rKTs


H706

(e-text produced by ACIP)

see text in transliteration
402a
རྒྱ་གར་སྐད་དུ། མཧཱ་ཡ་ཀྵ་སེ་ན་པ་ཏ་ཡེ་ན་ར་ཀུ་པ་ར་ཀལྤ། བོད་སྐད་དུ། གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གར་མཁན་མཆོག་གི་བརྟག་པ། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཔལ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་བདག་པོ་ཉི་མ་འབུམ་གྱི་གཟི། །འོད་ཟེར་དཔག་མེད་སྡང་བ་འདུལ་མཛད་པ། །ཐུགས་རྗེའི་བདག་ཉིད་འགྲོ་དོན་མ་ལུས་མཛད། །བདུད་བཞི་འཇོམས་མཛད་དེ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན།
402b
བཅོམ་ལྡན་འདས་ལྕང་ལོ་ཅན་གྱི་ཕོ་བྲང་ན་རྒྱལ་པོ་རྣམ་ཐོས་ཀྱི་བུའི་གནས་ན་བཞུགས་ཏེ། གྲངས་མེད་པའི་ལྷ་དང ། ཀླུ་དང ། གནོད་སྦྱིན་དང་དྲི་ཟ་དང་ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མི་འམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། བརྒྱ་བྱིན་དང ། ཚངས་པ་དང ། འཇིག་རྟེན་སྐྱོང་བ་དང ། མཐུ་བོ་ཆེ་དང ། ལྷ་ཆེན་པོ་དང ། ནོར་བུ་བཟང་པོ་དང་གང་བ་བཟང་པོ་དང ། སྟོབས་ཀྱི་ལྷ་དང ། སྟོབས་ཆེན་པོའི་སྟོབས་དང ། དགའ་བའི་དབང་པོ་དང ། ནག་པོ་ཆེན་པོ་དང ། བི་ཤཝ་ར་དང ། མ་མོའི་ཚོགས་དང ། གསང་བ་ལ་གནས་པ་དང ། གྲུ་བཞིའི་རི་ན་གནས་པ་དང ། འབོད་སྒྲོག་དང ། རྣམ་པར་འབོད་སྒྲོག་དང ། རྣམ་པར་འཇིགས་བྱེད་དང ། རིན་ཆེན་གསང་བ་དང ། རབ་གནས་གསང་བ་དང ། མཐའ་ཡས་གསང་བ་དང ། རབ་མཆོག་མཆེ་བ་དང ། མཆེ་བ་འཁྱིལ་བ་དང ། མཆེ་བ་རྣོ་བ་དང ། རྡ་མོའི་རྐང་པ་ཅན་དང ། བ་ལང་གི་མགོ་བོ་ཅན་དང ། རྒྱལ་བའི་དྲང་སྲོང་དང ། ་ད་པ་ཀ་དང ། རབ་ཏུ་འཇོམས་པ་དང ། འོད་བྱེད་དང ། རབ་ཏུ་གཟི་བརྗིད་ལྡན་པ་དང ། ཤིན་ཏུ་འོད་དང ། ཡང་དག་ཤེས་དང ། མིག་བཟང་དང ། རྟོག་འདོད་དང ། གསེར་གྱི་བ་སྤུ་ཅན་དང ། གསེར་གྱི་སྐྲ་ཅན་དང ། རྣམ་པར་འཁྱིལ་བ་དང ། རྣམ་པར་རྒྱལ་བ་དང ། འབར་བར་སྨྲ་བ་དང ། མིའི་ཐོད་པ་ཅན་དང ། རབ་ཏུ་གནས་པ་དང ། དཔུང་བཟང་དང ། པན་ཙི་
403a
༄#། །ཀ་དང ། མེ་ཏོག་མཆེ་བ་ཅན་དང ། གཙུག་ན་མེ་ཏོག་དང ། གཙུག་ན་ནོར་བུ་དང ། ནོར་གྱི་བདག་པོ་དང ། རབ་ཏུ་གསང་བ་དང ། རབ་ཏུ་ལྡན་པ་དང ། ཤུགས་དྲག་པོའི་ལུས་དང ། ཉི་མའི་གཟི་བརྗིད་དང ། ཉི་མའི་འོད་དང ། དགའ་བའི་ཉི་མ་དང ། མཆེ་བ་གཙིགས་པ་དང ། འབར་བའི་ཕྲེང་བ་དང ། འབར་བའི་འོད་དང ། དཔའ་བའི་འོད་དང ། འཇིགས་བྱེད་འོད་དང ། ཀུན་ཏུ་གནས་པ་དང ། དེ་དག་ལ་སོགས་པའི་གནོད་སྦྱིན་གྱི་སྡེ་དཔོན་མཐུ་ཆེན་པོ་རྫུ་འཕྲུལ་ཆེན་པོ་གྲངས་མེད་པ་བརྒྱ་སྟོང་གིས་བསྐོར་ཏེ་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ལྷགས་ནས་འཁོད་དོ། །རྡོ་རྗེ་སྙིང་པོ་ལ་སོགས་པའི་བྱང་ཆུབ་སེམས་དཔའི་འཁོར་མང་པོ་ཡང་ལྷགས་ནས་འཁོད་དོ། །གནས་བརྟན་ཆེན་པོ་ཤཱ་རིའི་བུ་ལ་སོགས་པ་ཉན་ཐོས་ཀྱི་ཚོགས་ཆེན་པོ་དང ། རིག་འཛིན་ཆེན་པོའི་འཁོར་ཚོགས་པ་ཉེ་བར་ལྷགས་སོ། །དྲང་སྲོང་མངོན་པར་ཤེས་པ་ལྔ་དང་ལྡན་པ་གྲངས་མེད་པ་ལྷགས་སོ། །ལག་ན་རྡོ་རྗེ་གནོད་སྦྱིན་གྱི་དབང་པོ་ཡང་འཁོར་མང་པོས་བསྐོར་ཏེ་ལྷགས་སོ། །ངལ་བསོ་བའི་བུ་གར་མཁན་མཆོག་ལག་ན་རྡོ་རྗེ་གནོད་སྦྱིན་གྱི་དབང་པོ་དེ་མཐུ་བོ་ཆེའི་ཆ་ལུགས་འཛིན་ཏེ། ཆ་ལུགས་བཟང་པོ། ཞལ་བཟང་པོ། སྐུ་བཟང་པོ། ཕྱག་བཟང་པོ། ནོར་བུ་རྣམ་པ་སྣ་ཚོགས་འཁྱིལ་བ་འཆང་བ་དང ། དབུ་བཟང་པོ་དང ། སྤྱན་བཟང་པོ་སྣ་ཚོགས་པའི་མེ་
403b
ཏོག་གིས་མཉམ་པར་བརྒྱན་པའི་སྐུ་ཉི་མ་དང་ཟླ་བ་ལས་ལྷག་པའི་གཟི་བརྗིད་འཆང་བ། རྒྱན་སྣ་ཚོགས་ཀྱིས་རྣམ་པར་བརྒྱན་པའི་སྐུ། དབང་པོ་དང ། ཉེ་དགའ་བོ་ཀླུའི་རྒྱལ་པོས་སེ་རལ་དུ་བྱས་པ། ཏཀྵ་ཀ་ཀླུའི་རྒྱལ་པོས་སྐེད་ཅིངས་སུ་བཅིངས་པ། གཟུགས་བརྙན་སྣ་ཚོགས་དང ། མཚོན་ཆ་སྣ་ཚོགས་འཛིན་པ་དང ། ཟླ་བ་དང ། ཉི་མ་འཛིན་ཅིང་ཀུན་ཏུ་འབར་བའི་སྐུ། སྣང་བར་བྱེད་ཅིང་ཞལ་རབ་ཏུ་བཞད་ནས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་སྙམས་པའི་ཡིད་ཀྱིས་འདུག་གོ། །དེ་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་ཀྱི་བུ་སྟན་ལས་ལང་ཏེ་བཅོམ་ལྡན་འདས་གང་ན་བ་དེར་འོངས་ཏེ་བཅོམ་ལྡན་འདས་ལ་རིན་པོ་ཆེ་སྣ་ཚོགས་པའི་ངོ་བོ་ཉིད་ཀྱིས་མཆོད་པ་བྱེད་པ་ནི། ཐང་ལས་སྐྱེས་པ་དང ། ཆུ་ལས་སྐྱེས་པའི་མེ་ཏོག་སྣ་ཚོགས་པདྨོ་དང ། ཀུ་མུ་ད་དང ། པུཎྜ་རི་ཀ་དང ། ུཏྤ་ལ་མཐིང་ཀ་དང ། སོའུ་གནྡྷི་དང ། བར་ཤི་ཀ་དང ། ཙམ་པ་ཀ་དང ། མནྡཱ་ར་བ་དང ། མནྡཱ་ར་བ་ཆེན་པོ་ལ་སོགས་པའི་མེ་ཏོག་ཐོགས་ནས་བཅོམ་ལྡན་འདས་ལ་མཆོད་དེ་བརྒྱ་ཕྲག་སྟོང་དུ་བསྐོར་བ་བྱས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གནོད་སྦྱིན་གྲངས་མེད་པའི་འཁོར་ཆེན་པོ་འདུས་པར་གྱུར་ཏོ། །ཤ་ཆེན་པོ་ཟ་བ་དང ། མིའི་ལུས་ཟ་བའི་གནོད་སྦྱིན་དང ། འབར་བ་དང ། སྣ་ཚོགས་ཀྱི་གཟུགས་འཛིན་པ་མང་པོ་
404a
༄#། །འདུས་ཏེ། ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། འབར་བ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། མི་དང ། མི་མ་ཡིན་པ་སྣ་ཚོགས་པ་འདུས་པར་གྱུར་ཏོ། །བཅོམ་ལྡན་འདས། རིག་འཛིན་ཆེན་པོའི་འཁོར་དང ། དྲང་སྲོང་ཆེན་པོའི་ཚོགས་ཀྱི་འཁོར་དེ་དག་ཀྱང་འདུས་པར་གྱུར། བྱང་ཆུབ་སེམས་དཔའི་ཚོགས་མང་པོ་ཡང་ལྷགས་ཏེ་ཐོག་མའི་ངོ་མཚར་བརྗིད་པར་མཐོང་ངོ ། །བཅོམ་ལྡན་འདས། གང་རིག་པ་བཤད་པར་དགོངས་པ་དེ་བཅོམ་ལྡན་འདས་ཀྱིས་བཤད་དུ་གསོལ། བདེ་བར་གཤེགས་པ། དུས་འདིའི་ཚེ་བཤད་དུ་གསོལ། །དེ་ནས་བཅོམ་ལྡན་འདས་ཀྱི་ངལ་བསོ་པོའི་རྒྱལ་པོ་ཆེན་པོ་ལ་དབུགས་ཕྱུང་ནས་གནོད་སྦྱིན་འདུལ་བ་ཀུན་ཏུ་འབར་བའི་འོད་ཟེར་ཆེན་པོ་ཞེས་བྱ་བའི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་སོ། །བཅོམ་ལྡན་འདས་ཀྱིས་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་མ་ཐག་ཏུ་བཅོམ་ལྡན་འདས་ཀྱི་སྐུ་ལས་འོད་ཟེར་སྣ་ཚོགས་བྱུང་སྟེ་གང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་འོད་ཟེར་གྱིས་སྣང་བར་བྱས་ནས་འདུས་པའི་གནོད་སྦྱིན་དང ། འབར་བ་དང ། འབྱུང་པོ་དང ། ཡི་དྭགས་དང ། ཤ་ཟ་དང ། གཟའ་དང ། བརྗེད་བྱེད་ཐམས་ཅད་ལ་བསྐུལ་ནས་གདུག་པའི་ཀླུ་དང་ཀླུ་ཐམས་ཅད་ལ་བསྐུལ་ནས་སླར་འོངས་ཏེ་
404b
