rKTs


H725

(e-text produced by ACIP)

see text in transliteration
130a
རྒྱ་གར་སྐད་དུ། ཨཱརྱ་ཛྙཱ་ནཱོ་ལྐཱོ་ནཱ་མ་དྷཱ་ར་ཎཱི་སརྦ་ག་ཏི་པ་རི་ཤོ་དྷ་ནི། བོད་སྐད་དུ། འཕགས་པ་ཡེ་ཤེས་ཏ་ལ་ལ་ཞེས་བྱ་བའི་གཟུངས་འགྲོ་བ་ཐམས་ཅད་ཡོངས་སུ་སྦྱོང་བ། ཐམས་ཅད་མཁྱེན་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་ཏ་ལ་ལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསེར་གྱི་འོད་བརྩེགས་སྣང་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བདེན་གསུང་ལ་ཕྱག་འཚལ་ལོ། །དེ་བཞིན་
130b
གཤེགས་པ་འཇིགས་པའི་སྒྲ་སྒྲོགས་རྒྱལ་པོ་ལ་ཕྱག་འཚལ་ལོ། །དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་དང ། བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་དང ། བྱང་ཆུབ་སེམས་དཔའ་གཟུངས་ཀྱི་དབང་ཕྱུག་དང ། བྱང་ཆུབ་སེམས་དཔའ་ལག་ན་རྡོ་རྗེ་དང ། བྱང་ཆུབ་སེམས་དཔའ་བཞི་པོ་དེ་དག་དང ། དེ་བཞིན་གཤེགས་པ་དེ་དག་ཟླ་བ་དང ། ཉི་མའི་གནས་ན་བཞུགས་སོ། །དེ་ནས་ལྷའི་བུ་ཟླ་བ་དང ། ཉི་མ་གཉིས་དེ་བཞིན་གཤེགས་པ་དེ་དག་ག་ལ་བཞུགས་པ་དང ། བྱང་ཆུབ་སེམས་དཔའ་དེ་དག་ག་ལ་བ་དེར་སོང་ནས་དེ་གཉིས་ཀྱིས་དེ་བཞིན་གཤེགས་པ་རྣམས་རིན་པོ་ཆེ་བཀོད་པའི་སེངྒེའི་ཁྲི་ལ་བཞུགས་པ་རྣམས་དང ། ཁང་པ་བརྩེགས་པ་ཛམ་བུའི་རྒྱལ་མཚན་བརྩེགས་པ་དག་གི་ནང་ན་བྱང་ཆུབ་སེམས་དཔའ་དེ་དག་འཁོད་པའང་མཐོང་ངོ ། །དེ་ནས་ལྷའི་བུ་ཟླ་བ་དང ། ཉི་མ་གཉིས་གཅིག་ལ་གཅིག་སེམས་ཏེ། ཇི་ལྟར་བྱས་ན་བདག་ཅག་གིས་དེ་བཞིན་གཤེགས་པ་རྣམས་ལ་བྱང་ཆུབ་སེམས་དཔའ་འདི་རྣམས་ལས་སེམས་ཅན་ཐམས་ཅད་ལ་སྣང་བ་སྦྱིན་པ་དང ། མུན་པ་མུན་ནག་བསལ་བའི་ཕྱིར་ཤར་བའི་གཟུངས་སྔགས་ཕྱོགས་བཅུར་ཁྱབ་པའི་བློ་ཅན་ཞེས་བྱ་བ་གང་གིས་ཐུགས་བདག་ཅག་སེམས་ཅན་ཐམས་ཅད་ལ་སྣང་བར་བྱེད་པ་ཐོབ་པར་འགྱུར་ཞིག་གུ་སྙམ་མོ། །དེ་ནས་དེ་བཞིན་གཤེགས་པ་དེ་དག་དང །
131a
