རྒྱ་གར་སྐད་དུ། 176b ཤྲཱི་གུ་ཧྱ་གརྦྷ་ཏ་ཏྭ་བི་ནི་ཤྩ་ཡ། བོད་སྐད་དུ། དཔལ་གསང་བའི་སྙིང་པོ་དེ་ཁོ་ན་ཉིད་རྣམ་པར་ངེས་པ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ། །འདི་སྐད་བཤད་པའི་དུས་ན། དེ་བཞིན་གཤེགས་པ་ཡང་དག་པར་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ལོངས་སྤྱོད་ཆེན་པོ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང ། གསུང་དང ། ཐུགས་རྡོ་རྗེའི་བདག་ཉིད། མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་སོ་སོ་མ་ཡིན་ཐ་མི་དད་དབྱེར་མེད་པའི་རང་བཞིན་ཏེ། འོག་མིན་གྱི་གནས་མཐའ་དང་དབུས་མེད་པ་ན་གཞི་ཚད་མེད་པའི་ཡེ་ཤེས་ཀྱི་འཁོར་ལོ་གསལ་བ་ལ་ཡེ་ཤེས་རིན་པོ་ཆེ་འབར་བའི་གཞལ་ཡས་ཁང ། རྒྱ་ཕྱོགས་བཅུར་ཡོངས་སུ་མ་ཆད་པ། ཡོན་ཏན་དཔག་ཏུ་མེད་པར་རྒྱས་པའི་ཕྱིར་གྲུ་བཞིར་གྱུར་པ། ལྷག་པའི་ཡེ་ཤེས་རིན་པོ་ཆེའི་གློ་འབུར་གྱིས་མཛེས་པ། རྩེ་མོ་ཕྱོགས་བཅུ་དུས་བཞིའི་སངས་རྒྱས་ཀྱི་དཀྱིལ་འཁོར་མ་ལུས་པ་ཐམས་ཅད་དང་སོ་སོ་མ་ཡིན་ངོ་བོ་ཉིད་གཅིག་པའི་ཡེ་ཤེས་ཀུན་ཏུ་འཁྱིལ་བ། ཡེ་ཤེས་བསམ་གྱིས་མི་ཁྱབ་པའི་ཡེ་ཤེས་རིན་པོ་ཆེའི་དབྱིབས་དང་ཁ་དོག་ལ་སོགས་པ་རྣམ་པ་ཐ་དད་པའི་བྱེ་བྲག་དང་ཁྱད་ 177a ༄#། །པར་དུ་གྱུར་པ། སྤགས་པ། ཚད་དཔག་ཏུ་མེད་པ། ཡེ་ཤེས་རིན་པོ་ཆེ་སྣ་ཚོགས་པའི་ཕྲེང་བ་དང ། ཆུན་འཕྱང་དང ། ཤར་བུའི་རྒྱན་དང ། གཟུགས་སྣ་ཚོགས་དང ། སྒྲ་སྣ་ཚོགས་དང ། དྲི་སྣ་ཚོགས་དང ། རོ་སྣ་ཚོགས་དང ། རེག་བྱ་སྣ་ཚོགས་ཀྱི་ཕྱོགས་བཅུར་འཁྲིགས་པར་རང་བྱུང་ལ་མི་སྒྲིབ་པར་གསལ་བའི་རྒྱན་བསམ་གྱིས་མི་ཁྱབ་པར་ཀླུབས་པ། རྣམ་པར་ཐར་པ་བཞིའི་སྒོ་ནས་འཇུག་པའི་སྒོ་ཁྱུད་ཅན། རྣམ་པར་ཐར་པ་བརྒྱད་ཀྱི་རྟ་བབས་དང་ལྡན་པ། ཕྱི་དང་ནང་མེད་པ། ཀུན་ཏུ་ཡང་ནང་དུ་གྱུར་པ་ན་མི་འཇིགས་པ་སེངྒེའི་ཁྲི་དང ། སྟོབས་གླང་པོ་ཆེའི་ཁྲི་དང ། རྫུ་འཕྲུལ་རྟའི་ཁྲི་དང ། དབང་རྨ་བྱའི་ཁྲི་དང ། ཐོགས་པ་མེད་པའི་ནམ་མཁའ་ལྡིང་གི་ཁྲི་དང ། རང་བཞིན་གྱིས་འོད་གསལ་བ་ཉི་ཟླའི་དཀྱིལ་འཁོར་དང ། གོས་པ་མེད་པ་པདྨ་རིན་པོ་ཆེའི་གདན་ལ་སྐུ་མདུན་དང་རྒྱབ་མེད་པ་ཐམས་ཅད་དུ་ཞལ་ཐལ་ལེ་བར་གསལ་ཞིང་མཚན་དང་དཔེ་བྱད་དུ་ལྡན་པ། བསམ་གྱིས་མི་ཁྱབ་པ། ཐམས་ཅད་དུ་སྐུ་གསུང་ཐུགས་སྣ་ཚོགས་པར་ཀུན་ཏུ་སྣང་བ། ཐབས་དང་ཤེས་རབ་ཀྱི་ཞབས་གཉིས་མཉམ་པའི་བརྟུལ་ཞུགས་ 177b ཀྱིས་སྐྱིལ་མོ་ཀྲུང་དུ་བཞུགས་པ། ཡེ་ཤེས་དྲུག་གི་ཕྱག་ཡེ་ཤེས་རིན་པོ་ཆེའི་ཕྱག་རྒྱ་འབར་བ་ཅན། སྐུ་གསུང་ཐུགས་བསམ་གྱིས་མི་ཁྱབ་པའི་དབུ་གསུམ་དང་ལྡན་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་དང ། དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་དང ། དེ་བཞིན་གཤེགས་པ་ཚོར་བའི་རྒྱལ་པོ་དང ། དེ་བཞིན་གཤེགས་པ་འདུ་ཤེས་ཀྱི་རྒྱལ་པོ་དང ། དེ་བཞིན་གཤེགས་པ་འདུ་བྱེད་ཀྱི་རྒྱལ་པོ་དང ། དེ་དག་ཀུན་ཀྱང་མཐིང་ག་དང ། དཀར་པོ་དང ། སེར་པོ་དང ། ལེ་བརྒན་དང ། ལྗང་ཁུའི་མདོག་ཏུ་འཚེར་བ། བཙུན་མོ་དམ་པ་སྣང་བའི་དབྱིངས་དང ། སྲ་བའི་དབྱིངས་དང ། མཉེན་པའི་དབྱིངས་དང ། དྲོ་བའི་དབྱིངས་དང ། བསྐྱོད་པའི་དབྱིངས་ལ་སོགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པར་ཆོས་ཀྱི་དབྱིངས་ཀུན་ཏུ་མཐའ་ཡས་པར་ཁྱབ་པ་ནི། འདི་ལྟ་སྟེ། དཔེར་ན། ཏིལ་གྱི་གང་བུ་བཞིན་དུ་གང་ནས་ཁྱབ་པར་བཞུགས་སོ། །དེ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་དང ། བྱང་ཆུབ་ཆེན་པོའི་རྡོ་རྗེ་ཐོས་པ་དང ། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་པ་དང ། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བ་དང ། བཙུན་མོ་མཐོང་བར་བྱ་བ་དང ། མཉན་པར་ 178a ༄#། །བྱ་བ་དང ། བསྣམ་པར་བྱ་བ་དང ། མྱོང་བར་བྱ་བའི་ཚོགས་དང ། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་དང ། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་བྱེད་དང ། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་བྱེད་དང ། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བྱེད་དང ། བཙུན་མོ་འདས་པ་དང ། ད་ལྟར་དང ། འབྱུང་བ་དང ། མ་བྱོན་པའི་ཚོགས་དང ། འཇོམས་པ་ཆེན་པོ་རེག་པ་དང ། འཇོམས་པ་ཆེན་པོ་རེག་བྱེད་དང ། འཇོམས་པ་ཆེན་པོ་རེག་བྱ་དང ། འཇོམས་པ་ཆེན་པོ་རེག་ཤེས་དང ། བཙུན་མོ་རྟག་པར་མ་ཡིན་པ་དང ། ཆད་པར་མ་ཡིན་པ་དང ། བདག་ཏུ་མ་ཡིན་པ་དང ། མཚན་མར་མ་ཡིན་པ་ལ་སོགས་པ་དེ་ལྟ་བུའི་ཚོགས་བརྗོད་ཀྱིས་མི་ལང་བ་དང་གཉིས་སུ་མེད་པར་བཞུགས་སོ། །དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་གསང་བའི་དཀྱིལ་འཁོར་དེ་དག་ཉིད་ཀྱིས་གསང་བ་འདི་ཉིད་སྐུ་དང ། གསུང་དང ། ཐུགས་དང ། ཡོན་ཏན་དང ། འཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ ། །ེ་ཨེ་ཨེ་མའོ། །དེ་བཞིན་ཉིད་དབྱིངས་ཉིད་དབང་སྒྱུར། །ཡེ་ཤེས་དཀྱིལ་འཁོར་ཐུགས་རྗེའི་ངང ། །རང་སྣང་བ་ཉིད་ཏིང་ངེ་འཛིན། །གཟུགས་བརྙན་སྒྱུ་མ་རྣམ་པར་དག་།གསལ་བ་ནི་ 178b སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་སེལ་མེད་པའི་ཡོན་ཏན་ཡིད་བཞིན་རིན་པོ་ཆེ་མི་ཟད་པར་ལྡན་པ་རྒྱན་གྱི་འཁོར་ལོ་རྡོ་རྗེ་མཆོག་གི་གནས་ཉིད་དོ། །ཞེས་གསང་བའི་ཚིག་ཏུའོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། གླེང་གཞིའི་ལེའུ་སྟེ་དང་པོའོ།། །།དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་ཡིད་ཀུན་ཏུ་བཟང་པོ་ཐམས་ཅད་མ་ལུས་པའི་རང་བཞིན་གྱི་ཚུལ་རྡོ་རྗེ་བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོ་ལ་འཇུག་པར་གྱུར་ཏོ། །ཞུགས་པས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་མ་ལུས་པ་ཐམས་ཅད་གཅིག་གི་རང་བཞིན་དབྱེར་མེད་པས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ེ་མའོ་རྡོ་རྗེ་ཕུང་པོ་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། ། སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང ། །ཐམས་ཅད་མ་ལུས་ཆོས་སོ་ཅོག་།སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞན་པའི་ 179a ༄#། །ཆོས། །སངས་རྒྱས་ཉིད་ཀྱིས་མི་མཉེས་སོ། །ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་མཉེས་པར་གྱུར་ཏོ། །དེ་ནས་བཙུན་མོ་བྱ་བ་མོ་ཆོས་ཀུན་ཏུ་བཟང་མོས། བཅོམ་ལྡན་འདས་ཡིད་ཀུན་ཏུ་བཟང་པོ་དང་གཉིས་སུ་མེད་པར་གྱུར་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཀྱེ་མ་ཕྱོགས་བཅུའི་སྟོང་ཁམས་ཡེ་ནས་དབེན། །སྲིད་པ་གསུམ་ཉིད་དག་པའི་ཞིང ། །སྙིགས་མ་ལྔ་ཡིད་བདེ་ལྡན་གནས། །ཕུང་པོ་ལྔ་ཉིད་རྫོགས་སངས་རྒྱས། །ཐམས་ཅད་མཆོག་གི་སྙིང་པོ་བས། །གཞན་དུ་རྒྱལ་བའི་ཆོས་མི་བཙལ། །ཉིད་ལས་གཞན་ཞེས་བྱ་བའི་ཆོས། །བཙལ་ཀྱང་རྒྱལ་བས་མི་རྙེད་དོ། །ཞེས་བརྗོད་པས། ཐམས་ཅད་ཡེ་ནས་སངས་རྒྱས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། །དེ་ནས་གཉིས་སུ་མེད་པའི་བདག་ཉིད་ཆེན་པོས་ཡེ་ནས་སངས་རྒྱས་པའི་སེམས་ཡེ་ཤེས་སུ་བསྐྱེད་པ་འདི་གསུངས་སོ། །ེ་མའོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང ། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེ། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང ། །འགག་པ་མེད་ལས་ཐམས་ཅད་འགག་།འགག་པ་ཉིད་ན་འགག་པ་མེད།། 179b ེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང ། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ལ་གནས་པ་མེད། །ེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང ། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང ། །འགྲོ་འོང་མེད་ལས་འགྲོ་དང་འོང ། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་དང ། །བཙུན་མོའི་ཚོགས་ཐམས་ཅད་ཀྱད་མཉེས་པས་ཁྱབ་པར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་བཙུན་མོའི་ཚོགས་དང་བཅས་པས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ེ་མའོ་ཡེ་ནས་གསང་བའི་ཆོས། །སྣ་ཚོགས་སྣང་ལ་རང་བཞིན་གསང ། །ངོ་བོ་ཉིད་ཀྱིས་རབ་ཏུ་གསང ། །གཞན་དུ་མིན་ལ་ཤིན་ཏུ་གསང ། །ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་དང ། ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ངོ་བོ་ཉིད་དུ་གཅིག་པའི་མཚན་ཉིད་ཡིན་པས་དབྱེར་མེད་ན། འགྲོ་བའི་རྣམ་པར་རྟོག་པ་མ་རིག་པ་ལས་འགྲོ་བ་ལྔའི་རིས་བསམ་གྱིས་མི་ཁྱབ་པར་སྨིན་པ་ལ་ 180a ༄#། །ཐུགས་རྗེ་ཆེན་པོ་སངས་རྒྱས་ཀྱི་ཡེ་ཤེས་ཆེན་པོ་སྐྱེས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ེ་མ་བདེར་གཤེགས་སྙིང་པོ་ལས། ། རང་གི་རྣམ་རྟོག་ལས་ཀྱིས་སྤྲུལ། །སྣ་ཚོགས་ལུས་དང་ལོངས་སྤྱོད་དང ། །གནས་དང་སྡུག་བསྔལ་ལ་སོགས་པ། །བདག་དང་བདག་གིར་སོ་སོར་འཛིན། །སུས་ཀྱང་མ་བཅིངས་བཅིངས་མེད་དེ། །བཅིང་བར་བྱ་བ་ཡོད་མ་ཡིན། །རྣམ་རྟོག་བདག་ཏུ་འཛིན་པ་ཡིས། །ནན་གྱིས་མཁའ་ལ་མདུད་པ་དོར། །བཅིངས་མེད་རྣམ་པར་གྲོལ་མེད་པའི། །ཡེ་ནས་ལྷུན་རྫོགས་སངས་རྒྱས་ཆོས། །བསྟན་ཕྱིར་སྤྲོ་བ་སྣ་ཚོགས་མཛད། །ཅེས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། དོན་དམ་པ་དང ། ཀུན་རྫོབ་ཀྱི་བྱང་ཆུབ་ཀྱི་སེམས་ཡེ་ཤེས་སུ་བསྐྱེད་པའི་ལེའུ་སྟེ་གཉིས་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ལས་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཞེས་བྱ་བའི་རིག་པའི་སྐྱེས་བུ་ཐུབ་པ་དྲུག་དེ་བཞིན་གཤེགས་པའི་སྐུ་དང ། གསུང་དང ། ཐུགས་རྡོ་རྗེ་ལས་ཐོན་ཏོ། །ཐོན་ནས་ཀྱང་ལས་ཀྱི་དབང་གིས་སྣརེལ་ཞི་དང ། ཡན་མན་གྱི་འཇིག་རྟེན་ 180b དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པའི་སྟོང་གསུམ་གྱི་སྟོང་ཆེན་པོ་རེ་རེ་ཐུབ་པ་བཅོམ་ལྡན་འདས་རེ་རེས་འདུལ་བ་རྣམ་བཞིས་འགྲོ་བ་ལྔའི་དོན་མཛད་དེ། ། བལྟམས་པ་དང ། རབ་ཏུ་བྱུང་བ་དང ། དཀའ་ཐུབ་མཛད་པ་དང ། བལྟམས་པ་དང ། རབ་ཏུ་བྱུང་བ་དང ། དཀའ་བ་བྱུང་བ་དང ། བསྐོར་བ་དང ། ཆོ་འཕྲུལ་ཆེན་པོ་སྟོན་པ་དང ། མྱ་ངན་ལས་འདས་པ་ལ་སོགས་པར་སྟོན་པའི་ཐུབ་པ་དུས་བཞི་ཀུན་ཏུ་མཁྱེན་པ་དང ། ཐམས་ཅད་ཀྱི་སེམས་ཀྱི་རྒྱུད་ཀུན་ཏུ་མཁྱེན་པ་དང ། རྫུ་འཕྲུལ་གྱི་སྤྱན་གྱིས་ཐམས་ཅད་དུ་གཟིགས་པ་དང ། རྫུ་འཕྲུལ་གྱི་སྙན་གྱིས་ཀུན་ཏུ་གསན་པ་དང ། རྫུ་འཕྲུལ་གྱི་ཆོ་གས་ཀུན་ཏུ་དོན་སྤྱོད་པ་དང ། ཟག་པ་མེད་པས་ཀུན་ཏུ་བཟང་པོའི་སྤྱོད་པ་རྫོགས་པའི་མངོན་པར་ཤེས་པ་ཆེན་པོ་དྲུག་དང ། ཀུན་ཏུ་སྐུ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ཏུ་ཐུགས་བསམ་གྱིས་མི་ཁྱབ་པ་དང ། ཀུན་ཏུ་ཞལ་བསམ་གྱིས་མི་ཁྱབ་པ་དང ། ཀུན་ཏུ་གསུང་བསམ་གྱིས་མི་ཁྱབ་པ་དང་ལྡན་པ། བསམ་གྱིས་མི་ཁྱབ་པའི་གྲངས་མེད་པ་ཕྱོགས་བཅུར་སྣང་བར་གྱུར་ཏོ། །ཐམས་ཅད་ཀྱང་འདི་ལྟ་སྟེ། འདུལ་བའི་དབང་གིས་ལྷ་དང་མིའི་ཐེག་པ་དང ། ཉན་ཐོས་ཀྱི་ཐེག་པ་དང ། རང་སངས་རྒྱས་ 181a ༄#། །ཀྱི་ཐེག་པ་དང ། བྱང་ཆུབ་སེམས་དཔའི་ཐེག་པ་དང ། བླ་ན་མེད་པའི་ཐེག་པས་མ་རིག་པའི་རྣམ་པར་རྟོག་པ་ཉོན་མོངས་པ་སྟོང་ཕྲག་བརྒྱད་ཅུ་རྩ་བཞིའི་གཉེན་པོར་ཆོས་སྟོང་ཕྲག་བརྒྱད་ཅུ་རྩ་བཞི་གསུངས་སོ། །གསུང་ངོ ། །གསུང་བར་འགྱུར་རོ། །དེ་དག་ཐམས་ཅད་ཀྱང་གཟུང་བ་དང ། འཛིན་པའི་ཕྱི་ནང་གི་རྟེན་ཅིང་འབྲེལ་བར་འབྱུང་བ་དང ། འཛིན་པ་འཁྲུལ་པ་ལས་འདོགས་པ་དང ། ལས་དང་ལས་ཀྱི་འབྲས་བུ་ཆུད་མི་ཟ་བ་དང ། ལས་དང་ལས་ཀྱི་འབྲས་བུས་མི་གོས། གོས་པར་མི་འགྱུར། གོས་སུ་མེད་པར་སྟོན་པའི་མཐར་ཐུག་གོ་།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཇི་སྙེད་འཇིག་རྟེན་འཁྲུལ་པའི་ཆོས། །མ་རིག་རྟོག་པའི་གཟུང་འཛིན་གྱིས། །ཕྱི་ནང་རྟེན་འབྲེལ་གཉིས་སུ་འཁོར། །མི་མཐུན་བདེ་སྡུག་མྱོང་བར་འགྱུར། །རང་བཞིན་ཉིད་ལས་ཉམས་པ་མེད། །ཡང་དག་སྒྱུ་མའི་ཚུལ་གཉིས་སུ། །བདག་དང་བདག་གི་གཞན་མེད་དེ། །རྣམ་དག་དབྱིངས་ཉིད་ཚུལ་གཅིག་གོ་།བདག་དང་བདག་གི་གཞན་རྣམས་ནི། །ལོག་པར་རྟོག་པ་ཙམ་ཉིད་ལས། །ཕྲ་ཞིང་ཟབ་པའང་ཡོད་མ་ཡིན། །ལོག་རྟོག་ཉིད་ལ་ཉིད་སྤྱོད་དེ།། 181b གཞན་དུ་གཡོ་བ་ཅི་ཡང་མེད། །ལོག་རྟོག་རྒྱུ་འབྲས་རྒྱུ་ཉིད་ཀྱང ། །གཞི་རྩ་མེད་དབྱིངས་སྐད་ཅིག་མ། །རྣམ་པར་དག་པའི་དབྱིངས་ཉིད་ཚུལ། །ཉིད་ལ་དབང་སྒྱུར། ཉིད་སྤྱོད་ཕྱིར། །བདག་དང་གཞན་དང་རྟོག་པའི་རྒྱུན། །རྣམ་དག་བླ་མེད་ཐེག་པའི་མཆོག་།ཐེག་པ་བཞི་ཡིས་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུར་གནས།། ཡང་དག་རྟོགས་པས་རབ་བརྟགས་ན། །རང་བཞིན་མེད་ལས་ཅིར་ཡང་འགྲུབ། །སངས་རྒྱས་མྱ་ངན་ཡོངས་མི་འདའ། །ཆོས་ཀྱང་ནུབ་པར་མི་འགྱུར་ཏེ། །མ་རིག་སྨིན་མཛད་འདུལ་བའི་ཕྱིར། །བྱུང་ནས་མྱ་ངན་འདའ་བར་སྟོན། །འདུལ་བ་མདོ་སྡེ་ཆོས་མངོན་དང ། །དམ་ཚིག་སྒྲུབ་དང་གྲུབ་པ་དང ། །སྐུ་དང་གསུང་དང་ཐུགས་ཀྱི་རྒྱུད། །ཕྱོགས་བཅུ་རྣམས་སུ་རབ་གྲགས་པ། །གསང་བའི་སྙིང་པོ་ལས་འཕྲོས་ཏེ། །རང་བཞིན་གསང་བའི་སྙིང་པོ་འདི། །སྡེ་སྣོད་ཀུན་དང་རྒྱུད་ཀུན་གྱི།། འབྱུང་གནས་གཏན་ལ་ངེས་པར་འབེབས། །ཆོས་རྣམས་མིང་དུ་བཏགས་པ་ཙམ། །སྟོན་པས་དོན་དང་མཐུན་ཕྱོགས་སུ། །མིང་དང་ཚིག་ཏུ་བཏགས་ནས་བསྟན།། སྟོན་མིན་ཚིག་ལ་དངོས་པོ་མེད། །ཅེས་ཆེད་དུ་བརྗོད་དོ། །དེ་ནས་དེ་བཞིན་གཤེགས་པ་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་ 182a ༄#། །དང ། གསུང་དང ། ཐུགས་དང ། ཡོན་ཏན་དང ། འཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ ། ། ཧོ། །སྲིད་རྩ་ཉེས་དམིགས་བདག་ཏུ་རྟོག་ལས་འཕྲོས། །རྒྱུད་དྲུག་སྐྱེ་འགག་ལུས་དང་ལོངས་སྤྱོད་དང ། །གནས་དང་སྡུག་བསྔལ་འཁྲུལ་འཁོར་ལ་སོགས་པ། །ལོག་རྟོག་ཉིད་ལས་གཞན་དུ་གཡོ་བ་ཅི་ཡང་མེད། །སྟོང་ཉིད་བདག་མེད་ཡེ་མཁྱེན་རང་རིག་ཐུགས། །དམིགས་བྱ་དམིགས་བྱེད་མེད་པར་དྲན་དབང་སྒྱུར། །ངོ་མཚར་སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཞིང་ཁམས་ལས། །གཞན་ན་མེད་དེ་དེ་ཉིད་དེ་ལྟར་ཡིན། །ཞེས་རྡོ་རྗེ་གསང་བའི་ཚིག་ཏུའོ་ཞེས་བརྗོད་པས། ཐུབ་པ་དྲུག་གི་སྤྲུལ་པ་གྲངས་མེད་པ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་གསུངས་པ་ཡང་དེ་དག་ཏུ་འདུས་པར་དེ་བཞིན་གཤེགས་པ་ཉིད་ཀྱིས་མཁྱེན་ཏོ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཆོས་ཐམས་ཅད་གཏན་ལ་ཕབ་པའི་ལེའུ་སྟེ་གསུམ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་དགོངས་པ་གཅིག་ཏུ་གྱུར་ནས་མཉམ་པ་ཆེན་པོའི་ཚུལ་རྡོ་རྗེའི་དབྱིངས་སུ་ཆོས་ཐམས་ཅད་ཡེ་ནས་སངས་རྒྱས་པའི་ཏིང་ངེ་འཛིན་ལས་མི་ 182b གཡོ་བར་ཆོས་ཐམས་ཅད་མིང་ཙམ་དུ་གནས་པའི་ཡི་གེ་ཕྲེང་བའི་འཁོར་ལོ་ཞེས་བྱ་བ་འདི་སྐུ་དང ། གསུང་དང ། ཐུགས་རྡོ་རྗེ་ལས་ཕྱུང་ངོ ། །། རབ་ཏུ་བརྟན་གྱུར་ཨ་དཀར་ལས། །ཤིན་ཏུ་ཕྲ་བའི་ཨ་རྣམས་སྤྲོ། །ཕྱོགས་བཅུ་གང་བར་གསལ་གྱུར་ནས། །བསྡུས་ཀྱང་འཕེལ་འགྲིབ་མེད་པར་བསྟན། །དེ་ལས་མིང་ཚོགས་གསལ་འབར་ཀུན། །སྤྲོ་ཞིང་བསྡུ་བའང་དེ་བཞིན་ནོ། །འདི་ནི་རྡོ་རྗེ་དངོས་གྲུབ་ཀྱི། །བརྟན་བྱུང་ཡེ་ཤེས་རྒྱུ་ཡིན་ནོ། ། ཨཱ། ཀ་ཁ་ག་གྷ་ང ། ཙ་ཚ་ཛ་ཛྷ་ཉ།་ཊ་ཋ་ཊ་ཌྷ་ཎ། ཏ་ཐ་ད་དྷ་ན། པ་ཕ་བ་བྷ་མ། ཡ་ར་ལ་ཝ། ཤ་ཥ་ས་ཧ། ཀྵཿ ། ཨི་ཨཱི། ཨུ་ཨཱུ། ཨེ་ཨཱཻ། ཨོ་ཨཽ། །འདི་དག་ཕྱུང་བས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་པ་རྣམ་པ་དྲུག་ཏུ་གཡོས། །རབ་ཏུ་གཡོས། །ཀུན་ཏུ་རབ་ཏུ་གཡོས་ནས་ཆོས་ཐམས་ཅད་མིང་གི་མཚན་ཉིད་ཙམ་དུ་གྱུར་ཏོ། ། ཧོཿ ། དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཆེད་དུ་བརྗོད་པ་འདི་བརྗོད་དོ། ། ནི་སྟོང་དང་མི་སྟོང་གི་།དབུ་མའང་དམིགས་སུ་ཡོད་མ་ཡིན། །ཐམས་ཅད་མིང་ཙམ་སངས་རྒྱས་ཀུན། །ཡི་གེ་ཕྲེང་བ་ཉིད་ལ་གནས། ། ཉིད་སྣ་ཚོགས་པར་སྣང་བའི། །ཀ་ལ་སོགས་པ་བཞི་བཅུ་གཉིས། །སྒྲ་ཡི་མིང་གིས་ཐམས་ཅད་ 183a ༄#། །བསྡུས། །མངོན་རྫོགས་རྒྱལ་པོར་དེ་ཉིད་ངེས། །ེ་མ་ངོ་མཚར་ཡ་མཚན་གྱི། །འཕྲུལ་ཆེན་བཞི་བཅུ་རྩ་ལྔའི་མིང ། །མིང་རྣམས་མ་ལུས་འཛིན་པའི་གནས། །སྣ་ཚོགས་དོན་ཆེན་སྨྲ་ཞིང་སྟོན། །དངོས་མེད་ཡི་གེའི་རང་བཞིན་སེམས། །བདག་མེད་མཐའ་བྲལ་མི་དམིགས་ཀྱང ། །དབྱིབས་དང་ཁ་དོག་མིང་ཚོགས་ཀྱིས། །རོལ་པ་ཅིར་ཡང་སྤྲུལ་ཅིང་སྟོན། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །ཡེ་ཤེས་སེམས་དཔའ་སྐུ་གསུང་ཐུགས། ། དཀྱིལ་འཁོར་བཞི་བཅུ་རྩ་ལྔ་ཉིད། །ཡི་གེ་མགོ་ནས་ཀྵཿ ་ལ་རྫོགས། །སེམས་ཀྱི་རང་བཞིན་ཡི་གེ་སྟེ། །ཡི་གེའི་དངོས་པོ་ཡོད་མ་ཡིན། །དམིགས་མེད་དེ་ཉིད་སྣ་ཚོགས་པའི། །སྐུ་གསུང་ཐུགས་ཀྱི་འཁོར་ལོ་ཆེ། །སྐུ་གསུང་ཐུགས་ནི་ངོ་མཚར་གྱི། །ངོ་མཚར་འཕྲུལ་ཆེན་རབ་འགུགས་པ། །དབྱིངས་ལ་དབྱིངས་ཀྱིས་བྲིས་པ་སྟེ། །ཡི་གེ་ཞེས་ནི་དེ་ཕྱིར་བརྗོད། །མགོ་ནི་མནོར་ལམ་ཡིན་ཏེ། །ཚེག་ནི་ཤེས་རབ་མིང་དུ་སྨྲ། །ཤད་ནི་ཐབས་ཆེན་ཚིགས་སུ་གཅོད། ། ནི་སྐྱེ་མེད་དེ་བཞིན་ཉིད། །ཱ་ནི་ཐོག་མཐའ་སྟོང་པ་ཉིད། །ཋ་ནི་སྒྱུ་འཕྲུལ་རྡོ་རྗེ་ཉིད། །ཊ་ནི་སྣང་བའི་སྒྱུ་འཕྲུལ་ཉིད། །ཌ་ནི་སྒྱུ་འཕྲུལ་ཡིད་བཞིན་ཉིད། །ཌྷ་ནི་སྒྱུ་ 183b འཕྲུལ་སྣང་བདག་ཉིད། །ཎ་ནི་སྒྱུ་འཕྲུལ་ཀུན་དུ་ཉིད། །ཐ་ནི་དྲ་བས་མངོན་རྫོགས་ཉིད། །ཏ་ནི་དྲ་བས་བསྟན་པ་ཉིད། །ད་ནི་དྲ་བས་ལྷན་ནི་ཉིད། །དྷ་ནི་དྲ་བས་འཁྲིལ་བ་ཉིད། །ན་ནི་དྲ་བས་ཀུན་ཏུ་འགྱུར། །ཀ་ནི་སྤྱན་གྱིས་ཐུགས་ཀྱི་མཆོག་།ཁ་ནི་སྙན་གྱི་ཐུགས་ཀྱི་མཆོག་།ག་ནི་ཤངས་ཀྱི་ཐུགས་ཀྱི་མཆོག་།གྷ་ནི་ལྗགས་ཀྱི་ཐུགས་ཀྱི་མཆོག་།ང་ནི་ཐུགས་གྱི་འཇིགས་བྱེད་པའོ། །ཙ་ནི་སྤྱན་གྱི་སྐུ་ཡི་མཆོག་།ཚ་ནི་སྙན་གྱི་སྐུ་ཡི་མཆོག་།ཛ་ནི་ཤངས་ཀྱི་སྐུ་ཡི་མཆོག་།ཛྷ་ནི་ལྗགས་ཀྱི་སྐུ་ཡི་མཆོག་།ཉ་ནི་སྐུ་ཡང་འཇིགས་བྱེད་པའོ། །པ་ནི་སྤྱན་གྱི་གསུང་གི་མཆོག་།ཕ་ནི་སྙན་གྱི་གསུང་གི་མཆོག་།བ་ནི་ཤངས་ཀྱི་གསུང་གི་མཆོག་།བྷ་ནི་ལྗགས་ཀྱི་གསུང་གྱི་མཆོག་།མ་ནི་གསུང་ཡང་འཇིག་པར་བྱེད། །ཡ་ནི་སྐྱེ་བ་རྣམ་པར་དག་།ཝ་ནི་གནས་པ་དག་པ་ཡིན། །ར་ནི་འཇིགས་པ་དག་པ་སྟེ། །ལ་ནི་སྟོང་པ་དག་པའོ། །ཤ་ནི་རྟག་པ་མེད་པ་སྟེ། །ཥ་ནི་ཆེད་པའང་ཡོད་མ་ཡིན། །ས་ནི་མཐའ་བྲལ་བདག་མེད་པ། །ཧ་ནི་མཚན་མ་མེད་པ་ཉིད། །ཀྵ་ནི་ཡེ་ཤེས་ཐུགས་ཀྱི་ཐུགས། །ི་ནི་རྡུལ་སྙེད་ལྷ་རྣམས་སུ། །ཱི་ནི་རྡུལ་སྙེད་ལྷ་མ་ཡིན། །ུ་ནི་རྡུལ་སྙེད་མི་རྣམས་སུ། །ཱུ་ནི་རྡུལ་སྙེད་བྱོལ་སོང་རྣམས། །ེ་ནི་རྡུལ་སྙེད་ཡི་ 184a ༄#། །དྭགས་སུ། །ཻ་ནི་རྡུལ་སྙེད་དམྱལ་བ་རྣམས། །ོཾ་ནི་ཐམས་ཅད་འཇིག་པར་བྱེད། །ཽ་ནི་ཐམས་ཅད་ཞིག་པ་ཡིན། །ཡི་གེ་འཁོར་ལོ་ཚོགས་ཆེན་འདི། །སྐུ་གསུང་ཐུགས་ཀྱི་ཕྲེང་བས་བསྡུས། །ཞེས་བརྗོད་དོ། ། ཧོཿ ་དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱིས་གསང་བ་འདི་ཉིད་སྐུ་དང ། གསུང་དང ། ཐུགས་དང ། ཡོན་ཏན་འཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ ། ་ཧོཿ ་ཐབས་དང་ཤེས་རབ་དགྱེས་སྤྲིན་བྱང་ཆུབ་སེམས་ཚོགས་རྒྱུ་འཁོར་ལོ། །འབྲས་བུ་རྒྱལ་བ་སྨིན་གྲུབ་ངོ་མཚར་མིང་ཚོགས་བཞི་བཅུ་གཉིས།། འདུས་མ་བྱས་ཉིད་འདུས་བྱས་རྡོ་རྗེ་དཀྱིལ་འཁོར་འབྱིན་པའི་དམ། །འདའ་བར་མི་མཛད་དབང་མེད་རྒྱུ་རྐྱེན་ཚོགས་པའི་མཐུ་ཆེན་ཡིན། །ཧོཿ ་རྡོ་རྗེ་གསང་བའི་ཚིག་ཏུའོ། །ཞེས་བརྗོད་པས་དེ་བཞིན་གཤེགས་པ་ཐམས་ཅད་ཡི་གེའི་འཁོར་ལོར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས།་ཡི་གེ་ཕྲེང་བའི་འཁོར་ལོ་བསྐོར་བའི་ལེའུ་སྟེ་བཞི་པའོ།། །།དེ་ནས་ཡི་གེ་འཁོར་ལོ་སྤྲིན་བཀོད་པ་ལས་སྒྱུ་འཕྲུལ་རྣམ་ 184b པར་འཕྲོ་བ་འདི་ཆེད་དུ་བརྗོད་དོ། །རྩ་བ་མེད་པའི་སེམས་ཉིད་ནི། །ཆོས་རྣམས་ཀུན་གྱི་རྩ་བ་ཡིན། །སེམས་ཉིད་ཡི་གེའི་རང་བཞིན་ཏེ། །ཡི་གེ་ཡིད་བཞིན་རིན་ཆེན་སྤྲིན། །སྒྱུ་འཕྲུལ་དཀྱིལ་འཁོར་བཞི་བཅུ་གཉིས། །དྲ་བའི་དཀྱིལ་འཁོར་མངོན་རྫོགས་པས། །ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །བདུད་རྩི་འགྱུར་ཞིང་འབྱུང་བ་དང ། །བཞི་བརྒྱ་རྩ་བཞིའི་ནད་སེལ་ཅིང ། །ལོངས་སྤྱོད་འབྱུང་པ་ངན་སོང་སྦྱོང ། །ཅིར་ཡང་གཞན་དུ་འགྱུར་བ་འགྲུབ། །ནམ་མཁའ་རྡོ་རྗེ་སྲ་འབྱུང་ཞིང ། །འབར་ནས་མེ་ཡང་འཚིག་པ་དང ། །ཆུར་འགྱུར་འབབ་པའང་དེ་བཞིན་ཏེ། །འཇིག་རྟེན་ཁམས་འདི་འདོར་བ་དང ། །ཐམས་ཅད་སྟོངས་ཤིང་ལྟུང་བར་འགྱུར། །དགུག་དང་བཏང་དང་བཅིང་དང་གྲོལ། །གསོ་དང་བསད་དང་ཕམ་ངང་རྒྱལ། །ཏིང་འཛིན་འདི་ཡིས་བྱེད་པར་འགྱུར། །དེ་ཉིད་ཡེ་ཤེས་རང་སྣང་བའི། །མིང་ཚིག་གཟུགས་སོགས་ཡིད་བཞིན་གྱིས། །མུན་ལ་སྣང་འབྱུང་ཇི་བཞིན་དུ། །འགྱུར་བས་གསེར་འགྱུར་སྨན་གྱི་ཚུལ། །སྟོན་པ་མཆོད་བརྩོན་རྟོགས་པ་གསལ། །དམ་ཚིག་སྔགས་དང་ཕྱག་རྒྱ་རྣམས། །མ་ཉམས་ཤེས་ཤིང་ཡོ་བྱད་ལྡན། །འགྲུབ་ 185a ༄#། །འགྱུར་མི་ལྡན་མེད་ཅིང་བརླག་།དུས་གསུམ་རྒྱལ་བས་ཐུགས་ཆུད་པའི། །དངོས་གྲུབ་མཆོག་གི་སྙིང་པོ་ནི། །ཟད་པའི་དུས་མེད་ཡིད་བཞིན་མཛོད། །འཕེལ་འགྲིབ་མེད་པར་འབྱུང་བ་སྟེ། །དངོས་པོ་མེད་ལས་དངོས་པོ་སྤྲིན། །སྣ་ཚོགས་རྣམ་པར་འབྱུང་ཞིང་འགྱུར། །དངོས་རྣམས་ཉིད་ན་དངོས་མེད་པར། །རྟོག་པའི་དབང་སྒྱུ་ཏིང་འཛིན་ཡིན། །གང་གིས་དམིགས་མེད་མི་ཤེས་པ། །དེ་ཡིས་ཆོས་ཀྱི་དབྱིངས་མི་ཤེས། །དེ་ཕྱིར་དངོས་དང་དངོས་མེད་པ། །འཇིགས་བས་དམིགས་མེད་ཤེས་པར་གྱིས། །གཞི་རྩ་མེད་པའི་སེམས་ཉིད་ནི། །ཕོ་མོ་མ་ཡིན་མ་ནིང་མིན། །མཚན་མེད་མ་ཡིན་རིགས་རྒྱུད་མིན། །ཁ་དོག་མ་ཡིན་དབྱིངས་མ་ཡིན། །གནས་སུ་མ་ཡིན་གང་ཡང་མིན། །དེ་བཞིན་ཉིད་དབྱིངས་ཡེ་ཤེས་ཏེ། །ཐབས་ཀྱི་ཕྱག་རྒྱ་ཀུན་གྱི་རྒྱུ། །ཐབས་ལས་ཐབས་བྱུང་ཐབས་བསམ་ཡས། །ཐ་དད་མེད་ལ་ཐ་དད་པའི། །ནང་དང་ནང་གི་ཕྱི་རོལ་གྱི། །དཀྱིལ་འཁོར་བསམ་ཡས་ཡེ་ཤེས་རོལ། །འཇིག་མེད་ཀུན་བཟང་ཕྱག་རྒྱའི་མཆོག ། གང་གིས་གླང་ཆེན་མྱོས་འདྲའི་སེམས། །མཉམ་པར་བཞག་པས་གཏུལ་ནས་སུ། །སྔགས་དང་ཕྱག་རྒྱས་རབ་བསྟན་ན། །དངོས་གྲུབ་ཡ་མཚན་ཆེན་ 185b པོར་འགྱུར། །ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཉིད་གཟིགས་མོས་མཉེས་པར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། སྒྱུ་འཕྲུལ་སྒྲུབ་པའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རང་བཞིན་གཅིག་དང་དུ་མ་མེད་པའི་བདག་ཉིད་ཆེན་པོ་ཐམས་ཅད་ཀྱིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་ལ་ཉིད་ཀྱི་ཆེ་བའི་དཀྱིལ་འཁོར་འབྱུང་བར་བཞེད་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཡེ་ཤེས་ཕྱོགས་བཞི་དབུས་བརྟགས་ཏེ། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ། །རྫོགས་ཆེན་རྟོགས་པའི་རྣལ་འབྱོར་པས། །ཀུན་འབྱུང་དཀྱིལ་འཁོར་ཆེན་པོར་སྤྱོད། །འཁོར་ལོ་རྩིབས་བཞི་མྱུ་ཁྱུད་བཅས། །གྲུ་ཆད་བཞིས་བརྒྱན་བར་ཁྱམས་ལྡན། །ཀུན་དུ་གྲུ་བཞི་སྒོ་ཁྱུད་ལྡན། །རོལ་མོ་སྣ་ཚོགས་སྤྲིན་ཕུང་བཞིན། ། དཀྱིལ་འཁོར་བཞི་བཅུ་གཉིས་ཀྱིས་བརྒྱན། །སེང་གེ་གླང་ཆེན་རྟ་དང་ཁྱུང ། །ནམ་མཁའ་ལྡིང་གི་ཁྲི་ཆེན་ལ། །ཉི་ཟླ་པདྨ་རིན་པོ་ཆེ། །གདན་ལ་རྫོགས་དང་སེམས་དཔའི་ཚུལ། །འཁོར་ལོ་རྒྱལ་པོ་རྒྱལ་མོ་དང ། །གཡས་ན་མཐོང་ཐོས་སྣོམ་པ་དང ། །མྱོང་དང་བཙུན་མོའི་ཚོགས་སུ་བཅས། །གྲུ་ཆད་ལ་ནི་ 186a ༄#། །མཐོང་བྱེད་དང ། །ཐོས་བྱེད་སྣོམ་བྱེད་མྱོང་བྱེད་རྣམས། །བཙུན་མོའི་ཚོགས་དང་བཅས་པར་གནས། །བར་ཁྱམས་ལ་ནི་ཐུབ་དྲུག་དང ། །མདུན་དང་རྒྱབ་ན་བྱེད་པ་དང ། །བྱ་བ་དག་ནི་གནས་པར་བསྟན། །སྒོ་ཁྱུད་བཞི་ལ་འཇོམས་པ་ནི། །བཙུན་མོའི་ཚོགས་དང་ལྡན་པར་གནས། །རྡོ་རྗེ་འཁོར་ལོ་རིན་པོ་ཆེ། །པདྨ་རལ་གྲི་དྲིལ་བུ་འབར། །ུཏྤལ་ཀླུ་ཤིང་ལ་སོགས་མཚན། །མཛེས་ཚུལ་མཉེས་པའི་ཡོ་བྱད་འཛིན། །མཐིང་ག་དཀར་པོ་སེར་ལེ་བརྒན། །ལྗང་ཁུ་ལ་སོགས་སྣ་ཚོགས་པའི། །མཉེན་ལྕུག་འཁྲིལ་ལྡེམ་གཞོན་ཚུལ་ཅན། །གསལ་འཚེར་ལྷུན་སྟུག་གཟི་བྱིན་འབར། །འོད་ཟེར་འཕྲོ་བའི་ཚོགས་ཆེན་པོ། །འབར་བའི་ཕྲེང་བས་འཁྲིགས་པ་སྟེ། །མཐའ་དབུས་མེད་པར་ཁྱབ་པ་ཡི། །དཀྱིལ་འཁོར་བསམ་ཡས་ལྷུན་གྱིས་གྲུབ།། སྐུ་ཡི་ཕྱག་རྒྱ་ཆེ་མཆོག་ནི། །དེ་བཞིན་དབྱིངས་ལས་མ་གཡོས་ཀྱང ། །ཡང་དག་ཐར་པའི་གཟུགས་སྐུ་དང ། །འགྲོ་བ་མ་ལུས་འདུལ་བའི་ཕྱིར། །མཐུན་བྱས་སྐུ་ནི་སྣ་ཚོགས་སྟོན། །སྟོང་ཉིད་སྒྱུ་མ་མིག་ཡོར་ཚུལ། །ཚུལ་ཉིད་དབྱིངས་ལས་གཡོས་པ་མེད། །མ་གཡོས་བཞིན་དུ་སྣ་ཚོགས་པའི། །དེ་ཚེ་ 186b མ་མཐུན་སྣ་ཚོགས་ལ། །སོ་སོ་འདྲ་བར་སྣང་བ་ནི། །དེ་བཞིན་ཉིད་ཀྱིས་མ་བཅོས་ཀྱང ། །ལས་འཕྲོའི་དབང་གིས་སོ་སོར་སྣང ། །དཔེར་ན་མེ་ལོང་ཆུ་ཟླ་བཞིན། །དེ་ཚེ་འགྲོ་དྲུག་ཐམས་ཅད་ལས། །སྡིག་སྦོང་གཟུགས་སུ་རྣམ་པར་བསྟན། །དགེ་ཚུལ་རྣམས་ལ་དགྲ་བཅོམ་གཟུགས། །རང་རྒྱལ་རྣམས་ལ་བསེ་རུའི་གཟུགས། ། གཞན་ཡང་ཐེག་མཆོག་རིམ་པ་བཞིན། །འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ཚུལ། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །དེ་བཞིན་གསུང་མཆོག་མི་སྨྲ་\?\། །སྐུ་ཡིས་ཆོས་རྣམས་མཇལ་བར་སྟོན། །མེ་ལོང་བསྟན་པའི་ཚུལ་བཞིན་དུ། །དངོས་ཀྱི་མདོག་ངན་ཐམས་ཅད་སེལ། །འཁོར་གྱིས་དེ་བཞིན་སྐུ་བལྟས་ན། །བྱང་ཆུབ་སྒྲིབ་པ་གཏིང་དཔག་མེད། །མ་ལོང་བཞིན་དུ་སྐུ་ལ་སྣང ། །དེ་ནས་ས་བཅུ་རིམ་གྱིས་འབྱང ། །བླ་མེད་བྱང་ཆུབ་ཡང་དག་འཐོབ། །ཆོས་སྐུ་དང་\?\་མེད་བརྗོད་དུ་མེད། །ལོངས་སྤྱོད་ཟད་མེད་རིན་ཆེན་གཏེར། །སྤྲུལ་པ་བྱེ་བ་བསམ་མི་ཁྱབ། །མཚན་དང་དཔེ་བྱད་ཐམས་ཅད་རྫོགས། །སྤྱོད་ཡུལ་ཀུན་ཏུ་མཎྜ་ལ། །ཚོགས་ཆེན་གཉིས་ཀྱང་རྫོགས་པར་རོལ། །ཐབས་དང་ཤེས་རབ་ས་ཡི་མཆོག་།དེ་ལ་སོགས་ཏེ་བསམ་ཡས་མཆོག ། 187a ༄#། །སྐྱེ་ཤི་མེད་པ་གཡུང་དྲུང་སྐུ། །ཉོན་མོངས་ཀུན་གྱི་ཞིང་དུ་གནས། །ཟད་མི་ཤེས་པའི་གཏེར་དུ་འགྱུར། །རྡོ་རྗེ་འཛིན་པ་རིག་པའི་སྐུ།། ཐམས་ཅད་དབྱེར་མེད་མཉམ་པའི་སྐུ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་སྐུ། །དེ་ཚེ་སྐུ་ལྔ་ཀུན་ཀྱང་རྫོགས། །ཞེས་བརྗོད་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་མཐའ་ཡས་མུ་མེད་པ་ཐམས་ཅད་དུ་དཀྱིལ་འཁོར་བརྗོད་ཀྱིས་མི་ལང་བ་ཞིང་གི་རྡུལ་སྙེད་ཅིག་གསལ་བར་གྱུར་ཏོ། །དེ་ནས་དེ་བཞིན་གཤེགས་པ་བཙུན་མོའི་ཚོགས་དང་གཉིས་སུ་མེད་པའི་དཀྱིལ་འཁོར་དེ་དག་ཉིད་ཀྱི་གསང་བ་འདི་ཉིད་སྐུ་དང ། གསུང་དང ། ཐུགས་ཡོན་ཏན་འཕྲིན་ལས་རྡོ་རྗེ་ལས་ཕྱུང་ངོ ། ། ཧོ། །དམིགས་བྱ་དམིགས་བྱེད་མི་དམིགས་དཔག་མེད་བསམ་མི་ཁྱབ། །ཡེ་ཤེས་རང་རིག་དཀྱིལ་འཁོར་སྣ་ཚོགས་བརྗོད་མི་ལང་།། མཉམ་དང་མི་མཉམ་ཀུན་ཁྱབ་ཁྱབ་མེད་ཁྱབ་པའི་དབྱིངས། །ཡེ་ནས་ཀུན་གསལ་དཀྱིལ་འཁོར་རྣམ་འཕྲོ་སྤྲོས་པ་མེད། །ཧོ། །རྡོ་རྗེ་གསང་བའི་ཚིག་ཏུ་འོ།། །།གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། དཀྱིལ་འཁོར་སྦྲོས་པའི་ལེའུ་སྟེ་དྲུག་པའོ།། །།དེ་ནས་དེ་བཞིན་ 187b གཤེགས་པ་བཙུན་མོའི་ཚོགས་དང་བཅས་པ་ཐམས་ཅད་ཀྱི་སྐུ་དང ། གསུང་དང ། ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ ། །བྲུཾ་བི་སཝ་བི་ཤུདྡྷེ། ཧཱུཾ་བཛྲ་དྷྲིཀ་།ོཾ་ཛི་ན་ཛིཀ་།སཝཱཾ་རཏྣ་དྷྲིཀ་།ཱཾ་ཨཱ་རོ་ལིཀ་།ཧཾ་པྲཛྙཱ་དྷྲིཀ་།མ་དྷཱ་ཏེ་ཤཝ་རི། ལཱཾ་དེ་ཥ་ར་ཏི། མཱཾ་མོ་ཧ་ར་ཏི། པཱཾ་རཱ་ག་ར་ཏི། ཏཱཾ་བཛྲ་ར་ཏི། ཀྵཱིཾ་ཧི་རཱ་ཛ་ཡ། ཏྲཾ་ཨ་གརྦྷ་ཡ། ཧྲིཾ་ཧ་ཧཱུཾ་པདྨ་བ་དཱ་མ། ཛྷིཾ་ཀུ་རུ་པ་ཎི་ཧྲི། ཧཱུཾ་ལཱ་སྱེ་ས་མ་ཡ་སྟྭཾ། ཏྲཾ་མ་ལྱེ་ས་མ་ཡ་ཧོཿ ། ཧྲཱི་གཱི་ཏི་རཱ་གཽཉཧཾ། ཨཾ་ན་རྟེ་རཱ་ག་ཡཱ་མྱེ། མཻ་དྷཱ་ར་ཎེ་སཝཱ་ཧཱ། ཐི་ལི་ས་རཾ་བྷ་ཡ་སཝཱ་ཧཱ། ཧཱུཾ་སཝ་རཱ་ཛཱ་ཡ་སཝཱ་ཧཱ། མུཾ་ཤྲི་ཨཾ་རཾ་ག་ཡ་སཝཱ་ཧཱ། ཛེཿ དྷུ་པ་པྲ་བི་ས། ཧཱུཾ་པུཥྤ་ཨ་བི་ས། བཾ་དཱི་པ་སུ་ཁཱི་ནི། ཧོཿ ་གནྡྷ་ཙིཏྟཾ། ཧཱུཾ་ཡ་མཱནྟ་ཀྲིཏ་ཕཊ། ཧཱུཾ་པདྨཱནྟ་ཀྲིཏ་ཕཊ། ཧཱུཾ་པྲ་ཛྙཱནྟ་ཀྲིཏ་ཕཊ། ཧཱུཾ་བི་གྷ་ནཱནྟ་ཀྲིཏ། ཨོཾ་མཧཱ་བཛྲ་དྷ་རཾ་མ་ཧཱ་ཀྲོ་དྷེ་ཤཝ་རཱི་ཛྭ་ལཱ་ནཱི་ཧཱུཾ་ཕཊ། ཨོཾ་མ་ཧཱ་རཏྣ་དྷ་རཾ་མ་ཧཱ་ཀྲོ་དྷེ་ཤཝ་རཱི་ཛྭ་ལཱ་ནཱི་ཧཱུཾ་ཕཊ།་ཨོཾ་མཧཱ་པདྨ་དྷ་ར་མཧཱ་ཀྲོ་དྷེ་ཤཝ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། ཨོཾ་མཧཱ་ཀརྨྨ་དྷ་ར་མཧཱ་ཀྲོ་དྷེ་ཤཝ་རཱི་ཛྭ་ལ་ནི་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་བཛྲ་ཙིཏྟ་ཨོཾ་ཨ་ཨ་ཨ་བཛྲ་བྷ་དྲ་ས་མནྟ་ཨཱཿ ་ཨོཾ་མུ་ནེ་ཧྲཱིཾ་སཝཱ་ཧཱ། ཨོཾ་མུ་ནེ་ཧཱུཾ་སཝཱཧཱ། ཨོཾ་མུ་ནེ་སྲུཾ་སཝཱཧཱ། ཨོཾ་མུ་ནེ་གྲཾ་སཝཱ་ཧཱ། ཨོཾ་མུ་ནེ་ཀྵཾ་སཝཱ་ཧཱ། ཨོཾ་མུ་ནེ་ཡ་སཝཱཧཱ། ཨོཾ་ཨེ་ཧྱེ་ཧི་བྷ་ག་ཝན་མཧཱ་ཀཱ་རུ་ཎི་ཀ་དྲི་ཤྱ་ཧོཿ ་ས་མ་ཡ་སྟྭཾ། 188a ༄#། །ཛཿ ཧཱུཾ་བཾ་ཧོཿ ། །ོཾ་ཨཱཾཿ ཧཱུཾ་སཝཱཧཱ། བ་བ་བ་བ་བ། པ་པ་པ་པ་པ། ཛ་ཛ་ཛ་ཛ་ཛ། པ་པ་པ་པ་པ། ས་ས་ས་ས་ས། པ་པ་པ་པ་པ། མ་མ་མ་མ་མ། པ་པ་པ་པ་པ། ཡ་ཡ་ཡ་ཡ་ཡ། པ་པ་པ་པ་པ། ཨོཾ་ཨཱཾཿ ཧཱུཾ་སཝཱཧཱ། ཡེ་ཤེས་རྒྱལ་པོ་སྐུ་གསུང་ཐུགས། །ཡོན་ཏན་འཕྲིན་ལས་རྨད་པོ་ཆེ། །དེ་ཉིད་དུ་ནི་མཉམ་སྦྱོར་བའི། །ཕྱག་རྒྱ་ཆེན་པོར་བདག་སྦྱོར་ཅིག་།ོཾ་བཛྲ་ས་མ་ཡ་ཧཱུཾ། ཨོཾ་བཛྲ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ས་མ་ཡ་ཧོཿ ། །ཛཿ ཧཱུཾ་བཾ་ཧོཿ ། །ཞེས་བརྗོད་པས་གསུང་གི་དཀྱིལ་འཁོར་འདི་དག་གིས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་ཁྱབ་པར་གྲགས་སོ། །རབ་ཏུ་གྲགས་སོ། །ཀུན་ཏུ་གྲགས་སོ། །དེ་ནས་བཅོམ་ལྡན་འདས་བྱེད་པ་པོ་རྡོ་རྗེ་དང ། བྱ་བ་མོ་རྡོ་རྗེ་གཉིས་སུ་མེད་པའི་དཀྱིལ་འཁོར་ལ་ཐིམ་པར་མཛད་དོ། །དེ་ནས་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོས་བདག་ཉིད་ཆེན་པོའི་ཡེ་ཤེས་དང ། བྱིན་བསྡུ་བ་ཞེས་བྱ་བ་འདི་སྐུ་དང ། གསུང་དང ། ཐུགས་རྡོ་རྗེ་སྒྱུ་འཕྲུལ་དྲ་བ་ལས་ཕྱུང་ངོ ། །ོཾ་མ་ཧཱ་ཤཱུ་ནྱ་ཏཱ་ཛྙཱ་ན་བཛྲ་སཝ་བྷཱ་བ་ཨཱཏྨ་ཀོཉཧཾ། ཨོཾ་མཧཱ་ཨཱ་དཪྴ་ཛྙཱ་ན་བཛྲ་སཝ་བྷཱ་བ་ཨཱཏྨ་ཀོཉཧཾ། ཨོཾ་མཧཱ་པྲ་ཏྱཱ་བེཀྵ་ཎཱ་ཛྙཱ་ན་བཛྲ་ 188b སཝ་བྷཱ་བ་ཨཏྨ་ཀོཉཧཾ། ཨོཾ་མཧཱ་ས་མ་ཏཱ་ཛྙཱ་ན་བཛྲ་སཝ་བྷཱ་བ་ཨཱཏྨ་ཀོཉཧཾ། ཨོཾ་མཧཱ་ཀྲི་ཏྱ་ཨ་ནུཥྛཱ་ན་བཛྙཱ་ན་བཛྲ་སཝ་བྷཱ་བ་ཨཱཏྨ་ཀོཉཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཀཱ་ཡ་བཛྲ་སཝ་བྷཱ་པ་ཨཏྨ་ཀོཉཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཝཱ་ཀ་བཛྲ་སཝ་བྷཱ་བ་ཨཱཏྨ་ཀོཉཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཙིཏྟ་བཛྲ་སཝ་བྷཱ་བ་ཨཱཏྨ་ཀོཉཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སཝ་བྷཱ་ག་ཨཏྨ་ཀོཉཧཾ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་པཱུ་ཛ་བཛྲ་སཝ་བྷཱ་བ་ཨཏྨ་ཀོཉཧཾ། ཞེས་བརྗོད་པས་ཐམ་པར་འགྱུར། །གསལ་བར་འགྱུར། འབར་བར་གྱུར་ཏོ། །ེ་མ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསུང ། །སྒྲ་དང་མིང་ཚིག་ཀུན་ལས་འདས། །སྣ་ཚོགས་སྒྲ་རྣམས་གསལ་བར་འབྱུང ། ། གསུང་གཅིག་དཀྱིལ་འཁོར་ཡན་ལག་ནི། །བསམ་གྱིས་མི་ཁྱབ་ཀུན་ཏུ་ཁྱབ། །སྒྲ་དང་མིང་ཚིག་སོ་སོར་གྲགས། །ཐམས་ཅད་གསུང་གི་ཕྱག་རྒྱའི་མཆོག ། རྒྱུད་མཆོག་སྒྱུ་འཕྲུལ་དྲ་བ་ལས། །བདེ་ལྡན་གསུང་གི་དོན་འབྱུང་བ། །ཐམས་ཅད་པདྨའི་ངང་གྱུར་ན། །གྲོལ་ཐར་ལམ་དང་འཁོར་བའི་སྒྲ། །ཇི་སྐད་བརྗོད་ཀྱང་གསུང་མཆོག་ཡིན། །ཐེག་པ་མཐོ་དམན་ཐམས་ཅད་དང ། །ལོག་འགྲོ་མ་ལུས་ཐམས་ཅད་སྐད། །བྱང་ཆུབ་རྡོ་རྗེའི་གསུང་དུ་བསྡུས། །བསྡུས་ཉིད་ཕྱོགས་བཅུར་ 189a ༄#། །རྣམ་པར་གྲགས། །གྲགས་ཉིད་མ་ཆགས་ངང་དུ་གསུངས། །གསུང་བ་ཉིད་ན་བརྗོད་དུ་མེད། །བརྗོད་མེད་དེ་ཉིད་སྣ་ཚོགས་སྒྲ། ། ཀུན་ལ་གྲགས་ཤིང་སོ་སོར་འཇལ། །དཔེར་ན་དེ་བཞིན་སྦྲིད་སངས་བཞིན། །གསུང་གཅིག་སྒྲ་ཡིས་ཐམས་ཅད་གོ་།འདི་ནི་གསུང་མཆོག་རྒྱལ་པོ་ཡིན། །ཐེག་པ་མཐོན་མན་ཐམས་ཅད་ཀྱང ། །དེ་བཞིན་ཉིད་ལས་མ་གསུངས་ཏེ། །གདུལ་བྱའི་ཐབས་སུ་སོ་སོར་ཐོས། །ཇི་ལྟར་གསུང་རབ་ཀུན་བརྗོད་ཀྱང ། །དེ་བཞིན་ཉིད་ལས་གསུང་བ་མེད། །ཡི་གེ་མེད་དང་རིག་བའི་གསུང ། །ལྗགས་ཀྱི་རྩེ་མོར་མ་ཕྱུང་ཡང ། །ཐུགས་རྗེ་གསུང་གི་བྱིན་རླབས་ཀྱིས།། འགྲོ་ཀུན་སྣ་ཚོགས་སོ་སོར་གསལ། །གསལ་ཉིད་གསུང་གི་རྡོ་རྗེ་མཆོག་།དེ་བཞིན་གསུང་གིས་འགྲོ་དོན་རྣམས། །དེ་བཞིན་ངང་ལས་མ་གཡོས་ཀྱང ། ། དཔེར་ན་བྲག་ཅའི་སྒྲ་བཞིན་ནོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། །དཀྱིལ་འཁོར་བསྡུས་པ་དང ། གསང་སྔགས་ཀྱི་ལེའུ་སྟེ་བདུན་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡན་ལག་ཐམས་ཅད་ཀྱི་དཀྱིལ་འཁོར་དུ་ལྷུན་གྱིས་གྲུབ་པར་བྱིན་གྱིས་ 189b རློབ་པ་ཞེས་བྱ་བ་འདི་ཆེད་དུ་བརྗོད་དོ། །སྒྱུ་འཕྲུལ་དྲ་བས་མངོན་རྫོགས་པའི། །ཐམས་ཅད་བྱང་ཆུབ་མཆོག་གི་རྒྱུ། །གསང་བ་དེ་ཉིད་ངེས་པ་ཡི། །སྙིང་པོ་ཕྱག་རྒྱ་འདའ་དཀའོ། །མི་བསྐྱོད་ཉི་མའི་དཀྱིལ་ཡི་གེ་།རིན་ཆེན་ཟླ་བའི་དཀྱིལ་ཡི་གེ་།ལྔ་གཉིས་ཟུང་དུ་སྦྲད་པ་ལས། །སྦྱར་པས་ཕྱག་རྒྱ་འབྱུང་བའི་རྒྱུ། །ོཾ་དང་མུཾ་གཉིས་རྩེ་སྦྱར་ཏེ། །འབྲུ་བརྒྱད་བསྣོལ་ནས་རྩེ་སྤྲད་པ། །རྒྱལ་བ་ཀུན་དང་མཉམ་སྦྱོར་བའི། །བདེ་བ་ཆེན་པོ་སྦྱིན་པའི་རྒྱ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱུཾ་བསྒྲེང་རྩེ་མོར་རྡོ་རྗེ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང ། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། མུཾ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །འབྲུ་བཞི་སྤས་ནས་ཐུགས་ཀར་དཀན། །ོཾ་བསྒྲེང་རྩེ་མོར་འཁོར་ལོ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང ། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ལམ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །སཝ་བསྒྲེང་ 190a ༄#། །རྩེ་མོར་རིན་ཆེན་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང ། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །མཾ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཾ་བསྒྲེང་རྩེ་མོར་པདྨ་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང ། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །པྱཾ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཧཱ་བསྒྲེང་རྩེ་མོར་ར་ལ་གྲི་འབར། །ཟླ་བརྟུལ་འབྲུ་སྦས་དྲིལ་གསིལ་ཞིང ། །འཁྲིལ་བའི་ཚུལ་གྱིས་ཆོས་ལ་བརྟན། །འབྲུ་བཞི་སྦས་ནས་ཐུགས་ཀར་བཀན། །ཏཾ་བསྒྲེང་རྩེ་མོར་དྲིལ་གསིལ་འབར། །ཉི་མ་འབྲུ་ལྔ་ལས་སུ་འཁྲིལ། །བཏུད་དེ་འཛུམ་པའི་མདངས་ཀྱིས་བལྟ། །ུཏྤལ་ཀླུ་ཤིང་ལ་སོགས་མཚན། །རིན་ཆེན་མྱུ་གུ་རལ་གྲི་འབར། །པདྨ་དཀར་པོ་རྡོ་རྗེ་འབར། །ཆོས་ཀྱི་འཁོར་ལོ་རིན་ཆེན་སྙེ། །གཟུགས་མཛེས་རིན་ཆེན་ཕྲེང་བ་དང ། །པི་ཝང་ 190b གར་མཁན་མཆོག་ཉིད་དེ། །མེ་ཏོག་ཕྲེང་དང་སྤོས་མཆོག་དང ། །མར་མེ་བྱུག་པ་ལ་སོགས་པའི། །ལས་ལ་འཁྲིལ་ཞིང་ཆོས་ལ་བརྟན། །དབུ་རྣམས་འབྱོར་ཞིང་འདུད་པའི་ཚུལ། །གོང་གི་ཕྱག་རྒྱ་ཆེན་པོ་བཞིན། །གཉིས་མེད་དབྱིངས་ཀྱི་ངང་དུ་འཁྲིལ། །སྒོ་བཞི་ཁྲོ་བོའི་ཕྱག་རྒྱ་ནི། །ནྲེ་མགོ་གདེངས་དང་རྡོ་རྗེ་གནོན། །ཐོད་སྤྲུལ་ཆེན་པོས་གནོད་པ་དང ། །རྡོ་རྗེ་རྒྱ་གྲམ་ལས་ཀྱིས་གནོན། །ལྕགས་ཀྱུ་ཞགས་པ་སྤོ་ཊ་ཧོ། །སྒོ་བཞིར་གནས་པ་དེ་དག་ཀྱང ། །འདུད་ཚུལ་འཁྲིལ་བ་གོང་མ་བཞིན། །ཐུབ་དྲུག་ཕྱག་རྒྱ་སྣ་ཚོགས་ཏེ། །མདོར་བསྡུས་ཕྱག་རྒྱ་དྲུག་ཡིན་ནོ། །སྲེག་པར་དང་ནི་པི་ཝང་དང ། །གོ་ཆ་པོ་ཏི་རིན་ཆེན་སྒྲོམ། །མེ་དང་ཆུ་ནི་རབ་ཏུ་བསྟན། །ཡུམ་ནི་གཉིས་མེད་ཆོས་ཀྱི་དབྱིངས། །ཀུན་བཟང་མཉམ་གཞག་ཡེ་ཤེས་འཕྲོ། །ཡུམ་འགྱུར་མཉམ་རྫོགས་པདྨོའི་དཀྱིལ། །གཞན་ཡང་ཕྱག་རྒྱ་སྣ་ཚོགས་ཏེ། །ཡང་ན་དེ་བཞིན་གཤེགས་ཉིད་དམ། །ཡང་ན་རྡོ་རྗེ་ཐལ་མོ་ཉིད། །ཕྱག་རྒྱ་ཆེན་པོའི་ཚོགས་མཆོག་ནི། །ཐབས་དང་ཤེས་རབ་ལྡན་འབྱོར་ན། །མ་བསྐྱོད་མ་བསྒུལ་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །ཡན་ལག་བཞི་བཅུ་རྩ་གཉིས་ལྡན། །དེ་ཉིད་ཡན་ལག་སྤྲོས་བདག་སྟེ། །བཞི་བཅུ་རྩ་གཉིས་ 191a ༄#། །གསུམ་འཕྲོར་འགྱུར། །དེ་ལྟར་ལྡན་པའི་གཙོ་མཆོག་གི་།རྒྱལ་བ་རྒྱལ་མཆོག་དེ་བཞིན་དུ། །བཅུ་གཉིས་དྲུག་གི་འོད་འཕྲོ་འབར།། དེ་ལ་སོགས་ཏེ་བསམ་མི་ཁྱབ། །ཕྱོགས་བཅུ་དུས་བཞི་བསམ་ཡས་སུ། །འདུལ་བའི་དོན་རྣམས་སོ་སོར་སྟོན། །ཐེག་པ་མཐོ་དམན་ཐམས་ཅད་དང ། །ཕྱིན་ཅི་ལོག་རྣམས་ཐམས་ཅད་དང ། །ཞི་ཁྲོ་ཚོགས་ཆེན་ཐམས་ཅད་ལ། །སོ་སོར་མཐུན་པར་ཀུན་ཏུ་སྟོན། །དཔེར་ན་གར་མཁན་ཉིད་དྲ་བ། །ལུས་ལས་མ་བཀོད་སྣ་ཚོགས་སྟོན། །མདོར་ན་ཕྱག་རྒྱ་ཐམས་ཅད་ནི། །འདི་ཞེས་གཅིག་ཅེས་བརྗོད་དུ་མེད། །གཉིས་དང་གསུམ་དུ་རྣམ་པར་འཕྲོ། །བསྐྱེད་དང་སྤྲོ་བའང་དེ་བཞིན་ཉིད། །མདོར་ན་བསྒུལ་བསྐྱོད་ཐམས་ཅད་ཀུན། །ཕྱག་རྒྱ་ཆེན་པོའི་ངང་དུ་གནས། །གནས་གཉིས་མི་གནས་གནས་མ་ཡིན། །དེ་སྐད་དག་མཆོག་ཉིད་ཀྱིས་བཤད། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཡན་ལག་དཀྱིལ་འཁོར་དུ་བྱིན་གྱིས་བརླབས་ནས་ཕྱག་རྒྱ་སྤྲོས་པའི་ལེའུ་སྟེ་བརྒྱད་པའོ།། །།དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོ་རྡོ་རྗེ་གསང་བའི་དམ་ཚིག་བཀོད་པ་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཤིན་ཏུ་ཕྲ་བའི་ 191b དམ་ཚིག་མཆོག་།ཕྱག་རྒྱ་ཆེན་པོའི་ཕྱག་མཐིལ་དུ། །ཐུགས་ཀྱི་དཀྱིལ་འཁོར་དམ་པ་སྟེ། །སོར་ནི་བཞི་ཡི་ཚད་དུ་བྱ། །འབྲུ་ལྔ་སྤོས་ལྔ་རིན་ཆེན་ལྔ། །སྙིང་པོ་ལྔ་དང་སྨན་ལྔ་དང ། །བདུད་རྩི་ལྔ་ནི་རབ་བསྙམས་ལ། །རིག་པས་ཐིག་ནི་གདབ་པར་བྱ། །ལྟེ་བ་རྩིབས་དང་ལྡན་པ་ཡི། །རྩིབས་བཞི་འཁོར་ལོ་མུ་ཁྱུད་བཅས།། གྲུ་ཆད་བཞི་དང་གྲུ་བཞི་ཡི། །བར་ཁྱམས་སྒོ་ཁྱུད་ལྡན་པར་བྱ། །སེན་ཟླུམ་ཙམ་གྱི་ཉི་ཟླ་ལ། །ཙ་ནའི་འབྲུ་ཙམ་པདྨའི་གདན། །ཡུངས་འབྲུ་ཙམ་གྱི་ཡི་གེ་ལ།། ཕྱག་རྒྱ་ཏིལ་འབྲུ་ཙམ་དུ་བྲི། །བཅོས་བུ་རས་ནི་སྣ་ཚོགས་དང ། །རྒྱན་ཕྲེང་བྲོ་བའི་བཏུང་བས་བསྐོར། །གླུ་ཚིག་བྲོ་གར་རོལ་མོ་ཡི། །སྤྲིན་དཔུང་ཚོགས་ཀྱིས་རབ་ཏུ་མཆོད། །ཡུམ་དང་འཇོམ་སེམས་མ་ཡིས། །ཇི་ལྟར་འདོད་པའི་ལས་བཞིན་མཆོད། །དབྱིབས་དང་ཁ་དོག་མཚན་ལྡན་པར། །ཞལ་དུ་གྱུར་པའི་མ་བོས་ལ། །བཟའ་བཏུང་བྲོ་བའི་ཚོགས་རྣམས་ཀྱིས། །ལས་བཞིའི་མཆོད་པ་རབ་ཏུ་སྦྱིན། །ཁྲོ་བོའི་དཀྱིལ་འཁོར་དེ་བཞིན་ཏེ། །ཤིན་ཏུ་ཕྲ་བ་སྦྱངས་པ་ཡིས། ། བསམ་ཡས་དག་ལའང་དེ་བཞིན་བྱ། །རིག་པས་དཔག་པ་ཙམ་དུའོ། །མཆོད་པའི་ཕྱག་རྒྱ་ཆེན་པོ་ནི། །སེམས་ཀྱི་ཡིད་བཞིན་སྤྲིན་ཚོགས་ཀྱིས། །ཕྱོགས་ 192a ༄#། །བཅུ་ཐམས་ཅད་སངས་རྒྱས་ཞིང ། །མཉེན་འཇམ་རེག་ན་བདེ་བ་ཡི། །སྣ་ཚོགས་རིན་པོ་ཆེ་ཡི་གཞི། །མཛེས་པས་བྲིས་ཤིང་སྤྲས་པ་དང ། ཀུན་འབྱུང་རིན་ཆེན་ཕུང་པོར་འབར། །དབྱིབས་ལེགས་རྫིང་བུ་བྲོ་མཆོག་བསིལ། །རིན་ཆེན་ཁང་པ་སྣ་ཚོགས་དང ། །རྒྱན་དང་དཔག་བསམ་ལྗོན་པའི་ཚལ། །གླུ་དབྱངས་ཚིགས་སུ་བཅད་པའི་སྒྲ། །བླ་རེ་རྒྱལ་མཚན་ན་བཟའ་གདུགས། །དོ་ཤལ་དཔུང་རྒྱན་སེ་མོ་དོ། །བཟའ་དང་བཏུང་བའི་མཆོག་རྣམས་དང ། །རང་ལ་མཛེས་པར་བརྒྱན་པ་ཡི། །ལྷ་དང་ལྷ་མོ་རྡུལ་སྙེད་ཀྱིས། །བྲོ་གར་ལ་སོགས་བསམ་ཡས་ཀྱིས། །ཕྱོགས་བཅུ་ནམ་མཁའི་ཁམས་བཀང་ནས། །དཀྱིལ་འཁོར་ཀུན་ལ་རྒྱས་པར་དབུལ། །སྐལ་ལྡན་གསལ་བའི་ཁྱད་པར་གྱིས། །རིམ་གྱིས་ཡང་ན་གཅིག་ཅར་དུ། །ཆོས་ཀྱི་དབྱིངས་དང་མཉམ་སྦྱོར་བའི། །མཆོད་པའི་ཕྱག་རྒྱ་ཆེན་པོར་བསྒོམ། །གསལ་ལྡན་མའམ་བྱིན་བརླབས་ལ། །སྟོང་གསུམ་ཡུངས་འབྲུར་འཇུག་ཚུལ་དུ། ། དབྱིངས་ནས་དཀྱིལ་འཁོར་སྤྱན་དྲང་མཆོད། །མཉེས་ནས་གྲུབ་པའི་དམ་ཚིག་མཆོག་།བདག་ཉིད་ཆེན་པོ་མཆོད་པ་ཡིས། །སངས་རྒྱས་དཀྱིལ་འཁོར་ 192b མ་ལུས་མཉེས། །སྲིད་གསུམ་འགྲོ་བ་ཐམས་ཅད་ལ། །དགའ་བ་ཆེན་པོས་ཁྱབ་པར་འགྱུར། །སྒྱུ་འཕྲུལ་དྲ་བ་བརྟན་པ་ཡིས། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །སངས་རྒྱས་དཀྱིལ་འཁོར་མ་ལུས་དང ། །ཁམས་གསུམ་འགྲོ་རྣམས་མངོན་དུ་འགྱུར། །ལུས་ངག་སེམས་དང་ཆོས་ཐམས་ཅད། །གང་ནའང་མི་གནས་མི་དམིགས་པ། །མིག་ཡོར་ཚུལ་དུ་སྦྱོར་བ་ཡིས། །ནམ་མཁའ་ལ་ནི་ནམ་མཁའ་བསྒོམ། །ཀུན་བྱས་དབང་ཕྱུག་རིག་པས་འཇུག་།དེ་ནས་སློབ་མ་གཞུག་པར་བྱ། །དེ་ནས་རིགས་ཀྱི་བུ་མཆོག་དེས། །རྒྱལ་སྲིད་དང་ནི་རང་གི་ལུས། །བུ་དང་ཆུང་མ་ནོར་གྱི་དབྱིག་།རབ་ཏུ་གཅེས་དང་ཡིད་འཐད་དབུལ། ། དབང་ཕྱུག་ལོངས་སྤྱོད་ལྔས་མཆོད་ན། །དཀྱིལ་འཁོར་ཐམས་ཅད་མཆོད་པ་ཡིན། །ཉེ་བའི་དཀྱིལ་འཁོར་སྨོས་ཅི་དགོས། །ཉེས་པ་ཐམས་ཅད་དག་པར་འགྱུར། །དད་བརྩོན་བརྟུལ་ཞུགས་རབ་རྟོགས་ནས། །ཕན་པའི་དབང་སྦྱིན་ནུས་པའི་དབང ། །རིམ་པ་བཞིན་དུ་སྦྱིན་པར་བྱ། །སྙིང་རྗེས་ཆུད་མ་ཟོས་པར་གཟུང་།། ཡང་ན་ཐལ་མོར་རབ་བསྣོལ་ནས། །ཕྱག་རྒྱ་ཆེན་པོའི་འཕང་དུ་ནི། །དཀྱིལ་འཁོར་མཛུབ་གང་ཚད་དུ་བྱ། །མཁས་པས་ཆོ་ག་བཞིན་དུ་བྱ། །ཡང་ན་ས་གཞི་ 193a ༄#། །རབ་བསྙམས་ལ། །དཀྱིལ་འཁོར་ཁྲུ་གང་ཚད་དུ་བྱ། །ཡང་ན་ལུས་གང་ཚད་དུ་སྟེ། །ཡང་ན་ལུས་ནི་གསུམ་གྱི་ཚད། །ཕུར་བུ་སྲད་བུ་ཚོན་ཕྱེ་དང ། །གོས་རྒྱན་མཛེས་པའི་ཡིད་འོང་གྲོགས། །ཐིག་གདབ་ཆོ་ག་ཕུན་སུམ་ཚོགས། །མཁས་ལྡན་ཆེན་པོས་བསྒྲིམས་ཏེ་བྱ། །ཡང་ན་ཁྲུ་ནི་བཅུ་དྲུག་དང ། །ཉི་ཤུའམ་ཉི་ཤུ་རྩ་ལྔ་བྱ། །རིགས་ཀྱི་དཀྱིལ་འཁོར་ལྔ་རྣམས་བསྒོམ། །སྐུ་གསུང་ཐུགས་ལྡན་གཟུགས་ཀྱང་དགོད། །ཡང་ན་རྒྱང་གྲགས་དཔག་ཚད་ཙམ། །ནམ་མཁའི་དབྱིངས་ནི་བསམ་ཡས་པར། །སངས་རྒྱས་དཀྱིལ་འཁོར་སྣ་ཚོགས་བསྒོམ། །མ་མཐོང་རྨོངས་པ་བརྟན་ཕྱིར་ཚོན། །ཁ་དོག་ཉི་ཤུ་རྩ་ལྔ་ཡང ། །ལྔ་ཡི་ཚོན་གྱིས་བྲི་བར་བྱ། །འདུལ་བའི་ཆོ་ག་བཞིན་དུ་དགྱེ། །ཏིང་འཛིན་རོལ་མོ་མཐའ་ཡས་མཆོག་།ཡི་གེའམ་བརྡའམ་སྙིང་པོའམ། །ཕྱག་རྒྱའམ་སྐུ་གསུང་ཐུགས་ལྡན་པར། །བྱིན་བརླབས་ཡ་མཚན་རྨད་པོ་ཆེ། །འགྲུབ་འགྱུར་སངས་རྒྱས་ཀུན་གྱི་དམ། །ས་ལ་སོགས་ལ་ཕྱག་རྒྱ་བྱས། །རྣམ་གྲོལ་རིམ་པ་ཐོབ་པར་འགྱུར། །དག་པའི་ཡེ་ཤེས་ཀྱིས་སྦྱངས་ནས། །སྨོས་ཅི་དགོས་ཏེ་དེ་ཉིད་ཡིན། །ཕྱོགས་དུས་དཀྱིལ་ 193b འཁོར་བདག་ཉིད་ཆེ། །མི་དམིགས་ཐུགས་ཀྱི་དཀྱིལ་འཁོར་ནས། །དཀྱིལ་འཁོར་ཐམས་ཅད་སྤྱན་དྲངས་ནས། །རང་སྣང་དབྱེར་མེད་དཀྱིལ་འཁོར་ལ། །འཇུག་པའི་མཚན་ཉིད་མཉམ་སྦྱོར་བས། །ཕྱོགས་དུས་ཀུན་ནས་གཤེགས་པ་ཡི། །བསྙེན་པའི་དཀྱིལ་འཁོར་རབ་ཏུ་རྫོགས། །ཉེ་བར་གྱུར་བའི་དམ་ཚིག་མཆོག ། དཔག་བསམ་ཤིང་དང་ཡིད་བཞིན་གྱི། །རིན་པོ་ཆེ་དང་འབྱུང་བ་ཀུན། །དེ་དག་རྫས་ཡོད་མ་ཡིན་ཏེ། །རང་སེམས་བསོད་ནམས་བརྟན་པ་ཡིན། །ངོ་མཚར་ཆོ་འཕྲུལ་རྨད་པོ་ཆེ། །གཞན་ནས་ཡོད་འོངས་མ་ཡིན་ཏེ། །ཐབས་ལ་བརྟན་པའི་ཤེས་རབ་ཉིད། །དེ་ལྟ་བུ་ཡི་ངག་དུ་བྱུང ། །ཤེས་རབ་དབྱིངས་ཀྱི་དེ་བཞིན་ཉིད།། ཐབས་ཀྱི་ཕྱག་རྒྱར་གྱུར་པའི་ཕྱིར། །ཡེ་ཤེས་ལ་ནི་ཡེ་ཤེས་རོལ། །ཡེ་ཤེས་རོལ་པ་ཉིད་ཀྱང་གསོག་།རྒྱལ་བ་མངོན་བྱུང་སྐྱོབ་པ་དང ། །བྱིན་རླབས་སྟོན་པའང་དེ་བཞིན་ཏེ། །བྱ་བྱེད་ནུས་པའི་གཟི་བྱིན་གྱིས། །སྒྱུ་མ་རྡོ་རྗེ་བཙན་པོ་མཆོག་།ཆོ་ག་ལྔ་ནི་རྫོགས་བྱས་ཤིང ། །ཡོ་བྱད་ལྔ་ནི་རྫོགས་པར་ལྡན། །སྔགས་ཀྱི་ཡན་ལག་ལྔ་རྫོགས་པས། །མ་ཉམས་འདུག་ལ་རབ་བརྩོན་པས། །ཞག་ནི་སུམ་ཅུ་ཕྲག་དྲུག་གམ། །བཅུ་གཉིས་བཅུ་བཞི་བཅུ་དྲུག་གིས། །དབང་བསྒྱུར་རིགས་ 194a ༄#། །ཀྱི་དམ་པ་འགྲུབ། །དེ་ཚེ་བཅུ་དྲུག་ཚུན་ཆད་ཀྱིས། །སྐུ་ལྔ་ལྷུན་གྱིས་རྫོགས་པ་ནི། །ཡེ་ཤེས་ཐིག་ལེ་ཉིད་སྣང་བ། །བསམ་གྱིས་མི་ཁྱབ་མཐའ་ཡས་མཆོག་།ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །ཞིང་ཁམས་རྣམ་དག་བསམ་ཡས་པའི། །རྒྱ་དང་བྲལ་བའི་གཞལ་ཡས་ཁང་།། འཁོར་ལོའི་རྒྱན་དང་རོལ་མོའི་ཚོགས། །དཀྱིལ་འཁོར་མ་ལུས་བསམ་ཡས་ཀུན། །མཐོང་ནས་ཉེ་བར་མཉེས་པ་དང ། །རྒྱ་ཆེན་གསུང་ལས་དོན་འབྱུང་བ། །མཐུན་པའི་ཤེས་རབ་སྣང་བ་འོ། །གཅིག་དང་དུ་མར་བྲལ་བ་ཡི། །མཐའ་དང་དབུས་མེད་དེ་བཞིན་ཉིད། །སངས་རྒྱས་ཀྱིས་ཀྱང་མི་གཟིགས་ཏེ།། རང་བྱུང་ཡེ་ཤེས་གནས་མེད་སྣང ། །ལོག་པར་རྟོག་བརྟགས་རྣམ་དག་ཅིང ། །ཡེ་ཤེས་དབྱིངས་ལས་མི་གཞན་ཕྱིར། །ཐུགས་རྗེ་ཆེན་པོས་འབྲེལ་བས་ན། །འགྲོ་དྲུག་དུས་གནས་མ་ལུས་སྣང ། །བདེ་བ་ཆེན་པོའི་དཀྱིལ་འཁོར་ན། །སྟངས་དབྱལ་གཉིས་སམ་ཡང་ན་ལྔ། །བྱས་ཏེ་དད་ལྡན་རབ་བཞུགས་ན། །འདོད་པའི་ཡིད་འོང་མཉམ་པར་འགྱུར། །སྐལ་བ་མཉམ་པའི་ཡེ་ཤེས་དེ། །གཉེར་ན་ཉེ་བར་འབྱུང་བ་ཡིན། །ཡ་མཚན་ཆེན་པོ་འབྱུང་བར་ངེས། །དད་མེད་ཉམས་ན་ 194b ཕུང་བར་འགྱུར། །ཞེས་ཆེད་དུ་བརྗོད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། །རྡོ་རྗེ་བཀོད་པ་གསང་བ་དམ་ཚིག་གི་ལེའུ་སྟེ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་རྒྱལ་པོ་སྦྱིན་པ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །བདེ་བའི་འབྲུ་ཚོགས་གསལ་བའི་རྒྱུན། །རྡོ་རྗེའི་ལམ་ནས་པདྨོར་བསྒྱིལ། །རྩ་ནས་བསྟིམ་ཞིང་དཀྱིལ་འཁོར་བསྒྱུར། །ཉན་བྱེད་འཁོར་ལོའི་གཞལ་ཡས་སུ། །གསལ་བ་ཐིག་ལེའི་ངོ་བོ་ཉིད། །ཏྲཾ་གི་ཕྱག་རྒྱའི་ཚོགས་མཆོག་ལས། །རིན་ཆེན་དཀྱིལ་འཁོར་གསལ་སྤྲོ་ཐིམ། །གསང་བ་གསང་ཆེན་གསང་མཆོག་ལས། ། གསང་བ་ཀུན་ལ་མཉན་པར་བྱ། །གསང་བའི་དོན་ཉིད་རྟག་པ་ལས། །གཞན་དུ་སྨྲ་བར་བྱ་བ་ཡིན། །གསལ་བའི་འཁོར་ལོ་གཞལ་ཡས་སུ། །གསལ་བའི་ཐིག་ལེ་ངོ་བོ་ཉིད། །ཡི་གེ་ཕྲེང་བའི་ཚོགས་མཆོག་ལས། །རིགས་ཀྱི་དཀྱིལ་འཁོར་གསལ་སྤྲོ་བསྟིམ། །ོཾ་དུས་གསུམ་རྒྱལ་བའི་སྲས་ཆེན་པོ། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་སྐུ། རྒྱལ་བ་ཐམས་ཅད་མཉེས་མཆོད་ལ། །རྒྱལ་བ་ཀུན་དང་མཉམ་པར་འགྱུར། །ལག་པའི་འཁོར་ལོ་གཞལ་ཡས་སུ། །གསལ་བའི་ཐིག་ལེ་ངོ་བོ་ཉིད། །ཧཱུཾ་གི་ཕྱག་ 195a ༄#། །རྒྱའི་ཚོགས་མཆོག་ལས། །ལས་ཀྱི་དཀྱིལ་འཁོར་གསལ་སྤྲོ་ཐིམ། །ོཾ་ཁྱོད་ནི་རྡོ་རྗེ་ལས་ཡིན་གྱི། །ལས་རྣམས་མ་ལུས་ཀུན་གྱིས་ཤིག་།ཕོ་ཉ་མང་པོའི་འདུ་འཕྲོ་ཀུན། །ཁྱོད་ཀྱི་དགོས་པ་བྱེད་པ་ཡིན། །སྨྲ་བྱེད་འཁོར་ལོའི་གཞལ་ཡས་སུ། །གསལ་བའི་ཐིག་ལེའི་ངོ་བོ་ཉིད། ། ཧྲཱི་ཡི་ཕྱག་རྒྱའི་ཚོགས་མཆོག་ལས། །ཚོགས་ཀྱི་དཀྱིལ་འཁོར་གསལ་སྤྲོ་ཐིམ། །ོཾ་ཆོས་ཀྱི་བདུད་རྩི་བླ་མེད་ཀྱིས། །དད་ལྡན་སྐྱེས་བུ་ངོམས་པར་བྱས། །རབ་འབྲིང་ཐ་མའི་བློ་ཅན་ལ། །མཐུན་པའི་གསང་བསྒྲགས་གཞན་དུ་མིན། །བསྐྱོད་ཆེན་འཁོར་ལོའི་གཞལ་ཡས་སུ། །གསལ་བའི་ཐིག་ལེའི་ངོ་བོ་ཉིད། ། ཧཱུཾ་ཨོཾ་སཝ་ཨཾ་ཧ་རྣམས་ལས། །དཀྱིལ་འཁོར་ལྔ་དང་ཁྲོ་ཕྲེང་བསྒོམ། །ོཾ་ཕྱོགས་བཅུ་དུས་བཞི་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་རྡོ་རྗེ་ཆེ། །དཀྱིལ་འཁོར་ཀུན་གྱི་བྱེད་པ་པོ། །དཀྱིལ་འཁོར་ཀུན་གྱི་སྦྱིན་པ་སྤྱོད། །སློབ་དཔོན་མཉེས་པར་མ་བྱས་ཤིང ། །དབང་རྣམས་ཐོབ་པར་མ་བྱས་པར། །ཉན་པ་ལ་སོགས་པ་བརྩོན་པ་རྣམས། །འབྲས་བུ་མེད་ཅིང་བརླག་པར་འགྱུར། །དབུ་རྒྱན་ཅོད་པན་ཕྲེང་བ་དང ། གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང ། །གདུགས་དང་བུམ་ 195b པ་བཟའ་བཏུང་དང ། །སྙིང་པོ་ལྔ་ཡིས་དབང་བསྐུར་ན། །དུས་འདི་ཕྱིན་ཆད་རྒྱལ་བའི་སྲས། །ངན་སོང་ཐམས་ཅད་མེད་པ་དང ། །ཚེ་རིང་བདེ་སྐྱིད་ཕུན་སུམ་ཚོགས།། མཐོ་རིས་ཐར་པའི་བདག་པོར་འགྱུར། །ཞེས་བརྗོད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། །དབང་སྦྱིན་པའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་སྒྱུ་འཕྲུལ་དྲ་བའི་རྒྱལ་པོ་སྒྱུར་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །རྒྱུ་གཅིག་པ་དང་ཡིག་འབྲུའི་ཚུལ། །བྱིན་གྱིས་བརླབས་དང་མངོན་སུམ་པར། །རབ་ཏུ་རྟོགས་པ་རྣམ་བཞི་ཡིས། །ཐམས་ཅད་མངོན་རྫོགས་རྒྱལ་པོ་ཆེ།། ཡན་ལག་དབང་པོ་རྣམ་ཤེས་ཀུན། །རྣམ་སྨིན་ཨོཾ་དུ་ཤེས་པར་བྱ། །རྫོགས་པའི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཡང་ན་ཁྲོས་པའི་དཀྱིལ་འཁོར་བསྒོམ། ། གཟུགས་སྒྲ་དྲི་རོ་རེག་ལ་སོགས། །རྣམ་སྨིན་མུཾ་དུ་ཤེས་པར་བྱ། །ཡུམ་གྱི་དཀྱིལ་འཁོར་ཉིད་དུ་བསྒོམ། །ཡང་ན་ཁྲོ་མོའི་དཀྱིལ་འཁོར་བསྒོམ། །གོས་རྒྱན་བཟའ་བཏུང་གླུ་དང་ཚིག་།བྲོ་གར་ཚོགས་ཀྱི་སྤྲིན་ཕུང་གིས། །ཧཱུཾ་དུ་ཤེས་པས་རབ་སྤྱད་ན། །ངོ་མཚར་འབྱུང་བའི་དཀྱིལ་འཁོར་མཉེས། །ལྷ་མོ་ཀླུ་མོ་རིགས་ 196a ༄#། །ངན་མོ། །དབྱེ་འམ་ཡང་ན་མི་དབྱེ་བར། །བསྙེན་པ་དང་ནི་ཉེ་བསྙེན་པོ། །སྒྲུབ་པ་དང་ནི་སྒྲུབ་ཆེན་པོ། །ཡུམ་གྱི་པདྨའི་དཀྱིལ་འཁོར་དུ། །བདེ་བ་ཐུགས་ཀྱི་དཀྱིལ་འཁོར་སྤྲོ། །སངས་རྒྱས་སྤྲིན་ཚོགས་མ་ལུས་ལ། །དགྱེས་མཉམ་ཚོགས་ཀྱི་སྦྱིན་པས་བསྟིམ། །སྒྲུབ་པ་ཉི་ཟླའི་དཀྱིལ་འཁོར་དེ། །དཀྱིལ་འཁོར་རྡོ་རྗེ་ལྕེ་ཡིས་བླངས། །མཁའ་འགྲོ་གསལ་འབར་ཚེ་ལ་སོགས། །ཡིད་བཞིན་སྤྲིན་གྱི་བདག་པོར་འགྱུར། །ཞིང་འགྱུར་མཆོག་དང་མཆོག་ཕྲན་རྣམས། །ཉི་ཟླའི་སྟེང་དུ་མཁས་པས་གཞག་།རང་རྒྱལ་ལག་གི་འདུ་བྱེད་བསྒོམ། །ཧཱུཾ་དུ་གྱུར་པས་རྣམ་པར་དག་།དབྱིངས་སུ་ཐིམ་ནས་ཕྱག་རྒྱར་འབར། །སྐུར་འགྱུར་འོད་ཟེར་འཕྲོས་པས་བརྗིད། །གཙུག་ཏུ་རྣམ་པར་རྒྱལ་བ་བསྒོམ། །ངོ་མཚར་ངན་འགྲོ་ཐར་པའི་ཐབས། །ཡེ་ཤེས་སྐྱེ་མེད་དེ་བཞིན་ཉིད། །སྒྱུ་མར་སྣང་བ་མི་གཡོར་ཚུལ། །སྦྱོར་སྒྲོལ་བྱ་བ་ཀུན་བྱས་ཀྱང ། །རྡུལ་ཆ་ཙམ་ཡང་གོས་པ་མེད། །སྣོད་བཅུད་རྒྱུ་རྣམས་དག་རྟོགས་ཤིང ། །མཉམ་གཉིས་ལྷག་པའི་མཉམ་གཉིས་ཀྱིས། །དཀྱིལ་འཁོར་ཀུན་ཏུ་བཟང་པོའི་ཞིང ། །བྱེད་སྤྱོད་ཚོགས་ཆེན་གཉིས་གྱུར་ནས། །ཡན་ལག་མ་ཉམས་ཡོ་བྱད་ 196b ལྡན། །ཆོ་ག་རྫོགས་པར་ཤེས་པ་ཡིས། །རྣལ་འབྱོར་ཚོགས་པའི་དཀྱིལ་འཁོར་གྱིས། །ངེས་པར་ལེགས་པའི་དགོས་པ་འགྲུབ། །ལྔ་དང་ལྔ་ཡི་སྦྱོར་བ་ཡིས།། ཚོམ་བུ་ལྔ་ཡི་ལྷ་བཀོད་ལ། །ཁྲོ་བོ་བཅུ་དང་ཁྲོ་མོ་བཅུ། །འཁོར་ལོའི་ཚུལ་དུ་རྣམ་པར་བསྒོམ། །དེ་བཞིན་རིགས་དང་རྡོ་རྗེའི་རིགས། །པདྨའི་རིགས་ཏེ་སྐུ་གསུང་ཐུགས། །ཁྲོ་བོའི་ཚོགས་དང་ལྡན་པ་ཡི། །ཚོམ་བུ་གསུམ་གྱི་ལྷ་རྣམས་བསྒོམ། །རིགས་ཀྱི་རིགས་ཏེ་རིགས་ཀྱི་གཙོ། །ཐུགས་ཀྱི་ཐུགས་ཏེ་ཐུགས་ཀྱི་མཆོག་།ཁྲོ་བོའི་ཚོགས་དང་ལྡན་པ་ཡི། །ཚོམ་བུ་གཅིག་དང་ལྷ་རྣམས་བསྒོམས། །ཁྲོ་བོ་ཁྲོ་མོའི་ཚོགས་ཆེན་དང ། །ཕོ་ཉ་ཕྱག་ཉན་བཀའ་ཉན་ཚོགས། །ཅི་བགྱི་ལ་སོགས་ཚོགས་རྣམས་ཀྱིས། །དངོས་གྲུབ་ལས་རྣམས་རྫོགས་པར་བྱེད། །རྣལ་འབྱོར་སྔགས་འཆང་དངོས་གྲུབ་ནི། །མཉམ་རྫོགས་ལྷུན་གྲུབ་དང་གནས་ཤིང ། །སྤྱོད་པ་ཅི་ལའང་ཐོགས་མེད་པ། །ཐམས་ཅད་ཡེ་ནས་དབྱེར་མེད་པའོ། །རྡོ་རྗེ་རིགས་སུ་ཐམས་ཅད་དཀྱིལ། །འོད་འཕྲོ་འབར་བར་རབ་ཏུ་བསྒོམ། ། ཆགས་མེད་ཚུལ་དུ་བསྟིམ་པར་བྱ། །གཉིས་མེད་གྱུར་ནས་ཕྱག་རྒྱ་ཆེ། །ཡང་ན་སྐུ་གསུང་ཐུགས་ཉིད་དེ། །ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །ཏིང་ 197a ༄#། །འཛིན་གསལ་བར་འོད་ཟེར་འཕྲོ། །གཉིས་མེད་དབྱིངས་ཀྱི་ངང་དུ་ཐིམ། །རིག་འཛིན་དངོས་གྲུབ་མཆོག་ཐོབ་འགྱུར། །དཀྱིལ་འཁོར་མ་ལུས་འབར་བར་འགྲུབ། །ཉོན་མོངས་སྡུག་བསྔལ་སེལ་བར་བྱེད། །རྡོ་རྗེ་རིགས་སུ་སྐྱེ་བའི་གནས། །སྔགས་འཆང་དངོས་གྲུབ་ཡང་དག་ནི། ། ཐབས་དང་ཤེས་རབ་ཐམས་ཅད་ཀྱིས། །དཀྱིལ་འཁོར་ལྔ་དང་ཁྲོ་ཕྲེང་བསྒོམ། །ཆགས་པ་མེད་པའི་ཚུལ་གྱིས་སུ། །འོད་ཟེར་རྣམ་པ་མང་པོ་འཕྲོ། །གཉིས་སུ་མེད་པར་བསྟིམ་པར་བྱ། །དངོས་གྲུབ་མཆོག་གི་སྙིང་པོ་འགྲུབ། །རྣལ་འབྱོར་ཐབས་དང་ཤེས་རབ་ཀྱིས། །དེ་བཞིན་གཤེགས་དང་ཡུམ་དུ་བསྒོམ། ། སེམས་དཔའ་སེམས་མ་ཉིད་དུ་བསྒོམ། །སོ་སོའི་སྔགས་དང་ཕྱག་རྒྱ་དང ། །ཏིང་འཛིན་ཡང་དག་སོ་སོར་གསལ། །གནས་དང་ལོངས་སྤྱོད་ཅི་བདེ་དང ། ། མ་ཉམས་བློ་ནི་རབ་ལྡན་པས། །དང་པོ་དམ་མནོས་བཞིན་དུ་བྱ། །ལེ་ལོ་སྒྱིད་སྙོམས་མེད་པ་ཡིས། །ཐེ་ཚོམ་མེད་པར་བསྒྲུབས་བྱས་ན། །དཀྱིལ་འཁོར་ཐམས་ཅད་འགྲུབ་པར་འགྱུར། །རྡོ་རྗེ་གསང་མཆོག་དམ་པ་ཐོབ། །སྒྲུབ་པའི་ཞག་དང་ཆོས་གྲངས་ནི། །རྒྱུད་ལས་སྨོས་པ་བཞིན་དུ་བཤད། །རྡོ་རྗེ་གསང་བའི་ 197b ཚིག་ཏུ་འོ། །ཞེས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་གླེང་ངོ ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། །ཚོགས་ཀྱི་དཀྱིལ་འཁོར་གྱི་ལེའུ་སྟེ་བཅུ་གཅིག་པའོ།། །།དེ་ནས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་རོལ་མོའི་སྤྲིན་རྣམ་པར་སྤྲོས་ཏེ་རྒྱན་བཀོང་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །སྒྱུ་འཕྲུལ་དྲ་བ་མངོན་རྫོགས་པའི། །དཀྱིལ་འཁོར་བརྟན་པའི་ཏིང་ངེ་འཛིན། །བྲོ་གར་ཕྱག་རྒྱའི་འདུ་འཕྲོ་ཡིས། །འཛུམ་ལམ་ནམ་མཁར་འགྲོ་བར་འགྱུར། །གླུ་ཚིག་སྒྲ་ཡི་ཕྱག་རྒྱ་ཡིས། །ཆོས་ཀྱི་དངོས་གྲུབ་ཐོབ་པར་འགྱུར། །རྒྱན་དང་བགོ་བའི་ཕྱག་རྒྱ་ཡིས། །འབར་བའི་རྒྱལ་པོ་ཐུབ་མེད་འགྲུབ། །བཟའ་དང་བཏུང་བའི་ཕྱག་རྒྱ་ཡིས། །ཡིད་བཞིན་སྐུ་དང་བདུད་རྩི་འགྲུབ། །ཱ་ལི་ཀཱ་ལིའི་ཕྱག་རྒྱ་ཡིས། །ཐམས་ཅད་ཐམས་ཅད་འགྲུབ་པར་འགྱུར། །ཤེས་འཇུག་མཚན་ཉིད་འབྱོར་པའི་གཟུགས། །འབྲས་བུ་སྨིན་བྱེད་རྒྱུ་དང་རྐྱེན། །ནུས་མཐུ་ཅན་དུ་གང་གྱུར་པ། །རིག་འཛིན་རྒྱལ་བའི་ཞིང་དུ་གྲགས། །མི་དང་ལྷ་དང་ཚངས་པ་ཡི། །སྐྱེ་བ་རྣམ་དག་འཛིན་མོད་ཀྱང ། །ཁྱད་པར་ས་ལ་གནས་འགྱུར་ཡིན། །ཕ་རོལ་ཕྱིན་པ་ཀུན་ཏུ་རྫོགས། 198a ༄#། །ཐབས་དང་ཤེས་རབ་ཐབས་ཀྱི་མཆོག་།ཤེས་རབ་མཆོག་གི་མཆོག་གྱུར་པ། །ས་ཡི་ཁྱད་པར་བཅུ་དང་གསུམ། །རྒྱུ་འབྲས་ཁྱད་པར་ལྷུན་གྱིས་རྫོགས། །མཁའ་དཀྱིལ་དག་པའི་དབྱིངས་ཉི་ཟླ། །ཡེ་ཤེས་རྒྱལ་པོ་སྟངས་དབྱལ་བསྒོམ། །རྒྱལ་བའི་དཀྱིལ་འཁོར་མཐའ་ཡས་ཀུན། །མ་ལུས་པར་ནི་སྒོམ་པར་འགྱུར། །དུས་བཞིའི་ཕྱོགས་བཅུ་གང་ནས་ཀྱང ། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། ། སངས་རྒྱས་གཞན་ནས་མ་ཚོལ་ཅིག་།དཀྱིལ་འཁོར་ཀུན་ཏུ་རབ་སྦྱོར་བས། །དཀྱིལ་འཁོར་ཐམས་ཅད་འགྲུབ་བར་འགྱུར། །ཆོ་ག་ལྷག་གམ་མ་ཚང་ཡང ། ། སྐྱོན་ཉིད་དག་སྟེ་ཉེས་པ་མེད། །ཅེས་ཆེད་དུ་བརྗོད་པས་རོལ་མོའི་སྤྲིན་གྱིས་མཉེས་པར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཚོགས་སྒྲུབ་པའི་ལེའུ་སྟེ་བཅུ་གཉིས་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཕྱོགས་བཅུ་དུས་བཞིའི་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་རྡོ་རྗེའི་དཀྱིལ་འཁོར་ཐམས་ཅད་གཅིག་ཏུ་འདུས་ནས་དགྱེས་པ་ཆེན་པོས་ཆོས་ཐམས་ཅད་ཡེ་ནས་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ་པའི་དམ་ 198b ཚིག་ཤིན་ཏུ་གསང་བའི་སྙིང་པོ་སྤྲིན་བཀོད་པའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ཙ། མ་རྟོགས་པ་དང་ལོག་པར་རྟོག ། ཕྱོགས་རྟོགས་ཡང་དག་ཉིད་མ་རྟོགས། །ཚ། འདུལ་བ་དགོངས་པ་གསང་བ་དང ། །ཝ། རང་བཞིན་གསང་བའི་དོན་རྣམས་ནི། །ཡི་གེ་སྒྲ་རྟགས་མིང་ཚོགས་ལས། །བརྟེན་པའི་ཚིག་གིས་རབ་མཚོན་ཏེ། །ཁོང་ནས་གབ་སྦས་དོན་འབྱིན་པ། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །དཀྱིལ་འཁོར་ལྡན་པའི་དཀྱིལ་འཁོར་གྱི། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་བསྒོམ། །དཀྱིལ་འཁོར་དཀྱིལ་འཁོར་ལས་བྱུང་བ། །ཐུགས་ཀྱི་དཀྱིལ་འཁོར་དཀྱིལ་འཁོར་མཆོག་།གསང་བའི་ཐིག་ལེ་དཀྱིལ་འཁོར་དབྱིངས། །འབྱུང་བ་ཤེས་རབ་རིགས་ཀྱི་ཡུམ། །ཆེན་པོ་རིགས་ཀྱི་དེ་བཞིན་ཏེ། །བྱང་ཆུབ་སེམས་ནི་རྡོ་རྗེའི་ཚོགས། །དབང་པོ་ཡུལ་དུས་རིག་པ་རྣམས། །ཀུན་ཏུ་བཟང་པོའི་དཀྱིལ་འཁོར་ལ། །བདག་ཉིད་ཆེན་པོ་ལྷག་པ་ཡིས། །ཐུགས་ཀྱི་ཡེ་ཤེས་ལྔས་བལྟས་ཤིང ། །སྙིང་པོ་ཐིག་ལེ་མཉམ་སྦྱོར་བ། །བདེ་བའི་ཡེ་ཤེས་རོལ་མོ་ཡིས། །ཡེ་ཤེས་དགྱེས་ལ་མཆོད་པར་འབུལ། །ཟག་པ་མེད་པའི་བསོད་ནམས་ཀྱིས། །ཡེ་ཤེས་སྒྱུ་མར་རང་སྣང་བའི། །རོལ་ 199a ༄#། །མོ་དཀྱིལ་འཁོར་མཐའ་ཡས་མཆོག་།གསང་བའི་ཐིག་ལེ་ཉིད་ཀྱི་དབྱིངས། །དེ་ནི་སངས་རྒྱས་ཀུན་གྱི་དངོས། །ཕྱོགས་བཅུ་དུས་བཞི་མངོན་རྫོགས་པའི། །སྐུ་གསུང་ཡོན་ཏན་འཕྲིན་ལས་ཐུགས། །མ་ལུས་བདག་ཉིད་ཞལ་མཐོང་བའི། །དབང་སྒྱུར་མཆོག་ཉིད་དམ་པ་ཡིན། །དཀྱིལ་འཁོར་ལ་གནས་དཀྱིལ་འཁོར་ཉིད། །རྫོགས་པའི་དཀྱིལ་འཁོར་ལྷུན་གྱིས་གྲུབ། །རྒྱན་དུ་དཀྱིལ་འཁོར་མ་ལུས་ཐོགས། །རྫོགས་པའི་དཀྱིལ་འཁོར་མཉམ་སྦྱོར་ལས། །ཐུགས་རྗེའི་དཀྱིལ་འཁོར་ཡོངས་ཀྱིས་འབྱུང ། །ཕྱོགས་དུས་དཀྱིལ་འཁོར་འདུལ་བའི་མཆོག་།སྒྱུ་མའི་དཀྱིལ་འཁོར་སྒྲོལ་བ་ཡིས། །བྱ་བྱེད་མེད་པར་དཀྱིལ་འཁོར་སྤྱོད། །ཡེ་ཤེས་རྫོགས་པའི་དཀྱིལ་འཁོར་ལ། །ཐོས་བསམ་སྒོམ་པ་མཉམ་སྦྱོར་གྱིས། །རང་བྱུང་ཀུན་ངོམ་ལྷུན་གྱིས་གྲུབ། །འདི་ནི་སངས་རྒྱས་ཐམས་ཅད་ཀྱིས། །འདའ་བར་མི་མཛད་དམ་ཚིག་མཆོག་།གང་ཞིག་འདི་ལ་མོས་འགྱུར་བ། །སངས་རྒྱས་དཀྱིལ་འཁོར་ཐམས་ཅད་ཀྱིས། །ཕྱོགས་དུས་ཀུན་ནས་ཐམས་ཅད་དུ། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །ཉེ་བའི་སྲས་སུ་དགོངས་པར་འགྱུར། ། 199b བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤིན་ཏུ་སྦྱངས་ལ་རབ་གནས་པའི། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །འབྲས་བུ་གསང་ཆེན་འདི་ཡིན་ཏེ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །འདས་དང་ད་ལྟར་བྱུང་བ་ཡི། །རྒྱལ་བའི་དཀྱིལ་འཁོར་མ་ལུས་པ། །བརྙེས་ནས་སྐུ་ལྔ་ལྷུན་གྱིས་རྫོགས། །འབྱུང་དང་མ་འོངས་ཐམས་ཅད་ཀུན། །འདི་ཡིས་ལྷུན་གྱིས་གྲུབ་པར་འགྱུར། །འདི་ནི་གསང་ཆེན་ངེས་པ་ཡི། །འབྲས་བུ་ལམ་དུ་གྱུར་པ་ཡིན། །རྒྱལ་བའི་དཀྱིལ་འཁོར་མ་ལུས་ལ། ། འདི་ལས་གསང་བའི་ངེས་དོན་མེད། །བཙལ་ཀྱང་རྒྱལ་བས་མི་བརྙེས་སོ། །ཀུན་གྱི་ཕྱག་རྒྱ་ཆེན་པོའི་མཆོག་།ཐོས་བསམ་སྒོམ་ལ་རབ་སྦྱངས་པའི། །ཤེས་རབ་མིག་ལྡན་རྣམས་ཀྱིས་གཟུང ། །སྣོད་ལྡན་ངང་ཚུལ་བཟང་ལ་བརྟན། །ལུས་དང་ལོངས་སྤྱོད་གཏོང་ལ་སྦྱིན། །གཞན་དུ་ནམ་ཡང་སྦྱིན་མི་བྱ། །རྨོངས་ལ་འཕྱར་བས་གལ་ཏེ་སྦྱིན། །དུས་མིན་པར་ནི་སྲོག་ཟད་ནས། །བསྲེགས་དང་སྒྲེབས་པར་ཡུན་རིང་གནས། །ཞེས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་ཆེད་དུ་བརྗོད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། །ཤིན་ཏུ་གསང་བ་མན་ངག་གི་ལེའུ་སྟེ་བཅུ་གསུམ་པའོ།། །།དེ་ནས་ 200a ༄#། །དེ་བཞིན་གཤེགས་པ་ཐམས་ཅད་ཉིད་ཀྱི་དཀྱིལ་འཁོར་ལ་དགྱེས་པ་ཆེན་པོའི་གླུ་འདི་བླངས་སོ། །ོཾ་ཕྱོགས་བཅུ་དུས་བཞི་རྫོགས་པ་ཡི། །ཡེ་ཤེས་དཀྱིལ་འཁོར་ཐིག་ལེ་ཆེ། །བསོད་ནམས་དཀྱིལ་འཁོར་སྐུ་ཡི་ཚོགས། །སྣང་སྟོང་ཐིག་ལེ་ཀུན་ཏུ་རྫོགས་ཧོཿ ་ཨོཾ་རྡོ་རྗེ་བསོད་ནམས་ཐིག་ལེ་ཆེ། །རྡོ་རྗེ་ཡེ་ཤེས་དཀྱིལ་འཁོར་ལྡན། །རྡོ་རྗེ་སྒྲ་ཆེན་མཐའ་ཡས་པ། །རྡོ་རྗེ་རྒྱལ་པོ་ཐིག་ལེ་ཆེ་ཧོཿ ་ཨོཾ་སྐུ་གསུང་ཐུགས་ཀྱི་རྫོགས་པ་ཆེ། །ཡོན་ཏན་འཕྲིན་ལས་ཀུན་ཏུ་རྫོགས། །ཡེ་ནས་ལྷུན་རྫོགས་ཀུན་ཏུ་བཟང ། །འདུས་པའི་ཚོགས་ཆེན་ཐིག་ལེ་ཆེ་ཧོཿ ་ཨོཾ་མི་དམིགས་སྒྱུ་འཕྲུལ་མཉམ་པའི་དབྱིངས།། མཐའ་ཡས་ཀུན་ནས་སྣ་ཚོགས་འཕྲོ། །མཐའ་ཡས་ཀུན་ནས་ལྷུན་གྱིས་ཐིམ། །སྣ་ཚོགས་སྐུ་གསུང་ཐུགས་ཆེན་པོ་ཧོཿ ་ཨོཾ་ཕྱོགས་བཅུར་འཇིག་རྟེན་རྡུལ་སྙེད་དུ། །རྒྱལ་བའི་དོན་རྣམས་རྡུལ་ཕྲན་སྙེད། །སྤྲུལ་པ་རྡུལ་ཕྲན་བསམ་ཡས་ཀྱིས། །སྐད་ཅིག་ཡུད་ལ་ལྷུན་གྱིས་གྲུབ་ཧོཿ ་ཨོཾ་ཐམས་ཅད་མ་ལུས་སྐུ་གསུང་ཐུགས། །སྐུ་གསུང་ཐུགས་ཀྱི་བདག་ཉིད་ཆེ། །སྐུ་གསུང་ཐུགས་ཀྱིས་ཀུན་ཏུ་ཁྱབ། །སྐུ་གསུང་ཐུགས་ཀྱི་ཐིག་ལེ་ཆེ་ཧོཿ ་ཞེས་ཆེད་དུ་བསྒྲགས་སོ། །གསང་ 200b བ་པའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། མཉེས་པའི་ལེའུ་སྟེ་བཅུ་བཞི་པའོ།། །།དེ་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བདག་པོ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཉིད་ཀྱི་ཁྲོ་བོའི་དཀྱིལ་འཁོར་དུ་མངོན་པར་འདུ་མཛད་དེ། །དེ་ཅིའི་ཕྱིར་ཞེ་ན། བདག་ཏུ་རྨོངས་པའི་རྟོག་པ་དང ། བརྟགས་པ་ལ་མངོན་པར་ཞེན་པས་ཡང་དག་པའི་ལམ་དང་བྲལ་བ་དག་གབ་པའི་གསང་བ་མ་གཏོགས་པར་སྦས་པའི་གསང་བ་ལ་མངོན་པར་འཆེལ་ནས་རྒྱུ་དང་འབྲས་བུ་ལ་རྨོངས་པས་སྲིད་པའི་ས་བོན་རྩུབ་མོས་འཕངས་ནས་མཚམས་མེད་པའི་རབ་ཏུ་ཚ་བའི་དམྱལ་བར་སྐྱེས་སོ། །དེ་རབ་ཏུ་ཚ་བའི་སྡུག་བསྔལ་དྲག་པོས་གདུངས་པ་དང ། འདི་བས་ཤིན་ཏུ་གྲང་ཡང་ཅི་མ་རུང་སྙམ་པའི་མོད་ལ་རབ་ཏུ་སྦྲེབས་པ་དང ། པདྨ་ལྟར་གས་པའི་སྡུག་བསྔལ་དྲག་པོ་དག་གིས་རབ་ཏུ་ཉེན་པ་དེ་ལྟ་བུའི་སྡུག་བསྔལ་རབ་ཏུ་ཚ་བ་ལ་སོགས་པ་བརྒྱད་དང ། ཤིན་ཏུ་གྲང་བ་ལ་སོགས་པ་བརྒྱད་དུ་འཇིག་རྟེན་གྱི་ཁམས་བརྒྱུད་ཅིང་བསྐལ་པ་ཆེན་པོ་སྟོང་ཕྲག་བཅུ་གཉིས་སུ་ཉམས་སུ་མྱོང་ངོ ། །དེ་ནས་རྣམ་པར་སྨིན་པ་དེ་ཟད་པ་དང ། ཡི་དྭགས་ལྟོགས་པ་དང་སྐོམ་པའི་སྡུག་བསྔལ་གྱིས་ཉེན་པ་དང ། འདོད་པའི་དངོས་པོ་ 201a ༄#། །རྣམས་ཡིད་དུ་མི་འོང་བ་དང ། གདུག་ཅིང་རྩུབ་པའི་དངོས་པོ་སྣ་ཚོགས་སུ་གྱུར་པ་དང ། །ཡོད་མེད་པར་ཡང་གྱུར་ཅིང་ཤིན་ཏུ་རིང་ཅིང་བསྐམས་པ་དང ། ལུས་དང ། ཡན་ལག་དང ། དབང་པོ་མི་འཚམ་པར་གྱུར་པ་བསྐལ་པ་ཆེན་པོ་དྲུག་ཏུ་སྐྱེས་སོ། །དེ་ནས་ལས་ཀྱི་སྒྲིབ་པ་རྩུབ་མོའི་རྣམ་པར་སྨིན་པ་དེ་ཁད་ཀྱིས་བསྲབས་པ་དང་སྔོན་གྱི་སྲིད་པས་མཚམས་སྦྱར་ནས་ཡི་དྭགས་སྲིན་པོ་རབ་ཏུ་གདུག་པ་གཏུམ་པོ་ལུས་གཅིག་ལ་མགོ་བརྒྱ་པ་དང ། མགོ་སྣ་ཚོགས་པ་དང ། ལུས་བརྒྱ་ལ་མགོ་གཅིག་པ་དང ། ལུས་སྣ་ཚོགས་པ་དང ། ཡན་ལག་མང་པོ་དང ། ཡན་ལག་སྣ་ཚོགས་པ་དང ། གདུག་པའི་ལག་ཆ་སྣ་ཚོགས་ཐོགས་པ་དང ། འཁོར་རབ་ཏུ་མང་པོ་དང ། འཇིགས་པའི་གཟུགས་སྣ་ཚོགས་དང ། འཇིགས་པའི་ང་རོ་སྒྲ་སྐད་སྣ་ཚོགས་པ་སྒྲོག་པ་དང ། གཟུགས་དང ། སྒྲ་དང ། དྲི་དང ། ཁ་རླངས་ཀྱིས་ཐམས་ཅད་སྐྱེ་བུང་ཞེས་བྱེད་པ་དང ། རབ་ཏུ་འཇིགས་པའི་རླུང་ནག་དང ། གྲང་བ་དང ། ཚ་བའི་དབུགས་ཀྱིས་ཕྱོགས་བཅུ་ཀུན་ཏུ་ཁམས་འཁྲུག་པར་བྱེད་པ། ནད་བཞི་བརྒྱ་རྩ་བཞིས་འདེབས་ 201b པར་བྱེད་པ། མྱོས་ཤིང་ཉམས་པར་བྱེད་པའི་མཐུས་ཀླུའི་རིགས་དང ། ལྷ་མ་ཡིན་གྱི་རིས་དང ། ལྷའི་རིས་དང ། ཚངས་པའི་རིས་དང ། འོད་གསལ་དང ། དགེ་རྒྱས་དང ། འབྲས་བུ་ཆེ་བ་མན་ཆད་དབང་དུ་བསྡུས་སོ། །དེ་སྔོན་བརྟེན་པའི་སྟོབས་ཀྱིས་ཐམས་ཅད་མཁྱེན་པས་གཟིགས་ནས་ཐུགས་རྗེས་འདུལ་བར་གྱུར་ཏོ། ། དེ་ནས་དེ་བཞིན་གཤེགས་པའི་རྡོ་རྗེ་བཀོད་པ་སྒྱུ་འཕྲུལ་དྲ་བས་འཇིག་རྟེན་དྲུག་གིས་ཕྱོགས་བཅུའི་སྲིད་པ་གསུམ་གྱི་བདག་པོ་འདུལ་བའི་ང་རྒྱལ་ཆེན་པོ་གཟི་བརྗིད་ཆེན་པོ་བསྟན་པའི་ཕྱིར་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང ། གསུང་དང ། ཐུགས་རྡོ་རྗེའི་བདག་པོ་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཁྲོ་བོའི་རྒྱལ་པོའི་དཀྱིལ་འཁོར་གྱི་སྤྲིན་འབྱུང་བ་ཆེན་པོ་རྣམ་པར་སྤྲོས་པའི་སྒྱུ་འཕྲུལ་དྲ་བའི་རྒྱལ་པོ་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ཏེ། དེ་བཞིན་ཉིད་ཀྱི་དབྱིངས་ལས་ཁྲོ་མོ་དབང་ཕྱུག་མ་ཆེན་མོ་མངོན་དུ་ཕྱུང་སྟེ། ཧི་ཧི་དགྱེས་པའི་གཟི་མདངས་ཀྱིས། །པདྨ་རྒྱས་པར་མཛད་ནས་ནི། །གཉིས་སུ་མེད་པར་དགྱེས་པའི་འཁྲིལ་བས་ཐིམ་ནས་བྱང་ཆུབ་སེམས་ཀྱི་སྤྲིན་ལས། ཧཱུཾ་ཧཱུཾ་ཧཱུཾ་བི་ཤཝ་བཛྲ་ཀྲོ་དྷ་ཛྭ་ལ་མཎྜ་ལ་ཕཊ་ཕཊ་ཕཊ་ཧ་ལ་ཧ་ལ་ཧ་ལ་ཧཱུཾ་ཧཱུཾ་ཕཊ་ཅེས་བརྗོད་པས། འཇིག་རྟེན་ 202a ༄#། །དྲུག་གི་ཕྱོགས་བཅུ་མཐའ་ཡས་ཁྱབ་པར་གྱུར་ཏོ། །ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་སྟོང་གསུམ་གྱི་འཇིག་རྟེན་ཙམ། །ཕྱོགས་བཅུའི་རྡུལ་ཕྲ་མོ་སྙེད་ཐོན་བར་གྱུར་པས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་གཡོས། རབ་ཏུ་གཡོས་སོ། །འུར་འུར། རབ་ཏུ་འུར་འུར། ཀུན་ཏུ་རབ་ཏུ་འུར་འུར་རོ། །ཆེམ་ཆེམ། རབ་ཏུ་ཆེམ་ཆེམ། ཀུན་ཏུ་རབ་ཏུ་ཆེམ་ཆེམ་མོ། །ཤིག་ཤིག་།རབ་ཏུ་ཤིག་ཤིག་།ཀུན་ཏུ་རབ་ཏུ་ཤིག་ཤིག་གོ་།གཏོར་གཏོར། རབ་ཏུ་གཏོར་གཏོར། ཀུན་ཏུ་རབ་ཏུ་གཏོར་གཏོར་རོ། །འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྟོང་ཁམས་ན་གནས་པའི་དབང་ཆེ་བ་དང ། གཟི་བརྗིད་ཆེ་བ་དང ། མཐུ་ཆེ་བའི་དབང་ཕྱུག་ཆེན་པོ་ལ་སོགས་པ་རྒྱལ་རབ་ཏུ་བརྒྱལ་བར་གྱུར་ཏོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་ཤིན་ཏུ་རྔམ་པས་ཀྱི་བུང་ཞེས་བྱེད་པ་འབར་བ་ཆེན་པོའི་ཁྲག་འཐུང ། སྐུ་སྨུག་ནག་ཅིར་ཡང་འགྱུར་པ། དབུ་དང་ཕྱག་དང་ཞབས་སྟོང་ཁམས་ཀྱི་རྡུལ་སྙེད་མཚོན་ཆ་སྣ་ཚོགས་འཛིན་པ་དེ་དབུ་གསུམ་ཕྱག་དྲུག་ཞབས་བཞིར་གྱུར་ཏེ། དུར་ཁྲོད་ཆེན་པོར་དགྱེས་ནས་ཁྲག་གི་རྒྱ་མཚོའི་དཀྱིལ་ན་ཀེང་རུས་ཆེན་པོའི་རི་རབ་ཀྱི་སྟེང ། འབར་ 202b བ་ཆེན་པོའི་འཁོར་ལོའི་དཀྱིལ་ན་དབང་ཕྱུག་ཆེན་པོ་དང་དུར་ཁྲོད་ཀྱི་བདག་པོ་དྲེགས་པ་ཁྱོ་ཤུག་གི་གདན་ལ་བརྐྱང་བསྐུམ་དུ་བཞུགས་སོ། །ཁྲོ་བོའི་དཀྱིལ་འཁོར་སྤྲིན་ཕུང་གི་ཚོགས་ཐམས་ཅད་དེ་དག་ཀྱང་ལ་ལ་ནི། དཔལ་ཁྲག་འཐུང་ཆེན་པོར་གྱུར་ཏེ་ཤར་ཕྱོགས་སུ་བཞུགས་སོ། །ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེར་གྱུར་ཏེ་ལྷོ་ཕྱོགས་སུ་བཞུགས། ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་པདྨར་གྱུར་ཏེ་ནུབ་ཕྱོགས་སུ་བཞུགས་སོ། །ལ་ལ་ནི་དཔལ་ཁྲག་འཐུང་ཆེན་པོ་ཀུན་ཏུ་ལས་སུ་གྱུར་ཏེ་བྱང་ཕྱོགས་སུ་བཞུགས་སོ། །དེ་དག་ཀུན་ཀྱང་འཇིགས་བྱེད་ཆེན་པོའི་ཆ་ལུགས་དང ། རྔམ་པའི་ང་རོ་དང ། འབར་བའི་ཀློང་ན་དབུ་གསུམ་ཕྱག་དྲུག་ཞབས་བཞིས་དྲི་ཟ་དང ། གནོད་སྦྱིན་དང ། སྲིན་པོ་དང ། གཤིན་རྗེ་ལ་སོགས་པ་ཁྱོ་ཤུག་གིས་གདན་བྱས་པ་ལ་བཞུགས་སོ། །བཙུན་མོ་ཁྲག་འཐུང་ཆེན་མོ་རྣམས་ཀྱང་སོ་སོར་སྐུ་ལ་འཁྲིལ་བའི་ཚུལ་གྱིས་བཞུགས་སོ། །རིགས་ལྔའི་ཧེ་རུ་ཀ་ལས་གཅིག་ཏུ་བསྟིམ་སྟེ་བསྡུས་ནས། གཅིག་གིས་མང་པོ་འདུལ་བའི་ངོ་མཚར་བསྟན་ཏེ། དེ་ནས་དྲེགས་པ་ཆེན་པོ་ལ་སོགས་པ་གཏུམ་པོའི་སེམས་ཀྱིས་གདུག་པའི་རྫུ་འཕྲུལ་ཆེན་པོ་སྣ་ཚོགས་པ་བསྟན་ནས་མགྲིན་གཅིག་ཏུ་གདུག་པའི་ང་རོས་གླང་པོའི་གཏུམ་ཚིག་ཏུ་སྨྲས་པ། ཐོང་ཐོང་སྙིང་རྗེའི་བདག་པོ་ཅི་དེ་ལྟར་བྱེད་དམ་ཞེས་འཛེར་ཅིང་ཤིན་ 203a ༄#། །ཏུ་གདུག་པའི་སེམས་ཀྱིས་ཁྲོས་ནས་རྔམ་མོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དབུ་དགུ་ཕྱག་བཅོ་བརྒྱད་ཞབས་བརྒྱད་དུ་གནས་ནས་ཐུགས་རྗེས་འདུལ་བའི་ཐབས་ཀྱིས་ཤིན་ཏུ་ཁྲོས་ནས་རྔམ་པའི་སྐད་ཀྱིས། ཧཱུཾ་ཧཱུཾ་ཧཱུཾ། ཧ་ཧ་ཧ། ཁཱ་ཧི་ཁཱ་ཧི་ཁཱ་ཧི་ཞེས་བརྗོད་པས། དབང་ཕྱུག་ཆེན་པོ་ལ་སོགས་པ་གདུག་པ་ཆེན་པོའི་ཚོགས་ཆེན་པོ་དེ་དག་གི་སྙིང་དང་དབང་པོ་ཀུན་ཕྱུང ། ནང་ཁྲོལ་ཀུན་དྲངས། ཡན་ལག་ཀུན་བཅང་གཏུབས་ནས་ཁྲག་ཀུན་འཐུངས་ནས་རུས་པ་ཀུན་འཆོས་སོ། །དེ་ནས་ཧཱུཾ་ཧཱུཾ་ཧཱུཾ་བྷྱོ་ཨེ་ཨ་ར་ལི་ཛ་ཛ་ཞེས་བརྗོད་པས། ཕྱོགས་བཅུ་འཇིག་རྟེན་གྱི་ཁམས་ནམ་མཁའ་དང་བཅས་པར་ཡུངས་འབྲུ་གཅིག་ཙམ་གྱི་ནང་དུ་ཆུད་པར་བསྡུས་སོ། །དེ་ནས་འབྱུང་པོ་མ་ལུས་པའི་རྒྱལ་པོའི་ཡང་རྒྱལ་པོ། །དྲེགས་པ་ཆེན་པོ་ལ་སོགས་པའི་ཆུང་མ་འབྱུང་མོ་ཐམས་ཅད་ཀྱི་རྗེ་མོའི་ཡང་རྗེ་མོ། །སྲིན་མོ་ཆེན་མོ་མིའི་སྲིན་མོ་དང ། ཚངས་མ་དང ། འཁྲུག་མོ་དང ། དབང་མོ་དང ། འཇུག་སྲེད་མོ་དང ། གཞོན་ནུ་མ་དང ། དམར་མོ་དང ། བདུད་རྩི་མོ་དང ། ཞི་བ་མོ་དང ། བེ་ཅོན་མོ་དང ། སྲིན་མོ་དང ། ཟ་བ་མོ་དང ། དགའ་མོ་དང ། ར་རོ་ཁྲག་འཐུང་ 203b མྱོས་པ་དང ། གཅིག་པུ་སྤྱོད་མ་དང ། ཡིད་འཕྲོག་མོ་དང ། གྲུབ་མོ་དང ། རླུང་མོ་དང ། གསོད་བྱེད་མ་དང ། མེ་མོ་དང ། ཕག་མོ་དང ། རྒན་བྱད་མོ་དང ། སྣ་ཆད་མོ་དང ། ཆུ་ལྷ་མོ་དང ། ནག་མོ་ཆེན་མོ་དང ། ར་མགོ་དམར་སེར་ཆེན་མོ་དང ། བུམ་སྣ་སྔོ་ནག་མོ་དང ། གསུས་འཛིན་སེར་ནག་ཆེན་མོ་ལ་སོགས་པ་བྲན་དང་ཡང་བྲན་དང ། གཡོག་དང་ཡང་གཡོག་དང ། འཁོར་ཞིང་གི་རྡུལ་རྙེད་བསྡུས་སོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོས་འདུལ་བའི་ཐབས་ཀྱིས་ཡང་རིགས་ལྔའི་འཇིགས་བྱེད་ཆེན་པོར་སྣང་བར་བྱས་ནས་དེ་དག་ཀུན་དགྱེས་པར་རོལ་པའི་དཀྱིལ་འཁོར་སྤྲིན་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་དང ། གསུང་དང ། ཐུགས་རྡོ་རྗེ་ལས་འདི་དག་ཕྱུང་ངོ ། །ོཾ་ཨཱཾཿ ་ཧཱུཾ་བཛྲ་པྲ་བེ་ཤ་ཨ་ལ་ལ་ཧོཿ ་ཞེས་བརྗོད་པས་འབྱུང་མོའི་རྒྱལ་མོ་རྣམས་ཤིན་ཏུ་ཆགས་པའི་ཡིད་གཡོས་ནས་པདྨའི་དཀྱིལ་འཁོར་སྡུད་ཅིང་རྒྱས་པར་གྱུར་ནས་དཔེར་ན་ཁབ་ལེན་ལ་ལྕགས་འདུ་བའི་ཚུལ་དུ་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེའི་སྐུ་ལ་སྲིན་མོ་ཆེན་མོ་མིའི་སྲིན་མོ་དང ། དམར་མོ་དང ། དགའ་བ་མོ་དང ། གསོད་བྱེད་མོ་ 204a ༄#། །དང ། ནག་མོ་ཆེན་མོ་དང ། དམར་སེར་ཆེན་མོ་དང ། སྔོ་ནག་ཆེན་མོ་དང ། སེར་ནག་ཆེན་མོ་རྣམས་འཁྲིལ་ལོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་རྡོ་རྗེའི་སྐུ་ལ་ཚངས་མ་དང ། འཁྲུག་མོ་དང ། དམར་མོ་དང ། འཇུག་སྲེད་མོ་དང ། གཞོན་ནུ་མོ་རྣམས་འཁྲིལ་ལོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་རིན་པོ་ཆེའི་སྐུ་ལ་བདུད་རྩི་མོ་དང ། ཞི་བ་མོ་དང ། བེ་ཅོན་མོ་དང ། ཟ་བ་མོ་དང ། སྲིན་མོ་རྣམས་འཁྲིལ་ལོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་པདྨ་ཆེན་པོའི་སྐུ་ལ་ཁྲག་གིས་མྱོས་མ་དང ། གཅིག་པུ་སྤྱོད་མ་དང ། ཡིད་འཕྲོག་མ་དང ། གྲུབ་མོ་དང ། རླུང་མོ་རྣམས་འཁྲིལ་ལོ། །བཅོམ་ལྡན་འདས་དཔལ་ཁྲག་འཐུང་ཆེན་པོ་ཀུན་ཏུ་ལས་ཀྱི་སྐུ་ལ་མེ་མོ་དང ། ཕག་མོ་དང ། རྒན་བྱད་མོ་དང ། སྣ་ཆད་མོ་དང ། ཆུ་ལྷ་མོ་རྣམས་འཁྲིལ་ལོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་ཁྲོ་བོའི་དཀྱིལ་འཁོར་དེ་དག་གིས་ཧཱུཾ་ཞེས་བརྗོད་པས་པདྨའི་དཀྱིལ་འཁོར་གྱི་ཚོགས་བསྡུས་ནས་ཤིན་ཏུ་བཅུམ་པར་གྱུར་ཏོ། །དེ་ནས་དགྱེས་ཏེ་ཧ་ཧ་ཞེས་པས་བྱང་ཆུབ་སེམས་ཀྱིས་སྤྲིན་དག་ལས་དཀར་མོའི་ཚོགས་དང ། རྐུན་ 204b མོའི་ཚོགས་དང ། རྨོངས་མོའི་ཚོགས་དང ། ཐལ་བེད་མའི་ཚོགས་དང ། སྦོས་མོའི་ཚོགས་དང ། གཏུམ་མོའི་ཚོགས་དང ། རྨེ་ཤ་ཅན་གྱི་ཚོགས་དང ། མ་ཚོགས་མའི་སོགས་རྣམས་རང་རང་གི་ལག་ཆ་དང་ངོ་མཚར་དུ་བཅས་ནས་ཐོན་ཏོ། །ཐོན་ནས་ཀྱང་འབར་བ་ཆེན་པོའི་འཁོར་ལོའི་མཚན་ཤར་ཕྱོགས་ནས་འཁོར་བར་འཇིགས་པའི་གཟུགས་ཀྱིས་རང་རང་གི་ལག་ཆ་དང་བཅས་ནས་འཁོད་དོ། །དེ་ནས་ཤིན་ཏུ་དགྱེས་ཏེ་ཧེ་ཧེ་ཞེས་བརྗོད་པས་སེང་གདོང་ཆེན་པོའི་ཚོགས་དང ། སྟག་གདོང་ཆེན་མོའི་ཚོགས་དང ། ཝ་གདོང་ཆེན་མོའི་ཚོགས་དང ། ཁྱི་གདོང་ཆེན་མོའི་ཚོགས་དང ། བཞད་གདོང་ཆེན་མོའི་ཚོགས་དང ། ཀངྐའི་གདོང་ཆེན་མོའི་ཚོགས་དང ། དུར་བྱའི་གདོང་ཆེན་མོའི་ཚོགས་དང ། འུག་པའི་གདོང་ཆེན་མོའི་ཚོགས་རྣམས་རང་རང་གི་ལག་ཆ་དང་ངོ་མཚར་དུ་བྱས་ནས་ཐོན་པར་གྱུར་ཏོ། །ཐོན་ནས་ཀྱང་འབར་བ་ཆེན་པོའི་འཁོར་ལོའི་ཕྱི་རོལ་ཤར་གྱི་ཕྱོགས་ནས་འཁོར་བར་རྔམ་པའི་མདངས་ཀྱིས་འཁོད་དོ། །དེ་ནས་ཤིན་ཏུ་དགྱེས་པས་ཕྱོགས་བཅུའི་ཞིང་ཁམས་མ་ལུས་པ་ཁྱབ་པར་བྱས་ནས་ཕཊ་ཅེས་བརྗོད་པས། རྡོ་རྗེ་སྲིད་འགྲོ་མའི་ཚོགས་དང ། རྡོ་རྗེ་གདོང་མའི་ཚོགས་དང ། རྡོ་རྗེ་འཇིག་ 205a ༄#། །རྟེན་མའི་ཚོགས་དང ། རྡོ་རྗེ་རོ་ལངས་མའི་ཚོགས་རྣམས་རང་རང་གི་ལག་ཆ་དང་ངོ་མཚར་དུ་ཆས་ནས་ཐོན་པར་གྱུར་ཏོ། །ཐོན་ནས་ཀྱང་འབར་བ་ཆེན་པོའི་དཀྱིལ་འཁོར་གྱི་སྒོར་ཤིན་ཏུ་རྔམ་པའི་གཟུགས་ཀྱིས་གནས་སོ། །དེ་ནས་དགྱེས་པའི་སྤྲིན་ལས་ཕྱོགས་བཅུ་ནས་ཕཊ་ཅེས་བསྒྲགས་པས་ཐམས་ཅད་ཁྲོས་ནས་མ་མོ་ཐམས་ཅད་ཁོང་རང་རང་གི་གནས་ག་ལ་བ་དེར་ཡུད་ཙམ་གྱིས་ཕྱིན་པར་བཀྱེའོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོ་དཔལ་ཁྲག་འཐུང་ཆེན་པོ་དེ་དག་ཀུན་ཐུགས་རྗེ་ཆེན་པོ་བདུད་རྩི་ཆེན་པོ་འབྱུང་བ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་སྐུ་དང་གསུང་དང ། ཐུགས་རྡོ་རྗེ་ལས་འདི་ཕྱུང་ངོ ། །ོཾ་བཛྲ་མཧཱ་ཨ་མྲྀ་ཏ་མཧཱ་ཀྲོ་དྷ་ཨཾ་ཨཾ་ཨཾ་ཞེས་བརྗོད་པས། དབང་ཕྱུག་ཆེན་པོ་ལ་སོགས་པ་ཐམས་ཅད་བཅོམ་ལྡན་འདས་ཁྲོ་བོ་ཆེན་པོ་དེ་དག་གི་སྣམ་ནས་བཏོན་ནས་མི་གཙང་བའི་འདམ་གྱི་རྒྱ་མཚོ་ཆེན་པོར་ཆུང་པ་ལས། སྣམ་ནས་ཁྲོ་བོ་ཨུ་ཙུསྨ་ཀྲོ་དྷ་ཕྱུང་ནས་འདམ་ཁུ་ཀུན་འཐུངས་པས་དྲན་པ་སླར་རྙེད་དེ། ཁྲོ་བོའི་དཀྱིལ་འཁོར་གྱི་ཚོགས་དེ་དག་ཐམས་ཅད་ཀྱང་དབུ་དགུ་བརྒྱ། ཕྱག་སྟོང་བརྒྱད་བརྒྱ། ཞབས་བརྒྱད་ 205b བརྒྱ།་སྐུ་འབར་བ་ཆེན་པོའི་དཀྱིལ་ན་བཞུགས་པར་མཐོང་ངོ ། །དེའི་དུས་སུ་འཇིག་རྟེན་དྲུག་གི་ཕྱོགས་བཅུའི་སྲིད་པ་གསུམ་གྱི་བདག་པོ་དྲེགས་པའི་དབང་ཕྱུག་ཐམས་ཅད་འདུལ་བའི་ཐབས་སྣ་ཚོགས་བསམ་གྱིས་མི་ཁྱབ་པར་སོ་སོར་སྣང་བས་དུས་གཅིག་ཏུ་བཏུལ་ལོ། །དེ་ནས་དེ་དག་ཤིན་ཏུ་འདར་ཞིང་རབ་ཏུ་བྲེད་ཅིང་ཞུས་པའི་ང་རོས་སྨྲས་པའི་ཚིག་།འབངས་སུ་མཆི། འབངས་སུ་མཆི། འབངས་སུ་ནན་ཏན་མ་བགྱིས་ན། །མགོ་དང་ལུས་ནི་བརྒྱར་འགས་ཤིང ། །སྙིང་ཡང་འགས་ཤིང་གཏུབས་གྱུར་ཅིང ། །རུལ་མྱགས་ཚིག་ནས་བརླག་པ་དང ། །དམྱལ་བར་ལྷུང་ནས་འབོད་པར་ཤོག་།ཅེས་འབངས་སུ་མཆི་བར་མནས་བོར་ནས་དཀྱིལ་འཁོར་གྱི་གདན་དུ་བཞག་གོ། །ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྨྲས་པ། བདག་ཅག་རྣམས་ཀྱི་མཆིས་བྲང་དང ། མ་དང་སྲིང་མོ་བུ་མོ་རྣམས། དཀྱིལ་འཁོར་ཆེན་པོར་བཞེས་སུ་གསོལ། །དཔའ་བོ་ལྷ་རྗེས་བཞེས་སུ་གསོལ། །བདག་ཅག་སོ་སོའི་འཁོར་བཅས་ཀྱིས། །ཚོགས་ཀྱི་དཀྱིལ་འཁོར་དམ་པ་འདི། །མིང་ཙམ་འཛིན་པར་བྱེད་པ་ཡང ། །གཙུག་གི་ནོར་བུ་འབར་བ་ལྟར། །གཡོ་སྒྱུ་མེད་ཅིང་གུས་ལྡན་པའི། །སེམས་ཀྱིས་བླངས་ཏེ་སྤྱི་བོ་ཡི། །གཙུག་ཏུ་ 206a ༄#། །བཞག་སྟེ་བཀུར་བར་བྱ། །དེ་ཡི་དགོས་པ་ཅི་ཡང་རུང ། །མ་ལུས་རྫོགས་པར་བདག་ཅག་སྒྲུབ། །གལ་ཏེ་དཔའ་བོའི་སྤྱན་སྔ་འདིར། །སྨྲས་པ་བཞིན་དུ་མ་བགྱིས་ན། །བདག་ཅག་རྣམས་ཀྱི་མགོ་ལུས་སྙིང ། །བཀས་གཏུབས་དུམ་བུར་རུལ་བར་འཆི། །ཞེས་སྨྲས་སོ། །དེ་ནས་དེ་དག་གི་ཆུང་མའི་ཚོགས་དང ། སྲིང་མོ་དང ། མ་དང ། བུ་མོའི་ཚོགས་ཐམས་ཅད་དཀྱིལ་འཁོར་དུ་ཡུད་ཙམ་གྱིས་འོངས་ནས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་སྨྲས་པ། བདག་ཅག་འཁོར་བཅས་ཐམས་ཅད་ཀུན། །དཔའ་བོ་ཆེན་པོའི་འབངས་སུ་མཆི། །དཔའ་བོ་ཆེན་པོ་བདག་ཅག་རྣམས། །ལས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཞེས་སྨྲས་སོ། །དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་ལག་ཏུ་རྡོ་རྗེ་བྱིན་ནས་མིང་གིས་དབང་བསྐུར་ནས་དཀྱིལ་འཁོར་གྱི་ཕྱི་རོལ་དུ་བཀོད་དོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཁྲོ་བོ་རང་བཞིན་གྱི་དཀྱིལ་འཁོར་སྤྲིན་རྣམ་པར་སྤྲོས་པའི་ལེའུ་སྟེ་བཅོ་ལྔ་པའོ།། །། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དཀྱིལ་འཁོར་གྱི་ཚོགས་ཆེན་པོ་འདི་དག་དམ་ཚིག་གིས་གྲུབ་པར་བྱ་བའི་ཕྱིར་དེ་བཞིན་གཤེགས་པ་ཁྲོ་བོ་ 206b ཁྲག་འཐུང་ཆེན་པོ་བཙུན་མོའི་ཚོགས་དང་བཅས་པ་དེ་དག་གིས་སྐུ་དང་གསུང་དང་ཐུགས་རྡོ་རྗེ་ཡེ་ཤེས་རྔམ་པ་ལས་གསུང་གི་དཀྱིལ་འཁོར་འདི་དག་ཕྱུང་ངོ ། །ོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཤྲཱི་ཧེ་རུ་ཀ་མཧཱ་ཙཎྜ་སརྦ་དུཥྚཱཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་བཛྲ་མཧཱ་ཤྲཱི་ཧེ་རུ་ཀ་མཧཱ་ཙཎྜ་སརྦ་དུཥྚཱཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་རཏྣ་མཧཱ་ཤྲཱི་ཧེ་རུ་ཀ་མཧཱ་ཙཎྜ་སརྦ་དུཥྚཱཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་པདྨོ་མཧཱ་ཤྲཱི་ཧེ་རུ་ཀ་མ་ཧཱ་ཙཎྜ་སརྦ་དུཥྚཱཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཀརྨ་མཧཱ་ཤྲཱི་ཧེ་རུ་ཀ་མཧཱ་ཙཎྜ་སརྦ་དུཥྚཱཾ་ཏ་ཀ་ཧ་ན་ད་ཧ་པ་ཙ་ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཏ་ཐཱ་ག་ཏ་མཧཱ་ཀྲོ་དྷི་ཤཝ་རི་སརྦ་དུཥྚཱཾ་ཧཱུཾ་ཕཊ། ཨོཾ་མཧཱ་བཛྲ་དྷ་ར་མཧཱ་ཀཝོ་དྷི་ཤཝ་རཱི་ཛྭ་ལི་ནི་ཧཱུཾ་ཕཊ། ཨོཾ་མཧཱ་སུརྱ་རཏྣ་མཧཱ་ཀྲོ་དྷི་ཤཝ་རཱི་བི་དྷ་མ་ཧཱུཾ་ཕཊ། ཨོཾ་ཧྲི་ཤ་ཏ་ས་མ་ཏ་པདྨ་ཨོཾ་མཧཱ་སཱ་ར་སཝ་ཏ་མཧཱ་པདྨ་མཧཱ་ཀྲོ་དྷི་ཤཝ་རཱི་ཁཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སརྦ་ཨ་མོ་གྷ་ཀརྨ་མཧཱ་ཀྲོ་དྷི་ཤཝ་རཱི་བི་ཤ་ཧཱུཾ་ཕཊ། ཨོཾ་བཛྲ་གཱི་རཱི་ཡ་གོ་རཱི་ཧ། བཛྲ་ཙཽ་རི་ཧ། བཛྲ་བྲ་མོ་ཧ་ཧ། བཛྲ་བེ་ཏ་ལཱི་ཧ། བཛྲ་ཙཎྜ་ལི་ཧ། བཛྲ་པུཀྐི་སི་ཧ། བཛྲ་གྷསྨ་རེ་ཧ། བཛྲ་སྨ་ཤ་ནི་ཧ། བཛྲ་སྲདྷི་མུ་ཁཱི་ཧེ། བཛྲ་བྱཱ་གྷྲ་མུ་ཁཱ་ཧི། བཛྲ་སྲྀག་ལ་མུ་ཁཱི་ཧེ། བཛྲ་ཤཝ་ན་མུ་ཁཱི་ཧེ། བཛྲ་གྲིདྡྷ་མུ་ཁཱི་ཧེ། བཛྲ་ཀངྐ་མུ་ཁཱི་ཧེ། བཛྲ་ཀ་ཀ་མུ་ཁཱི་ཧེ། བཛྲ་ཨུ་ལུ་ཀ་མུ་ཁཱི་ཧེ། བཛྲ་ཨཱརྱ་ཏེ་ཛ་ 207a ༄#། །ཏེ་ར་ཛཿ ་བཛྲ་ཨ་མུ་ཀ་ཧཱུཾ། བཛྲ་ལོ་ཀེ་པཾ། བཛྲ་བྷསྨི་ས་མ་ལ་བཏོ་ཧོཿ ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ། ཨོཾ་རུ་ལུ་རུ་ལུ་རུ་ལུ་ཧཱུཾ། ཨེ་ཧ་ཧི་ཨ་ན་ཡ། ཛཿ ་ཧཱུཾ་བཾ་ཧོ། །ོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུཾ། ཨོཾ་ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམ་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། །བཛྲ་ཀྲོ་དྷ་ས་མ་ཡ་ཧོ། །བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཨ་ལི་ཨུ་ལི་ཏ་ལི་ཏ་བ་ལི་དཾ་ཥྟཾ། གཽ་ན་རཽ་ཏྲི་ཁ་རཾ་ཡོ་གི་ནཱི་ཁཱ་ཧི་ཧོཿ ། །ཧཱུཾ་ཧ་ཧེ་ཕཊ་བྷྱོ། །ཞེས་བརྗོད་པས་འཇིག་རྟེན་ཁམས་ཕྱོགས་བཅུ་ཐམས་ཅད་ཀུན་ཚིག་།རབ་ཏུ་ཚིག་།ཀུན་ཏུ་རབ་ཏུ་ཚིག་གོ་།འབར། རབ་ཏུ་འབར། ཀུན་ཏུ་རབ་ཏུ་འབར། ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་གྱི་ཚོགས་ཀྱིས་གང ། རབ་ཏུ་གང ། ཀུན་ཏུ་རབ་ཏུ་གང་བར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཁྲོ་བོའི་ཚོགས་ཆེན་པོ་གསུང་གི་དཀྱིལ་འཁོར་སྤྲོས་པའི་ལེའུ་སྟེ་བཅུ་དྲུག་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དེ་དག་གི་དཀྱིལ་འཁོར་བསྟན་པའི་ཕྱིར་ཆེད་དུ་བརྗོད་ 207b པ་འདི་བརྗོད་དོ། །འབར་བའི་འཁོར་ལོ་\?\་བཞི་པ། །གྲུ་ཆད་བཞི་ཡིས་རྣམ་པར་བརྒྱན། །གྲུ་བཞི་སྒོ་ཁྱུད་བཞི་དང་ལྡན། །འབར་བའི་བར་ཁྱམས་གཉིས་ཀྱིས་མཛེས། །ཐོད་སྦྲུལ་ལ་སོགས་ཉི་མས་\?\་དེ། །འབར་བའི་འཕྲོ་བ་མང་པོས་འཁྲུག་།ཁྱུ་མཆོག་མ་ཧེ་གཟིགས་དང་སྟག་།གཏུམ་པ་དོམ་གྱི་སྦར་བ་ཡིས། །དབང་ཕྱུག་ལྷ་ཆེན་ལ་སོགས་གཟུང ། །སྨུག་ནག་སྔོ་ནག་སེར་ནག་དང ། །དམར་ནག་ལྗང་ནག་འཇིགས་པའི་སྐུ། །དབུ་གསུམ་ཕྱག་དྲུག་ཞབས་བཞིར་བགྲད། །ཀོ་རློན་གོས་ནི་སྣ་ཚོགས་གྱོན། །རྔམ་པའི་སྒྲ་སྐད་འཇིགས་པར་སྒྲོག་།སྦྲུལ་དང་ཐོད་ཕྲེང་ཉི་ཟླར་བཅས། །སྟོང་གི་འཇིག་རྟེན་ཁོར་ཡུག་བཅས།། རྡོ་རྗེ་དུང་ཆེན་གང་བ་དང ། །རལ་གྲི་སྒྲ་སྟ་གཤོལ་ལ་སོགས། །རང་གི་ལག་ཆ་སྣ་ཚོགས་བསྣམས། །བཙུན་མོ་འཇིགས་པའི་ཚོགས་དང་འཁྲིལ། །གནས་དང་ཡུལ་གྱི་ཕྱག་རྒྱ་དང ། །སྒོ་བཞི་ཕྱག་རྒྱ་རབ་མཛེས་ཤིང ། །སླས་དང་བྱི་མོ་བྲན་མོའི་ཚོགས། །བཅུ་གཉིས་དང་ནི་བརྒྱད་ཀྱིས་མཛེས། །རང་གི་སྟན་དང་ལག་ཆ་དང ། །ཅི་བགྱི་ཞེས་ནི་ཆས་ཏེ་གནས། །ཞེས་བརྗོད་པས། འཇིག་རྟེན་དྲུག་གི་ཕྱོགས་བཅུ་ཐམས་ཅད་དུ་འབར་བའི་དཀྱིལ་འཁོར་ཀུན་དུ་གསལ་བར་གྱུར་ཏོ།། 208a ༄#། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཁྲོ་བོའི་དཀྱིལ་འཁོར་བསྟན་པའི་ལེའུ་སྟེ་བཅུ་བདུན་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་མཉེས་པའི་མཆོད་པ་ཆེན་པོ་འདི་ཆེད་དུ་བརྗོད་དོ། །དེ་ལ་མཆོད་སྦྱིན་དམ་པ་འདི། །ཐོག་མར་བདག་ཉིད་རྟོགས་གོམས་བསྒྲལ། །དེ་ནས་གཉིས་མེད་བློ་ཡིས་ནི། །བློ་ངན་འཇིག་རྟེན་སྙིང་རེ་རྗེ། །གཉིས་སུ་མེད་པར་བསྒྲལ་བར་བྱ། །འཁྲིལ་བའི་མཆོད་ཆེན་མཉམ་སྦྱོར་བས། །བདག་ཉིད་མཉེས་པས་མཉེས་པར་བྱ། །མཉམ་པའི་གྲུབ་རྫས་ཆེན་པོ་དག་།བདག་དང་མཉམ་པའི་ཚོགས་ལ་དབུལ། །བཟའ་འདུ་བཅའ་དང་བཏུང་དང་བགོ། །ལོངས་སྤྱོད་ལྔ་ལྡན་ཐམས་ཅད་ནི། །དཀྱིལ་འཁོར་ལ་ནི་དཀྱིལ་འཁོར་ཐིམ། །ཕྱོགས་བཅུ་དུས་བཞིར་གཤེགས་པ་ཡི། །བདེ་གཤེགས་ཡོན་ཏན་རྨད་པོ་ཆེ། །གཞན་ནས་ཡོད་འོངས་མ་ཡིན་ཏེ། །ལྷ་སྲིན་ལ་སོགས་སྨོས་ཅི་དགོས། །རྣལ་འབྱོར་ལས་སུ་རུང་རྣམས་ཀྱིས། །ཕྱག་རྒྱ་ཆེན་པར་རྫོགས་གྱུར་ཅིག་།གསལ་བ་ཡིད་གཉིས་མེད་པ་ན། །དཀྱིལ་འཁོར་ཆེན་པོ་འབར་བར་འགྱུར། །ཞེས་བརྗོད་པས་མཉེས་པ་ཆེན་པོས་འཇིག་རྟེན་དྲུག་གི་ཕྱོགས་བཅུ་ 208b ཐམས་ཅད་ཁྱབ་པར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། མཆོད་སྦྱིན་དམ་པ་བསྟན་པའི་ལེའུ་སྟེ་བཅོ་བརྒྱད་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་སྔག་འཆང་རྣམས་དོན་ཡོད་པར་བྱ་བའི་ཕྱིར་དམ་ཚིག་ཆེན་པོ་འདི་བརྗོད་དོ། །བླ་མེད་ཐེག་པ་རབ་ངེས་ན། །ཉེན་མོངས་འདོད་ལྔ་ཀུན་སྤྱད་ཀྱང ། །བྱས་ལ་མི་སོགས་ཚོགས་འགྱུར་ཏེ། །ཚུལ་ཁྲིམས་སྡོམ་པ་ཕུན་སུམ་ཚོགས། །བླ་མེད་མཆོག་གི་དམ་ཚིག་ཏུ། །འདུལ་བའི་དབང་གིས་ཚུལ་ཁྲིམས་དང ། །ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་ཀུན་འདུས་རྣམ་པར་དག་།ཡོད་མེད་དབུ་མའང་མི་དམིགས་ཤིང ། །སྒྱུ་མ་མིག་ཡོར་ལྟ་བུའི་ཚུལ། །སྲོག་མེད་སྲོག་གཅོད་གཅད་དུ་མེད། །སྲོག་ཀྱང་སྐྱེས་བུའི་ལོག་རྟོག་ཙམ། །བདེན་པ་གཉིས་ཀར་དབྱེར་མེད་པས། །འཕྲུལ་དགའ་ཚུལ་ཏེ་ཐ་དད་མེད། །གཞན་དང་མ་བྱིན་མེད་པའི་ཕྱིར། །བླང་མེད་ཐམས་ཅད་ཉིད་ཀྱི་དབྱིངས། །ཆོས་རྣམས་སྒྱུ་མ་ལྟ་བུ་ལ། །མིང་དང་ཚིག་ཏུ་བརྟགས་པ་རྫུན། །རྫུན་ཉིད་ལ་ནི་རྫུན་སྤྱོད་པ། །རྫུན་ཞས་བརྟགས་ཙམ་ཡོད་མ་ཡིན། །མ་ཆགས་པ་ལ་ཆགས་པ་དང ། །ཆགས་པ་ཉིད་ལ་ཆགས་པ་མེད། །དེ་ནི་ཚངས་མཆོག་རྒྱལ་པོ་ཡིན། །ཤིན་ཏུ་ཆགས་པ་ཆེན་པོ་ཡིན། །བླ་མེད་མི་སྤང་བླ་མ་བཀུར། །སྔགས་དང་ 209a ༄#། །ཕྱག་རྒྱ་རྒྱུན་མི་གཅད། །ཡང་དག་ལམ་དུ་ཞུགས་ལ་བྱམས། །གསང་བའི་དོན་ཕྱིར་སྨྲ་མི་བྱ། །འདི་ནི་རྩ་བ་ལྔ་རྣམས་ཏེ། །བསྒྲུབ་དང་བསྲུང་བའི་དམ་ཚིག་མཆོག་།གཏི་མུག་ཆགས་དང་ཞེ་སྡང་དང ། །ང་རྒྱལ་ཕྲག་དོག་མི་སྤང་ངོ ། །དཀར་རྩི་དམར་རྩི་དྲི་ཤ་ཆེན། །དག་པའི་སྣོད་བཅུད་མི་དོར་རོ། །ཡན་ལག་བཅུ་ཡི་དམ་ཚིག་སྟེ། །ཡེ་ནས་དག་མཉམ་རྟོགས་པས་སྤྱད། །བསྲུང་ཞིང་བསྒྲུབ་པའི་དམ་ཚིག་ལྔ། །རྩ་བ་ཡིན་ཏེ་རིགས་མེད་འགྱུར། །མི་སྤང་མི་དོར་ལྔ་གཉིས་ནི། །ཡན་ལག་དམ་ཚིག་འདའ་དཀའ་འོ། །མཉམ་ལ་མཉམ་པར་སྦྱོར་བ་ཡིན། །མཉམ་པའི་དམ་ཚིག་ལ་གནས་ན། །མཉམ་རྫོགས་ཆེན་པོ་ཐོབ་འགྱུར་བས། །འདས་ནས་སངས་རྒྱས་མ་ཡིན་ནོ། །རྩ་བ་ཉམས་པའི་ཕྱལ་བ་དག་།གསོ་ལ་ཉེ་བར་མི་བརྩོན་དང ། །སྐད་ཅིག་ཡུད་ཙམ་སྨྲ་མི་བྱེད། །ཉམས་གྱུར་ཏེས་བ་\?