བཅོམ་ལྡན་འདས་ཀྱི་སྐུ་ལ་ལན་གསུམ་བསྐོར་བ་བྱས་ཏེ་བཅོམ་ལྡན་འདས་ཀྱི་སྤྱི་གཙུག་ཏུ་ཞུགས་པ་དང ། བཅོམ་ལྡན་འདས་བཞད་དེ། བཞད་པ་དེས་འོད་ཟེར་སྣ་བདུན་ཞལ་གྱི་སྒོ་ནས་བྱུང་སྟེ་རྣམ་ཐོས་ཀྱི་བུའི་སྲས་གར་མཁན་མཆོག་གི་སྤྱི་བོར་ཞུགས་སོ། །བཅོམ་ལྡན་འདས་ཀྱིས་འོད་དེ་དེར་ཞུགས་མ་ཐག་ཏུ་གར་མཁན་མཆོག་གནོད་སྦྱིན་གྱི་དབང་པོ་རང་གི་གཟུགས་སྣང་བར་གྱུར་ཏེ། གནོད་སྦྱིན་རབ་ཏུ་འཇོམས་པར་བྱེད་པ། འཇིགས་པར་བྱེད་པའི་གད་མོ་ཆེར་སྟོང་པའི་སྐུ། འཇིགས་པར་བྱེད་པའི་སྒྲ་འབྱིན་པ། སྐུ་ཆེན་པོ་ཕྱག་སྟོང་པའི་རི་རབ་ལྟར་གནས་པའི་སྐུ། ས་རབ་ཏུ་གཡོ་ཞིང་སྟོབས་ཆེན་པོ་རྣམ་པར་གནོན་པ། མཚོན་ཆ་སྣ་ཚོགས་འཛིན་ཅིང་འཇིགས་པར་བྱེད་པའི་སྒྲ་འབྱིན་པ། མིའི་ཐོད་པའི་ཕྲེང་བ་བཅིངས་ལ། མི་མགོ་ཁྲག་གིས་བཀང་བ་འཛིན་པའི་ཕྱག་།སྟག་ལྤགས་ཀྱི་སྟོད་གཡོགས་བྱས་པ། སེངྒེའི་འགྲོས་ལྟར་གྲགས་པ་དེ་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་འོངས་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ཏེ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་གི་སྙིང་པ་མཆིས་ཏེ། ལྷ་མ་ཡིན་གྱི་ཚོགས་ཐམས་ཅད་རབ་ཏུ་གཞོམ་པ་དང ། ལྷ་དང ། ཀླུ་དང ། གནོད་སྦྱིན་རྣམས་ཉེ་བར་དགུག་པ་དང ། ཀླུ་རྣམས་རབ་ཏུ་གཞོམ་པ་དང ། གནོད་སྦྱིན་དང ། འབྱུང་པོ་དང ། ཤ་ཟ་དང ། གཟའ་ཐམས་ཅད་རབ་ཏུ་འཇོམས་པར་
405a
༄#། །བྱེད་པ་དང ། ཚངས་པ་དང ། དབང་པོ་དང ། མཐུ་བོ་ཆེས་ཕྱག་བྱས་པ། རིག་འཛིན་ཐམས་ཅད་ཀྱི་སྒྲུབ་པ་བརྗོད་པ་ཙམ་གྱིས་འགྲུབ་པ་སྟེ། བཅོམ་ལྡན་འདས།་བདག་གིས་འཁོར་ཆེན་པོ་ལྷགས་པའི་མདུན་དུ་རབ་ཏུ་བརྗོད་པར་འཚལ་ན། རིག་འཛིན་ཐམས་ཅད་གྲུབ་པ་དང ། སེམས་ཅན་ཐམས་ཅད་ཀྱི་རེ་བ་ཡོངས་སུ་རྫོགས་པའི་ཕྱིར་ཀུན་ཏུ་བརྗོད་པ་ཙམ་གྱིས་འགྲུབ་པར་འགྱུར་ཞིང ། ལན་གཅིག་དྲན་པ་ཙམ་གྱིས་ཀྱང་རིག་པ་ཐམས་ཅད་ཀྱི་དངོས་གྲུབ་རབ་ཏུ་འབྱིན་པར་བྱེད་ཅིང ། དཀྱིལ་འཁོར་ཐམས་ཅད་ཀྱི་རྗེས་སུ་ཞུགས་ནས་དམ་ཚིག་ཤེས་པར་འགྱུར་བ་ནི། འདི་ལྟ་སྟེ། དེ་བཞིན་གཤེགས་པའི་རིགས་དང ། ནོར་བུའི་རིགས་དང ། བ་ལང་གི་རིགས་དང ། པདྨའི་རིགས་དང ། རྡོ་རྗེའི་རིགས་དང ། དཀྱིལ་འཁོར་ཆེན་པོའི་དངོས་གྲུབ་སྟེར་བ། དམ་ཚིག་དང ། དཀྱིལ་འཁོར་ཐམས་ཅད་ཀྱི་ཕྱག་རྒྱས་ཐམས་ཅད་འཇུག་པར་བྱེད་པ། གཟུངས་ཆེན་པོའི་སྔགས་ཀྱི་ལེའུ་རྗེས་སུ་སྟེར་བ། བཅོམ་ལྡན་འདས། ཆུང་དུ་ན་ལན་གཅིག་རྗེས་སུ་དྲན་པས་ཀྱང་དངོས་གྲུབ་ཐམས་ཅད་རྗེས་སུ་སྟེར་བར་འགྱུར་ཏེ། བཅོམ་ལྡན་འདས་ཀྱིས་རིགས་ཐམས་ཅད་ཀྱི་སྤྱི་བོར་དབང་བསྐུར་དུ་གསོལ། བཅོམ་ལྡན་འདས། བདག་ལ་བརྩེ་བར་དགོངས་ཏེ་ཕྱག་རྒྱ་ཆེན་
405b
པོའི་དཀྱིལ་འཁོར་དང ། ལེའུ་དང།་སྔགས་ཀྱི་དངོས་གྲུབ་རྗེས་སུ་སྩལ་དུ་གསོལ། དེ་ནས་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བཞིན་གཤེགས་པས་གར་མཁན་མཆོག་གནོད་སྦྱིན་གྱི་སྡེའི་བདག་པོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །རིགས་ཐམས་ཅད་ཀྱི་སྤྱིའི་དཀྱིལ་འཁོར་དང ། ཕྱག་རྒྱ་དང ། གཟུངས་སྔགས་གྲུབ་པར་གནས་བྱིན་གྱིས་བརླབ་ཀྱི། རིག་འཛིན་ཐམས་ཅད་ཀྱི་དངོས་གྲུབ་ཐོབ་པར་བྱ་བའི་ཕྱིར་གནོད་སྦྱིན་གྱི་བདག་པོ་སྒྲོགས་ཤིག་།དེ་ནས་གར་མཁན་མཆོག་གནོད་སྦྱིན་གྱི་སྡེ་དཔོན་གྱིས་བཅོམ་ལྡན་འདས་གང་ན་བ་དེར་ཉེ་བར་སོང་ནས་བཅོམ་ལྡན་འདས་ལ་ལན་གསུམ་བསྐོར་བ་བྱས་ནས་སྤྱན་སྔར་འདུག་སྟེ་གསང་སྔགས་ཀྱི་ཚིག་འདི་སྨྲས་སོ། །ཱ་རྱ་ནརྟ་ཀུ་བེ་ར། མུ་ལ་མནྟྲ་མནྟྲ། ཨོཾ་ཨཱ་ཐཱ་ཏོ་ཛྭཱ་ལི་ཏ། ཧཱུཾ་ཏ་བྷ་ཧོ་ཏ་ཏ་བཏ། ཀ་ན་ཀ་མ་ཎི། ཤཱི་ལ་ཏོ་བ་ཧ་ས་ཀཱ་།མ་ཎི་པྲ་ལ་མྦ་ཧ་ར་ཨརྡྷ་ཧ་རི། ཙི་ཏྟ་ཧ་རི་ཏཱ་ལ་ཙྪནྡྲ་ན། ཨ་ཀ་རུ། དུ་རུ་སྐ། སཾ་ཀྲི་ཏ་ས་ཏ། མ་ཧཱ་རུ་མཾ་དྷ་ར་དྷ་ར། ཝ་ར་གམྦྷ་རི་དྷི་རི། ཨ་སུ་རཱ་ག་ཎ། ནི་ཡུ་ན་ད་མནྡྷ་ར་ད་ཤ་དྷ་ར་ཎི། དྷ་ར་གམྦྷཱི་ར། དྷི་ར། ཕི་ར་ཕི་ར། མ་ཕི་ར་མ་ཕི་ར། ཨ་སུ་ར་ག་ཎ་ནི། སུ་དྷ་ན་མ་དྷ་ནཾ། ཏ་ཛྫ་ནི།་བི་ཡུ་མི་ག་། དྷ་ར་ཨ་ཏི་ག་ཏི་ར་ཎ། པྲ་བྷཱ་ཨ་ནུ་ར་ཙི་ཏི། མཎྜལ་ན། ཀ་པཱ་ལ་མཱ་ལ། ཨ་བྷ་བ་དྷྭ་ཛཱ་ཏི། ཧ་ས་ཀུ་ལ་ན། ནི་རྨ་ལཾ། སཾ་བུ་ལཾ། སཱ་ག་ར་སུ་མེ་རུ་པ་ར་པ་ཏ།
406a
༄#། །ཏ་རི་ཏ་རངྒ་ས་ཤི་ཁ་ར་དྷཱ་ཏུ་ཤེ་ལ་པ་ཏ། ན་ག་རཾ། ཨ་མོ་གྷ་ད་ཤ་ཨཱ་དི་ཏྱ། མཎྜལ་ན། ཤ་ཤི། ཀི་རཾ་མོ་ལི་དྷ་རཾ། ཤ་ཤི་ཀི་རཾ་མོ་ལི་དྷ་རཾ། ཙ་ལ་ཙི་མ་ལ། ས་ག་ལ། ཛྱོ་ན་ཀྲྀ་ཏ། ཨ་བ་བྷཱ་སཾ་ཀུ་ལཾ། པྲ་མ་ཐ་ནཾ། ཨ་སུ་ར་བྷ་བ་ན། ཀུ་ལ་ནཱ་ཤ་ནཾ། བྲཧྨེནྡྲ། རུ་དྲ་ན་མ་ཀྲྀ་ཏཾ། ནཱ་ཀྲྀ་ཏཾ། པཱུ་ཛ་ཏཾ། སརྦ་བི་དྱཱ་དྷ་ར་ན་མ་སྐྲྀ་ཏཾ།་ཤི་ར་བི་སིདྡྷ་ཡ་ཤ་།གནྡྷ་རཱ་བ་སུ་ཙི་ཏཾ། མཧཱ་མེ་རུ་མཎྜ་ལ་ན། ཀུཎྜ་ལ་དྷརྨ། ཝ་ར་ཡང་མྱོས་བི་དྭ་དྷརྨ། བྷུཉྫ་ཀ་ཏ་ཀྵ་ཀ་བཱ་སུ་ཀི་།སཱ་ག་ར། ནཾ་ཊོ་པ་ནཾ་ཏ། ག་ལ་ཀ་བྷོ་ལ་མེ་ཁ་ལཱ་ལཾ་ཀྲི་ཏ། ག་ཏི་དྱོད་ཧྲྀ་ད་ག་པཱ་ལ་མཱ་ལཾ། ཨ་ལཾ་ཀྲྀ་ཏ། ཤ་རི་ར། ཤྲཱི་པྲ་ཛྭ་ལི་ཏ་མོ་རི་ཏ་རཾ། ཨཱ་ཡུར་བྷ་བན་བེ་ག་ཛ། བཀ་ཙ་ཏུ་རངྒ་ཙཀྲ་ཙ་ར་ཎཾ། ཨ་པྲ་མེ་ཡ་བ་ར། བཛྲ་མུ་སིདྡྷི་ཁད་ཏ་ཀ་ཏོ་མཱ་ར་ཡ། པ་ར་ཤུ་པཱ་ཤཱ་ཙ་ཀྲ། ཨ་སི་ཏྲི་ཤཱུ་ལ། མུད་ག་ར། པྲ་ཧ་ར་ཎན། མ་ར་ཀུ་པ་ར་རཾ། ཝ་ར་ཀུ་པ་རཾ། སུ་རེན་དྲན། སུ་པེ་ཤཾ། སུ་བཱཀ་ཏྲ་ཀྲཾ་།སུ་གུ་ཧྱ་ཀྲཾ་།སིད་སེ་ན་ས་ནི་ན་ར་ཀུ་པ་ར། པ་རཾ་ཏཾ་ཡི་ཥྱ་མི། ཨེ་ཧྱེ་ཧི་བྷ་ག་ཝཱན། ན་ར་ཀུ་པ་ར། ཀུ་པ་ར། ཧ་ས་ཧ་ས། ཏུ་རུ་ཏུ་རུ། ཙི་ཏི་ཙི་ཏི། བི་ཙ་ཏི། བི་ཙ་ཏི། བཛྲ་བཛྲ་ཙ་བཛྲ་བཛྲ། ཧ་ར་ཧ་ར། ཧུ་རུ་ཧུ་རུ། ཧ་ན་ཧ་ན། བི་དྷྭཾ་ས་ཡ། བི་དྲ་བ་ཡ། ཨུ་ཏ་སཱ་ད་ཡ། ཨུ་པ་ད་ཡ། ཨུ་པ་ར་ཡ། ན་ར་ཀུ་པ་ར། ཝ་ར་ཀུ་པ་ར། ཤུ་པ་ཀུ་པ་ར་
406b
ཡཀྵ་ཀུ་པ་ར། གྷུ་ཧ་ཀུ་པ་ར། མ་དྷ་མ་དྷ། གརྫྫ་གརྫྫ། ཏརྫྫ་ཏརྫྫ། ནརྪ་ནརྪ། ཧ་རི་ཧ་རི། ཧ་རི་ལོ་ཙ་ནི། ནི་ལ་ལོ་ཙ་ན། ཏཱི་པྱ་ལོ་ཙྪ་ན། སུ་ཝ་ར་ཎ་ལོ་ཙ་ན། མེ་གྷ་གྷོ་ཥོད་བྷ་བ། ཧ་ལ་ཧ་ལ།་ཤབད་ག་ཎ། ཀཱ་ནཱ་པ་ཡ། ཧེ་ཧེ་ཧེ་ཧེ། ན་ར་ཀ་ཀུ་པ་ར། ཧེ་ན་རཾ་ཀུ་པ་ར་ཀུ་པ་ར། ཝ་ར་ཀུ་པ་ར། ཨཱ་བི་ཤ་ཨཱ་བི་ཤ། སུ་ཀུ་བ་ར་ཀུ་བ་ར། ཝ་ཀུ་བ་ར། ཙ་ལ་ཙ་ལ། མོ་ལི་དྷ་ཙ་ལ་ཡ་ཝརྫ། ལ་གུ་ལ་གུ། ཀུ་རུ་ཀུ་རུ། ཨ་ད་ཏྭ་ད་ཤ་གུ་ལཾ། ཀུ་ལ་ཀུ་ལ། ཀི་ལ་ཀི་ལ། ཧུ་ལུ་ཧུ་ལུ། མུཉྫུ་མུཉྩ། ཤབད་ཀུ་ལཾ། ན་ར་མུངྒ་རཾ། ཀུ་བ་ར། ཕ་ར་བ་ར་བ་ར། བཛྲ་དྷ་ར། པདྨ་དྷ་ར།་མུ་ས་ལ་དྷ་ར། ཙཀྲ་དྷ་ར། ལངྒ་དྷ་ར། པ་ར་ཤཱུ་དྷ་ར། ཨ་ཡོ་མུ་ས་ལ། ཏྲཱ་ས་ན་ཀ་ར། དྷ་ར་དྷ་ར་དྷ་ར་ཎི། དྷ་ར་ཙནྡྲ། སཱུརྱ་མཱ་ལ་དྷ་ར། ནཀྵ་ཏ། ནཱ་ཀྵ་ཏྲ་གྲ་ཧ་མཎྜ་ལ་དྲ་ཧ་ཤ་ཨ་བྱིད་ཏ་ཛྭ་ལ་ཏེ། ཛ་ཀ་ར། ས་གྷ་ར་ས་ར་བི་ཤོ་ཤ་ན་ཀ་ར་མད་ས་མད་ཀ་ར། ཤི་ཤུ་མར་ཁི་ཏ་པཱ་ཤ་དྷ་ར། ཨ་སུ་ར་ག་ཎ་ནཱཾ། མརད་ན་ཀ་ར། ཁུཾ་བནྡྷ་ར་ཡཀྵ་རཱ་ཀྵ་ས། ཧྲྀ་ད་ཡོད་མཱ་ད་ན་ཁ་རཾ། སྟཾ་བྷ་ག་ཝཱ་ན། ན་ར་ཀུ་པ་ར། ཝ་ར་ཀུ་པ་ར། ནརྪ་ནརྪ། ཧ་ར་ཧ་རི་ཧ་རི། ཧཱ་རི་ལོ་ཙ་ནཱ་སཝཱཧཱ། གར་མཁན་མཆོག་གི་རིགས་པ་དང་པོ་འདི་ལས་སྟོང་བྱེད་དོ། །སྤྲིན་བསྐྲད་པ་ལ་མཚོན་ཆའམ། ཀཱ་ར་བཱི་རའི་ལྕུག་མ་འམ། བལ་པོ་སེའུའི་ལྕུག་མའམ། ཐལ་བས་བྱའོ། །རྨ་བྱའི་ལྕུག་མས་བྱབ་པའི་ནང་དུ་སྤྲིན་བྱབ་པ་ལྟར་བྱབས་ཏེ་
