rKTs


H682

(e-text produced by ACIP)

see text in transliteration
92b
རྒྱ་གར་སྐད་དུ། །ཱརྱ་ཨ་མོ་གྷ་པཱ་ཤ་ཧྲྀ་ད་ཡཾ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། འཕགས་པ་དོན་ཡོད་ཞགས་པ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཐུགས་རྗེ་ཆེན་པོ་
93a
༄#། །ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་བོ་ཊ་ལ་ཀའི་རིའི་རྩེ་མོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་གནས་ས་མ་ལ་དང ། ཏ་མ་ལ་དང ། ཙམ་པ་ཀ་དང ། མྱ་ངན་མེད་པ་དང ། ་ཏི་མུཀྟ་ཀ་ལ་སོགས་པ་མང་པོ་དང ། སྣ་ཚོགས་པའི་རིན་པོ་ཆེའི་སྡོང་པོས་ཡང་དག་པར་བརྒྱན་པར་དགེ་སློང་གི་དགེ་འདུན་ཆེན་པོ་སྟོང་ཕྲག་བཅོ་བརྒྱད་དང ། བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ཕྲག་དགུ་བཅུ་རྩ་དགུ་དང ། གནས་གཙང་མའི་ལྷའི་བུ་སྟོང་ཕྲག་དུ་མས་ཡོངས་སུ་བསྐོར་ཅིང་མདུན་དུ་བྱས་ནས་མང་པོ་དང་ཐབས་ཅིག་ཏུ་བཞུགས་སོ། །དབང་ཕྱུག་དང ། དབང་ཕྱུག་ཆེན་པོ་དང ། ཚངས་རིས་ཀྱི་ལྷའི་བུ་རྣམས་གཙོར་བྱས་ནས་ཆོས་སྟོན་ཏོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྟན་ལས་ལངས་ནས་བླ་གོས་ཕྲག་པ་གཅིག་ཏུ་གཟར་ནས་པུས་མོ་གཡས་པའི་ལྷ་ང་ས་ལ་བཙུགས་ཏེ། གང་བཅོམ་ལྡན་འདས་ལ་དེས་ཐལ་མོ་སྦྱར་ཞིང་ཕྱག་འཚལ་ནས་ཞལ་འཛུམ་པར་གྱུར་བས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། བདག་ལ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ་
93b
ཡོད་དེ། གང་སྔོན་བསྐལ་པ་དགུ་བཅུ་རྩ་གཅིག་ན་འཇིག་རྟེན་རྣམ་པར་གཟིགས་པ་ཞེས་བྱ་བའི་འཇིག་རྟེན་གྱི་ཁམས་སུ་འཇིག་རྟེན་གྱི་དབང་པོ་རྒྱལ་པོ་དེ་བཞིན་གཤེགས་པ་\?\་ཡང་དག་པར་རྫོགས་པའི་སངས་རྒྱས་ལས་བདག་གིས་བླངས་ཏེ། གང་ཡང་བདག་གིས་དབང་ཕྱུག་དང ། དབང་ཕྱུག་ཆེན་པོ་གཙོར་བྱས་པའི་གནས་གཙང་མའི་རིས་གྱི་ལྷའི་བུ་བརྒྱ་སྟོང་མང་པོ་ཡང་འདུས་སོ། །བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་དོན་ཡོད་ཞགས་པའི་ཡེ་ཤེས་ཀྱི་གཙོ་བོའི་ཏིང་ངེ་འཛིན་བཅུ་པ་བརྒྱ་སྟོང་བདག་གིས་རབ་ཏུ་རྙེད་དོ། །གཞན་ཡང་གང་གི་ཚེ་བཅོམ་ལྡན་འདས། ས་གཞིའི་ཕྱོགས་གཅིག་ཏུ་རབ་ཏུ་སྤྱོད་པ་ལས་རྟོགས་པར་བྱ་སྟེ། བཅོམ་ལྡན་འདས། དེའི་ཚེ་ས་ཕྱོགས་དེ་དབང་ཕྱུག་དང ། དབང་ཕྱུག་ཆེན་པོ་དང ། ཚངས་རིས་གཙོར་བྱས་པའི་ལྷའི་བུ་སྟོང་ཕྲག་བཅུ་གཉིས་ཀྱིས་སྲུང་བ་དང ། བསྐྱབ་པ་དང ། སྦེད་པའི་དོན་དུ་གནས་པར་འགྱུར་རོ། །གང་འདིར་དོན་ཡོད་ཞགས་པའི་སྙིང་པོ་རབ་ཏུ་སྤྱོད་ན། བཅོམ་ལྡན་འདས། སའི་ཕྱོགས་གཅིག་པོ་དེ་མཆོད་རྟེན་དུ་འགྱུར་རོ། །སེམས་ཅན་གང་དག་དོན་ཡོད་ཞགས་པའི་སྙིང་པོ་ཉན་པ་དེ་དག་ནི། སངས་རྒྱས་མང་པོ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་ལ་མཆོད་པར་འགྱུར་རོ། །དེ་ནས་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའ་གང་
94a
༄#། །འདིར་དོན་ཡོད་ཞགས་པའི་སྙིང་པོ་ཐོས་པས་བདག་གི་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །གང་ཁ་ཅིག་བཅོམ་ལྡན་འདས། སྡིག་པའི་སྐྱོན་བྱེད་པ། སྡིག་པའི་ཆོས་ཐམས་ཅད་ལ་ཡང་དག་པར་སྤྱོད་པ། འཕགས་པ་ལ་སྐུར་བ་འདེབས་པ། དམ་པའི་ཆོས་ལ་སྨོད་པ། མནར་མེད་པ་ལ་གཞོལ་བ། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་དང ། འཕགས་པ་ཉན་ཐོས་དང ། རང་སངས་རྒྱས་ལ་སྨོད་པ་པོ་དེ། གལ་ཏེ་འགྱོད་པར་གྱུར་ཅིང་སླན་ཆད་གཅོད་ཅིང་སྡོམ་པར་གྱུར་ན། བཅོམ་ལྡན་འདས། དེས་རེ་ཞིག་དེ་ཉིད་སྨྱུང་བར་གནས་པ་གཅིག་གིས་དེ་བཟླས་ན། དེའི་སྐྱེ་བ་འདིའི་ལས་ཡོངས་སུ་དག་ཅིང་ཡོངས་སུ་ཟད་པར་འགྱུར་རོ། །ཕྱིར་ཟློག་པར་འགྱུར་རོ། །རིམས་ཉིན་གཅིག་པའམ། །ཉིན་གཉིས་པའམ། ཉིན་གསུམ་པའམ། ཉིན་བཞི་པའམ། དེའི་ཕྱིར་ཁྲག་ཏུ་འཁྲུ་བའམ། ཚད་པའམ། ལག་པ་ན་བའམ། རྐང་པ་ན་བའམ། མགོན་བའམ། ཧ་ལ་ཧ་ལས་བཏགས་པའམ། མཇོའམ། རྐང་ཤུའམ། འབྲུམ་བུ་ཕྲ་མོའམ། ལྷོག་པའམ།་འབྲས་སམ། བྱེའུ་འབྲས་སམ། གཡན་པའམ། མཚན་པར་རྡོལ་བའམ། འབྲུམ་བུའམ། བརྗེད་བྱེད་དམ། ཁྱབ་པར་ན་བའམ། གསོད་པའམ། འཆིང་
94b
པའམ། བརྡེག་པའམ། བསྡིགས་པའམ། མི་སྙན་པར་བརྗོད་པའམ། མདོར་བསྡུ་ན་བཅོམ་ལྡན་འདས། ལུས་ཀྱི་ན་ཚའམ། སེམས་ཀྱི་སྡུག་བསྔལ་ལམ། རྨི་ལམ་ངན་པ་མཐོང་བས་དེའི་ལས་ཡོངས་སུ་དག་ཅིང་ཟད་པར་འགྱུར་རོ། །སྔར་ཉིད་ནས་དག་པའི་སེམས་ཅན་དད་ཅིང་ལྷག་པར་མོས་པ་རྣམས་ཤིན་ཏུ་ཡོངས་སུ་བྱང་བར་འགྱུར་རོ། །གལ་ཏེ་བཅོམ་ལྡན་འདས། འཁོར་བཞི་པོ་དང ། རིགས་བཞི་པོས་ཇི་སྙེད་དུ་བདག་ལ་སྒྱུ་དང་གཡོས་ཀྱང་མཆོད་པར་བྱེད། །གང་འདིར་དོན་ཡོད་ཞགས་པའི་སྙིང་པོ་ཉན་པར་བྱེད་པ་དང ། དོན་འཛིན་པར་བྱེད་པ། འཆང་བར་བྱེད་པ། ཀློག་པར་བྱེད་པ། འབྲི་བར་བྱེད་པ། འབྲིར་འཇུག་པར་བྱེད་པ། ཀུན་ཆུབ་པར་བྱེད་པ། སེམས་ཅན་གཞན་རྣམས་ཉན་དུ་འཇུག་པར་བྱེད་པའམ། ཐ་ན་དུད་འགྲོའི་སྐྱེ་གནས་སུ་གཏོགས་པའི་རྣ་བུག་ཏུ་གཏུགས་ཏེ་ཟློས་པར་བྱེད། སྔགས་ཀྱི་ཚིག་འདི་སེམས་པར་བྱེད་པ་དང ། དོར་བ་མེད་པ། གཟུགས་མེད་པ། རྣམ་པར་མི་རྟོག་པ། ཡང་དག་པར་འབྱུང་བ་མེད་པ། ཡུན་རིང་དུ་འབྱུང་བ་མེད་པ། རྒྱུ་མེད་པ། གོས་པ་མེད་པ། མཉམ་པའི་སེམས་གཡེང་བ་མེད་པ། ཕུང་པོ་དང་བྲལ་བའི་སྦྱོར་བ་འདིས་ནི། སངས་རྒྱས་རྗེས་སུ་དྲན་པར་བྱའོ། །དེ་དག་ལ་ཕྱོགས་བཅུའི་སངས་རྒྱས་བརྒྱ་སྟོང་གིས་ཞལ་སྟོན་པར་འགྱུར་རོ། །ཁྱེད་ཀྱི་བཟླས་
95a
༄#། །པས་སྡིག་པ་བཤགས་པར་འགྱུར་རོ། །ཇི་སྙེད་པོ་ཏིར་བྲི་བར་བྱས་ནས་ཁྱིམ་དུ་བཞུགས་སུ་གསོལ་བར་བྱའོ། །བཅོམ་ལྡན་འདས། མང་པོས་ཅི་བྱ་སྟེ། ཕན་ཚུན་འགྲན་པས་ཉན་པའམ། རྗེ་དཔོན་གྱིས་འཇིགས་པས་སམ། གཞན་གྱི་རྗེས་སུ་འཇུག་པས་སམ། གཞན་སྨད་པར་བྱ་བའི་ཆེད་དུ་ཉན་པ་ནི། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་བྱིན་གྱི་རླབས་སུ་མཁས་པས་ཤེས་པར་བྱའོ། །དེ་དག་གི་རྣ་བུག་ཏུ་དེའི་སྒྲ་སྒགས་པར་འགྱུར་རོ། །བཅོམ་ལྡན་འདས། འདི་ལྟ་སྟེ།་གང་ལ་ལའི་སྐྱེས་བུའི་ཙནྡན་ནམ། ག་བུར་རམ། གུར་གུམ་མམ། གླ་རྩི་གནུར་ཞིང་བརྒྱད་ཅིང་རྡོ་བའམ་ས་ལ་གཞི་བས་ནས་བདག་ཉིད་ལ་བྱུགས་ན། དེ་ལ་ཙནྡན་ནམ།་ག་བུར་རམ། གུར་གུམ་མམ། གླ་རྩི་གནུར་བའམ་བརྒྱད་པས་དེ་ལྟར་དྲི་འཕོ་བར་མི་འགྱུར་རོ། །ཡང་དྲི་ཞིམ་པོ་ཡང་དེ་ཉིད་དོ། །བཅོམ་ལྡན་འདས། དེ་ལྟར་ཁོ་ནར་བདག་གིས་དོན་ཡོད་ཞགས་པའི་སྙིང་པོ་འདི་ལ་ཡང་གང་ལ་ལ་ཞིག་གིས་འཕྱ་ཞིང་སྨོད་པ་དང ། སྔ་མ་ལྟར་ཇི་སྙེད་བདག་ལ་སྒྱུ་དང་གཡོས་མཆོད་པར་བྱེད་པ་དེ་དག་ནི། བཅོམ་ལྡན་འདས། རྨུ་རྒོད་ཀྱི་སེམས་ཅན་དེ་དག་གི་དགེ་བའི་རྩ་བ་བསྐྱེད་པར་འགྱུར་རོ། །འདོད་པས་དཀའ་བར་འཛིན་པར་བརྗོད་དེ། ཕྱི་མ་ལ་ཡང་ངོ །
