་མ་བག་
300a
༄#། །ཆགས་ཞེན་བཅས་པ། །དེ་ཡི་སྟོབས་ཀྱིས་གནས་མི་འགྱུར། །གསང་བའི་ཐིག་ལེ་སྟོབས་ལྡན་པས། །རིགས་ངན་ཐ་མལ་ཞེན་ཆགས་དང ། །དྲན་རྟོག་མ་ལུས་ཕམ་བྱས་ཏེ། །ཕྱི་ནད་སྣོད་བཅུད་མ་ལུས་པ། །ལྷན་ཅིག་སྐྱེས་པའི་རང་བཞིན་དུ། །མ་ལུས་དཔུང་བཙུགས་རྒྱལ་བར་མཛད། །རྡོ་རྗེ་པདྨའི་སྙིང་པོ་ལ། །དགའ་བའི་རོལ་པའི་བདག་ཉིད་ཀྱིས། །ཐབས་དང་ཤེས་རབ་གསང་བའི་རོ། །ཕྱོགས་བཅུའི་རྒྱལ་བ་འདུས་པའི་རོ། །ཟག་མེད་ཡོན་ཏན་གཏེར་ཆེན་པོ། །གསང་བ་ཐབས་ཀྱི་སྟོབས་ལས་གྲུབ། །བདེ་ཆེན་སྙིང་པོ་ཐིག་ལེའི་རོ། །དབབ་དང་གཟུང་བཟློག་འབྱོངས་པ་ཡིས། །རྩ་གསུམ་གང་ཞིག་ཐིམ་པའི་ཚེ། །བར་ཆད་མེད་པའི་བདེ་བ་དང ། །ཐམས་ཅད་མཁྱེན་པའི་མངོན་ཤེས་དང ། །སྐྱེ་ཤི་མེད་པའི་ཚེ་ཐོབ་ཅིང ། །མི་འགྱུར་ཆོས་སྐུ་ཐིག་ལེ་ལ། །རྒྱུ་བ་སྤངས་པའི་ཚུལ་གྱིས་གནས། །བདེ་ཆེན་ཆོ་འཕྲུལ་དཔག་མེད་པས། །གསང་བའི་ཞིང་ཁམས་དག་བྱེད་ཅིང ། །གསང་བ་ཆོས་ཀྱི་འཁོར་ལོ་བསྐོར། །བདེ་ཆེན་ཉམས་དང་དགའ་བའི་གར། །ཆགས་པའི་སྒྲ་ནི་སྣ་ཚོགས་པས། །ཇི་སྲིད་ནམ་མཁའི་མཐར་ཐུག་པར། །གླུ་ནི་སྣ་ཚོགས་ལེན་བྱེད་ཅིང ། །མཛེས་དང་ངོ་ཚ་
300b
སྤངས་པའི་ཚུལ། །མདོག་དམར་རླན་དང་ལྡན་པ་ཡིས། །རོལ་པའི་ཚུལ་ནི་སྣ་ཚོགས་ཀྱིས། །རྡོ་རྗེ་བཅུད་ཆེན་ཟླར་བཅས་པས། །ཉི་མ་ཆགས་པ་དང་བཅས་པའི། ། པདྨའི་སྙིང་པོའི་སྤོང་མཛད་ཅིང ། །དགའ་བའི་འོད་དང་འཁྱུད་པའི་གར། །རླུང་གི་སྙིང་པོ་རྗོད་བྱེད་ཅིང ། །སྲིད་པའི་མྱུ་གུ་འགོག་པར་མཛད། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བའི་མེ་ལོང་གི་རྒྱུད་ཆེན་པོ་ལས། །སྒྲུབ་པ་མ་ལུས་པ་བཤད་པའི་ལེའུ་སྟེ་དགུ་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །རྟོག་པའི་རྒྱལ་པོ་མ་ལུས་པ། །བྱ་བ་ལས་ཀྱི་རིམ་པ་དག་།བཞིར་ནི་གསལ་བར་གསུངས་པ་ཡིན། །དང་པོར་ཞི་བའི་རང་བཞིན་ཏེ། །དེ་འོག་རྒྱས་པས་རྒྱས་ཕྱིར་རོ། །རྒྱས་པས་དབང་དུ་བྱ་བ་དང ། །དབང་མི་འདུ་བ་བསྒྲལ་ཕྱིར་ཏེ། །ཐུན་མོང་ཁྱད་པར་ཡོན་ཏན་རྫོགས། །བྱ་བའི་ལས་ལ་མ་རྨོངས་ཤིང ། །ནུས་པ་བརྟན་པའི་རང་བཞིན་གྱིས། །རིམ་པ་ཇི་བཞིན་བརྩམ་པར་བྱ། །གངས་དཀར་འདབས་དང་ཡིད་འབྲང་བ། །ཞི་བའི་ལྗོན་ཤིང་མེ་ཏོག་ཚལ། །འབྲས་ལྡན་རྒྱས་པའི་རང་བཞིན་ནོ། །སུམ་མདོ་ངམ་གྲོག་གཏིང་ཟབ་པ། །དབང་དུ་བསྡུ་བའི་གནས་སུ་བཤད། །དུར་ཁྲོད་མཚན་གཅིག་རྒྱ་གྲམ་གནས། །འབྱུང་པོ་འདུ་སར་
301a
༄#། །དྲག་པོ་ཤིས། །ཞི་ལས་གཞི་དཀར་ལྡན་པ། །ཟླུམ་པོ་སུམ་རིམ་ཨོཾ་དང་བཅས། །འཁོར་ལོ་འོད་དཀར་དང་བཅས་པ། །ཞི་བའི་ཐབ་ཀྱི་རང་བཞིན་ནོ། །རྒྱས་ལ་སེར་པོ་ཙནྡན་བཅས། །གྲུ་བཞི་རིམ་གསུམ་ཏྲཾ་དང་བཅས། །རིན་ཆེན་འོད་ཟེར་འཕྲོ་བཅས་པ། །ཐབ་ནི་རྒྱས་བར་གསུངས་པ་ཡིན། །དབང་ལས་དམར་ཆགས་འོད་ཅན། །ཟླ་གམ་གཞུ་འདྲ་པདྨས་མཚན། །རིམ་གསུམ་ཧྲཱི་དང་བཅས་པ་ནི། །དབང་དུ་བྱ་བའི་ཐབ་ཡིན་ནོ། །དྲག་པོ་ས་ནག་དུར་སོལ་ཅན། །གྲུ་གསུམ་རྡོ་རྗེ་རྩེ་གསུམ་གདེང ། །ཐོད་ཕྲེང་འོད་ནག་རིམ་གསུམ་ཧཱུཾ། །དྲག་པོའི་ཐབ་ཀྱི་རིམ་པ་ཡིན། །འོ་མ་ཅན་དང་གསེར་ཅན་དང་།། ཆགས་པ་ཅན་དང་ཚེར་མ་ཅན། །འཕྲིན་ལས་བཞི་ནི་སོ་སོ་ཡི། །ཡམ་ཤིང་བསྲེག་ཤིང་ཉིད་དུ་བཤད། །ལིང་ག་ཁ་དོག་སོ་སོ་སྟེ། །གནས་ཀྱང་ཐབ་ཁུང་བཞི་དང་མཚུངས། །མར་དཀར་འབྲས་དཀར་ཏིལ་དཀར་དང ། །ནས་དཀར་ཆན་དང་འོ་མ་ཞོ། །དངུལ་ཕྱེ་གཏོར་མ་དཀར་པོར་བཅས། །ཞི་བའི་བསྲེག་གཏོར་རྫས་སུ་བཤད། །མར་སྙིང་བུ་རམ་སྦྲང་རྩི་དང ། །འབྲས་དང་ཆན་རྣམས་ལྡོང་རོས་དང ། །མེ་ཏོག་གསེར་དང་ཙནྡན་བཅས། །གསེར་ཕྱེ་གཏོར་མ་སེར་ཕོར་བཅས། །འདི་
301b
དག་རྒྱས་པའི་རྫས་ཉིད་དེ། །དཔལ་དང་གཟི་བྱིན་རྒྱས་པར་འགྱུར། །ཚ་བའི་མར་དང་ཆང་སྐྱུར་དང ། །རམ་བུ་པདྨ་རཀྟ་དང ། །འབྲས་དམར་ཙནྡན་ཟངས་ཕྱེ་དང ། །གཏོར་མ་དམར་པོ་དབང་རྫས་ཡིན། །ཚིལ་ཆེན་མར་དང་ཚ་བ་གསུམ། །ཀླུང་ཆེན་ཤ་ཁྲག་སྲན་ཆན་དང ། །དུག་གསུམ་ཐལ་ཆེན་ཚ་བའི་མར། །སྐེ་ཚེ་ཕྱེ་གསུམ་མི་ཁྲག་དང་།། མིང་རུས་སྦེལ་མར་བཅས་གཏོར་མས། །བསྒྲལ་བ་དྲག་པོའི་རྫས་སུ་བཤད། །དངུལ་ལམ་དཀར་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟླུམ་པོ། །ལོགས་ལ་ཞི་བའི་ལྷ་བཀོད་ལ། །དེ་བཞིན་གཤེགས་པར་གསལ་བས་གདབ། །གསེར་རམ་སེར་པོའི་ཤིང་རྣམས་ལ། །མགོ་རྩེ་རྒྱ་མདུད་གྲུ་བཞི་བཅས། །ལོགས་ལ་རྒྱས་པའི་ལྷ་བསྒོམས་ཏེ། །རིན་ཆེན་ང་རྒྱལ་བཅས་པས་གདབ། །ཟངས་སམ་བྱི་རུ་དམར་ཤིང་རྣམས། །མགོ་བོ་རྒྱ་མདུད་རྩེ་ཟླ་གམ། །ལོགས་ལ་དབང་གི་ལྷ་བཀོད་ལ།། ཆགས་པ་རྡོ་རྗེར་གསལ་བས་གདབ། །ལྕགས་སམ་ནག་པོའི་ཤིང་རྣམས་ལ། །མགོ་བོ་རྒྱ་མདུད་རྩེ་ཟུར་གསུམ། །ལོགས་ལ་དྲག་པོའི་ལྷ་བཀོད་དེ། །ཞེ་སྡང་རྡོ་རྗེར་གསལ་བས་གདབ། །ོཾ་དང་ཏྲཾ་ཧྲཱི་ཧཱུཾ་ཉིད་ལས། །འབྱུང་ལྔའི་རིམ་པ་གསལ་སྟེང་དུ། །ེ་བཾ་མ་ཡ་བྲུཾ་ལས་བསྐྱེད། །གཞལ་ཡས་ཟླུམ་པོ་གྲུ་བཞི་དང ། །ཟླ་
302a
༄#། །གམ་གྲུ་གསུམ་ཇི་བཞིན་དབྱིབས། །ཁ་དོག་རང་གི་ཚུལ་བཞིན་བསྐྱེད། །རང་རང་ས་བོན་གདན་སྟེང་ལ། །འོད་བཞི་འཕྲོ་འདུའི་ཆོ་ག་ཡིས། །ལས་བཞི་གཙོ་བོའི་ལས་བཞིན་བསྐྱེད། །འཁོར་ཡང་གཙོ་བོའི་ཆ་འདྲ་བ། །ཕྱག་མཚན་རང་རང་ཐུགས་རྟགས་ལ། །ལས་བཞི་རྟགས་ཀྱི་མཚན་མ་སྟེ། །ཁ་དོག་ལས་ཀྱིས་དབྱེ་བར་བཤད། །དབང་བསྐུར་ལས་བཞི་རིགས་ཀྱིས་བརྒྱན། །ལུས་བཞི་འོད་ཀྱི་འཕྲོ་འདུ་ཅན། །ཆོ་གས་གསལ་བར་བསྐྱེད་བྱས་ལ། །སྤྱན་དྲངས་བསྟིམ་སོགས་ལས་རྫོགས་བྱ། །ལས་དང་ཏིང་འཛིན་བཞི་ཉིད་ཀྱིས། །ལས་བཞི་རྩེ་གཅིག་ཏིང་འཛིན་བྱ། །གང་དུ་དམིགས་པ་རྩེ་གཅིག་པས། །ལས་བཞི་བྱ་བའི་ཆོ་ག་དག་།མ་ལུས་པ་དག་འགྲུབ་འགྱུར་ན། །ཕྲ་མོའི་ལས་རྣམས་སྨོས་ཅི་དགོངས། །ཤར་ཕྱོགས་སུ་ནི་ཁ་བལྟས་ཏེ།། དང་བའི་ཡིད་ནི་མི་གཡོ་བས། །རྫོགས་པའི་སྐྱིལ་ཀྲུང་ལ་གནས་ཏེ། །མ་རུངས་གདུག་པ་ཞི་བར་བྱེད། །ལྷོ་ཕྱོགས་སུ་ནི་ཁ་བལྟས་ཏེ། །དགའ་བའི་འདུ་ཤེས་རྩེ་གཅིག་པས། །རིན་ཆེན་སྐྱིལ་ཀྲུང་ལ་གནས་པས། །དཔལ་དང་གཟི་བྱིན་འཕེལ་བར་བྱ། །ནུབ་ཀྱི་ཕྱོགས་སུ་ཁ་བལྟས་ཏེ། །ཆགས་དང་ཞེན་པ་རྩེ་གཅིག་པ།།
302b
པདྨའི་སྐྱིལ་ཀྲུང་ལ་གནས་ཏེ། །མ་ལུས་དབང་དུ་བསྡུ་བར་བྱ། །བྱང་ཕྱོགས་ཉིད་དུ་ཁ་བལྟས་ཏེ། །ཁྲོས་པའི་སེམས་ཀྱིས་སོ་བཅའ་ཞིང ། །རུས་སྦལ་དང་ནི་གྱད་སྟབས་ཀྱིས། །གདུག་པ་བསྒྲལ་ཏེ་ལམ་དུ་གཞུག་།སོ་སོའི་སྔགས་ཀྱི་རིམ་པ་དག་།སྔ་དྲོ་ཞི་བའི་ལས་བྱས་ཏེ། །གུང་ལ་རྒྱས་པ་ཉིད་དུ་བྱ། །དགོང་ག་དབང་གི་དུས་ཉིད་དེ། །དྲག་པོ་ནམ་གྱི་གུང་ལ་བྱ། །ནམ་ཟླ་དུས་བཞིར་བསྒྲུབས་པས་ན། །ངེས་པར་ལས་བཞི་འགྲུབ་པར་འགྱུར། །ོཾ་ཆེ་གེ་མོ་ཤིནྟཾ་ཀུ་རུ་སཝཱཧཱ། སཝཱ་ཆེ་གེ་མོ་པུཥྚི་ཀུ་རུ་སཝཱཧཱ། ཧྲཱི་ཆེ་གེ་མོ་བ་ཤཾ་ཀུ་རུ་སཝཱཧཱ། ཧཱུཾ་ཆེ་གེ་མོ་མཱ་ར་ཡ་ཕཊ། ལིང་གའི་གནས་ཀྱང་ལས་བཞིའི་དབྱིབས། །དགུག་དང་ཕུར་བུ་བཞི་བཏབ་ལ། །རི་ལུའམ་ལྷག་མ་གཏུབས་པ་ནི། །སོ་སོ་ལྷ་ཡི་ཞལ་དུ་བསྟབ། །རྩེ་མོ་ཞི་བྱེད་ཡལ་ག་རྒྱས། །སྡོང་པོ་དབང་ལ་རྩ་བ་དྲག་།ཁ་དང་མངར་སྐྱུར་ཚ་བའི་ཤིང ། །རོ་ཡི་མཆོད་པ་དེ་བཞིན་ཏེ། །རྒྱུད་བཟང་རྒྱལ་པོ་སྨད་འཚོང་མ། །བཤན་པའི་ཁྱིམ་ནས་མེ་བླངས་ཏེ། །ལས་དང་མཐུན་པའི་ར་སྐྱེས་མནན། །ས་བོན་བཞི་ལས་རིམ་པ་བཞིན།། པ་པ་ཀ་དང་དབང་ཆེན་དང ། །གཟི་བྱིན་ཅན་དང་འཇོམས་བྱེད་བཞི། །སྐུ་མདོག་ལས་བཞིས་ཕྱེ་བ་སྟེ། །གུཎྜེ་སྒྲོམ་དང་ཞགས་པ་དང ། །རྩེ་གསུམ་གཡོན་པ་