407a
༄#། །ཆར་དབབ་པའི་དུས་ན་པོག་གིས་བདུགས་ན་ཆར་འཕོ་བར་འགྱུར་རོ། །ལན་གཅིག་བཟླས་པས་འབྱུང་པོ་དང ། གནོད་སྦྱིན་དང ། གཟའ་དང ། འབར་བ་དང ། གདོན་ལ་གདབ་པ་ནི། གུ་གུལ་གྱི་དུལ་བས་ལན་གཅིག་བཟླས་པས་འབབ་པར་འགྱུར། ཐམས་ཅད་སྟོན་ཅིང་གང་དྲིས་པ་དེ་སྨྲ་བར་འགྱུར་རོ། །གུ་གུལ་ལ་ལན་གཅིག་བཟླས་ཏེ་བདུག་པས་འགུལ་བར་འགྱུར་རོ། །ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། འབར་བ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། འབར་བ་མོ་དང ། ཤ་ཟ་མོ་ལ་སོགས་པ་ལ་གུ་གུལ་ལན་གཅིག་བཟླས་ཏེ་བདུགས་པས་ཐམས་ཅད་འགུགས་ཤིང་སྨྲ་བར་འགྱུར་རོ། །ལྷག་ཆད་སྟོན་པར་བྱེད་དོ། ། གུ་གུལ་ལ་ལན་གཅིག་བཟླས་ཏེ་བདུགས་ན། ཡུལ་ནས་སྐྲོད་པར་འགྱུར། མར་དང་ཡུངས་ཀར་གྱིས་ཁ་ཟས་བཅོས་པ་རྣམས་གར་འདོད་པ་དེར་འཕོ། །འཁུར་མཁན་གྱི་ཁང་པར་སྔགས་རྗེས་སུ་དྲན་པར་བྱས་ཏེ་གུ་གུལ་གྱིས་བདུགས་ན་འཁུར་བ་ཐམས་ཅད་གང་འདོད་པ་དེར་འཕོ་བར་འགྱུར་རོ། །རིམས་ནད་ཐམས་ཅད་གཞིག་པ་དང ། བདག་སྲུང་བ་ལ་ཡུངས་ཀར་དང ། ཐལ་བ་དང ། བའི་ཆུ་ལ་ལན་གཅིག་བསྔགས་ནས་གུ་གུལ་གྱིས་གདུགས་ཏེ་སྲུང་བའི་སྐུད་པ་འགུལ་བར་བཅིངས་ན། འཇིགས་པ་དང ། ནད་
407b
ཐམས་ཅད་སེལ་བར་འགྱུར་རོ། །རིམས་ནད་གཞན་ལ་གཏོང་པར་འདོད་ན། གུ་གུལ་ལ་ལན་གཅིག་བཟླས་ཏེ་བདུགས་ན། དེ་མ་ཐག་ཏུ་འགྲོ་བ་སྟོང་ཡང་རིམས་ཀྱིས་བཏབ་པར་འགྱུར་རོ། །དེ་ཉིད་ཀྱིས་སོས་པར་འགྱུར་རོ། །ཞག་བཞི་པའི་རིམས་གཏོང་པར་འདོད་ན། བ་ལང་གི་ཤ་དང་གུ་གུལ་གཅིག་ཏུ་བསྲེས་ལ་ཞག་བདུན་བཟླས་ཏེ་ལན་བདུན་བསྲེགས་ན། གང་གི་མིང་བཟུང་བ་དེ་རིམས་ཀྱིས་བཏབ་པར་འགྱུར་རོ། །གུ་གུལ་ལ་ལན་བདུན་བཟླས་ཏེ་བསྲེགས་ན། སླར་སོས་པར་འགྱུར་རོ། །གུ་གུལ་ལ་ལན་བདུན་བཟླས་ཏ་གང་གི་མིང་དང་བཅས་པ་མེར་བཅུག་ན། གང་དང་གང་གི་མིང་བཟུང་བ་གཟས་བཟུང་བར་འགྱུར་རོ། །ཐལ་བས་ཐིག་ལེ་བྱས་ཏེ་སྤྱི་གཙུག་བྱས་པ་བཅིངས་ཏེ་བཟླས་ན།་གྲོལ་བར་འགྱུར་རོ། །རིམས་ནད་ཐམས་ཅད་ཞི་བར་འདོད་ན། སྐུད་པ་ནག་པོ་འམ་འཇག་མ་ལ་ལན་གཅིག་བཟླས་པས་ཞིའོ། །གང་ཅུང་ཟད་བྱ་བ་ཐམས་ཅད་ལ་གུ་གུལ་ལ་ལན་གཅིག་བཟླས་པས་བྱེད་པར་འགྱུར་རོ། །གར་མཁན་མཆོག་གི་བརྟག་པ་ལས། ལས་མང་པོ་པའི་ལེའུ་སྟེ་དང་པོའོ།། །།ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་བཻ་ཤྲ་མ་ཎ་སྱ། མཧཱ་རཱ་ཛ་སྱ། ན་ར་ཀུ་པ་ར་སྱ། གུ་ཧྱ་ཀཱནྟ་པ་ཏི། མཱ་བརྟ་ཡི་ཥྱཱ་མི། ཨ་ནུ་རཱ་པ་སུ་རཱུ་པ། ན་ར་ཀུ་པ་ར་ཙནྡྲ། ཁན་ན་ཙ་ཀ་ན། ཧེ་མ་ཧཱ་ས་ཀན། ན་ར་ཀུ་པར། ཧེ་མ་ཀ་ན། ཀུ་ཧ་ཀན། ཙན་
408a
༄#། །ལ་ཙ་ལ། པ་ཙ་པ་ཙ། ཕུ་ལུ་ཕུ་ལུ། ཀུ་པ་ར་སཝཱཧཱ། གཅིག་ཏུ་དཔའ་བ་འབར་བ་རྣམས་འདུལ་ཞིང་ལས་ཐམས་ཅད་གདོན་མི་ཟ་བར་བྱེད་པ་དངོས་གྲུབ་ཀྱི་ལས་ཐམས་ཅད་དང ། བླ་ན་མེད་པའི་དགོངས་པ་ཐམས་ཅད་བརྗོད་པ་ཙམ་གྱིས་འགྲུབ་པར་འགྱུར་རོ། །བསྐྲད་པར་བྱ་བར་འདོད་ན། སེང་ལྡེང་གི་ཕུར་བུ་སོར་བརྒྱད་པའི་ཚད་དུ་བྱས་ཏེ་ལན་གཅིག་ཡོངས་སུ་བཟླས་ནས་གང་གི་སྒོར་བཏབ་པ་དེ་དེ་མ་ཐག་ཏུ་སྐྲོད་པར་འགྱུར་རོ། །ཕུར་པ་ཕྱུང་ན་གྲོལ་བར་འགྱུར་རོ། །ཡུངས་ཀར་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ་དགྲ་བོའི་ཁྱིམ་དུ་གཏོར་ན། དེ་མ་ཐག་ཏུ་འཁྱམས་པར་འགྱུར་རོ། །གུ་གུལ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་བདུགས་ན། གྲོལ་བར་འགྱུར་རོ། །འཁྱམས་པར་བྱ་བར་འདོད་ན། མི་རུས་ལས་ཕུར་པ་སོར་བརྒྱད་པའི་ཚད་དུ་བྱས་ཏེ། ལན་གཅིག་ཡོངས་སུ་བཟླས་ནས་གུ་གུལ་གྱིས་བདུགས་ཏེ་སྒོ་དྲུང་དུ་བཏབ་ན། ཞག་གསུམ་གྱི་ཐམས་ཅད་དང་བཅས་ཏེ་འཁྱམས་པར་འགྱུར་རོ། །ཐོ་བ་བྱས་ནས་ལན་གཅིག་ཡོངས་སུ་བཟླས་ནས་གང་གི་མིང་བཟུང་སྟེ་ས་འོག་ཏུ་ཐོ་བས་བརྡེགས་ན། དེའི་ལུས་དུམ་བུ་དུམ་བུར་ཞིག་པར་འགྱུར་རོ། །ཕྱུང་ན་ཐར་རོ། །དུར་ཁྲོད་དུ་གང་གི་མིང་བཟུང་སྟེ་བཅུག་ན་འབྱུང་པོ་ཆེན་པོས་ཟིན་ཏེ། ཕྱུང་ན་ཐར་པར་
408b
འགྱུར་རོ། །ཁང་སྟོང་དུ་གང་གིས་མིང་གཟུང་སྟེ་བཅུག་ན། དེ་ཤ་ཟས་ཟིན་ཏེ། ཕྱུང་ན་ཐར་རོ། །ལྷ་ཁང་དུ་ས་བརྐོས་ཏེ་བཅུག་ན། དེ་ལྷ་ཆེན་པོས་ཟིན་པར་འགྱུར་ཏེ། ཕྱུང་ན་ཐར་རོ། ། ཚལ་དུ་གང་གི་མིང་བཟུང་སྟེ་ས་བརྐོས་ཏེ་བཅུག་ན། གང་གི་གཉེན་དང ། འཁོར་དང ། བུ་དང ། བུ་མོ་དང ། ཁྱིམ་ཐམས་ཅད་སྤངས་ནས་ཐམས་ཅད་དུ་འབྲོས་པར་འགྱུར་ཏེ། ཇི་ལྟར་རི་དྭགས་བཞིན་དུ་ནགས་སུ་སྤྱོད་པར་འགྱུར་ཏེ། ཕྱུང་ན་ཐར་རོ། །ཐམས་ཅད་གུ་གུལ་ལ་ལན་གཅིག་བཟླས་པས་འགྲུབ་པར་འགྱུར་རོ། །དཀྱིལ་འཁོར་གྲུ་བཞི་པ་བྱས་ཏེ་ཐོ་བ་ལ་ལན་གཅིག་བཟླས་ཏེ་གུ་གུལ་གྱིས་བདུག་ཅིང་ཐོ་བ་དཀྱིལ་འཁོར་གྱི་དབུས་སུ་བཞག་ན། གནོད་སྦྱིན་དང ། འབར་བ་དང ། འབར་བ་མོ་དང ། གནོད་སྦྱིན་ཕོ་མོ་རྣམས་དུ་ཞིང་ཕྱོགས་ཕྱོགས་སུ་འབྲོས་པར་འགྱུར་རོ། །གནོད་སྦྱིན་གཟུགས་བརྙན་བྱས་པའམ། ཡང་ན་བྲིས་པ་ལ་ལན་གཅིག་བཟླས་ཏེ་གུ་གུལ་གྱིས་བདུགས་ན། གནོད་སྦྱིན་དང ། འབར་བ་དང ། གནོད་སྦྱིན་ཕོ་མོ་རྣམས་གནས་ཤིང་དགོས་པ་ཐམས་ཅད་བྱེད་པར་འགྱུར་རོ། །གཏེར་ཐམས་ཅད་སྟོན་ཅིང་འགུགས་པར་ཡང་བྱེད་དོ། །ངལ་བསོ་བའི་གཟུགས་བརྙན་བྱས་པའམ། བྲིས་པ་ལ་གུ་གུལ་གྱིས་བདུགས་ཤིང་སྔགས་བརྗོད་ནས་བསྡིགས་ནས་ཐོ་བས་བརྡེགས་མ་ཐག་ཏུ་དུ་ཞིང་འོངས་ཏེ་མཆོག་ཐམས་ཅད་དང ། འབྲུ་དང་ནོར་ཐམས་ཅད་ཇི་ལྟར་བདེ་
409a
༄#། །བར་འབུལ་བར་བྱེད་དོ། །གར་མཁན་མཆོག་འདི་ལྟར་བྱས་ན། དེ་མ་ཐག་ཏུ་འཆི་བར་འགྱུར་རོ། །ངལ་བསོ་པོ་རྐང་པས་མནན་ཅིང་གུ་གུལ་གྱི་བདུགས་ནས་སྔགས་ལན་བདུན་རྗེས་སུ་དྲན་པར་བྱས་ན། དེ་སྟེ་མྱུར་དུ་མ་འོངས་ན་མགོ་ཚལ་པ་བདུན་དུ་འགས་པར་འགྱུར་རོ། །ཡུངས་ཀར་དང་ཐལ་བ་བསྲེས་ཏེ་ལན་བདུན་ཡོངས་སུ་བཟླས་ནས་སྤྱི་བོར་བཞག་ལ་གུ་གུལ་གྱིས་བདུག་ཅིང་སྔགས་རྗེས་སུ་དྲན་པར་བྱས་ན། ངལ་བསོ་པོ་གནོད་སྦྱིན་སྟོང་དང་བཅས་བ་དེ་ནོར་དང་བཅས་པ་མདུན་དུ་འོངས་ནས་ལས་ཐམས་ཅད་བྱེད་པར་འགྱུར་ཞིང་དབང་དུ་འགྱུར་རོ། །མཐུ་བོ་ཆེ་རྐང་པས་མནན་ཏེ་གུ་གུལ་གྱིས་བདུག་ཅིང་སྔགས་བཟླས་ན། གཟུགས་གཡོ་བར་གྱུར་ཏེ། ཡུངས་ཀར་གྱིས་བརྡེགས་ན་ཆིག་སྨྲ་ཞིང་ཆོས་ཐམས་ཅད་སྦྱིན་པར་བྱེད། མདུན་དུ་བཀུག་སྟེ་བཀའ་ཐམས་ཅད་ཉན་ནས་དགོས་པ་ཐམས་ཅད་སྒྲུབ་ཅིང་།སྤྱད་ཐམས་ཅད་ཀྱི་དངོས་གྲུབ་ཐམས་ཅད་སྦྱིན་པར་བྱེད་དོ། །མིའི་ཐོད་པ་ལ་ལན་བདུན་ཡོངས་སུ་བཟླས་པའི་ཡུངས་དཀར་ཐོད་པའི་ནང་དུ་བཅུག་སྟེ་དྲག་པོའི་སྒོར་བཅིངས་ན། ཇི་སྲིད་དྲག་པོའི་སྒོ་དེར་ཐོད་པ་གནས་ཀྱི་བར་དེ་སྲིད་དུ་དགོས་པ་ཐམས་ཅད་སྒྲུབ་ཅིང་མཆོག་ཐམས་ཅད་སྟེར་བ་ནས་བཀའ་བཞིན་བྱེད་པར་འགྱུར། གུ་གུལ་གྱིས་བདུགས་ཏེ་སྔགས་རྗེས་སུ་དྲན་