95b
གང་དང་གང་དུ་སྐྱེས་པ་དེ་དང་དེར་ཚུལ་ཁྲིམས་དང ། ཏིང་ངེ་འཛིན་དང ། ཤེས་རབ་དང ། བསོད་ནམས་ཀྱི་ཚོགས་ཀྱི་དྲི་དང་མི་འབྲལ་བར་འགྱུར་རོ། །ཚུལ་ཁྲིམས་ཀྱི་དྲི་ཞིམ་པོ་ཉིད་དུ་བྱེད་དོ། །གང་ཡང་བཅོམ་ལྡན་འདས། རིགས་ཀྱི་བུའམ། རིགས་ཀྱི་བུ་མོའམ། དགེ་སློང་ངམ། དགེ་སློང་མའམ། དགེ་བསྙེན་ནམ། དགེ་བསྙེན་མའམ། དེ་ལས་གཞན་པའི་ཁ་ཅིག་དོན་ཡོད་ཞགས་པའི་སྙིང་པོ་ཆེད་དུ་བྱས་ནས་དཀར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ལ་སྨྱུང་བར་གནས་པར་བྱས་ཏེ་ལན་བདུན་དུ་དོན་ཡོད་ཞགས་པའི་སྙིང་པོ་ཚིག་ཏུ་མི་བརྗོད་པར་ཡོངས་སུ་བཟླས་ན། དེ་ལ་བཅོམ་ལྡན་འདས། མཐོང་བའི་ཆོས་ཉིད་ལ་ཕན་ཡོན་ཉི་ཤུ་ཐམ་པ་སོ་སོར་འདོད་པར་བྱའོ། །ཉི་ཤུ་པོ་གང་ཞེ་ན། གང་དེའི་ལུས་ལ་ནད་མི་འབྱུང་བ་དང ། ལས་ཀྱི་དབང་གིས་ནད་བྱུང་བ་ཡང་མྱུར་དུ་ཞི་བར་འགྱུར་རོ། །སྣུམ་ཞིང་ཡིད་དུ་འོང་བའི་ལུས་དཀར་བར་ཡང་འགྱུར་རོ། །སྐྱེ་བོ་མང་པོའི་ཡིད་དུ་འོང་བར་འགྱུར་རོ། །དབང་པོ་སྦུབས་སུ་ནུབ་པ་དང ། ནོར་རྙེད་པར་ཡང་འགྱུར་རོ། །ནོར་ཡོད་པ་ཡང་རྐུན་པོས་འཁྱེར་བར་མི་ནུས་སོ། །མེས་མི་འཚིག་གོ་།ཆུས་མི་འཁྱེར་རོ། །རྒྱལ་པོའི་ཡིད་ཀྱིས་ཀྱང་འཕྲོག་པར་མི་ནུས་སོ། །དེའི་ལས་ཀྱི་མཐའ་རྒྱས་པར་འགྱུར་རོ། །དེའི་ལུས་ལ་ཆུའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །རླུང་དང་ཆར་པའི།
96a
༄#། །འཇིགས་པ་འབྱུང་བར་མི་འགྱུར་རོ། །ལན་བདུན་དུ་དོན་ཡོད་ཞགས་པའི་སྙིང་པོ་ཆུའམ་ཐལ་བ་ལ་ཡོངས་སུ་བསྔགས་ཏེ་ཕྱོགས་དང ། མཚམས་དང ། སྟེང་དང ། འོག་གི་ཞིང་ལ་བཅིང་བ་བྱས་ན། ཉེ་བར་འཚེ་བ་ཐམས་ཅད་ཉེ་བར་ཞི་བར་འགྱུར་རོ། །མདངས་ཟ་བས་མདངས་འཕྲོག་པར་མི་ནུས་སོ། །སེམས་ཅན་ཐམས་ཅད་དགའ་བར་འགྱུར་རོ། །དགྲས་འཇིགས་པ་བྱུང་བ་ཡང་མྱུར་དུ་ཞི་བར་འགྱུར་རོ། །མིས་འཇིགས་པར་མི་འགྱུར་རོ། །ཁྱབ་པར་ན་བའི་འཇིགས་པ་དང ། མཁའ་འགྲོ་མའི་འཇིགས་པ་འབྱུང་བར་མི་འགྱུར་རོ། །ཉོན་མོངས་པ་དྲག་པོ་ཡང་འབྱུང་བར་མི་འགྱུར་རོ། །མེ་དང་ཆུ་དང་མཚོན་གྱིས་འཆི་བའི་དུས་བྱེད་པར་མི་འགྱུར་རོ། །ལྷས་ཀྱང་རྒྱུན་དུ་ཉེ་བར་སྲུང་བ་དང ། སྐྱོབ་པ་དང ། སྦེད་པར་བྱེད་པར་འགྱུར་རོ། །གང་དང་གང་དུ་སྐྱེས་པ་དེ་དང་དེར་བྱམས་པ་དང ། སྙིང་རྗེ་དང ། དགའ་བ་དང ། བཏང་སྙོམས་དང་འབྲལ་བར་མི་འགྱུར་རོ། །ཕན་ཡོན་ཉི་ཤུ་པོ་འདི་དག་སོ་སོར་འདོད་པར་བྱའོ། །གཞན་ཡང་ཆོས་བརྒྱད་སོ་སོར་འཐོབ་སྟེ། བརྒྱད་པོ་གང་ཞེ་ན། འཆི་བའི་དུས་སུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དགེ་སློང་གི་གཟུགས་ཀྱིས་ཞལ་ཡང་དག་པར་སྟོན་པར་འགྱུར་རོ། །བདེ་བར་ཚེའི་དུས་བྱེད་པར་འགྱུར་རོ། །མཐོང་
96b
