rKTs


H703

(e-text produced by ACIP)

see text in transliteration
383b
རྒྱ་གར་སྐད་དུ། ཨཱརྱ་ཀུཎྜ་ལྱ་མྲྀ་ཏ་ཧྲྀ་ད་ཡ་ཙ་ཏུར་ནཱ་མདྷཱ་རཱ་ཎཱི། བོད་སྐད་དུ། འཕགས་པ་བདུད་རྩི་ཐབ་སྦྱོར་གྱི་སྙིང་པོ་བཞི་པ་ཞེས་བྱ་བའི་གཟུངས། དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དྲག་པོ་ལ་ཕྱག་འཚལ་ལོ། །དེ་ནས་ཁྲོ་བོ་ཆེན་པོ་བདུད་རྩི་ཐབ་སྦྱོར་གྱིས་འཁོར་འདུས་པ་ཐམས་ཅད་ལ་གླང་པོ་ཆེའི་ལྟ་སྟངས་ཀྱིས་བལྟས་ནས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། འདིའི་སེམས་ཅན་རྣམས་ནི། བསོད་ནམས་དམན་པ་དང ། ཚུལ་ལ་མི་གནས་པ་དང ། ཕ་མ་ལ་མ་གུས་པ་དང ། བསོད་ནམས་ཆུང་བ་དང ། དད་པ་མ་མཆིས་པ་དང ། གླགས་ཚོལ་བ་དང ། རྟག་ཏུ་ཟང་ཟིང་ལ་བརྐམ་པ་དང ། རྟག་ཏུ་ལོག་འདྲེན་དང ། འཚེ་བ་དང ། ཤ་ཟ་རྣམས་ཀྱིས་ཟིན་པ་ལགས་ཏེ། བགེགས་དང་ལོག་འདྲེན་དེ་དག་གཞིག་པ་དང ། མཐར་གཏུགས་པའི་སླད་དུ་གསང་སྔགས་བཤད་པར་འཚལ་ལོ། །དེ་ནས་བཅོམ་ལྡན་འདས་ཀྱིས་རྡོ་རྗེ་ཁྲོ་བོ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ། །བདུད་རྩི་ཐབ་སྦྱོར། གང་ཁྱོད་སེམས་ཅན་ཐམས་ཅད་ལ་ཕན་པའི་ཕྱིར་ཞུས་པ་ལེགས་སོ་ལེགས་སོ། །ཁྱོད་ལ་དེ་བཞིན་གཤེགས་པས་གནང་གི་།སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་སྔགས་ཤོད་ཅིག་།དེ་ནས་ཁྲོ་བོ་བདུད་རྩི་ཐབ་སྦྱོར་གྱིས་བཅོམ་ལྡན་འདས་དང ། ལག་ན་རྡོ་རྗེའི་ཞབས་ལ་གཏུགས་ནས་གསང་སྔགས་བཤད་པ། ན་མོ་རཏྣ་ཏྲ་ཡཱ་ཡ།
384a
༄#། །ན་མ་ཤྩཎྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་ས་ནཱ་པ་ཏ་ཡེ། ན་མོ་བཛྲ་ཀྲོ་དྷཱ་ཡ། པྲ་ཛྭ་ལ་ཏི་དཱིཔྟ། ཏཾ་ཥྚཱོ་ཏེ་ཀ་ཊ། བྷ་ཡ་བྷེ་ར་ཡ། ཨ་སི་མུས་ལ། བཛྲ་བ་ར་ཤུབཱ་ཤ་ཧསྟཱ་ཡ། ཏདྱ་ཐཱ། ཨོཾ་ཧུ་ལུ་ཧུ་ལུ། ཨ་མྲྀ་ཏ་ཀུནྜ་ལ་ནི། ཁ་ཁ་ཁ་ཁ། ཁ་ན་ཁ་ན། ཁཱ་ད་ཁཱ་ད། ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། གྲིཧྞ་གྲིཧྞ། བནྡྷ་བནྡྷ། གརྫ་གརྫ། ཏརྫ་ཏརྫ། བི་སྥོ་ཊ་ཡ་བི་སྥོ་ཊ་ཡ། བྷ་ག་ཝཱན། ཨ་མྲྀ་ཏ་ཀུཎྜ་ལཱི། མུརྦྷཱ་ན་ཏཱ་ཌ་ཡ་བཛྲེ་ཎ། སརྦ་བིགྷྣ་ན། བི་ནཱ་ཡ་ཀ་ན། ནི་བཱ་ར་ཡ། མཧཱ་ག་ཎ་པ་ཏི་ཛཱི་བི་ཏཱ་ན་ཏ། ཀཱ་རཱ་ཡ་ཧཱུཾ་ཕཊ་ཕཊ་ཕཊ། ཨོཾ་ཀྲོ་དྷ་ག་ཎ་པ་ཏ་ཡེ་སཝཱཧཱ། བདུད་རྩི་ཐབ་སྦྱོར་གྱི་སྔགས་དང་པོའོ། །ན་མོ་རཏྣ་ཏྲ་ཡ་ཡཱ། ན་མ་ཤྩ་ཎྜ་བཛྲ་པཱ་ཎ་ཡེ། མཧཱ་ཡཀྵ་སེ་ནཱ་བ་ཏ་ཡེ། ན་མོ་མཧཱ་བཛྲ་ཀྲོདྷཱ་ཡ་དཾཥྚོ་ཏ་ཀ་ཊ། བྷེ་ར་ཝཱ་ཡ། ཨ་སི་བཥྛ་ན་ཧསྟཱ་ཡ། ཧེ་ཧེ། པ་ཏ་པ་ཏ། དྷ་བ་དྷ་བ། ཁ་ཁ། ཁཱ་ཧི་ཁཱ་ཧི། ཨ་མྲྀ་ཏ་ཀུཎྜ་ལཱི། ཏིཥྛ་ཏིཥྛ། བནྡྷ་བནྡྷ། ཧ་ན་ཧ་ན། གརྫ་གརྫ། ག་ཎ་པ་ཏི་ཛཱི་བི་ཏ་ཨནྟ་ཀཱ་རཱ་ཡ་སཝཱཧཱ། གསང་སྔགས་གཉིས་པའོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མ་ཤྩཎྜ་བཛྲ་པཱ་ཎ་ཡ། མ་ཧཱ་ཡཀྵ་སེ་ནཱ་པ་ཏ་ཡ། ན་མོ་བཛྲ་ཀྲོདྷཱ་ཡ། བ་མི་ལ་ཀ་ན་ཀ། ཛྭ་ལ་བྷུ་ཥ་ཎཱི་ཡ། ག་ག་ན་ཨ་མྲྀ་ཏ་སཾ་བྷ་བཱ་ཡ། རཀྟ་མཱ་ལྱ། ཨ་ནུ་ལེ་བ་ནི་པྲི་ཡཱ་ཡ། བཛྲ་པཱ་ཎི་པྲི་ཡཱ་ཡ། བཛྲ་པ་ཎི་ཧུ་ལྱ། བ་ག་ཡཱ། དེ་བ་ནཱ་ག་ཡཀྵ་རཀྵ། རཱཀྵ་ས་པྲ་མཱརྠ་ནཱ་
384b