409b
པར་བྱས་ན། ཚིག་སྨྲ་ཞིང་བྱ་བ་ཐམས་ཅད་བྱེད་ཅིང་མཆོག་ཐམས་ཅད་སྟེར་བར་འགྱུར་རོ། །ཚངས་པ་རྐང་པས་མནན་ཏེ་གུ་གུལ་གྱིས་བདུགས་ནས་སྔགས་བརྗོད་དེ་འོ་མ་དང་ཞོས་བསྐྲུས་ན།་ཚངས་པ་རང་གི་གཟུགས་ཀྱིས་མདུན་དུ་བཀུག་སྟེ་གསང་སྔགས་ཀྱི་སྤྱད་དང་དངོས་གྲུབ་ཐམས་ཅད་རྗེས་སུ་སྟེར་བར་འགྱུར་རོ། །ཁྲུས་བྱས་པའི་འོ་མ་དེ་འབྲས་མཁར་མའི་ཟན་དང་བསྲེས་ཏེ་ཟོས་ན། ཐོས་པའི་རྒྱུད་ཐམས་ཅད་ཁ་ཏོན་ནུས་ཤིང ། སྤྱད་ཐམས་ཅད་ཀྱི་སྔགས་ཀྱི་རྗེས་སུ་འཇུག་པར་འགྱུར་རོ། །ཐོས་པ་ཐམས་ཅད་ཆུས་མ་ཟོས་པར་གྱུར་ནས་མིའམ་ཅི་དང་ཚངས་པའི་དབྱངས་ཀྱི་ང་རོ་དང་ལྡན་པར་འགྱུར་ནས་ལུས་ཐམས་ཅད་དག་པར་རྙེད་ནས་ཚེ་ལོ་སྟོང་དུ་འགྱུར་ཞིང ། དཀྱིལ་ཅིང་འཁྱིལ་བའི་སྒྲ་དང་ལྡན་པར་གྱུར་ནས་རྐང་པ་གཉིས་ལ་བཟུང་སྟེ་ཕྱག་བཙལ་ནས་ལས་ཐམས་ཅད་བྱེད་པར་འགྱུར་རོ། །གཟུགས་བརྙན་དུར་ཁྲོད་ཀྱི་དབུས་སུ་ས་བརྐོས་ཏེ་བཅུག་ན། འབྱུང་པོ་ཐམས་ཅད་ཀྱི་རྣམ་པར་གཙེས་པར་འགྱུར་ཞིང་ལུས་དུམ་བུར་ཞིག་པར་འགྱུར་རོ། །མིག་གི་འབྲས་བུ་རྡོལ་ཏེ་ཟླ་བ་གསུམ་ན་འཆི་བར་འགྱུར་རོ། །ཀླུའི་གཟུགས་བརྙན་བྱས་ཏེ་དཀྱིལ་འཁོར་གྱི་དབུས་སུ་བཞག་ནས་མེ་ཏོག་དང་བདུག་པ་ཐམས་ཅད་ཕུལ་ནས་ཀ་ར་བཱི་རཱི་ལྕུག་མ་ལ་ཡོངས་སུ་བཟླས་ཏེ་སྔགས་རྗེས་སུ་དྲན་པར་བྱས་ཏེ་བཞུགས་ན། ཀླུ་ཐམས་
410a
༄#། །ཅད་འོང་སྟེ་ཆར་གྱི་རྒྱུན་ཆེན་པོ་འབེབས་པར་བྱེད་དོ། །ཀླུ་ཐམས་ཅད་ལས་བྱེད་བར་འགྱུར་རོ། །ཐམས་ཅད་ཀྱིས་བཀའ་བཞིན་བྱེད་པར་འགྱུར་རོ། །ཀླུའི་གཟུགས་བརྙན་བྱས་ཏེ་བལ་པོ་སེའུའི་ལྕུགས་མས་བཞུས་ན། སེར་བ་ཐམས་ཅད་གཅོད་པར་འགྱུར་རོ། །རླུང་ཐམས་ཅད་ཡོངས་སུ་བཅིངས་པ་ལ་སྟན་འཇམ་པོ་ལ་ཡོངས་སུ་བཟླས་ཏེ་ཁང་པ་མཐོན་པོའི་ཁར་འདུག་ན། རླུང་ཐམས་ཅད་འཆིང་བར་བྱས་པར་འགྱུར་རོ། མིའི་ཐོད་པ་བཟུང་སྟེ་ཀཱ་ར་བཱི་རའི་ལྕུག་མས་དགྲ་བོའི་མིང་བཟུང་ནས་བཞུས་ན། ལས་ཐམས་ཅད་ལ་ལན་གཅིག་བཟླས་པ་ཙམ་གྱིས་གྲུབ་པར་འགྱུར་རོ། །གནོད་སྦྱིན་གར་མཁན་མཆོག་གི་བརྟག་པ་ལས། ལས་ཐམས་ཅད་པའི་ཆོ་གའི་ལེའུ་སྟེ་གཉིས་པའོ།། །།ན་མོ་བཻ་ཤྲ་མ་ཎ་སུ་ཏཱ་ཡ་དི་བྱ་བི་མཱ་ན་ཙི་རི་ཏི་ཡ། ཧེ་མ་ཨ་ལ་ཀུཎྜ་ལ་ཤ་རཱི་རཱ་ཡ། ཡཀྵ་རཀྵ་ས་བནྟི་དྷ་ཡ། ཏཾ་བྷ་ག་ནན། མཱ་བརྟ་ཡི་ཥྱ་མི། ཏདྱ་ཐཱ། བ་ནི་བ་ནི། ཀུ་ཊ་ཀུ་ཊ། ཀུཊྚ་ཀུཊྚ། ཀུ་ཀུ་ཀུ་ཀུ། པ་ར་པ་ར། ཀུ་པ་ར་ཀུ་པ་ར། ན་ར་ཀུ་པ་ར། དི་བྱ་བི་མྱ་ནི་ཀུ་ཏ་ལི། ཏུ་ཏི་ཏུ་ཏི་སཝཱཧཱ། དེ་ནས་གནོད་སྦྱིན་ནམ། གནོད་སྦྱིན་མོ་སྲུང་བར་འདོད་ན། ཝ་དེའི་ཤིང་ལས་སྤང་ལེབ་ཏུ་བྱས་ཏེ་གནོད་སྦྱིན་མོ་བྲི་བར་བྱ་སྟེ། ཁ་དོག་སྔོ་བསངས་ལ་གདོང་ཁྲོ་གཉེར་ཅན་མཆེ་བ་
410b
འཁྱིལ་པ་སྟོད་གཡོགས་མེད་པ། རྒྱན་ཐམས་ཅད་ཀྱིས་རྣམ་པར་བརྒྱན་པ། ལག་པ་གཡོན་པ་ན་མིའི་ཐོད་པ་ཁྲག་གིས་བཀང་བ་ཐོགས་པ། ལག་པ་གཡས་པ་མཆོག་སྦྱིན་མ་སྟེ། དེའི་མདུན་ན་རིག་པ་བརྒྱ་སྟོང་བཟླས་ཤིང་ཟས་དཀར་པོ་བཟའ་བར་བྱ། བརྒྱ་སྟོང་རྫོགས་པ་དང་གནོད་སྦྱིན་མོ་མདུན་དུ་འོང་བར་འགྱུར་ཏེ། དེ་ལ་གཏོར་མ་དཀར་པོ་དང ། ཡོན་ཆུ་སྦྱིན་ནོ།། དེས་སྨྲས་པ། ཅི་བགྱི་བ་བཀའ་སྩོལ་ཅིག་ཅེས་བགྱིས་པ་དང ། རིག་པ་འཛིན་པ་སྨྲ་བར་བྱ་བ་ངའི་ཆུང་མའོ་ཞེས་པ་དང ། དེ་དེ་བཞིན་ནོ་ཞེས་སྨྲས་ནས་མི་སྣང་བར་འགྱུར་རོ། །དེ་ནས་རྒྱན་ཐམས་ཅད་ཀྱིས་བརྒྱན་པའི་བུད་མེད་འོངས་ནས་དེ་ནས་འདོད་པའི་ཡོན་ཏན་ལྔ་ལྷན་ཅིག་ཏུ་རོལ་ཅིང ། སྤྱོད་པ་ལ་དགའ་བས་རྩེའོ། །རིག་པ་འཛིན་པ་དེ་གནོད་སྦྱིན་ཆེན་པོའི་སྟོབས་དང་ལྡན་པར་འགྱུར་ཏེ། གང་དང་གང་དུ་འདོད་པ་དེ་དང་དེར་འགྲོ་ཞིང་ནམ་མཁར་སྤྱོད་དེ། ཚེ་ལོ་ལྔ་སྟོང་ཐུབ་བར་འགྱུར་རོ། །དེ་ནས་མངོན་པར་སྤྱོད་པར་འདོད་པས་བྱེད་པ་བསླང་པ་ནི། གོས་ཆེན་པོ་བགོས་ཏེ། སྟག་གི་པགས་པས་སྨད་དཀྲིས་ལ་དུར་ཁྲོད་ཀྱི་དབུས་སུ་ཅི་འབྱོར་པའི་ཁྲག་གི་སྦྱིན་སྲེག་ཞག་བཅུ་གཉིས་ཡོངས་སུ་རྫོགས་པའི་བར་དུ་བསྲེགས་ན། བུད་མེད་སེངྒེ་ལ་ཞོན་པ། ལག་པ་བཞི་པ། དྲིལ་བུ་དང ། དགྲ་སྟ་དང ། མུ་ས་ལ་དང ། ལག་ན་ཏྲི་ཤཱུ་ལ་ཐོགས་པས་མདུན་དུ་འོངས་ནས་དེས་སྨྲས་པ། རིག་པ་འཛིན་
411a
༄#། །པ་དེ་བཀྲེས་སོ་ཞེས་པ་དང ། གཏོར་མ་འདི་གར་མཁན་མཆོག་གི་བཀའ་སྟེ། ཇི་ལྟར་བདེ་བར་སྤྱོད་ཅིག་ཅེས་ནས་དེ་ནས་ཡོན་ཆབ་སྦྱིན་པར་བྱ། དེས་སྨྲས་པ།་ཅི་སློང་ཞེས་པ་དང ། རིག་པ་འཛིན་པས་སྨྲ་བར་བྱ་སྟེ། ངའི་ལས་ཐམས་ཅད་བྱོས་ཤིག་ཅེས་སོ། །དེས་སྨྲས་པ། རིག་པ་འཛིན་པ་དེ་བཞིན་ནོ། །ཞེས་ནས་གང་དགོས་པར་འགྱུར་བ་དེ་ཐམས་ཅད་དང ། གཏེར་ཐམས་ཅད་ཀྱང་སྟོན་ནོ། །དེ་ནས་ཨ་ཙ་ན་བསྐུ་བར་འདོད་ན། ལྡོང་རོས་དམར་པོ་མི་མགོ་གཤེར་བའི་ནང་དུ་ཁྲག་དང་བསྲེས་ནས་བཅུག་ནས་སྔགས་ལན་བརྒྱད་ཀྱིས་ཡོངས་སུ་བཟླས་ཏེ་ཀཱ་ར་བཱི་རའི་ལྕུག་མས་དགུག་པར་བྱའོ། །དེ་ནས་མི་མགོ་འབར་བར་འགྱུར་ཏེ། དེས་ཐིག་ལེ་བྱས་ན། ནམ་མཁའ་ལ་འགྲོ་བར་འགྱུར་ཞིང ། རིག་པ་འཛིན་པ་དང་ཐབས་ཅིག་ཏུ་རོལ་པར་འགྱུར་རོ། །སྙིང་གར་ཐིག་ལེ་བྱས་ན། མི་སྣང་བར་འགྱུར་ཞིང་གང་དུ་འདོད་པ་དེ་དང་དེར་ཞུགས་པར་འགྱུར། མིག་ལ་བསྐུས་ན། གཏེར་ཐམས་ཅད་མཐོང་བར་འགྱུར་ཞིང་ལྷ་མ་ཡིན་གྱི་སྒོ་ཐམས་ཅད་སྒྲིབ་པ་མེད་པར་མཐོང་བར་འགྱུར་རོ། །ཀླུའི་གནས་ཐམས་ཅད་མཐོང་བ་དང ། ཀུན་ཏུ་འགྲོ་བ་ཐམས་ཅད་དང་རོལ་ཅིང་དགའ་བ་མྱོང་བར་འགྱུར་རོ། །བྲོས་ན། བསྐལ་པ་བརྒྱ་ཕྲག་སྟོང་དུ་འཚོ་ཞིང་རིག་པ་འཛིན་པའི་འཁོར་ལོས་བསྒྱུར་བར་
411b
གྱུར་ནས་སྐྲ་འཁྱིལ་ཅིང་འཁྱིལ་བ། མིའམ་ཅི་དང ། ཚངས་པའི་ང་རོའི་དབྱངས་དང་ལྡན་པར་འགྱུར་རོ། །ཉུང་རུམ་བྱ་བར་འདོད་ན། དུར་ཁྲོད་ཀྱི་ཐལ་བ་ལ་གཟུགས་བྱས་ཏེ་སེར་\?\་ལྡང་གི་ཕུར་པ་ལ་ལན་བདུན་བཟླས་ནས་སྙིང་གའི་གནས་སུ་བཏབ་ན། ཉུང་རུམ་དུ་འགྱུར་ཏེ། ཕྱུང་ན་ཐར་རོ། །ནག་པོའི་ཕྱོགས་ཀྱི་ཚེས་བཅུ་བཞི་ལ་དུར་ཁྲོད་དུ་ཞུགས་ནས་སྔགས་ལན་ཉི་ཤུ་རྩ་གཅིག་རྗེས་སུ་དྲན་པར་བྱས་ནས་ཨན་ཛ་ན་བླངས་ཤིང་ས་བི་ར་དང་ལྷན་ཅིག་ཏུ་བསྲེས་ཏེ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ་མིག་ལ་བསྐུས་ན་སྐལ་པའི་མཆོག་དང ། གཟི་བརྗིད་དང་ལྡན་ཞིང་གང་མཐོང་བ་དེ་དབང་དུ་འགྱུར་རོ། །འཇིག་རྟེན་ཀུན་དང་མཛའ་ཞིང་ཐམས་ཅད་ཀྱིས་མཆོད་པར་འགྱུར་རོ། །གོ་རོ་ཙན་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་ཐིག་ལེ་བྱས་ན། སྐལ་པ་མཆོག་དང ། དགོས་པ་ཐམས་ཅད་སྒྲུབ་ཅིང་བུད་མེད་ཀུན་ལ་དབང་བར་གྱུར་ནས་འགྲོ་བ་ཐམས་ཅད་མཛའ་བར་འགྱུར་རོ། །ཟོས་ན།་རྩོད་པ་ལས་རྒྱལ་བར་འགྱུར་རོ། །ལན་ཉི་ཤུ་རྩ་གཅིག་བཟླས་པའི་ཆུས་གདོང་བཀྲུས་ནི། ཁྲོས་པའི་རྒྱལ་པོ་ཡང་ཞི་བར་འགྱུར་རོ། །འཇིག་རྟེན་པ་ཀུན་དང་མཛའ་ཞིང་འཛིན་པའི་དག་ཏུ་འགྱུར་རོ། །ཐམས་ཅད་ཀྱང་གུ་གུལ་གྱི་དུད་པས་བསྒྲུབ་པར་བྱའོ། །གནོད་སྦྱིན་གར་མཁན་མཆོག་གི་བརྟག་པ་ལས། མིག་སྨན་དང ། གོ་རོ་ཙན་\?\་དང ། གནོད་