303a
༄#། །བགྲང་ཕྲེང་ཉིད། །རིགས་བཞིས་ལས་བཞི་བྱིན་བརླབས་དབུ། །སྤྱན་དྲང་མཆོད་བསྟོད་ལས་རྫོགས་ནས། །ལྟོ་བར་བྲུཾ་ལས་གཞལ་ཡས་སུ། །ལས་དང་མཐུན་པའི་ལྷ་བསྐྱེད་ལ། །རང་རང་རྟོག་པའི་ཆོ་ག་བཞིན། །སྲེག་དང་བྲོ་གར་ལས་བྱས་པས། །གང་ཡང་འགྲུབ་པར་ཐེ་ཚོམ་མེད། །ཞེ་སྡང་ཅན་དང་ང་རྒྱལ་ཅན། །སྡུག་བསྔལ་གདུག་སེམས་ནད་གཟིར་བ། །དེ་འདྲ་ཞི་བར་བྱ་བའི་ཕྱིར། །ཞི་བའི་ལས་ནི་རྩོམ་པ་ཡིན། །ཚེ་ཐུང་ནད་མང་དཔལ་ལོངས་སྤྱོད། །ཕོངས་དང་ཉམ་ང་འཇིགས་པ་དང ། །དྭངས་སྙིགས་ཟད་ནས་སྙིང་པོར་ཐིམ། །ཐིག་ལེ་མི་ཤིགས་བཅུད་འདུས་པ། །སྟོང་ཉིད་ཐིག་ལེའི་ངང་དུ་འགག་།རྒྱུ་བའི་རླུང་ལ་དབང་ཐོབ་ཅིང ། །མངོན་ཤེས་སྐྱེ་འཇིག་ཐོབ་བྲལ་བས། །བདེ་ཆེན་ནམ་མཁའི་ཡེ་ཤེས་ཉིད། །རྡོ་རྗེ་ཐིག་ལེ་འགྱུར་འཇིག་མེད། །སྟེང་དང་འོག་ལས་གང་སྦྱར་བས། །སྐུ་གསུང་ཐུགས་ཀྱི་ཕོ་བྲང་དག་།བདེ་ཆེན་ཏིལ་འབྲུ་བཅུད་བཞིན་དུ། །ཉི་ཟླ་གནས་པའི་བར་དུ་འབར། །འབབ་པ་ཐིག་ལེ་ཟླ་བའི་གཟུགས། །ཁ་བཅད་རླུང་གིས་གཟུང་བྱ་ཞིང ། །འོག་གིས་ཕུལ་ཞིང་སྟེང་གིས་དྲང ། །མ་ལུས་བདེ་ཆེན་ཁྱབ་པར་གནས། །མི་རྟོག་གསལ་
303b
བར་མཐར་ཕྱིན་པ། །སེང་ཕྲུག་ཟླ་བ་རྫོགས་པ་ལྟར། །ཐབས་དང་ཏིང་འཛིན་སྦྱོར་བ་ཡིས། །བདེ་བའི་ཡེ་ཤེས་ཆེན་པོ་ལ། །མ་ལུས་ཡོན་ཏན་རྫོགས་པར་གནས།། ཆགས་ཅན་བརྟུལ་ཞུགས་བྲལ་བ་ཡི། །ལུས་དང་དྲན་རྟོག་བག་ཆགས་བཅས། །རིགས་དང་རིགས་མིན་གང་ཡང་རུང ། །སྒོ་གསུམ་མ་ལུས་བཅས་པ་དག་།སྟེང་སྒོའི་གདུལ་བྱ་དེས་འདུལ་ཡིན། །དང་པོར་གསང་བའི་རིམ་ཐོབ་པས། །རླུང་དང་ཐིག་ལེའི་ལས་གོམས་ནས། །བདེ་ཆེན་བྱང་ཆུབ་སེམས་ཀྱི་རོ། །སེམས་ལྔའི་ཚུལ་གྱིས་གང་སྣང་བ། །གཡོ་ཐོབ་བརྟན་པའི་ཉམས་ཉིད་ཀྱིས། །ལུས་དང་ཕྱི་ནང་དྲན་རྟོག་བཅས། །ནམ་མཁའི་གཟུགས་ཅན་ཉིད་དུ་སྐྱེ། །ལུས་དང་སྣང་བར་བཅས་པ་ཡི། །ནམ་མཁའི་མཐའ་ལྟར་མི་ཕྱེད་པ། །བདེ་ཆེན་ཐིག་ལེ་ཨ་དང་གནས། །ཐིག་ལེ་སྟོང་པའི་རི་མོ་ཅན། །གསལ་བར་ཤེས་པ་རྒྱུ་བས་མངོན། ། འོག་ནས་བསྐུལ་ཞིང་སྟེང་ནས་མནན། །དྭངས་སྙིགས་བསྲེ་བའི་ཐབས་ལ་འཇུག་།བདེ་བའི་རླུང་ཅན་ཡཾ་གྱི་སྒོ། །བསྐྱོད་པའི་སྦྱོར་བས་གྱེན་དུ་ཕུལ། །རྒྱུ་བ་རླུང་གི་སྙིང་པོ་ཅན། །དཔའ་བོ་ལམ་ནས་ཐུར་དུ་འཐེན། །རིག་པའི་ཡེ་ཤེས་གནས་པའི་རླུང ། །སྟོང་ཉིད་ནམ་མཁའི་དབྱིངས་སུ་ཐིམ། །ཕྱི་ནང་རྒྱུ་བ་ཆད་པ་དང ། །རིག་པ་ཐིག་
304a
༄#། །ལེའི་ངང་ལ་གནས། །བདེ་བའི་རྟགས་ནི་འབྱུང་འགྱུར་ཏེ། །འདར་དང་རྡུལ་དང་བ་སྤུ་ལྡང ། །སྒྲ་དང་ལུས་བདེ་རྒྱུག་པ་དང ། །རྒོད་དང་བརྒྱལ་སོགས་གང་བྱུང་བ། །བརྟན་དང་སྦྱང་བའི་ཆོ་ག་བྱ། །མི་མཐུན་ལོག་པའི་ཆོས་བརྟགས་ན། །ཐབས་ཀྱི་རིམ་པའི་ཆོ་ག་ཡིས། །གདོན་དང་སྤོས་དང་གནོན་པ་དག་།ཇི་ལྟར་རིགས་པར་བརྟག་པར་བྱ། །རང་ལུས་ཐིག་ལེའི་ཉམས་མྱོང་ལ། །བར་ཆད་མེད་པར་གསལ་འཇུག་པའི། །ཐ་མལ་ཞེན་པ་བསྒྱུར་བ་དང ། །བདེ་བའི་དབང་ཕྱུག་སྨིན་པ་དང ། །དྲན་རྟོག་རྒྱུད་སོགས་ཞི་བ་དང ། །བདེ་ཆེན་རྒྱས་པས་ཁྱབ་པ་དང ། །རླུང་དང་བདེ་བའི་རྣལ་འབྱོར་གྱིས། །ཐམས་ཅད་དབང་དུ་སྡུད་པ་དང ། །དྲན་རྟོག་ཨ་ཡི་ངང་དུ་གནས། །འདི་ནི་ནང་གི་རིམ་པ་ཡིན། །དེ་ནས་གསང་བ་བཤད་བྱ་བ། །ཐབས་དང་ཤེས་རབ་འབྲེལ་བ་ལས།། གསང་བའི་འཕྲིན་ལས་བཞིར་འབྱུང་བ། །དཀའ་ཐུབ་ཅན་དང་ཐ་མལ་དང ། །ཐུན་མོང་ལམ་ལས་ཟློག་ཕྱིར་རོ། །འདོད་ཆགས་ཞེན་ཅིང་དབང་པོ་སྨིན། །ཚད་ལྡན་ཡུམ་དང་བཅས་པ་ཡི། །བདེ་ཆེན་དགོན་པ་ཐིག་ལེའི་གནས། །ཡོན་ཏན་ཁྱད་པར་ཀུན་ཏུ་རྫོགས། །གཉིས་མེད་འཁྲིལ་པའི་ངོ་བོ་ནི། །བདེ་བ་ཆེན་པོ་
304b
འབྱུང་བའི་གནས། །གསང་བའི་བྷ་ག་རྒྱས་པ་དང ། །ཞི་རྒྱས་དབང་དྲག་ཚུལ་བཞིན་དང ། །ནུས་པ་བྱིན་བརླབས་གང་ལྡན་པ། །གསང་བའི་ཐིག་ལེའི་ཚུལ་ལ་གནས།། པདྨ་གསང་བའི་ཐབ་ཁུང་དུ། །གསང་བའི་སྦྱིན་སྲེག་གང་ཕུལ་བ། །ལོ་དང་ཟླ་བ་མ་ཡིན་པར། །མྱུར་དུ་བདེ་ཆེན་ལུས་སུ་གྱུར། །ཐབས་དང་ཤེས་རབ་ལས་བྱུང་བའི། །དྭངས་སྙིགས་བཅུད་དང་བག་ཆགས་དང ། །ཉི་ཟླ་ཁུ་བར་བཅས་པ་ནི། །བདེ་ཆེན་གསང་བ་མཆོད་པའི་རྫས། །གདུང་དང་བདེ་བ་བྲལ་བ་དང ། །ཞེན་རྟོག་དེ་ཉིད་ཆགས་པ་ཡི། །རང་གི་ལིང་ག་དེ་ཉིད་ལ། །གསང་བའི་ཕུར་པ་བཞི་རྫོགས་པ། །གསང་བའི་ཡུལ་ལ་བཏབ་པ་ཡིས། །ལྷན་ཅིག་སྐྱེས་པའི་ཏིང་འཛིན་ལ།། ལས་བཞི་མ་བཙལ་རྫོགས་པར་ལྡན། །རོལ་པའི་ཚུལ་དང་ཐིག་ལེ་གཉིས། །པདྨ་རྡོ་རྗེ་སྙིང་པོའི་རྩ། །ཉམས་དང་སྦྱོར་ཚུལ་གང་ཡིན་པ། །གསང་བའི་སྦྱོར་བའི་དུས་སུ་བལྟ། །གནས་པ་རྩ་ཡི་ཚུལ་དག་ནི། །ཁ་དོག་དབྱིབས་སོགས་ཐ་དད་པས། །མཆོད་རྫས་ཉི་ཟླར་བཅས་ཀུན་ལ། །གཟར་བུ་གཉིས་བཅས་ཐབས་ཕུལ་བས། །ཐིག་ལེ་ཆེན་པོར་འབབ་པར་འགྱུར། །གསང་བའི་དོན་ལ་དགའ་བ་དང ། །རིག་པའི་བརྟུལ་ཞུགས་སྤྱོད་པ་དང ། །དབང་པོ་དར་ཅིང་སྨིན་པ་དང ། །
305a
༄#། །ཐིག་ལེའི་དོན་ལ་མོས་པ་དང ། །རླུང་དང་བཅུད་ལ་གོམས་པ་ཡི། །རྣལ་འབྱོར་ཕོ་མོར་བཅས་པ་ཀུན། །དྲན་རྟོག་ཕྱི་མ་བཅས་པའི་ཡིད། །གདུལ་བྱའི་དོན་དུ་དེ་བཤད་དོ། །གང་དག་ཐབས་ལ་མཁས་པ་དང ། །དབང་དང་དམ་ཚིག་ལྡན་པ་ཡིས། །ཐབས་དང་སྦྱོར་བ་ལ་བརྩོན་ཞིང ། ། ཉི་ཟླ་རྩེ་སྦྱོར་དབང་ཐོབ་ནས། །གཟུང་ཟློག་འབྱངས་བའི་གར་ཐབས་ཀྱིས། །དངོས་པོ་ལྷན་ཅིག་སྐྱེས་པའི་དོན། །སེམས་ལྔའི་ཚུལ་གྱིས་གསལ་བར་སྐྱེ། །ཉི་ཟླ་ཞོན་པའི་རྫུ་འཕྲུལ་དང ། །རྒྱུ་བའི་རླུང་ལ་དབང་ཐོབ་པས། །ཁམས་བཞི་འདུས་པའི་སྙིང་པོ་ལས། །བདེ་ཆེན་ཐིག་ལེ་མི་རྟོག་པ། །ཐབས་ཀྱིས་ད་ལྟར་མངོན་དུ་སྣང ། །ཐབས་དང་བྲལ་བའི་སློབ་དཔོན་གྱིས། །སྐལ་མེད་ལས་ཀྱིས་དམན་པ་ལ། །དབང་དང་རྒྱུད་པ་བྲལ་བ་ཡིས། །ཚིག་དང་རིགས་པས་ཅི་བསྟན་ཀྱང་།། རིགས་ངན་རྒྱལ་སར་བཞག་པ་ལྟར། །བདག་ཕུང་གཞན་བརླག་འཇིག་པར་འགྱུར། །གང་དུ་གསང་བའི་ཐིག་ལེ་ཉིད། །གསང་བའི་ལམ་ལྔར་ཉམས་སྐྱེས་པས། །ཟག་མེད་བདེ་བའི་དཀྱིལ་འཁོར་དུ། །མཁའ་འགྲོ་གསུམ་ལ་གང་བརྟེན་པས། །ཡེ་ཤེས་ཐིག་ལེ་རྒྱ་དཔག་མེད། །རིམ་པར་མཐར་ཐུག་གནས་སུ་འགྱུར།།
305b
གང་ཞིག་འདི་ལ་འདྲེས་གོམས་པས། །རྒྱུ་བ་ཐིག་ལེར་ཐིམ་པ་དང ། །དྲན་རྟོག་ནམ་མཁའ་གསལ་བ་དང ། །བདེ་ཆེན་སྔོན་དུ་སྨིན་པ་ཡིས། །འཆི་མེད་སངས་རྒྱས་ས་ལ་སྦྱོར། །འཇིགས་པ་ཀུན་ལས་གྲོལ་བ་དང ། །ལྷ་མོ་ཚོགས་ཀྱིས་བྱིན་བརླབས་ནས། །རོལ་རྩེད་སྣ་ཚོགས་སྒྱུར་བྱེད་ཅིང ། །ཐབས་དང་ཤེས་རབ་གཉིས་མེད་ཅིང ། །ལོངས་སྤྱོད་རྫོགས་པའི་ཞལ་མཐོང་ཞིང ། །རྡོ་རྗེ་དབང་གིས་མཚམས་སྦྱར་ནས། །ཡི་གེ་འཁོར་ལོ་ཚོགས་མཆོག་མཉེས། །ནམ་མཁའི་མཐར་ཐུག་བར་དུ་ནི། །བདེ་ཆེན་ཡེ་ཤེས་ཟག་པ་མེད། །ཡེ་ཤེས་རྒྱ་མཚོ་བྱིན་བརླབས་ཅན། །ནམ་མཁའ་ལྟ་བུར་དཔག་མེད་པ། །རྒྱལ་བ་ཀུན་གྱི་ངོ་བོར་འགྱུར། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ལས། འཕྲིན་ལས་མཐའ་ཡས་པ་བཤད་པའི་ལེའུ་སྟེ་བཅུ་པའོ།། །། དེ་ནས་གཞན་ཡང་བཤད་བྱ་བ། །གསང་བའི་ལམ་ལ་གང་དགའ་བས། །ཐུན་མོང་མ་གྱུར་གསང་བའི་ལམ། །རིམ་པ་ཉིད་དུ་བཤད་པར་བྱ། །དད་དང་བརྟུལ་ཞུགས་ཆེ་བ་དང ། །ཐེག་པ་ཆེན་པོར་རིག་ངེས་ཤིང ། །སྙིང་རྩེ་དབང་དང་དམ་ཚིག་ལྡན། །སྒྲུབ་ལ་བརྩོན་པའི་གང་ཟག་གིས། །ལུས་དང་ལོངས་སྤྱོད་འཚོ་
