རྒྱ་གར་སྐད་དུ། མ་ཎི་བྷ་དྲཱ་ཡ་ཡཀྵ་སེ་ན་ཀལྤ། བོད་སྐད་དུ། གནོད་སྦྱིན་གྱི་སྡེ་དཔོན་ནོར་བུ་བཟང་པོའི་རྟོག་པ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ས་མ་ཡ་མ་ནུ་སྨ་ར། མ་ཎི་བྷ་དྲཱ་ཡ་ 97b བྷ་ག་བ་ཏཱ། པཱ་ཙི་ཏ་སྟྭཾ། དྷ་མ་དྷ་མ། དྷུ་རུ་དྷུ་རུ། མ་ཙི་ར་མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏུ་ལུ་ཏུ་ལུ་མ་ཎི་བྷ་དྲ། ཏུ་རུ་ཏུ་རུ་མ་ཎི་བྷ་དྲ། ཏུ་ཊི་ཏུ་ཊི་མ་ཎི་བྷ་དྲ། ཙུ་ཊི་ཙུ་ཊི་མ་ཎི་བྷ་དྲ། ནི་ཊི་ནི་ཊི་མ་ཎི་བྷ་དྲ་སཝཱཧཱ། ཚེས་གྲངས་མེད་ཅིང་རྒྱུ་སྐར་མེད། །སྨྱུང་བའི་ཆོ་ག་ཡོད་མ་ཡིན། །རྐ་དང་ནི་ནིམ་པ་གཉིས། །གང་ཡང་རུང་བའི་ཤིང་དག་ལས། །ནོར་བུ་བཟང་པོའི་གཟུགས་བྱས་ལ། །དེ་ཡི་མདུན་དུ་གནས་བྱས་ཏེ། །མེ་ཏོག་ལ་སོགས་པ་རྒྱ་ཆེ་བ་ཐམས་ཅད་ཀྱིས་མཆོད་པ་བྱས་ཤིང་གནས་ལ་ཉི་མ་གུང་གི་དུས་སུ་ཡུངས་ཀར་དང ། ཚ་བའི་མར་གྱིས་བསྣོས་ལ་ནོར་བུ་བཟང་པོ་ལ་བྱུག་པར་བྱ་ཞིང་རིག་པ་སྟོང་ཕྲག་བརྒྱ་བཟླས་ན་གསེར་གྱི་དོང་ཙེ་བརྒྱ་རྙེད་པར་འགྱུར་རོ། །དེའང་གཏང་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། དུ་ཧུ་ཀུ་ཙུ། ཙུ་རུ་ཙུ་རུ། ཤ་བ་རི་ཀ། མ་ཎི་བྷ་དྲ་སཝཱཧཱ། བྱ་རོག་གི་སྐད་མི་གྲག་པར་ཕྱུགས་ཀྱི་ཀོ་བ་ཙམ་གྱི་མཎྜལ་བྱས་ལ་ལན་གཅིག་བཟླས་པས་མེ་ཏོག་བརྒྱད་བརྒྱ་དབུལ་བར་བྱའོ། །ཟླ་བ་གཅིག་ན་གསེར་སྲང་གཅིག་རྙེད་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། བྷྲ་མ་རི་བྷྲ་མ་རི། སུཥྛུ་སུཥྛུ། ཡཀྵཾ་མ་བྷ་དྲཱཾ། སཝི་ཌ་ཡ་སཝི་ཌ་ཡ། ཨཱ་པཱ་ཏ་ཡ། ཨུ་བ་དཪྴ་ཡ་ 98a ༄#། །སཝཱཧཱ། ནག་པོའི་ཕྱོགས་ཀྱི་ཚེས་གཅིག་ནས་བཟུང་སྟེ་ཇི་སྙེད་དཀར་པོའི་ཕྱོགས་ཀྱི་ཚེས་གཅིག་གི་བར་དུ་བྱས་ཏེ་ཉི་མ་ཤར་བའི་བར་དུ་ལན་ཉི་ཤུ་རྩ་ལྔ་བརྗོད་ན་གསེར་གྱི་དོང་ཙེ་སྟེར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཻ་ཤྲ་མ་ཎཱ་ཡ། རཏྣ་མེ་བྷ་བཱ་ཧ་ཡཾ་སཝཱཧཱ། ཉི་མ་རེ་རེ་བཞིན་སྔ་བར་ལངས་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ན་ཟླ་བ་གཅིག་ན་དོང་ཙེ་གསུམ་སྟེར་བར་བྱེད་དོ། །ན་མོ་བྷ་ག་བ་ཏེ། ཨཱ་དི་དྱཱ་ཡ། ཨ་བི་མ་སཝི་ཀ་སི་ལུ་བ་ཏོ་སི་སཝཱཧཱ། བུད་མེད་དང ། སྐྱེས་པའི་གཟུགས་བྱས་ལ་ཀུ་ཤའི་མཚོན་གྱིས་བཅད་ན་སྐྱུགས་པའི་ནད་ཞི་བར་བྱེད་དོ། །ན་མ་སྠེ་བི་རཾ། ཙྱཻ་ཏྱ་ཀུ་ན་ཛ་ལ་སྱ་ཏི་མི་གི་ལི་ཕུ། སྐུད་པ་དམར་པོ་ལ་ལན་ཉི་ཤུ་རྩ་གཅིག་སྔགས་ཏེ་མདུད་པ་ཉི་ཤུ་རྩ་གཅིག་བྱས་ལ་རྐེད་པ་ལ་བཅིངས་ན་རྡེའུ་མེད་པར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། བ་ལེ་ཀེ་ཧ་ལེ།་མ་ཧཱ་ལེ་སཝཱཧཱ། བུད་མེད་གང་ལ་ཁྲག་རྒྱུན་མི་ཆད་པ་དང་འབབ་ན་ཁྲག་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ་རྐེད་པ་ལ་བཅིངས་ན་ཁྲག་ཆད་པར་འགྱུར་རོ། །ིཊྚ་བྷུ་ཏེ་བཱིརྱ་སཝཱཧཱ། ཏ་ལའི་ལོ་མ་ལ་ཡོངས་སུ་སྔགས་ཏེ་ནུབ་མོའི་གནས་སྐབས་སུ་བཞག་ལ་སྔ་བར་དཀྱིལ་ 98b འཁོར་བྱས་ཏེ་ཉེ་བར་བཞག་ལ་གང་ན་དགོས་པ་ཡོད་པ་ཐམས་ཅད་ཀྱི་མིང་བྲིས་ཏེ་ཏ་ལའི་ལོ་མ་ལ་ལན་གསུམ་དུ་བཟླས་ལ་ཏ་ལའི་ལོ་མ་གཞན་གྱིས་དཀྲིས་ཏེ་བསྲེགས་ལ་ལག་པ་ལ་དེའི་ཐལ་བ་མཉེད་ན་རྐུན་མས་མི་མཐོང་བར་འགྱུར་རོ། །གནས་སྐབས་ཀྱིས་གཞན་གྱི་ལས་ཀྱང་ཅུང་ཟད་བརྗོད་པར་བྱ་སྟེ། ཧཱུཾ་ཡིག་ལས་བྱས་རྡོ་རྗེ་ཅན། །དུར་ཁྲོད་གནས་སུ་ཞུགས་པར་བྱ། །ལེགས་པར་བཟླས་པ་ཞེས་བྱས་ལ། །ནུབ་མོ་བྱུང་ནས་དངོས་གྲུབ་ལ། །འདིར་ནི་གྲོགས་སུ་གསོལ་བ་གདབ། །དེས་དུར་ཁྲོད་ཀྱི་རས་བླངས་ལ་ཁྲོ་ཞིང་མིག་དམར་བས་དྲི་ཞིམ་པོས་ལུས་ལ་བྱུགས་ལ་དུར་ཁྲོད་ཀྱི་སོལ་བ་བླངས་ཏེ་བསྒྲུབ་བྱ་བྲི་བར་བྱའོ། །ཐལ་བ་དང ། སོལ་བས་ཡན་ལག་ཡང་དག་པར་བཀང་སྟེ་ཡན་ལག་བཀུག་ལ་བཅུག་སྟེ་བསྒྲུབ་བྱའི་གཟུགས་བརྙན་གྱི་ལུས་ཀྱི་སྙིང་གའི་པདྨ་དཀར་པོ་ལ་གཞག་པར་བྱའོ། །འཕྲལ་དུ་བྱུང་བའི་མིའི་ཁྲག་དང ། དུག་དང་བསྲེས་ཏེ་འབྲས་ཀྱིས་ཁ་ཚོགས་ཀྱི་ཁུ་བ་དང་བཅས་པས་མཛེས་པར་བྱས་ལ་ལུས་པོའམ། རུས་པ་དང་བསྲེས་ཏེ་ཡང་དག་པར་གཏོར་ལ་བསྡུས་ཏེ་དྲིལ་ལ་སྐུད་པ་ཕྲ་མོ་ནག་པོས་མིག་བཀབ་ལ་དཀྲི་བར་བྱའོ། །སོལ་བས་ཕྱི་རོལ་བྱུགས་ལ་དུར་ཁྲོད་དུ་ 99a ༄#། །བརྐོས་ཏེ་བཅུག་ལ་བདག་གིས་བསད་དོ་ཞེས་བྱའོ། །བརྐོས་པ་བཀང་བའི་སྟེང་དུ་ལག་པས་རྡོ་རྗེའི་མཚན་མ་བྱས་ལ་ཐལ་བར་བྱའོ་ཞེས་སྔགས་ཀྱིས་བཟླས་པར་བྱའོ། །ཧཱུཾ་སུཾ་བྷ་ནི་སུཾ་བྷ། ཧཱུཾ་གྲྀཧྞ་གྲྀཧྞ། ཧཱུཾ་གྲྀཧྞ་པ་ཡ། ཧཱུཾ་གྲྀཧྞ་པ་ཡ། ཧཱུཾ་ཨཱ་ན་ཡ་ཧོ། བྷ་ག་བ་ན། ཆེ་གེ་མོ་ཧཱུཾ་ཕཊ། ཧཱུཾ་ཧཱུཾ་ཧཱུཾ་ཕཊ། ཨོཾ་སུཾ་བྷ་ནི་སུཾ་བྷ། ཧཱུཾ་གྲྀཧྞ་གྲྀཧྞ། ཧཱུཾ་གྲྀཧྞ་པ་ཡ། ཧཱུཾ་གྲྀཧྞ་པ་ཡ། ཧཱུཾ་མ་ར་ཡ་ཆེ་གེ་མོ་ཧཱུཾ་ཕཊ། རིགས་ཀྱི་མིང་བརྗོད་ན་ཉམས་པ་ཉིད་དུ་འགྱུར་རོ། །གལ་ཏེ་མ་གྱུར་ན་ཕྱུང་ལ་དེའི་དུམ་བུ་དུམ་བུར་བྱས་ཏེ་དུག་ལ་སོགས་པ་དང་ལྡན་པའི་སྐེ་ཚེ་དང་བཅས་པས་སྦྱིན་སྲེག་བྱ་སྟེ་བློ་དང་ལྡན་པས་དགྲ་བོ་ཉམས་པར་འགྱུར་བའི་ཆེད་དུའོ། །དོན་ཡོད་ཞགས་པའི་གཟུངས་ནི་ཡོངས་སུ་བསམ་བྱ་སྟེ། བནྡྷུ་ཀ་ཡི་མདོག་འདྲ་ཞགས་པ་བསྣམས་པ་ཡི། །ཡང་དག་ཁྲོས་པས་སྔགས་ཀྱི་མངོན་དུ་རབ་བྱས་ལ། །བྱ་རོག་གཤོག་པ་དག་ལ་དེ་དུས་བྱ་བ་ནི། །གཡོན་པའི་ལག་པ་ལ་ནི་ཕཊ་ཀྱི་ཡི་གེ་རྣམ་པར་དགོད། །གཡས་པའི་སོར་མོ་ལ་ནི་ཏ་ཡི་ཡི་གེ་དགོད། ། ཞགས་པས་བཅིངས་ལ་ཐག་ནི་རིང་པོ་རུ། །མི་འདོད་བཞིན་དུ་ཁྱེར་ལ་སྔགས་ཀྱི་བཟླས་པ་བྱ། །ཕ་ནི་ཞགས་པའོ། །ཊཱི་སེ་གོལ་གྱིས་འདི་རུ་ཁྱེད་ཀྱིས་ཡོང་ 99b བར་མི་བྱའོ་ཞེས་བྱ་བའི་ངག་གིས་བཟླས་པ་བྱའོ། །བཟླས་པ་རྫོགས་ནས་བྱ་རོག་ནག་པོའི་སྒྲོ་ནི་བསྒྲུབ་བྱ་ཕྱོགས་ན་ཡོད་པའི་ས་རུ་བཟླས་ལ་བསྐུར་རོ། །སྔགས་ནི་ཕཊ་ཧྲཱིཿ ་ཧ་ཧཱུཾ་ཕཊ་ཆེ་གེ་མོ་སྐྲོད་ཅིག་ཕཊ། གཡོན་པའི་ལག་པ་ལ་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་ལ་ལྕི་ཏིལ་གྱི་ཐལ་བ་ཁུ་ཚུར་གྱིས་བཟུང་སྟེ་བརྒྱ་ཕྲག་བརྒྱད་ཀྱི་བར་དུ་བཟླས་ལ་དགྲ་བོའི་ཁྱིམ་དུ་བསྐྱུར་ནས་ཕྱིར་མིག་མི་ལྟ་བར་སོང་ལ་དེ་མ་ཐག་ཏུ་སྐྲོད་པར་བྱེད་དོ། །ོཾ་ན་མ་ཀུ་ལི་ནི་ཀུ་ལི་ནི། ཀི་ལི་ཀི་ལི། གྲྀཧྞ་གྲྀཧྞ། ཨུཙྪ་ཊ་ཨུཙྪ་ཊ། ཨུཙྪཱ་ཊ་ཡ་ཨུཙྩཱ་ཊ་ཡ་ཧཱུཾ། སྐྱེས་པའི་དར་གདོང་གཡོན་པའི་རུས་པ་ལ་མཐེབ་ཆེན་གྱི་ཚོན་གང་གི་ཚད་ལ་ཕྱག་བཞི་པ་མཚོན་ཆ་ཐམས་ཅད་དང་ལྡན་པར་བྱས་པའི་བགེགས་ཀྱི་བདག་པོ་བྱའོ། །མཚོན་ཆའི་མིང་ནི་གཡས་ཀྱི་ཕྱག་ན་དགྲ་སྟ་དང ། ཞགས་པའོ། །གཡོན་གྱི་ཕྱག་ན་ཐོད་པ་དང ། རྩེ་གསུམ་མོ། །དུག་དང ། རྒྱམ་ཚཝ་དང ། སྐེ་ཚེ་ལ་སོགས་པས་བྲི་བ་ནི་ཏ་ལའི་ལོ་མ་ལ་སྔགས་བྲིས་ཏེ་དཀྲི་བ་ནི་ཁ་ཐུར་དུ་བསྟན་ཏེ་སྦ་བའམ། ཡང་ན་སྒོའི་ཕྱོགས་སུ་བརྐོས་ལ་སྦས་ཏེ། ཞག་བདུན་དུ་བྱས་ན་དེ་མ་ཐག་ཏུ་སྐྲོད་པར་འགྱུར་རོ། །ཕྱུང་ན་ཐར་བར་འགྱུར་རོ། །དེ་ཉིད་ཀྱི་སྔགས་ནི། ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩཎྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། 100a ༄#། །དཾཥྚ་ཏ་ཀཊ་བྷཻ་ར་བཱ་ཡ། ཏདྱ་ཐཱ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལི་ཁ་ཁ་ཁཱ་ཧི་ཁཱ་ཧི། བནྡྷ་བནྡྷ། ཧ་ན་ཧ་ན། གརྫ་གརྫ། བི་སྥོ་ཊ་ཡ། བི་སྥོ་ཊ་ཡ། སརྦ་བིགྷྣན་བི་ནཱ་ཡ་ཀཱ་ནཱཾ། མཧཱ་ག་ཎ་པ་ཏི་ཛཱི་བ་ཏི་ཨནྟ་ཀ་རཱ་ཡ་སཝཱཧཱ། དེ་ལྟར་སྔགས་ཏ་ལེའི་གྲོ་ག་ལ་བྲིས་ཏེ་བརྐོས་ལ་སྦ་བར་བྱའོ། །ོཾ་ཀཱ་ཀི་ཀ་ར་པེ། ཀཱ་ཀ་ཀི་ཀཱ་པིཎྜོ་པ་ཧཱ་རི་ཎི་ཆེ་གེ་མོའི་ཧྲ་ད་ཡཾ་དྲི་ཤྱ་གཙྪ། ཀཱ་ཀི་ཡ་ཐཱ་སུ་ཁཾ་ཨུརྡྷཾ་མུ་ཁི་སཝཱཧཱ། སེ་ཧ་ར་དང ། སྒྲོན་ཤིང་ལ་བརྒྱ་ཕྲག་བརྒྱད་ཀྱི་བར་དུ་བཟླས་ཏེ་སྒོ་རུ་བརྐོས་ཏེ་སྦས་ན་གང་གི་མིང་བྱས་པ་བྱ་རོག་བཞིན་དུ་རྒྱུ་ཞིང་སྐྲོད་པར་འགྱུར་རོ། །ོཾ་ན་མཿ ་ཀྲྀཥྞ་ཤ་བ་རི་ཡཻ་མཱཾ་ས། ཤོ་ཎི་ཏ། བྷོ་ཛ་ནཱི་ཡེ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཆེ་གེ་མོ་ཛཱ་རེ་ཎ་གྲྀཧྞཱ་པ་ཡ་ཨ་ཤུ་ཧཱུཾ་ཕཊ། རིམས་ཀྱིས་ཕག་མོའི་གཟའ་མིག་དམར་གྱི་དུས་སུ་ཤིང་ནིམ་པའི་ལྷོ་ཕྱོགས་ཀྱི་རྩ་བ་ལ་སྐུ་གཟུགས་བྱས་ལ། ཚ་བ་གསུམ་གྱི་བདུག་པས་བདུགས་ན་འཛིན་པར་འགྱུར་རོ། །གུ་གུལ་གྱིས་བདུགས་ན་གྲོལ་བར་འགྱུར་རོ། །ོཾ་དྷུ་ནི་ཙཎྜ་སཝཱཧཱ། མིའི་མགོ་བོའི་སྐྲ་བཟུང་ལ་གཏུམ་པོ་དབང་ཕྱུག་གི་རྐང་པ་ལ་དྲུད་ན་ཉི་མ་ཁ་ཅིག་ལ་རིམས་བསྐྱེད་དོ། །སྙིང་གར་ཟླ་བའི་དཀྱིལ་འཁོར་བསམས་ལ་དེའི་སྟེང་དུ་ 100b ཡི་གེ་བཾ་དཀར་པོ་ལས་ཆར་དབབ་པར་བསམས་ན་སྙིང་གར་ཟུག་གཟེར་བྱུང་བ་མེད་པར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་ས་ཏྭ་ཡ། མཧཱ་སཏྭ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཨོཾ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ། ཀ་རོ་ཊེ། བཱི་རྱེ་སཝཱཧཱ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བླ་མ་སེངྒེ་སྒྲའི་སྔགས་འདིས་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་གི་མདུན་དུ་ལྕི་བས་དཀྱིལ་འཁོར་བརྒྱད་བྱས་ཏེ་དེའི་ལྕི་བའི་ལྷག་མ་ལ་ལན་བདུན་དུ་སྔགས་ལ་ལུས་ལ་ནད་ཡོད་པའི་ས་རུ་བྱུག་པར་བྱའོ། །ཞག་བདུན་ན་ནད་ཞི་བར་འགྱུར་རོ། །གལ་ཏེ་ཞི་བར་མ་གྱུར་ན་དེའི་ཚེ་སངས་རྒྱས་བཅོམ་ལྡན་འདས་བདག་གིས་དགོངས་པར་གྱུར་པ་ཡིན་ནོ་ཞེས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ཀྱི་དབང་ཕྱུག་སྨྲའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། མཧཱ་ཡཀྵ་སེ་ནཱ་པ་ཏཱ་ཡེ། སོ་བྷ་སོ་ཀྲི་ནཱི་ཡ། སོ་རོ་ཏི་སཝཱཧཱ། གནོད་གནས་ཀྱི་སྙིང་པོ་མཆོག་ཏུ་གྲུབ་པ་འདི་ཉིད་པུས་མོའི་བར་ཙམ་ཆུར་བཅུག་སྟེ་གནས་ལ་འབུམ་ཕྲག་གཅིག་བཟླས་པ་བྱས་ན་ནོར་སྟེར་རོ། །ནིམ་པའི་ཤིང་གི་རང་བཞིན་ལ་སོར་བཞི་པའི་ནོར་བུ་བཟང་པོའི་སྐུ་གཟུགས་བྱས་ཏེ་གསོ་སྦྱོང་དང་ལྡན་པའི་ལྷ་བཟོས་ཚོན་ 101a ༄#། །རྩིས་བྱུག་པར་བྱའོ། །མཆོད་པ་དང ། གཏོར་མའི་ཉེ་བར་སྤྱོད་པ་བྱས་ལ་དུ་བ་མེད་པའི་སོལ་བའི་མེ་ལ་ཐུན་མཚམས་གསུམ་དུ་སྤོས་ཀྱི་སྦྱིན་སྲེག་སྟོང་ཕྲག་བརྒྱད་བྱས་ན་ཕྱུག་པོ་ཆེན་པོ་དབང་དུ་འགྱུར་རོ། །ན་མཿ ་ཀ་པཱ་ལེ་ཤཝ་རཱ་ཡ་ཛོ་ཧུ་ཏུ་རུ་རུཾ་མུ་ཧུ་རཱི་ཡེ་སཝཱཧཱ། སྔོན་དུ་བསྙེན་པ་ཁྲི་བྱས་ལ་དེ་ནས་འབྲས་སོ་བའི་ཁང་པར་ཡོངས་སུ་བཟླས་པ་ཙམ་དང ། ཐོད་པ་བཅུག་པ་ཙམ་གྱིས་འབྲས་ཀྱི་སོ་བ་འཕེལ་བར་བྱེད་དོ། །གི་ཝང་གིས་གྲོ་ག་ལ་ནོར་རྒྱུན་མའི་གཟུངས་མངོན་པར་བྲིས་ཏོ་དྲི་ཞིམ་པོས་བྱུགས་པའི་བུམ་པའི་ནང་དུ་བཅུག་སྟེ་མཆོད་པ་དང ། བསྙེན་བཀུར་བྱས་ལ་བང་མཛོད་ཀྱི་ཁང་པའི་དབུས་སུ་བཞག་ལ་སྟེང་དུ་འབྲས་སོ་བ་རྣམས་བླུགས་ན་ཟད་པ་མེད་པར་འགྱུར་རོ། །མིའི་ལུས་པོ་འཕྲལ་དུ་བསྲེས་པའི་སྔགས་པས་དེའི་ཐལ་བ་ལ་མངོན་པར་སྔགས་ནས་ཐལ་བ་བླངས་ཏེ་གང་དུ་བླུགས་པའི་ཁྱིམ་བདག་ཡུལ་གཞན་དུ་འགྲོ་བར་འགྱུར་རོ། །སྔགས་ནི། ཀ་ཏ་ལི་ཀ་ཏ་ལི་ཀེ་བི་དི་ཙི་ལེ། ན་མོ་བྷ་ག་བ་ཏེ། བིཀ་ཊེ་བི་ཀ་ཊེ། མ་ཧཱ་བི་ཀ་ཊེ། ཙུ་ཊ་ཙུ་ཊ་སཝཱཧཱ། འདི་ཡང་ཆོ་ག་ནི་འདི་ཉིད་དོ། །ན་མོ་བྷ་ག་བ་ཏེ། རུ་དཱ་ཡ། གྲྀཧྞ་ཀརྞི། བི་རུ་པཱཀིཥ་ལ་མ་པ། སྟ་ནི་མ་ཧོ་ད་རི། ཧ་ན། ཤ་ཏྲཱུཾ་ཏྲི་ཤཱུ་ལེ་ན། ཀྲུདྡྷ་ཤྱ་པི་བ་ 101b ཤོ་ཎ་ཏིཾ། ཧ་ན་ད་ཧ་མཱར་ཡ། ཨུ་ཏ་སཱ་ད་ཡ། ནཱ་ཤ་ཡ་ཕཊ་ཕཊ་ཕཊ། ཨུ་དུ་མ་ཝ་རའི་ཤིང་གི་ཕུར་བུ་རྩེ་གསུམ་པ་ལ་སྐུད་པ་དམར་པོ་དཀྲིས་ཏེ་ལིངྒ་མདུན་དུ་བྱས་ལ་ཕུར་བུ་ལག་ཏུ་བཞག་ལ་སྟོང་ཕྲག་གཅིག་ཏུ་བཟླས་ཏེ་དགྲ་བོའི་སྒོར་སྦས་ན་སྐྲོད་པར་འགྱུར་རོ། །སྔོན་དུ་བསྙེན་པ་ནི་ཁྲི་ཚོ་གཅིག་བྱའོ། །ོཾ་ཨེ་མེ་དྲུ་དི་རུ་སེ། ཀཱ་ཤྱ་ཨ་གྲིཧྞ་ཀྲ་ཚནྟུ་ས་ར་ཤ་པ། ཙ་ཏུརྞ། མསྟ་ཀེ་ཛ་ཏ། ས་ཧ་ཤྱ་ན་གུ་ལ་ཤྱ། ཙཀྲིཥྞ་ས་ར་པ་ཤྱ། ཛ་བྷ་ཡཱཾ། པི་ཏཱ་ལ་ཤྱ་ཙ། མསྟ་ཀེ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཆེ་གེ་མོ་དང ། ཆེ་གེ་མོ་ཕྱེ་ཞིག་།མ་མ་བ་ཤ་མ་ག་ཏུ་སཝཱཧཱ། ནག་པོའི་ཕྱོགས་ཀྱི་ཚེས་བརྒྱད་ལ་མིང་གི་གཟུགས་བརྙན་བྱས་ཏེ་སྐེ་ཚེའམ། ཡུངས་ཀར་གྱིས་གང་གི་མིང་ནས་བཟུང་སྟེ་སྦྱིན་སྲེག་བྱས་ན་དེ་འབྱེད་པར་བྱེད་དོ། །ོཾ་ཙ་མུཎྜི་ནི་མ་བྷེ་དཱ་བ་སོ་ཏ་པ་སོ། །ས་ཤྱ་མི་མ་བ་ཤྱ། མཧཱ་ཨཏྟྱཾ་པྲ་ཤྱ་ཀྵཾ་བྷཎྜ་པ་ནཾ། ཆེ་གེ་མོ་དང ། ཆེ་གེ་མོ་མཱ་གད་ཙྪེད་བྲི་ཏེ། རབྷ་པ་ཏུ་ར་ཏྲོ་ཙྪ་ད། ཀ་ལ་ཧོ་བྷ་བ་ཏུ། པི་པཱ་ཙྪེ་ད་ཨཱ་ས་མ་ག་མ་སཝཱཧཱ། ནག་པོའི་ཕྱོགས་ཀྱི་ཚེས་བརྒྱད་དམ་།ཚེས་བཅུ་བཞི་ལ་བརྩམས་ཏེ་ནི་མ་པའི་ཡམ་ཤིང་གིས་ནུབ་བདུན་གྱི་ཐུན་མཚམས་སུ་སྦྱིན་སྲེག་བྱས་ན་ཞག་གསུམ་ན་འབྱེད་པར་འགྱུར་རོ། །ཕ་མེས་ཀྱི་ནགས་ཀྱི་ཤིང་དང ། རུས་གོང་ལ་གཟུགས་ 102a ༄#། །བརྙན་བྱས་ཏེ་རང་གི་མིང་གཉིས་དུག་དང ། ཁྲག་དང ། སྐེ་ཚེ་དང ། ནིམ་པའི་ལོ་མས་བྱུགས་ལ་རྒྱབ་དང ། རྒྱབ་ཏུ་སྤྲད་དེ་མི་རོའི་སྐྲས་བཅིངས་ན་སྐྱེ་འགྲོ་ཐམས་ཅད་ཀྱང་འབྱེད་པར་བྱེད་ན་ཕལ་པའི་མི་ལྟ་སྨོས་ཀྱང་ཅི་དགོས། ཨོཾ་སྨ་སཱ་ན་བི་ཤཱ་ཙ་བི་དྭེ་ཥཱ་ཙ་བི་དྭེ་ཥཱ་ཡ་ཧཱུཾ་ཕཊ། མི་རོའི་སྐྲ་ལ་ལན་བརྒྱ་རུ་བཟླས་ལ་བཅིང་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཨོཾ་བྷེ་རུཎྜཱ་ཡ་ཧཱུཾ་ཕཊ། འདི་ཡིས་སྔོན་དུ་བསྙེན་པ་ནི་སྟོང་ཕྲག་བཅུ་གཉིས་བྱས་ཏེ་དེ་ནས་ཕྱིས་ནི་ཨརྒའི་ཤིང་གི་ལྷོ་ཕྱོགས་ཀྱི་ཡལ་ག་ལ་བཟུང་སྟེ་ཁ་སྦྱོར་དུ་བྱས་ལ་དེ་ལ་སྔགས་འདིས་བསྲུང་བར་བྱའོ། །ོཾ་མཧཱ་བ་ལ་ཨ་ཙ་ལ། བནྡྷ་བནྡྷ། པཱི་ཌ་ཡ་པཱི་ཌ་ཡ། ཏི་ལ་ཀཱ་མ་རཱུ་པ་ཧཱུཾ་ཕཊ། རྒྱལ་རིགས། རྗེའུ་རིགས། བྲམ་ཟེའི་རིགས། དམངས་རིགས། དམན་རིགས། ཡིག་མཁན་གྱི་རིགས། ཚོང་པའི་རིགས། རིགས་བདུན་པོའང་ལྷོ་ཕྱོགས་སུ་གཏོགས་པའི་ཤིང་རོ་བསྲེགས་པའི་ས་རུ་དུར་ཁྲོད་ཀྱི་མེས་བསྲེགས་ཏེ་བོང་བུའི་ཁྲག་གིས་བསད་ལ་དེའི་སོལ་བ་ལ་བསྲུང་བ་བྱས་ཏེ་སྔགས་འདི་ཡིས་ལན་བརྒྱད་བརྒྱ་རུ་བཟླས་ཏེ། ཨོཾ་ན་མོ་བྷ་གཱརྟི་ཏེ། ཨ་ན་ཡ་ཏྱཾ་གི་ཧཱུཾ་ཕཊ། ཕྱིས་ནི་རྩ་བའི་ 102b