rKTs


H681

(e-text produced by ACIP)

see text in transliteration
92a
རྒྱ་གར་སྐད་དུ། ཨཱརྱ་ཏཱ་རཱསཝ་པྲ་ཏཱི་ཛྙཱ་ནཱ་མ་དྷཱ་ར་ཎཱི། བོད་སྐད་དུ། འཕགས་མ་སྒྲོལ་མ་རང་གིས་དམ་བཅས་པ་ཞེས་བྱ་བའི་གཟུངས། །འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །དེ་ནས་སྒྲོལ་མ་རང་གིས་དམ་བཅས་པའི་གཟུངས་སྨྲས་པ། ཏདྱ་ཐཱ། ཨོཾ་ཏཱ་རེ་ཏཱ་རེ་ཡཻ། ཧཱུཾ་ཧཱུཾ་ཧཱུཾ། ས་མ་ཡ་སྠི་ཏེ། བྷ་ར་བྷ་ར། སརྦ་བྷ་ར་ཎ། བི་བྷུ་ཥི་ཏེ། པདྨ་ནི་པདྨ། མ་ཧཱ་པདྨ། ཨ་
92b
ས་ན་སྠི་ཏེ། ཧ་ས་ཧ་ས། ཏེ་ལོཀྱ་པ་ར་དེ། སརྦ་དེ་བ་ད་ན་པ། པཱུ་ཛིན་ཏེ་སྨྲ་རཱ་ཧཱི། བྷ་ག་ཝ་ཏི་ཏཱ་རེ། སྨ་རཱ་ཧི། བྷ་ག་བནྟ། ཏ་ཐཱ་ག་ཏཱ་སྱ། པུ་ར་ཏཿ ། སམ་ཡཾ། དྷ་ར་དྷ་ར། མ་ཧཱ་ས་ཏྭ་ཨ་བ་ལོ་ཀི་ཏེ། མ་ཎི་ཀ་ནི་ཀ། བི་ཙི་ཏྲ་བྷ་ར་ཎེ། ཨོཾ་བི་ལོ་ཀཱི་ཡ། ཆེ་གེ་མོ་བྷ་ག་ཝ་ཏེ། ཏཱ་རེ། ཧྲཱིཾ་ཧྲཱིཾ་ཧྲཱིཾ་ཕཊ་སཝཱཧཱ། གཟུངས་ངས་འདི་ཡིད་ཀྱིས་དྲན་པ་ཙམ་གྱིས་འཇིགས་པ་ཐམས་ཅད་སེལ་བར་འགྱུར་རོ། །དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་རོ། །སེམས་ཅན་ཐམས་ཅད་དབང་དུ་འགྱུར་རོ། །དཀར་པོའི་ཚེས་བརྒྱད་དམ་བཅོ་ལྔ་ལ་འཕགས་མ་སྒྲོལ་མ་ལ་མཆོད་པ་ཆེན་པོ་བྱས་ཏེ་སྒྲོལ་མ་མངོན་སུམ་དུ་མཐོང་གི་བར་དེ་ཙམ་དུ་བཟླ་བར་བྱའོ། །གང་འདོད་པ་དེ་སྦྱིན་ནོ། །མཆོག་ཐམས་ཅད་སྟེར་རོ། །མ་བྱིན་ན། བདག་གིས་མཚམས་མེད་པ་ལྔ་བྱས་སོ། །གཞན་ཡང་ཕན་ཡོན་དཔག་ཏུ་མེད་པ་འབྱུང་བར་འགྱུར་རོ། །རྡོ་རྗེ་མཆོག་གི་རྒྱུད་ལས་བཏུས་པ་འཕགས་མ་སྒྲོལ་མ་རང་གིས་དམ་བཅས་པའི་གཟུངས་རྫོགས་སོ།། །།