\་བརྗོད་མི་ལང ། །རྩ་བའི་དམ་ཚིག་ཉམས་གྱུར་ན། །སྒྲུབ་པ་ཐམས་ཅད་ལོག་པར་འགྱུར། །ཡིད་དུ་མི་འོང་སྣ་ཚོགས་པའི། །འབྲས་བུ་མི་འདོད་བཞིན་དུ་འདུ། །ཡན་ལག་དམ་ཚིག་ཉམས་གྱུར་ན། །འབྲས་བུ་མེད་ཅིང་ངན་སོང་ལྟུང ། །དམ་ཚིག་རྣམས་ནི་རྡོ་རྗེ་ཆེ། །སངས་རྒྱས་ཀུན་གྱི་བདག་ 209b ཉིད་ཡིན། །རྩ་བའི་དམ་ཚིག་ལྔ་ལ་ནི། །གཅིག་ལའང་གཉིས་དང་བཅུ་ཕྲག་གསུམ། །ཡན་ལག་དམ་ཚིག་ལྔ་གཉིས་ལ། །གཅིག་ལའང་བཅུ་ཕྲག་གཉིས་སུ་དབྱེ།། དམ་ཚིག་འདི་ནི་རྨད་པོ་ཆེ། །འཇིག་རྟེན་དྲུག་གི་ཕྱོགས་བཅུ་ན། །སྲིད་གསུམ་འགྲོ་བ་ཇི་སྙེད་པ། །རྟོག་འདུལ་དམ་ཚིག་དེ་སྙིད་སྒོ། །གཞན་ཡང་རྒྱལ་མཆོག་ཀུན་བཟང་གི་།ཐམས་ཅད་མ་ལུས་ཕྱག་རྒྱ་ཡི། །སྒྲུབ་བྱེད་དམ་པ་མ་ལུས་འགྲུབ། །དེ་ལ་སོགས་པ་མཐའ་ཡས་མཆོག་།རྒྱལ་བའི་རིགས་མཆོག་འཛིན་པ་དེ། །འཇིག་རྟེན་གཙོ་དང་འཁོར་གྱིས་བཀུར། །དམ་པ་མཆོག་དང་དམ་པ་ཡིས། །སྲས་དང་སྦུན་དགོངས་བྱིན་གྱིས་རློབ། །བདེར་གཤེགས་ཉིད་ཀྱི་ཡུལ་ལ་བཞུགས། །འཇིགས་མེད་ཀུན་ཏུ་བཟང་པོར་སྦྱོར། །ཇི་བཞིན་ཉིད་དང་འདུལ་བའི་ཐབས། །ཇི་སྙེད་སྡོམ་པ་བསམ་ཡས་པ། །མ་ལུས་རྣམ་དག་ལྷུན་གྱིས་གྲུབ། །ཉམས་ན་བསྐངས་པས་རྫོགས་པ་དང ། །དེ་ལ་སོགས་ཏེ་མཐའ་ཡས་མཆོག་།ཅེས་བརྗོད་པས་དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ལ་འདུལ་བར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། དམ་ཚིག་གི་ལེའུ་སྟེ་བཅུ་དགུ་པའོ།། །།དེ་ནས་བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྱེས་པ་ཆེན་པོས་ 210a ༄#། །ལྷུན་གྱིས་གྲུབ་པའི་དམ་ཚིག་བྱིན་གྱིས་རློབ་ཅེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་ནས་ཆེད་དུ་བརྗོད་པ་འདི་བརྗོད་དོ། །ེ་མ་ཚོགས་ཀྱི་དཀྱིལ་འཁོར་མཆོག་།འབར་བ་གཏུམ་ཆེན་རྔམ་པ་ལ། །ཁྲོས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། །སངས་རྒྱས་བསོད་ནམས་སྐུ་ཡང་འཇིག་།བདུད་རྩི་ལྔ་འམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པ་བྱ། །བཀུག་ནས་རྡོ་རྗེ་ཕུར་པས་གདབ། །རྡུལ་དུ་བྱས་ནས་ཚོགས་ལ་དབུལ། །ེ་ཡི་ཚོག་ཀྱི་དཀྱིལ་འཁོར་དུ། །ལུག་གུ་རྒྱུད་དུ་སྤྲེལ་བསྡམས་ནས། །བཅིངས་འགྱུར་བསྐྱོད་ན་ཕྱོགས་བཅུར་གཡོ། །མྱོས་ནས་གལ་ཏེ་འཚིག་པར་འགྱུར། །བཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་མཆོག་།འབར་བའི་གཟི་ཆེན་ལྷུན་ཆེན་ལ། །ཆགས་པའི་ཡིད་ཀྱིས་མཆོད་སྦྱིན་བྱ། །རྡོ་རྗེ་གསུང་ཡང་དབང་དུ་འགྱུར། །བདུད་རྩི་ལྔ་འམ་ཟས་ལྔ་ལ། །མཚན་མ་མིང་དུ་བཅས་པ་བྱས། །རྡོ་རྗེ་ཆགས་པའི་ཕུར་པས་གདབ། །ཆགས་པའི་ཚོགས་ལ་ཐིམ་པར་འབུལ། །བཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །འགུགས་འགྱུར་རྡོ་རྗེའང་ཕྱི་བཞིན་འབྲང ། །ཅི་འདོད་དེ་བཞིན་འོང་བར་འགྱུར། །མ་ཡི་ཚོགས་ཀྱི་དཀྱིལ་ 210b འཁོར་མཆོག་།འབར་བའི་འདུ་འཕྲོ་གཟི་བྱིན་ལ། །དགའ་བའི་ཡིད་ཀྱིས་མཆོད་སྦྱིན་བྱ། །ཡོན་ཏན་ནམ་མཁའི་མཐའ་དང་མཉམ། །བདུད་རྩི་ལྔ་འམ་ཟས་ལྔ་ལ། །མཚན་མའི་མིང་དུ་བཅས་པར་བྱ། །ཡོན་ཏན་ཡིད་བཞིན་གཏེར་ཏུ་བརྟག་།ང་རྒྱལ་དགའ་འཕྲོའི་ཕུར་པས་གདབ། །རྡོ་རྗེ་གཟི་བྱིན་འབར་བར་འགྱུར། །མི་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ། །ལུ་གུ་རྒྱུད་དུ་སྦྲེལ་བསྡམས་ནས། །གཟི་བྱིན་འབར་བའི་འཕྲུལ་ཆེན་འཕྲོ། །ཡིད་བཞིན་ནམ་མཁའ་གང་བར་འགྱུར། །ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་མཆོག་།གསལ་བའི་གཟི་བརྗིད་འཚེར་བ་ལ། །དང་བའི་ཡིད་ཀྱིས་མཆོད་སྦྱིན་བྱ། །གཏུམ་པོ་རྔམ་པོ་ལྷན་ནེར་འགྱུར། །བདུད་རྩི་ལྔ་འམ་ཟས་ལྔ་ལ། །གཏུམ་རྔམ་འཁྲུག་པའི་ངོ་བོར་བརྟག་།ལྷན་ནེར་གསལ་བའི་ཕུར་བས་གདབ། །འབར་བ་ལྷན་ནེའི་ཚོགས་སུ་དབུལ། །ཡ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ་ལུ་གུ་རྒྱུད་དུ་སྦྲེལ་ནས་བསྔམས། །འབར་བ་ལྷན་ནེའི་བྱིན་གྱིས་ཁྱབ། །ཐམས་ཅད་གཡོ་བ་མེད་པར་བྱེད། །སླས་དང་བྱི་མོ་བྲན་མོའི་ཚོགས། །ལྷག་མའི་མཆོད་སྦྱིན་འདོད་པ་སྦྱིན། །རང་གི་དམ་ཚིག་རང་བསྒྲགས་ན། །གང་འདོད་ལས་དེ་བྱེད་པར་བསྒོ། །སྔོན་ཚེ་དཔལ་ཆེན་ཧེ་རུ་ཀ། །ཤིན་ཏུ་གདུག་ཅིང་གཏུམ་དགབ་ཅན། །ཐམས་ 211a ༄#། །ཅད་མ་ལུས་འདུལ་མཛད་པའི། །དབང་དང་བྱིན་རླབས་རྨད་པོ་ཆེ། །ལྷ་ཆེན་ལ་སོགས་དབང་བསྡུས་ནས། །འཁོར་རྣམས་དབང་ཕྱུག་སླས་སུ་བྱས། །སོ་སོའི་ལས་རྣམས་བསྐོས་པ་དེ། །ཇི་ལྟར་ཁས་བླངས་དམ་བཅས་པ། །མ་ཐོགས་མྱུར་དུ་མངོན་པར་ཕྱུང ། །དམ་བཅས་བཞིན་དུ་མ་བྱས་ན། །ཇི་ལྟར་རང་གི་མནས་བོར་བའི། །སྡོམ་བྱས་དེ་ལས་འདའ་མ་བྱེད། །སྡོམ་བྱས་དེ་ལས་འདས་གྱུར་ན། །མགོ་ལུས་སྙིང་ཡང་ཚལ་པ་བདུན། །ཡཀྵ་ཁྲོ་བོས་གཏུབས་པར་འགྱུར། །དེ་བས་རྣལ་འབྱོར་སྔགས་འཆང་གི་།ཇི་ལྟར་བཅོལ་བ་བཞིན་དུ་བྱོས། །ལས་དེ་སྔོན་དུ་མ་བྱས་ན། །རང་གིས་ཁས་བླངས་མནས་བོར་བཞིན། །རུལ་མྱགས་ཚིག་ནས་དམྱལ་བར་འགྲོ། །རྣལ་འབྱོར་དམ་ལ་གནས་གྱུར་པའི། །ལས་རྣམས་ཡོངས་སུ་བྱ་བ་དང ། །འཁོར་རྣམས་བུ་གཅིག་བཞིན་དུ་སྐྱོང ། །ཕྲ་མེན་མ་ཡང་དངོས་གྲུབ་ཐོབ། །བཅོལ་བའི་ལས་རྣམས་མངོན་དུ་བྱོས། །ཞེས་བསྒོའོ། །ཁྲོ་བོ་སྒྲུབ་པའི་ལས་ཀྱི་གཙོ་བོ་འདི་ཡིན་ནོ། །ཁྲག་འཐུང་ཆེན་པོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་པོ་ཡིས། །ཐམས་ཅད་ཐམས་ཅད་ཅི་འདོད་པར། །ཐམས་ཅད་ཐམས་ཅད་བྱེད་ 211b པ་ཡིན། །མཛོད་ལྷ་ཆེན་པོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་པོས་ནི། །ཐམས་ཅད་ཀུན་ལ་ཟ་བར་བྱེད། །རྡུལ་ཆ་ཙམ་ཡང་མེད་པར་བྱེད། །འདུ་བར་འདོད་ན་འདུ་བར་བྱེད། །འཕེལ་བར་འདོད་ན་འཕེལ་བར་བྱེད། །སྦོས་མོ་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་པོས་ནི། །ལྷན་ནེར་འདོད་ན་ལྷན་ནེར་བྱེད། །རྨུགས་པར་འདོད་ན་རྨུགས་པར་བྱེད། །སེང་གདོང་ཆེན་མོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་མོས་ནི། །ཐམས་ཅད་ཀུན་ལ་ཟ་བར་བྱེད། །རྡུལ་ཆ་ཙམ་ཡང་མེད་པར་བྱེད། །བཞད་གདོང་ཆེན་པོ་ལ་སོགས་པའི། །བྲོ་གར་གླུ་ཚིག་ཆེན་མོས་ནི། །ཐམས་ཅད་ཀུན་ལ་འབྱིན་པར་བྱེད། །ཀུན་ལ་རབ་ཏུ་ཉམས་པར་བྱེད། །སླས་དང་བྱི་མོ་བྲན་མོ་ཡིས། །བྲོ་གར་གླུ་ཚིག་ཆེན་མོས་ནི། །རྦད་ཅིང་གཏང་བར་བྱ་བ་སྟེ། །ཐམས་ཅད་ཐམས་ཅད་བྱེད་པ་ཡིན། །ལྗོན་པ་དང་ནི་ལྕུག་ཕྲན་ཚལ། ། གདོང་གཅིག་མ་དང་མེ་རེག་དྲུག་།དང་བའི་དགའ་བས་ཆགས་པ་དང ། །ཁྲོས་པས་ཀ་ལི་རབ་ཏུ་བྱ། །ཞེས་བརྗོད་པས། །དེ་བཞིན་གཤེགས་པ་ཉིད་དེ་བཞིན་གཤེགས་པ་ཉིད་ཀྱིས་སྤྱོད་བར་གྱུར་ཏོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ལྷུན་གྱིས་གྲུབ་པའི་འཕྲིན་ལས་བྱིན་གྱིས་བརླབས་པའི་ལེའུ་སྟེ་ 212a ༄#། །ཉི་ཤུ་པའོ།། །།དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོའི་ཚོགས་ཀྱི་དཀྱིལ་འཁོར་གྱིས་ཤིན་ཏུ་རྔམ་པའི་གདངས་ཀྱིས་གླུ་འདི་བླངས་སོ། །ཧཱུཾ་གཏུམ་ཆེན་དུས་མཐའི་མེ་ལྟར་འབར། །འོད་ཟེར་ཉི་མ་འབུམ་གྱི་གཟི། །ཁྲོ་གཉེར་གློག་སྟོང་འགྱུ་བ་བཞིན། །མཆེ་བ་ཟངས་ཡག་ཟ་བྱེད་ཆེ་ཧོཿ ། ཧཱུཾ་རྔམ་པའི་ང་རོ་འབྲུག་སྟོང་ལྡིར། །གཏུམ་ཆེམ་རི་རབ་འབུམ་བསྙིལ་སྐད། ། ཨ་ཧ་ལའི་གད་རྒྱངས་ཆེ། །དབྱུག་པའི་འཐོར་རླུང་གཡེང་བ་ཆེ་ཧོཿ ། ཧཱུཾ་ཁོར་བོ་ཤེས་རབ་འོད་པོ་ཆེ། །ཡེ་ཤེས་དཀྱིལ་འཁོར་ཀུན་ཏུ་གསལ། །འབར་བའི་ཡེ་ཤེས་ཀུན་ཏུ་འཇོམས། །སྣ་ཚོགས་ཡེ་ཤེས་ཐིག་ལེ་ཆེ་ཧོཿ ། ཧཱུཾ་ཁྲོ་བོའི་རྒྱལ་པོ་སྲིན་ཆེན་པོ། །ཁྲོས་པའི་དཀྱིལ་འཁོར་ཆར་ཆེན་འབེབས། །དཀྱིལ་འཁོར་ཡིད་བཞིན་འབྱུང་བའི་གཏེར། །སྣ་ཚོགས་ཁྲོས་པའི་ཐིག་ལེ་ཧོཿ ་ཧཱུཾ་བདུད་ཀུན་གྱི་ནི་བདུད་ཆེན་པོ། །བདུད་ཀྱི་བདུད་དེ་བདུད་རྣམས་འཇོམས། །འཇིགས་པའི་ཚོགས་ཀྱང་འཇིགས་བྱེད་པ། །འཇིགས་བྱེད་ཆེན་པོ་ཐིག་ལེ་ཆེ་ཧོཿ ། རྡོ་རྗེ་བྲག་སྟེ་སྲ་པ་པོ། །རྡོ་རྗེ་ཆུ་སྟེ་སྡུད་པ་པོ། །རྡོ་རྗེ་མེ་སྟེ་ཀུན་འབར་ཆེ། ། 212b རྡོ་རྗེ་རླུང་སྟེ་འཐོར་རླུང་ཆེ་ཧོཿ ་ཞེས་ཆེད་དུ་གླུ་འདི་བླངས་སོ། །གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། ཁྲོ་བོ་ལ་བསྟོད་པའི་ལེའུ་སྟེ་ཉི་ཤུ་རྩ་གཅིག་པའོ།། །། དེ་ནས་བཅོམ་ལྡན་འདས་དགྱེས་པ་ཆེན་པོས་དེ་བཞིན་གཤེགས་པ་ཉིད་ལ་སྔགས་ཀྱི་རྒྱལ་པོ་བརྟན་པར་གཟུང་བ་འདི་ཆེད་དུ་བརྗོད་དོ། །ཀྱེ་ཀྱེ་ཕྱོགས་བཅུ་དུས་བཞིའི་རང་བཞིན་འདི། །དེ་བཞིན་གཤེགས་པའི་ངོ་བོ་ཉིད། །གཟུང་འཛིན་སྤྲོས་ལ་འཆེལ་བ་ཡི། །རྣམ་རྟོག་ཞགས་པས་སོ་སོར་ཟིན། །ས་རྣམས་ཁྱད་པར་བཀོད་པ་ཡང ། ། གསང་བའི་སྙིང་པོར་འགྲོ་བའི་ལམ། །ཡེ་ཤེས་ངོ་མཚར་རབ་འབྱམས་ཀུན། །དོན་དུ་མི་འགྱུར་ཡོངས་མ་གསུངས། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱི། །ཕྱག་རྒྱ་གསང་ཆེན་ངེས་པ་འདི། །རྟོགས་ནས་སྨྲ་བར་གང་བྱེད་པ། །དེ་ཉིད་ང་ཡིན་དབང་ཡང་རྫོགས། །དེ་བཞིན་གཤེགས་པ་ཐམས་ཅད་ལ། །གསང་བ་འདི་ལས་གཞན་མི་མངའ། །སྒྲོ་དང་སྐུར་བ་ཞི་བ་ཡི། །གསང་བའི་སྙིང་པོ་དེ་ཁོ་ན། །ཉིད་དེ་ངེས་པའི་དབྱིངས་ནས་ཕྱུང ། །དེ་ནི་ངེས་པར་ལུང་བསྟན་ཏེ། །སྲས་ནི་ཐུགས་ལས་སྐྱེས་པ་ཡིན། །ས་རབ་རིག་པ་འཛིན་ལ་གནས། །ཞེས་བརྗོད་པས། དེ་བཞིན་གཤེགས་པ་ཐམས་ཅད་དབྱེར་མེད་པར་དགྱེས་ནས་དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས་ 213a ༄#། །སྐུ་གསུང་ཐུགས་ཀྱི་ལྷུན་སྟུག་པོ་བཀོད་པའི་རྒྱན་ཉིད་དུ་བཞུགས་སོ། །འཕགས་པ་རྟོག་པའི་རྒྱལ་པོ་སྒྱུ་འཕྲུལ་དྲ་བའི་ལེའུ་སྟེ། སྟོང་ཕྲག་བརྒྱ་པ་ལས་མཚན་ཉིད་དང་རྒྱུད་ཐམས་ཅད་ཀྱི་ལུང་གི་སྤྱི། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསང་བ། གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པའི་ལེའུ་ལས་ཐམས་ཅད་མ་ལུས་པར་སྤྲོས་ཏེ་འཁོར་ལོ་བསྐོར་བ་དེ་དག་གི་འབྲས་བུའི་མཆོག་གོ་།གསང་བའི་སྙིང་པོ་དེ་ཁོ་ན་ཉིད་ངེས་པ་ལས། མཉེས་པ་དང་ཡོངས་སུ་གཟུང་བའི་ལེའུ་སྟེ་ཉི་ཤུ་རྩ་གཉིས་པ་རྫོགས་སོ།། །། |