སྔགས་ཀྱི་བརྒྱ་ཕྲག་བརྒྱད་ཀྱིས་མངོན་པར་སྔགས་ཏེ་གང་གི་མིང་བྲིས་པ་དེ་ཤ་ཟས་བཟུང་བར་འགྱུར་རོ། །ཇི་སྙེད་ཀྱི་སྔགས་མཁན་ཁ་ཅིག་གིས་གྲོལ་བར་བྱེད་འདོད་པ་ཐམས་ཅད་ཀྱིས་ཀྱང་འགྲོལ་བར་བྱེད་མི་ནུས་སོ། །དེའི་མིང་ཕྱིས་ན་གྲོལ་བར་འགྱུར་རོ། །ནིམ་པ་ལ་གནས་པའི་བྱ་རོག་ནག་པོའི་ཚང་ལ་ཉི་མའི་གུང་ལ་མར་ནག་གིས་བྱུགས་ལ་རྩཝ་སྐམ་པོ་དེས་དེ་ལ་མར་ནག་བྱུགས་པ་རྣམས་དུར་ཁྲོད་ཀྱི་མེ་ལ་ལེགས་པར་བསྲེགས་ཏེ་བསྡུས་ན་དེའི་ཐལ་བ་ཐུམ་པོ་བྱས་ལ་ཁང་པའི་ཐོག་གི་འོག་ཏུ་བཞག་པར་བྱས་ན་དེའི་ཁྱིམ་ལ་རྡོའི་ཆར་པ་འབབ་པར་འགྱུར་རོ། །ོཾ་ཨ་ན་ལ་བི་ཤཱི་ཙ་བ་ཡ་ཡུ་བ་ག་མ་ཧཱ་པི་ཤཱ་ཙ་སཝཱཧཱ། སྔོན་དུ་བསྙེན་པ་ཁྲི་ཚོ་གཅིག་བཟླས་ལ། དེ་ནས་ཨུ་དུམ་ཝཱ་རའི་ཡམ་ཤིང་ལ་སྟོང་ཕྲག་གཅིག་སྦྱིན་སྲེག་བྱས་ཏེ་ལྕེ་སྤྱང་གི་ཁྲག་གིས་བསད་དེ་དེའི་སོལ་བས་གང་གི་མིང་བྲིས་པ་དེ་ཤ་ཟས་གཟུང་བར་འགྱུར་རོ། །ཕྱིས་ན་ནི་གྲོལ་བར་འགྱུར་རོ། །དུར་ཁྲོད་ཀྱི་སོལ་བའི་མེ་ལ་ཝའི་ཁྲག་དང་བསྲེས་ཏེ་བསྣོས་ལ་དེ་ཡིས་གང་གི་མིང་བྲིས་པ་དེ་མ་ཐག་ཉིད་དུ་སྨྱོ་བར་འགྱུར་རོ། །ཕྱིས་ན་ནི་གྲོལ་བར་འགྱུར་རོ། །ོཾ་ཏྲི་ནེ་ཏྲ་སི་ཤཱ་ཙ་བྷོ་ཀྲྀ་ཏ། དཾཥྚྲ་བི་ཀྲྀ་ཏ་མུ་ཁ་ཆེ་གེ་མོ་མུཙྪ་ཊ་ཡ་བྷྲ་མ་ཧཱུཾ་ཕཊ། བྱ་རོག་གི་སྒྲ་མི་གྲག་པར་ 103a ༄#། །ཚོད་མ་ཐམས་ཅད་དང་ལྡན་པའི་ཟན་གྱིས་ཆང་བུ་བྱིན་པར་བྱས་ན་ཞག་བདུན་གྱིས་སྐྲོད་པར་འགྱུར་རོ། །ོཾ་ཀ་ཀཱི་ཀྵི་ཀཱ་རུ་དི་ཀེ་ཀཱ་ཀ་པིཎྜཱ་ནུ་བྷོ་ཛ་ནི་ཆེ་གེ་མོ་ཧྲྀ་ད་ཡཾ་གྲྀ་ཧྱེ་གཙྪ་ཀཱ་ཀཱི་ཡ། ཛ་ཐཱ་སུ་ཁཾ་སཝཱཧཱ། ནག་པོའི་ཕྱོགས་ཀྱི་ཚེས་བརྒྱད་དམ། བཅུ་བཞི་ལ་བྱ་རོག་ནག་པོའི་ཚང་གི་ཤིང་ལ་ཙཎྜ་ལའི་མེས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན་ཕུད་ཀྱི་ཆང་བུ་ལ་ལན་བདུན་སྔགས་ཏེ་དགྲ་བོའི་ཁང་པར་བསྐྱུར་ཏེ་ཕྱིར་མིག་མི་ལྟ་བར་བྱས་ན་ཞག་བདུན་ཕྲག་གསུམ་ན་ངེས་པར་སྐྲོད་ཅིང་དེ་མ་ཐག་ཏུ་སྐྲོད་པར་བྱེད་དོ། །ཡ་མ་རཱ་ཛ། ས་དོ་མེ་ཡ། ཡ་མེ་དོ་རུ། ཎ་ཡོ་ད་ཡ། ཡ་ད་ཡོ་ནི། ར་ཡཀྵེ་ཡ། ཡཀྵེ་ཡཙྪ་ནི་རཱ་མ་ཡ། དབུས་སུ་ཡའོ།། ཀྵེ་དང ། མ་མེ་ད་ནི་ནང་གི་འཁོར་ལོ་ལའོ། །ཡཙྪ་ནི་རཱ་ཛ་ས་དོ་རུ་ཎ་ཡོ་ནི་ར་ཞེས་བྱ་བ་ནི་གཉིས་པའི་ཕྱིའི་འཁོར་ལོའི་རེའུ་མིག་ལའོ། །རོ་བསྲེགས་པའི་ཤིང་གི་རང་བཞིན་ལས་ཁ་སྦྱོར་བྱས་ལ་དེའི་ཤིང་ལ་བྱས་པའི་སྨྱུག་གུས་བྲི་བར་བྱའོ། །དཔྱངས་པའི་རོའི་སྟེང་ཕྱོགས་ཀྱི་ཐག་པ་བླངས་ཏེ་དུ་བ་ཕྱིར་མི་འབྱུང་བར་བསྲེགས་ལ་དེའི་ཐལ་བ་དང་བོང་བུའི་ཆུ་བསྲེས་ཤིང་བསྣོས་ལ་སྣག་ཚ་བྱའོ། །ཁ་སྦྱོར་དེ་ལ་གང་གི་མིང་བྲིས་པ་དེ་རིམས་ཆེན་པོས་འཛིན་པར་འགྱུར་རོ། །འོ་མས་བཀྲུས་ན་གྲོལ་ 103b ལོ། །ོཾ་ཙི་ལེ་ཙིཙྪེ། ཙི་ལི་ཙི་ལི་ཙི་ཙྪི་ལི་སཝཱཧཱ། ཟངས་མའི་ཁབ་ཀྱིས་ཕུག་པའི་ཀ་ར་བཱི་ར་དམར་པོ་ནི་ཡུངས་ཀར་གྱི་མར་གྱིས་སྤར་བའི་མར་མེ་རྩེ་མོ་ལ་བརྒྱ་ཕྲག་བརྒྱད་དུས་གསུམ་དུ་བསྲག་པར་བྱའོ། །ཞག་བདུན་གྱིས་སྔོན་མ་མཐོང་བའི་བུད་མེད་ཀྱང་འགུགས་པར་བྱེད་དོ། །ོཾ་བྲཧམ་བ་ཏི་བི་ད་ར་ཀེ་སཝཱཧཱ། རྒྱལ་པོའི་ཆུང་མ་ཆེན་མོའང་བརྫུན་མིན་པར་བཟླས་པ་ཙམ་གྱིས་དབང་དུ་འགྱུར་རོ། །ཀརྞྞ་མོ་ཊི་ཧཱུཾ་ཕཊ། ཙ་མུཎྜ་འདི་འབུམ་ཕྲག་བཞི་བཟླས་ལ་ཞག་གཅིག་ཏུ་ཐུན་གསུམ་དུ་སྐེ་ཚེའི་སྦྱིན་སྲེག་བྱས་ན་འགུགས་པར་བྱེད་དོ། །ོཾ་ར་ག་ཏེ། ར་ག་ཏི་ནི་སཝཱཧཱ། འབུམ་ཕྲག་གཅིག་བཟླས་ལ་པདྨའི་སྐུད་པ་དང ། ཚིལ་ཆེན་པོས་ཐོད་པ་རུ་དུ་བ་བསྒྲུབ་པར་བྱ་བ་ཐོད་པ་ཁ་བརྒྱད་ཀྱི་ཆོ་གས་ཐོད་པ་གང་དུ་དུད་པ་བསགས་པ་དེ་སྟེང་དུ་བཞག་ལ་ཆང་གིས་བཀང་བར་བྱའོ། །དེས་མིག་ལ་བསྐུས་ན་འཇིག་རྟེན་དབང་དུ་བྱེད་དོ། །དུད་པ་ལ་སྟོབས་པོ་ཆེ་ལ་སོགས་པ་བསྲུང་བར་བྱའོ། །གཞན་དུ་སྲུང་བ་མ་བྱས་ན་ཤ་ཟས་ཁྱེར་རོ། །ོཾ་ཙནྡྲ་མུ་ཁི་ཀ་ལི་བཟླས་ནས་གསུམ་གྱི་དཀྱིལ་འཁོར་དབང་དུ་བྱེད་དོ། །ོཾ་ཀར་དརྦྦ་ཡ་དརྦྦ་ཡ། ན་ཡ་ན་ན་མ་ནོ་ཧ་རཾ་སཝཱཧཱ། ཀ་ར་ཧ་རའི་རྩ་བ་ལ་སྡོང་བུ་བྱས་ཏེ་ཕྱུགས་སེར་སྐྱའི་མར་གྱི་དུ་བ་བསགས་ལ་དེས་མིག་ལ་བྱུགས་ན་དབང་དུ་བྱེད་དོ། །ོཾ་ཀཱ་མེ་ཤཝ་རེ་སཝཱཧཱ། 104a ༄#། །སྦྲུལ་ནག་པོའི་མགོ་བོ་དང ། སོ་ཛཱ་ནའི་དུད་པ་ལ་ལན་བདུན་དུ་ལེགས་པར་བཟླས་ཏེ་དེས་མིག་ལ་བསྐུས་ན་དབང་དུ་བྱེད་དོ། །དབང་ཕྱུག་ཆེན་པོའི་རྟགས་ཀྱི་ལྷོ་ཕྱོགས་ཀྱི་གདོང་གི་ཐད་དུ་འདུག་པར་བྱས་ནས་ཁྲི་ཕྲག་གཅིག་གི་སྔོན་དུ་བསྙེན་པ་བྱས་པའི་སྔགས་པ་དེས་མེ་ཏོག་དམར་པོས་བཅོས་པའི་གོས་དམར་པོ་གྱོན་ལ་མཚན་མོ་ཀུན་ཏུ་འཇིགས་པ་དང་བཅས་པས་བཟླས་པར་བྱའོ། །རེངས་པའི་ཕྱག་རྒྱ་བཅིངས་ལ་དེའི་སྔགས་བཟླས་པར་བྱ་སྟེ་ཁྱད་པར་དུ་གཟའ་དང།་གཟས་བཟུང་བའི་དུས་སུ་སྟོབས་པོ་ཆེའི་སྔགས་བཟླས་པར་བྱའོ། །ལག་པ་གཡས་པའི་ཁུ་ཚུར་དུ་མཐེ་བོང་གཞུག་པར་བྱའོ། །རེངས་པར་བྱེད་པ་ལ་གདུག་པ་ཅན་རྣམས་ཀྱི་མདུན་དུ་བྱས་ན་རེངས་པར་འགྱུར་རོ། །སྔགས་ནི། དར་ཎ་བཛྲ་ར་ཏི། ཨོཾ་བཛྲ་ཀྲོ་དྷ་མཧཱ་བ་ལ་སརྦ་དུཥྚཱཾ། སྟཾ་བྷ་ཡ་སྟཾ་བྷ་ཡ། མོ་ཧ་ཡ་མོ་ཧ་ཡ་ཧཱུཾ་ཕཊ། རེངས་པའི་སྔགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མསྟ་སྨཻ་ཙཎྜ་བཛྲ་པཱ་ཎ་ཡེ། ཀཱ་ཀཻ་ཀཱ་ཀཱི་ནི། བྷྲ་མ་རི། བྷྲ་མ་རི། ཧ་ན་ཧ་ན། ཏྲཱ་ས་ཡ་ཏྲཱ་ས་ཡ། བི་དྷྭ་ན་ས་ཡ། བི་དྷ་ན་ས་ཡ། པ་ར་སེ་ནྱཾ་ཙ་ཀྲི་བཛྲ་པཱ་ཎི། ཨ་ག་ཙྪ་སཝ་བ་ཐེ་ན། ན་རཱ་ཙེ་ན་མཱ་ར་ཡ་སཝཱཧཱ། མཆོད་པ་རྒྱ་ཆེན་པོ་བྱས་ལ་ཉི་མ་རེ་རེ་དུར་ཁྲོད་ཀྱི་མེ་རབ་ཏུ་སྤར་བའམ། གཙུབ་ཤིང་ 104b ལས་བྱུང་བའི་མེ་དང ། རས་བླངས་ཏེ་ཁྲག་དང ། ཕྱེ་དང ། ཡུངས་ཀར་བསྲེས་པས་སིམ་པ་ལའི་རས་བལ་གྱིས་སྟོང་ཕྲག་བརྒྱད་སྦྱིན་སྲེག་བྱས་ན་ནམ་ཕྱེད་ཀྱི་དུས་སུ་གཡུལ་ཐམས་ཅད་ཉམས་པར་བྱེད་དོ། །ོཾ་མཧཱ་ཏེ་ཛ་མ་ཎི་བྷ་དྲ་།སཾ་བྷ་ར་སཾ་བྷ་ར་སཝཱཧཱ། འབུམ་བཟླས་ན་དངུལ་འབུམ་རྙེད་པར་འགྱུར་ཏེ་མཐོང་བའི་ཆོས་ལ་ཡིད་ཆེས་པར་འགྱུར་རོ། །ོཾ་ཛྭ་ལ་ཛྭ་ལ་ཨ་ག་ན་ཡེ་སཝཱཧཱ། ཡུངས་ཀར་དང ། ཐལ་བ་ལ་སོགས་པས་ཁོ་ར་ཁོར་ཡུག་བཅིངས་ན་འབྱུང་པོ་ལ་སོགས་པ་དང ། མཆེ་བ་ཅན་ལ་སོགས་པ་མི་འོང་བར་འགྱུར་རོ། །མཐོང་བའི་ཆོས་ལ་ཡིད་ཆེས་པའོ། །རྡོག་པ་དྲག་པོས་བརྡབ་པའི་བུམ་པ་བཅག་པའི་དུམ་བུ་བླངས་ནས་སྣོད་ཀྱི་ཐོག་ཏུ་འདུག་ཁང་སྟེང་དུ་མེས་ཚིག་དུས་སུ་སྔགས་མཾ་བརྗོད་དེ་གནས་པས་དབྱུག་པ་བཟུང་ནས། མཾ་ཡིག་བརྗོད་པས་བུམ་པ་བཅག་པར་བྱ། །མཾ་ཡིག་མོ་ཉིད་སོད་པར་གྱུར་ནས་སུ། །སྦྱོར་བ་འདི་ནི་མེ་མཆེད་པ་ལའོ། །དུར་བ་དང་བཅས་འབྲས་ཀྱི་སོ་ལ་བཟླས། །སློབ་མའི་དུམ་བུ་སྣོད་དུ་མེ་ཡིས་སུ། །མཆོད་ཡོན་སྔགས་ཀྱིས་སྦྱིན་སྲེག་བྱས་ནས་ནི། །མེ་ནི་མཆེད་པར་གྱུར་པ་ཞི་བ་ཡིན། །ད་ཐི་བ་དཀྵོ་བ་དུ་ཎཱ། ཨ་ཐོ་པཏ་ཏ་ཏམ་བ་པཉྩ་ནཱ་མཱ་དཱ་ཡི། དཱ་བི་ཎཱ་ཁན་ཏྭཾ་ཛ་ཏ་བེ། ཨ་ཏི་ཀྲ་མ། ན་མོ་རྣན་ 105a ༄#། །ཏི་མཧཱ་ནན་དི། པི་དཱ་བི་ལི་པི་ལི། སིདྡྷི་སིདྡྷི་སཝཱཧཱ། མཆོད་ཡོན་གྱི་སྔགས་སོ། །ཛྫི་དྷརྨ་ད་ན་ཏེ་བ་ར་ཨཙྪ་ཡ། ཨཱི་ཛྷ་ཏུ་ཨ་ཏི་ཧཱུཾ། ཀན་ཙོ། ཨཾ་ཀུ་རེ། ཨེ་བི་ཨུ། ཨ་དེ་སརྦེ་སརྦཱ་ཧི། ཊྚ་ཎེ་བཊྚ། ཏུ་པཱ་བ་ཨུ། མེས་ཚིག་པའི་དུས་སུ་ཆུ་ལ་ཡོངས་སུ་བཟླས་ཏེ་ལན་ཁ་ཅིག་ཏུ་ཨརྒྷ་སྦྱིན་ནོ། །ཆུལ་ལན་ཉི་ཤུ་རྩ་གཅིག་གི་བར་དུ་ཡོངས་སུ་བཟླས་ཏེ་ཁང་པ་ལ་ཡོངས་སུ་གཏོར་ན་མེས་མི་ཚིག་གོ་།ོཾ་ཀི་རི་ཀི་རི། རི་ཥ་བྷཱ་ཡ་སཝཱཧཱ། བསྙེན་པ་ཁྲི་ཚོ་གཅིག་བྱའོ། །དེ་ནས་དཔུང་པ་ལ་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་ཏེ་སྦར་བར་བྱའོ། །གང་གི་ཚེ་མདུན་ཕྱོགས་སུ་འགྲོའམ། སྟེང་དུ་འགྲོ་ན་དེའི་ཚེ་དགོས་པ་འགྲུབ་པ་ཡིན་ནོ། །ཡང་ཕྱིན་ཕྱོགས་སུ་འགྲོ་ན་དགོས་པ་མི་འགྲུབ་པ། །འདི་ན་ནུབ་མོ་ཁང་པའི་ནང་དུ་གཅེར་བུས་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མཤྩ་བཛྲ་པཱ་ན་ཡེ། མཧཱ་ཡཀྵ་སེ་ནཱ་པ་ཏ་ཡེ། ཏདྱ་ཐཱ། གྷརྀ་ཎི་གྲྷརྀ་ཎི། གྷནྜ་ཀརྞ་སཝ་བན། མཱ་དཪྴ་ཡ་སཝཱཧཱ། ནག་པོའི་ཕྱོགས་ཀྱི་ཚེས་བརྒྱད་དམ། ནག་པོའི་ཕྱོགས་ཀྱི་ཚེས་བཅུ་བཞི་ལ་ཚ་པའི་མར་ནག་གིས་རྐང་པ་ལ་བྱུགས་ཏེ་ཉལ་ན་རྨི་\?