306a
༄#། །བ་དང ། །བུ་དང་ཆུང་མ་རྒྱལ་སྲིད་ཀྱིས། །དང་པོར་བླ་མ་མཉེས་བྱས་ལ། །ཐབས་ལ་མཁས་པས་འདོད་པ་བླང ། །ཕྱི་ནང་སྣོད་བཅུད་མ་ལུས་པ། །རང་བྱུང་ཡེ་ཤེས་རང་སྣང་བ། །གཅིག་དང་དུ་མ་མེད་ཚུལ་གྱིས། །བདེན་པ་གཉིས་མེད་འབྲེལ་པ་ཉིད། །བྱིན་བརླབས་སྒྲ་དང་གཏན་ཚིགས་ཀྱི། །རང་བྱུང་ཡེ་ཤེས་མངོན་དུ་སྣང ། །རང་གནས་འཁོར་ལོ་བསམ་མི་ཁྱབ། །རྟོག་གེའི་སྤྱོད་ཡུལ་མ་གྱུར་པ། །ཐབས་ཆེན་ཐབས་ལས་བྱུང་བ་ཡི། །འཕེལ་དང་དགའ་བདེ་ལོངས་སྤྱོད་ཕྱིར། །རྒྱས་པའི་ལས་ལ་འབད་པར་བྱ། །དབང་ཆེན་གཟི་བྱིན་ཆེ་བ་དང ། །རྒྱལ་རིགས་བློན་པོ་བྲམ་ཟེ་དང ། །གདུག་པ་དབང་དུ་བསྡུ་བའི་ཕྱིར། །རྗེས་དགུག་དབང་གི་ལས་བརྩམ་མོ། །དགྲ་དང་བགེགས་སོགས་མ་རུངས་པ། །གང་གིས་འདུལ་བར་མི་ནུས་པ། །གཟིར་ཞིང་འདུ་ཤེས་བསྒྱུར་བའི་ཕྱིར། །དྲག་པོ་བསྒྲལ་བའི་འཕྲིན་ལས་བརྩམ། །གང་ཡང་རུང་བའི་དངོས་པོ་ལ། །དང་པོ་མི་མཐུན་ཞི་བར་བྱ། །དེ་ནས་ཡོན་ཏན་རྒྱས་པར་བྱ། །དེ་ཉིད་དབང་བསྡུ་ལས་ལ་སྦྱར། །གལ་ཏེ་དབང་དུ་མ་གྱུར་ན། །དྲག་པོས་གཟིར་ཏེ་བསྒྲལ་བར་བྱ། །གལ་ཏེ་ལོག་པར་ལྷུང་སྲིད་པས། །འོག་མིན་གནས་སུ་ཕཊ་གྱིས་
306b
འཕངས། །ངེས་པར་འགྲུབ་འགྱུར་གདོན་མི་ཟ། །དང་པོར་སྔོན་བྱའི་ལས་ཀྱིས་ནི། །ནུས་དང་མི་ནུས་ཁྱད་པར་བརྟག་།དེ་ནས་ནུས་པ་ཐོབ་པ་སྟེ། །དེ་ནས་བདེ་བའི་རྩལ་ཐོབ་ནས།། ཐོགས་པ་མེད་པའི་འཕྲིན་ལས་འགྲུབ། །ཟག་མེད་ལམ་ལ་སོགས་སྦྱངས་པས། །ཆོ་འཕྲུལ་བཞི་དང་འཕྲིན་ལས་བཞི། །གདུལ་བྱ་ཞིང་དང་ནུས་མཐུ་དང ། །བྱིན་བརླབས་རྩལ་གིས་ཁྱད་པར་འཕགས། །མཐར་ཕྱིན་སྐུ་ལྔའི་ཞིང་ཐོབ་པས། །མ་རྩལ་ཆུ་དང་རླབས་བཞིན་དུ། །དཔག་མེད་ཡོན་ཏན་ངོ་བོའི་ཕྱིར། །ལྷུན་གྱིས་གྲུབ་པའི་འཕྲིན་ལས་ཡིན། །ལས་དང་ཉོན་མོངས་གདུག་པ་དང ། །སྡུག་བསྔལ་རྟོག་པ་ཇི་སྙེད་པ། །ཆོ་ག་ཐབས་དང་ཏིང་འཛིན་གྱིས། །ལྷན་ནེ་ལྷང་ངེར་ཞི་བར་འགྱུར། །ང་རྒྱལ་རིན་ཆེན་གཟི་བརྗིད་ཀྱིས། །དཔལ་དང་ལོངས་སྤྱོད་འཕེལ་བ་དང ། །ཚེ་དང་ལང་ཚོ་སྟོབས་ལྡན་ཞིང ། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །འདོད་ཆགས་རྡོ་རྗེ་ཏིང་འཛིན་གྱིས།། བདུད་དང་གདུག་པ་རྒྱལ་པོ་དང ། །ལྷ་དབང་སྲིན་པོ་མཁའ་འགྲོ་མ། །ཕྱག་ན་རྡོ་རྗེའང་དབང་དུ་འགྱུར། །ཞེ་སྡང་རྡོ་རྗེ་ཏིང་འཛིན་གྱིས། །ཆོ་ག་རྫས་དང་སྔགས་ལྡན་པས། ། ཆོས་སྐུ་རྡོ་རྗེ་འང་འཇིག་འགྱུར་ན། །གཞན་ལྟ་སྨོས་ཀྱང་ཅི་ཞིག་དགོས། །རང་ལུས་བདེ་ཆེན་ཀུན་གྱི་དབྱིངས། །རང་ལུས་ཐིག་ལེའི་ཐབས་མཁས་པས། །སྦྱོར་བ་རླུང་གི་
307a
༄#། །གོམས་སྟོབས་ཅན། །དཀྱིལ་འཁོར་ནང་ལ་གནས་གྱུར་པས། །ཉམས་ཀྱིས་ལས་བཞི་གསལ་གྱུར་ཏེ། །རིམ་པ་ཇི་བཞིན་འགྱུར་བ་དང ། །རང་གི་མངོན་པར་གསལ་གྱུར་པ། །ནུས་པ་བསྟན་པས་མངོན་དུ་འགྱུར། །གཞན་མིན་འཁོར་ལོ་ཕོ་བྲང་ཉིད། །གནས་དང་འཇུག་དང་གཟུང་བ་དང་།། བསྟིམ་ཞིང་གནས་པ་གང་ཡིན་པ། །དེ་དག་ཉིད་དུ་བཤད་པ་ཡིན། །དྷརྨ་ཙཀྲ་གཞལ་ཡས་ཁང ། །རྩ་བཞི་ཡན་ལག་བརྒྱད་དཀྱིལ་ན། །ེ་བཾ་མ་ཡ་ལས་བཞི་དབྱིབས། །ཁ་དོག་ལས་ཀྱིས་གཙོར་གྱུར་པ། །བག་ཆགས་ས་བོན་སྙིགས་མ་དང ། །རྟོག་དང་ཐ་མལ་ཞེན་པའི་རྫས། །ཉམས་མྱོང་འགྱུར་མེད་བཞིར་གནས་ཏེ། །ཐིག་ལེས་དེ་ཉིད་ཞི་བ་དང ། །རང་ལུས་ཕྱི་ནང་ཐིག་ལེས་རྒྱས། །རླུང་དང་ཐིག་ལེ་རྟོག་པར་བཅས། །ནུས་པས་དབང་དུ་འདུས་པ་དང ། །ཐིག་ལེས་མ་བཅོས་ནམ་མཁའི་ངང ། །སྲོག་དང་ཐིག་ལེར་བཅས་བསྡུས་པ། ། ཡི་ངང་དུ་ཐིམ་འགྱུར་ཏེ། །རྒྱུ་བ་དྭངས་ཤིང་འཕར་བ་གནོན། །མི་འགྱུར་དབྱིངས་ལ་གནས་པར་བྱ། །རང་ལུས་ཐབས་ཀྱི་ངོ་བོ་ལས། །འཁོར་ལོ་བཞི་དང་མེ་རླུང་དང ། །བསྐྱོད་པ་རླུང་གིས་ལས་རུང་པས། །ནམ་མཁའི་ཡེ་ཤེས་ཅིར་ཡང་གསལ།།
307b
ཐིག་ལེས་རྒྱུད་དང་ལུས་རྒྱས་པས། །བདེ་ཆེན་དབང་ཐོབ་ཞེན་ཆགས་བྲལ། །ཏིང་འཛིན་སྦྱོར་བས་གང་བསྐུལ་ན། །རིམ་པའི་རྟགས་དང་ནུས་པ་འབྱུང ། །ཁ་དོག་གྲངས་དང་སྙིང་པོ་དང ། །དབྱིབས་དང་ཚད་དང་ཐིག་ལེ་ཡི། །ཁྱབ་པ་ལ་སོགས་མཐའ་ཡས་པ། །བཞུགས་ཚུལ་དེ་ཉིད་དེ་བཞིན་ནོ། །འཁོར་ལོ་བཞི་ཡི་ཐབ་ཁུང་དུ། །གཏུམ་མོ་བྱིན་ཟའི་ལས་བསྐུལ་བས། །དྭངས་སྙིགས་རྟོག་པའི་བག་ཆགས་དག་།མི་ཤིགས་ཐིག་ལེར་མཆོད་པ་ཕུལ། །ཕྱི་ནང་རྒྱུ་བ་མ་ལུས་པ། །རང་བྱུང་འཁོར་ལོ་ཐིག་ལེ་མཆོག་།སྤྱོད་ཡུལ་ཐུན་མོང་མ་ལུས་པ། །ཕྱི་ཡི་རྣམ་པ་ལམ་བྱེད་པས། །ཐུན་མོང་ཕྱི་ཡི་ལམ་དུ་བཤད། །དེ་ཉིད་ནང་དུ་རྩ་འཁོར་ལོ། །ཐིག་ལེས་ནང་དུ་ཉམས་བསྐྱེད་པ། །རིམ་པ་འདི་ནི་ནང་དུ་བཤད། །དབང་ཐོབ་སྦྱངས་པ་མ་རྟོགས་པ། །སྐལ་ངན་རིགས་ཆད་ཡུལ་མིན་པ། །གསང་བས་གསང་བ་ཞེས་བཤད་དོ། །དང་པོར་བློ་ལྡན་གང་ཟག་ནི། །མ་ལུས་བདེན་པ་དབྱེར་མེད་ལ། །རང་བཞིན་རིག་པའི་གཏན་ཚིགས་ཀྱིས། །ཕུང་པོ་ཁམས་དང་སྐྱེ་མཆེད་ལ། །ཐབས་དང་ཤེས་གཉིས་མེད་པའི་དོན། །ཡེ་ནས་སངས་རྒྱས་རྫོགས་པ་ཉིད། །དེ་ཉིད་དུས་གསུམ་མ་སྐྱེས་པ། །གང་ལ་བརྟེན་ནས་རྟོགས་པ་ལ། །ལམ་གྱི་ཡན་ལག་ཀུན་རྫོགས་ཏེ། །ས་བཅུ་
308a
༄#། །རིམ་པར་མ་བཀོད་རྫོགས། །མ་ལུས་ཡོན་ཏན་རང་ཤར་བས། །ཐམས་ཅད་མ་ལུས་མ་འདའ་ལ། །ཚོགས་གཉིས་རྫོགས་པའི་འབྲས་བུ་ཉིད། །དབང་པོ་གཅིག་ཅར་སྤྱོད་ཡུལ་ཡིན། །གང་སུ་བློ་དང་མོས་པ་དང ། །རྟོགས་ཆུང་མཚན་མ་དགའ་བ་ལ། །ཐུན་མོང་སྒོ་མཐུན་ཁྱད་པར་ཅན། །རིམ་པའི་རྣལ་འབྱོར་བརླབ་པར་བྱ། །དང་པོར་ཕྱི་ནང་སྣོད་བཅུད་ཀུན། །རངས་ཉིད་ན་མི་དམིགས་པ། །མ་བཅོས་མ་བསལ་མི་གནས་པ། །དངོས་པོ་ཅི་ཡང་མི་བརྟག་ཅིང ། །དེ་ཉིད་ལ་ཡང་མི་རྟོག་པ། །འཛིན་རྟོག་ཞེན་པ་མི་གནས་པར། །བསམ་དང་བསམ་བྱ་མེད་ཚུལ་གྱིས། །བདག་གཞན་ཕྱི་ནང་མ་ལུས་པ། །གང་གི་ངོ་བོར་མ་གྲུབ་པ། །ཅི་ལའང་མི་གནས་སྦྱོར་བ་ཡིས། །རང་སར་མི་རྟོག་ངོ་བོ་ཉིད། །བཅོས་པ་མེད་པའི་ཚུལ་དུ་བསྒོམ། །གལ་ཏེ་མཚན་མའི་རྒྱུ་བ་དག་།ཆུ་ལས་རྙོག་པའི་ཚུལ་བྱུང་ན། །མ་བཅོས་རང་བཞིན་བཞག་པ་ཡིས། །མ་ལུས་རྟོག་མེད་དེ་བཞིན་ཉིད། །རང་བཞིན་བཞག་པས་དག་པར་འགྱུར། །ནམ་མཁའ་དག་པར་འགྱུར་བའི་ཚེ། ། སྤྲིན་ཀྱང་རང་བྱུང་དག་པ་ལྟར། །བྱུང་ཚོར་དྲན་རྟོག་མ་ལུས་པ། །ཆོས་ཉིད་སྟོང་པའི་རང་བཞིན་ནོ། །གང་དུ་སྣང་སྲིད་མ་ལུས་པ། །ཕྱི་ནང་མེད་པའི་སེམས་ཉིད་དེ།།
308b
ད་ཉིད་སྟོང་པའི་རང་བཞིན་དུ། །གོམས་ཤིང་ནུས་པ་བརྟན་པའི་ཚེ། །དེ་ཉིད་རྣལ་འབྱོར་དེ་ཉིད་ནི། །སྟོང་པ་ཆེན་པོ་རྣལ་འབྱོར་ཡིན། །སྒོ་གསུམ་བྱེད་སྤྱོད་མ་བཅོས་པ།། མ་བརྟགས་མི་རྟོག་ཅིར་མི་གནས། །འདི་ནི་རྣལ་འབྱོར་རྩེ་གཅིག་པས། །བྱ་བ་སྤངས་པའི་སྤྱོད་པ་ཡིན། །དེ་ནས་དེ་ལས་ལངས་པའི་ཚེ། །སྒྱུ་མ་ཆུ་ཟླ་སྨིག་རྒྱུ་དང་།། འཇའ་ཚོན་ལྦུ་བ་ཆུ་བུར་ལྟར། །སྣང་ཡང་དངོས་པོར་གནས་མ་ཡིན། །རིག་པ་ཕྱི་ནང་མ་ལུས་པར། །སྟོང་པའི་ཆུ་འཕྲུལ་སྣང་དུ་ཟད། །མ་ལུས་རིག་པའི་ངོ་བོ་སྟེ། །དེ་ཡང་སྒྱུ་མའི་རང་བཞིན་ལྟར། །ཞེན་ཆགས་མེད་པའི་ཚུལ་དུ་བསྒོམ། །ཡེ་ཤེས་སྒྱུ་མའི་ཆོ་འཕྲུལ་ནི། །དཔག་མེད་ངོ་བོར་རང་སྣང་ཡང ། །བྱིན་རླབས་ཆོ་འཕྲུལ་རང་སྣང་བ།། དེ་ལྟར་མ་རྟོགས་དམན་པ་ལ། །རང་བྱུང་སྙིང་རྗེ་འཆར་བའི་ཕྱིར། །སྙིང་རྗེ་ཆེན་པོ་རྣལ་འབྱོར་ཡིན། །འགྲོ་བ་གང་དང་གང་དག་ལས། །སྙིང་རྗེ་ཆེན་པོ་གང་གཟིགས་པས། །སྣ་ཚོགས་མཛད་པའི་ཚུལ་ཉིད་ཀྱིས། །དེ་སྙེད་སྤྱོད་ལ་མཐའ་ཡས་ཏེ། །དོན་དང་མཐུན་པ་འབའ་ཞིག་སྟོན། །ཐ་མལ་པ་དང་ཐབས་ཉིད་དང ། །ལུས་ངག་ཡིད་ཀྱིས་ཅི་འཚམ་པར། །དོན་འགྱུར་སྤྱོད་པ་བསམ་མི་ཁྱབ། །གང་དུ་བྱམས་དང་སྙིང་རྗེ་ཡིས། །མི་ཁྱབ་མིང་གི་རྣལ་འབྱོར་ཏེ། །ཐེག་པ་ཆེན་པོའི་རིགས་ཆད་ཅིང ། །དམན་