པར་འཁྲུལ་པ་མེད་དོ། །ལག་པ་གཡོབ་པ་མེད་དོ། །བཤང་བ་མེད་དོ། །གཅི་བ་མེད་དོ། །རླུང་གི་རྣམ་པ་མེད་དོ། །ཤིན་ཏུ་ལེགས་པར་གནས་ཤིང་དྲན་པ་དང་ལྡན་པར་འགྱུར་རོ། །ཁ་འོག་ཏུ་བལྟས་ནས་ཚེའི་དུས་བྱེད་པར་མི་འགྱུར་རོ། །འཆི་བའི་དུས་སུ་ཉོན་མོངས་པ་མེད་པར་རབ་ཏུ་བརྗོད་པར་འགྱུར་རོ། །སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྨོན་ལམ་བཏབ་པ་དེ་དང་དེར་སྐྱེ་བར་འགྱུར་རོ། །དགེ་བའི་བཤེས་གཉེན་དང་འབྲལ་བར་མི་འགྱུར་རོ། །ཉིན་རེ་ཞིང་དུས་གསུམ་དུ་ལན་གསུམ་དུ་བཀླག་པར་བྱའོ། །ཆང་དང ། ཤ་དང ། བཙོད་དང ། སྒོག་སྐྱ་དང ། བདེ་བྱེད་ལ་བྱིན་པའི་ལྷག་མ་ཁྱད་པར་དུ་སྲུང་བར་འདོད་པས་དེ་རྣམས་སྤང་བར་བྱའོ། །དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་འདི་སེམས་ཅན་རྣམས་ལ་ནུས་སམ་མི་ནུས་ཤེས་པར་བྱས་ལ་ཉན་དུ་གཞུག་པར་བྱའོ། །སློབ་དཔོན་གྱིས་སེར་སྣ་མི་བྱ་སྟེ། གང་གི་ཕྱིར་ཕྲག་དོག་དང་སེར་སྣའི་དྲི་མ་སྤངས་པ་ནི། བྱང་ཆུབ་སེམས་དཔའ་ཡིན་ནོ། །སེམས་ཅན་གྱི་དོན་གྱི་ཆེད་དུ་སངས་རྒྱས་ཀྱི་བྱང་ཆུབ་ཐོབ་པའི་ཕྱིར་བྱང་ཆུབ་སེམས་དཔའི་དགེ་འདུན་དུ་ཡང་འགྱུར་རོ། །ཤེས་རབ་ནི། བྱང་ཆུབ་ཏུ་བརྗོད་ལ། སེམས་དཔའ་ནི། ཐབས་ཏེ། དེ་གཉིས་དག་གིས་སེམས་ཅན་གྱི་དོན་ཉིད་ཐོབ་པར་འགྱུར་རོ། །བཅོམ་ལྡན་འདས། གལ་ཏེ་ཆོས་འདི་རྗེས་སུ་ཟློས་ཤིང་སྙིང་པོ་དེ་བཞིན་གཤེགས་པའི་མདུན་དུ་བརྗོད་པར་བྱེད་
97a
༄#། །པ་ནི། འཁོར་བཞི་པོ་རྣམས་ལ་ཕན་པ་དང ། བདེ་བའི་དོན་གྱི་ཕྱིར་དང ། སྡིག་པ་བྱེད་པ་གཞན་རྣམས་ཀྱི་ཡང་ཕྱིར་རོ། །དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་བཀའ་སྩལ་པ། གང་འདི་དག་པའི་སེམས་ཅན་ལ་ཁྱོད་ཀྱིས་བསྟན་པའི་དུས་ལ་བབ་སྟེ། དེ་བཞིན་གཤེགས་པས་ཀྱང་རྗེས་སུ་ཡི་རང་ངོ ། །ཕྱི་མའི་ཚེ་ཕྱི་མའི་དུས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕའི་བྱ་བ་བྱེད་པར་འགྱུར་རོ། །དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་སྤྱན་མི་འཛུམ་པར་གྱུར་པས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས། གསོན་ཅིག་།སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས་ཕྱག་བྱས་པའི་རྣམ་པར་ཐར་པའི་དཀྱིལ་འཁོར་འདི་སྐྱེ་བོ་མང་པོ་ལ་ཕན་པ་དང ། སྐྱེ་བོ་མང་པོ་ལ་བདེ་བ་དང ། འཇིག་རྟེན་ལ་རྗེས་སུ་བརྩེ་བ་དང ། སྐྱེ་རྒུའི་ཚོགས་ཆེན་པོ་ལ་ཕན་པ་དང ། བདེ་བ་དང ། རྣམ་པར་ཐར་པའི་དོན་གྱི་ཕྱིར་ཡང་ངོ་།། །།ན་མསྟྲཻ་ཡ་དྷྭ་ཨ་ནུ་ག་ཏ་པྲ་ཏིཥྛི་ཏེ་བྷྱཿ ། སརྦ་བུདྡྷ་པོ་དྷི་སཏྭ་བྷྱཿ ། ན་མཿ ་པྲ་ཏྱེ་ཀ་བུདྡྷ་ཨཱརྱ་ཤྲཱ་བ་ཀ་སཾ་གྷེ་བྷྱཿ ། ཨ་ཏཱི་ཏ་ཨ་ནཱ་ག་ཏ་པྲ་ཏྱུ་ཏ་པཎྣེ་བྷྱཿ ། ན་མཿ ་སམྱགྒ་ཏཱ་ནཱཾ། ན་མཿ ་སམྱ་ཀ་པྲ་ཏི་
97b
པནྣཱ་ནཱཾ། ན་མཿ ་ཤཱ་ར་དྭ་ཏི་པུ་ཏྲཱ་ཡ་མ་ཧཱ་མ་ཏ་ཡེ། ན་མ་ཨཱརྱ་མཻ་ཏྲེ་ཡ་པྲ་མུ་ཁེ་བྷྱཿ ། མ་ཧཱ་བོ་དྷི་སཏྭ་སཾ་གྷེ་བྷྱཿ ། ན་མཿ ་སུ་པྲ་ཏིཥྛི་ཏེ་ཤི་ལེནྡྲ་རཱ་ཛ་པྲ་མུ་ཁེ་བྷྱཿ ། སརྦ་ཏ་ཐཱ་ག་ཏ་བྷྱཿ ། ཨརྷད་བྷྱཿ ། ས་མྱ་ཀྶཾ་བུངྡྷེ་བྷྱཿ ། བྷ་ག་བ་དེ་བྷྱཿ ། ན་མཿ ་སུ་བརྞྞ་སུ་པྲ་ཏི་བྷཱ་ས་བ་ནི་རྟི་ཏེ་ཤཝ་ར་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མཿ ་སིཾ་ཧ་བི་ཀྲི་ཌི་ཏ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མ་ཨ་མི་ཏཱ་བྷཱ་ཡ། ད་ཐཱ་ག་ཏཱ་ཡ། ན་མཿ ་སུ་པྲ་ཏིཥྛྀ་ཏེ་མ་ཎི་ཀླུ་ཊ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མཿ ་ས་མནྟ་རྶྨྱུང་ག་ཏ་ཤྲཱི་ཀཱུ་ཊ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མོ་བི་པ་ཤྱ་ནེ། ཏ་ཐཱ་ག་ཏཱ་ཡ། ན་མཿ ་ཤི་ཁི་ནེ་ཏ་ཐཱ་ག་ཏཱ་ཡ། ན་མོ་བི་ཤཝ་བྷུ་ཛེ་ཏ་ཐཱ་ག་ཏཱ་ཡ། ན་མཿ ་ཀྲ་ཀུཙྪ་ན་དཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མཿ ་ཀ་ན་ཀ་མུ་ན་ཡེ། ཏ་ཐཱ་ག་ཏཱ་ཡ། ན་མཿ ་ཀཱ་ཤྱ་པཱ་ཡ། ཏ་ཐཱ་ག་ཏཱ་ཡ། ན་མཿ ་ཤཱཀྱ་མུ་ན་ཏེ། ཏ་ཐཱ་ག་ཏཱ་ཡ། ཨ་རྷ་ཏེ་སམྱ་ཀྶཾ་བུངྡྷ་ཡ། ཏདྱ་ཐཱ། ཨོཾ་མུ་ནེ་མུ་ནེ་མ་ཧཱ་མུ་ན་ཡེ་སཝཱ་ཧ། ཨོཾ་ཤ་མེ་ཤ་མེ་མ་ཧཱ་ཤ་མེ་རཀྵ་ ་མཱཾ་སརྦ་སྟྭཱཾ་ཤྩ་སརྦ་པཱ་པཾ་པྲ་ཤ་མ་ནེ་སཝཱ་ཧཱ། ན་མཿ ་སུ་པ་རི་ཀཱི་རྟི་ཏ་ནཱ་མ་དྷེ་ཡཱ་ཡ་ཤྲི་ཡེ་ཏ་ཐཱ་ག་ཏཱ་ཡ། ན་མཿ ་ས་མནྟ་ཨ་ཝ་བྷཱ་ས་བི་ཛི་ཏ་སཾ་གྲ་མ་ཤྲི་ཡེ་ཏ་ཐཱ་ག་ཏཱ་ཡ། ན་མཿ ་ཨིནྡྲ་ཀེ་ཏུ་དྷྭ་ཛ་ཤིར་ཡེ་ཏ་ཐཱ་ག་ཏཱ་ཡ། ན་མོ་རཏྣ་པ་བྷ་སེ་ཤཝ་ར་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མོ་ཨ་པྲ་ཏི་ཧ་ཏ་བཻ་ཥ་ཛྱཱ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ། ན་མོ་བི་ཀྲཱནྟ་གཱ་མི་ནེ་ཏ་ཐཱ་ག་ཏཱ་ཡ། ན་མོ་བུངྡྷ་ཡ། ན་མོ་དྷ་རྨཱ་ཡ། ན་མོཿ ་སཾ་གྷཱ་ཡ། ན་མོ་ཨ་ཏཱི་ཏ་ཨ་ནཱ་ག་ཏ་པྲ་ཏྱུད་པནྣེ་བྷྱོ། །སརྦ་བུངྡྷ་
98a
༄#། །བོ་དྷི་སཏྭ་བྷྱོ། བྷ་ག་བད་བྷྱཿ ། ཏདྱ་ཐཱ། སྨྲཾ་ཏི་བརྡྷ་ནི། མ་ཏི་བརྡྷ་ནི། ག་ཏི་བརྡྷ་ནི། དྷརྀ་ཏི་བརྡྷ་ནི། པྲ་དྙཱ་བརྡྷ་ནི། པྲ་ནི་བྷཱ་ན་བརྡྷ་ནི། དྷྱ་ན་བརྡྷ་ནི། སཱ་མ་ཐ་བྲྡྷ་ནི། བི་བཱ་ཤྱ་ན་བརྡྷ་ནི། སརྦ་བོ་དྷི་བཀྵ་དྷ་རྨ་བརྡྷ་ནི། ས་ཀུ་ལ་བུདྡྷ་དྷརྨ་བ་རི་པཱུ་ར་ཎཱི་ཡེ་སཝཱ་ཧཱ། མ་ནོ་རཏྣ་ཏྲ་ཡཱ་ཡ། ན་མ་ཨཱ་རྱ་ཨ་ཝ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་བྷི་སཏྭཱ་ཡ། མ་ཧཱ་སྟྭཱ་ཡ། མ་ཧཱ་ཀ་རུ་ཎི་ཀཱ་ཡ། ན་མོ་མ་ཧཱ་སྠཱ་མ་པྲ་བྷཱེ་ཡ། བོ་དྷི་སཏྭཱ་ཡ། མྨ་ཧཱ་སྟྭཱ་ཡ། མ་ཧཱ་ཀུ་རུ་ཎི་ཀཱ་ཡ། ཨེ་བྷྱོ་ནོ་མ་སྐྲྀ་དྭ་ཨི་དཾ་ཨཱརྱ་ཨ་བ་ལོ་ཀི་ཡེ་ཤཝ་ར་མུ་ཁོ་ད་གཱི་རྞྞཾ། ཨ་མོ་གྷ་པཱ་ཤ་རཱ་ཛཱ་ནཱ་མ་ཧྲི་ད་ཡཾ། ཏ་ཐཱ་ག་ཏཱ་སཾ་མུ་ཁྷི་བྷཱི་ཥི་ཏཾ། མ་ཧཱ་ཏཾ་པ་ར་ཥཾ་མ་དྷེ་ཨ་ཧ་མི་དཱ་ནཱི་མཱ་བརྟ་ཡ་ཥ ་ ་མི། སིངྡྷྱ་ནྟུ་མེ་མཎྟྲ་པ་དེ། སརྦ་ཀཱརྱ་ཎཱི་སརྦ་བྷ་ཡེ་བྷྱོ་མ་མ་སརྦ་སཏྭཱ་ནཱ་ཉྩ་རཀྵ་བྷ་ཝནྟུ། ཏདྱ་ཐཱ། ཨོཾ་ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། མ་ར་མ་ར། མི་རི་མི་རི། མུ་རུ་མུ་རུ། མ་ཧཱ་ཀཱ་རུ་ཎཱི་ཀཱ། ས་ར་ས་ར། སི་རི་སི་རི། སུ་རུ་སུ་རུ། ཙུ་རུ་ཙུ་རུ། ཙི་རི་ཚི་རི། བི་རི་བི་རི། པོ་རི་པི་རི། མི་རི་མི་རི། མ་ཧཱ་པདྨ་ཧ་སྟ། ཀ་ལ་ཀ་ལ། ཀི་ལི་ཀི་ལི། ཀུ་ལུ་ཀུ་ལུ། མ་ཧཱ་ཤྔྡྷ་ས་ཏྭ། བུངྡྷྱ་བུངྡྷྱ། བོ་དྷ་བོ་དྷ། བི་དྷི་བེ་ཤི། བོ་དྷ་ཡ་བོ་དྷ་ཡ། ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུ་ཎུ་ཀུ་ཎུ། པ་ར་མ་ཤུངྡྷ་སཏྭ། ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། མ་ཧཱ་སྠཱ་མ་པྲཱ་པྟ། ཙ་ལ་ཙ་ལ། སཉྩ་ལ་སཉྩ་ལ། བི་ཙ་ལ་མི་ཙ་ལ། པྲ་ཙ་ལ་པ་ཙ་ལ། ་
98b