ཡ་།ཏྲཻ་ལོ་ཀྱ་གོ་ཙ་རཱ་ཡ། ཤ་ཏ་སཻནྱ་བཾ་དྲཱ་པ་ཀ་རཱ་ཡཱ། ཏྲི་རཏྣ་གརྦྷོ་ཏྟ་ཏ་མཱ་ཡ། ཨ་མྲྀ་ཏ་ཀུཎྜ་ལི། ཨེ་ཧྱེ་ཧི་དཾཥྚོཏ་ཀ་ཏ་བྷཻ་ར་བཱ་ཡ། ག་ག་ནི་བི་དྱཱུ་ད་ཛྭ་ལ་སྦུ་ལིངྒ་ཤིན་ཏུ་ལྱ་རུ་བོ་དྷི་ཏཱ། སཾ་བྷུ་ཏ་ཨོཾ། ཁ་ཁ་ཁ་ཁ། གྲིཧྞ་གྲིཧྞ། བནྡྷ་བནྡྷ། ཧ་ན་ཧ་ན། གརྫ་གརྫ། བི་སྥོ་ཊ་ཡ། དྷ་ཀ་དྷ་ཀ། ཛྭ་ལ་ཛྭ་ལ། པྲ་ཛྭ་ལ་པྲ་ཛྭ་ལ། གྲ་ས་གྲ་ས། སརྦ་བིགྷྣ་བི་ནཱ་ཡ་ཀཱ་ནཱཾ། ཧྲྀ་ད་ཡ་ཕཊ། གནྡྷརྦ་ཧྲྀ་ད་ཡཾ་ཕཊ། རཀྵ་ཧྲྀ་ད་ཡཾ་ཕཊ། བྲཧྨ་རཱཀྵ་ས་ཧྲྀ་ད་ཡཾ་ཕཊ། སརྦ་ཛྭ་ར་ཧྲྀ་ད་ཡཾ་ཕཊ། སརྦ་ཙ་ཏུརྠ་ཀ་ཧྲྀ་ད་ཡཾ་ཕཊ། སརྦ་ནཱ་ག་ནཾ་ཧྲྀ་ད་ཡཾ་ཕཊ། ཧཱུཾ་ཧཱུཾ་ཕཊ། ད་ཧ་ད་ཧ། བ་ཙ་བ་ཙ། ཨཱ་བི་ཤ་ཨཱ་བི་ཤ། ཨི་དཉྩ་མེ་ཀཱརྱཾ། ཀུ་རུ་བཛྲ་དྷ་ར་ཨཱཛྙཱ་པ་ཡ་ཏི་སཝཱཧཱ། གསང་སྔགས་གསུམ་པའོ། །ན་མོ་བཛྲ་ཀྲོ་དྷ་ཡ། དཾཥྚོ་ཏྟ་ཀཱ་ཊ་བྷཻ་ར་བཱ་ཡ། ཏདྱ་ཐཱ། ཧུ་ལུ་ཧུ་ལུ། ཁ་ཁ། ཁཱ་ཧི་ཁཱ་ཧི། ཏིཥྛ་ཏིཥྛ། བནྡྷ་བནྡྷ་སཝཱཧཱ། ཁྲོ་བོ་བདུད་རྩི་ཐབ་སྦྱོར་གྱི་གསང་སྔགས་བཞི་པའོ། །དེ་ནས་འདི་དག་གི་སྙིང་པོ་དོན་ཡོད་པ་གང་བཏོན་པ་དང ། བཟླས་བརྗོད་བྱས་ཤིང་བསྒྲུབས་ན།་བདག་གི་གསང་སྔགས་ཐམས་ཅད་བཏོན་ཅིང་ལེགས་པར་བཟླས་བརྗོད་བགྱིས་པ་དང ། བསྒྲུབས་པར་འགྱུར་བ་དེ་བཤད་པར་འཚལ་ལོ། །དེ་ལ་འདི་ནི། བདག་གི་སྙིང་པོ་ལགས་སོ། ། ོཾ་ཨ་མྲྀ་ཏེ་ཧཱུཾ་ཕཊ། བདུད་རྩི་ཐབ་སྦྱོར་གྱི་སྙིང་པོའོ། །རྡོ་རྗེ་ཁྲོ་བོ་བདུད་རྩི་ཐབ་སྦྱོར་གྱིས་གསང་སྔགས་རྣམས་བཤད་མ་ཐག་ཏུ་ས་ཆེན་པོ་འདི་ནི། རྣམ་པ་དྲུག་ཏུ་གཡོས་སོ། །ལོག་འདྲེན་
385a