༄#། །བྱང་ཆུབ་སེམས་དཔའ་དེ་དག་གིས་ལྷའི་བུ་ཟླ་བ་དང ། ཉི་མ་དེ་དག་གི་སེམས་ཀྱི་ཡོངས་སུ་རྟོག་པ་ཐུགས་ཀྱིས་མཁྱེན་ནས་དེའི་ཚེ་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའ་དང་བཅས་པ་དེ་དག་གིས་གཟུངས་སྔགས་འདི་བཀའ་སྩལ་པ། སྱཱད་ཐེ་དན། ཙཀྵུ་ར་ད་ད། ཙཀྵུ་ཤྷུ་བྷ། དྷུ་ལ་མེ་ཐཱ་ཀ་ལཏྠ། ཨིཏྟཏྠ་ན་ས། སཱུ་རད་ཊ་སཱུ་རཏ་ཊ། སུད་ཐཱ་ཡ། ཨིཏྠ་ནྶ། པེ་ལཱ་པེ་ལཱ། པ་ཎ་ཙི་རུ་མཱུརྟི་ནི། ཨཱ་ར་ཎི། ཨཱ་ར་ཎི། ཀཱ་ལ་པ་ཎི། ཀཱ་ལ་པ་ཎི། ཏུ་རུ་དུ་སི། ཏུ་རུ་དུ་ས། དྷ་སུ་ཏི་དྷ་སུ་ཏི། དྷི་རི་དྷི་རི། དྷུ་རུ་དྷུ་རུ། དྷུ་རུ་དྷུ་རུ། ཀཱ་ལ་ཀཱ་ལ། སཏྠཱ་ས། གཱི་ལ་གཱི་ལ། གཱི་ལ་བ་ཡ། གཱི་ལ་བ་ཡ། དྷུ་སུ་དྷུ་སུ། སུན་དྷུ་སུན་དྷུ། སཏྠཱ་སུ། ཨད་ཐཱ་སུ། ཨེ་ཐཱ་སུ། ཨེ་ཐཱ་སཱ་བཱ་ནི། ཡུ་ཙུ་རེ་དྷེ། སུ་དྷ་རེ། ཀ་ར་ཀ་ར། ཀི་ར་ཀི་ར། ཀུ་རུ་ཀུ་རུ། ཀུརྨ་ཀུརྨ། ཀུརྨ་པ་ཎི་ཀུརྨ་པ་ཎི། ཀེ་ལུ་ཀེ་ལུ། ཀེ་ལ་པཱ་ཎི་ཀེ་ལ་པཱ་ཎི། ཀརྐཱ་རི་ཀརྐཱ་རི། བ་རུ་བུདྡྷེ། དྷུ་རུ་དྷེ་དྷུ་རུ་དྷེ། མ་ཧཱ་དྷ་རུ་དྷེ། ཀ་ར་ཀ་ར། ཀི་ར་ཀི་ར། པི་ཧུ་སི། པི་ཧུ་སི། དྷ་སུ་དྷ་སུ། ཧ་སུ་ཧ་སུ། ཧ་སུ་བ་ནི་སཝཱཧཱ། དེ་ནས་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོས་ལྷའི་བུ་ཟླ་བ་དང ། ཉི་མ་རྣམས་ལ་འདི་སྐད་ཅེས་སྨྲས་སོ། །ཀྱེ་རིགས་ཀྱི་བུ་དག་།གཟུངས་སྔགས་འདི་ནི་སེམས་ཅན་ངན་སོང་དུ་འགྲོ་བ་རྣམས་ལ་ཕན་གདགས་པའི་ཕྱིར་སངས་རྒྱས་བྱེ་བ་ཕྲག་བརྒྱད་ཅུ་རྩ་བཞིས་གསུངས་པ་ཡིན་ཏེ། རིགས་ཀྱི་བུ་དག་།ུ་དུམ་ཝ་རའི་མེ་ཏོག་ནི་ཆེས་རྙེད་པར་སླ་ཡི། གཟུངས་
131b
སྔགས་ཀྱི་ཚིག་འདི་དག་འཇིག་རྟེན་དུ་འབྱུང་བ་ནི་དེ་ལྟ་མ་ཡིན་ནོ། །རིགས་ཀྱི་བུ་དག་།གཟུངས་སྔགས་ཀྱི་ཚིག་འདི་དག་ནི་ཆེས་རྙེད་པར་སླ་ཡི། འདི་དག་འཆང་བའམ། ཀློག་པ་ནི་དེ་ལྟ་མ་ཡིན་ནོ། །རིགས་ཀྱི་བུ་དག་།སངས་རྒྱས་འབྱུང་བ་ནི་ཆེས་རྙེད་པར་སླ་ཡི། གཟུངས་སྔགས་ཀྱི་ཚིག་འདི་དག་འཇིག་རྟེན་དུ་འབྱུང་བ་ནི་དེ་ལྟ་མ་ཡིན་ནོ། །རིགས་ཀྱི་བུ་དག་།གལ་ཏེ་སེམས་ཅན་མནར་མེད་པ་ན་འཁོད་པ། བསྐལ་པར་གནས་པ། མཚམས་མེད་པ་ལྔ་བྱེད་བྱེད་པ། དམ་པའི་ཆོས་སྤོང་བར་བྱེད་པའི་སེམས་ཅན་དེ་དག་གི་ཕྱིར་གཟུངས་སྔགས་ཀྱི་ཚིག་འདི་དག་ཞག་ཉི་ཤུ་རྩ་གཅིག་གི་བར་དུ་ཉིན་ལན་གསུམ་མཚན་ལན་གསུམ་བརྗོད་ན་དེའི་ཚེ་གཟུངས་སྔགས་ཀྱི་ཚིག་འདི་དག་གི་མཐུས་སེམས་ཅན་དམྱལ་བ་ཆེན་པོ་མནར་མེད་པ་ཁ་བརྒྱར་འགྱེས་པར་འགྱུར་ལ་སེམས་ཅན་དེ་དག་ཀྱང་ཡོངས་སུ་ཐར་བར་འགྱུར་ན་འཛམ་བུའི་གླིང་པའི་མི་རྣམས་ལྟ་ཅི་སྨོས་ཏེ། གང་དག་གི་རྣ་ལམ་དུ་གྲགས་པར་གྱུར་པ་དེ་དག་གིས་ནི་བདག་ཅག་ནི་དེ་བཞིན་གཤེགས་པ་བཞི་པོ་རྣམས་དང ། བྱང་ཆུབ་སེམས་དཔའ་བཞི་པོ་རྣམས་དང ། ཟླ་བ་དང ། ཉི་མ་རྣམས་ཀྱིས་ཡོངས་སུ་ཟིན་པ་ཡིན་ནོ་སྙམ་དུ་ཤེས་པ་ཁོ་ནར་བྱ་སྟེ། འདི་ལ་སོམ་ཉི་ལམ་\?\་།ཡིད་གཉིས་བསྐྱེད་པར་མི་བྱའོ། །ཏདྱ་ཐཱ། དྷུ་ན་ཊི་དྷུ་ན་ཊི། མ་ཧཱ་དྷུ་ན་ཊི། སུ་རུ་སུ་རུ་སཝཱ་ཧཱ། ཤུ་ཀླ་བི་ཤོ་དྷ་ནི། ཏ་ར་ཏ་ར་སཝཱ་ཧཱ། ཛྱོ་ཏིཥྤྲ་དཱི་པེ། ཏུ་རུ་ཏུ་རུ་སཝཱ་ཧཱ། པདྨ་མཱ་ལི་ནི་སཏྱ་ཏ་ར་བུདྡྷི།
132a
༄#། །ཧུ་རུ་ཧུ་རུ་སཝཱ་ཧཱ། སཏྱ་བུད་དྷི། སཏྱ་ཨ་བ་ལི་ཀི་ནི། ཀ་ར་ཀ་ར། ཀི་རི་ཀི་རི་སཝཱ་ཧཱ། དྷ་ར་ན་པུ་ཊི་ཨ་པྲ་ཏི་ཧ་ཏ་བུདྡྷི་ཙུ་རུ་ཙུ་རུ་སཝཱ་ཧཱ། ལཀྵ་ནི་ཙི་ཏེ་དྷུ་མ་པ་རི། ཧ་ར། ཧུ་རུ་ཧུ་རུ་ཁུ་རུ་ཁུ་རུ་སཝཱ་ཧཱ། དྷ་ར་དྷ་ར། མཱ་དྷ་ར། དྷ་ར་དྷ་ར། དྷ་ར་ཡན་ཏི་ཡེ་སཝཱ་ཧཱ། སུ་པྲ་ཏི། སུ་མ་ཏི། ཨ་པྲ་ཏི་ཧ་ཏ། བུད་དྷི། དྷ་ར་དྷ་ར། དྷ་ར་ཡནྟི་ཡེ་སཝཱ་ཧཱ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཡེ་ཤེས་ཏ་ལ་ལ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་གསེར་གྱི་འོད་བརྩེགས་སྣང་བ་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་བདེན་གསུང་ལ་ཕྱག་འཚལ་ལོ། །དེ་བཞིན་གཤེགས་པ་འཇིགས་པའི་སྒྲ་སྒྲོགས་རྒྱལ་པོ་ལ་ཕྱག་འཚལ་ལོ། །སཝཱ་ཧཱ། འཕགས་པ་ཡེ་ཤེས་ཏ་ལ་ལ་ཞེས་བྱ་བའི་གཟུངས་འགྲོ་བ་ཐམས་ཅད་ཡོངས་སུ་སྦྱོང་བ་རྫོགས་སོ།། །།