ེ་ཊ་ཊ་ཨེ་ཊ་ཊ། བྷ་ར་བྷ་ར། བྷི་རི་བྷི་རི། བྷུ་རུ་བྷུ་རུ། ཏ་ར་ཏ་ར། ཏི་རི་ཏི་རི། ཏུ་རུ་ཏུ་རུ། ཨེ་ཧྱེ་ཧི་མ་ཧཱ་ཀཱ་རུ་ཎི་ཀ། མ་ཧཱ་པ་ཤུ་པ་ཏི་བེ་ཥ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ར་ཏ་ར། ས་ར་ས་ར། ཙ་ར་ཙ་ར། པ་ར་པ་ར། བ་ར་བ་ར། མ་ར་མ་ར། ལ་ར་ལ་ར། ཧ་ར་ཧ་ར། ཧཱ་ཧའ་ཧཱི་ཧཱི་ཧཱུ་ཧཱུ། ཨོཾ་ཀའ་ར་པྲ་ཧྨ་བེ་ ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ར་ཏ་ར། ས་ར་ས་ར། ཙ་ར་ཙ་ར། ཡ་ར་ཡ་ར། བ་ར་བ་ར། ཧ་ར་ཧ་ར། མསྨི་ཤ་ཏ་ས་ཧ་སྲ་པྲ་ཏི་མཎྜི་ཏ་ཤ་རཱི་ར། དྭཱ་ལ་ཛྭ་ལ། ཏ་པ་ཏ་པ། བྷཱ་ས་བྷཱ་ས། བྷྲ་མ་བྷྲ་མ་བྷ་ག་ཝཱ་ན། སོ་མ་ཨཱ་ད་ཏྱ། ཡ་མ། བ་རུ་ཎ། ཀུ་བེ་ར། བྲཧྨེནྡྲ། བཱ་ཡུ། ཨགྣི། དྷ་ན་ད། དེ་བ། རི་ཥི་ག་ཎ་ཨ་བྷྱ་རྩི་ཏ་ཙ་ར་ཎ། སུ་རུ་སུ་རུ། ཙུ་རུ་ཙུ་རུ། མུ་རུ་མུ་རུ། གྷུ་རུ་གྷུ་རུ། ས་ན་ཏྭ་ཀུ་མཱ་ར། རུ་དྲ། བཱ་ས་བ། བིཥྞུ། དྷ་ན་ད། བཱ་ཡུ། ཨགྣི་རི་ཥི། ནཱ་ཡ་ཀ་བི་ནཱ་ཡ་ཀ། བ་ཧུ་བི་བི་དྷ་བེ་ ་དྷ་ར། དྷ་ར་དྷ་ར། དྷི་རི་དྷི་རི། དྷུ་རུ་དྷུ་རུ། ཏ་ར་ཏ་ར། ཐ་ར་ཐ་ར། གྷ་ར་གྷ་ར། ཡ་ར་ཡ་ར། ལ་ར་ལ་ར། ཧ་ར་ཧ་ར། པ་ར་པ་ར། ས་ར་ས་ར། བ་ར་བ་ར། བ་ར་དཱ་ཡ་ཀ་།ས་མནྟ་ཨ་ཝ་ལོ་ཀི་ཏེ། བི་ལོ་ཀི་ཏེ། ལོ་ཀེ་ཤཝ་ར། མ་ཧེ་ཤཝ་ར། ཏྲི་བྷུ་བ་ནི་ཤཝ་ར། སརྦ་གུ་ཎ་ས་མ་ཨ་ལཾ་ཀྲྀ་ཏ། ཨ་བ་ལི་ཀི་ཏེ་ཤཝ་ར། མུ་ཧུ་མུ་ཧུ། མུ་རུ་མུ་རུ། མུ་ཡ་མུ་ཡམ་མུ་ཉྩ་མུ་ཉྩ། རྐཥ་ ་མཱཾ་སརྦ་སྟྭཱ་ཤྩ། སརྦ་བྷ་ཡེ་བྷྱཿ ། སརྦོ་པ་དྲ་པེ་བྷྱཿ ། སརྦོ་པ་སྲྒེ་བྷྱཿ ། སརྦ་གྲ་ཧེ་བྷྱཿ ། སརྦ་བྱཱ་དྷི་
99a
༄#། །བྷྱཿ ། སརྦ་བི་ཥེ་བྷྱཿ ། སརྦ་ཛྭེ་རེ་བྷྱ། ཨེ་བཾ་བནྡྷ་བནྡྷ་ན། ཏཱ་ཌ་ན། དརྫ་ན། རཱ་ཛ། ཏསྐ་ར། ཨགྣི། ཨུ་ད་ཀ་།བི་ཥ་ཤསྟ་པ་རི་མོ་ཙ་ཀ་།ཀ་ཎ་ཀ་ཎ། ཀི་ཎི་ཀི་ཎི། ཀུ་ཎུ་ཀུ་ཎུ། ཙ་ར་ཙ་ར། ཙི་རི་ཙི་རི། ཙུ་རུ་ཙུ་རུ། ཨིནྡྲི་ཡ། བ་ལ། བོ་དྷྱཾ་ག་།ཙ་ཏུར་ཨཱརྱ་སྟྭ་སཾ་པྲ་ཀཱ་ཤ་ཀ་།ཏ་པ་ཏ་པ། ཏ་མ་ཏ་མ་ད་མ་ད་མ། ས་མ་ས་མ། མ་ས་མ་ས། དྷ་མ་དྷ་མ། མ་ཧཱ་ཀུ་རུ་ཎི་ཀ་།མ་ཧཱ་ཏ་མོ་ཨནྡྷ་ཀཱ་ར་བི་དྷ་མ་ན། ཥ་ཊ་པཱ་ར་མི་ཏཱ་པ་རི་པཱུ་ར་ཀ་།མ་ལ་མ་ལ། མི་ལི་མི་ལི་།མུ་ལུ་མུ་ལུ། ཊ་ཊ་ཊ་ཊ། ཋ་ཋ་ཋ་ཋ་ཊི་ཊི་ཊི་ཊི། ཊུ་ཊུ་ཊུ་ཊུ་ཊུ། ཋི་ཋི་ཋི་ཋི། ཋུ་ཋུ་ཋུ་ཋུ། ཨེ་ན་ཡ་ཙརྨྨ་ཀྲྀ་ཏ་པ་རི་ཀ་ར། ཨེ་ཧྱེ་ཧི་མ་ཧཱ་ཀ་རུ་ཎི་ཀ། ཨཱི་ཤཝ་ར། མ་ཧེ་ཤཝ་ར། མ་ཧཱ་བྷུ་ཏ་ག་ཎ་སཾ་བྷ་ཉྫ་ཀ་།ཀ་ར་ཀ་ར། ཀི་རི་ཀི་རི། ཀུ་རུ་ཀུ་རུ། པ་ར་པ་ར། ཧ་ར་ཧ་ར། བ་ར་བ་ར། ས་ར་ས་ར། མ་ར་མ་ར་ཀ་ར་ཀ་ར། ཀ་ཊ་ཀ་ཊ། ཀི་ཊི་ཀི་ཊི། ཀུ་ཊུ་ཀུ་ཊུ། མ་ཊ་མ་ཊ། མ་ཧཱ་བི་ཤུངྡྷ་བི་ཥ་ཡ་ནི་བ་སི་ཏ། མ་ཧཱ་ཀཱ་རུ་ཎི་ཀ་ཤཝེ་ཏ་ཡྫྙོ་ཨུ་པ་བཱི་ཏ། རཏྣ་མུ་ཀུ་ཊ། མཱ་ལཱ་དྷ་ར། སརྦ་ཛྙཱ་ཤི་ར། སི་ཀྲྀ་ཏ་ཛ་ཊ་མུ་ཀུ་ཊ། མ་ཧཱ་ཨ་ད་བྷུ་ཏ་ཀ་མ་ལ་ཨ་ལཾ་ཀྲྀ་ཏ་ཀ་ར་ལ་ཏ། དྷྱཱ་ན་ས་མཱ་དྷི་བི་མོཀྵ་ཨ་པྲ་ཀམྤྱ། བ་ཧུ་སྟྭ་སྣྟ་ཏི་པ་རི་པཱ་ཙ་ཀ་།མ་ཧཱ་ཀཱ་རུ་ཎི་ཀ་།སརྦ་ཀ་རྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ཀ། །སརྦ་དྙའ་ཛྙཱ་ན་པ་རི་པཱུ་ར་ཀ། །སརྦ་ ་དྷི་པ་རི་མོ་ཙ་ཀ་།སརྦ་སྟྭ་ཨེ་ཤ་པ་རི་པུ་ར་ཀ་།སརྦ་སྟྭ་ས་མཱ་ཤཝཱ་ས་ཀ་ར་ན་མཿ ་སྟུ་ཏེ་སཝཱ་ཧཱ།
99b