༄#། །རྣམས་ཀྱང་སྐྲག་སྟེ། སྐྱབས་མེད་ཅིང་རྟེན་མེད་པར་གྱུར་ནས་དེ་བཞིན་གཤེགས་པའི་ཐད་དུ་སོང་སྟེ་བཅོམ་ལྡན་འདས། བདག་ཅག་གི་སྐྱབས་མཛད་དུ་གསོལ། །བདེ་བར་གཤེགས་པ། བདག་གི་སྐྱབས་མཛད་དུ་གསོལ་ཞེས་དེ་སྐད་དུ་སྨྲ་ཞིང་མགོ་ཐུར་དུ་གཏུགས་སོ། །ཀྱེ་ཀྱེ་ལོག་འདྲེན་མ་རུངས་པ་རྣམས་ལོངས་ལ་ངའི་ངག་ཉོན་ཅིག་།རྡོ་རྗེ་ཀུན་ཏུ་འབར་ཞིང་རབ་ཏུ་འབར་བས་ཁྱོད་ཀྱི་མགོ་ཤགས་ས་རེ། ངས་རལ་པ་སེར་པོ་ཅན་རྣམས་ཀྱི་གསང་སྔགས་ཀྱིས་ལྷའི་ལོ་སྟོང་གི་བར་དུ་ལོག་འདྲེན་རྣམས་བཅོམ་པ་དང ། གཏུབས་པ་དང ། བརྡུངས་པ་དང ། གཟིར་བ་དང ། བསྐམས་པ་གང་ཡིན་པ་དེ་དྲན་པར་གྱིས་ཤིག་།ངའི་མཐུ་དང ། བརྩོན་འགྲུས་དང ། ཕ་རོལ་གནོན་པ་ཆེན་པོ་དྲན་པར་གྱིས་ཤིག་།གང་འདི་གསང་སྔགས་འཛིན་ཅིང་འདོན་པ་དང ། སྒྲུབ་པ་དང ། དེ་སྲུང་བ་བྱེད་པ་དེ་ལ་གླགས་མ་ཚོལ་ཅིག་།ཏིལ་སྒྲུས་པའམ། ཟས་ངན་པ་ཟ་ཡང་རུང ། གྲོང་གི་ཆོས་སྤྱོད་ཀྱང་རུང་སྟེ། རིག་པ་ཐམས་ཅད་སྒྲུབ་པ་ལ་གླགས་མཚོལ་ཅིག་།ཟན་ཟ་བའི་ཚེ་ཡང་ཁམ་དང་པོ་སྔགས་ཀྱིས་བཏབ་སྟེ་དབུལ་བར་བྱའོ། །ཉི་མ་འཆར་བའི་ཚེ་ལན་བདུན་བརྗོད་ན། དེའི་ཕྱིར་བཞིན་རྟག་ཏུ་འབྲང་ངོ ། །ལོག་འདྲེན་རྣམས་ཀྱང་གླགས་མི་ཚོལ་ལོ། །ཏིལ་དང ། སྲན་ཆུང་དང ། འབྲས་དང ། སྤེན་ཙེ་ཡང་རུང ། སྣུམ་འཁུར་པར་པ་ཏ་དང །
385b
ལ་ཕུག་ཀྱང་རུང་སྟེ། ཐམས་ཅད་ཀྱང་ཟར་ཟིན་ཀྱང་ངའི་གསང་སྔགས་འཛིན་ན། དེ་ཐམས་ཅད་འགྲུབ་པར་འགྱུར་རོ། །གཞན་ཡང་ཡོན་ཏན་དཔག་ཏུ་མེད་པར་ཤེས་པར་བྱའོ། །འཕགས་པ་བདུད་རྩི་ཐབ་སྦྱོར་གྱི་སྙིང་པོ་རྫོགས་སོ།། །།