309a
༄#། །པའི་རིགས་སུ་གྱུར་པ་ཡིན། །རྩ་བ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་སྟེ། །ནམ་མཁའི་རིས་དང་དབྱེར་མེད་ལྟར། །མ་ལུས་རང་རྒྱུད་བྲལ་བ་ཡིས། ངོ་བོ་དེ་མིན་རྫུན་པ་མིན། །ཆོས་རྣམས་མིང་ཙམ་དངོས་པོ་མེད། །སྒོ་གསུམ་འདི་ལྟར་བརྟན་པ་ནི། །ཐུགས་རྗེ་ཆེན་པོ་སྤྱོད་པ་ཡིན། །དེ་ནས་སྒྱུ་མའི་རང་བཞིན་ཉིད། །རང་བཞིན་གཉིས་མེད་རིག་པ་ཡི། །ཡི་གེ་ཧཱུཾ་དུ་གསལ་བར་བསྒོམ། །ཕྱི་ནང་སྣོད་བཅུད་མ་ལུས་པ། །འཕྲོ་འདུས་ཧཱུཾ་དུ་གསལ་བར་བྱ། །རྡུལ་ཕྲན་དེ་སྙེད་འདུས་པ་ལས། །ཐིག་ལེ་མི་དམིགས་སྟོང་པར་བལྟ། །མ་དང་ཨ་ལས་ཉི་ཟླའི་གདན། །གང་བསྒྲིལ་ཧཱུཾ་བཅས་གསལ་བར་བྱ། །རང་རང་གསུང་ཡང་འགལ་བ་མེད། །སྒྲིལ་མའི་སྙིང་པོ་ཕྱག་མཚན་ཏེ། །འཕྲོ་འདུ་ཕྲ་མོའི་རང་བཞིན་སྐུ། །གསལ་ལ་སྐྱོན་དང་བྲལ་བར་བསྒོམ། །དེ་ནས་རང་རང་ཚད་གྱུར་པའི། །རིགས་པའི་ཕྱག་རྒྱ་ཆེན་པོ་ཉིད། །ཞི་དང་ཁྲོ་བོ་སྐབས་དག་ཏུ། །ཇི་ལྟར་འཐད་པར་བསྒོམ་པར་བྱ། །ཡང་ན་ཞལ་གཅིག་ཕྱག་གཉིས་ཏེ། །ཡང་ན་ཞལ་གསུམ་ཕྱག་དྲུག་བསྒོམ། །གནས་གཅིག་གནས་གསུམ་གནས་ལྔར་ཡང ། །ཡན་ལག་ལྷ་ནི་ཚང་བར་བསྒོམ། །གོམས་ནས་བསྟིམས་ཏེ་སྤྱོད་ཡུལ་ཀུན། །དེ་ལྟར་གསུམ་\?\་
309b
བར་བརྟག་པར་བྱ། །རྩ་བ་གཅིག་པའི་ལྷ་བསྒོམ་པ། །ཕྱག་རྒྱ་གཅིག་པའི་རྣལ་འབྱོར་ཡིན། །སྒོ་གསུམ་བསྒོམ་ལ་རབ་འབྱོར་པས། །རྣམ་པར་གཡེང་བའི་ཆོས་སྤྱོད་འདས། །མ་ལུས་རྩ་བའི་སྤྱོད་པ་སྟེ། །ཕྱོགས་གཅིག་པ་ཡི་སྤྱོད་པར་གསུངས། །དེ་ནས་རྟོག་པའི་ཡན་ལག་དག་།གཉིས་ཀ་ཐབས་དང་ཤེས་རབ་ཏུ། །བརྟགས་ཏེ་དེ་ལྟར་བསྒོམ་པར་བྱ། །འོད་ཟེར་འཕྲོ་བ་འབྲུ་གསུམ་ཉིད། །ཡང་ན་ཡེ་ཤེས་ལྔ་ཉིད་དེ། །གནས་གཅིག་སྙིང་པོར་གནས་པར་བྱ། །དེ་བཞིན་གཙོ་བོ་གཙོ་མོ་དང ། ། སེམས་དཔའ་དང་ནི་སེམས་མ་དང ། །ཁྲོ་བོ་ཁྲོ་མོ་སྤྲུལ་པ་དང ། །ཡིད་ཆོས་དག་ལའང་ཤེས་པར་བྱ། །ཞལ་དང་ཕྱག་དང་ལྷ་གྲངས་དང ། །ཚོམ་བུ་སྤྲོས་པས་སྤྲོས་བཅས་ཡིན། །སྐུ་གསུང་ཐུགས་དང་ཡོན་ཏན་ལས། །ཚོམ་བུ་ལྔ་ལ་ཁྲོས་བཅས་བསྒོམ། །ཡང་ན་སྐུ་གསུང་ཐུགས་ལྡན་པའི། །ཚོམ་བུ་གསུམ་དང་བཅས་པ་ཡི། །ཁྲོ་བོ་ཁྲོ་མོ་འཁོར་དུ་བསྒོམ། །རིགས་ཀྱི་གཙོ་སྟེ་ཐུགས་ཀྱི་མཆོག་།ཁྲོ་བོ་ཚོགས་དང་བཅས་པ་ཡི། །མོས་པའི་ཚུལ་དང་སྦྱོར་བ་ཡིས། །ཚོམ་བུ་གཅིག་པའི་ལྷ་རྣམས་བསྒོམ། །སློབ་དཔོན་མཐར་ཉེའི་ལམ་གནས་པའི། །རྒྱང་གྲགས་དཔག་ཚད་ལ་སོགས་པ། །རྡོ་རྗེ་ཐིག་ཚད་བོར་ཙམ་གྱིས། །ཕྱག་རྒྱའི་དཀྱིལ་འཁོར་གསལ་ལྡན་པ། །སྣ་
310a
༄#། །ཚོགས་དཀྱིལ་འཁོར་མཆོག་ཏུ་གསུངས། །དང་པོ་རྒྱང་གྲགས་དཀྱིལ་འཁོར་ཏེ། །དེ་ནས་དཔག་ཚད་དཀྱིལ་འཁོར་ཉིད། །ནམ་མཁའི་དབྱིངས་ནི་བསམ་ཡས་པར། །སངས་རྒྱས་དཀྱིལ་འཁོར་སྣ་ཚོགས་བསྒོམ། །དེ་ནས་ཡོ་བྱད་ལྔ་ལྡན་པས། །ཏིང་འཛིན་མོས་པ་སྤྱོད་མཐུན་པའི། །སྐྱེ་བོ་ཙམ་དུ་གྲངས་མཐུན་པས། །ཚོམ་བུས་འདོད་པའི་དོན་བསྒྲུབ་བྱ། །ཐབས་དང་ཤེས་རབ་འབྲེལ་པ་ཡི། །ཕོ་མོ་འདུས་པའི་གྲངས་མཉམ་པར། །ཡོ་བྱད་འདུས་པའི་ཚོགས་ལྡན་པས། །དགོན་པར་འཁོར་ཁང་བར་བརྩིགས་ཏེ། །རང་རང་ཐབས་དང་ཤེས་རབ་ཏུ། །བརྟགས་ཏེ་ཡོ་བྱད་ལོངས་སྤྱོད་ཅིང ། །རྡོ་རྗེ་གླུ་བྲོ་གར་ཐབས་ཀྱིས། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །ཚེ་ལ་དབང་བསྒྱུར་ཟག་མེད་ཐོབ། །དེ་ནས་བརྒྱ་ཕྲག་བཅུ་དྲུག་གིས། །སྐུ་ལྔ་ལྷུན་གྱིས་གྲུབ་པར་འགྱུར། །སྐྱེ་བོ་མཛའ་བ་ཀུན་ཚོགས་པ། །རྣལ་འབྱོར་འདུས་པའི་ཚོགས་ཞེས་བྱ། །འབྱོར་པའི་ལོངས་སྤྱོད་ཚོར་བ་ནི། །བདེ་བའི་ལོངས་སྤྱོད་ཚོགས་སུ་བཤད། །ལྷ་དང་དམ་ཅན་ཀུན་འདུས་པའི། །འདུས་པ་ཆེན་པོའི་ཚོགས་སུ་གསུངས། །ཐམས་ཅད་སྤྱོད་པ་མི་འཛིན་པས། །ཚོགས་
310b
གཉིས་རྒྱུན་དུ་རྫོགས་བྱེད་པས། །ཚོགས་ཆེན་པོ་རུ་ངེས་པར་བཤད། །བར་ཆད་མེད་པའི་ལམ་རྫོགས་པས། །རིག་པའི་སྐྱེས་བུ་ཐུབ་པ་མེད། །ལྷ་མི་ཆ་བྱད་འཛིན་མོད་ཀྱི། །འབྱུང་ལྔ་ཆོ་འཕྲུལ་དབང་སྒྱུར་ཐོབ། །ཞིང་དང་ལོངས་སྤྱོད་དག་པ་ཡིས། །གོང་ནས་གོང་དུ་མཉམ་པར་སྦྱོར། །རྡོ་རྗེ་རིག་པ་འཛིན་གྱི་སྐུ། །ཞིང་ཁམས་ཀུན་ལ་གནས་པར་བྱེད། །གལ་ཏེ་མཚན་མར་ཞེན་དབང་གིས། །རྟོགས་པའི་སྟོབས་ནི་ཆུང་གྱུར་ན། །བྱང་ཆུབ་ཕྱག་རྒྱ་རྡོ་རྗེ་སྐུ། །མཚན་དང་དཔ་བྱད་ལ་སོགས་པ། ། ཆ་ལུགས་མངོན་དུ་བྱུང་བ་ཡང ། །ཞི་བ་དེ་ཉིད་མཐོང་བ་མིན། །གང་དུ་སྦྱར་བའི་ཡུམ་རྣམས་ཀྱང ། །ཐུན་མོང་ལམ་དང་སྐབས་གཉིས་སུ། །ནུས་པའི་ཁྱད་པར་ཆེ་ཆུང་གིས། །འཕྲིན་ལས་བཞི་རུ་བཤད་པ་ནི། །དཀར་མོ་བོང་ཆུང་སྐད་ཆེ་ལ། །བཞིན་ལུས་གཙུག་ཕུད་གཡས་སུ་འཁྱིལ། །ཡན་ལག་ཕྲ་འཇམ་སྐད་གསལ་ཞིང་།། རླུང་ཁར་ཅི་བས་ཞི་བ་བྱ། །ཟླ་དང་ཡན་ལག་མང་བ་དང ། །ཕྲ་ཞིང་བཤད་ལ་བཟངས་སུ་རིང ། །བཞིན་ལུས་སེར་ཞིང་གྲུ་བཞིར་གནས། །རྣམ་འཕྱང་ཤ་དང་ནུ་མ་རྒྱས། །འཕེལ་བའི་དུས་སུ་འདི་དག་གཟུང ། །བཞིན་མདོག་པད་འདྲ་སོགས་ཀ་ལ། །སྨིན་དཀྱུས་རིང་ལ་སྟོད་སྨད་ཕྱེད། །ལུས་དང་ཆུ་རླུང་དྲི་ཞིམ་ཞིང ། །བདེ་བ་
311a
༄#། །ལྡན་ཞིང་ཡན་ལག་མེད། །འདི་ནི་སྡུད་པའི་མཆོག་ཏུ་འགྱུར། །འདི་ནི་སྡུད་པའི་མཆོག་ཏུ་འགྱུར། །ནག་མོ་གྲུ་གསུམ་རྩིད་མགོ་མ། །ཁྲོ་གཉེར་བྱིས་པའི་ལུས་ལྡན་ཞིང ། །གཏུམ་ཞིང་བརླང་ཚིག་འཛེམ་པ་མེད། །གཙང་སྨའི་རྟོག་བྲལ་གསོད་པར་བཤད། །གང་དུ་ནུས་པ་བརྟན་ཐོབ་པ། །དེ་དག་ས་ནས་སར་སྦྱོང་བ། །རིག་པའི་སྐྱེས་བུ་དམ་པ་ཉིད། །རྣལ་འབྱོར་རིམ་པའི་ལུང་ལྡན་པ། །མ་སྐྱེས་མཉམ་ལ་དབང་བསྒྱུར་ཞིང ། །མ་ལུས་གསལ་བར་མཐར་ཕྱིན་པའོ། །རང་རིག་ཡེ་ཤེས་རྒྱུད་དོན་ཕྱིར། །རང་སྣང་རིག་པ་མངོན་བྱས་པ། །རིག་འཛིན་མཆོག་སྟེ་ལྷུན་གྲུབ་པའོ། །ཏིང་འཛིན་ནུས་པའི་མཐུ་མེད་ཀྱང ། །ས་སྦྱོང་སེམས་དཔའི་བསྐྱེད་དུ་མེད། །བདེ་གཤེགས་ཉིད་དང་སྤྱོད་ཡུལ་གཅིག་།རིག་པའི་སྐྱེས་བུའི་ལུང་ཐོབ་པའི། །གལ་ཏེ་འབྱུང་བའི་ལུས་འཇིག་ན། །བདག་ཉིད་སྒོ་གསུམ་ལྷར་ལྟ་ཞིང ། །འབྱུང་བ་བསགས་པའི་ལུས་ལས་གྲོལ། །ཏིང་འཛིན་ཕྱག་རྒྱ་ཆེན་པོར་སྨིན། །ཁྱུང་ཕྲུག་སྦུབས་དང་བྲལ་བ་ལྟར། །མ་ལུས་ཕྱག་རྒྱ་སྒྱུ་མའི་མཆོག་།རྣམ་པར་སྨིན་ཅེས་དེ་ལ་བརྗོད། །ཟག་པ་ཟད་པ་རྡོ་རྗེ་ལུས། །ཕྱིན་ཆད་འགྱུར་འཇིག་ཆོས་དང་བྲལ། །བདེ་བ་ཆེན་པོའི་ལུང་ཐོབ་པས། །ཟག་བཅས་
311b
