འཕགས་ 139a ༄#། །པ་ལང་ཀར་གཤེགས་པ་ལ་ཕྱག་འཚལ་ལོ། །བློ་གྲོས་ཆེན་པོ། སྔགས་ཀྱི་ཚིག་འདི་དག་བཤད་པར་བྱའོ། །ཏདྱ་ཐཱ། ཨོཾ་པདྨེ་པདྨེ་དེ་བཻ། ཧི་ནེ་ཧི་ནེ། ཙུ་ལུ་ཅུ་ལུ་ཙུ་ལུ། ཧུ་ལེ་ཧུ་ལེ་ཧུ་ལེ། ཡུ་ལེ་ཡུ་ལེ་ཡུ་ལེ། པ་ལེ་པ་ལེ་པ་ལེ། མཱུཾ་ཙྪེ་ད་ན་དེ། བྷི་ན་དེ་བྷན་ཛྭ། མན་དེ་པྲ་མ་དེ། དྷི་ན་ཀ་རེ་སཝཱཧཱ། བློ་གྲོས་ཆེན་པོ། རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་སྔགས་ཀྱི་ཚིག་འདི་དག་འཛིན་པ་དང ། འཆང་བ་དང ། ཀློག་པ་དང ། ཀུན་ཆུབ་པར་བྱེད་ན་ལྷའམ། ལྷ་མོའམ། ཀླུ་འམ། ཀླུ་མོ་འམ། གནོད་སྦྱིན་ནམ། གནོད་སྦྱིན་མོའམ། ལྷ་མ་ཡིན་ནམ། ལྷ་མ་ཡིན་མོའམ། ནམ་མཁའ་ལྡིང་ངམ། ནམ་མཁའ་ལྡིང་མོའམ། མིའམ་ཅིའམ། མིའམ་ཅི་མོའམ། ལྟོ་འཕྱེ་ཆེན་པོའམ། ལྟོ་འཕྱེ་ཆེན་པོ་མོའམ། དྲི་ཟའམ། དྲི་ཟ་མོའམ། འབྱུང་པོའམ། འབྱུང་པོ་མོའམ། གྲུལ་བུམ་མམ།་གྲུལ་བུམ་མོའམ། ཤ་ཟའམ། ཤ་ཟ་མོའམ། གནོན་པོའམ། གནོན་པོ་མོའམ། བརྗེད་བྱེད་དམ། བརྗེད་བྱེད་མོའམ། སྲིན་པོའམ། སྲིན་མོའམ། ཕྲ་མེན་ཕོའམ། ཕྲ་མེན་མོའམ། མདངས་འཕྲོག་ཕོའམ། མདངས་འཕྲོག་མོའམ། ལུས་སྲུལ་པོའམ། ལུས་སྲུལ་མོའམ། མིའམ། མི་མ་ཡིན་པ་དེ་དག་ཐམས་ 139b ཀྱིས་གླགས་མི་རྙེད་དོ། །གསང་སྔགས་ཀྱི་ཚིག་འདི་དག་ཀློག་པར་བྱེད་པ་དེས་ལང་ཀར་གཤེགས་པའི་མདོ་ཐམས་ཅད་བཀླགས་པར་འགྱུར་རོ། །སྔགས་ཀྱི་ཚིག་འདི་དག་ནི་བཅོམ་ལྡན་འདས་ཀྱིས་སྲིན་པོ་ལ་སོགས་པ་རྣམས་བཟློག་པའི་ཕྱིར་གསུངས་སོ། །འཕགས་པ་ལང་ཀར་གཤེགས་པའི་མདོ་ཐམས་ཅད་བཀླགས་པར་འགྱུར་བའི་གཟུངས་སྔགས་རྫོགས་སོ།། །། |