412a
༄#། །སྦྱིན་མོ་སྒྲུབ་པའི་ལེའུ་གསུམ་པའོ།། །།འདི་མན་ཆད་གར་མཁན་མཆོག་གནོད་སྦྱིན་ཆེན་པོའི་དཀྱིལ་འཁོར་ཆོ་ག་བཤད་བར་བྱའོ། །གྲུབ་པའི་ལྷ་ཐམས་ཅད་ཀྱིས་ཕྱག་བྱས་པ། ཚངས་པ་དང ། གཏོགས་འདོད་དང ། དབང་པོས་མཆོད་པ་དང ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་བྱིན་གྱིས་བརླབས་པ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པ། དྲང་སྲོང་ཐམས་ཅད་ཀྱིས་བསྟོད་པ། གནོད་སྦྱིན་དང་འབར་བ་ཐམས་ཅད་ཀྱིས་དམ་ཚིག་པ། དཔྱད་ཐམས་ཅད་དང ། རིག་པ་ཐམས་ཅད་ཐོབ་པའོ། །དེ་ནས་གནས་གཙང་མར་གྲུབ་པའི་མཚན་མ་བརྟག་གོ་།དེ་ནས་རིག་པ་འཛིན་པ་གཙང་མར་བྱས་ཏེ་རབ་ཏུ་ཁྲུས་བྱས་ནས་གོས་དཀར་པོ་གཙང་མ་བགོས་ཏེ་ཁ་ཟས་དཀར་བོ་བཟའ་ཞིང་རྟག་ཏུ་བཟླས་པ་ལ་བརྩོན་པར་བྱའོ། །དཀར་པོའི་ཕྱོགས་ལ་སྐར་མ་དང ། གཟའ་དང ། མཇུག་རིང་བཟང་པོ་ཡིད་དུ་འོང་བའི་ཉི་མ་དེར་བརྟགས་ཏེ་བ་ཁམ་པ་མོའི་ལྕི་བས་ལ་མ་ལྷུང་བས་དཀྱིལ་འཁོར་བསྐུས་ཏེ་ཁྲུ་བཅུ་གཉིས་པ་རིམ་པ་གསུམ་དུ་དཀྱིལ་འཁོར་ཡང་རབ་ཏུ་བྱའོ། །ཀུན་ཏུ་ཐིག་བྲི་བ་ནི། ཤིན་ཏུ་མཉན་པར་བཅལ་ཏེ་གྲུ་བཞི་པ་ལ་སྒོ་བཞི་བ་ཆ་མཉམ་པར་གཅལ་བར་བྱའོ། །དབུས་ཀྱི་ཁྲུ་བརྒྱད་
412b
པའི་ཚད་ལ་ཙནྡན་དཀར་པོས་ལེགས་པར་བྲི་བར་བྱའོ། །ནང་གི་ཁྲུ་བཞིའི་ཚད་ལ་གླ་རྩི་དང ། གུར་གུམ་དང ། ག་པུར་དང་བསྲེས་བས་བྲི་བར་བྱའོ། །དེའི་དབུས་སུ་གར་མཁན་མཆོག་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། ལག་པ་བཅུ་དྲུག་པ། མཚན་དང་ལྡན་པ་བྲི་བར་བྱའོ། །ཕྱི་རོལ་གྱི་དཀྱིལ་འཁོར་དུ་ཚངས་པ་དང ། གཏོགས་འདོད་དང ། དབང་པོ་ཆེན་པོ་དང ། མཐུ་ཆེན་པོ་བྲི་བར་བྱའོ། །གྲ་བཞིར་རྒྱལ་པོ་ཆེན་པོ་བྲི་བར་བྱའོ། །ཕྱི་རོལ་གྱི་དཀྱིལ་འཁོར་གྱི་གནས་སུ་གནོད་སྦྱིན་མང་པོ་སྣ་ཚོགས་བྲི་བར་བྱའོ། །སྒོ་བཞིར་གང་བ་བཟང་པོ་དང ། ནོར་བུ་བཟང་པོ་དང ། སྟོབས་ཀྱི་ལྷ་དང ། དགའ་བའི་དབང་པོ་བྲི་བར་བྱའོ། །དབུས་ཀྱི་དཀྱིལ་འཁོར་གྱི་གནས་སུ་སངས་རྒྱས་གཅིག་པུ་དཔའ་བ་ཤཱཀྱ་མིའི་སེངྒེའི་གཟུགས་བཞུགས་བར་བྱ་སྟེ། ལག་ན་རྡོ་རྗེ་དང ། བརྒྱ་བྱིན་རྔ་ཡབ་ཐོགས་ཤིང་གཡབ་པ་ལྟར་གཡས་གཡོན་དུ་གཞག་པར་བྱའོ། །བྱང་ཕྱོགས་ཀྱི་གྲར་གང་བའི་བུམ་པ་ཉི་ཤུ་རྩ་ལྔ་དང ། དངུལ་གྱི་སྣོད་བརྒྱད་གཞག་པར་བྱའོ། །ནུབ་ཕྱོགས་སུ་པོག་ཕོར་ཉི་ཤུ་རྩ་ལྔ་དང ། དེ་བཞིན་དུ་ཤར་དང ། ལྷོ་ཕྱོགས་སུ་ཡང་གཞག་པར་བྱའོ། །གཏོར་མ་གང་བ་བརྒྱ་རྩ་བརྒྱད་དང ། གཏོར་མའི་བུམ་པ་སུམ་ཅུ་རྩ་གཉིས་དང ། འབྲུ་དང ། འབྲས་བུ་དང ། མེ་ཏོག་གི་ཕྲེང་བ་བརྒྱ་རྩ་བརྒྱད་དང ། ཁམ་ཕོར་བརྒྱ་རྩ་བརྒྱད་དང ། བར་བར་དུ་མཚོན་ཆ་སྣ་ཚོགས་པ་
413a
༄#། །ཡང་གཞག་པར་བྱའོ། །ཁ་ཟས་དྲུག་ཅུ་རྩ་བཞི་དང ། བཅོ་བ་སུམ་ཅུ་དང ། བ་དན་བརྒྱ་རྩ་བརྒྱད་དང ། གསེར་གྱི་སྣོད་བཞི་དཀྱིལ་འཁོར་གྱི་དབུས་སུ་གཞག་པར་བྱའོ། །ཐོ་བ་བཞི་དང ། འཁོར་ལོ་སུམ་ཅུ་དང ། མུ་ས་ལ་བཞི་དང ། མདའ་བཞི་དང ། བུམ་པ་བཞི་གཞག་པར་བྱའོ། །དྲི་སྣ་ཚོགས་དང ། བདུག་པ་སྣ་ཚོགས་རིམ་པ་བཞིན་དུ་དབུལ་ལོ། །ཀུན་ཏུ་དར་གྱི་བླ་རེ་དང ། སིལ་སྙན་སྣ་ཚོགས་དང་ལྡན་པ་རྣམས་དང ། ཕྱོགས་དང་མཚམས་སུ་བཞག་ཅིང ། ཇི་ལྟར་ཆོ་ག་བཞིན་དུ་གནོད་སྦྱིན་དང ། འབར་བ་རྣམས་གཏོར་མ་སྦྱིན་ནོ། །རས་ཀྱི་གཟུགས་ཞལ་ལྷོ་ཕྱོགས་སུ་བསྟན་ནས་བཞག་ལ་སྔ་དྲོ་ལན་བདུན་བཟླས་ལ་གཏོར་མ་ཡང་དབུལ་བར་བྱའོ། །གུང་དང ། །ཕྱེ་དྲོ་དང ། ཉི་མ་ནུབ་པའི་དུས་སུ་ཡང་དེ་བཞིན་དུ་བཟླས་ཏེ་དབུལ་བར་བྱའོ། །དེ་ནས་གུ་གུལ་དང ། ཡུངས་ཀར་བསྲེས་ཏེ་གཟུགས་ཀྱི་སྤྱན་སྔར་ཉི་ཤུ་རྩ་གཅིག་བསྲེག་པར་བྱའོ། །དེ་ནས་གར་མཁན་མཆོག་རང་ཉིད་གཤེགས་པར་གྱུར་པ་ན་བྱིས་པའི་གཟུགས་དང་འདྲ་བར་འོངས་ནས་སངས་རྒྱས་ལ་ཕྱག་འཚལ་ཏེ་རིག་པ་འཛིན་པ་དེ་ལ་བུ་བདེ་བར་འོངས་སམ་ཚུར་ཤོག་།གྲུབ་པའི་མཆོག་སློངས་ཤིག་དང ། ཅི་འདོད་པ་ཁྱོད་ལ་སྦྱིན་ནོ། །དེ་ནས་ཡོན་ཆབ་ཕུབ་ཕུལ་ཏེ་མཆོག་བསླང་བར་བྱའོ། །གང་འདོད་པའི་མཆོག་དེ་སྟེར་ཏེ། རིག་པ་
413b
འཛིན་པའམ། འཇིག་རྟེན་སྐྱོང་བའམ། འཁོར་ལོས་བསྒྱུར་བའམ། དབང་བོའམ། གྲུབ་པའི་སྦྱོར་བའི་དབང་པོའམ། ངལ་བསོ་འམ། ཁྱོད་གང་དང་གང་འདོད་པ་དེ་སྦྱིན་པར་བྱེད་ན། འཇིག་རྟེན་གྱི་ཡོ་བྱད་སྦྱིན་པ་ལྟ་ཅི་སྨོས། ཚེ་རིང་བའམ། དོན་གྲུབ་པའམ། འཇིག་རྟེན་པ་དང་མཛའ་བའམ། རྒྱལ་སྲིད་དང ། ཡུལ་ཐོབ་པར་རམ། ལྡོང་རོས་དམར་པོ་སྒྲུབ་པའམ། ནམ་མཁའ་ལ་འགྲོ་བའམ། མི་སྣང་བར་འགྱུར་བའམ་མིག་རྣམ་པར་དག་པའམ། རིག་པའི་ཆོ་ག་ལྷ་མ་ཡིན་གྱི་ཆོ་གས་ཕུག་ཏུ་འཇུག་པའམ། འདོད་པའི་གཟུགས་སམ། དབང་པོ་སྤྱད་དམ། རྒྱལ་པོ་དབང་དུ་བྱེད་པའམ། རི་དྭགས་དང་བྱའི་སྐད་ཤེས་པ་དང ། ཚེ་སྔ་མ་རྗེས་སུ་དྲན་པའམ། གནོད་སྦྱིན་དང ། འབར་བའི་གཟུགས་ཀྱི་ལས་འདི་དག་ཐམས་ཅད་འགྲུབ་པར་འགྱུར་རོ། །གསང་སྔགས་འདིས་གར་མཁན་མཆོག་སླར་གཤེགས་སུ་གསོལ་ལོ། །ན་མོ་བེ་ཤྲ་མ་ཎ་སུ་ཏཱ་ཡ། ན་ར་ཀུ་པ་རཱ་ཡ། ཨོཾ་ས་ར་ས་ར། ནཊྚ་ནཊྚ། གཙྪེ།་སཝབྷཱ་བ་ནཱ་མ། ཡ་ཐ་སུ་ཨེ་ཏྲཾ་ཡཀྵེནྡྲ་སཝཱཧཱ། འདི་ལྟར་སྦྱོར་བའི་མེ་ཏོག་བླངས་ནས་ཕུལ་ཏེ་ལན་གཅིག་བཟླས་པས་གུ་གུལ་གྱིས་བདུགས་ན་མི་སྣང་བར་འགྱུར་རོ། ། གནོད་སྦྱིན་གར་མཁན་མཆོག་གི་བརྟག་པ་ལས། དཀྱིལ་འཁོར་སྒྲུབ་པའི་ཆོ་གའི་ལེའུ་སྟེ་བཞི་པའོ།། །།དེ་ནས་སྐུ་གཟུགས་ཀྱི་ཆོ་ག་བཤད་པར་བྱ་སྟེ། རས་ཁ་
414a