བསླབ་པའི་ཆོས་དང་བྲལ། །ཞིང་ལ་དབང་སྒྱུར་སྤྲུལ་པའི་ལུས། །ཏིང་འཛིན་ལོངས་སྤྱོད་དཔག་ཏུ་མེད། །སྒྲུབ་པའི་ནུས་པ་གང་བརྟན་པ། །རྡོ་རྗེ་ལུས་གྱུར་འཇིག་པ་མེད། །འཇིགས་པ་ལྔ་བྲལ་ཟག་པ་ཟད། །དབང་སྒྱུར་གསུམ་ལ་དབང་ཐོབ་པས། །བདེ་བ་ལོངས་སྤྱོད་དཔག་ཏུ་མེད། །གྲངས་མེད་བསྐལ་པར་དོན་བྱེད་ཅིང ། །མཐོང་བས་དེ་བཞིན་གཉིས་མེད་རིགས། །རྒྱལ་ཚབ་སྐྱེས་བུ་ས་སྐྱོང་བ། །ཕྱི་ནང་སྣོད་བཅུད་མ་ལུས་པ། །ནམ་མཁའ་ལྟ་བུར་དཔག་མེད་ཅིང ། །མཐའ་དབུས་བསམ་པའི་རྒྱུན་ལས་འདས། །འཇིགས་བྲལ་དབུགས་ཕྱིན་མྱ་ངན་འདས། །རང་སྣང་དཔག་མེད་ཞལ་མཐོང་བས། །གཞན་དུ་བལྟ་བའི་ཡུལ་དང་བྲལ། །ཏིང་འཛིན་རིག་པ་གོམས་པའི་མཐུ། །མཚན་མ་སྡུག་པོ་ཡུལ་ལས་འདས། །འཇིག་རྟེན་སྟོང་ཕྲག་དབང་སྒྱུར་ཞིང ། །གཉིས་མེད་ཕྱག་རྒྱ་ཆེན་པོའི་རིགས། །ནམ་མཁའ་མཐའ་ཐུག་མེད་པ་ལྟར། །བསྒོམས་དང་ནུས་པའི་རྩལ་སྟོབས་ཀྱིས། །བག་ཆགས་མཚན་མའི་ཚང་ཚིང་ལ། །ཏིང་འཛིན་རིག་པའི་མེ་འབྱུང་བས། །ཞིང་ཁམས་རྒྱ་བྲལ་དཔག་མེད་དུ། །ཏིང་འཛིན་རིག་པས་གང་སྦྱངས་པ། །བསྒོམས་དང་ཏིང་འཛིན་རིག་པ་ཡིས། །རྡོ་རྗེ་འཛིན་པའི་ལུང་ཐོབ་པ། །ཕྱག་རྒྱ་ཆེན་པོའི་རིག་འཛིན་ཡིན། །དེ་
312a
༄#། །ནས་རིག་པའི་རྩལ་རྫོགས་ཤིང ། །ཡེ་ཤེས་ལྷ་མོ་རོལ་དབང་གིས། །མཐར་ཕྱིན་རིག་པའི་སྐྱེས་བུ་སྟེ། །ཞིང་ཁམས་བྱེ་བའི་དབང་ཐོབ་ཅིང ། །རྡོ་རྗེ་འཛིན་པ་ཉིད་ཀྱི་སྲས། །དབང་དང་ཆོ་འཕྲུལ་ཀུན་ཐོབ་པ། །ནམ་མཁའི་མཐའ་ལྟར་དགོངས་པས་ཁྱབ། །མཉམ་གཞག་རྗེས་ཐོབ་ཁྱད་པར་གྱིས། །རྒྱལ་བའི་ལུང་གནོད་བཀའ་ལ་གནས། །ཞིང་ཁམས་དག་པར་ཀུན་སྤྱོད་ཀྱང ། །རྨད་བྱུང་གསང་བའི་རང་བཞིན་ལ། །སྤྱོད་ཀྱང་ལྟ་བའི་རང་བཞིན་གྱིས། །ཕྱོགས་བྲལ་ནམ་མཁའ་མི་མཐོང་བས། །དབང་དང་དགོངས་པས་མཐར་ཕྱིན་འགྱུར། །དབང་དང་དམ་ཚིག་བརྟུལ་ཞུགས་ཏེ། །དང་པོ་བསླབ་པ་མཐར་ཕྱིན་ཅིང ། །ཐིག་ལེ་རྫོགས་པར་འདོད་པ་ཡིས། །གསང་བ་ནང་གི་དོན་ལ་སྦྱོར། །ཐུན་མོང་བྱ་བ་མཐར་ཕྱིན་ནས། །ལུས་དང་སྤྱོད་ཡུལ་བཅས་པ་དང ། །ལྷ་ཡི་རྣལ་འབྱོར་མ་ལུས་པ། །བདེ་ཆེན་ཐིག་ལེ་ཉིད་དུ་བལྟ། །ལྷ་དང་བདེ་བར་མཉམ་སྦྱོར་བས། །ཐིག་ལེ་བདེ་བར་སྣང་བ་ནུབ། །སྐུ་བཞི་དཀྱིལ་འཁོར་ཁམས་ཐིག་ལེ། །དྭངས་མ་ལྔ་རུ་མཉམ་སྦྱོར་བ། །ངོ་བོ་དང་ནི་རྐྱེན་དག་གིས། །ཐབས་ཀྱི་རིམ་པ་བསྐུལ་ལས་ཤེས། །བདེ་བའི་ཐིག་ལེ་ཉམས་མྱོང་
312b
བ། །མི་རྟོག་བདེ་བ་ཆ་ཤས་མེད། །མི་ཤིགས་ཐིག་ལེ་ཀུན་གྱི་བདག་།སྟོང་ཉིད་འབྲེལ་བའི་རི་མོ་ཅན། །ཐ་མལ་བྱ་བ་ཀུན་བྲལ་བ། །སྤྱོད་པ་ཉིད་དུ་བསྟན་པ་ཡིན། ། ཐིག་ལེ་བཞུ་བའི་རང་བཞིན་གྱིས། །འཛག་འབར་ཐིམ་གང་བདེ་བ་ནི། །ས་ཡང་བཅུ་གསུམ་བདེ་བས་བརྒྱན། །ལུས་ཀུན་ཁྱབ་པའི་ཐིག་ལེ་ཤུམ། །ཏིལ་འབྲུ་བཅུད་ཀྱིས་ཁྱབ་པ་ལྟར། །མ་ལུས་ཁྱབ་པའི་རོས་གང་བ། །མ་ལུས་འོད་དང་སྙིང་པོ་ལྟར། །སྣང་སྲིད་ཐིག་ལེ་ཆེན་པོ་ཉིད། །བདེ་བ་ཆེན་པོས་ཁྱབ་པར་གསལ། ། མ་ལུས་འདུས་པའི་ཐིག་ལེ་ནི། །ཁམས་ལྔ་འདྲེས་པའི་སྙིང་པོ་སྟེ། །མི་ཤི་ཤིགས་ཐིག་ལེ་བདེ་བའི་བཅུད། །མ་ལུས་བདེ་བའི་རྒྱས་བཏབ་པས། །ནམ་མཁའི་ཡེ་ཤེས་ཅིར་ཡང་གསལ། །དུས་གསུམ་རྒྱལ་པའི་དགོངས་པ་སྟེ། །ཐིག་ལེ་གཅིག་གིས་ཀུན་ཁྱབ་པས། །བདེ་ཆེན་སྙིང་རྗེས་གཅིག་ཏུ་འཁྱིལ། །དེ་ཉིད་བདེ་ཆེན་ཕྱག་རྒྱ་སྟེ། །ནང་གི་ཕྱག་རྒྱ་གཅིག་པར་བཤད། །དེ་ཉིད་ངེས་པར་ལས་རུང་བས། །ཐིག་ལེ་བདེ་ཆེན་དང་བཅས་པའི། །བྱེ་བྲག་བརྒྱད་ཅུ་མ་ལུས་པར། །སོ་སོའི་ཐིག་ལེར་སུ་འཕྲོས་ཤིང ། །ཁམས་ལྔ་ཡེ་ཤེས་རོ་དང་བཅས། །ས་བོན་ཐིག་ལེ་བདེ་བས་བརྒྱན། །མི་རྟོག་ཐིག་ལེ་ཐུགས་མཆོག་སྒྲ། །རང་ལུས་སྨིན་ནས་སྣང་བར་སྤྲོ། །
313a
༄#། །གང་ནས་གང་ལ་སྤྲོས་གྱུར་པ། །དེ་སྲིད་ཐིག་ལེའི་ཕྱག་རྒྱ་སྟེ། །བདེ་བའི་ཐིག་ལེ་གྲངས་ལས་འདས། །ཡེ་ཤེས་ལྔ་དང་སྐུ་གསུང་ཐུགས། །མི་ཕྱེད་རོ་ཡིས་གང་ཁྱབ་པས། །གྲངས་འདས་བདེ་ཆེན་ཚོགས་རྫོགས་ནས། །མ་ལུས་བདེ་བའི་ཕྱག་རྒྱར་སྣང ། །གང་དེ་དེ་ཡེས་རྒྱས་བཏབ་པས། ། དེ་ཉིད་བདེ་ཆེན་ཐིག་ལེར་སྨིན། །རྣམ་པ་ཕྱི་ནང་སྙིགས་མར་བཅས། །བདེ་ཆེན་ཐིག་ལེའི་ངོ་བོར་སྨིན། །སྙིགས་མ་འབྱུང་བའི་ལུས་ལས་འདས། །སྙིང་པོ་བར་ཆད་མེད་པའི་ལུས། །ཐིག་ལེས་ཐ་མལ་སྣོད་གང་བས། །མ་ལུས་བདེ་བ་ཆེན་པོར་སྨིན། །དེ་ནས་ཐབས་དང་ཏིང་འཛིན་དང ། །རླུང་གི་འདྲེས་པའི་སྟོབས་ལྡན་པ། །རིན་ཆེན་ལུང་གི་ཐིག་ལེར་ཞུགས། །སྐད་ཅིག་མངོན་ཤེས་གསུམ་སྨིན་ཅིང ། །འགྲོ་བ་རིས་དང་ཐར་པར་འགྱུར། །མི་ཤིག་ཨ་ལ་ཐིག་ལ་ཐིམ། །འབྱུང་འཇུག་མེད་པའི་རླུང་འཐོབ་ཅིང ། །འགྱུར་འཇིག་མེད་པའི་ལུས་ལ་གནས། །འཕེལ་འགྲིབ་མེད་པའི་བདེ་བ་ཉིད། །སྣང་བ་ཐིག་ལེ་ཉིད་དུ་སྟེ། །ཐིག་ལེ་ཐུང་དུ་ཨ་རུ་ཐིམ། །གཉིས་མེད་བདེ་བ་ཆ་ཤས་བྲལ། །འདི་ནི་ཟག་མེད་རང་བྱུང་བ། །རྐྱེན་དང་བྲལ་བའི་བདེ་ཆེན་ཉིད། །དཔེར་ན་མེ་དང་ཚ་བ་འམ། །རྒྱ་མཚོ་དང་ནི་རླན་
313b
བཞིན་ནོ། །རླུང་དང་ཐིག་ལེ་རིག་པ་དང ། །ཚེ་དང་ལོངས་སྤྱོད་འབྱུང་བ་དང ། །འདོད་ལྔ་ཀུན་ལ་དབང་སྒྱུར་ཐོབ། །བདེ་བའི་ཕྱག་རྒྱ་ཆེན་པོ་ནི། །མ་ལུས་ཟག་མེད་ཐིག་ལེ་སྟེ། །རྒྱ་བྲལ་རིག་པའི་ཐིག་ལེ་ཉིད། །སྙིགས་མའི་ཟག་པ་རླུང་ཟད་པས། །ཏིང་འཛིན་བདེ་ཆེན་ཐིག་ལེར་གསལ། །རིག་པ་བདེ་ཆེན་པོར་གསལ་བས། །ཅི་མཐོང་བདེ་ཆེན་ཕྱག་རྒྱ་ཉིད། །འདུ་བས་སྒྱུར་བའི་སྤྱོད་ཡུལ་ལམ། །མུན་གྱུར་དུག་རྩི་ཇི་བཞིན་དུ། །རྒྱ་དང་བྲལ་བའི་ཞིང་ཁམས་དག་།བདེ་ཆེན་ཕྱག་རྒྱ་ཆེན་པོར་འགྱུར། །གང་དག་སྒོམ་པའི་སྐྱེས་བུ་ནི། །ཐ་མལ་པ་དང་བརྐམ་ཆགས་པ། །རྣམ་པའི་སྤྲོས་པ་མ་ལུས་པ། །བསྒོམས་དང་ཚད་དུ་མ་བྱས་པར། །བདེ་ཆེན་ཐིག་ལེར་ལྷུན་གྱི་གྲུབ། །དཔེར་ན་ཆུ་དང་རླབས་བཞིན་ནམ། །རྒྱ་མཚོར་ཕྱིན་པའི་འདུ་ཤེས་ལྟར། །གོམས་པས་བདེ་ཆེན་གསལ་མཐར་ཕྱིན། །རྐྱེན་དང་གནོད་པ་མ་ལུས་པ། །རེག་དང་མཐོང་ཐོས་དྲན་པས་ཀྱང ། །བདེ་ཆེན་ཐིག་ལེ་ཉམས་སུ་འབར། །བསྐལ་པ་དུ་མར་གནས་གྱུར་ཅིང ། །འབྱུང་བ་ལྔ་དང་སྤྱོད་ཡུལ་ཀུན། །རང་ལུས་བདེ་བར་བསྲེ་བ་འགྲུབ། །གསང་བའི་ལམ་ལ་གོམས་བྱེད་ན། །མཚོན་བྱེད་རིག་པའི་བདེ་བ་ཡིས། །ལྷན་ཅིག་སྐྱེས་པའི་དགའ་བ་རྟོགས། །མཐར་
314a
༄#། །ཕྱིན་ལམ་གྱི་རིམ་པ་འགྲུབ། །དབང་པོ་དར་ཞིང་ཆགས་པ་དང ། །བདེ་ཆེན་མོས་པའི་རྣལ་འབྱོར་པས། །ེ་དང་བམ་ལ་གནས་པ་ཡི། །བྱང་ཆུབ་རྡོ་རྗེ་དྲིལ་ལས་འབྱུང ། །དངོས་པོ་ལྷན་ཅིག་སྐྱེས་པ་ཡིས། །མ་ལུས་བདེ་བར་རྟོགས་བྱས་ལ། །ཕྱི་ནང་སྦྱོར་བའི་ཆོ་ག་ཡིས། །གང་ཞིག་རྟགས་དང་ལྡན་པའི་ཚེ། །གསང་བའི་ཕྱག་རྒྱ་བཞི་ལྡན་པས། །བདེ་ཆེན་མཆོག་ལ་རོལ་པར་བྱ། །ཡེ་ཤེས་ཉི་ཟླ་མཉམ་ལྡན་པས། །རེ་དོགས་ཆད་པའི་ཐིག་ལེ་འབྱུང ། ། ལྷུང་མེད་གནས་དང་ཐིམ་པ་དང ། །བདག་པོ་གདུང་ཅན་ཕྲད་པ་ལས། །ཉིན་མཚན་བྲལ་བའི་སྣང་བ་ལྟར། །དུས་གཅིག་ཉི་ཟླ་ཤར་བའི་ཚེ། །མ་ལུས་བདེ་བས་ཁྱབ་གྱུར་ན། །གཡོ་བ་མེད་པའི་ཐིག་ལེ་འཆར། །གལ་ཏེ་ཉམས་པའི་ལྟས་བྱུང་ན། །ཐབས་དང་ཉམས་དང་རོལ་པ་ཡིས། །རིམ་པ་བཞིན་དུ་བསླབ་པར་བྱ།། ཐབས་དང་ཤེས་རབ་གཉིས་མེད་པའི། །ཉི་ཟླ་འདྲེས་པའི་ཐིག་ལེ་ཉིད། །དངོས་བྲལ་ལྷན་ཅིག་སྐྱེས་པ་ཉིད། །རྒྱལ་བ་ཀུན་གྱི་ཕྱག་རྒྱ་ཡིན། །ལྷན་ཅིག་སྐྱེས་ལ་གནས་པའི་ཚེ། །མ་ལུས་བདེ་ཆེན་རོ་གཅིག་པས། །བདེ་ཆེན་ཕྱག་རྒྱ་གཅིག་ཏུ་གནས། །རྡོ་རྗེ་པདྨའི་ཐིག་ལེ་ཉིད། །ས་ཡ་བཅུ་གསུམ་ཕྲག་གཉིས་རྩ།།
314b