\་ལམ་ན་དགོས་པ་སྟོན་པར་བྱེད་དོ། །ོཾ་གྷུ་ཎ་དེ་ཤྲ་བ་ཎ་པི་ཤཱ་ཅི་སཝཱཧཱ། སྟོང་ཕྲག་གཅིག་སྔོན་དུ་བསྙེན་པ་དང་ལྡན་པས་ཉལ་བའི་དུས་སུ་རུ་རྟའི་ལྡེ་གུ་ལ་ལན་ 105b ཉི་ཤུ་རྩ་གཅིག་མངོན་པར་སྔགས་ཏེ་ལག་པ་དང ། རྐང་པ་ལ་བྱུགས་ལ་མངོན་པར་འདོད་པའི་དགོས་པ་ཡིད་ལ་བྱ་ཞིང་གཙང་མའི་ས་ཕྱོགས་སུ་ཉལ་ན་དགེ་བ་དང ། མི་དགེ་བ་སྟོན་པར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་ཨ་ར་ཏེ་སཝཱཧཱ། སྔོན་དུ་བསྙེན་པ་ཁྲི་ཚོ་གཅིག་བྱ་ལ་འབྲས་ཁུར་གྱི་རང་བཞིན་ལས་རི་ཁྲོད་མའི་གཟུགས་གཅེར་བུ་གསུམ་བྱའོ། །ཉི་ཟླ་གཟས་བཟུང་བའི་དུས་སུ་ལག་པར་བཞག་ལ་ཇི་སྲིད་མ་གྲོལ་གྱི་བར་དུ་བཟླས་པ་བྱའོ། །དེ་ནས་སྲོད་ཀྱི་བྱིས་པའི་མཐོང་བའི་ལམ་གྱི་སྤྱོད་ཡུལ་དུ་འགྱུར་རོ། །མེ་ལོང་ལ་སོགས་པ་ལ་དཔའ་མོ་ཆེན་མོས་བདེན་པར་སྟོན་ཏོ། །ནཱ་མནྣ་ཧི་ཀྲ་མ་པ་ད་མ་བྟྱད། ཏད་བྷུ་ཏཾ། ཡད་བྷ་བྱཾ། ཡད་གྲ་ཏཾ། ཡད་གྲ་ཏཾ། ཡད་གྲ་ཏཾ། བི་ད་ཪྴ་ཡ་ཏ་སཝཱཧཱ། བུ་རམ་དང ། ཕྱི་ཡིས་རྡོ་རྗེ་བྱས་པ་བྱིན་ཏེ་སྔགས་ཁྲི་ཚོ་གཅིག་ལ་ཁྲུས་སོ། །མཐེ་བོ་ལ་རྒྱ་སྐྱེགས་ཀྱིས་བསྐུས་ན་འབེབས་པར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། རཀྟ་རཀྟ། ཨཾ་གུཥྛེ། ཡ་ད་ཀི་ན་ཙི་ཏ་སཝཱཾ་པྲཾ་ཏཾ་ག་ཏཾ། བྷ་བྱཾ་ཏ་ཏ་སརྦ་དཪྴ་ཡ་སཝཱཧཱ། ཁྲི་ཚོ་གཅིག་གི་བསྙེན་པ་བྱས་ལ་མཐེ་བོ་ལ་པྲ་སེ་ན་དབབ་བོ། །ོཾ་ཨ་ལུ་ཀེ་།པ་ལུ་ཀེ་།གྲྀཧྞ་པིཎྚཾ། བི་ཤཱ་ཙི་སཝཱཧཱ། སྔོན་དུ་བསྙེན་པ་ཁྲི་ཚོ་གཅིག་བཟླས་ལ་དེ་ནས་བསྒྲུབ་པ་བྱ་སྟེ་ཕུད་ཀྱི་ཟན་ཆང་ལ་ལན་བདུན་དུ་སྔགས་ལ་རྒྱབ་ཏུ་བསྐྱུར་ 106a ༄#། །བར་བྱའོ། །ཞག་བདུན་ན་རྣམ་པར་སྟོན་པར་བྱེད་དོ། །ཞག་དང་པོ་ལ་མ་བསྟན་ན་ཡི་ཆད་པར་མི་བྱའོ། །གཉིས་པ་དང ། གསུམ་པ་རུ་བསྒྲུབས་ན་བྲམ་ཟེ་གསོད་པའང་འགྲུབ་བོ། །གལ་ཏེ་མ་གྲུབ་ན་སྤྱི་བོ་གས་ནས་འཆིའོ། །ཕྱག་ན་རྡོ་རྗེའི་བཀའ་ཇི་བཞིན་ནོ། །ན་མཿ སརྦ་བུདྡྷ་བོ་དྷི་སཏྭཱ་ནཱཾ། ཨཱ་ཨ་མ་ལ་བི་ཀྲཱནྟ། ཏེ་ཛོ་ནི། ཨ་ར་ཛེ་སཝཱཧཱ། དེ་བཞིན་གཤེགས་པ་འབྱུང་བའི་ཕྱག་རྒྱ་ཉེ་བར་གནས་ལ་མཆོད་ཡོན་ལ་སོགས་པ་ཐམས་ཅད་བྱའོ། །ས་གཞི་འདི་ཙམ་གྱི་ཚད་དུ་བདག་གིས་འདི་ཙམ་དུ་འགྲོ་བར་བྱའོ་ཞེས་ཡིད་ལ་བྱས་ལ་ཕྱག་རྒྱ་བཅིངས་ལ་སྔགས་ཉི་ཤུ་རྩ་གཅིག་ཏུ་བརྗོད་པར་བྱས་ན་དེ་སྙེད་ཀྱི་ལམ་དུ་འཇིགས་པ་མེད་པར་འགྲོའོ། །ཁུ་ཚུར་གཉིས་གཅིག་ཏུ་བྱས་ལ་མཐེའུ་ཆུང་གཉིས་ཁ་ཕྱེ་བ་ནི་དེ་བཞིན་གཤེགས་པ་འབྱུང་བའི་ཕྱག་རྒྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཨོཾ་ཀུ་རུ་ཀུལླེ་སཝཱཧཱ། སྔོན་དུ་བསྙེན་པ་ཁྲི་ཚོ་གཅིག་བྱས་ལ་དེ་ནས་བ་ལང་གི་ལྕི་བས་དཀྱིལ་འཁོར་བྱས་ལ་དེའི་དབུས་སུ་མདའ་དང་བཅས་པའི་གཞུ་བྲིས་ལ་མདའི་སྒྲོལ་བཅོམ་ལྡན་འདས་མའི་རང་གི་མིང་ 106b གི་ཡི་གེ་དང་པོ་བཀོད་ལ་བཅོམ་ལྡན་འདས་མ་མཆོད་ཡོན་བྱས་ཏེ་དྲི་དང ། མེ་ཏོག་དང ། བདུག་པ་དང ། མར་མེ་དང ། གཏོར་མ་ལ་སོགས་པས་མཆོད་ལ་གསོལ་བ་གདབ་པར་བྱའོ། །ཆེ་གེ་མོའི་ཡུལ་དུ་འགྲོ་ཞིང་འོང་བར་བཅོམ་ལྡན་འདས་མ་འདིར་གཤེགས་པ་དང་ལྷན་ཅིག་ཏུ་དེ་རུ་སོང་སྟེ་འོངས་ནས་བཅོམ་ལྡན་འདས་མ་ལ་བཟོད་པར་གསོལ་ཏེ་བསྡུ་བར་བྱའོ། །ལམ་དུ་འགྲོ་ན་ཁྲི་ཁྲག་གཅིག་བཟླས་པ་བྱས་ཏེ་ཆོ་ག་བྱས་ནས་དཀྱིལ་འཁོར་ཉེ་བར་བྱུགས་ལ་གཞུ་དང་བཅས་པའི་མདའ་ཤར་དུ་ཁ་བལྟས་པ་མངོན་པར་བྲིས་ལ་དེའི་སྟེང་དུ་བཅོམ་ལྡན་འདས་མ་སྔོན་བཞིན་དུ་མཆོད་པ་དྲི་དང ། མེ་ཏོག་ལ་སོགས་པས་མཆོད་ལ་བརྒྱ་ཕྲག་བརྒྱད་བཟླས་ལ་འགྲོ་བར་བྱའོ། །དེ་ནས་འགྲོ་བར་འགྱུར་རོ། །སོང་ནས་ཕྱིར་འོངས་ན་དེ་ལ་གཞུ་མདའ་དང་བཅས་པ་ཁ་རྒྱབ་ཏུ་བལྟས་པ་དེ་བཞིན་དུ་བྲིས་པར་གྱུར་པའི་བཅོམ་ལྡན་འདས་མ་སྔོན་བཞིན་དུ་མཆོད་ལ་གཤེགས་སུ་གསོལ་བར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭ་ཡ། མཧཱ་སཏྭ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། རི་ཛུ་དྷརྨི། ནིར་ཡ་ཏེ། ཏཱ་རེ་ཏཱ་ར་ཨ་བྷ་ག་བ་ཏི། ཏུཏྟཱ་རེ། བྷ་བ་བྷ་ཡ། མོ་ཙ་ནི་ཏུ་རེ་སཝཱཧཱ། འཇིགས་པ་ལས་ཐར་བར་བྱེད་པ་འདི་ནི་ཁ་ཅིག་ཏུ་འཇིགས་པ་ཆེན་པོ་ཡིན་ན་ཆུ་བོ་དང ། 107a ༄#། །འབྲོག་དགོན་པ་ཆེན་པོར་སེངྒེ་དང ། སྟག་དང ། དོམ་དང ། མ་ཧཱི་ཥ་དང ། རྒྱལ་པོ་དང ། སྲིན་པོ་དང ། ཤ་ཟ་ལ་སོགས་པ་རྣམས་སུ་སྔགས་འདི་དྲན་པར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མཉྫུ་ཤྲི་ཡེ། ཀུ་མཱར་བྷཱུ་ཏཱ་ཡ། ཨོཾ་ཧི་རི་ཏིཥྛ། ཏསྐ་ར་བདྡྷོ་སི། བཾ་ནཱ་གཱ་མཱ་ཙ་ལ་སཝཱཧཱ། སྦྲུལ་རྣམས་ཀྱི་ཁ་འཆིང་ངོ ། །རྐུན་མ་དང ། དགྲ་བོ་ལ་སོགས་པའང་ཁྱད་པར་དུ་འཆིང་ངོ ། །མི་མཆེད་པར་བྱེད་པ་དང ། འདི་རྣམས་འཆིང་བྱེད་ཆོ་གའོ། །ུཏྤལ་ལའི་ཕྱག་རྒྱ་དང་བཅས་པས་སོ། །ལག་པ་གཉིས་ཐལ་མོ་སྦྱར་ལ་མཐེབ་མཛུབ་གཉིས་བཀུག་སྟེ་མཐེབ་ཆེན་གཉིས་གཞུག་པར་བྱའོ། །གུང་མོ་གཉིས་ཀྱི་སྟེང་ནས་སྲིན་ལག་གཉིས་དཀྲི་བར་བྱའོ། །དེ་ནི་ཨུཏྤ་ལའི་ཕྱག་རྒྱའོ། །ན་མཿ ས་མནྟ་བུདྡྷ་ནཱཾ། ཨོཾ་ཧཱུཾ་བ་རཱ་དཱ་ཎཱཾ། ཨོཾ་ཧཱུཾ་བར་ད་བཛྲ་ཡ་ཧཱུཾ། མཆོག་སྦྱིན་པའི་རྡོ་རྗེ་འཕགས་པ་འཇམ་དཔལ་རྡོ་རྗེ་དཀྱིལ་འཁོར་ལ་གནས་པ་ཐམས་ཅད་ཀྱི་བར་དུ་གསེར་གྱི་མདོག་ཏུ་བསམས་ན་ཕྱོགས་བཞི་རུ་ཁའི་དྲི་ཞིམ་པར་བྱེད་དོ། །ུཏྤ་ལའི་ཕྱག་རྒྱ་དང་བཅས་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎཱི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཀ་ཙེ་བི་ཀ་ཙེ། སྟཾ་བྷ་ནི། ཛམ་བྷ་ནི། མོ་ཧ་ནི། སརྦ་རོ་ཥ། པྲ་ཤ་མ་ནི་སཝཱཧཱ། 107b ལག་པ་ལ་ལན་ཉི་ཤུ་རྩ་གཅིག་ཏུ་བཟླས་ཏེ་རང་གི་ཁ་ཡོངས་སུ་མཉེ་བར་བྱ་ཞིང་གོས་ལའང་མདུད་པ་བྱའོ། །དེ་ནས་རྒྱལ་པོའི་རིགས་ཀྱི་ནང་དུ་ཞུགས་ན་ཁྲོས་པ་ཞི་ནས་དད་པར་འགྱུར་རོ། ། ཨཱི་དེ་བི། ཨགྣི་ཛ་དྷ། ཛ་ལ་མཱ་ཎ། བཱ་ད་ཛཱ་དྷ། གྷུ་ལ་མཱ་ན། ཀིཾ་ཙ་ཧ་སི། པི་ཊ་ཨན་ཏ་རེ་ཎ། ཨ་ཌེ་མི་ཏོ། དནྟ་ཨན་ཏ་རེ་ཎ་སཝཱཧཱ། ཤིང་བུ་བག་ཙམ་གཅིག་ལ་ཡོངས་སུ་བཟླས་ལ་སོའི་བར་དུ་བཅུག་སྟེ་བཟླས་པས་ཁྲོས་པ་དད་པར་འགྱུར་རོ། །ཱ་ཨཱི་དེ་སི། ཨ་ས་ཎི། ཧི་པ་ཨཱི། སྦ་མ་ཧུ་དན། ས་ཎཾ་ཧི། ཨ་ཧུ་ཏོ། ཨུཏྟ་རཾ།་དེ་མོ་ཏུམྨོ། ཨུ་པ་རི་ཎི། ཨུཏྟ་རཾ། ཧོ་ཧི། འདིའི་ཉེ་བར་སྤྱོད་པ་ནི་འོག་གི་གོས་ཀྱི་ནང་དུ་ཤིང་ལོས་སྟན་བྱས་ལ་ལན་བདུན་དུ་མངོན་པར་སྔགས་ཤིང་ཁྲོས་པ་ལ་བྱིན་ན་ཅུང་ཟད་ཀྱང་བཟློག་པར་མི་ནུས་སོ། །མུ་ཧ་དོ། །བ་དུ་ནོ་ར། ཨ་ཙཀྵུཿ དོ། ཙཎྜ་ཨཱི། ཙ་ཨུ་ཧུ་ཨ་ས་ན། ས་མཱ་ཛི་ཧཝཱ། ཀོ་མེ་ཀི་ཙི་བྷ་ཎ་ཏི། ན་མོ་མཎྜ་ཏཱི་ཨེ་ཙུ་ལི་པཱ་ཤ་ཎི་སཝཱཧཱ། ལག་པ་གཡས་པས་མངོན་པར་སྔགས་པ་བྱས་ལ་རང་གི་ཁ་མཉེ་བར་བྱའོ། །ཁ་སྐྱེངས་པའི་སྔགས་ཏེ་ཡུངས་ཀར་ལ་ལན་བརྒྱད་བཟླས་ཏེ་གཏོར་ན་གཉིད་འཐུག་པར་བྱེད་དོ། །ོཾ་སཝཱ་བ་ནཱི་ཡཾ་པྲ་ཙཀྵུ་མི། སིདྡྷཾ་ཤ་བ་ར་བྷཱ་ཥི་ཏཾ་པ་ར་ཙཀྲ། མཧཱ་ནི་སིདྡྷཾ། པ་ཏ་ལི་གེ། ས་ཧཱ་ན་རི་ཙཎྜ་ལི་མཱ་ཏཾ་གི་སཝཱཧཱ། ཡུངས་ཀར་ལ་བརྒྱ་ 108a ༄#། །ཕྲག་བརྒྱད་ཀྱིས་མངོན་པར་སྔགས་པ་བྱས་ལ། གང་དུ་སྐྱུར་བ་དེ་རུ་གཉིད་འཐུག་པོར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བྷྲ་མ་ར་ཀེ་ཤི་།བྷྲ་མ་ར་མཱ་ཏེ། བྷྲ་མ་བི་བྷྲ་མ། མུ་ཧྱ་མོ་ཧ་ཡ་སཝཱཧཱ། ཡུངས་ཀར་ལ་འབུམ་ཕྲག་གཅིག་བཟླས་ཏེ་ས་ལ་མ་རེག་པར་བར་སྣང་གི་ཁང་པ་ལ་གཞག་པར་བྱའོ། །ཁམས་དང ། རྡོ་སྟེགས་ལ་རབ་ཏུ་གཏོར་ན་དུས་མ་ཡིན་པའི་གཉིད་འཐུག་པོ་སྐྱེད་པར་བྱེད་དོ། །གྲོང་ངམ། གྲོང་ཁྱེར་གྱི་དབུས་སུ་གནས་ཏེ་ཡུངས་ཀར་གྱིས་ཕྱོགས་དང ། ཕྱོགས་མཚམས་སུ་གཏོར་ན་སེམས་ཅན་ཀུན་ཤི་བ་དང་འདྲ་བར་གཉིད་ལོག་པར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏཱ་རེ་ཏཱ་རེ་ཏཱ་རཱ་ཡ། བྷ་ག་བ་ཏི་སཝཱཧཱ། བནྡྷ་མོ་ཙ་ནི་ཆེ་གེ་མོ་བནྡྷ་མོ་ཀྵཾ་ཀུ་རུ་སཝཱཧཱ། བདེན་པའི་བྱིན་གྱིས་བརླབས་ཀྱང་དང་པོ་ཉིད་དུ་སྦྱར་བར་བྱའོ། །བཅོམ་ལྡན་འདས་མས་འཁོར་ཐམས་ཅད་གྲོལ་བར་གྱིས་ཤིག་།གང་གིས་བཅིངས་པ་གྲོལ་བའི་བདེན་པ་དེའི་བདེན་པ་ཡིས་ཆེ་གེ་མོ་བཅིངས་པ་ལས་གྲོལ་བ་དག་ཏུ་གྱིས་ཤིག་བཟླས་པས་བཅིངས་པ་གྲོལ་བར་བྱེད་དོ། །བཟླས་པའི་དུས་སུ་སྤྱན་རས་གཟིགས་དབང་ཕྱུག་གིས་གྲོལ་བར་བྱེད་ཅིང་བཅོམ་ 108b ལྡན་འདས་མས་ཀྱང་གྲོལ་བར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭ་ཡ། མཧཱ་སཏྭ་ཡ། མཧཱ་ཀཱ་རུ་ཎི་ཀ་ཡ། ཏདྱ་ཐཱ། ལམྦེ། པྲ་ལམྦེ། ལམྦེ་བི་དེ་མ་མ་མོཀྵ་ཡཾ་སཝཱཧཱ། འདི་བཟླས་ན་བཅིངས་པ་ལས་གྲོལ་བར་བྱེད་དོ། །ཡང་ན་གཙང་སྦྲ་དང་ལྡན་པར་གྱུར་པས་མཚན་ཐོག་ཐག་ཏུ་བཟླས་ན་བཅིངས་པ་ལས་གྲོལ་བར་བྱེད་དོ། །ན་མོ་དེ་བི་མཧཱ་དེ་བི། པྲ་ཏྱཾ་གི་རེ་སཝཱཧཱ། ཏ་ལའི་གྲོ་ག་ལ་མངོན་པར་བྲིས་ཏེ་སྲིན་བུ་ཀ་ཀ་རུའི་ཁང་བུར་བཅུག་ལ་དེའི་ས་ཡིས་ཁ་བཀབ་ཅིང་མིང་ནས་བཟུང་བར་བྱས་ན་དེ་བཅིངས་པ་ལས་གྲོལ་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཀུ་ཊེ་བི་ཀུ་ཊེ་ཀུ་ཊེ་སཝཱཧཱ། མར་གྱིས་ལྕགས་ལ་བྱུགས་ན་འཆག་གོ་།ན་མཿ སརྦ་བུདྡྷ་བོ་དྷི་སཏྭེ་བྷྱཿ ་ཀུ་རུཊྚ་ཀུ་རུཊྚ། ཀརྐ་ཀུ་ཏུ་ཊུ་སཝཱཧཱ། ཕྱོགས་གང་ན་བཅིངས་པའམ། བསྐོར་ཁང་ཅིག་གནས་ན་དེ་ལ་རྡུལ་ལ་བརྒྱ་ཕྲག་བཟླས་ཏེ་གཏོར་ན་དཔག་ཚད་བརྒྱ་ན་ཡོད་པ་འགྲོལ་ལོ། །སྔོན་དུ་བསྙེན་པ་ཁྲི་ཚོ་གཅིག་བཟླས་སོ། ། ་ཏི་མུཀྟའི་ཡམ་ཤིང་ལ་བརྒྱ་ཕྲག་བརྒྱད་ཀྱི་སྦྱིན་སྲེག་བྱའོ། །དེ་ནས་དེ་ཉིད་ཀྱི་ཐལ་བས་སྦྱར་བར་བྱའོ། །རྡོ་རྗེའི་ཤིང་གི་ཡམ་ཤིང་གི་མེ་ལ་མར་གྱི་སྦྱིན་སྲེག་བྱས་ན་ 109a ༄#། །ལྕགས་སྒྲོག་འཆག་ཅིང་གྲོལ་བར་བྱེད། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭ་ཡ། མཧཱ་སཏྭ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ།་ཏ་དྱ་ཐཱ། ཏཱ་རེ་ཏཱ་རེ། ཏཱ་རཱ་ཡ། ཛ་ཡེ་ཛ་ཡེ། ཏུཏྟ་རེ། ཛ་ཡ་བ་ཧེ་ཏུ་རེ་སཝཱཧཱ། ཡུལ་ཆོས་ཀྱི་རྩོད་པ་ལས་ལན་ལྡོན་པའི་ལས་གཞན་ལས་རྒྱལ་བར་བྱེད་པ་ལ་སྒྲོལ་མ་སྦྱར་བར་བྱའོ། །མུ་ནི་ཀ་ས་ཨི། མུ་ནི་མཾ་དྷ་ཨཱི། མུ་ནི་ལཾ་གེ་ལེ་ཧི། ཕ་ལེ། ཨཱི་ཥ་ད། བི་ལི་བ་ད་ན་ཏོ། །ཆེ་གེ་མོ་སྱ་མུ་ཏི། བགྒ་ཎེ་ནེ་ཧཾ་པི་པཻ་མི་སཝཱཧཱ། དབང་དུ་བྱ་བ་དང ། དབྱེ་བ་དང ། སྐྲོད་པ་དང ། ཁ་བཅིངས་པ་རྣམས་ནི་རྫ་མཁན་གྱི་འཁོར་ལོ་འཁོར་བཞིན་པའི་ས་དང ། ལོགས་བཞིའི་ས་དང ། དབུས་ཀྱིས་དང ། འཁོར་ལོའི་སྲོག་ཤིང་གིས་དང ། ལག་པའི་ས་དང ། སྣོད་ཀྱི་ས་རྣམས་བླངས་ཏེ་གཟུགས་བརྙན་གཉིས་བྱས་ཏེ་ཁ་སྤྲད་དེ་བཞག་ནས་སྐུད་པ་དམར་པོ་ཡིས་བར་མཚམས་མེད་པར་དཀྲིས་ལ་ཁམ་ཀྱོང་མ་བསྲེགས་པ་ཁ་སྦྱར་གྱི་དབུས་སུ་བཞག་ལ་ཆེ་གེ་མོ་ཆེ་གེ་མོའི་དབང་དུ་གྱུར་ཅིག་ཅེས་བྱ་བའི་ཚིག་བརྒྱ་ཕྲག་བརྒྱད་བཟླས་པར་བྱའོ། །ད་དུ་རའི་འབྲས་བུ་བྱི་བའི་ཁུང་བུར་བཅུག་ལ་བུད་མེད་གཅེར་བུས་གཏུན་ཤིང་གིས་བརྡུངས་ན་ཆེ་གེ་མོ་དང ། ཆེ་གེ་མོ་གཉིས་དབྱེ་བར་འགྱུར་རོ། །རྨུག་པའི་བུ་མོའི་རྒྱབ་ཀྱི་རུས་པ་ལ་མིང་དང ། སྔགས་ 109b སུ་སྤེལ་བ་མངོན་པར་བྲིས་ཏེ་རུས་པ་དེའང་ལམ་གྱི་བཞི་མདོར་རྐེད་པ་ནུབ་ཙམ་བརྐོས་པའི་ཁུང་བུར་བཅུག་ལ་སས་གཡོགས་ན་སྐྲོད་པར་བྱེད་དོ། །ཚ་བའི་རང་བཞིན་གྱིས་གཟུགས་བརྙན་བྱས་ལ་སྔགས་བརྗོད་བཞིན་པས་གཟུགས་བརྙན་ལ་རའི་པགས་པས་ཁ་དགབ་པར་བྱས་ན་ཁ་བཅིངས་པར་བྱས་པ་ཡིན་ནོ། །གཟུགས་བརྙན་དེའང་དབེན་པའི་ཕྱོགས་སུ་བཞག་པར་བྱ་སྟེ་དུར་ཁྲོད་ཀྱི་སོལ་བས་དགྲ་བོའི་མིང་དང་སྤེལ་བ་བྱི་བའི་ཁུང་བུར་བཅུག་ལ་རའི་པགས་པས་ཁ་བཀབ་སྟེ་བུད་མེད་གཅེར་བུས་གཏུན་ཤིང་ལག་པས་གཟུང་བས་ལན་བདུན་དུ་མངོན་པར་སྔགས་ཏེ་ནུབ་མོ་ཆེ་གེ་མོའི་ཁ་ཆིངས་ཤིག་ཅེས་བརྡུངས་པར་བྱའོ། །དེ་ལྟར་ཞག་བདུན་དུ་བརྡུངས་ན་འཆིང་བར་འགྱུར་རོ། །རྩེ་མོ་བདུན་ལས་བྱུང་བའི་ས་བླངས་ཤིང་རྫ་མཁན་གྱི་ལག་པའི་ས་ལས་སའི་ཁུང་བུ་གཅིག་བྱས་ལ་སྔགས་ཏེ་ཏ་ལའི་ལོ་མ་ལ་མངོན་པར་བྲིས་ཏེ་ཁུང་བུའི་ནང་དུ་བཅུག་ལ་བྱི་ཁུང་དུ་བཞག་སྟེ་ས་ལ་མ་ལྷུང་བའི་བ་ལང་གི་ལྕི་བས་ཁ་བཅད་ལ་རྡུལ་གྱིས་དེའི་སྟེང་དུ་གཡོགས་ན་ཁ་བཅིངས་པར་འགྱུར་རོ། །ོཾ་བྷུ་རི་ཧྱ་མ་ན། ས་ཀ་ཏུ་བྲ་སྠོ་ཨེ་ཨཱཾ་ཆེ་གེ་མོ་བནྡྷ་མཱ་ར་ཛ་ཧཱུཾ་ཕཊ། མིང་གི་ཡི་གེ་དང ། སྔགས་ཀྱི་ཡི་གེ་བར་བར་དུ་སྤེལ་ལ་ཨརྐའི་ལོ་མ་ལ་སོལ་བས་བྲིས་ཏེ་དཀྲིས་ལ་ 110a ༄#། །ཚེར་མ་མང་པོ་བཙུག་ལ་ཁང་པའི་ནང་གི་སྟེང་གི་དབུས་སུ་སྔགས་བརྒྱ་ཕྲག་བརྒྱད་བཟླས་ཏེ་བརྐོས་ལ་སྦས་ན་ཁ་བཅིངས་པར་བྱེད་དོ། ། དེ་ལྟར་མང་པོའང་སོ་སོར་བྱའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ནཱ་པ་ཏཱ་ཡེ། པཱ་རཱ་ཡཱ་ས་ནཱི་སཝཱཧཱ། ཁམ་ཀྱོང་དུ་ཕྱུགས་ཀྱི་ལྕི་པས་གཟུགས་བརྙན་བྱས་ལ་རིག་པ་བཟླ་ཞིང་འགྲོན་བུ་དགུས་བརྒྱན་ཏེ་མིག་གཉིས་དང ། ཁ་དང ། རྣ་བ་གཉིས་དང ། ལྟེ་བ་དང ། ལག་པ་གཉིས་དང ། བཤང་བའི་ལམ་དུ་བརྒྱན་ནོ། །དགྲ་བོའི་ཁ་རུ་ཞག་ལོན་པའི་ཕྱི་ས་བཅུག་ལ་རིག་པ་འདིའང་ལན་བརྒྱད་བརྒྱ་རུ་བཟླས་ཏེ་ཁམ་ཀྱོང་གཉིས་པས་ཁ་བཀབ་ལ་གཙང་མའི་གནས་སུ་བཞག་ན་ཡུལ་ཆོས་ལས་གཞན་ལས་རྒྱལ་བར་འགྱུར་རོ། །བསྙེན་པ་ཁྲི་ཚོ་གཅིག་གོ་།ོཾ་ཤརྐ་ཀཎ་ཋ་ཙ་ཏུཿ ་པ་ད་ཁཱ་ཧི། མ་ནུ་ཥ་ཀོ་གླུ་ཐ་ཀཾ་ཏ་ཤྱ་ཨ་ཐཱ་བི་གླུ་ཐེ་ན། ཆེ་གེ་མོ་མུ་ཁཾ་བནྡྷ་མི། མུ་ཙུ་ཀྲཱ། མུ་ཙུ་ཀྲཱ་ཕུ་སཝཱཧཱ། བོང་བུའི་སྦངས་དང ། དང་པོ་བྲེགས་མ་ཐག་གི་བྱིས་པའི་སྐྲ་དང ། ཚེར་མ་རྣོན་པོ་ལ་བརྒྱད་བརྒྱ་མངོན་པར་བཟླས་ཏེ་བྱི་བའི་ཁུང་བུར་བཅུག་ལ་རྡུལ་གྱིས་བཀང་ན་ཁ་འཆིང་བར་འགྱུར་རོ། །ཧ་ཧཱུཾ་ཧ་ལག་པ་ལ་བཀོད་ན་དུར་ཁྲོད་ཀྱི་བསྲུང་བའོ། །ཧཱུཾ་ 110b ཧ་རིག་པ་བཟླས་ཏེ་འཕྲལ་དུ་རོ་བསྲེགས་པའི་ཐལ་བ་ཆང་པར་བཟུང་ལ་ཡང་ན་དེ་བཟླས་པས་གཡོན་པ་ཧཱུཾ་གི་ཕྱག་རྒྱ་བཅིངས་ཏེ་ཐལ་བ་དེ་དང་གུ་གུལ་གཉིས་ཀྱི་རིལ་བུ་བྱས་ལ་བརྒྱ་ཕྲག་བརྒྱད་བཟླས་པ་བྱས་ལ་དཔྲལ་བར་ཐིག་ལེ་བྱས་ན་བཅིངས་པ་ལས་གྲོལ་བར་འགྱུར་རོ། །ཧཱུཾ་ཧེ་ཧོ་ཧེ་ཧ། བཅིངས་པ་ལས་བཟླས་ན་གྲོལ་བར་འགྱུར་རོ། །དི་ཨོཾ་པྲི་ཛ་པྲི་ཏི་བྲཱི་ཧི་བྲཱི། བཟླས་པས་བཅིངས་པ་ལས་གྲོལ་བར་འགྱུར་རོ། །ན་མོ་བཱ་ཙཱ་ཏ་ཤྱ་མཧཱ་ཤ་མ་ཎ་ཤྱ་ཀི་ཏི་པི་ཏི་པཱ་ཏྲཾ་པུ་ར་ཡ་སཝཱཧཱ། ལན་བདུན་དུ་མངོན་པར་སྔགས་པ་བྱས་པའི་ལྷུང་བཟེད་བསོད་སྙོམས་ལ་ཞུགས་ན་སྟེར་བར་མི་འདོད་པ་རྣམས་ཀྱིས་ཀྱང་སྟེར་བར་འགྱུར་ཏེ་མྱུར་དུ་ལྷུང་བཟེད་གང་བར་འགྱུར་རོ། ། ཀ་ར་བཱི་རའི་མེ་ཏོག་དཀར་པོའི་ཤིང་གིས་དེ་བཞིན་དུ་སོ་ཤིང་བྱས་ན་མ་བླངས་པར་རྙེད་པར་འགྱུར་རོ། །འཇམ་དཔལ་གྱི་ས་བོན་གྱིས་ལན་མང་དུ་བཟླས་པས་དེ་མ་ཐག་ཏུའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱ་ཙེ་ཏྱ་ཀུན་ཛ་ར་ཤྱ། ཧི་མ་ཙ་ཏ་ཨུཏ་ཏ་རེ་ཎ། པཱ་ར་ཤེ་སུ་བརྣ་ཨཀྵི། ན་མཿ ་བཱ་ན་རི་སཱ་མེ། ཨན་ནཾ་ཙ་ཕ་ནཾ་ཙ། དཱ་ད་དུ་སརྦ་ཀ་མི་ཀཾ་ཨ་མོ་ཊ་ཙི། ཨ་མོ་ཏི་པུརྞ་བྷ་དྲ་ཛ་སེ་སཝཱཧཱ། བྱ་རོག་གི་སྒྲ་མི་གྲག་པར་ལན་ཉི་ཤུ་རྩ་གཅིག་ཏུ་སྔགས་བཟླས་པ་བྱས་ན་མ་བླངས་པར་ཟན་རྙེད་པར་འགྱུར་རོ། །ོཾ་དྷ་ 111a ༄#། །ན་དཱ་ཡ་སཝཱཧཱ། བཟའ་བ་ཐམས་ཅད་དང ། ཚོད་མ་ཀུན་ལ་ནོར་སྦྱིན་གྱི་གཟུགས་བྱས་ལ་བརྒྱ་ཕྲག་བརྒྱད་ཀྱིས་མངོན་པར་སྔགས་ལ་ཟས་བཙོས་པའི་དབུས་བ་ཞག་པར་བྱས་ན་ཟད་པ་མེད་པར་འགྱུར་རོ། །ཟན་བཙོས་པའི་སྣོད་དུ་བཞག་པ་དེ་རང་གི་གནས་ནས་གཞན་དུ་འགུལ་བར་མི་བྱའོ།། ཨ་རཾ་ཛ་རེ་ཀ་རཾ་ཛ་རེ་བྷི་ཥཾ་ཛ་རེ་སཝཱཧཱ། སྔོན་དུ་བསྙེན་པ་ཁྲི་ཚོ་གཅིག་བྱས་ལ་གཟས་ཟིན་པའི་དུས་སུ་སྲན་མ་མ་ཤཱ་ལ་སོགས་པས་བསྒྲུབས་ནས་ཟོས་ན་འཛིན་བློ་རྣོ་བར་འགྱུར་རོ། །ན་མོ་རཏྣ་ཏྭ་ཡཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤ་རཱ་ཡ། བེ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། ན་མཿ སྐྲི་ཏྭ། ཨི་མཾ་དྷཱ་ར་ཎི། པྲ་ཡུན་ཛ་མི། ཨི་ཡ་མེ། དྷ་ར་ཎཱི། སམྲྀ་དྷྱནྟུ། ཏདྱ་ཐཱ། ཏྲི་སྲི་ཁི་ཏྲི་ཤཱུ་ལི། དི་ལི་དི་ལི། མི་ལི་མི་ལི། ཙི་ལི་ཙི་ལི། ཨ་བ་ལོ་ཀི་ཏེ། སཝ་རོ་བྷི་ཨཱཛྙཱ་པ་ཡ་ཏི་དྷཱ་ར་ཎཱི། ཨི་ཡཾ་མ་ས་མྲྀ་དྷྱ་ཏུ་སཝཱཧཱ། དེ་ལ་འདིའི་ཉེ་བར་སྤྱོད་པ་ནི་སྔོན་དུ་བསྙེན་པ་སྟོང་ཕྲག་བཅུ་ཐམ་པ་བྱས་ལ་དེ་ལ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་མདུན་དུ་ཆུ་སྲང་བཞི་ལ་བརྒྱ་ཕྲག་བརྒྱད་ཀྱིས་མངོན་པར་སྔགས་ཏེ་བཞག་ལ་འཐུངས་ན་ཞག་བདུན་གྱི་བར་དུ་ཉི་མ་གུང་གུང་ལ་མར་བཙོད་པའི་འབྲས་ཟ་བར་བྱའོ། །ཞག་བདུན་དུ་སྨྲ་བཅད་བྱས་ན་གཞུང་བརྒྱ་ཕྲག་གསུམ་ 111b འཛིན་པར་འགྱུར་རོ། །མཆོག་ཏུ་གྲུབ་པའི་གཟུངས་ནི་འདི་ཡིན་ནོ། །ཱརྐ་རི། །མ་སྐ་རི། ཙཎྜ་ལི་བི་ན། བ་ཡོ་དྷ་རེ། ཨརྐྐ་ཨཎྜ་ཙཎྜ་ལི་ཆེ་གེ་མོ་མེ་བ་ཤ་མཱ་ནཱ་ཡ་སཝཱཧཱ། ཨརྐའི་ལོ་མ་ལ་མིང་བྲིས་ཏེ་མེ་རུ་སྦྱིན་སྲེག་བྱས་ན་འགུགས་པར་བྱེད་དོ། །ོཾ་ཙ་པུཎྜེ། མ་ཏངྒེ། ཨཱུརྡྷ་ཀེ་ཤི་།ཆེ་གེ་མོ་བ་ཤ་མཱ་ནཱ་ཡ་སཝཱཧཱ། མར་ནག་གིས་ཆོས་འབྱུང་ལ་བསྐུས་ལ་བདག་པོ་ཆེན་པོ་དང་སྦྱོར་བ་བྱས་ན་བདག་པོ་འཁོལ་པོ་དང་འདྲ་བར་བྱེད་དོ། །བརྒྱ་ཕྲག་བརྒྱད་མངོན་པར་སྔགས་པས་བྱའོ། །ོཾ་ཏཱ་རེ་ཧཱུཾ་ཧ་ར་སཝཱཧཱ། འདིས་གླང་བུའི་རཝ་གཡས་པས་བླངས་པའི་ས་བླངས་ཏེ་དེ་དཔྲལ་བར་ཐིག་ལེ་བྱས་ན་གང་ལ་བལྟས་པ་དེ་དབང་དུ་བྱེད་དོ། །ན་མོཿ ་ཀྲྀཥྞ་ཤཱ་བ་རཱ་ཎཱཾ། གི་རི་གི་རི། ཀུ་མཱ་རི། བི་ཥཾ་བྷཀྵ་ཡ་ཧ་ར་བི་ཥཾ། ཀྲྀཥྞ་ཤ་བ་རོ་ཛྙཱ་པ་ཡ་ཏི་སཝཱཧཱ། སྦྲང་བུ་ཆུ་བསྙུང་ཐམས་ཅད་ཀྱིས་ཟོས་པའི་དུག་མེད་པར་བྱས་ལ་རབ་ཏུ་སྦྱར་རོ། །ོཾ་ཤ་བ་ར་ཤོ་བྷ་ན་ཧ་རེ་སཝཱཧཱ། །སྔགས་འདིས་གོས་ལ་ལན་བདུན་དུ་སྔགས་པར་བྱས་ཏེ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །དོན་འདོད་པ་ལ་སྦྲང་དང་བཅས། །མི་རོའི་མེ་ཏོག་དང་ཡང་ནི། །འདི་དེ་ཕྱེ་མར་བྱས་སྦྱར་བས།། མི་དང་མི་མོ་དབང་དུ་བྱེད། །ན་མོ་བུདྡྷཱ་ཡ། ཧ་ར་ཧ་ར་སཝཱཧཱ། ན་མོ་རུ་དྲཱ་ཡ། ཨཀྐི་བཀྐི་ནགྒི་སཝཱཧཱ། ཡུངས་ཀར་ལ་ལན་དྲུག་ཅུར་ཡོངས་སུ་བཟླས་ཏེ་བུད་མེད་དང ། སྐྱེས་པ་ 112a ༄#། །ལ་བརྡེག་པར་བྱས་ན་འགྱིང་བག་དང་བཅས་པའི་བུད་མེད་དམ། འགིའུ་རིའང་འོང་བར་འགྱུར་རོ། །ོཾ་ཙ་མུཎྜེ། དྷུ་མཱ་ཀེ་ཤཱི། བི་དྱུ་ད་ཇི་བྷེ་ཧ་ན་ད་ཧ་པ་ཙ་ཆེ་གེ་མོ་མེ་བ་ཤ་མཱ་གཙྪ་ཏུ་སཝཱཧཱ། ཉེ་བར་སྤྱོད་པའི་ཕྱོགས་ཀྱི་སོར་མོ་ལ་ཤར་དུ་མངོན་པར་འདུག་སྟེ་ལན་བདུན་དུ་སྔགས་ལ་བསྟན་པར་བྱས་ན་དབང་དུ་འགྱུར་རོ། །ོཾ་ན་མོ་བི་མ་ལ་ཀཱི་རྟ་ཡེ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། བི་མ་ལ་ཕུཿ ། བི་མ་ལ་ཀ་ར་ཕུཿ ། བི་མ་ལ་ས་མུདྡྷ་རེ་ཕུཿ སཝཱ་ཧཱ།་ཆུ་ལ་ལན་བདུན་དུ་སྔགས་ཏེ་བྱིན་ན་མིག་གི་ནད་མེད་པར་བྱེད་དོ། །ོཾ་ན་མོ་བྷ་ག་བ་ཏེ། སུ་དཪྴ་ཎཱ་ཡ། སུ་རུ་སུ་རུ། ཕུ་རུ་ཕུ་རུ། གཙྪ་གཙྪ། ཨཀྵི་རོ་ག་མ་ཏིཥྛ་ཆེ་གེ་མོ་སཝཱཧཱ། སྐུད་པ་དཀར་པོ་རྣ་བ་ལ་བཅིང་བར་བྱའོ། །ཐང་ཆུ་དང ། ཐང་ཤིང་དང ། པྲི་ཡང་ཀུ་དང ། རུ་རྟ་དང ། བྱི་བའི་བྲུན་དང ། ཕྱུགས་ཀྱི་རཝ་དང ། སྨྱུག་མའི་ཤུན་པ་དང ། ལ་ཆ་དང ། རའི་ཆུ་ངན་དང་གཞིབས་ལ་གྲིབ་མ་ལ་བསྐམ་པར་བྱའོ། །བདུག་པ་འདི་ནི་མཆོག་གི་གཙོ། །གཟའ་རྣམས་ཀུན་ལས་གྲོལ་བར་བྱེད།། དེ་རུ་སྦྲུལ་ནི་མི་གནས་ཤིང ། །གང་གཞན་གདུག་ཅན་གཟའ་ལ་སོགས། །གཙོ་བོ་འདི་ཡིས་ནད་རྣམས་འཇོམས། །བརྟན་པོར་ཉིན་བཞི་རིམས་དང་ནི། །ཐོག་གི་ 112b སྡོང་བུ་ཅི་བཞིན་དུ། །བརྗེད་བྱེད་ཀྱང་འདིས་ཉམས་པར་བྱེད། །སྐལ་བ་ངན་པའི་བུད་མེད་གང ། །རང་བྱུང་མེ་ཏོག་མེད་གྱུར་ཅིང ། །ཁྱིམ་ཐབ་དང་ནི་དབྱེ་བ་ཡང ། ། བདུག་སྤོས་འདི་ཡི་ཡན་ལག་གིས། །མྱོས་ཤིང་རབ་ཏུ་གདུངས་ནས་ནི། །སྐལ་བ་བཟང་པོ་བསྐྱེད་པའི་མཆོག་།བདུག་སྤོས་བྲམ་ཟེ་གསང་བཞེངས་པ། །ལས་ཀུན་བྱེད་ཅིང་ཤིས་པའོ། །དེ་ལ་བདུག་པའི་སྔགས་ནི། ཨོཾ་སུ་བྷི་ར་ཎ་ཏཱ་ཡེ་སཝཱཧཱ། མིའི་ཐོད་པར་དབྱངས་ཡིག་བྲིས་ལ་བུད་མེད་དང ། དོམ་ཕྱུགས་ཀྱི་བྱེ་བྲག་དང་བཅས་པ་བྲིས་ལ་གང་ལ་སྔགས་རྣམས་ལྕགས་ཀྱུས་བཀུག་ན་བུད་མེད་དབང་དུ་བྱེད་དོ། །གཙང་མའི་ས་ཕྱོགས་སུ་ལྕགས་ཀྱུའི་རྣལ་འབྱོར་གྱིས་བཟླས་ན་དཔག་ཚད་གཅིག་ཙམ་ནས་སེམས་དག་པའམ། ཡང་ན། དེ་ལ་བག་ཙམ་ཞིག་གིས་འདོད་པས་མྱོས་ནས་འོང་བར་འགྱུར་རོ། །འགུགས་པའི་ཡི་གེ་མེ་དང ། རླུང་གིས་བསྐོར་བའི་དབྱངས་ཡིག་དང་ལྡན་པས་མྱུར་དུ་དབྱངས་ཡིག་ཡན་ལག་བཞག་སྟེ་བུད་མེད་འདོད་པ་ལ་དགའ་བར་བྱེད་དོ། །ོཾ་ཀཱ་མ་དེ་བ་ཙནྡྲ་བྷ་དྲཱ་ཡ། བྷ་ག་བཱ་ན་ཧཱུཾ་ཕཊ་སཝཱཧཱ། འདི་ནི་རྩ་བའི་སྔགས་ཏེ་འདི་གྲུབ་པས་གསང་སྔགས་ཐམས་ཅད་གྲུབ་པ་ཡིན་ནོ། །སྔོན་དུ་བསྙེན་པ་སྟོང་ཕྲག་བཅུ་བཟླས་པ་བྱས་ཏེ་དེ་ནས་མེ་སྦར་ལ་ཏིལ་མར་དང ། སྦྲང་རྩིའི་ནང་དུ་ 113a ༄#། །སྨྱུགས་ལ་བརྒྱ་ཕྲག་བརྒྱད་སྦྱིན་སྲེག་བྱས་ན་དེ་ནས་འགྲུབ་པར་འགྱུར་རོ། །ོཾ་ཀཱ་མ་དེ་བ་ཧ་སྟ་མ་སྤྲི་ཤ་།ུཏམ་ཏི་ཀུ་རུ་སཝཱཧཱ། ལག་པ་ལ་ལན་བདུན་དུ་མངོན་པར་སྔགས་ལ་གཞན་གང་ལའང་རེག་ན་འདོད་པའི་ལྷ་བརྒྱ་བྱིན་ཡང་དབང་དུ་འགྱུར་རོ། །ོཾ་ཀཱ་མ་དེ་བ་ནི་རཀྵ་ཡ་སཝཱཧཱ། སྔགས་འདི་མིག་ལ་ཡོངས་སུ་བཟླས་ན་གང་ལ་བལྟས་པ་དེ་དབང་དུ་འགྱུར་རོ། །ོཾ་ཀཱ་མ་དེ་བི་བསྟ་སཝཱཧཱ། སྔགས་འདིས་གོས་ལ་མངོན་པར་ལན་བདུན་སྔགས་ཏེ་གང་ལ་རེག་པ་དབང་དུ་འགྱུར་རོ། །ོཾ་ཀཱ་མ་དེ་བ་སེ་བ་མུ་ད་མ་ཡ་སཝཱཧཱ། སྔགས་འདི་རང་གི་དབང་པོ་ལ་ཡོངས་སུ་བཟླས་ནས་གང་རེག་པ་དེ་དབང་དུ་འགྱུར་རོ། །ོཾ་ཀཱ་མ་ཤི་རི་ཧཱུཾ་ཕཌ། རྒྱ་སྐྱེགས་ཀྱི་ཤིང་གིས་མེ་སྦར་ཏེ་ཡུངས་ཀར་སྟོང་ཕྲག་བརྒྱད་ཀྱི་སྦྱིན་སྲེག་བྱས་ན་རྒྱལ་པོའམ། རྒྱལ་པོའི་བུ་དབང་དུ་འགྱུར་རོ། །འདི་ཡིས་བུད་མེད་ཀྱི་སྤྱི་བོར་རེག་ན་དབང་དུ་འགྱུར་རོ། །ོཾ་ཀཱ་མ་དེ་བ་ཨ་མུ་ཀི་མེ་བ་ཤ་མཱ་ན་ཡ་སཝཱཧཱ། འདི་ཡིས་མེ་ཏོག་གམ། འབྲས་བུ་ལ་ཡོངས་སུ་བཟླས་ཏེ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །ཤུ་ཤུ་ཥེ་མུ། ཁང་པ་སྟོང་པར་ཉའི་ཕྱེ་མ་བསྲེགས་ཤིང་སྟོང་ཕྲག་བཅུ་བཟླའོ། །དེ་ནས་ཉའི་ཕྱེ་མ་བདུག་པ་དེ་བསྲེག་པར་བྱས་ན་སྣ་ 113b ཚོགས་པ་བུད་མེད་འོང་བར་འགྱུར་རོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ཨོཾ་པཱ་ཏཱ་ཙ་ལ་ནེ། ཙ་ལ་ཙ་ལ་སཝཱཧཱ། སྔགས་འདིས་སྦྱངས་ནས་ཤི་བའི་རྐང་མཐིལ་གྱི་པགས་པ་ལ་རེག་ན་ལན་ཉི་ཤུ་རྩ་གཅིག་གི་བར་དུ་ཡོངས་སུ་བཟླས་ལ་བླང་བར་བྱའོ། །བླངས་ལ་ཕྱི་མིག་མི་བལྟ་བར་རང་གི་གནས་སུ་ཁྱེར་ལ་དེ་ནས་ཕྱིས་ནི་བརྒྱ་རྩ་བརྒྱད་མངོན་པར་སྔགས་ཏེ་ཚ་བའི་མར་ནག་ཏུ་བཅུག་ལ་བཅོ་བར་བྱའོ། །དེ་ནས་བླངས་ལ་ལན་བདུན་བསྔགས་ཏེ་རྐང་པ་ལ་བསྐུས་ན་དཔག་ཚད་སྟོང་དུ་བྱིན་ཡང་མི་འཆད་དོ། །ན་མོ་བུད་དྷཱ་ཡ། ན་མོ་དྷརྨ་ཡ། ན་མཿ སཾ་གྷཱ་ཡ། ན་མ་ཨཱརྱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། དྷ་ར་ཎི། དྷ་ར་ཎི། དྷ་ར་དྷ་ར། དྷ་རེ་སུ་བྷ་དྲི་སཝཱཧཱ། ཁྲི་ཚོ་གཅིག་སྔོན་དུ་བསྙེན་པ་བྱས་ལ་ཉི་མ་གཟས་གཟུང་བའམ། ཟླ་བ་གཟས་གཟུང་བའི་དུས་སུ་སྲན་མ་མ་ཤཱ་ཁར་བཅུག་ལ་ཇི་སྲིད་མ་གྲོལ་གྱི་བར་དེ་ཉིད་དུ་བཟླས་པ་བྱས་ན་དེ་ནས་སྲན་མ་མ་ཤཱ་མྱུ་གུ་སྐྱེ་བར་འགྱུར་ཏེ་དེ་ཟོས་ན་ཐོས་པ་འཛིན་པར་འགྱུར་རོ། །དེ་ལྟར་མི་བྱེད་ན་ཕྱེ་མ་ཞིབ་མོར་བྱས་ཏེ་དེ་གང་ལ་བྱིན་པ་དེ་དབང་དུ་འགྱུར་རོ། །ོཾ་གུ་ལུ་གུ་ལ། བཛྲ་དྷ་ར་ཨ་ནུ་ཙ་རཱ་ཡ་སཝཱཧཱ། སྡིགས་མཛུབ་ལ་མངོན་པར་སྔགས་ན་སྤྲིན་རྣམས་གཏོར་བར་བྱེད་དོ། །མ་བསྲེག་པའི་རྫ་ 114a ༄#། །བུམ་ལ་ཕྱོགས་བཞིར་མཉམ་པའི་ཕྱག་རྒྱ་ཅན་འཕགས་པ་རབ་འབྱོར་ཚོན་སྣ་མ་ལུས་པས་བྲི་བར་བྱའོ། །རབ་འབྱོར་གྱི་གཡས་གཡོན་གཉིས་སུ་ཀླུ་གཞོན་ནུ་གཉིས་སྦྲུལ་མགོ་བདུན་བདུན་ཡོད་པ་ཕྱག་འཚལ་པ་དྲི་བར་བྱ་སྟེ་དེའི་སྦྲུལ་མགོ་སོ་སོ་ལ་ཕུའི་ཡི་གེ་བྲི་བར་བྱ་སྟེ་འཕགས་པ་རབ་འབྱོར་གྱི་ཐུགས་ཀར་བྲུཾ་བྲིས་ལ་མེ་ཏོག་སྣ་ཚོགས་པས་མཆོད་ལ་སྟེང་གབ་མེད་པའི་གནས་སུ་གཞག་པར་བྱས་ནས་གཞི་ཐམས་ཅད་ཆུའི་དཀྱིལ་འཁོར་ཆེན་པོར་འགྱུར་རོ། །སོ་མ་བཏང་བའི་ཁམ་ཀྱོང་ལ་ཚོགས་ཀྱི་བདག་པོ་བྲིས་ལ་དུག་དང ། ཁྲག་དང ། སྐེ་ཚེ་དང་ལྡན་པས་ཚོགས་བདག་གི་སྙིང་གར་དགོད་པར་བྱའོ། །ཧཱུཾ་ཀ་རའི་ནང་དུ་བྲིས་ལ་ཕྱི་རོལ་ཏུ་སྟོབས་པོ་ཆེའི་སྔགས་ཀྱིས་བྲི་བར་བྱའོ། །སེང་ལྡེང་གི་ཤིང་གི་མེ་ལ་གདུངས་ན་ཆར་གཅོད་པར་བྱེད་དོ། །ོཾ་བཛྲ་ཀྲོ་དྷ་མཧཱ་བ་ལ། ཧ་ན་ད་ཧ་པ་ཙ་བི་དྷྭན་ས་ཡ། ཨུཙྪུཤྨ་ཀྲོ་དྷ་ཧཱུཾ་ཕཌ། མཐོང་བའི་ཆོས་ལ་ཡིད་ཆེས་པ་ཡིན་ཏེ་མཚོན་གྱིས་བཅད་པའི་བྲམ་ཟེའི་བྲལ་གཡོན་པའི་རྐང་སྦུབས་ཀྱིས་དཔལ་ཧེ་རུ་ཀ་མགོན་པོ་ཀླུས་བསྐོར་བ་ཀླུའི་རྒྱན་དང་ལྡན་པ་ཕྱག་གཉིས་པ་གཡོན་ན་ཐོད་པ། གཡས་པ་ན་རྩེ་གསུམ་པའི་བ་དན། མི་ 114b བསྐྱོད་པ་དབུ་རྒྱན་ལ་བཞུགས་པ། ཕྱི་རོལ་དུ་སྔགས་བྲི་བར་བྱ་སྟེ། ཨོཾ་ཧེ་རུ་ཀ་བཛྲ་ས་མ་ཡ་ཧཱི་སརྦ་དུཥྚཱ། ས་མ་ཡ། མུ་དྲཱ་པྲ་བྷ་ཛ་ཀ་།བཪྵ་བཪྵ། བཪྵ་པ་ཡ་བཪྵ་པ་ཡ་ཧཱུཾ་ཕཌ། ཆང་ཟངས་མའི་ནང་དུ་གཟུགས་བརྙན་ཁ་ཐུར་དུ་བསྟན་ཏེ་བཞག་ལ་སྔགས་བཟླས་ན་དེ་མ་ཐག་འབེབས་སོ། །གལ་ཏེ་ཞི་བར་འདོད་ན་གཟུགས་བརྙན་འོ་མས་བཀྲུས་ན་མེད་པར་བྱེད་དོ། །ན་མཿ ཤ་རེ་ཤ་རེ། བི་ཤ་རེ་བི་ཤ་རེ། སརྦ་བི་ཥ་གྷཱ་ཏ་ནི་སཝཱཧཱ། ལན་གསུམ་དུ་རྣམ་པར་བཟླས་པ་བྱས་ན་ཤི་བ་སློངས་པར་བྱེད་པའི་དུག་སེལ་མའི་རིག་སྔགས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་མཉྫུ་ཤྲི་ཡེ། ཀུ་མཱ་ར་བྷཱུ་ཏཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། བྷ་ག་བན་མཉྫུ་ཤྲི་ཀུ་མཱ་ར་བྷཱུ་ཏ། སརྦ་ཏ་ཐཱ་ག་ཏཱ་ཡ། བ་ལ་བི་དྷི་ཛྙཱ། སརྦ་ཏ་ཐཱ་ག་ཏཱ་ནཱཾ། ན་ཁེ་སྟི་ཏ། སརྦ་སཏྭ་ནཱཾ་ཙ་ཤཱིནྟཾ་ཀུ་རུ་སཝཱཧཱ། འབྲུམ་བུའི་ཉེ་བར་འཚེ་བའི་དུས་སུ་འབྲུམ་བུ་འབྱུང་བ་ཅི་སྙེད་པ་དེ་སྙེད་ཀྱི་གྲངས་ལ་ཙནྡན་གྱི་ཆུ་ལ་ཉི་ཤུ་རྩ་གཅིག་སྔགས་ཤིང་ནད་པ་དེ་ལ་བླུད་ཅིང་ཡན་ལག་བྱུགས་ན་ཉེ་བར་ཞི་བར་འགྱུར་རོ། །ོཾ་སཝ་པན་ཏཱ་རེ། སཝཔྣ། ཨ་བ་ལོ་ཀི་ཏེ་ཏུཏྟཱ་ར། ཏྲཻ་ལོཀྱ་པི་ཙཱ་རི་ཎི། བ་ཤྱ་བ་ཤྱ། ནི་དཪྴ་ཡ། རཏྣ་ཏྲ་ཡཱ་ཡ། ས་ཏྱེ་ན་ཏུ་རེ་སཝཱཧཱ། ཕྱི་དྲོའི་དུས་སུ་སྔས་ཀྱི་ཕྱོགས་སུ་དཀྱིལ་ 115a ༄#། །འཁོར་གྲུ་བཞི་པ་བྱས་ལ་སྔགས་བཟླས་ནས་ཉལ་ན་དགེ་བའམ། མི་དགེ་བ་སྟོན་པར་འགྱུར་རོ། །ོཾ་ན་མོ་བུདྡྷ་ཡ། ཀ་ཀཱ་རི། ཀུ་མཱ་རི། ཨུ་པ་ཏི། མེ་དཪྴ་ཡ་སཝཱཧཱ། དབྱར་ཟླ་འབྲིང་པོའི་ཉ་ལ་རྗེ་བཙུན་གདུང་དང་བཅས་པ་ལ་ཇི་ལྟར་འབྱོར་པའི་མཆོད་པ་བྱས་ལ་མེ་ཏོག་དཀར་པོ་དྲི་ཞིམ་པོ་འབྲུམ་ཕྲག་གཅིག་བླངས་ཏེ་རེ་རེ་ཞིང་སྔགས་བརྗོད་ཅིང་རྗེ་བཙུན་གྱི་ཞབས་ལ་བསྣུན་པར་བྱ་སྟེ་དེའི་མདུན་དུ་ཀུ་ཤའི་གདན་བཏིང་བ་ལ་ཉལ་བར་བྱས་ན་སྔོན་གང་དུ་སྐྱེས་པའི་སྐྱེ་བ་རྨི་ལམ་ན་མཐོང་བར་འགྱུར་རོ། །ོཾ་སྟམ་བྷེ་སྟམ་བྷཱ་མི། ཨོཾ་ཛཾ་བྷེ་ཛཾ་བྷཱ་མི། ཨོཾ་ཨ་ན་དྷེ། ཨནྡྷ་མི། ཨོཾ་མོ་ཧེ་མོ་ཧཱ་མི། ལྷ་སྦྱིན་སྟམྦྷ་ཡ། ཛམ་བྷ་ཡ། བནྡྷ་ཡ།་མོ་ཧ་ཡ་སཝཱཧཱ། སྔགས་འདི་ཏ་ལའི་ལོ་མ་ལ་བྲིས་ནས་ཁམ་ཀྱོང་དུ་བཞག་ལ་ཁམ་ཀྱོང་མི་གཙང་བས་བཀང་ལ་བརྐོས་ཏེ་སྦས་ན་དགྲ་ཐམས་ཅད་རེངས་པར་འགྱུར་རོ། །ོཾ་ན་མཤྩཎྜ་བཛྲ་ཀྲོ་དྷཱ་ཡ། ཏདྱ་ཐཱ། ཨོཾ་ཕཊ་ཕཊ། ཧུ་ལུ་ཧུ་ལུ། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། ཨ་མྲྀ་ཏེ་ཧཱུཾ་ཧཱུཾ་ཕཊ་ཕཊ་སཝཱཧཱ། སྔགས་འདིས་བཟའ་བ་ལ་ལན་བདུན་དུ་སྔགས་ཏེ་ཟོས་ན་ནད་ཐམས་ཅད་མེད་ཅིང་བདུད་རྩིར་འགྱུར་རོ། །ཀཱ་ལ་ཨགྣི་རུ་དྲ་ཧཱ་ས་སྲ་ཛི་ཧཝ་ཋ་ཀ་རཾ་ཋ་མེ། རེངས་ 115b