༄#། །ཚར་མ་བཅད་པ། སྐྲ་མེད་པ་ཁྲུ་བཞིའི་ཚད་ལ་ཀུན་ཏུ་གྲུ་བཞི་ལྷམ་པར་བྱའོ། །གཙང་མའི་ཕོ་གར་སྤྱད་ཅིང་མ་འདྲེས་པའི་ཚོན་རྩིས་རི་མོ་མཁན་གྱིས་རྗེས་སུ་མཐུན་པར་སྣོད་གཙང་མར་བྱས་ཏེ་བྲི་བར་བྱའོ། །དབུས་སུ་གར་མཁན་མཆོག་བྲི་བ་ནི། གུར་གུམ་གཞོན་ནུའི་མདོག་འདྲ་པ། ཞལ་བཞི་པ། གཡས་ཨུ་པ་ལ་སྔོན་པོ་འདྲ་བ།་གཡོན་དུང་དང་མཚུངས་པ། རྒྱབ་ཀྱི་ཞལ་ཨིནྡྲ་ནཱི་ལའི་མདོག་ལྟ་བུ་ཞལ་མཆེ་བ་ཅུང་ཟད་གཙིགས་པའི་ཚུལ་དུ་འཛུམ་པ་དང་བཅས་པའོ། །ཕྱག་བཅུ་དྲུག་རིན་པོ་ཆེའི་རྒྱན་གྱིས་སྤྲས་པ་སྟེ། རྡོ་རྗེ་དང ། འཁོར་ལོ་དང ། རིན་པོ་ཆེ་དང ། པདྨ་དང ། རལ་གྲི་དང ། ཞགས་པ་དང ། མདའ་དང ། དགྲ་སྟ་སྟེ། གཡས་པ་ན་རིམ་པས་སོ། །དྲིལ་བུ་དང ། རྩེ་གསུམ་པ་དང ། ནེའུ་ལེ་དང ། མེ་ཏོག་གི་ཕུར་མ་དང ། བདན་དང ། ཐོད་པ་དང ། གཞུ་དང ། རྔ་ཡབ་ནི། གཡོན་པའི་རིམ་པས་སོ། །གཡས་གཡོན་དུ་ཚངས་པ་དང ། གཏོགས་འདོད་དང ། དབང་ཕྱུག་ཆེན་པོ་དང ། ངལ་བསོ་པོ་བྲི་བར་བྱའོ། །ཡང་འོག་གི་ཆ་ལ་ནི། ནོར་བུ་བཟང་པོ་དང ། གང་བ་བཟང་པོ་དང ། སྟོབས་ཀྱི་ལྷ་དང ། དགའ་བའི་དབང་པོ་དང ། དབང་མོ་དང ། དབྱངས་ཅན་མ་དང ། སྟོབས་དང ། སྟོབས་ཆེན་པོ་དང ། གཞན་ཡང་གནོད་སྦྱིན་རྫུ་འཕྲུལ་ཆེ་བ་རྣམས་བྲི་བར་བྱའོ། །སྟེང་གི་ཆ་ལ་ལྷའི་བུ་དང ། དྲང་སྲོང་རྫུ་འཕྲུལ་ཅན་
414b
རྣམས་བྲི་བར་བྱའོ། །འོག་ཏུ་རིག་པ་འཛིན་པ་བྲི་བར་བྱའོ། །གཞན་ཡང་ཇི་ལྟར་སྔགས་ཀྱི་ཆོ་ག་བཞིན་བྲི་སྟེ། གསང་སྔགས་ཐམས་ཅད་ལས་འབྱུང་བའི་ཆོ་ག་སྐུ་གཟུགས་ཀྱི་སྤྱན་སྔར་མཆོད་ཅིང་སྔགས་ལན་སྟོང་བཟླས་པར་བྱ། འདི་དག་སྒྲུབ་པ་བརྗོད་པ་ཙམ་གྱིས་འགྲུབ་བོ། །གནོད་སྦྱིན་གར་མཁན་མཆོག་གི་བརྟག་པ་ལས། བླ་ན་མེད་པའི་སྐུ་གཟུགས་ཀྱི་ཆོ་གའི་ལེའུ་སྟེ་ལྔ་པའོ།། །།དེ་ནས་སྔགས་ཀྱི་ལེའུ་བཤད་པར་བྱ་སྟེ། ན་མོ་བཻ་ཤྲ་མ་ཎ་སུ་ཏཱ་ཡ། ན་ར་གུ་པ་རཱ་ཡ། ཨོཾ་མ་ད་ན་ད་ན་ཀུཉྫ་ལ་སཝཱཧཱ། ལན་བདུན་ཡོངས་སུ་བཟླས་ཏེ་ཡོན་ཆབ་དབུལ་ལོ། །ན་མོ་བྷ་ག་བ་ཏེ། ན་ར་ཀུ་པཱ་རཱ་ཡ། བཻ་ཤྲ་མ་ཎ་སུ་ཏཱ་ཡ། སུ་པ་ཏི་ཤཾ་རཀྵ་ཏུ་པ། སུ་དེ་བོ་ཡ། མོ་ཏཀྵ་མཾ། པཥྛ་མཾ། བ་རུ་ཎ་སུ་ཏྲ། ན་ཏ་ཀུ་བེ་ར། ཤོ་ཏ་ར་ག་མཾ། ཏ་རྫོ་པ་ཏི། བི་ཏི་ཤ་པ། ཡུ་སརྦེ་གུ་ཧྱ་ས་རཀྵནྟུ་མཎྜལ་ན། ཏདྱ་ཐཱ། ཨ་མི་ཏ་མ་ཏི་ལི། རུ་ཏི་རུ་ཏི་ཏྱཱ་ན་ར་ན་ཏ་ཀུ་པ་ར། ཀུ་པ་ར་ན་ར་ཀུ་པ་ར། ཨཱཛྙཱ་པ་ཡ་ཏི། ཏིཥྛཱ་ཏིཥྛ། མ་ཧི་ཀྲ་མ་མཎྜལ་སཝཱཧཱ། ཕྱོགས་བཅིང་བ་དང ། མཎྜལ་བཅིང་བ་དང ། མཚམས་བཅིང་བ་དང ། ཆུའམ་ཡུངས་ཀར་ལ་ལན་བདུན་བཟླས་པར་བྱའོ། །ན་མོ་བཻ་ཤྲ་མ་ཎ་སུ་ཏཱ་ཡ། ན་ར་ཀུ་པ་རཱ་ཡ། ཏེ་ས་མ་སྐྲི་ཏ། ཨོཾ་ས་ར་ས་ར། ནཊྚ་ནཊྚ། དུ་ཊི་དུ་ཊི། ན་ད་ན་ད། ཀུ་པ་རོ་ཛྙཱ་པ་ཡ་ཏ་སཝཱཧཱ། ལན་བདུན་བཟླས་ཏེ་བདུག་པ་དབུལ་ལོ། །ན་མོ་བྷ་
415a
༄#། །ག་བ་ཏེ། ན་ར་ཀུ་པ་རཱ་ཡ། བཻ་ཤྲ་བ་ཎ་སུ་ཏཱ་ཡ། ཨོཾ་ཧ་ཎ་ཧ་ན། ཛྭ་ལ་ཛྭ་ལ། ཧེ་ཧེ་ན་ར་ཀུ་པ་རཱ་ཡ། སྦྱིན་སྲེག་གི་སྔགས་སོ། །ན་མོ་ན་ཏ་ཀུ་པ་རཱ་ཡ། ཨོཾ་ཀེ་ལ་ཀེ་ལ། ཀི་ལ་ཛྭ་ལ་ནི། ཁི་ལི་ཛྭ་ལི་ནི་སཝཱཧཱ། ཡུངས་ཀར་ལ་ལན་བདུན་བཟླས་ལ་ཁྲུས་བྱའོ། །ན་མོ་ན་ཏ་ཀུ་པ་ར་ཡ། ཨོཾ་ཧ་ཧི་ཀ་རི་པ་ཀུན་པ་ཏི་ཡཀྵ་ཀུ་པ་ར་ཡ་སཝཱཧཱ། ཉེ་རེག་གི་སྔགས་ཏེ། ལན་བདུན་བཟླས་པར་བྱའོ། །ན་མོ་བེ་ཤྲ་བ་ཎ་སུ་ཏཱ་ཡ། ན་ཏ་ཀུ་བ་རཱ་ཡ། ཨོཾ་ཏུ་རུ་ཏུ་རུ། པུཥྤ་ཏི་མུ་ར་མུ་ར། པཱ་ར་པཱ་ར། གུ་ཧྱ་ན་ཏ་ཀུ་པ་རཱ་ཡ་སཝཱཧཱ། མེ་ཏོག་ལ་བསྔགས་ཏེ་ལན་བདུན་བཟླས་པར་བྱའོ། །ན་མོ་ན་ཏ་ཀུ་པ་ར། བི་ཛ་ཡ། པྲ་བྷ་ར། ཀུ་པ་རཱ་ཡ། གཏོར་མའི་སྔགས་ཏེ། ལན་བདུན་བརྗོད་ལ་དབུལ་ལོ། ། ན་མོ་ན་ར་ཀུ་པ་རཱ་ཡ། སརྦ་བ་ན་ཏི་ཏཱ་ཡ། ཨོཾ་ཀི་རི་ཀི་རི། ཀུ་པ་རི་ཀུ་པ་ར། ཏིཥྛ་ཏིཥྛ། ཤི་ཁི་སཝཱཧཱ། སྤྱི་གཙུག་བཅིང་བའི་སྔགས་ཏེ། ལན་བདུན་བརྗོད་པར་བྱའོ། །ན་མོ་ན་ར་ཀུ་པ་ར་སྱ། ཨོཾ་ཙུ་རུ་ཙུ་རུ། དུ་རུ་དུ་རུ། ཀུ་པ་ར་ཀཱ་མ་ཤ་རཱི་རཾ། སརྦ་ཀུ་ལ་ཏུ་ཏི་སཝཱཧཱ། བདག་སྲུང་བ་དང ། མཆོག་སྲུང་བ་དང ། ལས་ཐམས་ཅད་བྱེད་པ་སྟེ། སྐུད་བའམ། ཆུའམ།་ཡུངས་ཀར་རམ། ཐལ་བའམ། གུ་གུལ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་པར་བྱའོ། །གནོད་སྦྱིན་གར་མཁན་མཆོག་གི་བརྟག་པ་ལས། མཆོག་ཏུ་གྲུབ་པའི་སྔགས་
415b
ཀྱི་ལེའུ་སྟེ་དྲུག་པའོ།། །།འདི་མན་ཆད་ཕྱག་རྒྱའི་ཆོ་ག་བཤད་པར་བྱ་སྟེ། གར་མཁན་མཆོག་གི་སྤྱད་ཆེན་པོ་བླ་ན་མེད་པའི་མཆོག་སྒྲུབ་པའོ། །ཐལ་མོ་གཉིས་མཉམ་པར་སྦྱར་ཏེ་སོར་མོའི་རྩེ་མོ་རྣམས་མཉམ་པར་བཞག་ལ་མཐེ་བོང་དང ། མཐེ་ཆུང་གཉིས་བྲལ་ལ་གུང་མོ་གཉིས་བཀུག་པའི་རྒྱབ་ཏུ་མཛུབ་མོ་གཉིས་དཀྲི་བར་བྱ་སྟེ། ཕྱག་རྒྱ་འདི་ནི།་ཕྱག་རྒྱ་ཆེན་པོ་སྟེ། གཟི་བརྗིད་ཆེན་པོ་ཕ་རོལ་གནོན་པ། དཔའ་བོ་ཆེན་པོའི་ཆོ་ག་དང ། ལས་ཐམས་ཅད་སྒྲུབ་པར་བྱེད་ཅིང ། གནོད་སྦྱིན་ཐམས་ཅད་གཟིར་བ་དང ། རྟག་ཏུ་འགུགས་པ་སྟེ། གཟའ་དབབ་པ་དང ། ལས་ཐམས་ཅད་སྒྲུབ་པ། གར་མཁན་མཆོག་གི་ཕྱག་རྒྱ་ཞེས་བརྗོད་དོ། །ལས་ཐམས་ཅད་སྒྲུབ་པའོ། །ོཾ་ཊ་ཀི་ཀུ་པ་ར་སཝཱཧཱ། སོར་མོ་ཐམས་ཅད་བསྣོལ་ཏེ་གུང་མོ་གཉིས་རྡོ་རྗེ་ལྟར་བསྒྲེངས་ནས་སྤྱི་བོར་བཅིང་བ་ནི། ཐོ་བའི་ཕྱག་རྒྱ་སྟེ། ལས་ཐམས་ཅད་སྒྲུབ་པར་བྱེད་པའི་མཆོག་ཏུ་བཀོད་པའོ། །ོཾ་ཙི་ཏི་ཙི་ཏི་བི་ཅི་ཏི་མུད་གར་ཧཱུཾ་ཧཱུཾ། དེ་ནས་རྡོ་རྗེ་ལྟ་བུས་སོར་མོ་ཀུན་བསྣོལ་ཏེ་བཀུག་ནས་མཛུབ་མོ་གཉིས་རྩེ་སྤྲད་དེ་ཟླུམ་པོར་བཀུག་པ་སྙིང་པོའི་ཕྱག་རྒྱ་སྟེ། གནོད་སྦྱིན་གྱི་བདག་པོ་ཆེན་པོའོ། །གནོད་སྦྱིན་དང ། འབར་བ་དང ། ཀླུའི་རིགས་དང ། བདུག་པ་ལ་སོགས་པ་ཐམས་ཅད་གཏན་ནས་འབྱིན་པར་བྱེད་པའོ། །ོཾ་རུ་ཏི་སཝཱཧཱ། ཕྱག་རྒྱ་དེ་ཉིད་ལས་
416a
༄#། །མཛུབ་མོ་གཉིས་ནང་དུ་བཀུག་སྟེ་མཐེ་བོང་གཉིས་རྩེ་སྤྲད་དེ་བརྐྱང་པ་དེ་ནི། ཐམས་ཅད་ཀྱི་སྙིང་པོའི་ཕྱག་རྒྱ་སྟེ། ལས་ཐམས་ཅད་ཤིན་ཏུ་སྒྲུབ་པར་བྱེད་པའོ། །ོཾ་ན་ར་ཏེ་ཨ་ཙ་ཧཱུཾ་ཕཊ། ཐལ་མོ་མཉམ་པར་སྦྱར་ཏེ་གུང་མོ་གཉིས་ལྷན་ཅིག་ཏུ་གཞིབས་ཏེ་ནང་དུ་གནས་པར་བྱ། གནོད་སྦྱིན་དང ། འབར་བ་ཐམས་ཅད་ཀྱི་སྙིང་པོའི་ཕྱག་རྒྱ་སྟེ། གཟའ་ཐམས་ཅད་རྣམ་པར་གཞིག་པ་དང ། གང་དུ་བཅིངས་པ་ཙམ་གྱིས་ཐམས་ཅད་གཡོ་ཞིང་གནོད་སྦྱིན་དང ། འབར་བ་མ་རུངས་བ་མྱུར་དུ་མ་འོངས་ན་མིག་ནོལ་ཅིང་མགོ་འགས་པར་འགྱུར་རོ། །ོཾ་ན་མསྟུ་སྟེ། ཤུདྡྷེ་ཤཝ་རཱ་ཡ། ན་ར་ཀུ་པ་ར། མ་ཏུ་མ་ཨ་ཏ། ག་ཎ་པ་ཏེ། བཻ་ཤྲ་མ་ཎ། སཱ་དྷུ་ཧཱུཾ། བྷི་བི་དྷི་སཝཱཧཱ། སོར་མོ་ཕན་ཚུན་བསྣོལ་ཏེ་ཁུ་ཚུར་བཅིངས་པ་ལ་མཐེ་བོང་གཉིས་ཕྱེ་སྟེ་བསྒྲེང ། མཐེ་ཆུང་གཉིས་བརྐྱང་སྟེ་སྙིང་གར་བཞག་པ་ནི། ལྷ་ཐམས་ཅད་མཆོད་པའི་ཕྱག་རྒྱ་སྟེ། ལས་ཐམས་ཅད་གདོན་མི་ཟ་བར་སྒྲུབ་པའི་ཕྱག་རྒྱའི་སྤྲུལ་བའོ། །ོཾ་ས་ར་མ་ཀུ་ཀུ་ཀ། ཛྭ་ལ་ཛྭ་ལ། པྲ་ལཾ་བཛྲ་ཧཱུཾ། མཐེ་ཆུང་གཉིས་ཕྲལ་ནས་བརྐྱང་སྟེ་མཛུབ་མོ་གཉིས་ཟླུམ་པོར་བཀུག་ནས་གུང་མོ་གཉིས་ལྕགས་ཀྱུ་ལྟར་བཟུང་བ་ནི། བསྐྲད་པའི་སྔགས་དང་ཕྱག་རྒྱ་སྟེ། གསང་བ་གསུམ་གྱི་སྤྱིའི་ལས་ཐམས་ཅད་བྱེད་པའོ། །རྩ་བའི་སྔགས་དེ་བརྗོད་
416b