ཉི་ཟླ་འདྲེས་པའི་གར་ཐབས་ཀྱིས། །སོ་སོ་བདེ་བའི་ཕོ་བྲང་དུ། །ཐིག་ལེས་གང་བར་སྤྲོས་པའི་ཚེ། །སྐུ་གསུང་ཐུགས་དང་ཡེ་ཤེས་ལྔ། །ཉམས་མྱོང་རོ་ཡིས་རྒྱས་བཏབ་བོ། །ལུས་ཀྱི་བདེ་བ་མཐར་ཕྱིན་ནས། །རྒྱུ་རྐྱེན་རྟེན་འབྲེལ་ལས་འདས་པའི། །རིག་པའི་བདེ་བ་ལ་གནས་བྱ། །གལ་ཏེ་ཉམས་ན་བསམ་པ་འམ། །བལྟ་དང་མཉན་པ་ལ་སོགས་པས། །བར་ཆད་མེད་པར་བསྒོམ་པར་བྱ། །རིག་པ་བདེ་བར་གང་སྨིན་པས། །སྒོ་གསུམ་བདེ་བ་ཆེན་པོར་སྨིན། །སྤྱོད་ཡུལ་རླུང་དང་ཐིག་ལེར་བཅས། །གོམས་པའི་ཐབས་ལ་དབང་བསྒྱུར་བས། །རྟེན་དང་བརྟེན་པར་བཅས་པ་ཡི། །ཐིག་ལེ་རླུང་ལ་དབང་བསྒྱུར་ཞིང ། །ལྷ་མོ་མི་མོ་གནོད་སྦྱིན་མོ། །མཁའ་འགྲོ་རྣམས་ལ་དབང་བྱེད་ནུས། །ཐིག་ལེ་དབབ་དང་འཇིག་པ་དང ། །ཟློག་དང་སྦྱོར་ལ་དབང་བསྒྱུར་ཏེ། །གལ་ཏེ་མཁའ་ལ་འཕྲོས་པའི་ཚེ། །དངོས་གྲུབ་ལམ་དང་བྲལ་བ་ཡིན། །ཕྱིན་ཆད་མཆོད་དང་ནུས་པ་སྦྱིན། །རང་གི་སྐབས་ནི་མ་གཏོགས་པ། །གཞན་དུ་ཐིག་ལེ་མི་ལྟུང་ཞིང ། །དབང་སྒྱུར་ལམ་ལ་གོམས་པར་བྱ། །ཉི་ཟླ་འདྲེས་པའི་བདེ་བ་ཉིད། །ཟག་མེད་སྙིང་པོར་ཐིམ་པའི་ཚེ། །སེམས་ཀྱི་བདེ་བར་རང་སྣང་ཞིང ། །སེམས་ཀྱི་བདེ་བ་བར་ཆད་མེད། །གསལ་བྱེད་སྟོབས་དང་བྲལ་བའི་
315a
༄#། །ཚེ། །མ་ལུས་བདེ་ཆེན་ཕྱག་རྒྱ་སྟེ། །ལུས་སེམས་མཉམ་དུ་གནས་པ་ཉིད། །ཚད་དང་རྒྱ་དབྱིངས་རོ་ལས་འདས། །དཔག་མེད་བདེ་བའི་རོལ་མོ་ནི། །སངས་རྒྱས་ཀུན་གྱི་དགྱེས་ཆེན་ཏེ། །ཐིག་ལེ་ས་བོན་ཟག་པ་བྲལ། །བདེ་ཆེན་ཉམས་མྱོང་རྒྱུན་མི་ཆད། །རང་ཉིད་ཐིག་ལེར་ཉམས་མྱོང་བས། ། སྙིང་པོའི་ཐིག་ལེ་བྲལ་བ་མེད། །ཕྲ་ཞིང་རྡུལ་བྲལ་དྲི་མ་མེད། །རྡོ་རྗེ་ཐིག་ལེ་དྲིལ་བུ་ཉིད། །འབད་རྩོལ་མེད་པར་རང་སྣང་བ། །བྲལ་ཐོབ་མེད་པའི་ངོ་བོར་གནས། ། གང་དུ་ཡོན་ཏན་ཚོགས་ཀྱིས་རབ་རྒྱས་པ། །བདེ་ཆེན་ཆུ་རྒྱུན་ལྟ་བུའི་རྒྱན་ལས་བྱུང ། །ཚོགས་གཉིས་ཡོངས་རྫོགས་བདག་གཞན་ལྷུན་གྱིས་གྲུབ། །གཞན་ན་མེད་དེ་རང་ཉིད་སྣང་བར་ཟད། །རང་བཞིན་གནས་ཕྱིར་གཞན་ནས་འོང་བ་མེད། །ཞེན་པ་བཟློག་པས་བདག་ཞལ་བདག་གིས་མཐོང ། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ཆེན་པོ་ལས། ལམ་གྱི་ཁྱད་པར་མ་ལུས་པ་བཤད་པའི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་གཞན་ཡང་བཤད་བྱ་བ། །མ་ལུས་ཀུན་གྱི་བསྒྲུབ་བྱ་ཉིད། །ཕྱོགས་བཅུ་མ་ལུས་རྡུལ་སྙེད་ཀྱི། །ཆེ་བའི་ཡོན་ཏན་བཤད་པར་བྱ། །མཐར་ཕྱིན་ལྔ་ཡི་རང་བཞིན་ནོ། །
315b
རྟོགས་དང་འབྲས་བུར་གནས་མོད་ཀྱི། །མཐོང་དང་གོམས་དང་གྲུབ་པ་ཉིད། །ཐུན་མོང་འབྲས་བུར་ཡང་དག་བཤད། །ཡང་དག་མཐར་ཕྱིན་འབྲས་བུར་ནི། །ཐབས་ཆེན་ཐབས་ལས་བྱུང་བ་ཡི། །ཡིད་བཞིན་ནོར་བུ་རིན་པོ་ཆེ། །དཔག་མེད་ཡོན་ཏན་ལྷུན་རྫོགས་པ། །ཚད་དང་དམིགས་པ་ལས་འདས་པ། །བསམ་ཡས་ལྷུན་གྱིས་གྲུབ་པ་སྟེ། །ནམ་མཁའི་མཐའ་ལྟར་དཔག་མེད་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི། །མ་ལུས་མཆོག་གི་གཏེར་གྱུར་པ། །ཟད་འཕེལ་མེད་པའི་ནོར་བུ་སྟེ། །མ་ལུས་ཀུན་ལ་མཉམ་དུ་གནས། །སངས་རྒྱས་ཀུན་གྱི་རང་བཞིན་ནི། །རྒྱ་དབྱིངས་ཚོད་ལས་འདས་པ་ཡི། །དག་དང་མ་དག་ཅི་སྣང་ཡང ། །བླང་དོར་ཕྱོགས་རི་ས་ཡོངས་ཀྱིས་མེད། །རང་བྱུང་འོད་གསལ་མཎྜལ་ལ། །མ་ལུས་གཅིག་གི་རང་བཞིན་ཏེ། །ཐུགས་རྗེའི་བྱིན་བརླབས་ཚད་མེད་པས། །མ་ལུས་བསམ་པ་སྐོང་བར་མཛད། ། རང་བྱུང་ཡེ་ཤེས་ལྷུན་གྲུབ་ནི། །ཆོས་རྣམས་ཀུན་གྱི་ངོ་བོ་བས། །མ་ལུས་ཕྱོགས་མེད་རང་སྣང་ཡང ། །ཞེན་དང་ཆེད་དུ་བྱས་པ་མེད། །ས་དང་ལམ་ལ་སོགས་པ་ཡི། །ཐེག་པ་ཀུན་གྱི་འབྲས་བུ་ནི། །རང་རང་ལྟོས་པའི་མཐར་ཐུག་ཀྱང ། །ཆེ་མཆོག་ལྷུན་གྲུབ་མཉམ་དང་བྲལ། །སྐད་ཅིག་ཉིད་ལ་ལྷུན་རྫོགས་པའི། །སངས་རྒྱས་
316a
༄#། །དཔག་མེད་ཡོན་ཏན་རྣམས། །རིགས་བདག་རྡོ་རྗེ་འཆང་ཆེན་གྱིས། །ཡེ་ཤེས་ལྷ་མོ་རོལ་དབང་གིས། །ཉི་ཟླའི་བདེ་བ་སྔོན་ཐོབ་སྟེ། །རྡོ་རྗེ་འཆང་གིས་ལ་བཀོད། །དཔག་མེད་རྒྱལ་བ་ཐམས་ཅད་ཀྱི། །འགྲོ་བའི་གདུལ་བྱ་མཐའ་ཡས་པས། །སྐུ་གསུང་ཐུགས་ཀྱང་དེ་བཞིན་ཏེ། །བཞུགས་ཚུལ་དཔག་མེད་རྣམ་པར་སྣང ། །ཆེ་བའི་ཡོན་ཏན་ལྷུན་རྫོགས་པའི། །སངས་རྒྱས་དྲུག་པའི་རང་བཞིན་ཏེ། །ནམ་མཁའི་མཐས་གཏུགས་མཚན་པ་ཡི། །བདེ་ཆེན་ཡི་ཤེས་རྒྱས་པར་གནས། །བཅུ་དྲུག་ཞག་གིས་རྫོགས་པ་ལྟར། །མ་ལུས་རྫོགས་པའི་ཡེ་ཤེས་ཉིད། །ས་མཐའི་ཉེས་པ་ཀུན་བྲལ་བ། །ཀུན་གྱི་ཡོན་ཏན་བདག་ཉིད་གནས།། སངས་རྒྱས་ཞིང་ཁམས་མཐའ་ཡས་པའི། །ནམ་མཁའི་མཐའ་ཐུག་བར་དུ་ནི། །གདུལ་བྱའི་རྡུལ་སྙེད་གནས་ཀྱི་བར། །སྐད་ཅིག་འདུ་འབྲལ་མེད་པར་གནས། །བཅུད་འདུས་ཐིག་ལེ་ཆེན་པོ་ནི། །བདེ་བའི་ཟག་མེད་ཐིག་ལེ་སྟེ། ། དང་བདེ་བར་འབྲེལ་པ་ཡིས། །མ་ལུས་ཁྱབ་པའི་ཚུལ་དུ་བཞུགས། །ཐིག་ལེའི་བྱེ་བྲག་བརྒྱད་ཅུའི་རྩ། །བཅུད་འདུས་གསང་བའི་ཐིག་ལེའི་རོ། །མ་སྐྱེས་མཉམ་ལ་གནས་འགྱུར་ཞིང ། །མ་ལུས་གང་བའི་ཚུལ་གྱིས་ནི། །ཞིང་ཁམས་ཕྱོགས་བཅུ་མཐའ་ཡས་
316b
པ། །ཟག་མེད་ཐིག་ལེར་རོ་གཅིག་པས། །ནམ་མཁའི་གཟུགས་ཅན་དེ་བཞིན་ཉིད། །སྐུ་བཞི་འདུས་པའི་ཁམས་ཐིག་ལེ། །དྭངས་མ་ལྔ་འདུས་སྙིང་པོ་ཅན། །གསུམ་འདུས་མི་འགྱུར་སྙིང་པོ་སྟེ། །བདེས་གང་བཞི་བཅུ་རྩ་གཉིས་པོ། །ཐིག་ལེ་རོ་ཡིས་གང་ཕྱེ་བ། །དཔག་མེད་སྐུ་གསུང་ཡོན་ཏན་ཐུགས། །བསམ་གྱིས་མི་ཁྱབ་ཡང་སྣང་བ། །ཐིག་ལེ་ཕྱག་རྒྱ་བསམ་མི་ཁྱབ། །ཕྱི་ནང་དྭངས་སྙིགས་མ་ལུས་པ། །རང་བྱུང་དྭངས་མའི་ཐིག་ལེ་ཉིད། །གཞན་མེད་ཕྱོགས་མེད་རང་སྣང་བ། །ཕྱོགས་མེད་བདེ་བ་ཆེན་པོ་ཉིད། །གསང་བའི་ཐིག་ལེ་ཆེན་པོ་ནི། །ཡོན་ཏན་རྫོགས་པའི་ངོ་བོ་སྟེ། །བདེ་བ་ཆེན་པོའི་སྙིང་པོ་ལས། །དཔག་མེད་ཡོན་ཏན་རྣམ་པར་འཕྲུལ།། བདེ་བ་ཆེན་པོའི་ཐིག་ལེ་ནི། །འདུ་འཕྲོ་བྲེལ་བས་ཟག་པ་མེད། །ཕྱོགས་རིས་འདས་པས་མ་ཁྱབ་མེད། །ཐོག་མཐའ་མེད་པར་མཉམ་པ་ཡིན། །རྒྱལ་བ་ཀུན་གྱི་རང་བཞིན་ཏེ། །ཐིག་ལེ་རོ་ལ་མཉམ་བཞུགས་པས། །ནམ་མཁའི་མཐས་གཏུགས་ཆོས་ཐམས་ཅད། །བདེ་བ་ཆེན་པོར་གསལ་བར་མྱོང ། །མཚན་དང་དཔེ་བྱད་ཚད་འདས་པ། །རང་ལ་རྫོགས་པའི་ཐིག་ལེ་ཉིད། །ཇི་སྙེད་བདེ་བའི་རོལ་བ་ཀུན། །རང་ལ་རྫོགས་པ་ཉིད་དུ་གནས། །སངས་རྒྱས་ཀུན་གྱི་བདེ་བ་ནི། །རང་བྱུང་
317a
༄#། །ཐིག་ལེ་ཆེན་པོ་སྟེ། །ཱ་ལི་ཀཱ་ལི་ཞུ་བ་ལས། །རྣམ་མཁའ་ཁྱབ་པའི་བདེ་བ་འབྱུང ། །གསང་བའི་ཐིག་ལེ་ཀུན་གྱི་རྒྱུ། །ནམ་མཁའི་ཐིག་ལེ་གསང་བའི་ངང ། །ཁྱབ་པ་ཆེན་པོ་ཕྱོགས་ཆ་མེད། །ལུས་གནས་རང་བཞིན་མ་སྐྱེས་པ། །བདེ་བའི་དབང་ཕྱུག་སྐུ་གསུང་ཐུགས། །ནམ་མཁའ་ལྟ་བུར་དཔག་ཏུ་མེད། །ཐབས་དང་ཤེས་རབ་དབྱེར་མེད་པའི། །གསང་བའི་ཐིག་ལེ་བཞུགས་པའི་གནས། །དཔག་མེད་ཏིལ་འབྲུ་རྡུལ་སྙེད་ཀྱི། །རྒྱལ་བ་ཀུན་དང་ལྡན་ཅིག་ཏུ། །མ་ལུས་བདེ་བ་ཆེན་པོའི་རོ། །ལྷན་ཅིག་སྐྱེས་པའི་རང་བཞིན་གྱིས། །མ་གསུངས་རིག་པས་ཉམས་བཏང་བས། །མི་འཛིན་ལོངས་སྤྱོད་ཆེན་པོའི་གནས། །རང་བྱུང་ཉི་ཟླ་རྟེན་གྱི་རོ། །མ་སྤངས་འདུས་པས་འདུ་འབྲལ་མེད། །གསང་བའི་ཐིག་ལེ་བཅུད་འདུས་པ། །ནམ་མཁའ་གང་བ་བདེ་བའི་རོ། །གཉིས་མེད་འཁྲིལ་པའི་སྟོབས་ལས་བྱུང ། །མཁའ་དབྱིངས་བྱང་ཆུབ་འབྱོར་པའི་སེམས། །མ་བཏང་མ་སྤྲོས་ཐིག་ལེ་ཆེ། །ནམ་མཁའ་རྒྱས་པའི་མཐའ་བཞིན་དུ། །བདེ་བའི་ཚད་ཀྱང་དཔག་ཏུ་མེད། །ཡབ་ཡུམ་གནས་པའི་གྲངས་ཆད་ཀྱང ། །ནམ་མཁའི་ཁམས་ཀྱི་རྡུལ་སྙེད་དེ། །རེ་རེའང་བདེ་བའི་དཀྱིལ་འཁོར་ནི། །
317b
