རྒྱ་གར་ 118a ༄#། །སྐད་དུ། ཨཱརྱ་མཻ་ཁ་ལཱ་ནཱ་མ་དྷཱ་ར་ཎི། བོད་སྐད་དུ། འཕགས་པ་མེ་ཁ་ལ་ཞེས་བྱ་བའི་གཟུངས། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་ཤཱཀྱའི་ཡུལ་སེར་སྐྱའི་གནས་ན་ཤིད་ནྱ་གྲོ་དྷའི་ཀུན་དགའ་རབ་ན་བཞུགས་ཏེ།་དེའི་ཚེ་གཞོན་ནུ་སྒྲ་གཅན་ཟིན་མལ་ན་ཉལ་བ་ལས་སྲིན་པོ་ཞིག་གིས་སྡངས་པར་བྱས་པར་གྱུར་ཏོ། །དེ་ནས་གཞོན་ནུ་སྒྲ་གཅན་ཟིན་དེ་ཉིད་ཀྱི་མཚན་མོ་འདས་ནས་གཞོན་ནུ་མང་པོ་རྣམས་ཀྱིས་མདུན་དུ་བདར་ཅིང་ཡོངས་སུ་བསྐོར་ཏེ་སེར་སྐྱའི་གནས་ནས་བྱུང་ནས་བཅོམ་ལྡན་འདས་གལ་བ་དེར་སོང་སྟེ་ཕྱིན་ནས་བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་བཙལ་ཏེ་སྤྱན་སྔར་འདུག་ནས་དུས་སོ། །དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ།་ཀུན་དགའ་བོ། གཞོན་ནུ་སྒྲ་གཅན་ཟིན་སྲུང་བའི་ཕྱིར་མེ་ཁ་ལ་ཞེས་བྱ་བའི་རིག་སྔགས་བཤད་ཀྱི་ཁྱོད་ཀྱིས་ཟུངས་ཤིག་ལྷའི་ཚོགས་དང ། ཀླུའི་ཚོགས་དང ། གནོད་སྦྱིན་གྱི་ཚོགས་དང ། སྲིན་པོའི་ཚོགས་དང ། ལྷ་མ་ཡིན་གྱི་ཚོགས་དང་།ནམ་མཁའ་ལྡིང་གི་ཚོགས་དང ། མིའམ་ཅིའི་ཚོགས་དང་།ལྟོ་ 118b འཕྱེ་ཆེན་པོའི་ཚོགས་དང ། ཤ་ཟའི་ཚོགས་དང ། ཡི་དྭགས་ཀྱི་ཚོགས་དང ། གྲུལ་བུམ་གྱི་ཚོགས་དང ། སྲུལ་པོའི་ཚོགས་དང ། གཟའི་ཚོགས་དང ། རྒྱུ་སྐར་གྱི་ཚོགས་དང ། གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་དང ། རྒྱལ་པོ་ཆེན་པོ་བཞི་དང ། དྲང་སྲོང་འདོད་ཆགས་དང་བྲལ་བ་རྣམས་དང ། གངས་ལ་གནས་པ་དང ། ཕྱོགས་བཅུ་ན་འབྱུང་པོ་གང་དག་འཁོད་པ་དང ། སྲིན་མོའི་ཚོགས་དང ། བཱ་ལི་དང ། ཀཱ་ཊ་ལི་དི་དང ། པོ་ད་རི་དང ། གྲོང་རྣ་དང ། ཡིད་བཟང་དང ། འཕྲོག་མ་ཆེན་མོ་དང ། མ་མོའི་ཚོགས་རྣམས་ང་ལ་ཉོན་ཅིག་།རྒྱ་མཚོའི་འཁོར་གྱི་སྲུང་མ་ཤར་ཕྱོགས་ཀྱི་ཕྱོགས་ཆ་ན་སྲིན་མོ་འཕྲོག་མ་ཞེས་བྱ་བ་དང ། ལྷོ་ཕྱོགས་ཀྱི་ཕྱོགས་ཆན་སྲིན་མོ་གླང་སྣ་མ་ཞེས་བྱ་བ་དང ། ནུབ་ཕྱོགས་ཀྱི་ཕྱོགས་ཆ་ན་སྲིན་མོ་རལ་པ་ཅན་ཞེས་བྱ་བ་དང ། བྱང་ཕྱོགས་ཀྱི་ཕྱོགས་ཆན་སྲིན་མོ་སའི་གཙུག་ཅེས་བྱ་སྟེ་སྲིན་མོ་དྲག་མོ་དེ་དག་རེ་རེའང་འཁོར་བྱེ་བ་དྲུག་ཅུས་བསྐོར་བ་མེ་ཁ་ལའི་རིག་སྔགས་ལས་བརྗོད་པ་དེ་དག་ཐམས་ཅད་ཀྱིས་སྲུང་བར་གྱིས་ཤིག་།ཏདྱ་ཐཱ། གྷ་ནེ་གྷ་ནེ། གྷ་ནེ་གྷ་ནེ། གྷ་ནེ་གྷ་ནེ། གྷ་ནེ་གྷ་ནེ་པ་ཏི། གྷུ་མེ་གྷུ་མེ། གྷུ་མེ་གྷུ་མེ། གྷུ་མེ་གྷུ་མེ། གྷུ་མེ་གྷུ་མེ་པ་ཏི། གྷ་རེ་གྷ་རེ། གྷ་རེ་གྷ་རེ། གྷ་རེ་གྷ་རེ། གྷ་རེ་གྷ་རེ། གྷི་རི་རི་ནི། གྷ་ར་པ་ཏི་སཝ་ར་བ་ཏི། དྷ་ན་བ་ཏི། སུ་ར་བ་ཏི། ཨ་ཧི་ 119a ༄#། །མེ་བ་ཏི། མ་ཏི། ཨ་པ་ཏི། སུ་པ་ཏི། བ་ཧུ་བ་ཏི། ཧ་ལ་ཧ་ལ། ཧ་ལ་ཧ་ལ། ཧ་ལ་ཧ་ལ། ཧ་ལ་ཧ་ལ། ཧི་ལི་ཧི་ལི། ཧི་ལི་ཧི་ལི། ཧི་ལི་ཧི་ལི། ཧི་ལི་ཧི་ལི། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཧུ་ལུ་ཧུ་ལུ། ཏི་ལི་ཏི་ལི། ཏི་ལི་ཏི་ལི། ཏི་ལི་ཏི་ལི། ཏི་ལི་ཏི་ལི། ཧི་ལི་ཧི་ལི། མི་ལི་མི་ལི། པེ་ཏ་ཡ་བ། ཨ་མ་ཎེ་མ་བི་ས་རེ། ཧ་ཧ། ཧི་ཧི། ས་མནྟ་ས་རེ། ཨ་ས་མནྟ་ས་རེ། པ་རི་ཁ་ས་མེ། ཨ་བརྟེ་ས་མནྟ་བརྟེ། གྷ་ནེ། མེ་ཁ་ལེ། ཀུན་དགའ་བོ། མེ་ཁ་ལ་ཞེས་བྱ་བ་སྟོབས་མོ་ཆེ་རྫུ་འཕྲུལ་དང་ལྡན་མ། བརྩོན་འགྲུས་ཆེ་མ། འདི་ནི་རིག་སྔགས་འཆང་རྣམས་དང ། འབྱུང་པོ་རྣམས་དང ། རོ་ལངས་རྣམས་ལས་གང་དུའང་བཀག་པ་མེད་དེ་ཀུན་ཏུ་ཐོགས་པ་མེད་པར་འགྲོའོ། །ཀུན་དགའ་བོ། མེ་ཁ་ལ་ཞེས་བྱ་བའི་རིག་སྔགས་འདི་ནི་སེམས་ཅན་རྣམས་ལ་ཕན་པའི་ཕྱིར་དང ། བདེ་བའི་ཕྱིར་དང ། བསྲུང་ཞིང་སྦ་བའི་བར་དུ་བྱ་བའི་ཕྱིར་འདས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་སོ། །དྲང་སྲོང་ཆེན་པོ་གཞན་དག་གིས་ཀྱང་སྨྲས་ཏེ། ཀུན་དགའ་བོ། མེ་ཁ་ལ་\?\་རིག་སྔགས་ནི་སེམས་ཅན་རྣམས་ལ་ཕན་པར་བྱེད་དོ། །གང་སུ་དག་སྡིག་པའི་ལས་དང་ལྡན་པ་གཟི་བྱིན་འཕྲོག་པ་ས་ལ་གནས་པ་དེ་དག་ཐམས་ཅད་མེ་ཁ་ལ་ 119b རིག་སྔགས་ཐོས་ནས་ཤིན་ཏུ་སྐྲག་སྟེ་ཕྱོགས་དང ། ཕྱོགས་མཚམས་རྣམས་སུ་འགྲོའོ། །ཀུན་དགའ་བོ། མེ་ཁ་ལའི་རིག་སྔགས་ལེགས་པར་གཟུང་བ་བྱས་པ་ལ་ཀུན་ནས་དཔག་ཚད་བཅུ་གཉིས་སུ་བསྲུང་བར་གྱིས་ཤིག་།ཡོངས་སུ་བསྐྱབ་པ་དང ། ཡོངས་སུ་གཟུང་བ་དང ། ཡོངས་སུ་བསྐྱང་བ་དང ། ཞི་བ་དང ། བདེ་ལེགས་སུ་འགྱུར་བ་གྱིས་ཤིག་།སངས་རྒྱས་ལ་ཕྱག་འཚལ་ལོ། །ཆད་པ་སྤང་བར་གྱིས་ཤིག་།མཚོན་ཆ་སྤང་བ་དང ། དུག་གཞིལ་བར་གྱིས་ཤིག་།མི་མཛའ་བ་བཟློག་པར་གྱིས་ཤིག་།མཚམས་བཅད་པར་གྱིས་ཤིག་།སྐུད་པས་བཅིང་བར་གྱིས་ཤིག་།སྡང་བ་ཐམས་ཅད་བཟློག་པར་གྱིས་ཤིག་།མི་དང ། མི་མ་ཡིན་པ་སྡིག་པར་བྱེད་པ་རྣམས་འཚེར་མ་གཞུག་ཅིག་།སངས་རྒྱས་ལ་ཕྱག་འཚལ་ལོ། །གསང་སྔགྶ་ཀྱི་གཞི་རྣམས་གྲུབ་པར་གྱུར་ཅིག་སཝཱཧཱ། དེ་ལ་ཆོ་ག་ནི་དེ་བཞིན་གཤེགས་པ་ལ་ཕྱག་བཙལ་ཏེ་མེ་ཏོག་དང ། བདུག་པ་དག་གསོལ་ནས་སྐུད་པས་བཅིང་བར་བྱའོ། །བྱབ་པ་དང ། མཉེ་བ་དང ། ལེགས་པར་ཁྲུས་བྱའོ། །ཆོ་ག་འདིས་གདོན་ཐམས་ཅད་བཟློག་པ་དང ། ནད་ཐམས་ཅད་རབ་ཏུ་ཞི་བར་བྱའོ། །ཏདྱ་ཐཱ། ཏི་ལེ། པེ་ལེ། བི་མ་ལེ། ཏ་མ་ལེ། ཧི་ལེ། ནི་རི། སི་རི། མ་ས་ར། རིག་སྔགས་འདི་ནི་ཐོས་ནས་སུ། །ས་རྣམས་ཐམས་ཅད་གཡོས་པར་གྱུར།། 120a ༄#། །འབྱུང་པོའི་ཚོགས་རྣམས་རབ་ཏུ་གཡོས། །ལྷ་ཚོགས་རྣམས་ཀྱང་ལྷགས་པར་གྱུར། །ཀླུ་ཡི་རྒྱལ་པོ་རྣམས་ཀྱང་ལྷགས། །འབྱུང་པོའི་རྒྱལ་པོ་རྣམས་ཀྱང་ལྷགས། །བཅོམ་ལྡན་བྱམས་པའང་དེར་ཕྱིན་ཏོ། །ཚངས་པ་དང་ནི་དབང་པོའང་ལྷགས། །དབང་ཕྱུག་ཆེ་དང་གཞོན་ནུ་ཡང ། །གཉིས་ཀ་དེར་ནི་ལྷགས་པར་གྱུར། །མེ་ཁ་ལ་ལས་གང་སུ་དག་།བརྗོད་པའི་འབྱུང་པོ་རྣམས་ཀྱང་ལྷགས། །དེ་ནས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ཤིས་ཀྱང་འདི་ལ་བསྲུང་བ་དང ། ཡོངས་སུ་བསྐྱབ་པ་དང ། ཡོངས་སུ་གཟུང་བ་དང ། ཞི་བ་དང ། བདེ་ལེགས་སུ་འགྱུར་བ་དང ། ཆད་པ་སྤང་བ་དང ། མཚོན་ཆ་སྤང་བ་དང ། དུག་གཞིལ་བ་དང ། མི་མཛའ་བ་བཟློག་པ་དང ། མཚམས་དགུམ་པ་དང ། མེ་ཁ་ལས་ཡོངས་སུ་བཟློག་པ་སྩལ་བར་བགྱིའོ། ཏདྱ་ཐཱ། ཨ་བཊྚ་ནི། བཊྚ་ནི། ཨི་བི་བཊྚ་ནི། ཙུ་ལུ་ཙི་ལི། །བུརྡྷཱ་དནྟེ། ས་མྣྟ་དཱནྟེ། ནིར་མུཎྜེ། ནི་མ་མུ་ནི། ཞི་བ་དང ། བདེ་ལེགས་སུ་འགྱུར་བར་བགྱིའོ་སཝཱཧཱ། སངས་རྒྱས་ལ་ཕྱག་འཚལ་ལོ། །བདེ་བླེགས་སུ་གྱུར་ཅིག་།དེ་ནས་དེའི་ཚེ་མི་མཇེད་ཀྱི་བདག་\?\་པོ་ཚངས་པས་མེ་ཁ་ལའི་རིག་སྔགས་ཀུན་ནས་བཟོད་ 120b པ་འདིའི་འཁོར་གྱི་ཚིག་འདི་ཕུལ་ལོ། །སྱད་ཡ་ཐེ་དན། ཨདྒུ་རེ། ཨ་དུ་རེ། དུ་དུ་རེ། ཤི་ཁི་ཤི་ཁི། ཤི་ཁི་ཤི་ཁི། བ་རེ། ད་ར་ད་ར་པ་ཏི། མུ་ཙ་མུ་ཙ། བི་མུ་ཙ། ཞི་བ་དང ། བདེ་ལེགས་སུ་འགྱུར་བར་བགྱིའོ་སཝཱཧཱ། དེ་ནས་དེའི་ཚེ་ལྷའི་བུ་རབ་འཐབ་བྲལ་གྱིས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱ་ཡ་ཐེ་དན། པྲ་དུཥྚེ། རུ་དྷི་ར་ཀརྞེ། གམ་བྷཱི་རེ། དུར་ད་ཤེ་ན་མུ་ཙེ་མུ་ཙེ། ཤཱཀྱ་རཱ་ཛེ། བདེ་ལེགས་སུ་འགྱུར་བར་བགྱིའོ་སཝཱཧཱ། དེ་ནས་དེའི་ཚེ་ལྷའི་དབང་པོ་བརྒྱ་བྱིན་གྱིས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱ་ཡ་ཐེ་དན། སོད་ཌེ། བྷེ་དེ་ཌེ། བྷེ་ད་ཌ་མེ། དན་ཏི་ལི། ཏི་ལི་མི་ལི། བསྲུང་བར་གྱིས་ཤིག་།བདེ་ལེགས་སུ་འགྱུར་བར་བགྱིའོ། །མཚམས་དགུམ་པའི་བར་དུ་བགྱིའོ་སཝཱཧཱ། དེ་ནས་དེའི་ཚེ་རྒྱལ་པོ་ལུས་ངན་གྱིས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དན། གྷུ་མེ་གྷུ་མེ། གྷུ་མེ་གྷུ་མེ་གྷུ་མེ། ཨུ་ཀེ་།མུ་ཀེ་།ཛྭ་ལེ། ད་ལེ། མ་ཏི་ཕ་ལེ། སཝཱ་རེ། ས་ར་ཨ་དྷི་པ་ཏི། ཞི་བ་དང ། བདེ་ལེགས་སུ་འགྱུར་བར་བགྱིའོ། །མཚམས་དགུམ་པའི་བར་དུ་བགྱིའོ་སཝཱཧཱ། དེ་ནས་དེའི་ཚེ་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་གིས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དན། དྷ་དྷ་རེ། དྷ་དྷ་རེ། དྷཱ་ར་ཎཱི། དྷཱ་ར་ཎི། དྷཱ་རེ། ཎི། དྷཱ་རེ། ཨ་ཙུ་ཏེ། མུ་ཙེ། མུ་རུ་མུ་རུ། ཞི་བ་དང ། བདེ་ལེགས་སུ་ 121a ༄#། །འགྱུར་བར་བགྱིའོ་སཝཱཧཱ། མཚམས་དགུམ་པའི་བར་དུ་རྒྱ་ཆེར་བགྱིའོ་སཝཱཧཱ། དེ་ནས་དེའི་ཚེ་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱད་ཡ་ཐེ་དན། ཨཎྚ་རེ། པཎྚ་རེ། ཀ་ར་ཊེ། པ་ར་པ་ཏྲེ། ཀ་ར་རུ་ཧེ། ཀ་རི་དྷ་རེ། ཀ་ན་ཀ་པ་ཏྲེ། རུ་རུ་མེ། ཀྵུ་ཀྵུ། ཨཀྵི་མ། བཀྵི། ཞི་བ་དང ། བདེ་ལེགས་སུ་འགྱུར་བར་བགྱིའོ་སཝཱཧཱ། མཚམས་དགུམ་པའི་བར་དུ་བགྱིའོ། །སཝཱཧཱ། དེ་ནས་རྒྱལ་པོ་མིག་མི་བཟང་གིས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དན། ཛམ་ལ་ཛམ་ལ། དྷི་རི་དྷི་རི། བྷི་རི་བྷི་རི་བྷི་རི། ས་མནྟ་བྷི་རི། ཞི་བ་དང ། བདེ་ལེགས་སུ་འགྱུར་བར་བགྱིའོ། །མཚམས་དགུམ་པའི་བར་དུ་བགྱིའོ་སཝཱཧཱ། དེ་ནས་དེའི་ཚེ་ལྷའི་བུ་ཟླ་བས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དན། ཨ་ལ་ཧེ། ཏེ་ལ་བྷེ། མ་ཊེ། བི་མ་ཊི། དྷ་ཀེ་།དྷ་ར་ཀེ། ས་ཀི་ནི། བ་ཀི་ནི། ཞི་བ་དང ། བདེ་ལེགས་སུ་འགྱུར་བར་བགྱིའོ། །མཚམས་དགུམ་པའི་བར་དུ་བགྱིའོ་སཝཱཧཱ། དེ་ནས་དེའི་ཚེ་ལྷའི་བུ་ཉི་མས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ།་སྱཱད་ཡ་ཐེ་དན། ཨོཾ་བཱ་དེ། བི་མ་ལེ་པྲ་བྷཱ་སཝ་རེ། ཤ་ཧ་རསྨེ། ཧ་ས་ཧ་སྲ་རསྨ། ཨ་ཏ་སཝ་ར་སི། ཞི་བ་དང ། བདེ་ལེགས་སུ་འགྱུར་བར་བགྱིའོ། །མཚམས་དགུམ་ 121b པའི་བར་དུ་བགྱིའོ་སཝཱཧཱ། དེ་ནས་དེའི་ཚེ་ལྷའི་ཚོགས་རྣམས་ཀྱིས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱ་ཡ་ཐེ་དན། ཀུ་རུ་ཀུ་རུ། སུ་རུ་སུ་རུ། མུ་རུ་མུ་རུ། ཞི་བ་དང ། བདེ་ལེགས་སུ་འགྱུར་བར་བགྱིའོ། །མཚམས་དགུམ་པའི་བར་དུ་བགྱིའོ་སཝཱཧཱ། དེ་ནས་དེའི་ཚེ་རྒྱུ་སྐར་གྱི་ཚོགས་རྣམས་ཀྱིས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དན། ཏ་མ་ལ་ཏ་ལེ། ཨ་ཧེ། ད་ཧེ། ཨཱ་ཀཱ་ཤཱ་བི་མ་ལེ། ཞི་བ་དང ། བདེ་ལེགས་སུ་འགྱུར་བའི་བར་དུ་བགྱིའོ། །མཚམས་དགུམ་པའི་བར་དུ་བགྱིའོ་སཝཱཧཱ། དེ་ནས་དེའི་ཚེ་ཀླུའི་ཚོགས་རྣམས་ཀྱིས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དན། ཨེ་ལེ། མེ་ལེ། ཨ་ཙ་ལེ། པ་དྷེ་ཨཱ་ཤུ་བ་དྷེ། མོ་ཀྵེ། ཞི་བ་དང ། བདེ་ལེགས་སུ་འགྱུར་བར་བགྱིའོ། །མཚམས་དགུམ་པའི་བར་དུ་བགྱིའོ་སཝཱཧཱ། དེ་ནས་དེའི་ཚེ་ལྷ་མ་ཡིན་གྱི་ཚོགས་རྣམས་ཀྱིས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐ་དན། ཨ་དྷ་དྷ་རེ། བི་བུ་ཏེ། སཾ་པུ་ཏེ། དན་ཏི། ཞི་བ་དང་བདེ་ལེགས་སུ་འགྱུར་བར་བགྱིའོ། །མཚམས་དགུམ་པའི་བར་དུ་བགྱིའོ་སཝཱཧཱ། དེ་ནས་དེའི་ཚེ་གནོད་སྦྱིན་གྱི་སྡེ་དཔོན་ཉི་ཤུ་རྩ་བརྒྱད་ཀྱིས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དན། ཚ་ཚ་པ་ཏི། ཚ་ཚ་བ་ཏི། རུ་རུ་དྲཱ་རཱ། ཨུ་བྷི་ར་བྷ་རཱ། ཞི་བ་དང ། བདེ་ལེགས་སུ་འགྱུར་བར་བགྱིའོ། །མཚམས་ 122a ༄#། །དགུམ་པའི་བར་དུ་བགྱིའོ་སཝཱཧཱ། དེ་ནས་དེའི་ཚེ་ཡི་དྭགས་དང ། ཤ་ཟ་དང ། གྲུལ་བུམ་ཀྱི་ཚོགས་ཀྱིས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དན། བྷུ་ཏི་བི་བྷུ་ཏི། ཨ་ཏི་བྷུ་ཏི། ས་བརྟན་བྷུ་ཏི། ཞི་བ་དང ། བདེ་ལེགས་སུ་འགྱུར་བར་བགྱིའོ། །མཚམས་དགུམ་པའི་བར་དུ་བགྱིའོ་སཝཱཧཱ། དེ་ནས་དེའི་ཚེ་སྲུལ་པོ་དང ། ལུས་སྲུལ་པོའི་ཚོགས་ཀྱིས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དན། ཕ་དུ་མེ། ཀཱ་རཱ་ཊེ། ཨ་དྷི་ཏེ། ཙུ་ཏེ། ས་མི་ར་ཎི། ཚུ་ཚུ་བ་ཏི། ཞི་བ་དང ། བདེ་ལེགས་སུ་འགྱུར་བར་བགྱིའོ། །མཚམས་དགུམ་པའི་བར་དུ་བགྱིའོ་སཝཱཧཱ། དེ་ནས་དེའི་ཚེ་མ་མོའི་ཚོགས་ཐམས་ཅད་ཀྱིས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དན། ཀེ་ལེ་མ་ཀེ་ལེ། ཊ་མ། ཀེ་ལེ་པ་ར་ཊ་རེ། ཊ་མ་རེ། ཌ་ཌ་རེ། ཞི་བ་དང ། བདེ་ལེགས་སུ་འགྱུར་བར་བགྱིའོ། །མཚམས་དགུམ་པའི་བར་དུ་བགྱིའོ་སཝཱཧཱ། དེ་ནས་དེའི་ཚེ་ཕྱོགས་བཞིའི་སྲིན་མོ་བཞི་པོ་དེ་དག་གིས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དན། ཨཱ་ན་པ་ནེ། ཁ་ཛེ་ཁ་བ་ཛེ། ཁུ་ཁུ། རི་རི། མི་རི། ཧི་རི། ཞི་བ་དང ། བདེ་ལེགས་སུ་འགྱུར་བ་དང ། མཚམས་དགུམ་པའི་བར་དུ་བགྱིའོ་སཝཱཧཱ། དེ་ནས་དེའི་ཚེ་སྲིང་མོ་ཆེན་མོ་འགྲོ་ལྡིང་ 122b བས་མེ་ཁ་ལའི་རིག་སྔགས་ཀྱི་འཁོར་ཕུལ་བ། སྱཱད་ཡ་ཐེ་དན། ད་ར་ད་རེ། ད་ར་ད་རེ། ཧ་ཧ། ཧི་ཧི། ཧུ་ཧུ་ཧུ་ཧུ། ཤི་ཀི། ཀླི་བ་ཀླི་བ། མ་ཁུ་མ་ཁུ། ཛུ་ཁ་ཁི། ཊ་བ་ཊ་བི། ཨཊྱུར་ཊྱུ་ཊྱུ་ར། ཀླ་མ། ཀུ་ཛུ་ཀུ་ཛུ། དྲི་དྲི་དྲི། དུ་དུ་དུ། ཚི་མི་ལི། མི་ལི། ཨ་ཊ། ཀཝ་ཀཝ། ཀཝཀ་སི། དུ་དུ། ཏི་ཐི་ཏི་ཐི། ཏི་མི་ལི། མི་ཏི། ཤི་ཏི། མི་ཏི་ལི། བ་ཏི། པྲེ་ཏྲི་པྲེ་ཏྲི་ཎེ། དུ་ཧི་ནི། ཨ་ཧཱ་ནི། ལ་ཧེ། ཧ་ལེ། བ་ཧེ། ཐ་ཊ་པཻ་ཐ་པེ། བཙུན་པ། འདི་ནི་འགྲོ་ལྡིང་བའི་རིག་སྔགས་ཏེ་མེ་ཁ་ལའི་གཟུངས་སྔགས་ཀྱི་འཁོར་དུ་ཕུལ་བ་ལགས་སོ། །བསྲུང་བ་དང ། ཡོངས་སུ་བསྐྱབ་པ་དང ། ཡོངས་སུ་གཟུང་བ་དང ། ཡོངས་སུ་བསྐྱང་བ་དང ། ཞི་བ་དང ། བདེ་ལེགས་སུ་འགྱུར་བ་དང ། ཆད་པ་སྤང་བ་དང ། མཚོན་ཆ་སྤང་བ་དང ། དུག་གཞིལ་བ་དང ། མི་མཛའ་བ་བཟློག་པ་དང ། དཔག་ཚད་བཅུ་གཉིས་སུ་མཚམས་དགུམ་པ་དང ། ཡོངས་སུ་བསྐྱང་བར་བགྱིའོ། །ལྷའམ། ཀླུའམ། གནོད་སྦྱིན་ནམ། སྲིན་པོའམ། གྲུལ་བུམ་མམ། ཤ་ཟའམ། དྲི་ཟའམ། ཡི་དྭགས་སམ། སྲུལ་པོའམ། ལུས་སྲུལ་པོའམ། ལྷ་མ་ཡིན་ནམ། ནམ་མཁའ་ལྡིང་ངམ། མིའམ་ཅིའམ། ལྟོ་འཕྱེ་ཆེན་པོའམ། སྐེམ་བྱེད་དམ། བརྗེད་བྱེད་དམ། སྨྱོ་བྱེད་དམ། གཤེད་བྱེད་དམ། བྱད་སྟེམས་སམ། རོ་ལངས་སམ། ཉིན་གཅིག་པའམ། ཉིན་གཉིས་པའམ། ཉིན་གསུམ་ 123a ༄#། །པའམ། ཉིན་བཞི་པའམ། མིའམ། མི་མ་ཡིན་པ་གང་གིས་གནོད་པར་བགྱིད་པར་མ་གྱུར་ཅིག་།ཅོ་འདྲི་བའམ། རྣམ་པར་འཚེ་བའམ། གླགས་ལྟ་བའམ། གླགས་ཚོལ་བས་གླགས་རྙེད་པར་འགྱུར་བ་དེ་ནི་གནས་མ་མཆིས་ཏེ་སྔོན་གྱི་ལས་ཀྱི་རྣམ་པར་སྨིན་པ་ནི་མ་གཏོགས་སོ། །འཇིགས་པ་ཐམས་ཅད་དང ། མི་མ་ཡིན་པ་ཐམས་ཅད་ལས་རྟག་ཏུ་བདེ་ལེགས་སུ་གྱུར་ཅིག་སཝཱཧཱ། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དགའ་བོ་ལ་བཀའ་སྩལ་པ། ཀུན་དགའ་བོ། ཁྱོད་ཀྱིས་མེ་ཁ་ལའི་རིག་སྔགས་འཁོར་དང་བཅས་པ་ཟུངས་ཤིག་།ཀུན་དགའ་བོ། མེ་ཁ་ལའི་རིག་སྔགས་འདི་ནི་སྤྲིན་འཆིང་བ། རླུང་གནོན་པ། ཚར་གཅོད་པ། བདག་སྲུང་བ། གཞན་སྲུང་བ། གྲོང་དང ། གྲོང་ཁྱེར་སྲུང་བ། མཚམས་གཅོད་པ་སྟེ་ལྷའམ། ཀླུའམ། གནོད་སྦྱིན་ནམ། སྲིན་པོའམ། ཡི་དྭགས་སམ། གྲུལ་བུམ་མམ། ཤ་ཟའམ། ལུས་སྲུལ་པོའམ། དགེ་སྦྱོང་ངམ། བྲམ་ཟེའམ། སྤྱོད་པ་བའམ། ཀུན་ཏུ་རྒྱུའམ། གཅེར་བུ་པའམ། འཚོ་བ་པའམ། མི་ཐོད་ཅན་ནམ། ལུས་སྐྱའམ། མིའམ། མི་མ་ཡིན་པས་འདའ་བར་བྱ་བ་མ་ཡིན་པའོ། །ཀུན་དགའ་བོ། མེ་ཁ་ལའི་རིག་སྔགས་འདི་ནི་ 123b གཤེད་བྱེད་དང ། བྱད་སྟེམ་དང ། རོ་ལངས་ཐམས་ཅད་འཇིག་པར་བྱེད་པའོ། །གདོན་ཐམས་ཅད་བཟློག་པའོ། །བཀྲ་མི་ཤིས་པ་ཐམས་ཅད་འཇིག་པར་བྱེད་པའོ། ། ཀུན་དགའ་བོ། མེ་ཁ་ལའི་རིག་སྔགས་འདི་ནི་དགེ་སྦྱོང་གིས་བྱས་པ་གཅོད་པར་བྱེད་པའོ། །བྲམ་ཟེས་བྱས་པ་དང ། སྤྱོད་པ་པ་དང ། ཀུན་ཏུ་རྒྱུ་དང ། འཚོ་བ་པས་བྱས་པའི་རིག་སྔགས་གཅོད་པར་བྱེད་པའོ། །དབང་ཕྱུག་ཆེན་པོས་བྱས་པའི་རིག་སྔགས་གཅོད་པར་བྱེད་པའོ། །ཚངས་པས་བྱས་པ་དང ། བརྒྱ་བྱིན་གྱིས་བྱས་པ་དང ། ལྷའི་དབང་པོས་བྱས་པ་དང ། རྒྱལ་པོ་ཆེན་པོས་བྱས་པ་དང ། ཁྱབ་འཇུག་གིས་བྱས་པ་དང ། འདོད་པའི་དབང་ཕྱུག་གིས་བྱས་པའི་རིག་སྔགས་གཅོད་པར་བྱེད་པའོ། །རྒྱལ་པོ་ཆེན་པོས་བྱས་པ་དང ། གནོད་སྦྱིན་གྱི་སྡེ་དཔོན་གྱིས་བྱས་པ་དང ། ཟླ་བ་དང ། ཉི་མ་དང ། རྒྱུ་སྐར་དང ། གཟས་བྱས་པའི་རིག་སྔགས་གཅོད་པར་བྱེད་པའོ། །ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། སྲིན་པོ་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོས་བྱས་པའི་རིག་སྔགས་གཅོད་པར་བྱེད་པའོ། །རྫུ་འཕྲུལ་དང་ལྡན་པས་བྱས་པའི་རིག་སྔགས་གཅོད་པར་བྱེད་པའོ། །ལྷ་ཁང་པས་བྱས་པའི་རིག་ 124a ༄#། །སྔགས་གཅོད་པར་བྱེད་པའོ། །དུར་ཁྲོད་པས་བྱས་པའི་རིག་སྔགས་གཅོད་པར་བྱེད་པའོ། །ཤིང་དྲུང་པས་བྱས་པ་དང ། རི་དྲུང་པས་བྱས་པ་དང ། རི་རྩེ་བས་བྱས་པ་དང ། ས་པས་བྱས་པ་དང ། ནམ་མཁའ་པས་བྱས་པ་དང ། གནས་ཐམས་ཅད་པས་བྱས་པ་དང ། མིས་བྱས་པ་དང ། མི་མ་ཡིན་པས་བྱས་པའི་རིག་སྔགས་གཅོད་པར་བྱེད་པའོ། །མེ་ཁ་ལའི་རིག་སྔགས་འདི་ནི་གཅོད་པའོ། །ཕྱིར་གཅོད་པའོ། །ཕྱིས་གཅོད་པའོ། །ཀུན་དགའ་བོ། གང་གིས་མེ་ཁ་ལའི་རིག་སྔགས་འདིས་བསྲུང་བ་དང ། ཡོངས་སུ་བསྐྱེད་པ་དང ། ཡོངས་སུ་གཟུང་བ་དང ། ཡོངས་སུ་བསྐྱང་བ་དང ། ཞི་བ་དང ། བདེ་ལེགས་སུ་འགྱུར་བ་དང ། ཆད་པ་སྤང་བ་དང ། མཚོན་ཆ་སྤང་བ་དང ། དུག་གཞིལ་བ་དང ། མི་མཛའ་བ་བཟློག་པ་དང ། དཔག་ཚད་དམ། དཔག་ཚད་གཉིས་སམ། དཔག་ཚད་བཅུ་གཉིས་ཀྱི་བར་དུ་མཚམས་བཅད་པར་བྱས་ནས་གང་མེ་ཁ་ལའི་རིག་སྔགས་འདི་ལས་འདའ་བར་བྱེད་པ་ནི་ལྷ་དང་བཅས་པ་དང ། བདུད་དང་བཅས་པ་དང ། ཚངས་པ་དང་བཅས་པ་དང ། དགེ་སྦྱོང་དང ། བྲམ་ཟེ་ར་བཅས་པའི་སྐྱེ་དགུའི་འཇིག་རྟེན་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ན་ངས་ 124b མ་མཐོང་སྟེ་དེ་ནི་གནས་མེད་དོ། །ཀུན་དགའ་བོ། སངས་རྒྱས་ཐམས་ཅད་ཀྱི་བདེན་པ་དང ། ཆོས་ཀྱི་བདེན་པ་དང ། དགེ་འདུན་གྱི་བདེན་པ་དང ། བདེན་པར་སྨྲ་བ་ཐམས་ཅད་ཀྱི་བདེན་པ་དང ། དྲང་སྲོང་ཐམས་ཅད་ཀྱི་བདེན་པ་འདི་ལས་སེམས་ཅན་གྱི་ཚོགས་འགལ་བར་མ་བྱེད་ཅིག་།ཀུན་དགའ་བོ། དུས་ལས་འདའ་བར་མི་བྱ་བ་ལྡ་ནི་འདི་ཡིན་ཏེ། སངས་རྒྱས་ཀྱི་བདེན་པ་ལས་འདའ་བར་མི་བྱ་བ་དང ། ཆོས་ཀྱི་བདེན་པ་ལས་འདའ་བར་མི་བྱ་བ་དང ། དགེ་འདུན་གྱི་བདེན་པ་ལས་འདའ་བར་མི་བྱ་བ་དང ། བདེན་པར་སྨྲ་བ་རྣམས་ཀྱི་བདེན་པ་ལས་འདའ་བར་མི་བྱ་བ་དང ། དྲང་སྲོང་གི་བདེན་པ་ལས་འདའ་བར་མི་བྱ་སྟེ། འབྱུང་པོ་ཐམས་ཅད་དང ། ནད་ཐམས་ཅད་དང ། མི་ཐམས་ཅད་དང ། མི་མ་ཡིན་པ་ཐམས་ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་ནོ། །ནད་ཐམས་ཅད་དང ། འབྱུང་པོ་ཐམས་ཅད་དང ། སྡང་བ་ཐམས་ཅད་དང ། མི་མཛའ་བ་ཐམས་ཅད་ལས་བདེ་ལེགས་སུ་གྱུར་ཅིག་།གང་ཡང་རྣམ་པར་ཐོ་འཚམ་པར་མ་བྱེད་ཅིག་།ཚེ་བར་མ་བྱེད་ཅིག་།གང་ཡང་རྡེག་པར་མ་བྱེད་ཅིག་སཝཱཧཱ། མེ་ཁ་ལའི་རིག་སྔགས་ཀྱི་ཆོ་ག་བཤད་པར་བྱའོ། །སངས་རྒྱས་ལ་མེ་ཏོག་གིས་མཆོད་པ་དང ། བདུག་པ་དང ། སྤོས་དང ། ལྷ་བཤོས་དག་ཕུལ་ནས་ཕྱིས་བསྲུང་བ་བྱའོ། །གཙང་མས་གོས་གཙང་མ་བགོས་ཏེ་བ་ལང་གི་ལྕི་བས་དཀྱིལ་འཁོར་བྱུགས་ནས་མེ་ཏོག་ 125a ༄#། །བཀྲམ་སྟེ་ཅི་འབྱོར་པའི་གཏོར་མའམ། ཕྱེའམ། པདྨ་དང ། བཟའ་བ་དང ། བཏུང་བ་དང ། མེ་ཏོག་བསྲེས་པས་བུམ་པ་བཀང་བའམ། སྣོད་བཀང་བའི་དབུས་སུ་འདུག་ནས་སྤོས་ཀྱིས་རྒྱུན་མི་འཆད་པར་བདུག་པར་བྱའོ། །རྩཝ་ཀུ་ཤས་ཐམས་ཅད་ལ་བྱབ་པར་བྱའོ། །བདག་བསྲུང་བ་དང ། གཞན་བསྲུང་བར་བྱ་བ་ནི་སྐུད་པས་སོ། །སྤྲིན་བཅིང་བ་ནི་མེ་ཏོག་སྣ་མའི་ཤིང་དང ། སྣ་མའི་མར་གྱིས་སྦྱིན་སྲེག་བྱའོ། །རླུང་དང ། ཆར་པ་བཟློག་པ་ནི་རྩཝ་མུཉྫའི་ལྷས་མ་ལ་ལན་གསུམ་བཟླས་བརྗོད་བྱས་ཏེ་རྩ་བའི་རིག་སྔགས་ཀྱིས་ལན་བདུན་བཏབ་ནས་མདུད་པ་བདུན་དོར་བར་བྱའོ། །ལམ་གྲུབ་བ་དང ། བདེ་བར་བྱ་ན་ཆོས་གོས་ཀྱི་གྲཝར་ལན་གསུམ་བཟླས་བརྗོད་བྱས་ཏེ་མདུད་པ་གསུམ་དོར་བར་བྱའོ། །ཟས་དཀར་གསུམ་ཟོས་ལ་ཉིན་ཞག་གསུམ་སྨྱུང་བ་བྱས་ནས་པདྨ་དང ། ཡུངས་ཀར་དཀར་པོ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་གྲོང་ངམ། གྲོང་ཁྱེར་མཚམས་བཅད་པར་བྱའོ། །རིག་སྔགས་ཐམས་ཅད་གཅོད་པར་འདོད་པས་སྣ་ཚོགས་པའི་མཚོན་ཆ་ལ་ལན་བདུན་བཟླས་བརྗོད་བྱས་ཏེ་ཆུ་ལ་བཅད་པར་བྱའོ། །སྣོད་གསར་པར་ཆུ་བླུག་ནས་ལན་བདུན་བཟླས་བརྗོད་བྱས་ཏེ་ཁྲུས་བྱས་ན་ལོག་འདྲེན་ 125b ཐམས་ཅད་བཅིང་བ་བྱས་པར་འགྱུར་རོ། །མེ་ཏོག་དཀར་པོ་དག་ལ་བཟླས་བརྗོད་བྱས་ཏེ་བསྣན་ན་དུག་མེད་པར་འགྱུར་རོ། །ནང་ཐམས་ཅད་ལ་ཤིང་ཀ་ར་བཱི་རའི་ལྕུག་མས་བྱབ་པར་བྱ་སྟེ་བདག་བསྲུང་བ་བྱས་ན་གང་དུ་གདོན་གྱི་ཕྱིར་ཡང་ལས་ཐམས་ཅད་བྱའོ། །འཐབ་མོ་དང ། རྩོད་པ་དང ། འགྱེད་པ་དང ། རྒྱལ་པོའི་ཕོ་བྲང་འཁོར་དུ་སྣ་མའི་མེ་ཏོག་གི་འབྲུ་མར་གྱི་ནང་དུ་ཨ་ཏི་མུ་ཏ་ཀ་སྨྱུགས་པའི་ཡམ་སྲེག་ཤིང་ལ་འགྲོ་ལྡིང་བའི་རིག་སྔགས་ཀྱིས་བཏབ་སྟེ་ལན་བཅུ་བཞིར་སྦྱིན་སྲེག་བྱའོ། ། འབྱུང་པོ་དབབ་པར་འདོད་པས་རའི་འོ་མ་དང ། རའི་མར་དང ། ཤིང་ཨ་པ་མྲྒའི་ཡམ་སྲེག་ཤིང་དག་ལ་འགྲོ་ལྡིང་བའི་རིག་སྔགས་བཏབ་སྟེ་ལན་ལྔར་སྦྱིན་སྲེག་བྱའོ། །འགྲོ་བ་ཐམས་ཅད་ཀྱི་ཆེད་དུ་སྦྱིན་སྲེག་བྱ་བར་འདོད་པས་འབྲས་ཐུག་པོ་ཆེ་དང ། བའི་འོ་མ་དང ། རུ་རྟ་དང ། རྒྱམ་ཚ་དང ། ཤིང་ཀ་ར་བཱི་ར་དཀར་པོའི་ཡམ་སྲེག་ཤིང་ལ་ལན་ཉི་ཤུ་རྩ་གཅིག་བཟླས་བརྗོད་བྱས་ཏེ་སྦྱིན་སྲེག་བྱས་ན་སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སྦྱིན་སྲེག་བྱས་པར་འགྱུར་རོ། །རྙེད་པར་བྱ་བའི་དོན་དུ་རུ་རྟ་དང ། འབྲུ་མར་ལས་འགྲོ་ལྡིང་བའི་རིག་སྔགས་ཀྱིས་ལན་བདུན་བཟླས་བརྗོད་བྱས་ཏེ་གདོང་བཀྲུས་ནས་སྨྲས་ན་གང་བསླངས་པ་དེ་ཐོབ་པར་འགྱུར་རོ། །ཐམས་ 126a ༄#། །ཅད་དུའང་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྤོས་དང ། ཕྲེང་བ་དང ། བྱུག་པ་དང ། མེ་ཏོག་དང ། བདུག་པ་དང ། ཕྱེ་མ་དང ། བྱུག་པ་རྣམས་ཀྱིས་མཆོད་ཅིང་ཅི་ནུས་ཀྱིས་ལྷ་བཤོས་ཀྱང་དབུལ་བར་བྱ་སྟེ་བསྲུང་བ་དང་བཅས་ཆོ་ག་དང་བཅས་པས་མི་མཇེད་ཀྱི་སེམས་ཅན་ཐམས་ཅད་བསྲུངས་པར་གྱུར་ཅིག་སཝཱཧཱ། འདི་ནི་དངོས་གྲུབ་པོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང ། གཞོན་ནུ་སྒྲ་གཅན་ཟིན་དང ། ཐམས་ཅད་དང་ལྡན་པའི་འཁོར་དེ་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་མེ་ཁ་ལ་ཞེས་བྱ་བའི་གཟུངས་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝར་མ་དང ། ཞུས་ཆེན་གྱི་ལོཙྪ་བ་བནྡེ་ཡེ་ཤེས་སྔེ་ལ་སོགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། |