དེ་བྱས་ན། དེ་མ་ཐག་ཏུ་ཡིད་ལ་དགོངས་པ་ཐམས་ཅད་བྱེད་པར་འགྱུར་རོ། །ཐོགས་པ་མེད་པའི་གར་མཁན་མཆོག་གི་སྙིང་པོའི་ཕྱག་རྒྱ་ཞེས་བཤད་དོ། །དེས་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། འབར་བ་དང ། གཟའ་མ་རུངས་པ་ཐམས་ཅད་མདུན་དུ་འདུག་ནས་བཀའ་ཉན་པར་འགྱུར་རོ། །ོཾ་ཧ་ར་ཧ་ར། པྲ་ཧ་ར་སཝཱཧཱ། ཕྱག་རྒྱ་ལྷག་མ་འདི་དག་བཤད་པ་ནི། ལས་ཐམས་ཅད་སྒྲུབ་པར་བྱེད་པ་སྟེ། གནས་གཙང་མར་གོས་གཙང་མ་བགོས་ཏེ་ལག་པ་གཉིས་ཙནྡན་ནམ་གུ་གུལ་གྱིས་བསྐུས་ལ་དེ་ནས་ཕྱག་རྒྱ་བཅིངས་ན། སེམས་ཅན་ཐམས་ཅད་བདེ་བར་འགྱུར་རོ། །གནོད་སྦྱིན་གར་མཁན་མཆོག་གི་བརྟག་པ་ལས། ཕྱག་རྒྱའི་ལེའུ་སྟེ་བདུན་པའོ།། །།ན་མོ་རཏྣ་ཏྲ་ཡཱ་ཡ། ན་ར་ཀུ་པ་རཱ་ཡ། བཻ་ཤྲ་མ་ཎ་སུ་ཏཱ་ཡ། ཏདྱ་ཐཱ། ས་ཀྲཱ་སྱ། ཧི་ལི་ཧི། མི་ལི་སཝཱཧཱ། ཨ་མུན་ཤཾ་ས་ཧི། ཧ་ར་ཎྱ་ན་སུ་ག་ཏེ་བྷྱོ་ཛ་བེ་ཡཾ་སཱ་སཱ་ལ་ག་ར། བ་ཤ་མ་ན་ཡེ་སཝཱཧཱ། དེའི་ཞི་བ་ཉེ་བར་སྦྱོར་བ་ནི། ཞག་གསུམ་སྨྱུང་བ་བྱས་ཏེ་སྨོན་པ་ཅན་གྱི་ཤིང་ལས་ཡམ་ཤིང་བྱས་ལ། ཡུངས་ཀར་བདག་གི་ཁྲག་ལས་སྦགས་ཏེ་བརྒྱ་རྩ་བརྒྱད་བསྲེགས་ན། འོང་བར་འགྱུར་རོ། །དོན་གྲུབ་པ་དང་སླར་གཏད་དེ། སླར་གཏང་བའི་སྔགས་ལ། ཨ་པ་ས་ར་ས་ར། ཨ་པ་ར། གཙྪ་གཙྪ་སཝཱཧཱ། ཡུངས་ཀར་ལ་ལན་བདུན་བདུན་བཟླས་ཏེ་གདོང་བཀྲུས་ན། འགྲོ་བ་ཐམས་ཅད་མཛའ་ཞིང་གང་གིས་
417a
༄#། །མཐོང་བ་དེ་དབང་དུ་འགྱུར་རོ། །མེ་ཏོག་དང་འབྲས་བུ་ལ་ལན་བདུན་བཟླས་ཏེ་གང་ལ་བྱིན་བདེ་དབང་དུ་འགྱུར་རོ། །ན་ལེ་ཤམ་ལ་ལན་ཉི་ཤུ་རྩ་གཅིག་ཡོངས་སུ་བཟླས་ཏེ་ཁར་བཅུག་ན། གང་དང་གང་སྨྲས་པ་དེ་དབང་དུ་འགྱུར་རོ། །གང་བསླངས་པ་དེ་སྟེར་རོ། །ལག་པ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་གང་ལ་རེག་པ་དེ་དབང་དུ་གྱུར་ནས་གང་བསླངས་པ་དེ་སྟེར་རོ། །གང་བསྒོ་བ་དེ་ཡང་བྱེད་དོ། །ཡུངས་ཀར་ལ་བཟླས་ཏེ་འཇུག་བྱེད་ཀྱི་མགོར་གཏོར་ན། གྲིབ་མ་བཞིན་དུ་རྗེས་སུ་འབྲང་བར་འགྱུར་རོ།། ཤུ་དག་དག་དང ། གསེར་ལ་བཟླས་ཏེ་ཁར་བཅུག་ན། འཐབ་པ་དང ། རྩོད་པ་ཀུན་ལས་རྒྱལ་བར་འགྱུར་རོ། །གོ་རོ་ཙ་ན་ལ་བཟླས་ཏེ་ཐིག་ལེ་བྱས་ནས་རྒྱལ་བོའི་ཕོ་བྲང་དུ་ཞུགས་ན། རྒྱལ་པོ་དང ། རྒྱལ་པོའི་འཁོར་དང ། བློན་པོ་ཐམས་ཅད་དབང་དུ་འགྱུར་རོ། །གུ་གུལ་ལ་བཟླས་ཏེ་བདག་ལ་བདུགས་ན། དགྲ་ཐམས་ཅད་ལས་རྒྱལ་བར་འགྱུར་རོ། །ལན་གཅིག་བརྗོད་པས་དགྲ་ཐམས་ཅད་ལས་རྒྱལ་བར་བྱེད་དོ། །གུ་གུལ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ཏེ་བདུགས་ན། དབང་དུ་བྱེད་པའི་མཆོག་དམ་པའོ། །གནོད་སྦྱིན་གར་མཁན་མཆོག་གི་བརྟག་པ་ལས། སྤྱད་དམ་པ་སྒྲུབ་པའི་ལེའུ་སྟེ་བརྒྱད་པའོ།། །།ན་མོ་ན་ར་ཀུ་པ་ར་སྱ་ཡ་སྱ། བཻ་ཤྲ་མ་ཎ་ཡ་ཀུ་པ་ར། མ་ཧཱ་གུ་ཧྱ་གྲིནྟ་སྱ། དི་བྱི་བ་མ་ན་པ་ཏ་ཡ་སྱ། ཨ་ཏ་སྲོ་
417b
ད་དོཾ་ན་ཏ་ཀུ་པ་ར་སྱ། ཧྲི་ད་ཡ་ལ་པ་ར་ཏ་ཤ་ཏ་མེ་ཨ་པ་ཧ་ནམ། ས་རོ་པ་ནན། ར་ར་ཀ་པ་ནན། རོ་ན་པ་ནན། བརྟ་ནན། མ་མ་ན་མ་ན་མ། ཏྲ་ས་ན་མ། ཏེ་ཛ་ན་མ། སྟཾ་དྷ་ན་མ། ཛ་བྷི་ན་མ།་མོ་ཧོ་ཧ་ན་མ། སརྦ་མི་ཏྲ་ནན། པྲ་ཐན་མ་ན་མ། ན་ཏ་ན་ཏ་ཡུ་པ་ཡ། ན་མོ་བཻ་ཤྲ་མ་ཎཱ་ཡ། ན་མོ་བི་རུ་པཱཀྵ་ཡ། ན་མོ་བི་རུ་བྷཀྵ་ཡ། ན་མོ་ཌྷི་ཏ་རཥྚཱ་ཡ། ན་མོ་ཛྭ་ཏི་ལཱ་ཡ། ན་མོ་བཀྵ་གནྡྷཱ་ཡ། ན་མོ་མ་ཎི་བྷ་དྲཱ་ཡ། ན་མོ་པཱུ་ར་ཎ་བྷ་དྲཱ་ཡ། དྲ་བ་རི། སརྦ་བིདྷྱཱ། མ་ན་ཏྲེ་པཱུ་ཛི་ཏཱ་ཡ། པྲ་ཏ་ཡ་ཛྭ་ལི་ཏ། ཧྲི་ད་ཡ། པྲ་ཧ་ར་པྲ་ཧ་ར། སྟ་ཡ། ས་བ་མི་ཡ། མ་ཡི་ནི་ཤ། པྲ་བྷ་ར་ཎ། ཨ་ལཾ་ཀྲི་ཏ་ཤ་རཱི་རཱ་ཡ། སརྦ་དེ་བ་པཱུ་ཛི་ཏེ། ཏདྱ་ཐཱ། ཙནྡྲཱ་ཡ། སཱུརྱ། སྐནྡྷ་ཏ་རཱ་ཡ། ན་ཏ་ཀུ་པ་རཱ་ཡ། ཨེ་ཧྱེ་ཧི། པྲཧྨ་ས་དྱཱན། དེ་བ་སྱ། ད་ནེ་སཱ་ཡུ་བཛྲཱི། པར་ཤི་ཤ། ཨཱ་ཤཝ་རི།་སརྦ་དེ་མ་ཨ་མོ་གྷ་མནྟུ་ཨཱ་བེ་ཤ་ཡནྡ། མནྡྲ་བ་ཨིན་དུ། མཱ་ར་ཡནྟུ། ཡ་དི་ཡོཙྪ་ན། ཤན་གྷ་ཏོ་བི་ཡེ་ཏི་ཧ་དྷརྨ་ལོ་ཤ་གྷ་ཏ། ཨ་བྷ་བ་རུ་ཎ་ལ་ཡ། ཨིནྡྲ་ཡོ་ག་ག་ཏ་བྷ། ཐི་ཧ་གུ་ལོ་ག་ཏི་བཱི་ས་སོམ་ས་པརྱ། ལོ་ཀ་ག་ཏི། མེ་གྷ་ཏ་བུ་ན། ན་ཏ་ཀུ་པ་ར། ཨཱ་ཀཊྚ་ཡ། ཨཱ་ཀཪྵ་ཡ། བྷ་ག་ཝཱན། ན་ར་ཀུ་པ་ར། ན་མུ་ས་མ་ཙ། པྲ་ཀྲ་པ་ནི། རཱ་ཛྙཱ་པ་ཡ་ཏི། སརྦ་ན་ཏ་ཤིད་ཨིན་ཏི་ཏ། ཀྵི་ན་ན་ཏི། ཤ་མ་ཡ། ན་རྫོ་པི་ཤི་པ་ལེ་མེ། ན་མོ་ནཱ་ག་ཨུཏྟ་ར་ཎེ། བཻ་ཤྲ་བ་ཎ། བརྡོ་ཡ། ཧི་ཧི་ཤ་པ་ལ། ཨ་ཧ་ཡཱ་པ་ཡནྟུ་ཏི་ཏ་ཡཾ། བྷོ་བྷོ་དྷ་དྷ་ཀུ་པ་ར་མ་དྷ་མ་དྷ།
418a
༄#། །ཀུ་པ་ར་ཀུ་པ་ར། བུ་པ་ཀུ་ས་ར། ཧྲིཾ་ཀུ་བ་ར། ཧུ་དྲ་ཧུ་དྲ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། ཙྪིནྡ་ཙྪིནྡ། ཧ་ཧ་ན་ཏ་ཀུ་པ་ར། ཧི་ཧི་ན་ཏ་ཀུ་པ་ར། པཱུ་ར་ཡ་བཱུ་ར་ཡ།་ན་ཏ་པཱུ་ར། བཱི་པ་ཏ་ཀུ་པ་ཏ། ཨ་ཏ་སྟཾ་བྷ་ཡ། བྷོ་གུ་ཧྱ་ག་ཎ། ན་ཏ་ན་ཏ། ཧུ་ཧུ་མ་ཧུ་ཧུ་མ། ཊི་ཏི་ཊི་ཏི། བྷི་ཙི་བྷི་ཙི། བྷི་ཙི་ཏི་བ་སཝཱཧཱ། ཉེ་བར་སྤྱོད་པའི་ཆོ་ག་ནི། གུ་གུལ་གྱིས་བདུགས་ཏེ་དྲན་པ་ཙམ་གྱིས་གཟའ་ཐམས་ཅད་འབབ་པར་འགྱུར། གུ་གུལ་ལ་ལན་ཉི་ཤུ་རྩ་གཅིག་བཟླས་ནས་དེའི་མདུན་དུ་འདུག་ནས་སྔགས་སྟོང་བཟླས་ཏེ་གཙང་ཞིང་གཙང་མའི་གོས་གོན་ནས་གཏོར་མ་དཀར་པོ་དབུལ་བར་བྱ། བཟླས་པ་སྟོང་ཡོངས་སུ་རྫོགས་པ་དང ། བྲིས་པའི་སྐུ་ལ་ཞུགས་ནས་འགུལ་བ་དང ། འབར་བ་དང ། སྒྲ་འབྱིན་པར་འགྱུར་ཏེ། གར་མཁན་མཆོག་གི་སྤྱད་དེ་རིག་པ་འཛིན་པ་ཁྱོད་ཀྱིས་དངོས་སུ་གྲུབ་ཀྱི། སྔགས་བྱོས་ཤིག་ཅེས་པ་དང ། རིག་པ་འཛིན་པས་ཡོན་ཆབ་དབུལ་བར་བྱའོ། །འདི་དག་སྒྲུབ་པའི་ཚིག་སྟེ། ཡུངས་ཀར་ལ་ལན་བདུན་ཡོངས་སུ་བཟླས་ཏེ་གྲོང་ཁྱེར་གྱི་དབུས་སུ་ཡོངས་སུ་གཏོར་མ་གུས་པར་བྱིན་གྱིས་བརླབས་ཏེ་འབབ་པར་འགྱུར་རོ། །འཇིག་རྟེན་པ་ཕན་ཚུན་འཇིག་པར་འགྱུར། །གང་གིས་ཀྱང་འཚོ་བར་མི་ནུས་སོ། །ཆུས་གཏོར་ན། ཞི་བར་འགྱུར་རོ། །རལ་གྲིས་ཡིད་ལ་དྲན་པ་ཙམ་གྱིས་འབར་བའོ། །
418b
དེ་བཞིན་དུ་རྩེ་གསུམ་པ་དང ། འཁོར་ལོ་དང ། རལ་གྲི་དང ། མུ་ས་ལ་དང ། ཐོ་བ་ལ་རེག་ཅིང་ཡིད་ལ་སྔགས་དྲན་ཅིང་གུ་གུལ་གྱིས་བདུགས་པ་ཙམ་གྱིས་འབར་བར་འགྱུར་རོ།། བུ་དོན་གྱི་གཟུགས་ལ་ཡུངས་ཀར་གྱིས་བདུགས་ན། གཟུགས་དེ་འབར་བར་འགྱུར་རོ། །དེ་བཞིན་དུ་ཚངས་པ་དང ། བརྒྱ་བྱིན་དང ། མཐུ་བོ་ཆེ་དང ། དབང་པོ་དང ། ངལ་བསོ་པོ་དང ། ནག་པོ་ཆེན་པོ་ལ་སོགས་པ་ལ་གུ་གུལ་གྱིས་བདུགས་པ་ཙམ་གྱིས་ལས་ཀུན་འབར་བར་འགྱུར་རོ། །བུམ་པ་ལ་དབབ་པར་འདོད་ན། དཀྱིལ་འཁོར་བྱས་ཏེ་བུམ་པ་ཆུས་བཀང་ལ་དཀྱིལ་འཁོར་དུ་མེ་ཏོག་གིས་གཏོར་ནས་གུ་གུལ་གྱིས་བདུག་ཅིང་སྔགས་རྗེས་སུ་དྲན་པར་བྱས་ན། བབས་ན་འབར་ཏེ། མེ་ལོང་དབབ་པར་འདོད་ན། དཀྱིལ་འཁོར་བྱས་ནས་མེ་ཏོག་གཏོར་ཏེ་གུ་གུལ་གྱིས་བདུགས་ན། འདས་པ་དང ། མ་འོངས་པ་དང ། ད་ལྟར་བྱུང་བ་དང ། ཐམས་ཅད་མེ་ལོང་གི་དབུས་སུ་མཐོང་ངོ ། །ཇི་སྲིད་ལྷའི་གནས་དང ། རྒྱལ་ཆེན་བཞིའི་གནས་དང ། གཤིན་རྗེའི་གནས་དང ། ཀླུའི་གནས་དང ། གང་དང་གང་ཡིད་ཀྱིས་བསམ་པ་དེ་དང ། དེ་མཐོང་བར་འགྱུར་རོ། །གང་དུ་འདོད་པ་དེའི་ཚེ་མཐར་འགྱུར་བ་ཡང་མཐོང་སྟེ། འཇིག་རྟེན་མངོན་སུམ་མཐོང་བར་འགྱུར་རོ། །དེ་བཞིན་དུ་ཐོ་བ་ལ་དབབ་པར་འདོད་ན། ཐོ་བ་ལ་རྒྱ་སྐྱེགས་ཀྱི་ཁུ་བས་བསྐུས་ནས་དཔུང་པ་ལ་ཙནྡན་དང ། གུ་