པར་བྱེད་པའི་སྔགས་སོ། །ཀྵི་ཀྵི་ཀྵ་ས་མཱ་ཀྵི་ཡེ་སཝཱཧཱ། ཚེར་ནད་ཀྱི་སྔགས་སོ། །ོཾ་ད་ཧ་ཀཥཾ་ཀྵ་སཝཱཧཱ། སྡིག་པས་བཟུང་བའི་དུག་མེད་པར་བྱེད་པའི་སྔགས་སོ། །ོཾ་ཕཊ་ཕཊ་ཧཱུཾ་ཧ་སཝཱཧཱ། རིམས་ཐམས་ཅད་མེད་པར་བྱེད་པའི་སྔགས་སོ། །ོཾ་ཀྲི་ཀྵ་སཝཱཧཱ། མགོ་བོའི་ནད་མེད་པར་བྱེད་པའི་སྔགས་སོ། །ོཾ་ཧེ་ཧེ་སུ་སཝཱཧཱ། ཨོཾ་ཀྵུ་ཧེ་ཀ་ཀྵ་སཝཱཧཱ། ས་གསུམ་པའི་ཟུག་གཟེར་མེད་པར་བྱེད་པའི་སྔགས་སོ། །ོཾ་ཀྵ་མཧཱ་སཝཱཧཱ། མ་ཞུ་བ་མེད་པར་བྱེད་པའི་སྔགས་སོ། །ོཾ་ཀྵི་ཀྵི་ས་མཱ་ཀྵི་ཡེ་སཝཱཧཱ། མིག་གི་ནད་མེད་པར་བྱེད་པའི་སྔགས་སོ། །ོཾ་ཀྵ་པ་ཡ་ཀྵ་པ་མ་ཀྵི་སཝཱཧཱ། ནད་ཐམས་ཅད་མེད་པར་བྱེད་པའི་སྔགས་སོ། །ོཾ་ཀྵ་ཀྵ་སཝཱཧཱ། རྣ་བའི་ནད་མེད་པར་བྱེད་པའི་སྔགས་སོ། །སཾ་ཀྵི་བ་ཧ་པྲཀྵི་བ་ས་སཾ་ཀྵི་བ་ཧ་པྲ་ཀྵི་ས་པ་ཡ། དུག་ཐམས་ཅད་མེད་པར་བྱེད་པའི་སྔགས་སོ། །ོཾ་ཧ་སྟི་ཀི་རྞི་ཙུ་ལུ་ཙུ་ལུ་སཝཱཧཱ། སྲོག་ཆགས་ལྕགས་ཕྱེ་མེད་པར་བྱེད་པའི་སྔགས་སོ། །སྔགས་འདིས་ཁ་བཤལ་བའི་ཆུ་དེ་ཞག་གཅིག་ཏུ་བཞག་ལ་གཏོར་ན་མེད་དོ། །ཧི་ཧ་ཧཱུཾ་ཧ། མཁའ་འགྲོ་མ་འཆིང་བར་བྱེད་པའི་སྔགས་སོ། །ཧཱུཾ་ཧ་ར་ཧཾ་ཧ། ཡུངས་ཀར་ལ་སྔགས་ཏེ་བརྒྱབ་ན་མཁའ་འགྲོ་མ་རྣམས་འབྲོས་པར་འགྱུར་རོ། །ོཾ་ཀྵུ་སུ་ཀྵུ་ཧ། མ་ཞུ་བ་མེད་པར་བྱེད་པའི་སྔགས་སོ། །ོཾ་ཀྵ་ཀྵ་ཀྵ། རྣ་བའི་ཟུག་གཟེར་མེད་པར་ 116a ༄#། །བྱེད་པའི་སྔགས་སོ། །འདི་ཡིས་མར་ནག་ལ་མངོན་པར་སྔགས་ཏེ་རྣ་བའི་བུ་ག་དགང་བར་བྱའོ། །ོཾ་ ་ཧ་ས། འགོ་བའི་ནད་མེད་པར་བྱེད་པའི་སྔགས་སོ། །ོཾ་ཧཱུཾ་ཧཱུཾ་ཧཱུཾ། རཀྵ་ས་ཧ་ས་རྩ་ཀི་ཧོ་ནཱ་ཤ་ཡ་སཝཱཧཱ། གསུས་པའི་འབུ་མེད་པར་བྱེད་པའི་སྔགས་སོ། །ཱ་ཨཱི་ཧཱུཾ་ཙེ་ཧཱུཾ། ད་ཧ་ད་ཧ། ཛ་ལན་ཏཾ། ཧ་རུ་སེ་ག་རུ་ཌཾ། ཏུཾ་སེ་པ་ཎ་གཱ། ཨ་དཱ་སཱ་ས། མུད་དྷ་ཕུ་ཏ་ཎྜི། རེ་བི་ཤཱ་མ་ཙ་ལ། མ་ཀ་མ་ཨ་པཱ་ས་ཐཱ། མུ་ཧ་བ་ས་ཨི། ས་ར་ས་ཧི། སི་ཁ་བྷ་ས་ཨཱི། བནྡྷ་བནྡྷ་སི། རེ་བི་ཤ་ཨུསྤ་ར་གི ། སི་རི་ཧ་ར། ད་ཨི་ཛ་སོ། ཨ་ཀི་ལ་ནཱི། ཀེ་ལེ་རེ། བི་ཤ་མ་ཨ་པ་ས་ཐཱ། གཞན་སྦྲུལ་གྱིས་བཟུང་བའི་དུག་བཅིང་བའི་སྔགས་སོ། ། ཧ་བི་ཧི་མ་ཨི་པུ་རུ། ཀ་རི་ཨུ། སུ་བ་དུ་གྲ་།མ་བྷ་ཎན་ཏ། ཀ་ཨ་པུ་ཏཱ། ཨེ་ཀ་ཀ་རཱ། བི་ཤ་བན་དྷི། ག་རུ་ཌ་ཧུ་དེ་ཧཾ། ཨཱ་ཧོ་ག་རུ་ཌ། ཨེ་ཨཾ་བཻ་ཤཾ་།པ་ཁ་ལཱ་ཨི། ཨུ་ཨཱུ། ཨ་ཨཱ། རེ་བི་ཤ་ཙ་ལ། མ་ཀ་མ། ཨ་བཱ་ས་ཐཱ། བདག་ཉིད་སྤྲུལ་གྱིས་བཟུང་བའི་དུག་བཅིང་བའི་སྔགས་སོ། །ོཾ་མཧཱ་དེ་བ་ནི་ཀ་བ་ཀཎྛ། ཨེ་ཨཾ་གི་ཤཾ་།བྷཀྵ་བྷཀྵ། ཧ་ར་ཧ་ར། ཧཱུཾ་ཀྵ་ས་ཧ་རེ་བཱི་ཥ་སཝཱསྠཱ་ནཱཾ་ཛ་ཛ་ཛ་སཝཱཧཱ། དུག་གིས་བཅིངས་པ་ལས་གྲོལ་བར་བྱེད་པའི་སྔགས་སོ། །ོཾ་མ་ཧཱ་དེ་བ་བར་མེ་ཤ་ར་ནི་པ་ལ་ཀནྛ། ཧ་ར་ཧ་ར་ཧཱུཾ། གཟའ་ལ་སོགས་པ་དབབ་པའི་སྔགས་ 116b སོ། །ོཾ་ན་མ་ཤི་ཤཱ་ཡ། མཧཱ་དེ་བ། མཧཱ་བ་ལ་དེ་བ། ཡཀྵ་རཱཀྵ་ས་བྷཱུ་ཏ། པྲེ་ཏ་པི་ཤཱ་ཙ། སིདྡྷ་ཡོ་ག་ཌཱ་ཀི་ཎཱི། ཨཱ་ཀཪྵ་ཨཱ་ཀཪྵ། པུཥྤཾ་དྷུ་པཾ་པ་ལི། གྲྀཧྞ་བྷཀྵ་སཝཱཧཱ། ཡི་དྭགས་ལ་སོགས་པའི་གཏོར་མའི་སྔགས་སོ། །ོཾ་ཙ་མུཎྜེ་བཛྲ་གྷོ་ཎེ་ཧཱུཾ་ཕཊ། སྔགས་འདིས་གཞན་གྱི་སྔགས་ཐམས་ཅད་མེད་པར་བྱེད་དོ། །ཆང་ཚོང་མའི་ཆང་ཉམས་པར་བྱེད་དོ། །ཉ་པའི་ཉ་རྒྱ་འཆིང་བར་བྱེད་དོ། །མར་ནག་འཚག་པའི་ཆ་སྤྱད་ཉམས་པར་བྱེད་དོ། །ཕྱུགས་རྫི་རྣམས་ཀྱི་འོ་མ་མེད་པར་བྱེད་དོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱརྱཱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭཱ་ཡ། མཧཱ་སཏྭཱ་ཡ། མཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཏུ་རུ་ཏུ་རུ། སུ་རུ་སུ་རུ། བི་སུ་རུ་བི་སུ་རུ། ཆེ་གེ་མོའི་སརྦ་རོ་ག་ཤོ་ཥ་ཎི། བི་ཤོ་ཤ་ནི། མཱ་ཤ་བ་ཏུ་མཱ་ཤཱུ་ལ་ཡ་ཏུ། མ་པ་ཙྱ་ཏུ། མ་དུ་ཁ། མཱ་སྟུ་ཏི་བྷ་བ་ཏུ། ཨ་ཏྲེ་པ་པ་རི་ཤུ་ཥྱ་ཏུ་སཝཱ་ཧཱ། གྲོག་མཁར་གྱི་ས་ལ་སྔགས་འདིས་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་འབྲས་དང ། ཁྱི་རྔོ་ལ་སོགས་པ་ལ་བྱུགས་ན་སོས་པར་འགྱུར་རོ། །ན་མོ་མུཉྩ་མུཉྩ། ཨཱརྱཱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བིཛྙཱ་པ་ཡ་ཏི་སཝཱཧཱ། གྲོ་ག་ལ་གོ་རོ་ཙ་ནས་བྲིས་ལ་སྐུད་པ་དམར་པོས་ལག་པ་ལ་བཅིངས་ན་རིམས་ཐམས་ཅད་མེད་པར་བྱེད་དོ། །སེར་པོའི་རྫས་ཀྱིས་ཨའི་ཡི་གེ་བྲིས་ལ་དེའི་ནང་དུ་གང་ཡིན་པའི་མིང་བྲིས་ཏེ་སྟེང་དུ་སངས་རྒྱས་ཀྱི་སྐུ་ 117a ༄#། །གཟུགས་བཞག་པར་བྱའོ། །དེས་ནི་ལྷ་བདེ་བྱེད་ཡིན་ཡང་རེངས་པར་བྱེད་དོ། །ོཾ་ཛ་ག་སེ་ལི་ཡེ། བཱི་ཛྫེ་སུན་ཐི་དཱ་སི་དཱ་སོ། སུ་བྷ་དྲེ་སུ་བྷ་དྲེ། སཱ་ཎཱཾ། སཱཾ་ཎཱཾ། ཨ་བ་ལཱ་ཧི། སུཎྞ་ཎ་དཱི་སུནྣ་བཏྟ་རེ། ཧི་ཤ་ལཱ། ཨ་བ་རི་ས་ཛ་ཧོ་སཝཱཧཱ། ཟངས་མའི་སྣོད་དུ་ཆུ་བླུགས་ལ་ལན་བདུན་དུ་མངོན་པར་སྔགས་ཏེ་རླུང་དང་རྗེས་སུ་མཐུན་པར་ནམ་མཁའ་ལ་གཏོར་ཏེ་སེར་བ་དང ། རླུང་དང ། ཆར་པ་འབབ་པ་ལ་སོགས་པ་མེད་པར་བྱེད་དོ། །ིན་དེ་ཎ་ཧ་ཏ་བོ་ཨཱ། ཛ་མ་ཎ། ཨུསྤཱ་ཊ་ཨ་ཛི་ཧཱ། ད་ཨ་བ་མ་ཧཱ་དཎྜེ་ཎ། ཏཛྫ་ཨཱ་སཱུ་ཧ་རེ་ཎ། ཨོཾ་ཛ་བྷི་ཛཾ་བྷི། ཛཾ་བྷེ་ཧི་ཛཾ་བྷེ་ཧི། ཨོཾ་སྟ་བྷེ་ནི་སྟཾ་བྷེ་ཧི། ཨོཾ་མོ་ཧི་ནི། མོ་ཧེ་ཧི། ཨེ་ཧྱེ་ནི། ཨེ་ཧི་ནི། ཨོཾ་སྟཾ་བྷ་སྟཾ་བྷ། མཧཱ་སྟཾ་བྷ། ཆེ་གེ་མོ་སྟཾ་བྷ་ཡ་སཝཱཧཱ། གང་ལ་ཡི་གེ་ཕྲེང་བ་གཉིས་བྲིས་ཏེ་འོག་གི་སྔགས་ཀྱི་ཡི་གེ་བར་དུ་བསྒྲུབ་བྱའི་མིང་དང་སྤེལ་ཏེ་བྲིས་པ་བཅིངས་ཏེ་ཁམ་ཀྱོང་དུ་བཞག་པ་དེའི་སྟེང་དུ་རང་གི་ཕྱིས་བཏང་སྟེ་དེའི་སྟེང་དུ་ཉལ་ཉིལ་གྱི་ཐལ་བས་བཀང་སྟེ་ཁམ་ཀྱོང་གཞན་གྱི་ཁ་བཀབ་སྟེ་དགང་བའི་རླུང་གི་སྦྱོར་བས་བརྐོས་ལ་སྦས་ན་རེངས་པར་བྱེད་དོ། །ོཾ་ཙུཀྐ་བི་ཙུཀྐ། ཙི་ཙི་ཀྵ་།བི་བི་ཥ་ཎི་བི་ཏི་ཏི་སཝཱཧཱ། གསུས་པའི་འབུ་ལ་སོགས་པ་གཅོད་པའི་སྔགས་སོ། །བེའུ་ཤི་བ་གང་ཡིན་པ་ལ་ཁྲུས་ 117b བྱས་ཏེ་གཞན་གྱི་བེའུ་ལ་ཁྲུས་བྱས་པའི་ཆུ་ལ་ལན་བདུན་དུ་སྔགས་ཤིང་ཚཝ་ནག་པོ་ལའང་ལན་བདུན་སྔགས་ཏེ་རྒྱབ་ཏུ་ཅུང་ཞིག་བླུག་ཅིང་སྔགས་བྲི་བར་བྱའོ། །དེ་སྣ་རུའང་བླུག་པར་བྱའོ། །ན་མོ་བྷ་ག་བ་ཏེ། རུ་དྲཱ་ཡ། པཉྩ་ག་པོ་ཨི་མཾཧྨ་བ་ཊ་བི་མཎྜ་ལི། ཀ་ཏ་མ་པཎ་ཙ། ནན་དྲཱི་བི་ཤ་ལཱ་པ་དུ་པ་ཙ་ཏུ་ར་ཐཱ་ཀ་ལུ་ཤོ་དཱ་རཱི། པཉྩ་མི་གཱ་ཛ་སཱཾ་ས་མཱརྠ། བྷན་ཛི་ཀ་།ཡ་ཐཱ་ཡ་ཐཱ་ནཱ་ག་ཤྱ་ཨི་ཡཱཾ་ཛཱ། བ་སུ་དེ་བ་ཤྱ། ཨ་གྲ་ཏོ། ས་མུ་དྲེ་ས་མུ་དྲེ། ག་ཧ་མ་ནྱ་ཧི། ཀ་ཏི་ཀཱ་ཀ་ཏཱ་ས་མ་ཡོ། ས་ཏྭོ་ཛོ། ཨེ་གི་ཧཾ་བད་ཚ་ཀོ་།སཾ་ཎྛཱ། སཾ་ཤོ་།བད་ཚ་ཀོ་།ི་མིད་ཏྭཱཾ། ལ་བ་ཎཾ་མ་ཧི་ཏཾ་ཨ་ཡི། སོརྞྞ་མ་ཡོ་དཱ་མོ་ཨ་ཡཾ། ཆེ་གེ་མོའི་གཱ་བི་ཨ་མུ་བཙྪ་གེ་བ། བ་ཎ་ཨུ་སཾ་བ་ཏུ། ས་མཱ་གཙྪནྟུ་མཱ་གོ་། ཀོཾ་ཙཎྜཱ་ལི།་བཱ་བི་བི་ཤྱ་ཏི་སཝཱཧཱ། ཚཝ་དང་བསྲེས་པའི་ཆུས་གསེར་གྱི་དོང་ཙེ་ལ་ལན་ཉི་ཤུ་རྩ་གཅིག་ཏུ་སྔགས་ལ་བེའུའི་མགུལ་པར་གདགས་ཤིང་དེའི་ཆུ་བེའུ་ལ་གཏོར་ན་འགྲུབ་པར་འགྱུར་རོ། །ནོར་བུ་བཟང་པོའི་རྟོག་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་གསུངས་པ་ཇི་སྙེད་ཚད་ཀྱི་སྔགས་ཀྱི་ཆོ་ག་ཞིབ་མོའི་རྟོག་པ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་མཉྫུ་ཤྲཱི་དང ། བོད་ཀྱི་ལོཙྪ་བ་དགེ་སློང་བ་རིས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །། |