rKTs


H671

(e-text produced by ACIP)

see text in transliteration
35a
།རྒྱ་གར་སྐད་དུ། སིཾ་ཧ་ནཱ་ད་ཏནྟྲ་ནཱ་མ། བོད་སྐད་དུ། སེངྒེ་སྒྲའི་རྒྱུད་ཅེས་བྱ་བ། བཅོམ་ལྡན་འདས་པདྨ་གསུང་གི་ལྷ་ལ་ཕྱག་འཚལ་ལོ། །འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་པདྨའི་
35b
དབང་ཕྱུག་ཏུ་བསྒྱུར་ཏེ་རྡོ་རྗེའི་གདན་ལ་བཞུགས་སོ། །དེ་ནས་གསང་བའི་བདག་པོས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ། །བཅོམ་ལྡན་འདས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་དང ། ལམ་རྣམས་ཇི་ལྟར་སྦྱང ། ེ་མ་ཧོ་སེམས་ཅན་རྣམས་ལ་སྙིང་བརྩེ་བའི་མཆོག་སྤྱན་རས་གཟིགས་སེངྒེ་སྒྲ་ཞེས་བྱ་བ་ཡོད་དེ།་དེས་སྨོན་ལམ་སྦྱང་བ་དང ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པར་ཡིད་ལ་བྱས་སོ། །དེ་ནས་བཅོམ་ལྡན་འདས་པདྨའི་དབང་ཕྱུག་ལངས་ཏེ་གསང་སྔགས་ཀྱི་ཚིག་འདི་དག་སྨྲས་སོ། །ན་མོ་རཏྣ་ཏྲ་ཡཱ་ཡ། ན་མོ་ཨཱརྱཱ་བ་ལོ་ཀི་ཏེ་ཤཝ་རཱ་ཡ། བོ་དྷི་སཏྭ་ཡ། མ་ཧཱ་སཏྭ་ཡ། མ་ཧཱ་ཀཱ་རུ་ཎི་ཀཱ་ཡ། ཏདྱ་ཐཱ། ཨོཾ་ཨ་ཀ་ཊེ། བི་ཀ་ཊེ། ནི་ཀ་ཊེ། ཀ་ཊཾ་ཀ་ཊེ། ཀ་རོ་ཊེ། ཀ་རོ་ཀཾ་ཊེ། བཱི་རྱེ་སཝཱ་ཧཱ། ཨོཾ་ཨཱཿ ་ཧྲཱིཿ ་སིཾ་ཧ་ནཱ་ད་ཧཱུཾ། བྲུཾ་ཨཾ་ཛྲཱིཾ་ཁཾ་ཧཱུཾ། ཨོཾ་ཨཱཿ ་ཧཱུཾ། ཨོཾ་བ་ལི་ན་བྷུ་ཛྙཱ་ཛཱི་བ་པུཥྤེ་དྷུ་པེ་ཧཱུཾ། སརྦ་ཨ་མྲྀ་ཏེ་ཧཱུཾ། ཨོཾ་བ་ཏ་ལི། མ་ཧཱ་བ་ཏ་ལི། ཧཱུཾ་ཧཱུཾ་ཧཱུཾ་ཛཿ ་སཝཱ་ཧཱ། ཨོཾ་བཀྵ་བཀྵ། ས་མ་ཡ་ཏིཥྛ་ཛ་ཧཱུཾ་ཕཊ་སཝཱ་ཧཱ། ཨོཾ་ཨ་ཏ་པྲ་ཏེ་ཧཱུཾ་ཕཊ། སྲི་ཏི་ཀ་ར་ཧཱུཾ་ཕཊ། ཨོཾ་བ་རུ་ཎ་ཨཱ་གཙྪ་ཡ། ཨཱ་གཙྪ་ཡ། མ་ཧཱ་ནཱ་ག་ཀི་ས་ཏི་སརྦེ་བྷུརཿ ་\?\ ་ཕུཿ ་ཕུཿ ་སཝཱ་ཧཱ། ཨོཾ་བྷ་ག་བ་ཏི་ཤྲུ་ཏི་སྨྲྀ་ཏི་ས་མ་བ་ཏི། ས་ར་མ་ཏི་སིདྡྷཾ་སཝཱཧཱ། ཨོཾ་ཨཱཿ ་ཧྲཱིཿ ་ཧཱུཾ་སཝཱཧཱ།