419a
༄#། །གུལ་གྱིས་བསྐུས་ཏེ་མེ་ལོང་ལ་བསྡིགས་ན། ཆོ་ག་འདིས་ཐམས་ཅད་མཐོང་བར་འགྱུར་རོ། །སྐྱེས་བུ་དམ་པའི་ཐོད་བ་བླངས་ནས་ཤིན་ཏུ་བཀྲུས་ནས་བྱི་དེར་བྱས་ཏེ་ཡོན་ཆུས་བཀྲུས་ནས་དྲི་རྣམ་པ་ལྔས་བཀྲུ་བར་བྱའོ། །ཐོད་པའི་དངོས་གཞི་དྲི་ཞིམ་པོས་བཀྲུས་ལ་ཐོད་པའི་སྤྱི་བོར་དྲི་ཞིམ་པོ་དང་ཡུངས་ཀར་གྱིས་བཀྲུ་བར་བྱའོ། ། དཀྱིལ་འཁོར་གྲུ་བཞི་པར་ཆུས་བཀང་པའི་བུམ་པ་བཞི་གྲ་བཞིར་གཞག་པར་བྱའོ། །གཏོར་མས་བཀང་བའི་སྣོད་བཞི་ཡང་བཞག་ནས་མེ་ཏོག་གིས་གཏོར་ཞིང་ཚོན་སྣ་ལྔས་བྲི། དེ་ནས་རལ་གྲི་བཞི་བཞག་སྟེ་ཁམ་ཕོར་བཞི་དང ། མེ་ཏོག་དང ། འབྲས་བུ་དང ། གཏོར་མ་དང ། ཚོན་སྣ་ལྔའི་བ་དན་གྱིས་དཀྱིལ་འཁོར་བརྒྱན་ཅིང་ཐོད་པ་ལ་ཡང་ལན་བདུན་བཟླས་ཏེ་ཐོད་པ་གསུམ་དཀྱིལ་འཁོར་གྱི་དབུས་སུ་བཞག་ནས་གུ་གུལ་གྱིས་བདུག་ཅིང་སྔགས་རྗེས་སུ་དྲན་པར་བྱས་ནས་སེང་ལྡེང་གི་ཕུར་བུས་ལན་གསུམ་བརྡེགས་ན། ཐོད་པ་འབར་བར་གྱུར་ནས་ཆུ་གཏོར་བར་འགྱུར་རོ། །དེས་ཇི་ལྟར་མེ་ལོང་ལ་སྣང་བ་དེ་བཞིན་དུ་ཐོད་པ་ལ་སྣང་བར་འགྱུར་རོ། །གར་མཁན་གྱི་གཞལ་མེད་ཁང་དང ། འཁོར་དང ། ཁང་པ་དང ། གནས་སུ་བཅས་པ་དེའི་སྤྱི་བོ་རྣམས་མཐོང་སྟེ། དེ་དང་ལྷན་ཅིག་ཏུ་སྨྲ་ཞིང་མཆོག་ཀུན་ཡང་སྦྱིན་པར་བྱེད་དོ། །འགྲོ་བ་དང ། འོང་བ་ཡང་མཐོང་སྟེ། བུད་མད་དང ། སྐྱེས་པ་དང །
419b
ཁྱེའུ་དང ། བུ་མོ་ལ་སོགས་པ་མཚམས་མེད་པ་བྱེད་པ་དང ། དམ་པའི་ཆོས་ལ་དབང་ཟ་བ་དང ། བྱིས་པ་མི་ཤེས་པ་རྣམས་ཀྱིས་མི་མཐོང་ངོ ། །སྔགས་སྒྲུབ་ཀྱང་དེ་དག་གིས་མི་འགྲུབ་བོ། །འདི་ལྟར་མེ་ལོང་དང ། ཐོད་པ་དང ། ཐོ་བ་དང ། དེ་དག་ལ་དབབ་པ་ནི། མཆོག་ཏུ་བཟླས་པས་འགྲུབ་པར་འགྱུར་རོ། །དུར་ཁྲོད་དུ་ཞུགས་ནས་ཡུངས་ཀར་ལ་བཟླས་ཏེ་གུ་གུལ་གྱིས་བདུགས་ན། ཡུངས་ཀར་གྱིས་རི་མོ་ལ་བརྡེགས་ན་རོ་ལངས་ཏེ་སྤྱི་གཙུག་སྔགས་འདིས་བཅིང་བར་བྱའོ། །གཏོང་བ་ནི། སེ་གོལ་ལན་བདུན་གཏོགས་ནས་ཡིད་ཀྱིས་བསམ་པས་འགྲོ་ཞིང་ལས་ཐམས་ཅད་བྱེད་པར་འགྱུར་རོ། །གང་དྲིས་པ་དེ་ཡང་སྨྲའོ། །ཡུངས་ཀར་ལ་ཡོངས་སུ་བསྔགས་ཏེ་གཏོར་ན། གང་ལ་བྱ་བས་གཏོར་བྱས་ཐམས་ཅད་འབབ་པར་འགྱུར་རོ། །རྒྱལ་པོའི་སྒོར་བཏབ་ན། རྒྱལ་པོ་དང ། རྒྱལ་པོའི་འཁོར་དུ་བཅས་པ་དབང་དུ་འགྱུར་རོ། །ནམ་ཡང་དགོས་པའི་བདག་ལ་འདོད་པའི་སྟོང་ཕྲག་བརྒྱད་ཀྱང་སྟེར་བར་འགྱུར་རོ། ། གནོད་སྦྱིན་གར་མཁན་མཆོག་གི་བརྟག་པ་ལས། གསལ་སྣང་དུས་གསུམ་བརྟག་པའི་ལེའུ་སྟེ་དགུ་པའོ།། །།འདི་མན་ཆད་ཉེ་བའི་སྙིང་པོ་བཤད་པར་བྱ་སྟེ། ན་མོ་བཻ་ཤྲ་མ་ཎ་སྱ། བཛྲ་མུ་ས་ལ་ཏྲི་ཤཱུ་ལ་གུ་ཤ་ཧསྟ་སྱ། ན་མཿ ་སརྦ་དེ་བ་ཏ་ལ་ཡེ། པཱུ་ཛི་ཏ། ན་མསྟི་ཏ་སྱ། མཧཱ་གི་ལི་ཀི་ལི་སྱ། སརྦ་ག་ག་ག་ར་ཎ། ཡཛྫ་ཡ་ཏ། བྷ་ག་ཝཱན་
420a
༄#། །ན་དེ་ཤུ་བྷ་བ་རཱ་ཡ། ཡཀྵི་ཏི་བ་ར་ཙི་ཏི། བྲཧྨ་ཎི་ཀ་ལ་ཀ་ལ། ན་ཏ་ཀུ་པ་ར་ཀུ་ལ་ཀུ་ལ། ཀུ་བ་ར་ཀུ་པ་ར། དུ་བྷི་ན་བྷན་ཀུ་བ་ར། བི་ཙི་རིམ་བ་བྷ་ན། བྷ་ག་ཝཱན། ན་ཏ་ཀུ་པ་ར། པི་ཏྲི་ཏི་རཏྣི། དྲ་ཧ་ཧ་པུ་ཀརྱ་ཀན་པ། བི་རི་པྲི་ཏ་བེ་ཤྲ་མ་ཎ། བ་བྷ་བི་མན། པ་སི་ནི་ཤུ་ཏི་ཤུ་ཏ། ཀུ་པ་ར་ཀུ་པ་ར། ན་ཏ་ཀུ་པ་ར། ན་མོསྟུ་ཏེ་སཝཱཧཱ། ཉེ་བའི་སྙིང་པོའི་སྔགས་དང ། ཉེ་བར་ལོངས་སྤྱད་བའི་ཆོ་ག་ཡིན་ཏེ། དབབ་པ་ལ་གུ་གུལ་གྱི་དུད་པས་བདུགས་ན། རེག་པ་དང ། མ་རེག་པ་ཡང་འབབ་པར་འགྱུར་རོ། །གུ་གུལ་གྱིས་བདུགས་ན། སྔགས་རྗེས་སུ་དྲན་པ་ཙམ་གྱིས་ལྷ་མ་ཡིན་གྱི་སྒོ་དང ། འཁྲུལ་འཁོར་དང ། བརྟག་པ་ཐམས་ཅད་འཇོམས་པར་བྱེད་དེ། །གུ་གུལ་གྱིས་བདུག་ཅིང་ཡུངས་ཀར་ལ་སྔགས་ཉི་ཤུ་རྩ་གཅིག་བཟླས་ཏེ་ཀླུའི་གནས་སུ་བརྡེགས་ན། ཀླུས་མི་ཚུགས་པར་འགྱུར་རོ། །ཕུང་པོ་ལ་ཡུངས་ཀར་གྱིས་བརྡེག་ཅིང་སྔགས་ལན་བདུན་བཏབ་ཅིང་ཀླུའི་གནས་སུ་བཏབ་ན། ཀླུས་མི་ཚུགས་པར་འགྱུར་རོ། །ཕྱུང་ན་མཐར་རོ། །ལྕགས་ཀྱི་ཕུར་པ་ལ་ལན་ཉི་ཤུ་རྩ་གཅིག་བཏབ་ན། ཕ་རོལ་གྱིས་མི་ཚུགས་སོ། །ངལ་བསོ་པོའི་དམག་སྡེས་མི་ཚུགས་པར་འདོད་ན། མི་རུས་ཀྱི་ཕུར་པ་ལ་ལ་ན་ཉི་ཤུ་རྩ་གཅིག་བཟླས་ཏེ་གུ་གུལ་གྱིས་བདུགས་ན། མི་ཚུགས་པར་འགྱུར་རོ། །བྱུང་ན་ཐར་རོ། །གཟའ་ཐམས་ཅད་ལས་
420b
གྲེལ་བར་འདོད་ན། གུ་གུལ་གྱིས་བདུག་ཅིང་བརྡེག་གོ། རིམས་ཐམས་ཅད་གཞིག་པ་ལ་ཚོན་སྣ་ལྔའི་སྐུད་པས་བཅིང་བར་བྱའོ། །བཅིངས་པ་གྲོལ་བར་འདོད་ན། གུ་གུལ་གྱིས་བདུག་ཅིང་བརྡེག་གོ་།སྒོ་དང་ལྕགས་སྒྲོག་འགྲོལ་བར་འདོད་ན། བརྒྱ་རྩ་བརྒྱད་དུ་བཟླས་སོ། །ཡུངས་ཀར་དང་གུ་གུལ་གྱིས་བདུགས་ན། གཅེར་བ་འཕོ་བར་བྱེད་དོ། །སྤྲིན་བསྐྲད་པ་ལ་ཡང་བལ་པོ་སེའུའི་ལྕུག་མས་སོ། །སེར་བ་འཕོ་བར་བྱ་བ་ལ་ཀཱ་ར་བཱི་རའི་ལྕུག་མས་སོ། །ས་བོན་བདུན་པ་བསྲེགས་ན། ཀླུས་ཆར་འབེབས་པར་བྱེད་དོ། །གནོད་སྦྱིན་བསྐྲད་པ་ལ་ཡང་འབྲས་དང་ཏིལ་བསྲེགས་པས་སོ། །ཆང་འཚོང་གི་ཆང་ཉམས་པར་བྱེད་ན། ཆང་གི་སྐྱོ་བ་དང ། ཕུག་མ་བསྲེགས་པར་བྱའོ། །ཏིལ་མར་གྱིས་ནི། དབང་དུ་བྱེད་པར་འགྱུར་རོ། །ཡིད་ཀྱིས་བཟླས་པ་ས་དུག་འཕོ་བར་བྱེད་དོ། །རྨ་བྱའི་མཇུག་སྒྲོས་ལས་སྟོང་ཕྲག་བརྒྱད་བྱེད་པར་འགྱུར་རོ། །གར་མཁན་མཆོག་གི་ཉེ་བའི་སྙིང་པོ་བསྐྱེད་པ་ཙམ་གྱིས་འགྲུབ་བོ། །གུ་གུལ་གྱིས་བདུགས་ན། ལས་ཐམས་ཅད་འགྲུབ་པར་འགྱུར་བ་ནི། དངོས་གྲུབ་ཐམས་ཅད་བླ་ན་མེད་པ་དེས་བླང་ངོ ། །གར་མཁན་མཆོག་གི་ཉེ་བར་སྤྱད་པ་དང ། སྔགས་དང ། ཕྱག་རྒྱ་སྒྲུབ་པའི་ཆོ་གའི་ལེའུ་སྟེ་བཅུ་པའོ།། །།དེ་ནས་བཅོམ་ལྡན་འདས་ཀྱིས་ངལ་བ་སོ་པོའི་བུ་གར་མཁན་མཆོག་ལ་ལེགས་སོ་ཞེས་གསུངས་ཏེ། ལེགས་སོ་ལེགས་སོ། །གནོད་
421a
༄#། །སྦྱིན་གྱི་དབང་པོ། ཁྱོད་ཀྱིས་སེམས་ཅན་ལ་ཕན་པའི་ཕྱིར་བསྟན་པ་ལེགས་པར་བསྟན་ཏོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་ནས་ལྷ་དང ། ཀླུ་དང ། གནོད་སྦྱིན་དང ། དྲི་ཟ་དང ། ལྷ་མ་ཡིན་དང ། ནམ་མཁའ་ལྡིང་དང ། མིའམ་ཅི་དང ། ལྟོ་འཕྱེ་ཆེན་པོ་དང ། བརྒྱ་བྱིན་དང ། འཇིག་རྟེན་སྐྱོང་བ་དང ། ཚངས་པ་དང ། ཁྱབ་འཇུག་དང ། ལྷ་ཆེན་པོ་དང ། ནོར་བུ་བཟང་པོ་དང ། གང་བ་བཟང་པོ་ལ་སོགས་པ་ཡི་རང་སྟེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་གར་མཁན་མཆོག་རིག་པའི་རྒྱལ་པོ་སྤྱད་དང་དངོས་གྲུབ་སྒྲུབ་པ་བཀླགས་པས་ཐམས་ཅད་འགྲུབ་པ་བརྟག་པའི་རྒྱལ་པོ་དང་པོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་དྷ་ན་གུཔྟ་ཞེས་བྱ་བ་སྤྱོད་མཛད་ཆོས་ཀྱི་རྡོ་རྗེའི་སློབ་མ་དངོས་ལས། རབ་ཞི་ལོཙྪ་བས་ཐོ་ལིང་དུ་བསྒྱུར་བའོ།། །།