རྡུལ་སྙེད་ནམ་མཁའི་མཐའ་དང་མཉམ། །ཡབ་ཡུམ་གཉིས་མེད་འབྲེལ་བ་ཡི། །ཐབས་དང་ཤེས་རབ་བཅུད་འདུས་པ། །གང་ཡང་མི་སྒྲིབ་ཐིག་ལེའི་རོ། །སྣང་གསུམ་མཚན་མ་ལས་འདས་པ། །སངས་རྒྱས་རིན་ཆེན་ཀུན་གྱི་བཅུད། །བྱེ་བ་རྡུལ་སྙེད་གྲངས་འདས་པའི། །མ་ལུས་ཀུན་དང་ལྷན་ཅིག་ཏུ། །མོས་དང་ཆགས་པའི་ཁྱད་པར་གྱིས། །ཆ་ལུགས་མཐའ་ཡས་སྣང་བ་ནི། །ལ་ལར་ཆགས་པར་ལྟ་བའི་ཚུལ། །དེ་བཞིན་འཇམ་པར་སྨྲ་བ་དང ། །ལ་ལར་འཁྱུད་ཅིང་ལྟ་བ་སྟེ། །ལ་ལར་སེན་\?\་ཐབས་ཞལ་སྦྱོར་ཞིང ། །ལ་ལར་མཉེ་དང་རྡེབ་དང་འདུང ། །འགྱེད་དང་འདུང་དང་འགྱེད་པ་ཡི། །དཀར་འཛིན་སྟོན་དང་ལྟེ་བ་སྟོན། །འོ་དང་འཚིར་དང་རྒོད་པ་དག་།སྣ་ཚོགས་རོལ་པ་འདི་དག་གིས། །མ་ཆགས་པ་དག་ཆགས་བྱེད་ཅིང ། །ཆགས་པ་མྱུར་དུ་ཉམས་པར་བྱེད། །ཐ་སྐམ་མྱུར་དུ་བེངས་བྱེད་ཅིང ། །བདེ་ཆེན་ལོ་ཐོག་སྐྱེད་པར་བྱེད། །བྱེ་བ་རྡུལ་སྙེད་བཅས་པ་ཡི། །ལྷ་དང་ལྷ་མོ་འཁོར་བཅས་པས། །སྟེག་ཅིང་འཛུམ་པས་ལྷན་ཅིག་ཏུ། །རོལ་ཅིང་གླུ་ནི་ལེན་པར་བྱེད། །ེ་མ་ཧོ་སངས་རྒྱས་ཀུན་གྱི་རང་བཞིན་བདེ་བ་ཆེ། །ལྷན་ཅིག་སྐྱེས་པ་མཁང་ལྟར་རྡུལ་དང་བྲལ་བ་སྟེ། །རྡོ་རྗེ་པདྨར་བཅུག་བསྐྱོད་པས་ནི་བརྟགས་པའི་
318a
༄#། །སྣང་བ་ནུབ། །མ་ལུས་ཁྱབ་པས་མཁའ་ལྟར་དགའ་བར་བྱས་ཀྱང་དབང་པོ་རླུང་གི་རླབས། །བདེ་བའི་ས་བོན་ཟག་པ་རྣམས་ནི་སླར་ཡང་ལྡང་བར་བྱེད། །རྒྱུ་བ་རྣམ་པར་ཆད་པའི་ཁ་སྦྱོར་བདེ་ཆེན་ནི། །ནམ་མཁའི་རྒྱ་མཉམ་ཡུན་ཡང་དེ་སྲིད་བར་དུ་གནས་པ་སྟེ། །འདོད་པའི་ཡོན་ཏན་ལྔ་ནི་ལྷ་མོ་ཁྱོད་ལ་ཚང་བ་སྟེ། །བདག་ནི་ཁྱོད་ལ་བསྟེན་ཅིང་དགའ་བས་མིག་བཏེག་མ་ལུས་རྒྱལ་བའི་ཞིང་དུ་བལྟ། །གང་ཚེ་འགྲོ་བའི་ཐ་མལ་བདེར་སྤྱོད་ཡུལ་ལ་ཆགས་པར་ཞུགས་པ་ན།། དགའ་དང་བདེ་དང་རྩེ་གཅིག་ཡིད་འོང་འདོད་པར་རབ་ཞུགས་པས། །དབང་པོ་གཉིས་རོལ་ཉི་ཟླ་ཕྲད་ཅིང་བདེ་ཆེན་མཆོག་སྐྱེས་ཆེ། །སྐྱེ་རྒ་ན་འཆིའི་རེ་དོགས་ངོ་ཚ་མི་ཚ་གྲགས་པའི་ཆོས་བརྒྱད་ཚོད་ཀྱང་བྱིས་པས་མི་ཤེས་སོ། །གང་ཞིག་ཐབས་དང་ཤེས་རབ་བྲལ་བས་གསང་བའི་དོན་འཇུག་པ། །རྒྱ་མཚོ་ལ་ནི་ས་བོན་བཏབ་བཞིན་འདོད་པའི་འབྲས་བུ་མི་འབྱུང་སྟེ། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས་དཔའ་ཐ་སྐབས་ཏེ། །རྒྱལ་བ་ཉིད་ཀྱང་ཐབས་དང་ཤེས་རབ་བྲལ་བས་བྱང་ཆུབ་མྱུ་གུ་གཏན་ནས་བསྐམས་ཧོ། །འདི་ནི་གླུ་རུ་བླངས་པ་ཡིས། །རྡུལ་སྙེད་བཅས་པའི་འཁོར་ཚོགས་རྣམས། །རང་རང་རྒྱན་དང་གོས་དོར་ཏེ། །དཔའ་བོ་སྒེག་མོའི་ཚུལ་འཛིན་ཅིང ། །
318b
དཀྱིལ་འཁོར་ཕྱོགས་བཅུའི་རྡུལ་སྙེད་དུ། །གླུ་དང་གར་ནི་སྣ་ཚོགས་ཀྱིས། །ཐ་མལ་ཡིད་རྟོག་བཅད་ནས་ནི། །བདེ་ཆེན་ཡིད་ནི་འཕྲོག་པར་མཛད། །དེ་བཞིན་དཀྱིལ་འཁོར་བསམ་ཡས་དང ། །ཞིང་ཐབས་བདེ་བ་རྨད་བྱུང་བ། །འདུལ་བའི་ཐབས་ནི་སྣ་ཚོགས་པ། །དཔག་མེད་མཐའ་ཡས་ཅིར་སྣང་ཡང ། །རང་བྱུང་ཡེ་ཤེས་བྱང་ཆུབ་སེམས། ། ཐིག་ལེ་གཅིག་གི་ངོ་བོ་ལས། །མཛད་པའི་གར་ཐབས་སྣ་ཚོགས་ཀྱིས། །འདུལ་བའི་དབང་དུ་ཅི་ཡང་སྤྲོ། །ཐབས་ལ་ཐབས་ཀྱིས་དབང་བསྒྱུར་བས། །ཐབས་ཆེན་ཐབས་ལས་བྱུང་བ་ཡི། །ངོ་མཚར་ཡ་མཚན་རྨད་པོ་ཆེ། །སངས་རྒྱས་ཀུན་གྱི་རང་བཞིན་ཏེ། །ཐབས་ཆེན་སྒྱུ་མ་རྨད་དུ་བྱུང ། །སྒྱུ་མ་སྐྱ་འགག་མེད་པའི་དབྱིངས། །སྐུ་གསུང་ཡོན་ཏན་འཕྲིན་ལས་ཐུགས། །མ་ལུས་ཀུན་འདུས་རྣམ་པར་དག་།ཐམས་ཅད་རང་རིག་བྱང་ཆུབ་སེམས། །ཀུན་ནས་འཁྱིལ་བའི་དཀྱིལ་འཁོར་སྟེ། །ཀུན་གྱི་རང་བཞིན་འབྱུང་གནས་ཉིད། །བྱ་བ་བྱེད་ལ་བྱས་པ་མེད། །ཟད་དང་འཕེལ་བ་མེད་པ་ཡི། །དངོས་གྲུབ་གཏེར་ཆེན་བསམ་མི་ཁྱབ། །ཡེ་ཤེས་ཐིག་ལེ་རང་སྣང་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག་།མཐའ་དབུས་མེད་པའི་ཡེ་ཤེས་ནི། །གཅིག་ཅེས་འདི་ཞེས་བརྗོད་དུ་མེད། །ནམ་མཁའ་རང་བྱུང་རྟག་པ་ལྟར། །འཕོ་འགྱུར་མེད་པས་དེ་བཞིན་
319a
༄#། །ནོ། །ནམ་མཁའ་མཐའ་དབུས་མེད་པ་བཞིན། །རང་བྱུང་ཡེ་ཤེས་ཐོག་མཐའ་མེད། །མ་བྱུང་མ་སྐྱེས་བྱང་ཆུབ་སེམས། །ཡེ་ཤེས་ཉི་མའི་འོད་ལྟར་གསལ། །སངས་རྒྱས་སེམས་ཅན་གྲོལ་ཐར་ཀུན། །མ་ལུས་རང་རིག་འོད་གསལ་བས། །རང་བྱུང་ཡེ་ཤེས་རང་སྣང་ཕྱིར། །མཁྱེན་དང་སྒྲིབ་པ་ཅུང་ཟད་མེད། །མཁྱེན་པའི་ཡེ་ཤེས་ཉག་གཅིག་ལ། །རང་གི་ཆ་ཤས་ཆོས་བྲལ་བས། །ནམ་མཁའི་མཐའ་ཐུག་ཆོས་རྣམས་ཀུན། །སྐད་ཅིག་མ་འདྲེས་ཚུལ་དུ་མཁྱེན། །རང་རིག་བྱང་ཆུབ་སེམས་ཉིད་ལས། །མཐོན་དམན་བླང་དོར་མ་དམིགས་པས། །འཁོར་བའི་ངོ་བོར་རང་སྣང་ཡང ། །མ་ཆགས་སྐྱོན་མེད་པདྨ་འདྲ། ། དཔག་མེད་ཡོན་ཏན་ངོ་བོ་རྣམས། །རང་བྱུང་རིག་པ་རང་སྣང་བས། །མ་ལུས་ངོ་མཚར་རྒྱ་མཚོ་རྣམས། །རང་སྣང་གཞན་ལས་ཐོབ་བྱ་མེད། །བྱིན་རླབས་ཆོ་འཕྲུལ་རྨད་ཀྱི་ཆོས། །རང་བྱུང་ཉིད་ལས་རྣམ་པར་སྤྲོ། །ཚུལ་ནི་རྣམ་པ་སྣ་ཚོགས་ཏེ། །དག་དང་མ་དག་ཁྱད་པར་གྱིས། །ངོ་བོ་གཅིག་ལས་མ་གཡོས་ཀྱང ། ། མོས་པས་མཐོང་ཚུལ་དེ་བཞིན་ནོ། །གསུང་ནི་ནམ་མཁས་ཁྱབ་པར་ནི། །ཕྱོགས་བཅུ་ཁྱབ་པར་སྒྲ་སྒྲོག་པ། །མོས་པ་བཞིན་དུ་སྣ་ཚོགས་པའི། །བསམ་ཡས། །
319b
འདུལ་ཐབས་སྣ་ཚོགས་སྣང ། །ཐུགས་ནི་མ་ལུས་མཁྱེན་པའི་ཐུགས། །ཕན་པ་དང་བཅས་བརྩེར་ལྡན་པའི། །མངོན་ཤེས་མཁྱེན་པའི་ཡེ་ཤེས་སྤྲོ། །ཡེ་ཤེས་ཐུགས་ལ་ཁྱད་པར་མེད། །ཡོན་ཏན་ཚད་ཁྱད་བྲལ་བ་སྟེ། །ནམ་མཁའི་ནོར་བུ་གཏེར་འཆང་བ། །དཔག་མེད་བསམ་པ་བསྐང་བའི་ཕྱིར། །བྱིན་རླབས་ཡིད་བཞིན་ནོར་བུའི་ཚུལ།། འཕྲིན་ལས་བྱིན་རླབས་རང་སྣང་བ། །འགྲོ་འོང་མེད་པའི་དོན་ཚུལ་གྱིས། །དཔག་བསམ་བུམ་དང་རིན་ཆེན་གྱི། །བྱ་བྱེད་མེད་པར་དོན་རྣམས་རྫོགས། །མ་ལུས་སྤྲོས་པ་རྣམ་དག་ཅིང ། །རང་བྱུང་རིག་པ་མཐའ་དབུས་མེད། །མ་ལུས་ཀུན་གྱི་འབྱུང་གནས་ཏེ། །བདེ་བ་ཆེན་པོ་ཆོས་ཀྱི་སྐུ། །འདོད་པའི་ལོངས་སྤྱོད་ཐམས་ཅད་ནི། །གཉིས་མེད་དང་ལ་ཀུན་རྫོགས་པས། །དེ་ཉིད་ཚད་བྲལ་མངའ་བརྙེས་པས། །ལོངས་སྤྱོད་ཡོངས་སུ་རྫོགས་པའི་སྐུ། །སྐུ་གཅིག་ཐིག་ལེའི་ངོ་བོ་ལས། །འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །ཇི་ལྟར་འདུལ་བའི་ཚུལ་བཞིན་དུ། །རྣམ་པར་འཕྲུལ་པ་སྤྲུལ་པའི་སྐུ། །མ་བྱུང་མ་སྐྱེས་དོན་རྟོགས་པས། །མ་ལུས་དབྱེར་མེད་རྡོ་རྗེ་ཉིད། །མི་འཇིགས་གཉིས་པོ་ཀུན་བྲལ་བ། །རྡོ་རྗེ་སྐུ་ཞེས་རྣམ་པར་བསྟན། །གང་དུ་མངོན་པར་བྱང་ཆུབ་པའི། །འོད་གསལ་ནམ་མཁའ་མཐའ་དབུས་མེད། །སྐུ་བཞི་མཐའ་ཡིས་མ་རེག་པ། །
320a
༄#། །དང་པོ་མངོན་པར་བྱང་ཆུབ་པའོ། །མ་ལུས་དབྱེ་བ་མཐའ་སྤངས་ཤིང ། །དེ་ལྟར་ཀུན་དང་མཉམ་པར་གནས། །དོན་གྱིས་མ་ལུས་ཁྱབ་འགྱུར་བ། །བརྗོད་མེད་དོན་གྱི་གསུང་ཉིད་དོ། །སྐུ་དང་ཕྱག་རྒྱ་གཟིགས་ཚུལ་གྱིས། །ཏིང་འཛིན་དགོངས་པས་འདུལ་བ་ལ། །བརྗོད་མེད་ཚུལ་གྱིས་གང་སྟོན་པ། །བརྡ་ཡི་གསུང་དུ་རྣམ་པར་བསྟན། །གང་ཡང་རུང་བ་མཐོང་ཐོས་ཚེ། །དཔའ་བོས་བལྟས་པས་གཡུལ་སེལ་ལྟར། །དངོས་པོས་བྱང་ཆུབ་ནམ་མཁར་རྟོགས། །བྱིན་རླབས་རྟོགས་པའི་གསུང་ཞེས་བྱ། །གང་གི་དོན་དུ་གང་སྣང་བ། །གཉེན་པོ་བར་ཆད་མི་གནས་ཤིང ། །གཞན་དག་ཕམ་བྱེད་མི་ཐུབ་པ། །ཟིལ་གྱིས་གནོན་པའི་གསུང་དུ་བརྗོད། །ཚིག་གཅིག་བརྗོད་པས་ཚིག་མཐའ་ཡས། །མོས་པ་དེ་སྙེད་རྣམ་གྲོལ་ཅིང ། །ཡོན་ཏན་རྒྱ་མཚོ་ཕུན་སུམ་ཚོགས། །འདི་ནི་བརྗོད་པ་ཚིག་གི་གསུང ། ། ཇི་སྙེད་མང་པོར་རྣམ་སྤྲོས་ཀྱང ། །ཆོས་ཀྱི་དབྱིངས་ལ་ཁྱད་པར་མེད། །རྟོག་ལ་རྣམ་རྟོག་མཚན་མ་ཡང ། །མི་རྟོག་ཡེ་ཤེས་གྲོལ་བའི་ཐུགས། །གཉིས་མེད་བདེ་བ་ཆེན་པོ་ཡིས། །འདོད་པའི་ལོངས་སྤྱོད་ལྔ་ལ་རོལ། །མ་ལུས་བདེ་བར་སྣང་བའི་ཚེ། །འདི་ནི་བདེ་བ་ཆེན་པོའི་ཐུགས། །བདག་གཞན་ཕྱི་ནང་མི་མངའ་ཡང་།།