36a
༄#། །ཕུཿ ་ཧྲཱྀཿ ་ཨོཾ་སིཾ་ཧ་ནཱ་ད་ཕུཾ་ཕཊ་ཕཊ། ནཱ་ག་དུ་པ་ལ་མཱ་ར་ཡ་ཕཊ། ཛྭཱ་ལ་ཛྭཱ་ལ་ཧཱུཾ་ཕཊ། ཨོཾ་ ་བིགྷྣཱནྟ་ཀྲྀཏ་ཧཱུཾ། ཨོཾ་ཨགྣ་ཡེ་ཨ་ཏི་བྱ། ་བྷི་ས་མ་ཡ་བི་ཤ་\?\། མ་ཧཱ་ཀྲྀ་ཡེ་ཧ་བྱ། ཀ་བྱ་མ་ཧཱ་ནི་ཡ་སཝཱ་ཧཱ། ཨོཾ་བྷ་བ་ག་ཨགྣ་ཡེ། ཤཱིནྟཾ་ཀུ་རུ་སཝཱ་ཧཱ། ཨཱཿ ་ཧྲཱིཿ ་སིཾ་ཧ་ནཱ་ད་བཛྲ་ཙ་ཀྲ་བརྟི་ལོ་ཀི་ཀ་བྲུཾ་བྲུཾ་བྲུཾ། ལོ་ཀོཏྟ་ར་ཎི་སིཾ་ཧ་ནཱ་ད་བྲུཾ་བྲུཾ་བྲུཾ་ཧཱུཾ་ནི་ཧཱུཾ་ནི། སིཾ་ཧ་ནཱ་ད་བྲུཾ་བྲུཾ་བྲུཾ་ཧཱུཾ་ཧཱུཾ་ཧཱུཾ་སཝཱ་ཧཱ། གསང་བའི་བདག་པོ། འདི་ནི། མཎྜལ་གྱི་སྒྲུབ་པ་ཞེས་བྱའོ། །གསད་པ་དང ། ཕྱིར་ལྡོག་པ་དང ། དགུག་པ་དང ། བཅིང་བ་དང ། ཞི་བའི་ལས་ཡིན་ཏེ། ནང་པར་བའི་ལྕི་བ་ས་ལ་མ་ལྷུང་བས་མཎྜལ་བྱས་ཏེ་མངར་གསུམ་ལག་པའི་མཐིལ་དུ་མཉེས་པས་ཀླུའི་ཞེ་སྡང་ཞི་བར་འགྱུར་རོ། །འདི་ནི། ཀླུའི་སྡེ་དཔོན་ཞེས་བྱ་སྟེ། སེངྒེའི་སྟེང་དུ་ཟླ་བ་ལ། །རྒྱལ་པོ་རོལ་པའི་སྟབས་ཀྱིས་བཞུགས། །གཡས་ན་ཐོད་མཚན་རྩེ་གསུམ་ལ། །དྲག་པོའི་རྒྱལ་རིགས་དབང་དུ་བསྡུས། །པདྨའི་རྩེ་ལ་ཐོད་པ་ནི། །འཕྲིན་ལས་བཞི་ལྡན་ཀུ་མུ་ད། །ཤེས་རབ་སྦྱོར་བའི་རལ་གྲིར་བཅས། །དཀའ་ཐུབ་ལྡན་པའི་སྐུ་དེ་ལ། །རིགས་ལྔས་རྣམ་པར་བརྒྱན་པ་པོ། །གསུམ་དང་ལྔ་ནི་མདུན་དུ་འཕྱང ། །རྩེ་མོར་འོད་དཔག་མེད་པས་བརྒྱན།།
36b
སེངྒེའི་སྒྲ་ལས་བྱུང་བ་ཡིན། །འདམ་སྐྱེས་དམར་པོའི་ལོ་མ་གཉིས། །པདྨ་བཞི་ལ་སྔགས་བཞི་ལྡན། །རང་ལུས་འོག་ནས་ཐལ་མོ་སྦྱོར། །སྐུ་ལ་འདུད་ཅིང་འཕྲིན་ལས་བྱེད། །རྡོ་རྗེའི་གདན་ལ་མི་བསྐྱོད་པའི། །ཐུགས་ཀ་ནས་ནི་སྔགས་འོད་འདོན། །སྤྲོ་བ་གསུམ་དུ་ལྡན་པའི་སྔགས། །ཉི་ཤུ་རྩ་གཅིག་གདོན་པར་བྱའོ། །གསང་བའི་བདག་པོ། །རྒྱུད་འདི་ལ་སྨོད་པའི་སེམས་ཅན་དེ་ནི། སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་སྨོད་པ་ཡིན་ནོ། །གསང་བའི་བདག་པོ། རྒྱུད་འདི་ཉན་པ་དང ། སེམས་པ་དང ། མཆོད་པ་དང ། འཆང་བ་དང ། ཐ་ན་འདི་ལ་མོས་པའི་སེམས་ཅན་དེ་དག་ལ་རྒྱལ་ཆེན་བཞིའི་ལྷ་དང ། སུམ་ཅུ་རྩ་གསུམ་གྱི་ལྷ་དང ། ཚངས་པའི་བུ་དང ། ཚངས་ཆེན་རྣམས་ཀྱིས་སྲུང་བ་དང ། །བསྐྱབ་པ་དང ། སྦ་བ་དང ། ཀུན་ཏུ་རྗེས་སུ་འབྲང་བར་བྱེད་དེ། དེ་བས་ཆེས་ལྷག་པའི་སངས་རྒྱས་དང ། བྱང་ཆུབ་སེམས་དཔའ་ཐམས་ཅད་བུ་ལ་མས་སྲུང་བ་བཞིན་དུ་སྲུང་བར་འགྱུར་རོ། །བདུད་ཀྱིས་བར་དུ་གཅོད་པར་མི་ནུས་སོ། །གང་ཤི་འཕོས་ནས་ནུབ་ཕྱོགས་བདེ་བ་ཅན་དུ་པདྨོ་ལས་སྐྱེ་བར་འགྱུར་རོ། །མངལ་གྱི་སྡུག་བསྔལ་ལས་ཐར་བར་འགྱུར་རོ། །ཚེ་འདིར་མེ་དང་ཆུའི་འཇིགས་པ་ལས་ཐར་
37a
༄#། །བར་འགྱུར་རོ། །འདིར་ནི། མདོ་ཙམ་སྨོས་སུ་ཟད་ཀྱི། དེ་མ་ཡིན་པ་གང་འདོད་པ་ཐམས་ཅད་བསམ་པ་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ། །གང་རྒྱུད་འདི་ལ་གནོད་པ་དང ། འཚེ་བ་དང ། ཚུལ་བཞིན་མ་ཡིན་པ་ཡིད་ལ་མི་བྱེད་ན། དེ་ལ་ལྷའི་བུ་དང ། ཀླུའི་བུ་ཁྱེད་རྣམས་ཀྱིས་སྲུང་བར་གྱིས་ཤིག་ཅེས་བཀའ་སྩལ་ཏོ། །དེ་ནས་གསང་བའི་བདག་པོ་དང ། ཚངས་རིས་ཀྱི་ལྷའི་བུ་དེ་དག་རབ་ཏུ་དགའ་ནས་ཚུལ་བཞིན་དུ་ཁས་བླང་བར་བྱས་སོ། །དེ་ནས་གཞན་བསྲུང་བའི་ཕྱིར་བདག་ས་དཀར་པོ་ལ་ལན་དུ་མར་བསྔགས་ན། བར་ཆད་ཐམས་ཅད་ཞི་བར་འགྱུར་རོ། །སེངྒེ་སྒྲའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།རྒྱ་གར་གྱི་མཁན་པོ་པཎྜི་ཏ་པྲ་ཛྙཱ་ཀ་ར་དང ། བོད་ཀྱི་ལོཙྪ་བ་འགོས་ཁུག་པ་ལྷས་བཙས་ཀྱིས་ཞུས་ཤིང་བསྒྱུར་ཏེ་གཏན་ལ་ཕབ་པ།