་མོ་གྷཱ་ཡ་སཝཱ་ཧཱ། ཨ་མོ་གྷ་པཱ་ཥཱ་ཡ་སཝཱ་ཧཱ། ཨ་ཛི་ཏཱ་ཡ་སཝཱ་ཧཱ། ཨ་པ་རཱ་ཛི་ཏཱ་ཡ་སཝཱ་ཧཱ། ཨ་མི་ཏཱ་བྷཱ་ཡ་སཝཱ་ཧཱ། ཨ་མི་ཏཱ་བྷ་སུ་ཏྲཱ་ཡ་སཝཱ་ཧཱ། མཱ་ར་སཻ་ནཡ་པྲ་མརད་ནཱ་ཡ་སཝཱ་ཧཱ། ཨ་བྷ་ཡཱ་ཡ་སཝཱ་ཧཱ། ཨ་བྷ་ཡ་པྲ་དཱ་ཡ་སཝཱ་ཧཱ། ཛ་ཡཱ་ཡ་སཝཱ་ཧཱ། བི་ཛ་ཡཱ་ཡ་སཝཱ་ཧཱ། ཛ་ཡ་བི་ཛ་ཡཱ་ཡ་སཝཱ་ཧཱ། བ་ར་དཱ་ཡ་སཝཱ་ཧཱ། བ་ར་པྲ་དཱ་ཡ་སཝཱ་ཧཱ། ཨ་ཀཱ་ལ་མྲྀ་ཏྱུ་པྲ་ཤ་མ་ནཱ་ཡ་སཝཱ་ཧཱ། ཨི་དཉྩ་མེ་ཀ་རྨ་ཀུ་རུ་ན་མོ་སྟུ་ཏེ་སཝཱ་ཧཱ། ཨོཾ་ར་ཎ་ར་ཎ་ཧཱུཾ་ཕཊ་སཝཱ་ཧཱ། ཨོཾ་ཛ་ཡ་ཧཱུཾ་ཕཊ་སཝཱ་ཧཱ། ཨོཾ་ཛྲི་ཛྲི་ཛུཾ་སཝཱ་ཧཱ། ཨོཾ་ཧཱུཾ་ཛ་ཡ་སཝཱ་ཧཱ། ཨོཾ་ཧྲཾ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཨ་མོ་གྷ་པཱ་ཤ་ཨ་པྲ་ཏི་ཧ་ཏ་ཧྲཱིཿ ་ཧཿ ་ཧཱུཾ་ཕཊ་སཝཱ་ཧཱ། ཨོཾ་བ་སུ་པ་ཏི་སཝཱ་ཧཱ། ཨོཾ་ཨཱ་རོ་ལྀ་ཀ་སཝཱ་ཧཱ། ཨོཾ་བ་ཧུ་ལེ་བ་ཧུ་ལེ་སཝཱ་ཧཱ། ཨོཾ་ཨཱ་རོ་ལྀ་ཀ་ཧྲཱིཿ ་ཧྲཱིཿ ་ཧཱུཾ་ཕཊ་སཝཱ་ཧཱ། ནི་ཡ་ཏ་ཨ་ནི་ཡ་ཏ། བེ་དཱ་ནཱི་ཡ་ཨ་ཤུ་བྷ་སྱ་མེ་བྷ་ག་ཝཱན་ཀ་རྨ་ཎོ་ཨ་ཤེ་ ་ཏཱཿ ་ ་ཡཾ་ཀུ་རུ་སཝཱ་ཧཱ། ཨོཾ་པདྨ་ཧ་སྟཱ་ཡ་སཝཱ་ཧཱ། ཨོཾ་བུདྡྷ་དྷ་རྨ་སཾ་གྷཱ་ཡ་སཝཱ་ཧཱ། བཀླགས་པས་ལས་ཐམས་ཅད་འགྲུབ་པ་ཡིན་ནོ། །དུས་གསུམ་དུ་བཟླས་ནས། མཚམས་མེད་པ་ལྔ་རྣམ་པར་དག་པར་འགྱུར་རོ། །ལས་ཀྱི་སྒྲིབ་པ་ཐམས་ཅད་རྣམ་པར་དག་པར་འགྱུར་རོ། ། ག་རུའི་བདུག་སྤོས་དང ། ཐལ་བ་དང ། ཆུ་དང ། ཡུངས་ཀར་དང ། སེང་ལྡེང་གི་ཕུར་བུ་ལ་སོགས་པས་མཚམས་བཅིང་པོ། །རིམས་ནད་ཐམས་ཅད་ལ་སྲུང་སྐུད་བཅིང་བར་བྱའོ། །ནད་ཐམས་ཅད་ལ་མར་རམ། མར་ནག་གམ། ཆུ་ལ་ཡོངས་སུ་བཟླས་ཏེ་སྦྱིན་པར་
100a
༄#། །བྱའོ། །ལུས་ལ་ཁྱབ་པའི་ནད་ལ་མཚོན་ཆས་བཅད་ཅིང་སྲུང་སྐུད་ཀྱང་བྱའོ། །ལྟོ་ན་བ་ལ་ཚཝ་ཆུས་ཉམས་པར་བྱེད་པའམ། འཇིམ་བག་གམ། ཆུས་ཀྱང་བྱའོ། །མིག་གི་ནད་ལ་སྐུད་པ་དཀར་པོ་རྣ་བ་ལ་བཅིང་བར་བྱའོ། །སོའི་ནད་ལ་ཀཱ་ར་བཱི་རའི་སོ་ཤིང་གིས་སོ། །མཚམས་བཅིང་བ་ལ་ནི། ཚོན་སྣ་ལྔའི་སྐུད་པ་ལ་ལན་ཉི་ཤུ་རྩ་གཅིག་གི་བར་དུ་ཡོངས་སུ་བཟླས་ནས་སེང་ལྡེང་གི་ཕུར་བུ་བཞི་ལ་བཅིངས་ཏེ་ཕྱོགས་བཞིར་གདབ་པར་བྱས་ན། མཚམས་བཅིངས་པ་ཡིན་ནོ། །ཐམས་ཅད་དུ་སྲུང་སྐུད་དམ། ཆུའམ། ཐལ་བས་བྱའོ། །གཟའ་ཐམས་ཅད་ལ་ཚོན་སྣ་ལྔའི་སྐུད་པས་བྱའོ། །རིམས་ཐམས་ཅད་ལ་སྐུད་པ་དཀར་པོས་བྱའོ། །སྦྲུལ་དང ། སྲིན་བུ་དང ། པ་སྤུ་བྱི་བ་དང ། ལྷོག་པ་དང ། གྲེ་བ་འགགས་པ་རྣམས་ལ་སྦྲང་རྩི་པི་པི་ལིང་དང་ལྡན་པས་བྱའོ། །མིག་གི་ནད་ལ་དྲི་ཞིམ་པོའི་ཆུའམ། རྒྱ་སྐྱེགས་ཀྱི་ཆུའམ། སྦྲང་རྩིའམ། ཤིང་མངར་གྱིས་བྱའོ། །རྩོད་པའི་དུས་ཐམས་ཅད་དུ་རྩོད་པ་དང ། མི་སྙན་པར་བརྗོད་པ་ལ་ཆུ་ལ་ཡོངས་སུ་བཟླས་ཏེ་གདོང་བཀྲུ་བར་བྱའོ། །ཡུལ་གཞན་གྱི་རྒྱལ་པོའི་འཚེ་བ་ལ་ཡུལ་འཁོར་དུ་བུམ་པ་གང་བ་ཡང་དག་བར་བཞག་ནས་གཙང་མས་གོས་གཙང་མ་གྱོན་ཏེ་མཆོད་པ་ཆེན་པོ་བྱས་ཤིང་བཀླགས་ན། ཞི་བ་ཆེན་པོར་འགྱུར་རོ། །དེའི་ཆུས་ཀྱང་གཏོར་བར་བྱས་ནས་སེམས་ཅན་ཐམས་
100b
ཅད་སྲུང་བ་ཡིན་ནོ། །ཉེ་བར་འཚེ་བ་ཐམས་ཅད་དང ། ཡམས་རྣམས་ཞི་བ་ཡིན་ནོ། །ཕྱག་རྒྱ་ཙནྡན་གྱི་ཐིག་ལེ་ལ་ལན་ཉི་ཤུ་རྩ་གཅིག་གི་བར་དུ་ཡོངས་སུ་བཟླས་ན། མཚམས་མེད་པ་ཐམས་ཅད་ཟད་པར་བྱེད་དོ། །རྟག་ཏུ་བཟླས་ན་ཁྱིམ་སྲུང་བའོ། །པདྨའི་སྦྱིན་སྲེག་གིས་སེམས་ཅན་ཐམས་ཅད་ཀྱི་སྲུང་བའོ། །ཙནྡན་གྱི་སྦྱིན་སྲེག་གིས་གཟའ་དང ། འབྱུང་པོ་དང ། རྒྱུ་སྐར་ཐམས་ཅད་ལས་སྲུང་བའོ། །རྒྱལ་བ་དང ། རྣམ་པར་རྒྱལ་བ་དང ། གཞན་གྱིས་མི་ཐུབ་པ་དང ། ན་གུ་ལི་དང ། དྲིའི་ན་གུ་ལི་དང ། དྷ་ར་ནི་དང ། མི་འཇིགས་པའི་ལག་པ་དང ། དབང་པོའི་ལག་པ་དང ། དྲིའི་པྲི་ཡང་ཀུ་དང ། ཏ་ཀ་ར་དང ། འཁོར་ལོ་དང ། འཁོར་ལོ་ཆེན་པོ་དང ། རྣམ་པར་གནོན་པ་དང ། སོ་མ་རཱ་ཛི་དང ། སུ་ནཏ་ཏ་ཞེས་བྱ་བ་སྟེ། དེ་དག་གང་ཡང་རུང་བ་ལ་བརྒྱ་རྩ་བརྒྱད་ཀྱི་བར་དུ་ཡོངས་སུ་བཟླས་ནས་ནོར་བུ་ལྟ་བུར་བྱས་ནས་མགོ་བོ་དང ། དཔུང་བ་ལ་བཅིང་བར་བྱའོ། །བྱིས་པ་རྣམས་ཀྱི་ནི། མགུལ་དུའོ། །བུད་མེད་རྣམས་ཀྱི་འདོམས་སུ་བཅངས་ན། རང་ཉིད་མཆོག་ཏུ་སྐལ་བ་དང་ལྡན་པར་བྱེད་དོ། །གཡང་མེད་པ་ཉམས་ནས་བུ་ཡང་སྟེར་རོ། །ནོར་བུ་འདི་བཅངས་པས་ཐམས་ཅད་དུ་སྲུང་བ་བྱས་པ་ཡིན་ནོ། །དུག་དང་མེས་མི་ཚུགས་སོ། །དུག་གིས་བྱས་པ་ཡང་སྐྱེ་བར་མི་འགྱུར་རོ། །ནད་བྱུང་བ་ཡང་མི་སྐྱེ་ཞིང་མྱུར་དུ་ཞི་བར་འགྱུར་རོ། །གཟའ་རབ་ཏུ་ཞི་བར་འགྱུར་རོ། །རླུང་དང ། སྤྲིན་དང ། ཐོག་ནི། ཆུས་རེངས་པར་
101a
༄#། །བྱེད་དོ། །ཀཱ་ར་བཱི་རའི་ལྕུག་མས་ནི། ལས་ཐམས་ཅད་བྱེད་དོ། །འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གི་སྙིང་པོ་མཆོག་ཏུ་གྲུབ་པ་འདིས་མ་བསྒྲུབས་པར་ཡང་ལས་འདི་རྣམས་བྱེད་དོ། །དེ་ནས་སྒྲུབ་པར་འདོད་ན། ཐང་སྐུའི་ཆོ་ག་ནི། ཚོན་སྣ་མ་ལུས་པས་སངས་རྒྱས་ཀྱི་སྐུ་གཟུགས་མཉམ་པར་བྲི་བར་བྱ་སྟེ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་རལ་པའི་ཅོད་པན་འཆང་བ་རི་དྭགས་ཀྱི་པགས་པས་སྨད་དཀྲིས་བྱས་ཤིང་ཕྱུགས་བདག་ག་ཆ་ལུགས་འཆང་བ་རྒྱན་ཐམས་ཅད་ཀྱིས་བརྒྱན་པར་བྱའོ། །ལྷ་བཟོ་མཁན་གསོ་སྦྱོང་དང་ལྡན་པས་རི་མོར་བྲི་བར་བྱའོ། །དེ་ནས་སྒྲུབ་པ་པོས་སྐུ་གཟུགས་དེའི་མདུན་དུ་བ་ལང་གི་ལྕི་བས་དཀྱིལ་འཁོར་བྱས་ལ་མེ་ཏོག་དཀར་པོ་བཀྲམ་སྟེ་དྲི་ཞིམ་པོའི་ཆུས་བཀང་བའི་བུམ་པ་བརྒྱད་གཞག་པར་བྱའོ། །ཉེ་བར་སྤྱོད་པ་བརྒྱད་དང ། ཉེ་བར་མཁོ་བ་དྲུག་ཅུ་རྩ་བཞི་དང ། ཁྲག་མེད་པའི་གཏོར་མ་ཤ་དང་བཅས་པ་བྱའོ། ། ག་རུའི་བདུག་སྤོས་བསྲེགས་ལ་རིག་པ་སྟོང་ཕྲག་བརྒྱད་བཟླ་བར་བྱའོ། །ཉིན་ཞག་གཅིག་ཏུ་སྨྱུང་བར་གནས་པའམ། དཀར་གསུམ་ཟ་ཞིང་དུས་གསུམ་དུ་ཁྲུས་བྱས་ནས་གོས་གཙང་མ་གྱོན་པར་གྱུར་པས་བཟླས་པ་བྱའོ། །དེ་ནས་སྐུ་གཟུགས་ཀྱི་མདུན་དུ་རང་ཉིད་བྲིས་པ་བལྟས་ཏེ་དེ་མཐོང་བས་དགའ་བར་འགྱུར་རོ། །ཇི་སྲིད་དུ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་བྱོན་ཏེ་བསམ་པ་ཐམས་
101b
ཅད་ཡོངས་སུ་རྫོགས་པར་བྱེད་དོ། །ལྡོང་རོས་སམ་མིག་སྨན་ལ་ཡོངས་སུ་བཟླས་ཏེ་མིག་ལ་བསྐུས་ན། དེ་ནས་མི་སྣང་བར་འགྱུར་ཞིང་ནམ་མཁའ་ལ་འགྲོ་བར་འགྱུར་རོ། །ཡང་དག་པར་རྨོངས་པ་མེད་པའི་ཚོགས་ཞེས་བྱ་བའི་ཏིང་ངེ་འཛིན་རབ་ཏུ་འཐོབ་བོ། །སྒྲུབ་པ་པོ་གང་འདོད་པ་དེ་འདིས་བྱེད་དོ་ཞེས་བྱའོ། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་སྩལ་པ་དང ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང ། དགེ་སློང་དེ་དག་དང ། བྱང་ཆུབ་སེམས་དཔའ་དེ་དག་དང ། གཙང་མའི་རིས་ཀྱི་ལྷའི་བུ་དེ་དག་དང ། ལྷ་དང ། མི་དང ། ལྷ་མ་ཡིན་དང ། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རང་སྟེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། །འཕགས་པ་དོན་ཡོད་ཞགས་པའི་སྙིང་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་ཨ་མོ་གྷ་བཛྲ་དང ། བོད་ཀྱི་ལོཙྪ་བ་དགེ་སློང་རིན་ཆེན་གྲགས་པས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པ།། །།