320b
རང་བྱུང་གཉིས་ཀྱི་ཕྱོགས་བྲལ་བས། །གདུལ་བྱའི་བསམ་པ་ཀུན་མཁྱེན་པས། །འགྲོ་བ་མ་ལུས་བསྒྲལ་བའི་ཐུགས། །ཇི་སྙེད་རིག་པའི་དོན་སྣང་ཞིང ། །མ་ལུས་ཀུན་གྱི་ངོ་བོ་ལ། །སྐྱེ་འཇིག་གཉེན་པོ་གདོད་ནས་སྟོང ། །མི་འགྱུར་རྡོ་རྗེ་ཐུགས་རྗེས་བྱ། །དཔག་མེད་ནམ་མཁའ་ཞིང་ཁམས་དང ། །ཆེ་བའི་ཁྱད་པར་བསྟན་པའི་གདན། །ཟག་པ་མེད་པའི་རྒྱན་རྣམས་དང ། །ཡེ་ཤེས་འབར་བའི་གཞལ་ཡས་ཁང ། །མཐའ་དབུས་མེད་པར་ཁྱབ་པ་ཡི། །འོད་ཟེར་ཚོགས་ནི་རྣམ་པར་སྣང ། །གཞན་ཡང་ཡོན་ཏན་ཆེན་པོ་ནི། །མཐའ་དབུས་མེད་པའི་ནམ་མཁའ་ལྟར། །དཔག་ཅིང་གཞལ་བར་མི་ནུས་ཏེ། །ཟག་མེད་ཆེ་བའི་ཡོན་ཏན་སྣང ། །གཞན་ཡང་མཛད་པའི་འཕྲིན་ལས་ནི། །གདུལ་བྱའི་ཡུལ་ནི་ཇི་སྙེད་པ། །མཛད་པའི་སྒོ་ནི་བསམ་ཡས་ཏེ། །མཐའ་ཐུག་མེད་པར་རྣམ་པར་སྣང ། །འདི་དག་བསྡུས་པས་བཤད་བྱ་ན། །ཞི་རྒྱས་དབང་དྲག་ལ་སོགས་པས། །མཐའ་ཡས་བཞིས་ནི་རྣམ་པར་བསྡུས། །ལྷུན་གྱིས་གྲུབ་པར་ཀུན་ཀྱང་འགྲུབ། །མདོར་ན་འབྲས་བུའི་རྣམ་གྲངས་ནི། །བསྡུས་ལས་ཉི་ཤུ་རྩ་ལྔར་གནས། །རྡོ་རྗེ་སེམས་དཔའ་སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ཆེན་པོ་ལས། །ལྷུན་གྱིས་གྲུབ་པ་མ་ལུས་པའི་བཤད་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།
321a
༄#། །དེ་ནས་གསང་བདག་རྡོ་རྗེ་འཛིན། །དཔག་མེད་རྒྱལ་བས་དབང་བསྐུར་བ། །གསང་བའི་བདག་པོ་སྔགས་ཀྱི་མཛོད། །གཏེར་འཛིན་རྒྱལ་པོ་སྟོབས་པོ་ཆེ། །རང་གི་ལག་གི་རྡོ་རྗེ་ཉིད། །དགའ་ཞིང་མགུ་བས་གསོར་བྱས་ཏེ། །བྱེ་བ་རྡུལ་སྙེད་བཅས་པ་ཡིས། །རབ་ཏུ་བསྐོར་བ་བྱས་པ་ཡིས།། འཇིག་རྟེན་དྲུག་ཏུ་བཅས་པ་དག་།འཁྲུགས་ཤིང་རྣམ་པར་གཡོ་མཛད་དེ། །ཀུན་ཏུ་རབ་གཡོ་རྣམ་པར་གཡོ། །སྟོང་གསུམ་འཇིག་རྟེན་འཁོར་ཡུག་བཅས། །འོད་དང་སྒྲ་ཡིས་གང་མཛད་དེ། །རྨད་བྱུང་སྐུ་གསུང་ཐུགས་རྣམས་ཀྱི། །ངོ་མཚར་ཆོ་འཕྲུལ་རྣམ་པར་སྣང ། །ངོ་མཚར་ཆོ་འཕྲུལ་རྨད་བྱུང་གི་།ཕྱི་ནང་གསང་བའི་མཆོད་པ་དང ། །འདོད་ཡོན་ལྔ་ཡིས་ཁྱབ་མཛད་དེ། །རྒྱལ་བའི་ཚོགས་ཀུན་མཉེས་པར་བྱས། །ཀུན་ཀྱང་དགའ་ཞིང་མོས་པ་ཡིས། །ཞིང་ཁམས་རྡུལ་དང་མཉམ་པ་ཡི། །འཁོར་ཚོགས་རྣམས་ནི་བསྟོད་པ་འདི། །སྣ་ཚོགས་སྒྲས་ནི་གླུ་རུ་བླངས། །ོཾ་ཨཱཿ ཧཱུཾ་ཨ་ལ་ལ་ཧོ། །སྒྱུ་འཕྲུལ་དྲ་བའི་ཐུགས་ནི་མི་སྐྱེ་ཡེ་ཤེས་བདེ་བའི་ཐུགས། །མི་རྟོག་གསལ་བའི་ཐུགས་ནི་ཀུན་ལ་ཁྱབ་པར་གནས། །གང་ཡང་དབྱེར་མེད་འདུས་བྱས་མ་ཡིན་འདུས་མ་
321b
བྱས་མིན་སྐྱེ་འཇིག་མེད། །དམ་པའི་ཐུགས་ལ་བྱུང་ཚོར་གཡོ་འགོག་ཅི་ཡང་མེད་པས་བདེ་ཧོ། །སྒྱུ་འཕྲུལ་དྲ་བའི་སྐུ་ནི་སྣ་ཚོགས་འོད་འབར་བདེ་བའི་སྐུ། །སྣ་ཚོགས་མཐའ་ཡས་ཇི་ལྟར་སྣང་བ་ངོ་བོས་དབེན། །དེ་ཉིད་འདུ་བའི་ཐབས་ཀྱིས་དེ་ལྟར་ཡིད་འཕྲོག་ཚིམ་པའི་སྐུ། །མཐའ་ཡས་སྣ་ཚོགས་བྱེ་བ་ཇི་ལྟར་གསལ་ཡང་ནམ་མཁའི་ངང་དུ་བྱེ་བྲག་མེད་ཧོ། །སྒྱུ་འཕྲུལ་དྲ་བའི་ཡོན་ཏན་ཡིད་བཞིན་ནོར་བུ་རིན་པོ་ཆེ། །མི་ཟད་པར་ལྡན་རྒྱན་གྱི་འཁོར་ལོ་དཔག་མེད་རྒྱས་པར་སྣང ། །འགྲོ་བ་རྣམས་ཀྱི་ཡིད་འཕྲོག་བལྟས་པས་ཆོག་ཤེས་མེད་པར་མཛེས། །རྒྱལ་བ་མ་ལུས་ཡོན་ཏན་རྫོགས་པར་སྣང་ལ་དེ་དག་མཐའ་ཐུག་མེད་ཧོ། །སྒྱུ་འཕྲུལ་དྲ་བའི་གསུང་ནི་ཟབ་ཅིང་རྒྱ་ཆེར་ནམ་མཁའ་འདྲ། །མ་ལུས་གོ་ཞིང་ཚིམ་མཛད་རྡོ་རྗེའི་སྒྲ་འབྱིན་སྙན་སྒྲོག་པ། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་མེས་དང་འཐད་པ་དེ་བཞིན་རྣམ་པར་སྣང་ཧོ། །སྒྱུ་འཕྲུལ་དྲ་བའི་འཕྲིན་ལས་སྣ་ཚོགས་བྱ་བ་ལྷུན་གྱིས་གྲུབ། །བསྐལ་པ་ཞིང་གི་རྡུལ་སྙེད་འགྲོ་བ་མ་ལུས་ཀུན་འདུལ་བ། །ཐབས་དང་ཤེས་རབ་འདུ་འབྲལ་མེད་པའི་རྫུ་འཕྲུལ་སྣ་ཚོགས་འདི་ནི་རྣམ་པར་རོལ་ཧོ། །དེ་ནས་རྒྱལ་མཆོག་སྐྱེས་བུ་ཡིས། །རྡོ་རྗེ་འཛིན་པ་ལ་སོགས་པ། །བྱེ་བ་རྡུལ་སྙེད་བཅས་པ་ལ། །
322a
༄#། །གསང་བ་འདི་ནི་གཏད་པར་མཛད། །ང་ཡི་གསང་བའི་སྙིང་པོ་འདི། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །བསྟན་པ་ཀུན་གྱི་རང་བཞིན་ཏེ། །མ་ལུས་ཀུན་གྱི་ཐབས་སུ་སྣང ། །གསང་སྔགས་རྡོ་རྗེ་ཐེག་པ་སྟེ། །དཔལ་ལྡན་སྒྱུ་འཕྲུལ་ཐུགས་ཀྱི་རྒྱུད། །ཆོས་རྣམས་མ་ལུས་ཀུན་སྣང་བ། །གསང་བའི་མེ་ལོང་ཐབས་ཀྱི་རྒྱུད། །རྒྱལ་བ་རྡུལ་སྙེད་ཀུན་འདུས་ནས། །དམ་པ་འདི་ལ་བསྔགས་པར་མཛད། །སྒྱུ་འཕྲུལ་དྲ་བའི་རྒྱུད་ཆེན་པོ། །ཟབ་མོའི་ལུང་གི་ངེས་དོན་འདི།། རིགས་ཆད་དམན་པའི་གང་ཟག་གིས། །ཐམས་ཅད་ལ་ནི་མེ་ལོང་ལྟར། །བལྟས་ཀྱང་གཟུགས་བརྙན་མི་སྣང་བས། །སྟོན་པ་གཉིས་ལ་རྒྱབ་ཕྱོགས་ཤིང་།། བརྟགས་པས་ཕྱི་རོལ་ཆོས་ལ་ཞེན། །སློབ་དཔོན་ལ་ནི་བརྙས་བྱེད་དང ། །རྡོ་རྗེ་སྤུན་ལ་སྡང་སེམས་ཆེ། །ཟབ་མོའི་དོན་ལ་སྐུར་བྱེད་ཅིང ། །གསང་རྒྱུད་དོན་ལ་འཕྱ་བ་དང ། །སེར་སྣ་རང་ཕྱོགས་ཆགས་པ་ཆེ། །དད་དང་དམ་ཚིག་མི་ལྡན་ཞིང ། །རྒྱལ་སྲིད་རིན་ཆེན་མི་གཏོང་བའི། །ཕྱི་ནང་གཉིས་ལྟའི་གང་ཟག་ལ། །བསྐལ་པ་ཞིང་གི་རྡུལ་སྙེད་དུ། ། ལུས་སེམས་བྲལ་བར་བྱེད་གྱུར་ཀྱང ། །གསང་བའི་གླེགས་བམ་མི་བསྟན་ན། །དབང་དང་དངོས་གྲུབ་ནམ་ཡང་མིན། །རྨོངས་པས་གལ་ཏེ་བྱིན་ན་ནི། །དེ་ཉིད་
322b
མནར་མེད་དམྱལ་བར་ལྟུང ། །དད་དང་དམ་ཚིག་ལྡན་པ་ཡིས། །ཕུན་སུམ་ཚོགས་པ་ཀུན་གཏོང་ཞིང ། །དམ་པའི་ཡོ་བྱད་ལྡན་གྱུར་པས། །ལུས་དང་སྲོག་ལའང་མི་ལྟ་ན། །དམན་པའི་ལོངས་སྤྱོད་ནམ་ཡང་མིན། །ཐེག་པ་ཆེ་ལ་མོས་པ་དང ། །བརྟུལ་ཞུགས་སྙིང་བརྩེར་གུས་པར་ལྡན། །རྡོ་རྗེ་སློབ་དཔོན་བསྙེན་བསྐུར་ཞིང ། །སྐྱོན་དང་སྤྱོ་བ་ཡོངས་སུ་བཟོད། །བསྐལ་པར་འགྲོགས་ཀྱང་ཡིད་མི་འཁྲུག་།ཉེས་དང་ལེགས་པ་ཅི་ལ་ཡང ། །ངོ་མཚར་སྐྱོ་བའི་འདུ་ཤེས་མེད། །རང་བཞིན་བཟང་དང་ཚུལ་ཤིས་དང ། །འགྲོགས་པས་དུག་ནང་མི་སྡང་བའི། །དམ་པ་འདི་ལ་གསང་བ་གཏད། །སློབ་དཔོན་མན་ངག་མི་ལྡན་ཅིང ། །གསང་བའི་དོན་ལ་མ་གོམས་པས། །རང་རྟགས་ལོག་པའི་ཚད་མ་ཡིས། །གསང་བའི་སྦས་དོན་གཏན་ལ་འབེབས། །བླུན་པོ་མུན་པས་ཆོད་པ་རྣམས། །ལོག་པར་ཞེན་པའི་རྗེས་འབྲངས་ནས། །མཐོང་བའི་ཆོས་ལ་དམྱལ་བར་སྨིན། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་སྙིང་པོ་འདི། །མ་ལུས་ཀུན་གྱི་གསང་ཡིན་པས། ། རྟོགས་ནས་གསལ་བར་གང་བྱེད་པ། །དབང་དང་དཀྱིལ་འཁོར་རྫོགས་པ་སྟེ། །བདག་དང་གཞན་དོན་ལྷུན་གྱིས་གྲུབ། །རྡུལ་སྙེད་ཞིང་ལ་བསྙེན་བཀུར་ཞིང ། །
323a
༄#། །ཚོགས་ཀྱི་བླ་མ་བསྟེན་བྱས་པའི། །འབྲས་བུ་གསང་ཆེན་འདི་ཡིན་ཏེ། །དེ་བས་རྒྱལ་སྲས་གཅིག་གི་ཡུལ། །རྙེད་དང་བཀུར་སྟིས་འཚོ་བ་ཡིས། གྲགས་པའི་སྟོབས་ལྡན་རྣམ་པར་སྤངས། ། ཧོ་རྡོ་རྗེ་གསང་བའི་ཚིག་ཏུའོ། །རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲ་བ་གསང་བ་མེ་ལོང་གི་རྒྱུད་ལས། མཐར་ཕྱིན་པའི་ལེའུ་སྟེ་བཅུ་གསུམ་པའོ།། །།རྡོ་རྗེ་སེམས་དཔའི་སྒྱུ་འཕྲུལ་དྲ་བ་རྡོ་རྗེ་སེམས་དཔའ་གསང་བ་མེ་ལོང་གི་རྒྱུད་ཆེན་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་བི་མ་ལ་མི་ཏྲ་དང ། །བནྡྷེ་ཛྙཱ་ན་ཀུ་མཱ་རས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ། །སླད་ནས་བ་མི་ལ་མི་ཏྲ་ཉིད་ལ་ཟེ་མོ་དགེ་སློང་མས་ཡང་དང་ཡང་དུ་ནན་དུ་ཞུས་པ་འདི་གཞན་ལ་སྤེལ་ན་དམ་ཚིག་ཉམས་སོ།