rKTs


H735

(e-text produced by ACIP)

see text in transliteration
133b
དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །ོཾ་བྷ་ག་བ་ཏི་ཤྲུ་ཏི་སྨྲི་ཏི། བ་ལ་བ་ལ་པདྨ་སིདྡྷེ་སཝཱ་ཧཱ། ཆོ་ག་ནི་ཞག་བདུན་གྱི་བར་དུ་ནང་རེ་ཞིང་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྤྱན་སྔར་ཆུ་ཁྱོར་གང་ལ་ལན་བདུན་སྔགས་ཀྱིས་བཏབ་སྟེ་འཐུངས་ན་ཉིན་གཅིག་ཀྱང་ཡི་གེ་ཤོ་ལོ་ཀ་སུམ་བརྒྱ་ལོབས་སོ། །ཟླ་བ་གཅིག་གི་བར་དུ་བྱས་ན་མིའམ་ཅི་དང་འདྲ་བར་མགྲིན་པ་སྙན་པར་འགྱུར་ཏེ་ཐེ་ཚོམ་ཟ་བར་མི་བྱའོ། །མགྲིན་པ་སྙན་པའི་གཟུངས་རྫོགས་སོ།། །།